195-1-1a 195-1-1b ༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ། བོད་སྐད་དུ། ཀ་ལཱ་པའི་མདོ། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །གྲུབ་པ་ཡི་གེ་ཡང་དག་པའི་མན་ངག་གོ། ། ༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ། བོད་སྐད་དུ། ཀ་ལཱ་པའི་མདོ། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །གྲུབ་པ་ཡི་གེ་ཡང་དག་པའི་མན་ངག་གོ། ། དེ་ལ་དང་པོར་བཅུ་བཞི་རྣམས་དབྱངས་སོ། །བཅུ་རྣམས་མཚུངས་པའོ། །དེ་རྣམས་ཀྱི་གཉིས་གཉིས་དག་ཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ། །སྔ་མ་ཐུང་ངུའོ། །ཕྱི་མ་རིང་པོའོ། །ཨའི་ ཡི་གེ་བོར་བའི་དབྱངས་ནཱ་མི་ནའོ། །ཨེ་ཡིག་ལ་སོགས་པ་རྣམས་མཚམས་སྦྱོར་གྱི་ཡི་གེའོ། །ཀ་ལ་སོགས་པ་རྣམས་གསལ་བྱེད་དོ། །དེ་རྣམས་ཀྱི་ལྔ་ལྔ་པ་ལྔ་རྣམས་སྡེ་པའོ། །སྡེ་ པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་ཥ་ས་རྣམས་ཀྱང་སྒྲ་མེད་པའོ། །གཞན་རྣམས་སྒྲ་དང་ལྡན་པའོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ། །ཡ་ར་ལ་ཝ་རྣམས་མཐར་གནས་སོ། ། ཤ་ཥ་ས་ཧ་རྣམས་དྲོ་བའོ། །ཨཿཞེས་པ་རྣམ་པར་བཅད་བྱའོ། །ྈྐ་ཞེས་པ་ལྕེ་རྩ་ཅན་ནོ། །ྉྤ་ཞེས་པ་མཆུ་ཅན་ནོ། །ཨཾ་ཞེས་པ་རྗེས་སུ་ང་རོའོ། །སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་ 195-1-2a པ་ན་ཚིག་གོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་། །རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཞེས་ པ་མཚམས་སྦྱོར་ལས་རྐང་པ་དང་པོ་རྫོགས་སོ།། །།མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལའང་དབྱིའོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཨུའི་ཡི་གེ་ལ་ཨོའོ། ། རྀའི་ཡི་གེ་ལ་ཨརའོ། །ལྀའི་ཡི་གེ་ལ་ཨ་ལའོ། །ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལའང་ངོ་། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་། །ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ་ཕ་རོལ་དབྱི་བའང་ མ་ཡིན་ནོ། །ཨུའི་ཡི་གེ་ཝའོ། །རྀའི་ཡི་གེ་རའོ། །ལྀའི་ཡི་གེ་ལའོ། །ཨེ་ཨ་ཡའོ། །ཨཻ་ཨཱ་ཡའོ། །ཨོ་ཨ་ཝའོ། །ཨཽ་ཨཱ་ཝའོ། །ཨ་ཡ་ལ་སོགས་པ་རྣམས་ཀྱི་ཡ་ཝ་དབྱི་བ་ཚིག་ མཐའ་ལ་སྟེ་ཡང་ན་མ་ཡིན་ཞིང་ཕྱིས་པ་ལ་ནི་རང་བཞིན་ནོ། །ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ། །གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་མི་བྱའོ། །ཞེས་པ་མཚམས་སྦྱོར་ལས་ 195-1-2b རྐང་པ་གཉིས་པ་རྫོགས་སོ།། །།ཨོཏ་མཐའ་རྣམས་དང་ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །གཉིས་ཀྱི་ཚིག་ཨཽ་མ་ཡིན་པའོ། །མང་པོའི་ཚིག་ཨ་མཱིའོ། །ཉེ་ བར་མ་བསྟན་པ་རྣམས་ཀྱང་ངོ་། །ཞེས་པ་མཚམས་སྦྱོར་ལས་རྐང་པ་གསུམ་པ་རྫོགས་སོ།། །།སྡེ་པའི་དང་པོ་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། ། ལྔ་པ་ལ་ལྔ་པ་རྣམས་སུ་སྟེ་ཡང་ན་མ་ཡིན་པར་གསུམ་པ་རྣམས་སུའོ། །སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་ཝ་ར་ཕ་རོལ་ཅན་ཚ་ཡིག་སྟེ་ཡང་ན་མ་ཡིན་ནོ། །དེ་རྣམས་ཉིད་ལས་ཧ་ཡིག་སྔ་ མའི་བཞི་པ་སྟེ་ཡང་ན་མ་ཡིན་ནོ། །ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་རྣམས་ལ་ཕ་རོལ་གྱི་གཟུགས་སོ། །ཤ་ལ་ཙའོ། །ང་ཎ་ན་ཨུ་པ་དྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ། །ན་མཐའ་ཙ་ཚ་དག་ལ་ཤ་ ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཊ་ཋ་དག་ལ་ཥ་ཡིག་གོ། །ཏ་ཐ་དག་ལ་ས་ཡིག་གོ། །ལ་ལའོ། །ཛ་ཛྷ་ཉ་ཤ་ཡིག་རྣམས་ལ་ཉ་ཡིག་གོ། །ཤ་ལ་ཉྩ་དག་ཡང་ནའོ། །ཌ་ཌྷ་ཎ་ཕ་རོལ་ཅན་ནི་ཎ་ 195-1-3a ཡིག་གོ། །མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ཡང་ནའོ། །ཞེས་པ་མཚམས་སྦྱོར་ལས་རྐང་པ་བཞི་པ་རྫོགས་སོ།། །།རྣམ་པར་བཅད་བྱ་ཙའམ་ ཚ་ལ་ཤའོ། །ཊའམ་ཋ་ལ་ཥའོ། །ཏའམ་ཐ་ལ་སའོ། །ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །ཨ་ཡིག་ དག་གི་བར་དུ་ཨུའོ། །ཨ་དང་སྒྲ་ལྡན་དག་གིའང་ངོ་། །ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡའོ། །ཨཱ་བྷོ་དག་ལས་དབྱངས་ལ་དེ་ལྟ་ཉིད་དོ། །སྒྲ་ལྡན་ལ་དབྱིའོ། །ནཱ་མིན་གྱི་ཕ་རོལ་ རའོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ལོ། །རའི་རང་བཞིན་ཅན་ནི་ནཱ་མིན་གྱི་ཕ་རོལ་མ་ཡིན་པའང་ངོ་། །ཨེ་ཥ་དང་ས་ལས་ཕ་རོལ་གསལ་བྱེད་ལ་དབྱིའོ། །རྣམ་པར་བཅད་བྱ་ཕྱིས་པ་ལ་སླར་མཚམས་སྦྱོར་ བ་མ་ཡིན་ནོ། །རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོའོ། །དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར་རོ། །ཞེས་པ་མཚམས་སྦྱོར་ལས་རྐང་པ་ལྔ་པ་རྫོགས་སོ།། །།བྱིངས་དང་རྣམ་དབྱེ་ 195-1-3b བོར་བའི་དོན་དང་ལྡན་པ་རྟགས་སོ། །དེ་ལས་ཕ་རོལ་རྣམས་རྣམ་དབྱེའོ། །སི་ཨཽ་ཛས་དང་པོའོ། །ཨམ་ཨཽ་ཤས་གཉིས་པའོ། །ཊཱ་བྷྱཱམ་བྷིས་གསུམ་པའོ། །ངེ་བྷྱཱམ་བྷྱས་བཞི་པའོ། །ང་སི་བྷྱཱམ་བྷྱས་ལྔ་པའོ། །ངས་ཨོས་ཨཱམ་དྲུག་པའོ། །ངི་ཨོས་སུབ་བདུན་པའོ། ། དང་པོ་ལྔ་གྷུ་ཊའོ། །མ་ནིང་ལ་ཛས་ཤས་དག་གོ། །བོད་པ་ལ་སི་སམྦུ་དྡྷིའོ། །ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་དབྱངས་མཐའ་ལས་ཕ་རོལ་ཏུའོ། །གསུམ་པ་སོགས་ལ་ནི་ཕ་རོལ་གྱི་དང་པོར་རོ། །ཨིཏ་ཨུཏ་ཨགྣིའོ། །ཨཱིཏ་ཨཱུཏ་བུད་མེད་བརྗོད་པ་དག་ན་དཱིའོ། ། ཨཱ་ཤྲདྡྷཱའོ། །མཐའ་ལས་སྔ་མ་ཨུ་པ་དྷཱའོ། །གསལ་བྱེད་ལས་ན་ཨ་ནུ་ཥངྒའོ། །མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པའི་གསལ་བྱེད་དྷུ་ཊའོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཛས་ལའོ། །ཤས་ལ་སྟེ་སའི་འང་ནའོ། །ཨ་ཡིག་ལ་ དབྱིའོ། བྷིས་ཨཻས་ཡང་ནའོ། །དྷུཊ་མང་པོ་ཉིད་ལ་ནི་ཨེའོ། །ཨོས་ལ་འོང་ངོ་། །ང་སི་ཨཱཏའོ། །ངས་སྱའོ། །ཊཱ་ཨི་ནའོ། །ངེ་ཡའོ། །སརྦ་ནཱ་མ་ལས་ནི་ངེ་སྨཻའོ། །ང་སི་སྨཱཏའོ། །ངི་ནི་སྨིནའོ། །པཱུརྦ་སོགས་ལས་ཁྱད་ པར་དུ་བཤད་པར་བྱ་བ་དག་གོ། །ཐམས་ཅད་ལས་ཨཱཾ་ལ་སུའོ། །ཛས་ཐམས་ཅད་ཨཱིའོ། །ཨཱལྤ་སོགས་ལས་ཡང་ནའོ། །པཱུརྦ་སོགས་ལས་ཀྱང་ངོ་། །ཟླས་དབྱེ་གནས་པ་ལས་ཀྱང་ངོ་། །གཞན་སརྦའི་མིང་ཅན་མ་ཡིན་ནོ། །གསུམ་ པའི་ཚིག་སྡུད་ལའང་ངོ་། །འབྲུ་མང་པོ་པ་ལའང་ངོ་། །ཕྱོགས་རྣམས་ཀྱི་ཡང་ནའོ། །ཤྲངྔྷཱ་ལས་སི་དབྱིའོ། །ཊཱ་ཨོས་དག་ལ་ཨེའོ། །སམྦུ་དྡྷི་ལའང་ངོ་། །མའི་དོན་རྣམས་ཀྱི་ཐུང་ངུའོ། །ཨཽ་ཨཱིའོ། །ང་ལྡན་རྣམས་ཡཻ་ཡཱས་ ཡཱས་ཡཱམའོ། །སརྦ་ནཱ་མ་ལས་ནི་སུ་དང་བཅས་པ་རྣམས་ཏེ་སྔ་མ་རྣམས་ཐུང་བའང་ངོ་། །དྭི་ཏཱི་ཡཱ་ཏྲྀ་ཏཱི་ཡཱ་དག་ལས་ཡང་ནའོ། །ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱམའོ། །སམྦུ་དྡྷི་ལ་ཐུང་ངུའོ། །ཨམ་ཤས་དག་གི་དང་པོ་དབྱིའོ། ། 195-1-4a ཨཱི་ཡིག་མཐའ་ལས་སིའོ། །གསལ་བྱེད་ལས་ཀྱང་ངོ་། །ཨགྣི་ལས་ཨམ་གྱི་ཨ་ཡིག་གོ། །ཨཽ་ཡིག་སྔ་མའོ། །ཤས་ཀྱི་ཨ་ཡིག་སྟེ་སའི་འང་བུད་མེད་མིན་པ་ལ་ནའོ། །ཊཱ་ནཱའོ། །ཨ་དས་ཀྱི་ཨ་མུའང་ངོ་། །ཨི་ཨེཏ་ཨུ་ཨོཏ་ཛས་ ལའོ། །སམྦུ་དྡྷི་ལའང་ངོ་། །ངེ་ལའོ། །ང་སི་ངས་དག་གི་ཨ་དབྱི་བའང་ངོ་། །གོ་ལས་ཀྱང་ངོ་། །ངི་སྔ་མ་དང་བཅས་པ་ཨཽའོ། །ས་ཁི་པ་ཏི་དག་གི་ངིའོ། །ང་སི་ངས་དག་གི་ཨ་ཨུའོ། །རྀཏ་མཐའ་ལས་སྔ་མ་དང་བཅས་པའོ། །སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་། ། ཤས་ལ་ཨགྣི་བཞིན་ན། ངི་ལ་ཨརའོ། །གྷུཊ་ལའང་ངོ་། །བྱིངས་ལས་ཏྲྀ་སྒྲའི་ཨཱརའོ། །སྭ་སྲྀ་ལ་སོགས་པ་རྣམས་ཀྱི་འང་ངོ་། །སམྦུ་དྡྷི་ལ་ཨཱའང་མ་ཡིན་ནོ། །ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །ཨཱ་མ་ལའང་ནུའོ། །ཏྲིའི་ཏྲ་ཡ་འང་ངོ་། །ཙ་ཏྭཱར་ གྱིའོ། །གྲངས་ལས་ཥ་ནའི་མཐའ་ལས་སོ། །ཀ་ཏི་ལས་ཀྱང་ཛས་ཤས་དག་གི་འཇིག་གོ། །ནཱི་ལས་ངི་ཨཱ་མའོ། །ཞེས་པ་མིང་བཞི་པར་རྐང་པ་དང་པོ་རྫོགས་སོ།། །།ས་ཁི་ཊཱ་སོགས་ལ་ཨགྣི་མ་ཡིན་ནོ། །པ་ཏི་བསྡུ་བ་མ་ཡིན་པ་ལའོ། །སྟྲཱི་ན་ དཱི་འདྲའོ། །བུད་མེད་དུ་བརྗོད་པ་ཨི་ཡ་ཨུ་བ་དག་ཨཱམ་ལ་ཡང་ནའོ། །ཐུང་ངུའི་འང་ང་ལྡན་ལའོ། །མ་ནིང་ལས་སི་ཨམ་དག་གི་དབྱི་སྟེ་དེ་ལ་བརྗོད་པའང་མ་ཡིན་ནོ། །ཨ་ཡིག་ལས་སམྦུདྡྷི་མ་ཡིན་པ་ལ་མུའང་ངོ་། །ཨནྱ་སོགས་ལས་ནི་ཏུའོ། །ཨཽ་ཨཱིའོ། །ཛས་ ཤས་དག་གི་ཤིའོ། །དྷུ་ཊ་དང་དབྱངས་ལས་གྷུཊ་ལ་ནུའོ། །ནཱ་མིན་ལས་དབྱངས་ལའོ། །ཨསྠི། ད་དྷི། ཤཀྠི། ཨཀྵི་རྣམས་ཀྱི་ཊཱ་སོགས་ལ་མཐའ་ཨནའོ། །སྐྱེས་བར་བཤད་པ་ཅན་ནི་སྐྱེས་པ་བཞིན་ཡང་ནའོ། །ནུ་དང་བཅས་པའི་ཨཱ་མ་ལ་རིང་པོའོ། །ན་མཐའི་འང་ ཨུ་པ་དྷཱའིའོ། །གྷུཊ་ལའང་སམྦུདྡྷི་མ་ཡིན་པ་ལའོ། །ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱའིའོ། །ཨ་པའི་འང་ངོ་། །ཨནྟུ་དང་ཨས་མཐའི་འང་བྱིངས་མ་ཡིན་པའི་སི་ལའོ། །ཨིན་ཧན་པཱུ་ཥན་ཨཪྻ་མན་རྣམས་ཀྱི་ཤི་ལའང་ངོ་། །ཨུ་ཤ་ནས་པུ་རུ་དཾ་ཤས་ 195-1-4b ཨ་ནི་ཧས་རྣམས་ཀྱི་སི་ལ་ཨན་མཐའོ། །ས་ཁིའི་འང་ངོ་། །གྷུཊ་ལ་ནི་ཨཻའོ། །ངི་བའི་གསལ་བྱེད་ལ་ཨུཏའོ། །སི་ལ་ཨཽའོ། །ཨམ་ལ་ཡང་ན་ཨཱའོ། །ཡུ་ཛིའི་གྷུཊ་ལ་བསྡུ་བ་མ་ཡིན་ན་ནུའོ། །ཨ་བྷྱསྟ་ལས་ཨནྟིའི་ན་ཡིག་མེད་དོ། །མ་ནིང་ལ་ ཡང་ནའོ། །ཏུད་དང་བྷཱ་སོགས་རྣམས་ལས་ཨཱི་ཡིག་ལའོ། །ཧ་ནིའི་ཧིའི་གྷི་ཨུ་པ་དྷཱ་ཕྱིས་པ་ལའོ། །གོའི་གྷུཊ་ལ་ཨཽའོ། །ཨམ་ཤས་དག་ལ་ཨཱའོ། །པནྠི། མནྠི། རི་བྷུཀྵི་རྣམས་ཀྱི་སི་ལའོ། །གྷུཊ་ལ་ཨན་མཐའོ། །གྷུཊ་མིན་པའི་དབྱངས་ལ་དབྱིའོ། ། གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ། །ཨ་ནུ་ཥངྒ་འང་ཀྲུ་ཉྩ་དང་ཨིཏ་མ་ཡིན་པའི་འོ། པུ་མནྶའི་ཨན་གྱི་སྒྲ་དབྱིའོ། །ཙ་ཏྭཱ་རའི་ཝཱ་སྒྲའི་ཨུ་ཉིད་དོ། །ཨ་ན་ཌྭཱ་ཧའི་འང་ངོ་། །སི་ལ་ནུའོ། །སམྦུདྡྷི་ལ་གཉིས་དག་གི་ཐུང་ངུའོ། །ཨ་དས་ཀྱི་ཚིག་ལ་མའོ། །གྷུཊ་ མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་བནྶའི་ཝ་སྒྲའི་ཨུ་ཉིད་དོ། །ཤྭན་ཡུ་བན་མ་གྷ་ཝན་རྣམས་ཀྱིའང་ངོ་། །བཱ་ཧིའི་བཱ་སྒྲའི་ཨཽའོ། །ཨཉྩའི་ཨ་དབྱི་བ་དང་སྔ་མའི་འང་རིང་པོའོ། །ཏི་རྱཉྩ་ནི་ཏི་རཤྩིའོ། །ཨུ་དཉྩའི་ཨུ་དཱི་ཙིའོ། །པཱ་དའི་པད་ བསྡུ་བའི་མཐའིའོ། །བ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་བ་དང་སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་། །ཨཱི་དང་ངི་དག་ལ་ཡང་ནའོ། །བྱིངས་ཀྱི་ཨཱ་གྷུཊ་མ་ཡིན་པའི་དབྱངས་ལའོ། །ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ། ། སུ་དྷཱིའོ། །བྷཱུའི་བཪྵཱ་བྷཱུ་པུ་ནར་བྷཱུ་དག་མ་ཡིན་པའི་འོ། །ཡི་གེ་གཅིག་མིན་པ་དག་གི་ནི་བརྩེགས་པ་མ་ཡིན་པ་ལས་ཡ་བ་དག་གོ། །བྷྲཱུ་བྱིངས་བཞིན་ནོ། །སྟྲཱི་འང་ངོ་། །ཨམ་ཤས་དག་ལ་ཡང་ནའོ། །བྷ་བནྟའི་ཝ་ལ་སོགས་པའི་སམྦུདྡྷི་ལ་ཨུ་ཉིད་དོ། །མི་ ཟད་པ་དང་སརྦ་ནཱ་མའི་མཐའི་དབྱངས་ལས་སྔ་མར་ཨཀ་དང་ཀའོ། །ཀའི་རྐྱེན་ལ་བུད་མེད་དུ་བྱས་པའི་ཨཱ་ཕ་རོལ་ལ་ཨ་ཡིག་སྔ་མ་ཨི་ཡིག་གོ། །ཞེས་པ་མིང་བཞི་པར་རྐང་པ་གཉིས་པ་རྫོགས་སོ།། །།ཚིག་ལས་ཡུཥྨད་ཨ་སྨད་དག་གི་དྲུག་པ་བཞི་པ་ 195-1-5a གཉིས་པ་རྣམས་ལ་བས་ནས་དག་ཚིག་གོ། །གཉིས་ཉིད་ལ་བཱན་ནཽའོ། །ཏྭད་མད་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ་ཏྭཱ་མཱ་ནི་གཉིས་པ་ལའོ། །རྐང་པའི་དང་པོ་ལ་མ་ཡིན་ནོ། །ཙ་སོགས་སྦྱོར་བ་ལ་ཡང་ངོ་། །འདི་རྣམས་ཀྱི་རྣམ་དབྱེ་ལ་མཐའ་དབྱིའོ། ། ཡུ་བ་ཨཱ་བ་དག་གཉིས་བརྗོད་པ་རྣམས་ལའོ། །ཨམ་དང་ཨཽའང་ཨཱམའོ། །ཤས་ཀྱི་ཨཱནའོ། །སི་ལ་རྣམ་དབྱེ་དང་བཅས་པ་དག་གི་ཏྭམ་ཨ་ཧཾ་ངོ་། །ཛས་ལ་ཡཱུ་ཡམ་ཝ་ཡམ་མོ། །དེ་ལ་ཏུ་བྷྱཾ་མ་ཧྱ་མ་མོ། །ངས་ལ་ཏ་བ་མ་མའོ། །གཉིས་ཉིད་མ་ཡིན་པའི་ལྔ་ པ་ནི་ཨཏ་འོ། །བྷྱས་ནི་ཨ་བྷྱམ་མོ། །སཱམ་ནི་ཨཱ་ཀམ་མོ། །མ་བསྒྱུར་བ་ལ་ཨེ་ཉིད་དོ། །གསལ་བྱེད་དང་པོ་ལ་ཨཱ་ཉིད་དོ། །རཻའོ། །ཨཥྚ་ན་གྱི་ཐམས་ཅད་ལའོ། །དེ་ལས་ཛས་ཤས་དག་གི་ཨཽའོ། །ནཉ་མེད་པའི་ཨརྦན་ནི་སི་མ་ཡིན་པ་ལ་ཨརྦནྟིའོ། །མ་ གྷ་བན་ནི་སི་ལའང་མ་གྷ་བནྟུ་ཡང་ནའོ། །ཛ་རཱ་དབྱངས་ལ་ཛ་རས་ཡང་ནའོ། །ཏྲི་ཙ་ཏྭཱར་དག་གི་བུད་མེད་ལ་ཏི་སྲྀ་ཙ་ཏ་སྲྀ་དག་རྣམ་དབྱེ་ལའོ། །དེ་དག་དབྱངས་ལ་རའོ། །ནཱ་མ་ལ་རིང་པོ་མ་ཡིན་ནོ། །ནྲི་ཡང་ནའོ། །ཏྱཏ་སོགས་རྣམས་ཀྱི་རྣམ་དབྱེ་ལ་ཨའོ། །ཀིམ་ཀའོ། ། དྭི་མ་ཡིན་པའི་ད་མའོ། །སི་ལ་སའོ། །ཏའི་འང་ངོ་། །ཨི་དམ་ཨི་ཡམ་སྟེ་སྐྱེས་པ་ལ་ཨ་ཡ་མའོ། །གསལ་བྱེད་ལ་ཨཀ་མེད་པའི་ཨཏའོ། །ཊཱ་ཨོས་དག་ལ་ཨ་ནའོ། །ཨེ་ཏཏ་གྱིའང་རྗེས་སུ་བསྟན་པ་ལ་གཉིས་པ་ལའང་ཨེ་ནའོ། །དེ་ལས་བྷིས་བྷིརའོ། ། ཨ་ངས་ལས་ཀྱང་ངོ་། །སི་ལ་ཨཽ་སྟེ་སི་དབྱི་བའང་ངོ་། །མ་ལས་ཨུ་ཉིད་དོ། །མང་པོ་ཉིད་ལ་ནི་ཨེཏ་ཨཱི་ཉིད་དོ། །ཨ་པ་རྣམས་ཀྱི་བྷ་ལ་དའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་ན་ཧི་བནྶི་རྣམས་ཀྱིའང་ངོ་། །སྲ་སེ་དྷྭས་དག་གིའང་ངོ་། །ཧ་ཤ་ཥ་ ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ། །ད་དང་པོའི་ཧའི་གའོ། །ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་། །མུ་ཧ་སོགས་རྣམས་ཀྱི་ཡང་ནའོ། །བྱིངས་ཧ་དང་བཞི་པ་མཐའ་ཅན་གསུམ་པ་དང་པོ་ཅན་གྱི་དང་པོ་བཞི་པ་ཉིད་དེ་མ་བྱས་པ་དང་འདྲའོ། །ས་ཛུ་ཥ་དང་ཨཱ་ཤི་ཥ་ 195-1-5b དག་གི་རའོ། །ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ། །ཨ་ཧན་གྱི་སའོ། །བརྩེགས་པའི་མཐའ་དབྱིའོ། །བརྩེགས་པ་དང་པོའི་དྷུ་ཊའི་འོ། །རྟགས་མཐའི་ན་ཡིག་གོ། །སམྦུདྡྷི་ལ་མ་ཡིན་ནོ། །ན་དང་བརྩེགས་པའི་མཐའ་ཕྱིས་པ་ནི་ཆོ་ག་སྔ་མ་ལ་མ་ཕྱིས་པ་བཞིན་ འང་ངོ་། །ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ། །དྷུ་ཊ་རྣམས་ཀྱི་གསུམ་པའོ། །སྒྲ་མེ་ད་པ་ལ་དང་པོའོ། །རྫོགས་པ་ལ་ཡང་ནའོ། །རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ། །རྫོགས་པ་དང་གསལ་བྱེད་དང་པོ་ལ་བརྗོད་པ་ནི་མ་ནིང་ལས་སི་ཨམ་དག་ཕྱིས་པ་ ལའང་ངོ་། །ཞེས་པ་མིང་བཞི་པར་རྐང་པ་གསུམ་པ་རྫོགས་སོ།། །།མི་ཟད་པར་གྱུར་པ་ལས་ཨ་ཡིག་མཐའ་ལས་ལྔ་པ་མིན་པའི་རྣམ་དབྱེ་རྣམས་ཀྱི་ཨམའོ། །གསུམ་པ་དང་བདུན་པ་དག་གི་ཡང་ནའོ། །གཞན་ལས་འཇིག་གོ། །མི་ཟད་པ་ལས་ཀྱང་ངོ་། ། གྲགས་པ་རྣམས་ཀྱི་མང་པོ་ཉིད་ལ་བུད་མེད་མིན་པ་ལ་བུ་བརྒྱུད་ཀྱི་རྐྱེན་གྱིའོ། །གརྒ། ཡསྐ། བི་ད་སོགས་རྣམས་ཀྱིའང་ངོ་། །བྷྲྀ་གུ། ཨ་ཏྲི། ཨངྒི་རས། ཀུཏྶ། བ་ཤིཥྛ། གོ་ཏ་མ་རྣམས་ལས་སོ། །གང་ལས་འབྲལ་བའམ། འཇིགས་པའམ། ལེན་པ་དེ་ ངེས་པར་ཀུན་སྦྱིན་པའོ། །སྲུང་བའི་དོན་རྣམས་ཀྱི་འདོད་པའང་ངོ་། །གང་གི་ཆེད་དུ་སྦྱིན་པར་འདོད་པའམ། སྲེད་པར་བྱེད་པའམ་འཛིན་དུ་འཇུག་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །གང་ཀུན་ནས་འཛིན་པ་དེ་གནས་གཞིའོ། །གང་གིས་བྱ་བ་དེ་བྱེད་པའོ། །གང་ བྱ་བ་དེ་ལས་སོ། །གང་བྱེད་མཁན་དེ་བྱེད་པ་པོའོ། །གང་བྱེད་དུ་འཇུག་པ་དེ་རྒྱུའང་ངོ་། །དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལོ། །རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །བོད་པ་ལའང་ངོ་། །ལྷག་མ་རྣམས། ལས། བྱེད་པ། ཡང་དག་པར་རབ་ཏུ་སྦྱིན་པ། ངེས་པར་ཀུན་སྦྱིན་པ། བདག་པོ་ལ་སོགས་པ་གཞི་རྣམས་ལའོ། །བ་རི། ཨ་བ། ཨཱང་། སྦྱོར་བ་ལ་ལྔ་པའོ། །ཕྱོགས་ཨི་ཏ་ར་རྀ་ཏེ་གཞན་པ་རྣམས་ཀྱིས་ཀྱང་ངོ་། །ཨེ་ན་ཡིས་གཉིས་པའོ། །ལས་རབ་ཏུ་བརྗོད་པ་རྣམས་ཀྱིས་ཀྱང་ངོ་། །འགྲོ་བའི་ལས་ལ་ལམ་ 195-1-6a མིན་པ་ལ་གཉིས་པ་དང་བཞི་པ་དག་སྟེ་གཡོ་བ་ལའོ། །མ་ནྱའི་ལས་ལའང་སྲོག་ཆགས་མ་ཡིན་པ་ལ་སྟེ་མ་གུས་པ་ལའོ། །ན་མས། སྭ་སྟི། སྭཱ་ཧཱ། སྭཱ་དྷ། ནུས་པ་བ་ཥ་ཊ་སྦྱོར་བ་ལ་བཞི་པའོ། །དེའི་དོན་ཉིད་ལའོ། །ཏུམའི་དོན་ལས་ཀྱང་དངོས་པོ་བརྗོད་ པ་ལས་སོ། །ལྷན་ཅིག་སྦྱོར་བ་ལ་གསུམ་པའོ། །རྒྱུའི་དོན་ལའོ། །སྨད་པ་ལ་ཡན་ལག་ལའོ། །ཁྱད་པར་དུ་བྱེད་པ་ལའོ། །བྱེད་པ་པོ་ལའང་ངོ་། །དུས་དང་དངོས་པོ་དག་ལ་བདུན་པའོ། །སྭཱ་མི། ཨཱི་ཤྭ་ར། ཨ་དྷི་པ་ཏི། དཱ་ཡཱ་ད། སཱ་ཀྵི། པྲ་ཏི་བྷཱུ། པྲ་སཱུ་ཏ་རྣམས་ ཀྱི་དྲུག་པའང་ངོ་། །ངེས་པར་དགར་བ་ལའང་ངོ་། །ཧེ་ཏུ་སྦྱོར་བ་ལ་དྲུག་པའོ། །དྲན་པའི་དོན་གྱི་ལས་ལའོ། །ཀ་རོ་ཏིའི་འབད་པ་ལའོ། །འཚེ་བའི་དོན་རྣམས་ཀྱི་ཛྭ་རི་མ་ཡིན་པའིའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་རྟག་ཏུའོ། །ནིཥྛྰ་སོགས་རྣམས་ལ་མ་ཡིན་ནོ། ། ཥ་ཌའི་ན་ལ་ཎའོ། །མ་ན་དག་གི་དྷུ་ཊ་ལ་རྗེས་སུ་ང་རོའོ། །སྡེ་པ་ལ་སྡེ་པའི་མཐའོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་སྟེ་ནུ་དང་རྣམ་པར་བཅད་པ་དང་ཥ་བར་ན་ཡོད་ཀྱང་ ངོ་། །ར་ཥ་རྀའི་ཡི་གེ་རྣམས་ལས་མཐའ་མིན་པའི་ནའི་ཎ་སྟེ་དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོ་། །བུད་མེད་ལ་ཨ་ལས་ཨཱ་པའོ། །ན་ད་སོགས། ཨཉྩ། བཱ་ཧ། ཨུ། ཨི། ཨནྶ། ཨནྟ་། རྀ། ས་ཁི་ན་མཐའ་རྣམས་ལས་ཨཱིའོ། ། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱི་བར་བྱའོ། །མ་ནིང་ལ་དབྱངས་ཐུང་ངུའོ། །ཞེས་པ་མིང་བཞི་པར་བྱེད་པ་ཅན་གྱི་རྐང་པ་རྫོགས་སོ།། །།མིང་རྣམས་ཀྱི་སྦྱོར་བའི་དོན་ནི་བསྡུ་བའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །དབྱངས་མཐའི་རང་ བཞིན་འང་ངོ་། །གསལ་བྱེད་མཐའི་གང་སུ་བྷ་དག་ལའོ། །གཞི་མཐུན་པ་ཡི་ཚིག་དག་ནི། །ལས་འཛིན་བྱེད་པར་རྣམ་ཤེས་བྱ། །གྲངས་སྔ་མ་ཅན་བ་གཉིས་ཞེས། །ཤེས་བྱའོ་དེ་ཡི་སྐྱེས་བུ་གཉིས། །གཉིས་པ་ལ་སོགས་རྣམ་དབྱེ་རྣམས། །མིང་དང་ཕ་རོལ་ 195-1-6b ཚིག་གིས་ནི། །སྡུད་པར་བྱེད་པ་དེ་ཡང་དེའི། །སྐྱེས་བུའི་བསྡུ་བར་ཤེས་པར་བྱ། །གལ་ཏེ་ཚིག་གཉིས་དག་གྱུར་ཏམ། །གལ་ཏེ་མང་པོར་གྱུར་པའང་རུང་། །དེ་རྣམས་ཚིག་གཞན་དོན་ལ་ནི། །འབྲུ་མང་ཕྱོགས་བྲལ་རྣམས་དེ་བཞིན། །མིང་དག་གི་འམ་མང་པོའི་ཡང་། ། གང་ཞིག་བསྡུས་པ་ཟླས་དབྱེར་འགྱུར། །དེར་དབྱངས་རབ་ཉུང་སྔ་མར་ཏེ། །གཉིས་ཀྱི་གང་ཞིག་མཆོད་པ་ཡང་། །གང་གི་སྔ་མ་བརྗོད་བྱར་འགྱུར། །དེ་ནི་མི་ཟད་གྱུར་པར་འདོད། །དེ་ནི་མ་ནིང་རྟགས་སུ་འགྱུར། །ཟླས་དབྱེ་གཅིག་དེ་བཞིན་བ་གཉིས། །སྐྱེས་པ་ཅན་བཤད་པ་ ཨཱུང་མ་ཡིན་པ་ནི་བུད་མེད་ལ་གཞི་མཐུན་པའི་ཚིག་ལ་རྫོགས་པ་ལ་སོགས་པ་རྣམས་མ་ཡིན་པ་ལ་སྐྱེས་པ་བཞིན་ནོ། །མིང་དང་རྫོགས་པ་དང་ཀ་ཨུ་པ་དྷཱ་རྣམས་ནི་མ་ཡིན་ནོ། །ལས་འཛིན་བྱེད་པའི་མིང་ལ་ནི། །སྐྱེས་པ་དང་འདྲའི་དངོས་བསྒྲུབ་བྱ། །གཞི་མཐུན་ཚིག་ལ་ མ་ཧཏ་ཀྱི། །ཨཱ་ཡི་ཡི་གེར་བྱ་བའོ། །དེའི་སྐྱེས་བུ་ལ་ནའི་དབྱིའོ། །དབྱངས་ལ་ཡི་གེ་བཟློག་པར་བྱའོ། །ཀུའི་ཀཏའོ། །ཆུང་བའི་དོན་དང་ཨཀྵ་ལ་ནི་ཀཱའོ། །པུ་རུ་ཥ་ལ་ནི་རྣམ་པར་བཤད་པར་བྱའོ། །ཨཱི་དང་ཨཱ་ཡིག་བུད་མེད་དུ་བྱས་པ་དག་ལ་ལར་ཐུང་ངུ་དག་ གོ། །ཐུང་ངུའི་རིང་པོ་ཉིད་དོ། །མི་ཟད་པ་མིན་པའི་རྣམ་པར་བཅད་པ་ནི་ཀ་པའི་སྡེ་པ་དག་ལ་ས་ཡིག་གོ། །ཞེས་པ་མིང་བཞི་པར་བསྡུ་བའི་རྐང་པ་རྫོགས་སོ།། །།བུ་བརྒྱུད་ལ་ཨཎ་ཡང་ནའོ། །གརྒ་སོགས་ལས་ཎྱའོ། །ཀུཉྫ་སོགས་ལས་ཨཱ་ཡན་ཎ་བཤད་དོ། ། བུད་མེད་དང་ཨ་ཏྲི་སོགས་ལ་ཨེ་ཡ་ཎའོ། །ཨཏ་ལས་ཨི་ཎའོ། །བཱ་ཧུ་སོགས་ལས་ཀྱང་བསྒྲུབ་པར་བྱའོ། །ཚེས་དང་སྐར་མ་ལྡན་ལས་ཀྱང་། །ཚོགས་པ་ལས་དེ་འདི་ཡི་ལྷ། །དེ་རིག་དེ་བརྗོད་དེ་ཡི་འདི། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད། །དེ་ཡིས་རྩེའོ་ཡང་དག་བསྲེས། ། སྒྲོལ་ལོ་སྤྱོད་དོ་འང་ཨི་ཀ་ཎ། །ཟོང་དང་བཟོ་དང་ངེས་སྦྱོར་ལས། །ཉོས་པ་སོགས་ལས་མཚོན་ལས་ཀྱང་། །ནཽ་ལས་བསྒྲལ་བྱ་དང་བི་ཥ་ལས་གསད་བྱ་དང་ཏུ་ལཱ་ལས་གཞལ་བྱ་དང་དེར་ལེགས་པ་ལའང་ཡའོ། །ཨཱི་ཡ་ནི་ཕན་པ་ལའོ། །ཨུ་ཏ་དང་གོ་སོགས་ལས་ཡཏའོ། །ཉེ་བར་ 195-1-7a འཇལ་བ་ལ་བ་ཏིའོ། །དངོས་པོ་ལ་ཏ་ཏྭ་དག་གོ། །ཡ་ཎ་འང་སྟེ་རབ་ཏུ་གྲགས་པ་ལས་སོ། །དེ་འདི་ཡོད་པ་ཞེས་པ་མནྟུ་བནྟུ་བིན་ཨིན་རྣམས་སོ། །གྲངས་ལས་རྫོགས་པ་ལ་ཌ་མ་དག་གོ། །དྭི་ལས་ཏཱི་ཡའོ། །ཏྲིའི་ཏྲྀའང་ངོ་། །ར་ཥ་དག་གི་མཐའ་ཌ་ལ་ ཐའོ། །ཀ་ཏི་པ་ཡ་དང་ཀ་ཏི་ལས་སོ། །བིང་ཤ་ཏི་སོགས་ལས་ཏ་མཊའོ། །ཤ་ཏ་སོགས་ལས་རྟག་ཏུའོ། །ཥཥྛི་སོགས་དེའི་ཕ་རོལ་མ་ཡིན་པ་ལས་སོ། །འདི་ལས་ཕྱི་མར་འཆད་པ་གང་། །རྣམ་དབྱེའི་མིང་དུ་ཤེས་བྱ་སྟེ། །དྲི་སོགས་མིན་པའི་སརྦའི་མིང་། །བ་ཧུ་ལས་ཀྱང་ ཕ་རོལ་བཤད། །དེ་ལ་ཨི་དམ་གྱི་ཨིའོ། །ར་ཐ་དག་ལ་ཨེཏ་དང་ཨིཏའོ། །དེ་རྣམས་ལ་ཨེ་ཏཏ་ཨ་ཡིག་ཉིད་དོ། །ལྔ་པ་ལ་ཏ་སའོ། །བདུན་པ་ལ་ཏྲའོ། །ཨི་དམ་ལས་ཧའོ། །ཀིམ་ལས་ཧའོ། །ཨཏ་དང་ཀྭ་འང་ངོ་། །ཏ་ཧ་དག་ལ་ཀུའོ། །ཀིམ་སརྦ་ ཡང་ཨེ་ཀ་ཨནྱ་རྣམས་ཉིད་ལས་དུས་ལ་དཱའོ། །ཨི་དམ་ལས་དྷི་ཨ་དྷུ་ནཱ་དཱ་ནཱི་མ་མོ། །ཏཏ་ལ་དཱ་དཱ་ནི་མ་དག་བཤད་དོ། །སངྻ་སོགས་རྣམས་ཚིག་ཕྲད་དོ། །རྣམ་པ་བརྗོད་པ་ལ་ནི་ཐཱའོ། །ཨི་དམ་ཀིམ་དག་ལ་ཐ་མུ་བྱའོ། །ཨཱ་ཁྱཱ་ཏ་ལས་ཀྱང་ཏ་མ་སོགས་རྣམས་སོ། ། བསྡུ་བའི་མཐར་གྱུར་པ་རཱ་ཛན་སོགས་རྣམས་ཀྱི་ཨཏ་མཐའ་ཉིད་ཡང་ནའོ། །ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་རྣམས་དབྱིའོ། །བིཾ་ཤ་ཏིའི་ཏིའང་ངོ་། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོ། །ན་ནི་འགའ་ཞིག་ཏུའོ། །ཨུའི་ ཡི་གེ་རྣམས་ནི་ཨོ་ཉིད་དུ་ཐོབ་པར་བྱའོ། །ཨེ་ཡ་ལ་ཀ་དྲུ་མིན་པའི་དབྱི་བར་བྱའོ། །ཨོ་ཡིག་ཨཽ་ཡིག་དག་གིའང་ཨཝ་ཨཱཝ་རུ་བསྒྱུར་བ་དག་བྱའོ། །ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ། །ཡ་བ་ཚིག་དང་པོ་དག་གི་མ་ཡིན་ཞིང་འཕེལ་བ་ཨཱ་ག་མའོ། །ཞེས་པ་མིང་ བཞི་པར་དེ་ཕན་གྱི་རྐང་པ་རྫོགས་སོ།། །།བཀྲ་ཤིས་པ་པ་ར་སྨཻའི་ཚིག་རྣམས་སོ། །ཕ་རོལ་དགུ་རྣམས་ཨཱཏྨ་ནེའོ། །གསུམ་གསུམ་རྣམས་དང་པོ་དབུས་མ་ཕྱི་མ་རྣམས་སོ། །ཅིག་ཅར་བརྗོད་པ་ལ་སྐྱེས་བུ་རྣམས་ཀྱི་ཕྱི་མའོ། །མིང་ལ་རབ་ཏུ་སྦྱོར་བ་ལའང་དང་པོའོ། ། 195-1-7b ཁྱེད་ལ་དབུས་མའོ། །ངེད་ལ་ཕྱི་མའོ། །དཱ་པ་མིན་པའི་དཱ་དྷཱ་དག་དཱའོ། །བྱ་བ་རྟོགས་བྱེད་ནི་བྱིངས་སོ། །དུས་ལའོ། །ད་ལྟར་བ་ལ་བརྟ་མཱ་ནཱའོ། །སྨ་ཡིས་འདས་པ་ལའོ། །པ་རོ྅ཀྵཱའོ། །བྱུང་བའི་བྱེད་པ་དང་ལྡན་པ་རྣམས་ཀྱང་ངོ་། །འབྱུང་འགྱུར་ལ་བྷ་བི་ཥྱནྟི་དང་། ཨཱ་ཤཱི་ཥ་ དང་། ཤྭསྟ་ནཱིའོ། །དེ་རྣམས་ཀྱི་རང་མིང་གིས་དུས་ཀྱི་ཁྱད་པར་རོ། །རབ་ཏུ་སྦྱོར་བ་ལས་ཀྱང་ངོ་། །རྗེས་སུ་འདོད་པ་ལ་པཉྩ་མཱིའོ། །ནུས་པར་བྱེད་པ་དང་སྨོན་པར་བྱེད་པ་དག་ལའང་ངོ་། །བསྒྲུབ་པ་སོགས་རྣམས་ལ་སབྟ་མཱིའང་ངོ་། །བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་ དུས་ཐམས་ཅད་དུ་པཉྩ་མཱིའི་དབུས་མིའི་གཅིག་ཚིག་གོ། །མཱ་སྦྱོར་བ་ལ་ཨ་དྱ་ཏ་ནིའོ། །མཱསྨཱ་སྦྱོར་བ་ལ་ཧྱ་སྟ་ནཱིའང་ངོ་། །བརྟ་མཱ་ནཱ། ཏི།ཏས། ཨནྟི། སི། ཐས། ཐ། མི། བས། མས། ཏེ། ཨཱ་ཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །སཔྟ་མཱི། ཡཱཏ། ཡཱ་ཏཱམ། ཡུས། ཡས། ཡཱ་ཏམ། ཡཱཏ། ཡཱམ། ཡཱ་བ། ཡཱ་མ། ཨི་ཏ། ཨཱི་ཡཱ་ཏཱམ། ཨཱི་རན། ཨཱི་ཐཱས། ཨཱི་ཡཱ་ཐཱམ། ཨཱི་དྷྭམ། ཨཱི་ཡ། ཨཱི་བ་ཧི། ཨཱི་མ་ཧིའོ། །པཉྩ་མཱི། ཏུ། ཏཱམ། ཨནྟུ། ཧི། ཏམ། ཏ། ཨཱ་ནེ། ཨཱ་བ། ཨཱ་མ། ཏཱམ། ཨཱ་ཏཱམ། ཨནྟཱམ། སྭ། ཨཱ་ཐཱམ། དྷྭམ། ཨཻ། ཨཱ་བ་ཧཻ། ཨཱ་མ་ཧཻའོ། །ཧྱསྟ་ནཱི། དི། ཏཱམ། ཨན། སི། ཏམ། ཏ། ཨམ། བ། མ། ཏ། ཨཱ་ཏཱམ། ཨནྟ། ཐཱས། ཨཱ་ཐཱམ། དྷྭ་མ། ཨི། བ་ཧི། མ་ཧིའོ། །ཨ་དྱ་ཏ་ནཱི་འདི་ལྟ་ཉིད་དོ། །པ་རོ྅ཀྵཱ། ཨཊ། ཨ་ཏུས། ཨུས། ཐལ། ཨ་ཐུས། ཨ། ཨཊ། བ། མ། ཨེ། ཨཱ་ཏེ། ཨི་རེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །ཤྭསྟ་ནཱི། ཏཱ། ཏཱ་རཽ། ཏཱ་རས། ཏཱ་སི། ཏཱསྠས། ཏཱསྠ། ཏཱསྨི། ཏཱསྺས། ཏཱ་སྨས། ཏཱ། ཏཱ་རཽ། ཏཱ་རས། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷེ། ཏཱ་ཧེ། ཏཱསྦ་ཧེ། ཏཱསྨ་ཧེའོ། །ཨཱ་ཤཱིཥ། ཡཱཏ། ཡཱསྟཱམ། ཡཱ་སུས། ཡཱས། ཡཱསྟམ། ཡཱསྟ། ཡཱསམ། ཡཱསྦ། ཡཱསྨ། སཱིཥྚ། སཱི་ཡཱསྟྭམ། སཱི་རན། སཱིཥྛཱས། སཱི་ཡཱསྠཱམ། སཱི་དྷྭམ། སཱི་ཡ། སཱི་བ་ཧི། སཱི་མ་ཧིའོ། །སྱ་དང་ལྷན་ཅིག་པའི་ཏི་སོགས་རྣམས་བྷ་བི་ཥྱ་ནྟིའོ། །སྱ་ཏི། སྱ་ཏས། སྱཱནྟི། སྱ་སི། སྱ་ཐས། སྱ་ཐ། སྱཱ་མི། སྱཱ་བས། སྱཱ་མས། སྱ་ཏེ། སྱཱ་ཏེ། སྱནྟེ། སྱ་སེ། 195-1-8a སྱེ་ཐེ། སྱ་དྷེ། སྱཻ། སྱཱ་བ་ཧེ། སྱ་མ་ཧེའོ། །དི་སོགས་རྣམས་བྱ་བ་ཤོར་བའོ། །སྱཏ། སྱ་ཏཱམ། སྱན། སྱ་སི། སྱ་ཏམ། སྱཏ། སྱམ། སྱྰབ། སྱཱམ། སྱ་ཏ། སྱེ་ཏཱམ། སྱནྟ། སྱཱ་ཐཱས། སྱེ་ཐཱམ། སྱ་དྷྭམ། སྱེ། སྱཱ་བ་ཧི། སྱཱ་མ་ཧིའོ། །དྲུག་གི་དང་ པོ་རྣམས་བྱིངས་ཐམས་ཅད་པའོ། །ཞེས་པ་ཀུན་བཤད་པར་རྐང་པ་དང་པོ་རྫོགས་སོ།། །།རྐྱེན་ཕ་རོལ་ལོ། །གུཔ། ཏི་ཛ། ཀིཏ་རྣམས་ལོས་སནའོ། །མཱན། བ་དྷ། དཱན། ཤཱན་རྣམས་ལས་ཨ་བྷྱཱ་སའི་རིང་པོ་ཡང་ངོ་། །ཏུམ་མཐའི་བྱིངས་ལས་ལས་དང་འདོད་པ་བྱེད་པ་པོ་ གཅིག་ཅན་ལས་ཡང་ནའོ། །མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ། །ཀཱ་མྱ་ཡང་ངོ་། །ཉེ་བར་འཇལ་བ་ལས་ཀུན་སྤྱོད་ལའོ། །བྱེད་པ་པོ་ལ་ཨཱ་ཡི་སྟེ་ས་དབྱི་བའང་ངོ་། །བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ། །བྱིངས་ལས་ཀྱང་རྒྱུ་ལའོ། །ཙུ་ར་སོགས་ལས་ཀྱང་ངོ་། །ཨིན་ལ་རྟགས་ ཡི་གེ་གཅིག་མིན་པའི་མཐའི་དབྱངས་ལ་སོགས་པ་དབྱིའོ། །གསལ་བྱེད་དང་པོ་ཅན་རྀཏ་ཡང་ནའི་ར་སྒྲའོ། །དབྱངས་གཅིག་པའི་བྱིངས་ལས་བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་ཡ་སྒྲ་སྟེ་ཙེ་ཀྲཱི་ཡི་ཏའོ། །གུ་པྰུ། དྷཱུ་པ། བིཙྪི། པ་ཎི་པ་ནི་ལས་ཨཱ་ཡའོ། །དེ་རྣམས་བྱིངས་ སོ། །ཙ་ཀཱས་དང་ཀཱས་དང་རྐྱེན་གྱི་མཐའ་རྣམས་ལས་པ་རོ྅ཀྵཱ་ལ་ཨཱ་མའོ། །ད་ཡ་དང་ཨ་ཡ་དང་ཨཱས་ལས་ཀྱང་ངོ་། །ནཱ་མི་དང་པོ་ལྕི་བ་ལྡན་པ་རྀཙྪཱ་མ་ཡིན་པ་ལས་སོ། །ཨུ་ཥ། བིད། ཛཱ་གྲི་རྣམས་ལས་ཡང་ནའོ། །བྷཱི། ཧྲཱི། བྷྲྀ། ཧུ་རྣམས་ཀྱི་ཏི་བཞིན་འང་ངོ་། །ཨཱམ་གྱི་ ཀྲྀཉ་རྗེས་སུ་སྦྱར་བར་བྱའོ། །ཨཱས་བྷཱུ་དག་ཀྱང་སྟེ་པ་ར་སྨཻའོ། །ཨ་དྱ་ཏ་ནཱི་ལ་སི་ཙའོ། །ཨིཊ་མེད་པའི་ཤིཊ་མཐའ་ནཱ་མི་ཨུ་པ་དྷཱ་ཅན་དྲྀ་ཤ་མིན་པ་ལས་ས་ཎའོ། །ཤྲི། དྲུ། སྲུ། ཀཱ་མི། ཀཱི་རི་ཏའི་མཐའ་རྣམས་ལས་བྱེད་པ་པོ་ལ་ཙ་ཎའོ། །ཨ་སུ། བ་ཙི། ཁྱཱ་ཏི། ལི་པི། སི་ཙི། ཧྭཱ་ལས་ཨཎའོ། །པུ་ཥ་སོགས་དྱུཏ་སོགས་ལྀ་ཡིག་རྗེས་སུ་འབྲེལ་པ་ཨརྟི། སརྟི། ཤཱསྟི་རྣམས་ལས་ཀྱང་པ་ར་སྨཻ་ལའོ། །པ་དི་ལས་ཨཱཏྨ་ནེའི་དང་པོའི་གཅིག་ཚིག་ལ་ཨི་ཙའོ། །དངོས་པོ་དང་ལས་དག་ལའང་ངོ་། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། ། 195-1-8b བྱེད་པ་པོ་ལ་ཨན་ཏེ་བི་ཀ་ར་ཎའོ། །དིབ་སོགས་ལས་ཡནའོ། །སུ་སོགས་ལས་ནུའོ། །ཤྲུའི་ཤྲྀ་ཡང་ངོ་། །རུ་དྷ་སོགས་ཀྱི་དབྱངས་ལས་ཕ་རོལ་དུ་ན་སྒྲའོ། །ཏན་སོགས་ལས་ཨུའོ། །ཀྲཱི་སོགས་ལས་ནཱའོ། །གསལ་བྱེད་མཐའ་ལས་ཧི་ལས་ཨཱ་ནའོ། །དངོས་ པོ་དང་ལས་དག་ལ་ཨཱཏྨ་ནེའི་ཚིག་རྣམས་སོ། །ལས་བྱེད་པ་པོ་ལས་བཞིན་ནོ། །བྱེད་པ་པོ་ལ་རུ་ཙ་སོགས་དང་། ང་རྗེས་སུ་འབྲེལ་པ་རྣམས་ལས་སོ། །ཙེ་ཀྲཱི་ཡི་ཏའི་མཐའ་ལས་སོ། །ཨཱ་ཡིའི་མཐའ་ལས་ཀྱང་ངོ་། །ཨིན་དང་ཉ་དང་ཡ་ཛ་སོགས་ལས་གཉིས་ཀའོ། ། སན་གྱི་མཐའ་ལས་སྔ་མ་བཞིན་ནོ། །ལྷག་མ་ལས་བྱེད་པ་པོ་ལ་པ་ར་སྨཻའི་ཚིག་གོ། །ཞེས་པ་ཀུན་བཤད་པར་རྐང་པ་གཉིས་པ་རྫོགས་སོ།། །།ཨ་བྷྱཱ་ས་མེད་པའི་དང་པོའི་དབྱངས་གཅིག་པའི་གཉིས་བརྗོད་དོ། །དབྱངས་དང་པོ་ལས་གཉིས་པའི་འོ། །ན་བ་ད་ར་རྣམས་ བརྩེགས་པའི་དང་པོ་རྣམས་ཡ་མིན་པ་ལ་མ་ཡིན་ནོ། །སྔ་མ་ཨ་བྷྱཱ་སའོ། །གཉིས་ཀ་ཨ་བྷྱསྟའོ། །ཛ་ཀྵ་སོགས་ཀྱང་ངོ་། །ཙཎ་པ་རོ྅ཀྵཱ་ཙེ་ཀྲཱི་ཡི་ཏ་སན་མཐའ་རྣམས་ལའོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ། །ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་ མར་བྱའོ། །ཤིཊ་ལས་ཀྱང་ཕ་རོལ་གྱི་སྒྲ་མེད་པའོ། །གཉིས་པ་བཞི་པ་དག་གི་དང་པོ་གསུམ་པ་དག་གོ། །ཧའི་ཛའོ། །ཀ་སྡེའི་ཙ་སྡེའོ། །ཀ་བ་ཏིའི་ཙེ་ཀྲཱི་ཡི་ཏ་ལ་མ་ཡིན་ནོ། །ཐུང་ངུའོ། །རྀ་ཡིག་གི་ཨ་ཡིག་གོ། །ཨི་ཎའི་པ་རོ྅ཀྵཱ་ལ་ཡོན་ཏན་མེད་ པ་ལ་རིང་པོའོ། །དང་པོའི་ཨའི་ཐམས་ཅད་དུའོ། །དེ་ལས་ཕ་རོལ་གྱི་དང་པོར་གལ་ཏེ་མཐའ་བརྩེགས་པ་ཡིན་ན་ན་ཨཱ་ག་མའོ། །རྀ་ཡིག་ལ་འང་ངོ་། །ཨཤྣོ་ཏི་ལས་ཀྱང་ངོ་། །བྷ་བ་ཏིའི་ཨའོ། །ནི་ཛི། བི་ཛི། བི་ཥ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ། །བྷྲྀཉ་ཧཱང་མཱང་རྣམས་ཀྱི་ ཨིཏའོ། །ཨརྟི། པི་པརྟི། དག་གི་འང་ངོ་། །སན་ལ་ཨའི་ཡི་གེའོ། །ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་ཨའི་ཡི་གེ་ལ་ཨུའི་ཡི་གེའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ། །ཨཱ་གམ་མེད་པའི་རིང་པོའོ། །བཉྩི། ཤྲནྶི། དྷྭནྶི། བྷྲནྶི། ཀ་སི། པ་ཏི། པ་དི། སྐནྡ་རྣམས་ཀྱི་མཐའ་ 195-1-9a ནཱིའོ། །རྗེས་སུ་སྣ་ལྡན་མཐའ་ཅན་ཨཏ་མཐའི་རྗེས་སུ་ང་རོའོ། །ཛ་བ་སོགས་རྣམས་ཀྱིའང་ངོ་། །ཙ་ར་ཕ་ལ་དག་གི་སྟེ་ཕ་རོལ་གྱི་ཨའི་ཨུཏའང་ངོ་། །རྀ་ལྡན་པའི་རཱིའོ། །མཚུངས་པ་མ་ཕྱིས་ན་ཡང་བ་ལ་ཨིན་ལས་ཙ་ཎ་ཕ་རོལ་ལ་སན་བཞིན་ནོ། །ཡང་བའི་རིང་ པོའོ། །ཏྭ་ར་སོགས་རྣམས་ཀྱིའང་ཨའོ། །འདི་ནས་ཨ་བྷྱཱ་སའི་དབྱིའོ། །སན་ལ་མི་མཱི། མཱ། དཱ། ར་བྷ། ལ་བྷ། ཤ་ཀ །པ་ཏ། པ་ད་རྣམས་ཀྱི་དབྱངས་ཀྱི་ཨིས་སོ། །ཨཱཔྣོ་ཏིའི་ཨཱིའོ། །དནྦྷིའི་ཨིཏའང་ངོ། །ད་ཡ་ཏིའི་པ་རོ྅ཀྵཱ་ལ་དི་གིའོ། །ཞེས་པ་ཀུན་བཤད་པར་རྐང་པ་ གསུམ་པ་རྫོགས་སོ།། །།མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སམ་པྲ་སཱ་ར་ཎའོ། །གྲ་ཧི། ཛྱཱེ། བ་ཡི། བྱ་དྷི། བཥྚི། བྱ་ཙི། པྲཙྪི། བྲཤྩི། བྷྲཤྫི་རྣམས་ཀྱི་ཡོན་ཏན་མེད་པ་ལའོ། །སྭ་པི། བ་ཙི། ཡ་ཛ་སོགས་རྣམས་ཀྱི་ཡ་ཎ་པ་རོ྅ཀྵཱ། ཨཱ་ཤཱིཥ་རྣམས་ལའོ། །གཉིས་ཀ་ རྣམས་ཀྱི་ཨ་བྷྱཱ་སའི་པ་རོ྅ཀྵཱ་ལའོ། །བྱ་ཐིའི་འང་ངོ་། །བེཉ་ཤྭི་དག་གི་ཡོན་ཏན་མེད་པ་ལའང་མ་ཡིན་ནོ། །སྭ་པི། སྱ་མི། བྱེ་ཉ་རྣམས་ཀྱི་ཙེ་ཀྲཱི་ཡི་ཏ་ལའོ། །སྭཱ་པིའི་ཙ་ཎ་ལའོ། །གྲ་ཧི། སྭ་པི་པྲཙྪ་རྣམས་ཀྱི་སན་ལའོ། །ཙཱ་ཡའི་ཙེ་ཀྲཱི་ཡི་ཏ་ལ་ཀཱིའོ། །བྱཱ་ཡའི་པ་རོ྅ཀྵཱ་ལའང་པཱིའོ། །ཤྭ་ ཡ་ཏིའི་ཡང་ནའོ། །ཀཱ་རི་ཏ་ལའང་སན་ཙཎ་དག་ལའོ། །ཏྭ་ཡ་ཏིའི་རྟག་ཏུའོ། །ཨ་བྷྱ་སྟའི་འང་ངོ་། །དྱུ་ཏི་སྭཱ་པི་དག་གི་ཨ་བྷྱཱ་སའིའོ། །སཾ་པྲ་སཱ་ར་ཎ་ལ་མ་ཡིན་ནོ། །བ་ཤིའི་ཙེ་ཀྲཱི་ཡི་ཏ་ལའོ། །པྲཙྪཱ་སོགས་རྣམས་ཀྱི་པ་རོ྅ཀྵཱ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ ཎ་མ་ཡིན་པ་ལ་ཨཱ་ཡིག་གོ། །བྱཱ་ཡ་ཏིའི་པ་རོ྅ཀྵཱ་ལ་མ་ཡིན་ནོ། །མཱི་ནཱ་ཏི་མི་ནོ་ཏི་དཱིང་རྣམས་ཀྱི་ཡོན་ཏན་དང་འཕེལ་བའི་གནས་ལའོ། །སན་ལ་དཱིང་གིའོ། །སྨི་ཛི་ཀླི་ཨིང་རྣམས་ཀྱི་ཨིན་ལའོ། །སྲྀ་ཛི་དྲྀ་ཤི་དག་གི་དབྱངས་ལས་ཕ་རོལ་དུ་དྷུ་ཊ་ལ་ཡོན་ཏན་དང་འཕེལ་བ་གནས་པ་ལ་ ཨ་ཡིག་ཨཱ་ག་མའོ། །དཱིང་གི་དབྱངས་དང་པོ་ཡོན་ཏན་མེད་པ་ལ་ཡ་ཡིག་མཐའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ། །ཨིཊ་ལའང་ངོ་། །དཱ། མཱ། གཱ་ཡ་ཏི། པི་བ་ཏི། སྠཱ་སྱ་ཏི། ཛ་ཧཱ་ཏི་རྣམས་ཀྱི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ། །ཨཱ་ཤཱིཥ་ལ་ཨེ་ཡིག་གོ། །སི་ཙ་ཨ་ 195-1-9b བྷྱསྟ་བིད་ཨཱཏ་རྣམས་ལས་བྷཱུ་མ་ཡིན་པ་ལས་ཨན་གྱི་ཨུས་སོ། །ཨི་ཙ་ལས་ཏ་དབྱིའོ། །ཨ་ཡིག་ལས་ཧནྟི་མ་ཡིན་པ་ལས་ཧིའོ། །ནུ་ལས་ཀྱང་བརྩེགས་པ་མ་ཡིན་པའི་བི་ཀ་ར་ཎ་ལས་སོ། །ཨུ་ཡིག་ལས་ཀྱང་ངོ་། །ཨུ་ཡིག་ཝ་མ་དག་ལ་ཡང་ན་དབྱིའོ། །ཀ་རོ་ཏི་ལས་རྟག་ ཏུའོ། །སཔྟ་མཱིའི་ཡ་ལའང་ངོ་། །བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཨའི་ཨུ་ཡིག་གོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །ཨསྟིའི་དང་པོ་ཡིའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ། །ཀྲཱི་སོགས་རྣམས་ཀྱི་བི་ཀ་ར་ཎའི་འོ། །གཉིས་ཀ་རྣམས་ཀྱི་དཱ་མིན་པའི་གསལ་བྱེད་ དང་པོ་ལ་ཨཱི་ཡིག་གོ། །ད་རི་དྲཱ་ཏིའི་ཨི་ཡིག་གོ། །ཛ་ཧཱ་ཏིའི་སཔྟ་མཱི་ལ་དབྱིའོ། །ཧནྟིའི་དྷུཊ་ལ་བྱིངས་ཐམས་ཅད་པ་ལའོ། །ཤཱ་སིའི་ཨུ་པ་དྷཱའི་ཨཎ་དང་གསལ་བྱེད་དག་ལ་ཨིཏའོ། །ཧནྟིའི་ཧི་ལ་ཛའོ། །དཱ་ཨསྟི་དག་གི་ཨེ་སྟེ་ཨ་བྷྱཱས་དབྱི་བའང་ངོ་། །གསལ་བྱེད་གཅིག་པུ་ པའི་དབུས་ན་ཡོད་པའི་དང་པོ་མ་བསྒྱུར་བའི་ཨའི་པ་རོ྅ཀྵཱ་ལའོ། །ཐལ་ལའང་ཨིཊ་དང་བཅས་པ་ལའོ། །ཏྲཱྀ། ཕ་ལ། བྷ་ཛ། ཏྲ་པ། ཤྲནྠི། གྲནྠི། དནྦྷི་རྣམས་ཀྱིའང་ངོ་། །ཤས་དང་། པ་དང་པོ་དང་ཡོན་ཏན་ཅན་རྣམས་ཀྱི་མ་ཡིན་ནོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་ དབྱངས་དང་པོ་ལ། ཨི་ཡ་ཨུ་ཝ་དག་གོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལའོ། །བི་ཀ་ར་ཎའི་ནུའི་འོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཡི་གེ་གཅིག་མིན་པའི་འོ། །ཨི་ཎའི་འང་ངོ་། །བི་ཀ་ར་ཎའི་ནུའི་ཝ་ཡིག་གོ། །ཛུ་ཧོ་ཏིའི་བྱིངས་ཐམས་ཅད་པ་ལའོ། །བྷཱུའི་ མཐའ་པ་རོ྅ཀྵཱ་དང་ཨདྱ་ཏ་ནཱི་དག་ལ་པའོ། །གོ་ཧིའི་ཨུ་པ་དྷཱའི་ཨཱུ་ཏའོ། །དུ་ཥིའི་ཀཱ་རི་ཏ་ལའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །ཨི་ཙ་ལ་ཡང་ནའོ། །ཛ་ནི་བ་དྷི་དག་གིའང་ངོ་། །ཨོཏ་ལས་ཡིན་ཨཱ་ཡི་དག་དབྱངས་བཞིན་ནོ། །ཨཽཏ་ལས་ཀྱང་ངོ་། །ནཱ་མིན་གྱི་ མཐའ་རྣམས་ཀྱི་ཡ་ཎ་ཨ་ཡི་ཡིན་ཨཱ་ཤཱིཥ་ཙེ་ཀྲཱི་ཡི་ཏ་རྣམས་ལས་ཡ་ལ་རིང་པོའོ། །ཉེར་བསྒྱུར་ད་པའི་ཨི་ཎའིའོ། །རྀཏ་ཀྱི་ཙཱི་ཙེ་ཀྲཱི་ཡི་ཏ་ཡིན་ཨཱ་ཡི་རྣམས་ལས་ཨཱི་མཐའོ། །ཨན་ཡོན་ཏན་མེད་པ་ལ་ཨིའོ། །ཡ་ཎ་ཨཱ་ཤཱིཥ་དག་ལ་ཡ་ལའོ། །ཨརྟི་དང་བརྩེགས་པ་ 195-1-10a དང་པོ་དག་གི་ཡོན་ཏན་ནོ། །ཙེ་ཀྲཱི་ཡི་ཏ་ལའང་ངོ་། །གྷྲཱདྷྨཱ་དག་གི་ཨཱིའོ། །ཡིན་ལ་ཨའི་ཡི་གེའི་འོ། །ཨ་དིའི་སན་ཨདྱ་ཏ་ནཱི་དག་ལ་གྷ་སླྀའོ། །པ་རོ྅ཀྵཱ་ལ་ཡང་ནའོ། །བེ་ཉའི་ཡང་བ་ཡིའོ། །ཧནྟིའི་ཨཱ་ཤཱི་ཥ་ལ་བ་དྷིའོ། །ཨཱདྱ་ཏ་ ནཱི་ལ་ཡང་ངོ་། །ཨི་ཎའི་གཱའོ། །ཨིང་གི་པ་རོ྅ཀྵཱ་ལའོ། །སན་ལ་ཨི་ཎ་ཨིང་དག་གི་ག་མིའོ། །ཨ་སྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་བྷཱུའོ། །བྲཱུའི་བ་ཙིའོ། །ཙཀྵཱིང་གི་ཁྱཱཉའོ། །པ་རོ྅ཀྵཱ་ལ་ཡང་ནའོ། །ཨ་ཛིའི་བཱིའོ། །ཨད་སོགས་ལས་བི་ ཀ་ར་ཎའི་འཇིག་གོ། །ཨིཎ་སྠཱ། དཱ། པི་བ་ཏི་བྷཱུ་རྣམས་ལས་སི་ཙའི་པ་ར་སྨཻ་ལའོ། །ཞེས་པ་ཀུན་བཤད་པར་རྐང་པ་བཞི་པ་རྫོགས་སོ།། །།ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ཨུ་པ་དྷཱ་ནཱ་མིན་གྱིའང་ཡང་བའི་འོ། །བི་ཀ་ར་ཎ་ལའང་ ཨན་ཉིད་ལའོ། །ཀ་རོ་ཏིའི་འོ། །མི་དིའི་འོ། །ཨ་བྷྱསྟ་རྣམས་ཀྱི་ཨུས་ལའོ། །ཎ་ཡིག་རྗེས་སུ་འབྲེལ་པ་དང་ཙེ་ཀྲཱི་ཡི་ཏ་དག་ལ་མ་ཡིན་ནོ། །ཨ་བྷྱསྟའི་འང་ཨུ་པ་དྷཱ་ནཱ་མིན་གྱི་བྱིངས་ཐམས་ཅད་པ་ཡོན་ཏན་ཅན་ལ་དབྱངས་ལའོ། །སན་ལའང་ཨིཊ་མེད་ པ་ལའོ། །སི་ཙ་ཨཱ་ཤཱིཥ་དག་ལའང་ཨཱཏྨ་ནེ་ལའོ། །རྀཏ་མཐའ་རྣམས་ཀྱིའང་ངོ་། །སྠཱ་དཱ་དག་གིའང་ངོ་། །བྷཱུའི་སི་ཙ་འཇིག་པ་ལའོ། །སཱུ་ཏི་ལས་པཉྩ་མཱི་ལའོ། །དཱི་དྷཱི། བེ་བཱི་དག་གི་འང་ངོ་། །རུད་བིད་མུཥ་རྣམས་ཀྱི་སན་ལའོ། །ཨིཊ་མེད་པའི་ ནཱ་མི་མཐའ་རྣམས་ཀྱིའོ། །ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱཏྨ་ནེ་ལ་པཉྩ་མཱིའི་ཕྱི་མ་མ་ཡིན་པ་ལའོ། །གཉིས་ཉིད་དང་མང་པོ་ཉིད་དག་ལའང་པ་རསྨཻ་ལའོ། །པ་རོ྅ཀྵཱ་ལའང་ངོ་། །ཐམས་ཅད་དུ་ཨཱཏྨ་ནེ་ལའོ། །ཨཱ་ཤཱིཥ་ལའང་པ་རསྨཻ་ལའོ། །སཔྟ་ མཱི་ལ་ཡང་ངོ་། །ཧི་ལའང་ངོ་། །ཏུད་སོགས་ཀྱི་ཨན་ལའོ། །ཨཱམ་ལའང་བིད་ཉིད་ཀྱིའོ། །ཀུཊ་སོགས་ཀྱི་ཨིན་ཨི་ཙ་ཨཊ་རྣམས་མ་ཡིན་པ་ལའོ། །བི་ཛིའི་ཨིཊ་ལའོ། །སྠཱ་དཱ་དག་གི་ཨ་དྱ་ཏ་ནཱི་ལ་ཨཱཏྨ་ནི་ལ་ཨིའོ། །མུ་ཙ་སོགས་ཀྱི་དབྱངས་ 195-1-10b ལས་ཨན་བི་ཀ་ར་ཎ་ལ་ན་ཡིག་ཨཱ་ག་མའོ། །མཤྠི་ན་ཤ་དག་གི་དྷུ་ཊ་ལའོ། །ར་དྷི་ཛ་བྷ་དག་གི་དབྱངས་ལའོ། །ར་དྷིའི་ཨིཊ་ལ་པ་རོ྅ཀྵཱ་མིན་པ་ལ་མ་ཡིན་ནོ། །ར་བྷི་ལ་བྷ་དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵཱ་དག་མིན་པ་ལའོ། །ཧུ་དྷུ་ཊ་དག་ལས་ཧིའི་དྷིའོ། །ཨསྟི་ ལས་སོ། །ཤཱསྟིའི་ཤཱ་འང་ངོ་། །ཨ་བྷྱསྟ་ལས་ཨནྟིའི་ན་དབྱིའོ། །ཨ་ཡིག་མ་ཡིན་པ་ལས་ཨཱཏྨ་ནེ་ལའང་ངོ་། །ཤེ་ཏི་ལས་ཨནྟིའི་དང་པོ་རིའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨིརའོ། །མཆུ་གྱུར་ཨུ་པ་དྷཱའི་འང་ཨུ་རའོ། ། ཨིན་དང་ཙ་ཎ་ལ་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱ་ཐུང་ངུའོ། །ཤཱ་སུ་དང་རྀཏ་རྗེས་སུ་འབྲེལ་པ་རྣམས་ཀྱི་མ་ཡིན་ནོ། །པི་བ་ཏིའི་དབྱི་སྟེ་ཨ་བྷྱཱ་སའི་ཨཱིཏའང་ངོ་། །ཏིཥྛ་ཏིའི་ཨིཏའོ། །ཛི་གྷྲ་ཏིའི་ཡང་ནའོ། །ཞེས་པ་ཀུན་བཤད་པར་རྐང་པ་ལྔ་པ་རྫོགས་སོ།། །། ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཨ་ནུ་ཥངྒ་དབྱིའོ། །ན་སྒྲ་ལས་ཀྱང་བི་ཀ་ར་ཎ་ལས་སོ། །ཨིནྡྷི། ཤྲནྠི། གྲནྠི། དམྦྷི་རྣམས་ཀྱི་པ་རོ྅ཀྵཱ་ལ་ཡོན་ཏན་མེད་པ་ལའོ། །དཾ་ཤི། སཉྫི། སྭཉྫི། རཉྫི་རྣམས་ཀྱི་ཨན་ལའོ། ། ཨིན་ཨིཙ་ཨཊ་རྣམས་ལ་ཨའི་ཨུ་པ་དྷཱ་རིང་པོ་སྟེ་ནཱ་མི་རྣམས་ཀྱི་ཡང་འཕེལ་བའོ། །དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལའོ། །གསལ་བྱེད་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པའི་འོ། །ཨཾའི་འང་རིང་པོའོ། །བ་ད་བྲ་ཛ་ར་ལ་མཐའ་རྣམས་ཀྱིའང་ངོ་། །ཤྭི་ཛཱ་གྲྀ་ དག་གི་ཡོན་ཏན་ནོ། །ཨརྟི། སརྟི་དག་གི་ཨ་ཎ་ལའོ། །ཛཱ་གརྟིའི་ཀཱ་རི་ཏ་ལའོ། །ཡ་ཎ་ཨཱ་ཤཱིཥ་དག་ལ་ཡ་ལའོ། །པ་རོ྅ཀྵཱ་ལ་ཡོན་ཏན་མེད་པ་ལའོ། །བརྩེགས་པ་དང་པོའི་རྀ་ཏའི་འང་ངོ་། །རཱྀཏ་མཐའ་རྣམས་ཀྱིའང་ངོ་། །རྀ་ཙྪའི་རྀཏའི་འོ། །ཤཱི་ངའི་ བྱིངས་ཐམས་ཅད་པ་ལའོ། །ཡ་ལ་ཨཱི་ནི་ཨ་ཡིའོ། །ཨཱ་ཏ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡིའོ། །ཤཱ། ཚཱ། སཱ། ཧྭཱ། བྱ་བེ་པཱ རྣམས་ཀྱི་ཨིན་ལའོ། །ཨརྟི། ཧྲཱི། ཙླཱི། རཱི། ཀྣུ་ཡཱི། ཀྵྨཱ་ཡཱི་དང་ཨཱཏ་མཐའ་རྣམས་ཀྱི་པ་མཐའ་སྟེ་ཡ་དབྱི་ཞིང་ 195-1-11a ནཱ་མི་རྣམས་ཀྱི་ཡོན་ཏན་ནོ། །པཱ་ཏིའི་ལ་མཐའོ། །དྷཱུ་ཉ་བྲཱྀ་ཎཱ་ཏི་དག་གི་ནའོ། །སྥཱ་ཡི་ཝ་རུ་བསྒྱུར་བའོ། །ཤ་དིའི་འགྲོ་བ་མིན་པ་ལ་ཏའོ། །ཧནྟིའི་ཏའོ། །ཧནྟིའི་ཧའི་ཨིན་ཨི་ཙ་དག་ལ་གྷིའོ། །ཨུ་པ་དྷཱ་ཕྱིས་པའི་ཡང་ངོ་། །ཨབྷྱཱས་ ལས་ཀྱང་ངོ་། །ཛིའི་སན་པ་རོ྅ཀྵཱ་དག་ལ་གིའོ། །ཙིའི་ཀི་ཡང་ནའོ། །ས་ཎའི་དབྱངས་ལ་མང་པོ་ཉིད་མ་ཡིན་པ་ལ་ཨ་དབྱིའོ། །ད་རི་དྲཱ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལའོ། །བྲཤྩ་མསྫ་དག་གི་དྷུཊ་ལའོ། །ཡན་ལ་ཨོ་ཡིག་གིའོ། །ཨཱ་ཡིག་གི་ཨུས་ལའོ། ། མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་། །ཨསྟིའི་སི་ལའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཨའི་དེ་དག་སྟེ་དེ་དབྱི་བ་ཡང་ངོ་། །དཱི་དྷཱི་བེ་བཱི་དག་གི་ཨི་ཡིག་ཡ་ཡིག་དག་ལའོ། །ནཱ་མི་དང་གསལ་བྱེད་མཐའ་ལས་ཨཱ་ཡིའི་དང་པོའི་འོ། །གམ། ཧན། ཛན། ཁན། གྷས་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་དང་པོ་ཨ་ཎ་མིན་པ་ལ་ཡོན་ཏན་མེད་པ་ལའོ། །ཀཱ་རི་ཏའི་ཨཱ་མ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལའོ། །བུ་བརྒྱུད་ཀྱི་དབྱངས་སྔ་མ་མིན་པའི་ཡའི་ཡིན་ཨཱ་ཡི་རྣམས་ལའོ། །ན་དབྱི་བ་ཡང་ངོ་། །གསལ་བྱེད་ལས་དི་སི་དག་གིའོ། །ཡའི་ ཨན་མེད་པ་ལའོ། །ཨའི་ཡང་དབྱིའོ། །སི་ཙའི་དྷ་ཡིག་ལའོ། །དྷུཊ་ལས་ཀྱང་དྷུཊ་ལའོ། །ཐུང་ངུ་ལས་ཀྱང་ཨི་ཊ་མེད་པའིའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ། །བརྩེགས་པའི་དང་པོ་ས་ཀ་དག་གི་མཐའ་ལའང་ངོ་། །ཙ་སྡེའི་འདྲ་བའི་ཡི་གེ་མིན་པ་ལ་ཀིའོ། ། ཧའི་ཌྷའོ། །ད་དང་པོའི་གྷའོ། །ན་ཧིའི་དྷའོ། །བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །ཚ། ཤ་དག་གི་འང་ངོ་། །སྐྱེས་པར་བརྗོད་པ་སྐྱེས་པ་བཞིན་ཨཱ་ཡི་ལའོ། །ཨ་ལས་ཨཱ་ཏམ་ཨཱ་ཐམ་གྱི་དང་པོའི་ཨིའོ། །ཨཱ་ཏེ། ཨཱ་ཐེ་ཞེས་པའི་འང་ངོ་། །ཡཱ་སྒྲའི་ ཡང་སཔྟ་མཱིའི་འོ། །ཡཱམ་ཡུས་དག་གི་ཨི་ཡམ་ཨི་ཡུས་དག་གོ། །ཤམ་སོགས་རྣམས་ཀྱི་ཡན་ལ་རིང་པོའོ། །ཥྛི་བུ། ཀླ་མུ། ཨཱ་ཙ་མ་རྣམས་ཀྱི་ཨན་ལའོ། །ཀྲམ་གྱི་པ་རསྨཻ་ལའོ། །གམ། ཨི་ཥུ། ཡམ་རྣམས་ཀྱི་ཚའོ། །པཱའི་པི་བའོ། ། 195-1-11b གྷྲཱའི་ཛིགྷྲའོ། །དྷྨཱའི་དྷ་མའོ། །སྠཱའི་ཏིཥྛའོ། །མྣཱའི་མ་ནའོ། །དཱ་ཎའི་ཡཙྪའོ། །དྲྀ་ཤིའི་པ་ཤྱའོ། །ཨརྟིའི་རྀ་ཙྪའོ། །སརྟིའི་དྷཱ་བའོ། །ཤ་དིའི་ཤཱི་ཡའོ། །ས་དིའི་སཱི་དའོ། །ཛ་ནིའི་བི་ཀ་ར་ཎ་ལ་ཛཱའོ། །ཛྙཱའི་འང་ངོ་། །པཱུ་སོགས་རྣམས་ཀྱི་ཐུང་ ངུའོ། །གསལ་བྱེད་དང་པོ་ཡོན་ཏན་ཅན་བྱིངས་ཐམས་ཅད་པ་ལ་ཨུཏ་ཀྱི་འཕེལ་བའོ། །ཨཱུརྞོ་ཏིའི་ཡོན་ཏན་ནོ། །ཧྱསྟ་ནཱི་ལའང་ངོ་། །ཏྲྀ་ཧིའི་བི་ཀ་ར་ཎ་ལས་ཨི་ཊའོ། །བྲཱུ་ལས་ངག་དང་པོར་ཨཱིཊའོ། །ཨསྟི་ལས་དི་སི་དག་ལའོ། །སི་ཙ་ལས་སོ། །རུད་ སོགས་རྣམས་ལས་ཀྱང་ངོ་། །ཨད་ལས་ཨཊའོ། །སའི་ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏའོ། །ཨཎ་ལ་བ་ཙིའི་ཨུ་པ་དྷཱའི་ཨོའོ། །ཨ་སྱ་ཏིའི་མཐའ་ཐའོ། །པ་ཏིའི་པཔྟིའོ། །ཀྲྀ་པིའི་རའི་ལའོ། །གི་ར་ཏིའི་ཙེ་ཀྲཱྀ་ཡི་ཏ་ལའོ། །དབྱངས་ལ་ཡང་ ནའོ། །བྱིངས་ཀྱི་གསུམ་པ་དང་པོ་གྷ་ཌྷ་དྷ་བྷ་མཐའི་དང་པོ་ས་དྷྭ་དག་ལ་བཞི་པ་ཉིད་དོ། །ཕྱིས་པ་ལའང་དི་སི་དག་ལའོ། །ད་དྷཱ་ཏིའི་ཏ་ཐ་དག་ལའང་ངོ་། །ཞེས་པ་ཀུན་བཤད་པར་རྐང་པ་དྲུག་པ་རྫོགས་སོ།། །།བྱིངས་ཐམས་ཅད་པ་མ་ཡིན་ པའི་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ་ཨཱ་ག་མའོ། །སྣུ་ཀྲ་མི་དག་ལས་པ་རསྨཻ་ལའོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ། །ཨཱི་ཤ་ལས་ས་ལའོ། །ཨཱིཌ། ཛན་དག་གིའང་ས་དང་དྷྭ་ལའོ། །གམ་ལས་ས་ལ་པ་རསྨཻ་ ལའོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ། །ཨཉྫི་ལས་སི་ཙ་ལའོ། །སྟུ། སུ་དྷཱུཉ་རྣམས་ལས་པ་རསྨཻ་ལའོ། །ཡ་མི། ར་མི། ན་མི། ཨཱཏ་མཐའ་རྣམས་ཀྱི་སི་མཐའ་འང་ངོ་། སྨིང་། པཱུང་། རཱྀ། ཨཉྫ། ཨ་ཤཱུ། ཀྲཱྀ། གྲཱྀ། དྲཱྀ། དྷཱི། པྲཙྪ་ རྣམས་ཀྱི་སན་ལའོ། །གྲ་ཧི་ལས་པ་རོ྅ཀྵཱ་མིན་པ་ལ་ཨིཊའི་རིང་པོའོ། །ཨཱཏ་ལས་དབྱངས་གཅིག་པ་ལས་ཨིཊ་མེད་དོ། །ཨིའི་ཡི་གེ་ལས་ཤྭི་ཤྲི་ཌཱིང་ཤཱིང་མ་ཡིན་པ་ལས་སོ། །ཨུཏ་ལས་ཡུ། རུ། ཎུ། སྣུ། ཀྵུ། ཀྵཱུ་མ་ཡིན་པ་ལས་ 195-1-12a སོ། །རྀཏ་ལས་བྲྀང་བྲྀ་ཉ་མ་ཡིན་པ་ལས་སོ། །ཤ་ཀི་ལས་ཀ་ལས་སོ། །པ་ཙི། བ་ཅི། སི་ཙི། རི་ཙི། མུ་ཙི་ལས་ཙ་ལས་སོ། །པྲཙྪ་ལས་ཚ་ལས་སོ། །ཡུ་ཛི། རུ་ཛི། རནྫི། བྷུ་ཛི། བྷ་ཛི། བྷནྫི། སནྫི། ཏྱ་ཛི། བྷྲསྫི། ཡ་ཛི། མཥྫི། སྲྀ་ཛི། ནི་ཛི། བི་ཛི། སྭནྫི་ལས་ཛ་ལས་སོ། །ཨ་དི། ཏུ་དི། ནུ་དི། ཀྵུ་དི། སྭིདྱ་ཏི། བྱིདྱ་ཏི། བིནྡ་ཏི། བི་ནཏྟི། ཚི་དི། བྷི་དི། ཧ་དི། ཤ་དི། ས་དི། པ་དི། སྐནྡི། ཁི་དི་ ལས་ད་ལས་སོ། །རཱ་དྷི། རུ་དྷི། ཀྲུ་དྷི། ཀྵུ་དྷི། བནྡྷི། ཤུ་དྷི། སིདྷྱ་ཏི། བུདྷྱ་ཏི། ཡུ་དྷི། བྱ་དྷི། སཱ་དྷི་ལས་དྷ་ལས་སོ། །ཧ་ནི་མ་ནྱ་ཏི་ལས་ན་ལས་སོ། །ཨཱ་པི། ཏ་པི། ཏི་པི། སྭ་པི། བ་པི། ཤ་པི། ཚུ་པི། ཀྵི་པི། ལི་པི། ལུ་པི། སྲྀ་པི་ལས་པ་ལས་སོ། །ཡ་བྷི། ར་བྷི། ལ་བྷི། ལས་བྷ་ལས་སོ། །ཡ་མི། ར་མི། ན་མི། ག་མི་ལས་མ་ལས་སོ། །རི་ཤི། རུ་ཤི། ཀྲུ་ཤི། ལི་ཤི། བི་ཤི། དི་ཤི། དྲྀ་ཤི། སྤྲྀ་ཤི། མྲྀ་ཤི །དཾ་ ཤི་ལས་ཤ་ལས་སོ། །ཏྭི་ཥི། པུ་ཥྱ་ཏི། ཀྲྀ་ཥི། ཤཱྀཥྱ་ཏི།དྲི་ཥི། པི་ཥི། བི་ཥི། ཤི་ཥི། ཤུ་ཥི། ཏུ་ཥི། དུ་ཥི་ལས་ཥ་ལས་སོ། །བས་ཏི་དང་གྷ་སི་ལས་ས་ལས་སོ། །ད་ཧི། དི་ཧི། དུ་ཧི། མི་ཧི། མུ་ཧི། རུ་ཧི། ལི་ཧི། ལུ་ཧི། ན་ཧི། བ་ཧ་ལས་ཧ་ལས་སོ། །གྲ་ཧ། གུ་ཧ་དག་ལས་སན་ལའོ། །ཨུ་ཡིག་མཐའ་ལས་ཀྱང་ངོ་། །ཨིཔ་མཐའ་དང་རྀ་དྷ། བྷྲཤྫ། དནྦྷུ། ཤྲི། ཡུ། ཨཱུརྞུ། བྷ་ར། ཛྙ་པི། ས་ནི། ཏ་ནི། བ་ཏི། ད་རི། དཱ་རྣམས་ལས་ཡང་ནའོ། ། ལས་སི་ཙ་འཇིག་པ་ལའོ། །སྲྀ། པྲྀ། བྷྲྀ། སྟུ། དྲུ། ཤྲུ། སྲུ་རྣམས་ཉིད་ལས་པ་རོ྅ཀྵཱ་ལའོ། །རྀ་ཡིག་ལས་ཐལ་ལའོ། །ཀྲྀཉ་ལས་སུཊ་མེད་པ་ལས་སོ། །སམ་པ་རི་ཨུ་པ་ལས་རྒྱན་ལ་སུཊའོ། །ཞེས་པ་ཀུན་བཤད་པར་རྐང་པ་བདུན་པ་ 195-1-12b རྫོགས་སོ།། །།ཚིག་མཐར་དྷུ་ཊ་རྣམས་ཀྱི་དང་པོའོ། །ར་དང་ས་ཡིག་དག་གི་རྣམ་པར་བཅད་པའོ། །གྷ་ཌྷ་དྷ་བྷ་རྣམས་ལས་དྷཱ་མ་ཡིན་པ་ལས་ཏ་ཐ་དག་གི་དྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཌྷ་ལ་ཌྷའི་ དབྱི་སྟེ་ཨུ་པ་དྷཱའི་རིང་པོ་ཡང་ངོ་། །ས་ཧི། བ་ཧི་དག་གི་ཨ་ཡིག་གི་ཨོཏའོ། །དྷུ་ཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པ་རྣམས་སོ། །སྒྲ་མེད་པ་རྣམས་ལ་ཤི་ཊ་མ་ཡིན་པ་རྣམས་ཀྱི་དང་པོའོ། །བྷྲྀ་ཛའི་དབྱངས་ལས་དབྱངས་ལ་གཉིས་སོ། །ཨའི་བ་ མ་དག་ལ་རིང་པོའོ། །དབྱངས་མཐའ་རྣམས་ཀྱི་སན་ལའོ། །ཧན་དང་ཨིང་གི་གམ་དག་གི་ཨུ་པ་དྷཱའིའོ། །ནཱ་མིན་གྱི་ར་བ་དག་ལ་གསལ་བྱེད་ལ་སྟེ་ཀུར་ཚུར་དག་གི་མ་ཡིན་ནོ། །ཧྱསྟ་ནཱིའི་དི་ལས་སའི་ཏའོ། །བྱིངས་ཀྱི་དང་པོར་ཧྱསྟ་ནཱི་ཨདྱ་ཏ་ནཱི་བྱ་བ་ཤོར་བ་རྣམས་ ལ་ཨཊའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ། །ཨ་ཡིག་གི་ཨཱ་ཡིག་གོ། །ཨསྟིའི་འོ། །ཨེ་ཏིའི་ཡ་ལའོ། །མཱ་དང་མཱ་སྨཱ་སྦྱོར་བ་ལ་མ་ཡིན་ནོ། །ནཱ་མིན་མཐའ་ཅན་གྱི་བྱིངས་ལས་ཨཱ་ཤཱིཥ་ཨདྱ་ཏ་ནཱི་པ་རོ྅ཀྵཱ་རྣམས་ལ་དྷའི་ཌྷའོ། ། མཪྫིའི་མཱཪྫིའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །ཎའི་ནའོ། །རྒྱུ་མཚན་ལས་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་ཉིད་དོ། །ཤཱ་སི། བ་སི། གྷ་སི་རྣམས་ཀྱིའང་ངོ་། །སྟཽ་ཏི་ཨིན་མཐའ་ཉིད་དག་གི་ཥ་ཎ་ལའོ། །འཇིག་གོ་ཡིས་ དབྱི་བ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ། །གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ། །གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ། །ཤ་སོགས་རྣམས་ཤིཊ་ཅེས་པའོ། །ཨི་ཨུ་རྀཏ་མཐར་གནས་ཀྱི་རྒྱུ་མཚན་ཅན་རྣམས་སམ་པྲ་སཱ་ར་ཎའོ། ། ཨར་དང་མཚམས་སྦྱོར་གྱི་ཡི་གེ་སྔ་མ་གཉིས་དག་ཀྱང་ཡོན་ཏན་ནོ། །ཨཱར་དང་ཕྱི་མ་དག་ཀྱང་འཕེལ་བའོ། །ཞེས་པ་ཀུན་བཤད་པར་རྐང་པ་བརྒྱད་པ་རྫོགས་སོ།། །།གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་པ་ལ་ཨི་ཙ་བཞིན་དུའོ། །ཧནྟིའི་ཏའོ། ། 195-1-13a ཨིཊ་དང་བཅས་པ་ཨམ་མཐའི་བ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་མ་ཡིན་ནོ། །དཱི་དྷཱི་བེ་བཱི་དག་གི་འང་ངོ་། །རྐྱེན་ལ་འཇིག་པ་རྣམས་ཀྱིའང་ན་མེད་པ་རྣམས་ཀྱིའོ། །ཤ་ལ་བྱིངས་ཐམས་ཅད་པ་བཞིན་ཡང་ངོ་། །ང་ལ་ཡོན་ ཏན་མ་ཡིན་ནོ། །ཀ་ལ་ཡ་ཎ་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ། །ཛཱ་གྲྀའི་ཀྲྀཏ་ལ་ཤནྟྲྀ་ང་བི་དག་མ་ཡིན་པ་ལའོ། །རུད་སོགས་དང་ཀྵུདྷ། ཀུཥ། ཀླྀ་ཤ །གུདྷ། མྲྀཌ། མྲྀད། བད། བས། གྲཧ་རྣམས་མ་ཡིན་པ་ཨིཊ་དང་བཅས་ པའི་ཀྟྭཱ་ཡོན་ཏན་ཅན་ནོ། །སྐནྡ། སྱནྡ། དག་གི་ཀྟྭཱའོ། །གསལ་བྱེད་དང་པོ་ཨུ་ཨི་ཨུ་པ་དྷཱའི་བ་མིན་པའི་ཡང་ནའོ། །ཏྲྀ་ཥི། མྲྀ་ཥི། ཀྲྀ་ཥི། བཉྩི། ལུཉྩི།རྀ་ཏ་རྣམས་ཀྱིའང་ངོ་། །ཐ་དང་ཕ་མཐའ་རྣམས་ཀྱིའང་ཨ་ནུ་ཥངྒ་ཅན་རྣམས་ཀྱིའོ། ། ཛ་མཐའ་དང་ན་ཤ་རྣམས་ཀྱིའང་ཨིཊ་མེད་པ་རྣམས་ཀྱིའོ། །ཤཱིང་། པཱུང་། དྷྲྀཥི། ཀྵྭི་དི། ཤྭིདི། མིད་རྣམས་ཀྱི་ཨིཊ་དང་བཅས་པའི་ནིཥྛཱའོ། །མྲིཥ་ལས་བཟོད་པ་ལའང་ངོ་། །དངོས་པོ་དང་དང་པོའི་ལས་དག་ལ་ཨུཏ་ཨུ་པ་དྷཱ་ལས་ཡང་ནའོ། །ཧླཱ་ དའི་ཐུང་ངུའོ། །ཎཱ་དིའི་གྷ་ཨིས་མན་ཏྲན་ཀྭིཔ་རྣམས་ལ་འང་ངོ་། །རིང་པོའི་ཉེ་བའི་ཚིག་གྲངས་མེད་པ་མིན་པའི་ཁ་རྗེས་སུ་འབྲེལ་པ་ལས་སོ། །དབྱངས་གཅིག་པའི་ནཱ་མིའི་ཨམ་སྟེ་རྐྱེན་བཞིན་འང་ངོ་། །ཐུང་ངུ་དང་ཨ་རུཥ་དག་གི་མ་མཐའོ། །སཏྱ། ཨ་ ག་ད། ཨསྟུ་རྣམས་ཀྱི་ཀཱ་ར་ལའོ། །གི་ལ་ལ་གི་ལ་མིན་པའི་འོ། །ཉེར་བསྒྱུར་ལས་སུ་དུར་དག་མིན་པ་ལས་ལ་བྷའི་བྷ་ལས་སྔོན་དུ་ཁལ་གྷཉ་དག་ལའོ། །ཨཱང་ལས་ཡ་ལའོ། །ཨུ་པ་ལས་བསྔགས་པ་ལའོ། །རཱ་ཏྲིའི་ཀྲྀཏ་ལ་ཡང་ནའོ། །བུ་རནྡ་ར། བཱ་ཙཾ་ཡ་མ་སརྦཾ་ས་ཧ་དྭི་ཥནྟ་པ་རྣམས་ཀྱང་ངོ་། །བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ། །ཨོཏ་ཨཽཏ་དག་ལས་ཀྲྀཏ་ཀྱི་ཡ་དབྱངས་བཞིན་ནོ། །ཛི། ཀྵི་དག་གི་ནུས་པ་ལའོ། །ཀྲཱིཉ་ལས་དེའི་དོན་ལའོ། །སྦྱར་བ་མིན་པའི་བིའི་དབྱིའོ། །ཡ་བ་ 195-1-13b དག་གི་གསལ་བྱེད་ལ་ཡ་མ་ཡིན་པ་ལའོ། །ཨིན་གྱི་ནིཥྛཱ་ཨིཊ་ཅན་ལའོ། །ཨཱ་ལུ། ཨིཥྞུ། ཨཱ་ཡྻ། ཨནྟ། ཨིཏྣུ་རྣམས་ལ་མ་ཡིན་ནོ། །ཡང་བ་སྔ་མ་ཅན་གྱི་ཡབ་ལ་ཨ་ཡའོ། །མཱི་ནཱ་ཏི་སོགས་དང་དཱ་སོགས་རྣམས་ཀྱི་ཨཱའོ། ། ཀྵིའི་རིང་པོའོ། །ནིཥྛཱ་ལའང་ངོ་། །སྥཱ་ཡའི་སྥཱིའོ། །བྱཱ་ཡའི་རང་གི་ཡན་ལག་ལ་པཱིའོ། །ཤྲི་ཏ་འཚེད་པ་ལའོ། །པྲསྟྱཱའི་སམ་པྲ་སཱ་ར་ཎའོ། །ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱཱའིའོ། །པྲ་ཏི་ལས་ཀྱང་ངོ་། །ཨ་བྷི་ཨ་བ་དག་ལས་ཡང་ནའོ། ། བེཉ་ཛྱཱ་དག་གི་ཡ་པ་ལ་མ་ཡིན་ནོ། །བྱཱའི་འང་ངོ་། །སམ་པ་རི་དག་ལས་ཡང་ནའོ། །དེ་མཐའ་རིང་པོའོ། །བཱའི་ཀྭིཔ་ལའོ། །དྷྱཱ་བྱཱ་དག་གིའོ། །ལྔ་པའི་ཨུ་པ་དྷཱའི་དྷུཊ་ལའང་ཡོན་ཏན་མེད་པ་ལའོ། །ཚ་བ་དག་གི་ལྔ་པ་ལ་ཡང་ཤ་ཨཱུཊའོ། ། ཤྲི་བི། ཨ་བི། མ་བི། ཛྭ་རི། ཏྭ་ར་རྣམས་ཀྱི་ཨུ་པ་དྷཱའི་འང་ངོ་། །ར་ལས་དབྱི་བར་བྱ་བ་དག་གོ། །བ་ན་ཏི། ཏ་ནོ་ཏི་སོགས་ཨིཊ་བཀག་པ་རྣམས་ཀྱི་དྷུཊ་ལ་ལྔ་པ་སྟེ་ཨཱཏ་ཀྱི་ཨཏའང་ངོ་། །ཡབ་ལའང་ངོ་། །མའི་ཡང་ནའོ། །ཏིཀ་ལ་རིང་པོ་འང་མ་ ཡིན་ནོ། །ཨུནྡཱིའི་མན་ལའོ། །ཨནྡིའི་གྷཉ་ལའོ། །སྱནྡ་རྒྱུག་པ་ལའོ། །རནྫིའི་དངོས་པོ་དང་བྱེད་པ་དག་ལའོ། །པུ་ཥ་དང་གྷི་ནི་ཎ་དག་ལ་ཡང་ནའོ། །བྲྀཾ་ཧིའི་ཨིཊ་མིན་པའི་དབྱངས་ལ་ཡང་ནའོ། །ཡམ། མན། ཏན། གམ་རྣམས་ཀྱི་ ཀྭིཔ་ལའོ། །བིཊ་བན་དག་ལ་ཨཱའོ། །དྷུཊ་ལ་ཁ་ནི། ས་ནི། ཛ་ན་རྣམས་ཀྱིའོ། །ཡ་ལ་ཡང་ནའོ། །སན་གྱི་ཏིཀ་ལ་ཡང་ནའོ། །སྥུ་རི། སྥུ་ལི་དག་གི་ཨོཏ་ཀྱི་གྷཉ་ལའོ། །ཛ་ཧཱ་ཏིའི་ཀྟྭཱ་ལ་ཨིཏའོ། །དྱ་ཏི། སྱ་ཏ། མཱ། སྠཱ་རྣམས་ ཀྱི་ཏ་ལ་ཡོན་ཏན་མེད་པ་ལའོ། །ཚཱ། ཤཱ་དག་གི་ཡང་ནའོ། །ད་དྷཱ་ཏིའི་ཧིའོ། །ཙ་ར་ཕ་ལ་དག་གི་ཨའི་ཨུཏའོ། །དྷཱ་མིན་པའི་དཱའི་དཏའོ། །ཉེར་བསྒྱུར་ལས་དབྱངས་ལས་ཏའོ། །ཡཔ་ལའང་ཨད་ཀྱི་ཛགྡྷིའོ། །གྷཉ་ཨལ་དག་ལ་གྷསླྀའོ། ། 195-1-14a ཀྟ་དང་ཀྟ་བནྟུ་དག་ནིཥྛཱའོ། །ཞེས་པ་ཀྲྀཏ་རྣམས་སུ་རྐང་པ་དང་པོ་རྫོགས་སོ།། །།བྱིངས་ལས་སོ། །བདུན་པོ་བརྗོད་པ་ཉེ་བའི་ཚིག་གོ། །གལ་ཏེ་མིང་ཡིན་ན་དེ་སྔ་མར་རོ། །དེའི་དེ་ཡིས་བསྡུ་བའོ། །ཨམ་མིན་ པའི་མི་ཟད་པ་ཡིས་མ་ཡིན་ནོ། །གསུམ་པ་སོགས་རྣམས་ཀྱི་ཡང་ནའོ། །ཀྲྀཏའོ། །བུད་མེད་མ་ཡིན་པ་ལ་གཟུགས་མཚུངས་པ་མ་ཡིན་པ་ཡང་ནའོ། །ཏ་བྱ་ཨ་ནཱི་ཡ་དག་གོ། །དབྱངས་ལས་ཡའོ། །ཤ་ཀི། ས་ཧི་པ་སྡེ་མཐའ་ལས་ཀྱང་ངོ་། །ཨཱཏ། ཁན་དག་གི་ཨཱིཏའང་ངོ་། །ཡ་མི། མ་དི། ཙ་རི། གད་རྣམས་ཀྱི་ནི་ཉེར་བསྒྱུར་མེད་པ་ལའོ། །ཙ་རི་ལས་ཨཱང་ལའང་བླ་མ་མ་ཡིན་པ་ལའོ། །པུ་ཎྱ་ཨ་བདྱཱ་བཪྻཱ་རྣམས་བཙོང་བྱ་སྨད་བྱ་འགོག་པ་རྣམས་མ་ཡིན་པ་ལའོ། །བ་ཧྱཾ་བྱེད་པ་ལའོ། ། ཨཪྻ་ཇོ་བོ་རྗེ་རིགས་དག་ལའོ། །ཨུཔ་སརྱཱ་བསྐྱེད་པའི་དུས་ལྡན་མ་ལའོ། །ཨ་ཛཪྻ་ཡང་དག་པར་སོང་བ་ལའང་ངོ་། །མིང་ལ་བད་ལས་ཀྱབ་ལའང་ངོ་། །བྷཱུ་ལས་དངོས་པོ་ལའོ། །ཧན་གྱི་ཏའང་ངོ་། །བྲྀཉ། དྲྀ། ཛུ་ཥི། ཨི་ཎ། ཤཱ་སུ། སྟུ། གུཧ་རྣམས་ཀྱི་ཀྱཔའོ། །ཀླྀ་པི་ཙྲྀ་ཏི་མིན་པའི་རྀ་ཏ་ཨུ་པ་དྷཱ་ལས་ཀྱང་ངོ་། །བྷྲྀཉ་ལས་མིང་མ་ཡིན་པ་ལའོ། །གྲ་ཧ་ལས་ཨ་པི་པྲ་ཏི་དག་ལས་ཡང་ནའོ། །ཚིག་དང་ཕྱོགས་དག་ལའང་ངོ་། །བི་ལ་ནཱི་པཱུང་དག་ལས་སྙིགས་ མ་རྩྭ་མུཉྫ་དག་ལའོ། །ཀྲྀ། བྲྀཥི། མྲྀ་ཛ་རྣམས་ཀྱི་ཡང་ནའོ། །སཱུཪྻ་རུ་ཙྱ། ཨ་བྱ། ཐྱ་རྣམས་བྱེད་པ་པོ་ལའོ། །བྷིདྱ། ཨུདྡྷྱ་དག་ཆུ་བོ་ལའོ། །པུཥྱ། སིདྷྱ་དག་རྒྱུ་སྐར་ལའོ། །ཡུ་གྱི་ཐེག་པ་ལའོ། །ཀྲྀཥྚ་བཙྱ་ཀུ་བྱ་དག་ མིང་ལའོ། །རྀ་ཡིག་དང་གསལ་བྱེད་མཐའ་ལས་གྷྱ་ཎའོ། །ཨཱ་སུ། ཡུ། བ་པི། ར་པི། ལ་པི། ཏྲ་པི། ད་བྷི་ཙམ་རྣམས་ཀྱིའང་ངོ་། །ཨུ་ཡིག་ལས་ངེས་པ་ཅན་ལའོ། །པཱ། དྷཱ། དག་གི་མཱ་ན་དང་སཱ་མི་དྷེ་ནཱི་དག་ལའོ། ། 195-1-14b པྲ་ཨཱང་དག་ལ་ནཱི་ལས་ཡང་དག་པར་མི་འདོད་པ་དང་མི་རྟག་པ་དག་ལ་དབྱངས་བཞིན་ནོ། །སཉྩི་དང་། ཀུཎྜ་པཱ་ལས་མཆོད་སྦྱིན་ལའོ། །རཱ་ཛ་སཱུ་ཡ་འང་ངོ་། །སནྣཱ། ཡྻ། ནི་ཀཱཡྻ་དག་བསྲེག་བྱ་དང་ངེས་པར་གནས་པ་དག་ལའོ། །པ་རི་ཙཱཡྻ། ཨུ་པ་ཙཱཡྻ་དག་མེ་ལའོ། །ཙིཏྱ། ཨགྣི་ཙིཏྱ་དག་ཀྱང་ངོ་། །ཨ་མཱ་བ་སྱཱ་ཡང་ནའོ། །དེ་རྣམས་ཀྲྀཏྱ་རྣམས་སོ། །ཝུ་ཎ་ཏྲྀ་ཙ་དག་གོ། །བ་ཙ་སོགས་རྣམས་ལས་ཨ་ཙའང་ངོ་། །ནནྡི་སོགས་ལས་ཡུའོ། །གྲ་ཧ་སོགས་ལས་ཎི་ནིའོ། །ནཱ་ མི་ཨུ་པ་དྷཱ་དང་། པྲཱི་ཀྲཱྀ། གྲཱྀ། ཛྙཱ་རྣམས་ཀྱི་ཀའོ། །ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ། །དྷེ་ཊ་དྲྀ་ཤི་པཱ་གྷྲཱ་དྷྨཱ་ལས་ཤའོ། །སཱ་ཧི། ཤཱ་ཏི། བི་དི། ཨུ་དེ། ཛི། ཙི་ཏི། དྷཱ་རི། པཱ་རི། ལིམྦ། བིནྡ་རྣམས་ཀྱི་ཉེར་བསྒྱུར་མེད་པ་ ལའོ། །ཛྭ་ལ་སོགས་དང་། དུ་དང་། ནཱི་དང་། བྷཱུ་ལས་ཎ་ཡང་ནའོ། །སམ། ཨཱང་དག་ལ་སྲུ་ལས་སོ། །ཨ་བ་ལ་ཧྲི་སཱ་དག་གིའོ། །དི་ཧི། ལི་ཧི། ཤཱི་ཥི། ཤྭ་སི། བྱ་དྷྱ་ཏི་ཨིཎ་ཤྱཱ། ཨཱཏ་རྣམས་ཀྱིའང་ངོ་། །གྲ་ཧི་ ལས་ཡང་ནའོ། །ཁང་པ་ལ་ནི་ཨ་ཀའོ། །བཟོ་བོ་ལ་པུཥའོ། །གཱ་ལས་ཐ་ཀའོ། །ཎྱུཊ་ཡང་ངོ་། །ཧཱ་ལས་དུས་དང་འབྲུ་དག་ལའོ། །སྨོན་པ་ལ་ཨ་ཀའོ། །པྲུ། སྲུ། སྲྀ །ལཱུ་རྣམས་ཀྱི་ལེགས་པར་བྱེད་པ་ལའོ། །ཞེས་པ་ཀྲྀཏ་ རྣམས་སུ་རྐང་པ་གཉིས་པ་རྫོགས་སོ།། །།ལས་ལ་ཨཎའོ། །ཧྭཱ་བཱ་མཱ་ལས་ཀྱང་ངོ་། །ཤཱི་ལི། ཀཱ་མི། བྷཀྵཱ། ཙ་རི་རྣམས་ལས་ཎའོ། །ཉེར་བསྒྱུར་མེད་པའི་ཨཱཏ་ལས་ཀའོ། །མིང་ལ་སྠཱ་ལས་ཀྱང་ངོ་། །ཏུནྟ་ཤོ་ཀ་དག་ལ་ པ་རི་མྲྀ་ཛ་ཨ་པ་ནུད་དག་ལས་སོ། །པྲ་ལ་དཱ་དང་ཛྙཱ་ལས་སོ། །སམ་ལ་ཁྱཱ་ལས་སོ། །གཱ་ལས་ཊ་ཀའོ། །སུ་རཱ་ཤཱི་དྷུ། དག་ལ་པི་བ་ཏི་ལས་སོ། །ཧྲྀཉ་ལས་བ་ཡས་དང་། གྱེན་དུ་འདྲེན་པ་དག་མིན་པ་ལ་ཨ་ཙའོ། །ཨཱང་ལས་དེའི་ངང་ཚུལ་ 195-1-15a ལའོ། །ཨཪྷ་ལས་ཀྱང་ངོ་། །དྷྲྀཉ་ལས་མཚོན་ཆ་ལའང་དཎྜ་སཱུ་ཏྲ་དག་མ་ཡིན་པ་ལའོ། །དྷ་ནུས། དཎྜ། ཏྶརུ།ལཱངྒ་ལ། ཨངྐུ་ཤ །ཡཥྚི། ཤཀྟི། ཏོ་མ་ར་རྣམས་ལ་གྲ་ཧི་ལས་ཡང་ནའོ། །སྟམྦ། ཀརྞ་དག་ལ་ར་མི་ ཛ་བ་དག་གིའོ། །ཤམ་སྤ་མ་རྣམས་ལས་མིང་ལའོ། །གཞི་ལའང་ཤཱིང་ལས་སོ། །ཙ་རི་ལས་ཊའོ། །པུ་རས། ཨ་གྲ་ཏས། ཨ་གྲེ་རྣམས་ལ་སརྟི་ལས་སོ། །པཱུརྦ་ལ་བྱེད་པ་པོ་ལའོ། །ཤཔྡ། ཤློ་ཀ །ཀ་ལ་ཧ། གཱ་ཐཱ། བེར། ཙཱ་ཊུ། སཱུ་ཏྲ། མནྟྲ། པད་ རྣམས་མ་ཡིན་པ་ལ་ཀྲྀཉ་ལས་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པ་རྣམས་ལའོ། །ཏྱད་སོགས་དང་། ཨཱ་དི། ཨནྟ། ཨ་ནནྟ། ཀཱར། བ་ཧུ། བཱ་ཧུ། ཨ་ཧས། དི་བཱ། བི་བྷཱ། ནི་ཤཱ་པྲ་བྷཱ། བྷཱ་ས། ཙཱིཏྲ། ཀརྟྲྀ། ནནྡི། ཀིམ། ལི་པི། ལི་བི། བ་ལི་བྷཀྟི། ཀྵེ་ཏྲ། ཛདྒྷ། དྷ་ནུས། ཨ་ཏུས་གྲངས་རྣམས་ལའང་ངོ་། །ཀརྨའི་སྒྲ་ལས་གླ་ལའོ། །སྟམྦ་ཤ་ཀྲྀཏ་དག་ལས་ཨི་སའོ། །དྲྀ་ཏི། ནཱ་ཐ་དག་ལ་ཧརྟི་ལས་ཕྱུགས་ལའོ། །ཕ་ལེ། མ་ལ། ར་ཛས་རྣམས་ལ་གྲ་ཧི་ལས་སོ། །དེ་ བ་བཱ་ཏ་དག་ལ་ཨཱ་པི་ལས་སོ། །ཨཱཏྨ་ཨུ་ད་ར་ཀུཀྵི་རྣམས་ལ་བྷྲྀཉ་ལས་ཁིའོ། །ཨེ་ཛི་ལས་ཁ་ཤའོ། །ཤུ་ནཱི་སྟ་ན་མུཉྫ་ཀུ་ལ་ཨཱ་སྱ་པུཥྤ་རྣམས་ལ་དྷེ་ཊ་ལས་སོ། །ནཱ་ཌི། ཀ་ར། མུཥྚི། པཱ་ཎི། ནཱ་སི་ཀཱ་རྣམས་ལ་དྷྨཱ་ལས་ཀྱང་ངོ་། །བི་དྷུ། ཨ་རུས། ཏི་ལ་རྣམས་ལ་ཏུད་ལས་སོ། །ཨ་སཱུརྱ། ཨུ་གྲ་དག་ལ་དྲྀ་ཤ་ལས་སོ། །ལ་ལཱ་ཊ་ལ་ཏ་པ་ལས་སོ། །མི་ཏ་ན་ཁ་ཡོངས་སུ་ཚད་པ་རྣམས་ལ་པ་ཙ་ལས་སོ། །ཀཱུ་ལ་ལ་ཨུ་དྲུ་ཛ། ཨུཏྦ་ཧ་དག་གིའོ། །བ་ཧཾ་ལི་ཧ། ཨ་བྷྲཾ། ལི་ཧ། པ་ རནྟ་པ། ཨི་རམྨ་ད། རྣམས་ཀྱང་ངོ་། །པྲི་ཡ། བས་དག་ལ་བ་དི་ལས་ཁའོ། །སརྦ། ཀཱུ་ལ། ཨ་བྷྲ། ཀ་རཱྀ་ཥ་རྣམས་ལ་ཀ་ཥ་ལས་སོ། །བྷ་ཡ། རྀ་ཏི། མེ་གྷ་རྣམས་ལ་ཀྲྀཉ་ལས་སོ། །ཀྵེ་མ། པྲི་ཡ། མ་ད། བྷ་དྲ་རྣམས་ལ་ཨཎའང་ 195-1-15b ངོ་། །ཨཱ་ཤཱི་ཏ་ལ་བྷཱུ་ལས་དངོས་པོ་དང་བྱེད་པ་དག་ལའོ། །མིང་ལ་ཏྲཱྀ། བྷྲྀ། པྲྀ། ཛི། དྷཱ་རི། ཏ་པི། ད་མི། ས་ཧ་རྣམས་ཀྱི་མིང་ལའོ། །གམ་ལས་ཀྱང་ངོ་། །ཨུ་རས་བི་ཧ་ཡས་དག་གི་ཨུ་ར་བི་ཧ་དག་ཀྱང་ངོ་། །མིང་མ་ཡིན་པ་ལའང་ཌའོ། །བི་ཧངྒ་། ཏུ་རངྒ་། བྷུ་ཛངྒ་རྣམས་ཀྱང་ངོ་། །གཞན་ལས་ཀྱང་ངོ་། །ལས་ལ་ཧནྟི་ལས་སྨོན་པ་འགྲོ་བ་དག་ལའོ། །ཀླེ་ཤ །ཏ་མས་དག་ལ་ཨ་པ་ལས་སོ། །ཀུ་མཱ་ར་ཤཱིཪྵ་དག་ལ་ཎི་ནིའོ། །ཛཱ་ཡཱ་བ་ཏི་དག་ལ་མཚོན་བྱེད་ཅན་ལ་ཊ་ཀའོ། །མི་མ་ཡིན་པ་བྱེད་པ་ པོ་ལའང་ངོ་། །ཧསྟི། བཱ་ཧུ། ཀ་པཱཊ་རྣམས་ལ་ནུས་པ་ལའོ། །པཱ་ཎི་གྷ་ཏཱ་ཌ་གྷ་དག་བཟོ་བོ་ལའོ། །ནགྣ། པ་ལི་ཏ། པྲི་ཡ། ཨནྡྷ། སྠཱུ་ལ། སུ་བྷ་ག །ཨཱ་ཌྷྱ་རྣམས་ལ་མ་བྱུང་བ་དེ་བྱུང་བ་རྣམས་ལ་ཀྲྀཉ་ལས་བྱེད་པ་ལ་ཁྱུཊའོ། །བྷཱུ་ལས་ བྱེད་པ་པོ་ལ་ཁིཥྞུ་ཁུ་ཀཉ་དག་གོ། །བྷ་ཛ་ལས་པིཎའོ། །ས་ཧ་ལས་སྡེབ་སྦྱོར་ལའོ། །བ་ཧ་ལས་ཀྱང་ངོ་། །ཨ་ན་ས་ཀྱི་ཌའང་ངོ་། །དུ་ཧ་ལས་ཀ་སྟེ་གྷ་རུའང་ངོ་། །ཀྲ་མི། ག་མི། ཁ་ནི། ས་ནི། ཛ་ནི། རྣམས་ཀྱི་བིཊའོ། །ཤྭེ་ཏཱ་བ་ཧ། ཨུ་ ཤམ་ས། པུ་རོ་ཌཱ་ཤ །ཨ་བ་ཡ་ཛི་རྣམས་ལས་བོད་པ་ལ་བིཎའོ། །ཨཱཏ་ལས་མ་ནིན། ཀྭ་ནིཔ། བ་ནིཔ། པི་ཙ་རྣམས་ཀྱང་ངོ་། །གཞན་རྣམས་ལས་ཀྱང་མཐོང་ངོ་། །ཀྭི་པའང་ངོ་། །བ་ཧིལས་ལྔ་པ་ལ་བྷྲཾ་ཤི་ལས་སོ། །ཨུད་ཀ་མ་ ཡིན་པ་ལ་སྤྲྀ་ཤ་ལས་སོ། །ཨནྣ་མ་ཡིན་པ་ལ་ཨད་ལས་སོ། །ཀྲ་བྱ་ལའང་ངོ་། །རྀ་ཏཱི་ཀ་ད་དྷྲཱྀཀ་སྲཀ །དིཀ །ཨུཥྞིཀ་རྣམས་ཀྱང་ངོ་། །སད། སཱུ། དྭིཥ། དུ་ཧ། དུ་ཧ། ཡུ་ཛ། བི་ད། བྷི་ད། ཙྪིད། ཛི། ནཱི། རཱ་ཛ་ རྣམས་ཀྱི་ཉེར་བསྒྱུར་ལའང་ངོ་། །ཏྱཏ་སོགས་ལས་དཔེ་ལ་དྲྀ་ཤ་ལས་ལས་ལཊ་ཀས་ཀ་དག་ཀྱང་ངོ་། །མིང་ལ་རིགས་མ་ཡིན་པ་ལ་ཎི་ནི་སྟེ་དེའི་ངང་ཚུལ་ལའོ། །བྱེད་པ་པོ་ལ་ཉེ་བར་འཇལ་བ་ལའོ། །བརྟུལ་ཞུགས་དང་ཡང་ཡང་དག་ལའང་ངོ་། །མན་ 195-1-16a ལས་ཏེ་འདིར་སྐྱེས་པ་བཞིན་འང་ངོ་། །བདག་ཉིད་ལ་ཁ་ཤའང་ངོ་། །ཕྱེད་པ་ལ་ཡ་ཛ་ལས་འདས་པ་ལའོ། །ལས་ལ་ཧན་ལས་སྨད་པ་ལའོ། །བྲཧྨ། བྷྲཱུཎ། བྲྀཏ་རྣམས་ལ་ཀྭི་པའོ། །སུ། པུཎྱ། པཱ་པ། ཀརྨ། མནྟྲ། པད་རྣམས་ལ་ཀྲྀཉ་ལས་སོ། །སོ་མ་ལ་སུ་ཉ་ལས་སོ། །ཨགྣི་ལ་ཙི་ལས་སོ། །བི་ཀྲཱི་ལས་སྨད་པ་ལ་ཨིནའོ། །དྲྀ་ཤི་ལས་ཀྭ་ནི་པའོ། །ས་ཧ་རཱ་ཛན་དག་ལ་ཡུདྷ་ལས་སོ། །ཀྲྀཉ་ལས་ཀྱང་ངོ་། །བདུན་པ་དང་ལྔ་པ་མཐའ་ལ་ཛ་ནི་ལས་ཌའོ། ། གཞན་ལ་ཡང་ངོ་། །ནིཥྛཱའོ། །སུ་ཡ། ཛ་དག་ལ་དྭ་ནི་པའོ། །ཛཱིརྱ་ཏི་ལས་ཨིནྟྲྀ་ནའོ། །ཞེས་པ་ཀྲྀཏ་རྣམས་སུ་རྐང་པ་གསུམ་པ་རྫོགས་སོ།། །།ཀྭནྶུ། ཀཱ་ན་དག་པ་རོ྅ཀྵཱ་བཞིན་འང་ངོ་། །བརྟ་མཱ་ནལ་དང་པོ་དང་གཞི་གཅིག་མིན་པ་དང་པོད་ པ་དག་ལ་ཤནྟྲྀང་ཨཱ་ན་ཤ་དག་གོ། །བྱ་བའི་མཚོན་བྱེད་དང་རྒྱུ་དག་ལའོ། །བེཏྟི་ལས་ཤནྟྲྀང་གི་བནྶུའོ། །ཨཱ་ན་འདིར་ཨཱཏྨ་ནེའོ། །ཨཱས་ལས་དེའི། ཨཱིའོ། །ཨཱ་ལས་ཨཱ་ན་ལ་མ་མཐའོ། །པཱུང་ཡ་ཛ་དག་གི་ཤཱ་ནདའོ། །ནུས་པ་དང་ན་ཚོད་དང་དེའི་ ངང་ཚུལ་ལའོ། །ཨིང་དྷཱ་རི་དག་ལས་དཀའ་སྤྱད་མིན་པ་ལས་ཤནྟྲྀང་ངོ་། །དྭི་ཥ་ལས་དགྲ་བོ་ལའོ། །སུཉ་ལས་ཡ་ཛྙ་ཡང་དག་པར་སྦྱོར་བ་ལའོ། །ཨརྷ་ལས་བསྔགས་པ་ལའོ། །དེའི་ངང་ཚུལ་དེའི་ཆོས་དེ་ལེགས་པར་བྱེད་པ་རྣམས་ལ་ཀྭི་པའི་བར་རོ། །ཏྲྀན་ནོ། བྷྲཱཛི། ཨ་ལཾ། ཀྲྀཉ། བྷཱུ། ས་ཧི། རུ་ཙི། པྲྀཏི། བྷྲྀདྷི། ཙ་རི། པྲ་ཛན། ཨ་པ་ཏྲ་པ། ཨིན་རྣམས་ཀྱི་ཨིཥྞུ་ཙའོ། །ཨུཏ་ལ་མ་དི། པ་དི། པ་ཙ་རྣམས་ཀྱིའོ། །ཛི་བྷཱུ་དག་གི་སྣུ་ཀའོ། །གླཱ་མླཱ། སྠཱ། ཀྵི། པ་ཙི། པ་རི། མྲྀ་ཛ་རྣམས་ཀྱི་སྣུའོ། ། ཏྲ་སི། གྲྀདྷི། དྷྲྀཥི། ཀྵི་པ་རྣམས་ཀྱི་ཀྣུའོ། །ཤམ་རྣམས་ཀྱི་བརྒྱད་རྣམས་ཀྱི་བྷི་ནི་ཎའོ། །ཡུ་ཛ། རུ་ཛ། བྷུ་ཛ། བྷ་ཛ། དྭི་ཥ། དྲུ་ཧ། དུ་ཧ། དུ་ཥ། ཨཱ་ཀྲཱྀཌ། ཏྱ་ཛ། ཨ་ནུ། རུདྷ། ཨཱ་ཡམ། ཨཱ་ཡས། རཉྫ། ཨབྷྱ་ཧན་རྣམས་ཀྱིའང་ 195-1-16b ངོ་། །སམ་ལ་སྲྀ་ཛི། པྲྀ་ཙི། ཛྭ་རི། ཏྭར་རྣམས་ཀྱིའང་ངོ་། །བི་ལ། པི་ཙ། ཀནྠ། ཤྲམྦྷུ། ཀཥ། ལཥ་རྣམས་ཀྱིའོ། །པྲ་ལ་དྲུ། མ་ཐ། པད། བས། ར་པ། ལ་པ་རྣམས་ཀྱིའོ། །པ་རི་ལ་སྲྀ་ད་ཧ་དག་གིའོ། །ཀྵི་པ། རཊ། བད། བཱ་དི། དེ་བི་རྣམས་ལས་པུ་ཎ་ཡང་ངོ་། །ནིནྡི། ཧིཾ །སི་ཀླི་ཤ །ཁཱ་ད་དབྱངས་གཅིག་པ་མིན་པ་བི་ནཱ་ཤི། བྱཱ་བྷཱ་ཥ། ཨ་སཱུ་ཡ་རྣམས་ཀྱི་བུཉའོ། །ཉེར་བསྒྱུར་ལ་དི་བི་ཀྲུ་ཤ་དག་གིའང་ངོ་། །ཁྲོ་བ་དང་རྒྱན་དང་གཡོ་བ་དང་སྒྲའི་དོན་རྣམས་ལས་ཡུའོ། །རུ་ཙ་སོགས་ལས་ཀྱང་གསལ་བྱེད་དང་པོ་ལས་སོ། །ཛུ། ཙངྐྲ་མྱ། དནྡྲ་ མྱ། སྲྀ། གྲྀདྷི། ཛྭ་ལ། ཤུཙ། ལཥ། པ་ཏ། པད་རྣམས་ཀྱིའོ། །ཡ་མཐའ་དང་སཱུད། དཱི་པ། དཱིཀྵ་རྣམས་ཀྱི་མ་ཡིན་ནོ། །ཤྲཱྀ། ཀམ། གམ། ཧན། པྲྀཥ། བྷཱུ། སྠཱ། ལཥ། པཏ། པད་རྣམས་ཀྱི་ཨུ་ཀཉའོ། །བྲྀང་། བྷིཀྵི། ལུཎྜ། ཛལྤི། ཀུཊྚ་རྣམས་ཀྱི་ཥཱཀའོ། །པྲ་ལ་ཛུ། སཱུ་དག་གི་ཨིན་ནོ། །ཛི། ཨི་ཎ། དྲྀ། ཀྵཱི། བི་ཤྲི། པ་རི་བྷཱུ། བམ། ཨ་བྷྱམ། ཨ་བྱ་ཐ་རྣམས་ཀྱིའང་ངོ་། །ད་ཡི། པ་ཏི། གྲྀཧི། སྤྲྀཧི། ཤྲདྷཱ། ཏནྟྲ། ནི་དྲཱ་རྣམས་ལས་ཨཱ་ལུའོ། །ཤདི། སདི། དྷེ་ཊ། དཱ། སི་རྣམས་ལས་རུའོ། །སྲྀ། ཨ་དི། གྷས་རྣམས་ཀྱི་མར་ཀའོ། ། མདི། བྷཱ་སི། བྷཉྫ་རྣམས་ཀྱི་གྷུ་རའོ། །ཚི་དི། བྷི་དི། བིད་རྣམས་ཀྱི་ཀུ་རའོ། །ཛཱ་གྲྀ་ལས་ཨཱུ་ཀའོ། །ཙེཀྲཱི་ཡི་ཏའི་མཐའ་རྣམས་ཀྱི་ཡ་ཛི། ཛ་པི། དཾ་ཤི་བད་རྣམས་ཀྱིའོ། །དེའི་ཨ་ཙ་ལ་འཇིག་གོ། །དེ་ལས་ཡཱ་ཏི་ལས་བརའོ། །ཀ་སི། པི་སི། བྷཱ་སི། ཨཱི་ཤ །སྠཱ། པྲ་མད་རྣམས་ཀྱིའང་ངོ་། །སྲྀ་ཛི། ཨི་ཎན་ཤ་རྣམས་ཀྱི་ཀྭ་ར་པའོ། །གམ་གྱི་ཏའང་ངོ་། །དཱི་པི། ཀམྤི། ཨཛ། སི། ཧིཾ་སི། ཀམིསྨི་ནམ་རྣམས་ཀྱི་རའོ། །སན་མཐའ་དང་ཨ་ཤནྶི་དང་བྷི་ཀྵ་རྣམས་ཀྱི་ཨུའོ། །བིནྡུ་དང་ཨིཙྪུའོ། །ཨཱཏ་རྀ་ཡིག་མཐའ་ཨུ་པ་དྷཱ་ཕྱིས་ པ་རྣམས་ཀྱི་ཀི་སྟེ་གཉིས་དག་ཀྱང་ངོ་། །ཏྲྀཥི། དྷྲྀཥི། སྭཔ་རྣམས་ཀྱི་ན་ཛིངའོ། །ཤྲཱྀ་བནྡི་དག་གི་ཨཱ་རུའོ། །བྷཱི་ལས་རུཀ་ལུཀ་དག་ཀྱང་ངོ་། །བྷྲཱ་ཛི། པྲཱྀ། དྷུརྦི། བྷཱས་རྣམས་ཀྱི་ཀྭིཔའོ། །བྱུ་ཏི། གམ་དག་གི་གཉིས་དག་ཀྱང་ངོ་། །པི། ཤཾ། པྲ་རྣམས་ལ་བྷཱུ་ 195-1-17a ལས་ཌུའོ། །དྷེ་ཊ་ལས་ལས་ལཥྚྲན་ནོ། །ནཱི། དཱབ། ཤཱ་སུ། ཡུ། ཡུཛ། སྟུ། ཏུད། སི། སིཙ། མིཧ། པཏ། དཾ་ཤ །ནཧ་རྣམས་ཀྱི་བྱེད་པ་ལའོ། །སྤཱུ་ལས་ཐོང་བ་དང་ཕག་དག་ལའོ། །ཨརྟི། ལཱུ། དྷཱུ། སཱུ། ཁ་ནི། ས་ཧི། ཙ་རི་རྣམས་ལས་ཨི་ཏྲན་ནོ། །པཱུ་ལས་མིང་ལའོ། །བྱེད་པ་པོ་ལ་དྲང་སྲོང་དང་ལྷ་དག་ལའོ། །ཉི་རྗེས་སུ་འབྲེལ་པ་དང་འདོད་པ་བློ་མཆོད་པའི་དོན་རྣམས་ལཀྟའོ། །ཨུཎ་སོགས་རྣམས་བྱུང་བ་ལའང་ངོ་། །འབྱུང་འགྱུར་ལག་མི་སོགས་རྣམས་སོ། །བྱ་བ་ལ་བྱ་བའི་དོན་ ལ་བུ་ཎ་ཏུམ་དག་གོ། །དངོས་པོ་བརྗོད་པ་རྣམས་ཀྱང་ངོ་། །ལས་ལའང་ཨཎའོ། །ལྷག་མ་ལའང་ཤནྟྲིང་དང་ཨཱན་སྱ་དང་ལྷན་ཅིག་པ་དག་གོ། །ཞེས་པ་ཀྲྀཏ་རྣམས་སུ་རྐང་པ་བཞི་པ་རྫོགས་སོ།། །།པད། རུ་ཛ། བི་ཤ །སྤྲྀ་ཤ །ཨུ་ཙ་རྣམས་ཀྱི་གྷཉའོ། ། སྲྀའི་བརྟན་པ་དང་ནད་དག་ལའོ། །དངོས་པོ་ལའོ། །བྱེད་པ་པོ་མིན་པའི་བྱེད་པ་ཅན་ལའང་མིང་ལའོ། །ཐམས་ཅད་ལས་ཡོངས་སུ་འཇལ་བ་ལའོ། །ཨིང་ཨཱ་དག་ལས་ཀྱང་ངོ་། །ཉེར་བསྒྱུར་ལ་རུ་ལས་སོ། །སམ་ལ་དུ་ལས་སོ། །ཨུཏ་ལའང་ཡུ་དྲུ་དག་གིའོ། །ཉེར་བསྒྱུར་མེད་ན་ ཤྲི་ཎཱི་བྷཱུ་རྣམས་ལས་སོ། །པི་ལ་ཀྵུ་ཤྲུ་དག་ལས་སོ། །སྟྲྀ་ལས་རྒྱས་པར་བྱེད་པ་ལ་སྒྲ་མ་ཡིན་པ་ལའོ། །པྲ་ལའང་མཆོད་སྦྱིན་མ་ཡིན་པ་ལའོ། །སྡེབ་སྦྱོར་གྱི་མིང་ལའང་ངོ་། །པྲ་ལ་དྲུ་སྟུ་ཤྲུ་ལས་སོ། །ཨ་བ་ཨུཏ་དག་ལ་ནཱི་ལས་སོ། །ནཱིར་ཨ་བྷི་དག་ལ་པཱུ་ལཱུ་དག་ལས་སོ། །སམ་ ལ་སྟུ་ལས་མཆོད་སྦྱིན་ལའོ། །ཨུཏ་ནི་དག་ལ་གྲཱྀ་ལས་སོ། །ཀྲཱྀ་ལས་སོ་བ་ལའོ། །ནི་ལས་བྲྀཉ་ལས་སོ། །ཨུཏ་ལ་ཤྲི་པཱུ་དག་གིའོ། །གྲ་ཧ་ལས་ཀྱང་ངོ་། །ཨ་བ་ནི་དག་ལ་ཁྲོས་ཚིག་ལའོ། །པྲ་ལ་ཐོབ་པར་འདོད་པ་ལའོ། །སམ་ལ་སྙིམ་པ་ལའོ། །པ་རི་ལ་མཆོད་སྦྱིན་ལའོ། །ཨ་བ་ ལ་ཆར་པ་དང་འབྲེལ་པ་བྲལ་བ་ལ་ཡང་ནའོ། །པྲ་ལ་སྲབ་ལའོ། །ཚོང་པ་རྣམས་ཀྱིའང་ངོ་། །བྲྀ་ཎོ་ཏི་ལས་སྒྲིབ་གཡོགས་ལའོ། །ཨཱང་ལས་རུ་བླུ་དག་གིའོ། །པ་རི་ལ་བྷཱུ་ལས་མ་གུས་པ་ལའོ། །ཙི་ལས་ལག་པས་ལེན་པ་ལའོ། །ལུས་དང་གནས་དག་ལ་དང་པོའི་ཀའང་ངོ་། །འདུས་ 195-1-17b པ་ལ་ཡང་ཨཽཏྟ་རཱ་དྷཪྻ་མ་ཡིན་པ་ལའོ། །པ་རི་ནི་དག་ལ་ནཱི་ཨིཎ་དག་གི་དྱུ་ཏ་དང་ཨ་བྷྲེཥ་དག་ལའོ། །བི་ཨུ་པ་དག་ལ་ཤེ་ཏི་ལས་རྣམ་གྲངས་ལའོ། །མངོན་པར་ཁྱབ་པ་ལ་དངོས་པོ་ལ་ཨི་ནུ་ཎའོ། །ལས་ལ་ཕན་ཚུན་བྱ་བ་ལ་བུད་མེད་ལ་ཎ་ཙའོ། །དབྱངས་དང་བྲྀ་དྲྀག་ མི་གྲཧ་རྣམས་ཀྱི་ཨ་ལའོ། །ཉེར་བསྒྱུར་ལ་ཨ་དིའི་འོ། །ནི་ལ་ཎའང་ངོ་། །པྲ་སམ་དག་ལ་མ་དི་ལས་དགའ་བ་ལའོ། །ཉེར་བསྒྱུར་མེད་པ་ལ་བྱ་དྷི་ཛ་པ་དག་གིའང་ངོ་། །སྭན་ཧས་དག་ལ་ཡང་ནའོ། །སམ་ནི་ཨུ་པ་བི་རྣམས་ལའང་ཡམ་གྱིའོ། །ནི་ལ་གདན་ད་པ་ཋ་སྭན་ རྣམས་ཀྱིའོ། །ཀྭ་ཎའི་སྟེ་པི་ཝང་ལའང་ངོ་། །པ་ཎ་ལས་ཡོངས་སུ་ཚད་པ་ལ་རྟག་ཏུའོ། །སམ་ཨུཏ་དག་ལ་ཨ་ཛའི་ཕྱུགས་རྣམས་ལའོ། །གླ་ཧ་དབང་པོ་རྣམས་ལའང་ངོ་། །སརྟིའི་རབ་ཏུ་སྐྱེ་བ་ལའོ། །ཨ་བྷི། ཨུ་པ། ནི་བི་རྣམས་ལ་ཧྭཱའི་ཧུའང་ངོ་། །ཨཱང་ལ་གཡུལ་ ལའོ། །ཉེར་བསྒྱུར་མེད་པའི་དངོས་པོ་ལའོ། །ཧནྟིའི་བ་དྷིའང་ངོ་། །མུརྟི་ལ་གྷ་ནིའང་ངོ་། །པྲ་ལས་ཁང་པའི་ཕྱོགས་གཅིག་ལ་གྷཉ་འང་ངོ་། །ཨནྟརྒྷཎ། ཨུདྒྷ་ན་དག །ཡུལ་དང་ཨཏྱཱ་དྷཱ་ན་དག་ལའོ། །ཨ་ཡས་བི་དྲུ། རྣམས་ལ་བྱེད་པ་ལའོ། །པ་རི་ལ་ཌའོ། །ནི་ ལས་རྒྱུ་མཚན་ལའོ། །སམ་ཨུཏ་དག་ལ་ཚོགས་པ་དང་བསྔགས་པ་དག་ལའོ། །ཨུ་པ་ལས་གཞི་ལ་ཀའོ། །སྟམྦ་ལ་ཨཏའང་ངོ་། །ཊུ་རྗེས་སུ་འབྲེལ་བ་ལས་ཨ་ཐུའོ། །ཌུ་རྗེས་སུ་འབྲེལ་པ་ལས་དེའི་ཚར་བ་ལ་ཏྲི་མ་ཀའོ། །ཡཱ་ཙི། པི་ཙྪི། པྲ་ཙྪི། ཡ་ཛི། སྭ་ པི། རཀྵི་ཡཏ་རྣམས་ཀྱི་ནང་ངོ་། །ཉེར་བསྒྱུར་ལ་དཱ་ལས་ཀིའོ། །ལས་ལ་གཞི་ལའང་ངོ་། །བུད་མེད་ལ་ཀྟིའོ། །སཱ་ཏི། ཧེ་ཏི། ཡཱུ་ཏི། ཛཱུ་ཏི་རྣམས་ཀྱང་ངོ་། །པ་ཙི། གཱ། པཱ། སྠཱ་རྣམས་ལས་དངོས་པོ་ལའོ། །བྲ་ཛ། ཡཛ་དག་གི་ཀྱ་པའོ། །ས་ མ་ཛ། ཨཱས། ནི་ཥད། ནི་པ་ཏི། ཤཱིང་། སུ། བི་དི། ཨ་ཊི། ཙ་རི། མ་ནི། བྷྲྀཉ། ཨི་ཎ་རྣམས་ཀྱི་མིང་ལའོ། །ཀྲྀཉ་ལས་ཤའང་ངོ་། །སརྟི་ལས་ཀྱང་ཡའོ། །ཨི་ཙྪཱའོ། །ཤནྶི་དང་རྐྱེན་ལས་ཨའོ། །ལྗི་བ་ལས་ཀྱང་ནིཥྛཱ་ལ། 195-1-18a ཨིཊ་དང་བཅས་པའིའོ། །ཥ་རྗེས་སུ་འབྲེལ་པ་དང་བྷིད་སོགས་རྣམས་ལས་ནི་ཨང་ངོ་། །བྷཱི་ཥི། ཙིནྟི། པཱུ་ཛི། ཀ་ཐི། ཀུམྦི། ཙརྩི། སྤྲྀ་ཧི། ཏུ་ལི། དུ་ལི་རྣམས་ལས་ཀྱང་ངོ་། །ཉེར་བསྒྱུར་ལ་ཨཱཏ་ལས་ཀྱང་ངོ་། །ཨི་ཥི། ཤྲནྠི། ཨཱ་ སི། བནྡི། བི་དི། ཀཱ་རི། ཏའི་མཐའ་རྣམས་ལས་ཡུའོ། །ཀཱིརྟི། ཨི་ཥི་དག་གི་ཀྟིའང་ངོ་། །ནད་བརྗོད་པ་ལ་བུཉ་འོ། །མིང་ལའང་ངོ་། །བརྒྱུད་རིམ་འོས་པ་བུ་ལོན་རྣམས་ལའང་ངོ་། །འདྲི་བ་དང་བཤད་པ་དག་ལ་ཨིཉའང་ཡང་ནའོ། །ནཉ་ལས་ འཁྲིག་ཚིག་ལ་ཨ་ནིའོ། །ཀྲྀཏྱ་ཡུཊ་རྣམས་གཞན་ལའང་ངོ་། །དངོས་པོ་ལ་མ་ནིང་ལ་ཀྟའོ། །ཡུཊའང་ངོ་། །བྱེད་པ་དང་གཞི་དག་ལའང་ངོ་། །སྐྱེས་པ་ལ་མིང་ལ་གྷའོ། །གོ་ཙ་ར། སཉྩ། ར། བ་ཧ། བྲཛ། བྱཛ། ཀྲཱ་མ། ཨཱ་པ་ཎ་ནི་གམ་ལས་ཀྱང་ ངོ་། །ཨ་བ་ལ་ཏྲཱྀ་སྟྲཱྀ་དག་གི་གྷཉའོ། །གསལ་བྱེད་ལས་ཀྱང་ངོ་། །ཨུ་ད་ཀ་ཆུ་མིན་པ་ལའོ། །དྲ་བ་ལ་ཨཱནཱ་ཡའོ། །ཨཱི་ཥད་དུ་ར་སུ་རྣམས་ལ་དཀའ་བ་དང་མི་དཀའ་བའི་དོན་རྣམས་ལ་ཁ་ལའོ། །བྱེད་པ་པོ་དང་ལས་དག་ལའང་བྷཱུ་ཀྲྀཉ་དག་གིའོ། །ཨཱཏ་མཐའ་ རྣམས་ལས་ད་རི་དྲཱ་ཏི་མིན་པ་ལས་ཡུའོ། །ཤཱ་སུ། ཡུ་དྷི། དྲྀ་ཤི །དྷྲྀཥི། མྲྀཥ་རྣམས་ཀྱི་ཡང་ནའོ། །བྱེད་པ་པོ་གཅིག་པ་རྣམས་ལ་འདོད་པའི་དོན་རྣམས་ལ་ཏུ་མའོ། །ཀཱ་ལ་ས་མ་ཡ་བེ་ལཱ་ནུས་པའི་དོན་རྣམས་ལའང་ངོ་། །འོས་པ་ལ་ཏྲྀ་ཙའོ། །ཤ་ཀ་ལའང་ ཀྲྀ་ཏྱ་རྣམས་སོ། །བསྒོ་བ་ཁས་ལེན་པ་དུས་ལ་བབ་པ་རྣམས་ལའོ། །གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཎི་ནིའོ། །མིང་ལ་སྨོན་པ་ལ་ཏིཀ་ཀྲྀ་ཏ་དག་ཀྱང་ངོ་། །བྱིངས་ཀྱི་འབྲེལ་པ་ལ་རྐྱེན་རྣམས་སོ། །ཞེས་པ་ཀྲྀཏ་རྣམས་སུ་རྐང་པ་ལྔ་པ་རྫོགས་སོ།། །། ཨ་ལ་མ་ཁ་ལུ་དག་ལ་དགག་པ་ལ་ཀྟྭཱ་ཡང་ནའོ། །མེད་ལས་སོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ། །ཕ་རོལ་ཚུ་རོལ་སྦྱོར་བ་ལའོ། །ཡང་ཡང་ལ་ཎམ་ཡང་ན་སྟེ་ཚིག་གཉིས་ཀྱང་ངོ་། །ཨ་གྲེ། པྲ་ཐ་མ། པཱུརྦ་རྣམས་ལ་རྣམ་པར་བཤད་པའོ། ། 195-1-18b ལས་ལ་ཀྲྀཉ་ལས་ཁྲོས་ཚིག་ལ་ཁ་མི་ཉའོ། །རོ་མྱང་བ་ལའང་ངོ་། །ཨ་ནྱ་ཐཱ། ཨེ་ཝཾ། ཀ་ཐཾ། ཨིཏྠཾ་རྣམས་ལ་གལ་ཏེ་གྲུབ་པའི་སྦྱོར་བ་མ་ཡིན་ནའོ། །ཡ་ཐཱ་ཏ་ཐཱ་དག་ལ་མི་ནུས་པའི་ལན་ལའོ། །མཐའ་དག་ལ་དྲྀ་ཤ་ལས་ཎམའོ། །ཡཱ་བ་ཏ་ལ་བིནྡ་ ཛཱི་བ་དག་གིའོ། །ཙརྨ་ཨུད་ར་དག་ལ་པཱུ་རིའིའོ། །ཆར་པའི་ཚད་ལ་སྟེ་ཨཱུ་དབྱི་བའང་ཡང་ནའོ། །གོས་ཀྱི་དོན་ལ་ཀྣོ་པི་ལས་སོ། །མི་མཱུ་ལ་ས་མཱུ་ལ་དག་ལ་ཀ་ཥ་ལས་སོ། །ཤུཥྐ། ཙཱུརྞ་རཱུཀྵ་རྣམས་ལ་བིཥ་ལས་སོ། །ཛཱི་བ་ལ་གྲཧ་ལས་སོ། །ཨ་ཀྲྀཏ་ལ་ ཀྲྀཉ་ལས་སོ། །ས་མཱུ་ལ་ལ་ཧནྟི་ལས་སོ། །བྱེད་པ་ལའོ། །ལག་པའི་དོན་ལ་གྲ་ཧི་བརྟི་བྲྀ་ཏ་རྣམས་ཀྱིའོ། །རང་དོན་ལ་པུ་ཥའིའོ། །གཤེར་བ་ལ་བི་ཥ་ལས་སོ། །གཞི་ལ་བནྡྷའིའོ། །མིང་ལའང་ངོ་། །ཛཱི་བ་པུ་རུ་ཥ་དག་ལ་བྱེད་པ་པོ་དག་ལ་ན་ཤི་བ་ཧི་དག་ལས་ སོ། །ཨཱུརྡྷ་ལ་ཤུ་ཥི་པཱུ་ར་དག་གིའོ། །ལས་ལའང་ཉེ་བར་འཇལ་བ་ལའོ། །ཀཥ་སོགས་རྣམས་ལས་དེ་རྣམས་ཉིད་ཀྱི་རྗེས་སུ་སྦྱོར་བའོ། །གསུམ་པ་ལ་ཨུ་པ་དམ་ཤིའིའོ། །འཚེ་བའི་དོན་ལས་ཀྱང་ལས་གཅིག་པ་ལས་སོ། །བདུན་པ་ལའང་ཚད་དང་ ཨཱ་སརྟི་དག་ལའོ། །ཨུ་པ་ལ་པཱི་ཌ་རུ་དྷ་ཀཪྵ་ལས་ཀྱང་ངོ་། །ངེས་པར་ཀུན་སྦྱིན་པ་ལ་ཡོངས་སུ་འདོད་པ་ལའོ། །གཉིས་པ་ལ་ཡང་ངོ་། །རང་གི་ཡན་ལག་ལ་མ་ངེས་པ་ལའོ། །ཡོངས་སུ་ཉོན་མོངས་པར་བྱེད་པ་ལའང་ངོ་། །བི་ཤི། པ་ཏི། པ་དི། སྐནྡ་ རྣམས་ཀྱི་ཁྱབ་པར་བྱ་བ་དང་ཡང་ཡང་དག་ལའོ། །དུས་རྣམས་ལ་ཏྲྀ་ཥི་ཨ་སུ་དག་གི་བྱ་བའི་བར་ལའོ། །ནཱ་མན་ལས་ཨཱ་དི་ཤི་གྲ་ཧ་དག་གིའོ། །མི་ཟད་པ་ལ་ཀྲྀཉ་ལས་ཇི་ལྟར་འདོད་པ་བཤད་པ་མིན་པ་ལ་ཀྟྭཱའང་ངོ་། །ཏིཪྻ་ཀ་ལ་ཨ་པ་བརྒ་ལ་འང་ངོ་། ། རང་གི་ཡན་ལག་ལ་ཏས་ལའོ། །ཏཱུཥྞི་མ་ལའང་བྷཱུ་ལས་སོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་སོ། །དངོས་པོ་དང་ལས་དག་ལ་ཀྲྀཏྱ་ཀྟ་ཁལ་གྱི་དོན་རྣམས་སོ། །དང་པོའི་ལས་ལ་བྱེད་པ་པོ་ལའང་ཀྟའོ། །འགྲོ་བའི་དོན་དང་ལས་མེད་པ་དང་ཤླི་ཥ། ཤཱིང་། སྠཱ། 195-1-19a ཨཱས། བས། ཛན། རུཧ། ཛཱིརྱ་ཏི་རྣམས་ལས་ཀྱང་ངོ་། །དཱས་གོ་གྷྣ་དག་ཡང་དག་པར་རབ་ཏུ་སྦྱིན་པ་ལའོ། །བྷཱི་མ་སོགས་རྣམས་ངེས་པར་ཀུན་སྦྱིན་པ་ལའོ། །དེ་དག་ལས་གཞན་དུ་ཨུཎ་སོགས་རྣམས་སོ། །བརྟན་པ་དང་འགྲོ་བ་དང་ ཟས་ཀྱི་དོན་རྣམས་ལས་གཞི་ལའང་ཀྟའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨ་ན། ཨ་ཀ །ཨནྟ་རྣམས་སོ། །བསྡུ་བ་འབྱུང་བ་ལ་ན་ཉ་མ་ཡིན་པ་ལ་ཀྟྲཱའི་ཡ་པའོ། །ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་པ་དག་ལ་ཀ་ག་དག་གོ། །ནྱ་ངྐུ་ལ་སོགས་པ་རྣམས་ཀྱི་ཧའི་ཡང་གྷའོ། ། ཀ་སྡེ་དང་པོ་དང་པྲ་ཛིཾ། ཨ་ཛ་རྣམས་ཀྱི་མ་ཡིན་ནོ། །གྷྱཎ་ལས་གདོན་མི་ཟ་བ་ལའོ། །པྲ་བ་ཙི། རྀ་ཙི། རུ་ཙི། ཡཱ་ཙི། ཏྱ་ཛ་རྣམས་ཀྱིའོ། །པ་ཙའི་སྒྲ་མ་ཡིན་པ་ལའོ། །ནི་བྲ་དག་ལ་ཡུ་ཛིའི་ནུས་པ་ལའོ། །བྷུ་ཛའི་ཟས་ལའོ། །བྷུ་ཛ། ནྱུབྫ་དག་ལ་ ལག་པ་དང་ནད་དག་ལའོ། །དྲྀཀ་དྲྀཤ་དྲྀཀྵ་རྣམས་ལས་མཱ་ནའི་སའོ། །ཨི་དཾ་གྱི་ཨཱིའོ། །ཀིམ་གྱི་ཀཱིའོ། །ཨ་དས་ཨ་མཱུའོ། །སརྦ་ནཱ་མའི་ཨཱའོ། །བི་ཤྭ་ཀ་དེ་བ་དག་གིའང་མཐའི་དབྱངས་ལ་སོགས་པའི་ཨཉྩ་ཏིལ་ཀྭིཔ་ལ་ཨ་དྲིའོ། །སཧ། སན། ཏི་ རས་རྣམས་ཀྱི་ས་དྷྲི། ས་མི། ཏི་རི་རྣམས་སོ། །རུ་ཧིའི་ཡང་ན་དྷའོ། །བྱིངས་ཀྱི་མའི་ནའོ། །བ་མ་དག་ལའང་ངོ་། །དབྱངས་ལ་བྱིངས་ཏེ་ཨཱཏ་མ་ཡིན་པའོ། །ཨརྟི་ཨི་ཎ་གྷས་དབྱངས་གཅིག་པ་ཨཱཏ་རྣམས་ཀྱི་བནྶི་ལ་ཨིཊའོ། །གམ། ཧན། བིད། བི་ཤ །དྲྀ་ཤ་རྣམས་ཀྱི་ཡང་ནའོ། །དཱ་ཤྭཱན་སཱ་ཧྭཱན་མཱི་ཌྷྭཱ་ནའང་ངོ་། །ཤྲི་ཨུ་ཡིག་བྲྀ་རཱྀཏ་རྣམས་ཀྱི་ཀ་རྗེས་སུ་འབྲེལ་པ་ལ་མ་ཡིན་ནོ། །སྒྲ་ལྡན་དང་ཏེ་དག་ལའང་ཀྲྀཏ་ལའོ། །ཨི་ཥུ་ས་ཧ་ལུ་བྷ། རུ་ཥ་རྣམས་ཀྱི་ཏ་ལ་ཡང་ནའོ། །ར་དྷ་སོགས་རྣམས་ ལས་ཀྱང་ངོ་། །སྭརྟི། སཱུཏི། སཱུ་ཡ་ཏི། ཨཱུཏ་རྗེས་སུ་འབྲེལ་པ་ལས་སོ། །ཨུཏ་རྗེས་སུ་འབྲེལ་པ་པཱུ་ཀླི་ཤ་རྣམས་ཀྱི་ཀྱི་ཀྟྭཱ་ལའོ། །ཛྲཱྀ་བྲ་ཤྩི་དག་གི་ཨིཊའོ། །ལུ་བྷའི་རྣམ་པར་རྨོངས་པའོ། །ཀྵུ་དྷི་བས་དག་གི་འང་ངོ་། །ནིཥྛཱ་ལ་ཡང་ངོ་། །པཱུ་ 195-1-19b ཀླི་ཤ་དག་གི་ཡང་ནའོ། །ཌཱིང་ཤྭི་ཨཱིཏ་རྗེས་སུ་འབྲེལ་པ་དང་ཨིཊ་ཡང་ན་བ་རྣམས་ཀྱི་པ་ཏི་ནི་ཥྐུ་ཥ་དག་མ་ཡིན་པའི་མ་ཡིན་ནོ། །ཨཱཏ་རྗེས་སུ་འབྲེལ་པ་ལས་ཀྱང་ངོ་། །དངོས་པོ་དང་དང་པོའི་ལས་དག་ལ་ཡང་ནའོ། །ཀྵུ་བྷི། བཱ་ཧི། སྭ་ནི། དྷ་ནི། པ་ཎི། ཀ་ཥི། གྷུཥ་རྣམས་ཀྱི་ཀྟ་ལ་སྲུབ་པ་ཤིན་ཏུ་བ་ཡིད་མུན་པ། ཚེགས་མེད་པ། འོ་བརྒྱལ་བ་དང་སྒྲའི་བྱེ་བྲག་མིན་པ་རྣམས་ལ་ཨིཊ་མ་ཡིན་ནོ། །ལགྣ་མླིཥྚ་བི་རྀདྡྷ་རྣམས་ནུས་པ་མི་གསལ་བ་དབྱངས་རྣམས་ལའོ། །པ་རི་བྲྀཌྷ། དྲྀ་ཌྷ་དག་པྲ་དྷུ་དང་བ་ལ་ བན་དག་ལའོ། །སམ་ནི་བི་རྣམས་ལས་ཨརྡི་ལས་སོ། །ཨ་བྷི་ལས་ཉེ་བ་ལའོ། །རུ་ཥི་ཨམ་ཏྭར་སཾ་གྷུཥ་ཨཱ་སྭན་རྣམས་ཀྱི་ཡང་ནའོ། །ཧྲྀ་ཥི་ལས་སྤུ་རྣམས་ལའོ། །དཱནྟ། ཤཱནྟ། པཱུརྞ། དསྟ། སྤཥྚ། ཚནྣ་ཛྙཔྟ་རྣམས་ཀྱང་ཨིན་གྱི་མཐའ་ལའོ། །ར་ལས་ ནིཥྛཱའི་ཏའི་ན་སྟེ། བྲཱྀ་མཱུརྩྪི་མ་དི་ཁྱཱ། དྷྱཱ་རྣམས་ལས་མ་ཡིན་ནོ། །ད་ལས་དའི་འང་ངོ་། །ཨཱཏ་ལས་མཐར་གནས་བརྩེགས་པ་ལས་སོ། །ལཱུ་སོགས་དང་ཨོཏ་རྗེས་སུ་འབྲེལ་པ་ལས་ཀྱང་ངོ་། །བྲཤྩིའི་ཀའང་ངོ་། །ཀྵི་ལས་རིང་པོ་ལས་སོ། །ཤྱཱ་ལས་རེག་ པ་མིན་པ་ལའོ། །ཨཉྩི་ལས་ངེས་པར་ཀུན་སྦྱིན་པ་མ་ཡིན་པ་ལའོ། །དི་ཝ་ལས་ལེ་ལོ་ཅན་ལའོ། །ཧྲཱི། གྷྲཱ། ཏྲཱ། ཨུནྡ། ནུད། བིད་རྣམས་ལས་ཡང་ནའོ། །ཀྵཻ། ཤུ་ཥི་པ་ཙ་རྣམས་ཀྱི་མ་ཀ་བ་རྣམས་སོ། །པྲ་སྟྱཱ་ལས་ཡང་ན་ མའོ། །ནིརྦཱ་ཎ་རླུང་མ་ཡིན་པ་ལའོ། །བྷིཏྟ། རྀ་ཎ་བིཏྟ་རྣམས་དུམ་བུ་བུ་ལོན་ལོངས་སྤྱོད་རྣམས་ལའོ། །ཕུལླ། ཀྵཱི་བ། ཀྲྀ་ཤ །ཨུལླཱ་གྷ་རྣམས་ཉེར་བསྒྱུར་མེད་པ་ལས་སོ། །ཨ་ཡིག་ལས་ཨཱུཊའི་འཕེལ་བའོ། །ཞེས་པ་ཀྲྀཏ་རྣམས་སུ་རྐང་ པ་དྲུག་པ་རྫོགས་སོ།། །།ཀ་ལཱ་པའི་མདོ་རྫོགས་སོ།། །།ཚུལ་འདི་དཔལ་ལྡན་ས་སྐྱ་རུ། །བློ་གྲོས་བརྟན་པ་གསུམ་པ་ཡིས། །དུར་ག་སིང་ཧའི་འགྲེལ་པ་ལ། །བརྟེན་ནས་སྒྲ་དོན་ཇི་བཞིན་བསྒྱུར། །འདི་ན་ཕྱོགས་ཀྱང་མ་ 195-1-20a མཐོང་བར། །མུན་སྦྲུལ་བསྒྱུར་དང་འཆད་བྱེད་པ། །དེ་དང་སྐྱེ་བོ་གཞན་གྱིས་ཀྱང་། །འདི་དོན་མྱུར་དུ་རྟོགས་གྱུར་ཅིག །བློ་གྲོས་བཞིན་རས་ཡངས་པ་ལ། །སྒྲ་དང་ཚད་མའི་མིག་གཉིས་གསལ། །མང་དུ་ཐོས་པའི་རྣ་བ་ཅན། ། དབྱིག་གཉེན་སོགས་ཀྱི་ཞལ་སྐྱིན་བཞིན། །འོན་ཀྱང་དེང་དུས་གངས་ཅན་འདིར། །ཁྲོན་པའི་རུས་སྦལ་རང་གནས་བཞིན། །བློ་ཆུང་རང་གི་བློ་ནུས་ཀྱིས། །ཆེར་ངོམས་རྣམས་ཀྱིས་བརྙས་པའི་གནས། །སྐད་གཉིས་སྨྲ་བའི་གཙུག་གི་ནོར་བུ་ཤོང་སྟོན་རྡོ་རྗེ་ རྒྱལ་མཚན་གྱི། །ལེགས་བཤད་ལྡེ་མིག་མཆོག་གིས་ལེགས་སྦྱར་རིན་ཆེན་གཏེར་གྱི་ཁ་ཕྱེ་ནས། །སྣ་ཚོགས་གཞུང་ལུགས་ལེགས་པར་རྟོགས་པའི་འབྱོར་བར་དབང་བྱེད་འདི་ཙམ་ཞིག །དུས་འདིར་དཔལ་ལྡན་བློ་གྲོས་བརྟན་པའི་ཡིད་ཀྱི་ངལ་སོའི་གནས་སུ་གྱུར། ། རང་གི་རྟོགས་པ་འཕེལ་དང་དེ་འདྲ་དོན་གཉེར་བ། །བློ་ལྡན་གཞན་ལ་ཕན་ཕྱིར་བསྒྱུར་བར་རྩོམ་པ་ན། །གཞུང་ལུགས་ནགས་སུ་རྣམ་དག་བློ་ཡིས་རོལ་བྱེད་པ། །དཔལ་ལྡན་སྨྲ་བའི་སེང་གེས་བསྐུལ་བ་རྫོགས་པར་བསྒྲུབས། །དེང་སང་བསྟན་པ་ཉམས་དམས་ པས། །འདི་ལྟའི་ཚུལ་ལ་མཐུན་བསྒྲུབ་དང་། །འཇུག་པ་ཤིན་ཏུ་ཉུང་མོད་ཀྱི། །ཤེས་ན་མཁས་པའི་གོ་འཕང་འཐོབ། །འདི་ན་མཁས་པར་བྱ་འདོད་ཅིང་། །གང་ཞིག་ཤེས་ན་མཁས་འགྱུར་བ། །འདི་དང་འདི་འདྲའི་གཞུང་མི་སློབ། །དེ་རྣམས་བློ་ནི་ བེམ་པོའམ་ཅི། །འཕགས་བློ་མ་ཐོབ་བློ་གྲོས་སྐྱོན། །མཉན་པ་མ་གྲུབ་སྐལ་བའི་སྐྱོན། །ཡང་ཡང་མ་བལྟས་བརྩོན་འགྲུས་སྐྱོན། །དེས་སྐྱོན་ལྡན་ན་མཁས་བཟོད་མཛོད། །འདིར་འབད་དགེ་བས་འགྲོ་བ་ཀུན། །རང་རང་སྐད་ལས་གསུང་རབ་ དོན། །བརྗོད་མེད་དེ་ཉིད་རབ་རྟོགས་ནས། །ངག་གི་དབང་ཕྱུག་ཉིད་གྱུར་ཅིག །འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག ། །། 195-1-20b 195-1-21a 195-1-21b ༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ་ནཱ་མ་བྲྀཏྟིཿ བོད་སྐད་དུ། ཆ་བསགས་ཀྱི་མདོའི་འགྲེལ་པ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཐམས་ཅད་གཟིགས་པ་པོ། །ལྷ་ཡི་ལྷ་ལ་ཕྱག་འཚལ་ནས། །ཤརྦྦ་ཝརྨྨས་ རྣམ་བཤད་པའི། །རྒྱུད་ཉུང་བདག་གིས་རབ་བཤད་བྱ། །གྲུབ་པའི་ཡི་གེ་ཡང་དག་བརྗོད། །སིདྡྷི་ཞེས་པས་ནི་ཡི་གེའི་ངེས་པ་ཡང་དག་པར་བསྟན་པར་རིག་པར་བྱའོ། །གཞན་དུའང་ཉེ་བར་བསྟན་པ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །འདིར་སིདྡྷིའི་སྒྲ་ནི་རྟག་པའི་དོན་དང་། གྲུབ་པའི་དོན་དང་རབ་ཏུ་ གྲགས་པའི་དོན་ནོ། །དཔེར་ན་གྲུབ་པའི་ནམ་མཁའ་དང་། གྲུབ་པའི་ཟས་དང་། ཀཱམ་པི་ལྱེ་ཞེས་པའི་གྲོང་ཁྱེར་རབ་ཏུ་གྲགས་པར་གྲུབ་པ་ལྟ་བུའོ། །བརྞྞ་ནི་ཨ་ཡིག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་ཡང་དག་པར་བརྗོད་པའི་གོ་རིམས་ངེས་པའོ། །དེ་ལ་ཐོག་མ་བཅུ་བཞི་ནི་དབྱངས་རྣམས་ སོ། །ཡི་གེ་ཡང་དག་པར་བརྗོད་པའི་ཡུལ་དེ་ལ་དང་པོའི་ཡི་གེ་བཅུ་བཞི་གང་ཡིན་པ་དེ་རྣམས་དབྱངས་ཀྱི་མིང་ཅན་རྣམས་སུ་འགྱུར་རོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ། ཨེ་ཨཻ་ཨོ་ཨཽའོ། །ཇི་ལྟར་རྗེས་སུ་བྱེད་པའི་ལྀ་ཡིག་ཐུང་ངུ་ཡོད་པ་དེ་བཞིན་དུ་རིང་པོ་ཡང་ཡོད་དོ་ཞེས་འདོད་དོ། །དབྱངས་ རབ་ཏུ་བསྟན་པ་ནི་ཨ་ཡིག་མ་གཏོགས་པའི་དབྱངས་རྣམས་ནི་ནཱ་མིའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །བཅུ་ནི་མཚུངས་པའོ། །དེ་རྣམས་ཀྱི་བཅུ་པོ་རྣམས་ནི་མཚུངས་པའི་མིང་ཅན་དུ་འགྱུར་རོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་མཚུངས་པ་རབ་ཏུ་བསྟན་པ་རྣམས་ནི་མཐུན་པ་ལ་རིང་པོར་འགྱུར་རོ་ ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་རྣམས་ཀྱི་གཉིས་གཉིས་དག་ཕན་ཚུན་དུ་ནང་མཐུན་པའི་ཡི་གེ་དག་གོ། །དེ་རྣམས་ཀྱི་འདིར་བཅུ་པོ་རྣམས་ཀྱི་ནང་ནས་ཕན་ཚུན་གཉིས་གཉིས་པོ་གང་ཡིན་པ་དེ་དག་ཡི་གེ་མཐུན་པའི་མིང་ཅན་དུ་གྱུར་པ་དག་སྟེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ། དེ་རྣམས་ གཟུང་བ་ནི་གསལ་པོར་བྱ་བའི་དོན་ནོ། །ཐུང་བ་གཉིས་པོ་དག་ཀྱང་མཐུན་པའི་ཡི་གེ་ཞེས་བྱ་བའི་མིང་ཅན་ནོ་ཞེས་སོ། །མཚུངས་པའི་ཡི་གེ་རབ་ཏུ་བསྟན་པས་མཚུངས་པའི་ཡི་གེ་ནི་མཐུན་པ་ལ་རིང་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྔོན་མ་ནི་ཐུང་བའོ། །ཡི་གེ་འདྲ་བའི་མིང་ 195-1-22a ཅན་དེ་དག་གཉིས་ཀྱི་ནང་ནས་སྔོན་མའི་ཡི་གེ་གང་ཡིན་པ་དེ་ཐུང་བའི་མིང་ཅན་དུ་འགྱུར་ཏེ། ཨ་ཨི་ཨུ་རྀ་ལྀ་ཐུང་ངུ་རབ་ཏུ་བསྟན་པ་ནི་དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཕྱི་མ་ནི་རིང་བའོ། །ཡི་གེ་མཚུངས་པའི་མིང་ཅན་གཉིས་པོ་དེ་དག་གི་ནང་ ནས་ཕ་རོལ་གྱི་ཡི་གེ་གང་དང་གང་ཡིན་པ་དེ་རིང་པོའི་མིང་ཅན་དུ་འགྱུར་ཏེ། ཨཱ་ཨཱི་ཨཱུ་རཱྀ་ལཱྀ། ཐུང་བའང་ཡང་ལ། རིང་པོའང་ལྕི་བ་ཞེས་བརྗོད་པའི་དབང་ལས་འགྱུར་རོ། །ཐུང་བའང་ལྕི་བར་འདོད་དེ་ནྭི་ཙྪ་ཞེས་པ་དང་། སཔྒྷཱ་ནཱཙྪ་ཞེས་པ་ལས་ཀྱང་ངོ་། །རིང་པོ་རབ་ཏུ་བསྟན་པ་ནི་ར་ལ་ར་དབྱི་ཞིང་སྔོན་ མའི་དབྱངས་ཀྱང་རིང་པོའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཨ་ཡིག་མ་གཏོགས་པའི་དབྱངས་རྣམས་ནི་ནཱ་མིའོ། །ཨ་ཡིག་སྤངས་པའི་དབྱངས་རྣམས་ནི་ནཱ་མི་ཞེས་བྱ་བ་སྟེ། ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ནཱ་མི་རབ་ཏུ་བསྟན་པ་ནི་ནཱ་མིའི་ཕ་རོལ་དུ་རའོ་ཞེས་པ་ལ་སོགས་པ་ལྟ་བུའོ། ། ཨེ་ཡིག་ལ་སོགས་པའི་ཡི་གེ་རྣམས་ནི་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ། །ཨོ་ཡིག་ལ་སོགས་པའི་དབྱངས་ཀྱི་མིང་ཅན་རྣམས་ནི་མཚམས་སྦྱོར་གྱི་ཡི་གེ་ཞེས་བྱའོ། །ཨེ་ཨཻ་ཨོ་ཨཽ། མཚམས་སྦྱོར་གྱི་ཡི་གེ་བཤད་པ་ནི། མཚམས་སྦྱོར་གྱི་ཡི་གེ་ལའང་ཞེས་པ་འདི་ལྟ་བུ་ལ་སོགས་ པ་རྣམས་སུའོ། །ཀ་ཡིག་ལ་སོགས་པ་རྣམས་ནི་གསལ་བྱེད་རྣམས་སོ། །ཀ་ཡིག་ལ་སོགས་པ་དེ་རྣམས། ཧ་ཡིག་གི་མཐར་ཐུག་པ་རྣམས་ལ་གསལ་བྱེད་ཅེས་བྱ་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། གསལ་བྱེད་དབྱངས་དང་ བྲལ་བ་ནི་ཕ་རོལ་ལ་ཡི་གེ་འགྲོ་ཞེས་པ་ལ་སོགས་པ་ལྟ་བུའོ། །དེ་རྣམས་ནི་སྡེ་ཚན་ལྔ་ལྔ་པ་ལྔའོ། །ཀ་ཡིག་ལ་སོགས་པ་ནས་མ་ཡིག་གི་མཐར་ཐུག་པ་དེ་རྣམས་ལྔ་ལྔར་གྱུར་པ་དེ་རྣམས་ལྔ་པོ་དེ་ཉིད་ལ་སྡེ་ཚན་ཞེས་བྱའོ། །སྡེ་ཚན་རབ་ཏུ་བསྟན་པའི་སྡེ་ཚན་རྣམས་ཀྱི་དང་པོ་དང་གཉིས་པ་དང་། ཤ་ཥ་ས་རྣམས་ནི་དབྱངས་དང་མི་འདྲའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྡེ་ཚན་རྣམས་ཀྱི་དང་པོ་དང་གཉིས་པ་དང་། ཤ་ཥ་ས་རྣམས་དབྱངས་དང་མི་འདྲ་བའོ། །སྡེ་ཚན་རྣམས་ཀྱི་དང་པོ་དང་གཉིས་པ་དང་ཤ་ཥ་ས་རྣམས་ནི་དབྱངས་དང་མི་འདྲ་བ་ཞེས་བྱ་བ་སྟེ། ཀ་ཁ་ཙ་ཚ་ཊ་ཋ། ཏ་ཐ་པ་ཕ་ཤ་ཥ་ 195-1-22b ས་རྣམས་སོ། །དབྱངས་དང་མི་འདྲ་བ་རབ་ཏུ་བསྟན་པ་ནི་དབྱངས་དང་མི་འདྲ་བ་ནི་དང་པོའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དབྱངས་དང་འདྲ་བ་ནི་གཞན་རྣམས་སོ། །གཞན་ལྷག་མ་གང་ཡིན་པ་ག་ལ་སོགས་པ་དེ་རྣམས་དབྱངས་དང་འདྲ་བ་ཞེས་བྱ་སྟེ། ག་གྷ་ང་ཛ་ཛྙ་ཉ་ཌ་ཌྷ་ཎ་ད་དྷ་ན་བ་བྷ་མ་ཡ་ར་ལ་ཝ་ཧ་ རྣམས་སོ། །དབྱངས་དང་འདྲ་བ་རབ་ཏུ་བསྟན་པ་ནི་དབྱངས་དང་འདྲ་བ་ལ་དབྱིའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །སྣ་དང་ལྡན་པ་རྣམས་ནི་ང་ཉ་ཎ་ན་མ་རྣམས་སོ། །ང་ཉ་ཎ་ན་མ་ཞེས་པའི་ཡི་གེ་དེ་རྣམས་སྣ་དང་ལྡན་པ་ཞེས་བྱའོ། །སྣ་ལྡན་རབ་ཏུ་བསྟན་པ་ནི་མཐར་གནས་དང་སྣ་ལྡན་མ་ཡིན་པའི་གསལ་ བྱེད་རྣམས་ནི་དྷུ་ཊ྄འོ་ཞེས་པ་ལ་སོགས་པ་ལྟ་བུའོ། །མཐར་གནས་རྣམས་ནི་ཡ་ར་ལ་ཝ་རྣམས་སོ། །མཐར་གནས་པ་ནི་ཡ་ར་ལ་ཝའི་ཡི་གེ་དེ་རྣམས་ལ་མཐར་གནས་པ་ཞེས་བྱའོ། །མཐར་གནས་རབ་ཏུ་བསྟན་པ་ནི་ཨུའི་ཡི་གེའི་ཛ་དང་མཐར་གནས་པ་རྣམས་དང་། པའི་སྡེ་ཚན་གྱི་ཕ་རོལ་གྱི་ ཨའི་ཡི་གེའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །དྲོ་བ་རྣམས་ནི་ཤ་ཥ་ས་ཧ་རྣམས་སོ། །ཤ་ཥ་ས་ཧ་ཞེས་པའི་ཡི་གེ་དེ་རྣམས་དྲོ་བའི་ཡི་གེ་ཞེས་བྱའོ། །སླར་ཡང་ཡང་བའི་མིང་ཅན་ཞེས་པ་ནི་ས་ལ་སོགས་པའོ་ཞེས་པ་འདི་རྣམས་སྔོན་གྱི་སློབ་དཔོན་ལ་གྲགས་པ་རྗེས་འཇུག་གི་མིང་ཅན་དུ་འདིར་ཤེས་པར་ བྱའོ། །ཨཿཞེས་པ་ནི་རྣམ་པར་གཅོད་པའོ། །ཨ་ཡིག་ནི་འདིར་བརྗོད་པའི་ཆེད་དུའོ། །དཔེར་ན་ཀཿཞེས་པ་ལ་སོགས་པ་ལྟ་བུ་སྟེ། གཞོན་ནུ་མའི་ནུ་མ་ཟུང་འདྲ་བའི་ཡི་གེ་ནི་ཚེག་དྲག་ཅེས་པའི་མིང་ཅན་དུ་འགྱུར་རོ། །ཚེག་དྲག་རབ་ཏུ་བསྟན་པ་ནི་ཚེག་དྲག་ནི་ཙ་དང་ཚ་དག་ལ་ཤའོ་ཞེས་བྱ་བ་ལ་སོགས་ པ་ལྟ་བུའོ། །ྈྐ་ཞེས་པ་ནི་ལྕེའི་རྩ་བ་ཅན་ནོ། །ཀ་ཡིག་ནི་འདིར་བརྗོད་པའི་ཆེད་ལའོ། །རྡོ་རྗེའི་རྣམ་པའི་ཡི་གེ་འདི་ནི་ལྕེའི་རྩ་བ་ཅན་ཞེས་བྱའོ། །ལྕེའི་རྩ་བ་ཅན་རབ་ཏུ་བསྟན་པ་ནི་ཀ་དང་ཁ་དག་ལ་ཡང་ན་ལྕེའི་རྩ་བ་ཅན་ནོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ྉྤ་ཞེས་པ་ནི་མཆུ་ཅན་ནོ། །པ་ཡིག་ནི་བརྗོད་པའི་ཆེད་ལའོ། ། གླང་པོ་ཆེའི་བུམ་པའི་རྣམ་པའི་ཡི་གེ་འདི་ཉིད་མཆུ་ཅན་ཞེས་བྱའོ། །མཆུ་ཅན་རབ་ཏུ་བསྟན་པ་ནི་པ་དང་ཕ་དག་ལ་མཆུ་ཅན་ནོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཨཾ་ཞེས་པ་ནི་རྗེས་སུ་དབྱངས་སོ། །ཨ་ཡིག་ནི་འདིར་བརྗོད་པའི་ཆེད་ལའོ། །འདི་ནི་ཐིག་ལེ་ཙམ་གྱི་ཡི་གེ་ནི་རྗེས་སུ་དབྱངས་ཞེས་བྱའོ། །རྗེས་སུ་ 195-1-23a དབྱངས་རབ་ཏུ་བསྟན་པ་ནི་རྗེས་སུ་དབྱངས་ཏེ་གསལ་བྱེད་ལའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །སྔོན་མ་དང་ཕྱི་མ་དག་གི་དོན་ལ་དམིགས་པ་ནི་ཚིག་གོ། །སྔོན་མ་དང་ཕྱི་མ་དག་གི་རང་བཞིན་ལ་རྣམ་པར་དབྱེ་བའི་དོན་ལ་དམིགས་པའི་ཚིག་གི་ཚོགས་པ་ནི་ཚིག་ཅེས་པའི་ཐ་སྙད་ཅན་ དུ་འགྱུར་རོ། །ཏེ྅ཏྲ། ཡ་ཛནྟེ྅ཏྲ། དམིགས་པ་གཟུང་བ་ནི་རྣམ་དབྱེའི་དོན་ལའོ། །ཚིག་གི་མཐའ་ལ་ཨེ་དང་ཨཽའི་ཕ་རོལ་གྱི་ཨ་ཡིག་དབྱིའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །གསལ་བྱེད་དབྱངས་དང་བྲལ་བ་ནི་ཕ་རོལ་ལ་ཡི་གེ་འགྲོའོ། །གསལ་བྱེད་དབྱངས་མེད་པ་རྣམས་ནི་ཡི་གེ་ཕྱི་མའི་སྟེང་དུ་གསལ་ བྱེད་འགྲོ་བར་བྱའོ། །དབྱངས་ནི་སྭ་ར་སྟེ་རང་ཉིད་རྒྱལ་པོ་ཞེས་བྱའོ། །ཏད་གཙྪ་ཏི། དེ་འགྲོ་བར་བྱེད་དོ། །ཥ་ཌ་ཏྲ། འདིར་དྲུག །ཀ་ྈྐ་ར་ཏི། གང་བྱེད། ཀ་ཕོ་ལ་ཏི། འབྲས་བུ་གང་བྱེད་སྦྱོར་བ་ཐོབ་པའི་ཕྱིར་རོ། །འདི་ནི་རང་བཞིན་ནོ། །རིམ་པ་ལས་མ་འདས་པར་རྣམ་པར་དབྱེ་བར་བྱའོ། །ཡི་གེ་ཡང་དག་ པར་སྦྱོར་བ་རྣམས་རིམ་པ་ལས་མ་འདས་པར་རྣམ་པར་དབྱེ་བར་བྱའོ་ཞེས་པའི་དོན་ཏོ། །བཻ་ཡཱ་ཀ་ར་ཎཿ བརྡ་སྤྲོད་པ་ཞེས་པ། ཨུཙྪ་ཀཻཿ མཐོན་པོ་རྣམས་ཀྱིས། ཨ་སཾ་མོ་ཧཱརྠ། མ་རྨོངས་པའི་དོན་དུ། ཡེ་ཡོ་གཿགང་རྣམས་སྦྱོར་བའོ། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་གྲུབ་པ་ཡང་གཟུང་ངོ་། །འཇིག་ རྟེན་ན་ཉེ་བར་སྤྱོད་པའི་ཐ་སྙད་དོ། །དེའི་ཕྱིར་མ་བསྟན་ཡང་གྲུབ་པར་གཟུང་བར་བྱའོ། །ནཱི་པཱ་དཱ་དང་། ཨ་བྱ་ཡ་དང་། མི་ཟད་པ་དང་། ཨུ་པ་སརྒྶ། ཉེར་སྒྱུར་ཀཱ་ར་ཀ །བྱེད་པ་པོ། ཀཱལ། དུས། སཾ་ཁྱཱ། གྲངས། ལོ་པཱ་ད་ཡཿ དབྱི་བ་ལ་སོགས་པའོ། །དེ་བཞིན་དུ་ཡི་གེ་ཞེས་པ་ནི་གྲོང་ཁྱེར་གྱི་མིང་ ཡང་སྟེ། ལྔ་ལེན་ཞེས་པ་དང་། ལྗོངས་ཀྱི་སྐྱེ་བོའི་མིང་ཡང་ངོ་། །པཉྩ་ལ་བརྞ་ཨོ་ཏི་ལྗོངས་དང་གྲོང་ཁྱེར་སྦྱོར་བ་མ་མཐོང་ལ་མིང་གི་སྒྲ་ལས། ཧ་རི་ཏ་ཀྱཿ པ་ལ་ནཱི་ཏི། ཨ་རུ་རའི་འབྲས་བུ་རྣམས་ཞེས་ཏེ། འབྲས་བུ་རྣམས་ལ་མོའི་སྒྲ་ཡང་འཇུག་གོ། །དེ་བཞིན་དུ་གཞན་ལ་ཡང་མིང་གི་སྒྲ་མཚུངས་ པ་ཏ་ཏ་དྷི་ཏ། དེ་ཕན་ཏེ། འཇིག་རྟེན་ལས་གྲུབ་པ། ཁ་ལ་ཏི་ཀཾ །གཅིག་གི་ཚིག །བ་ནཱ་ནཱི་ཏི། ནགས་རྣམས་ཞེས་པ་ལ། དེ་ཥཱཾ་བ་ནཱ་ནཱ་མི་ཀ་པ་ཙ་ནཱ་ནཱ་མེ་བཾ། ནཱ་མ་ཤབྡཱ་ནཱ་མེ་ཀཱརྠོ་པི་ལིངྒ་བ་ཙ་ན་བྷེ་དཿ དེ་རྣམས་ཀྱི་ནགས་རྣམས་ཀྱི་ལ་གཅིག་གི་ཚིག་གི་མཐའ་དང་མིང་གི་སྒྲ་རྣམས་ཀྱི་གཅིག་གི་དོན་ 195-1-23b ལ་ཡང་རྟགས་ཀྱི་ཚིག་གིས་འབྱེད་དོ། །དཔེར་ན། ཨ་པོ། ཛ་ལཾ། དཱ་རཱཿ ཀ་ལ་ཏྲཾ། བྷཱརྱཱ། ཨ་པོ། ཕོའི་སྒྲ། ཛ་ལཾ་མ་ནིང་། དཱ་རཱཿ ཕོའི་སྒྲ། ཀ་ལ་ཏྲཾ། མ་ནིང་། བྷཱརྱཱ་མོའི་སྒྲ། རིག་བྱེད་དང་། འཇིག་རྟེན་པས་ཤེས་པས་སོ། །ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ངེས་པའི་དོན་ནི་འཇིག་རྟེན་པ་རྣམས་ཏེ། དེ་ རྣམས་མ་སྨོས་པ་རྣམས་ཀྱང་ཤེས་པར་བྱའོ། །བགྲོད་དཀའི་སེང་གེ་ཞེས་པའི་འགྲེལ་པ་ལས་མཚམས་སྦྱོར་དང་པོ་རྫོགས་སོ།། །།མཐུན་པའི་ཡི་གེ་རིང་པོར་འགྱུར་ཞིང་ཕྱི་མ་ཡང་དབྱིའོ། །མཚུངས་པའི་མིང་ཅན་གྱི་ཡི་གེ་མཐུན་པའི་ཡི་གེའི་སྔོན་མ་རིང་པོར་འགྱུར་ཞིང་ཕྱི་མ་ཡང་དབྱི་བ་ འཐོབ། །དཎྜཱ་གྲཿ དབྱུག་པའི་རྩེ་རྨོ། །སཱ་ག་ཏཱ། དེ་འོངས། ད་དྷཱི་ཧཿ ཞོ་འདི། ན་དཱི་ཧཱཿ གཙང་པོ། མ་དྷཱུ་ད་ཀཿ སྦྲང་གི་ཆུ་བོ། པ་དྷཱུ་ཌྷཾ། བག་མ་ཕེན་པ། པི་ཏྲཱྀ་ཥ་བྷཿ ཕ་ཁྱུ་མཆོག །ཀྲྀ་ཀཱ་རཿ ཀྲྀའི་ཡི་གེ། ཀླཱྀ་ཀཱ་རཿ ཀླཱྀ་ཡི་གེཿཱ ཧིཏླྀ་ལའི་ཡི་གེ་ཞེས་བཤད་པའོ། །མཚུངས་པ་སྨོས་ པས་མ་གྲགས་པ་ལས་ཀྱང་ངོ་། །མཚུངས་པ་རིང་པོར་འགྱུར་ཞིང་ཡི་གེ་མཐུན་པའི་ཕྱི་མ་དབྱི་བའི་དོན་ནོ། །ཏེ་ན་པྲི་ཀྵཱཿ ན་དཱི་ཧཿ ཨ་ཡིག་དང་ཨི་ཡིག་ལས་ཨེའོ། །ཨ་ཡིག་དང་ཨི་ཡིག་ལས་ཕ་རོལ་དུ་ཨེར྄་འགྱུར་རོ། །ཕ་རོལ་ཡང་ཕྱི་བ་འཐོབ་བོ། །ཡི་གེ་སྨོས་པས་དབྱངས་མི་མཐུན་ཡི་གེ་གཟུང་ བའོ། །ཏ་བེ་ཧཱ། སེ་ཡཾ། ཙ་ཡི་གེ་དབང་དུ་བྱས་པ་ནི་མ་བཤད་པ་གཞན་ཡང་བསྡུ་བའི་དོན་ནོ། །ཏེ་ན་ཀྭ་ཙིཏ་པཱུརྦཱ་པི་ལུ་པྱ་ཏེ། དེས་ན་ཁ་ཅིག་ཏུ་སྔོན་མ་ཕྱིས་པ་དང་། ཧ་ལ་དང་ལཱཾ་ཀ་ལ་དག་གི་ཨི་ཥ་ལའི་ཨ་དབྱི་བྱི་བའོ། །མ་ནས྄་སའི་ཡང་ངོ་། །ཧ་ལཱི་ཥ་ལཱ། གཤོལ་དང་གཤོལ་མདའ། ནཱ་དི་ཧེ། ནཱ་དཱིའི་ཨི་ཕྱིས་སོ། །མ་ནས྄འི་ས་ཕྱིས་ཏེ། མ་ནཱི་ཥཱ། ཡིད་ཀྱི་དབང་པོའོ། །ཨུ་ཡིག་ལས་ཨོ་སྟེ། ཨ་ཡིག་དང་ཨོ་ཡིག་ལས་ཨོར་འགྱུར་ཏེ། ཕ་རོལ་ཡང་དབྱི་བར་བྱའོ། །ཏ་བོ་ཧ་ནཾ། ཁྱོད་ཀྱི་རྟོག་པ། གཾ་གོ་ད་ཀཾ། གངྒཱི་ཆུ། །རྀ་ཡིག་ལས་ཨར་ཏེ། ཨ་ཡིག་དང་རྀ་ཡིག་ལས་ཕ་རོལ་དུ་ཨར྄་ དུ་འགྱུར་ཏེ་ཕ་རོལ་ཡང་དབྱི་བ་འཐོབ། །ཏ་བརྐཱ་རཿ། ཁྱོད་ཀྱི་རྀ་ཡིག །སརྐཱ་རེ་ཎ། དེའི་རྀ་ཡིག །རྀ་ཎ། བུ་ལོན། པྲ། ཐོག་མ། བ་ས་ན། གནས། བཏྶ་ཧ་ར། བེའུ། ཀམྦ་ལ། ལ་བ། དཱ་ཤ་ནཱཾ། ཁོལ་པོ། རྀ་ཎའི་རྐྱེན་ལས་སོ། །རྀ་ཎ་ཁ་ཅིག་ཏུ་ཕ་རོལ་རིང་པོ་ཉིད་དོ། །ཏེ་ན་རྀ་ཎརྞྞཾ། དེས་ན་བུ་ལོན། 195-1-24a པྲརྞྞཾ། དང་པོའི་བུ་ལོན། བ་ས་ནརྞྞཾ། གནས་ཀྱི་བུ་ལོན། ཀམྦ་ལརྞྞཾ། ད་ཤརྞྞཾ་ཞེས་པ་ལ་སོགས་པ་རྣམས་སོ། །རྀ་ཏེཥྩ་ལས་གསུམ་པའི་བསྡུ་བ་སྟེ་གྲང་བས་ཉེན་པ། ཤཱེ་ཏཱརྟཱི། རྀ་ཏི་དྷ་ཏོ། རྀ་ཏི་ཁམས་ལ་ཉེར་བསྒྱུར་གྱིས་སོ། །ཨ་ཏི་རིཙྪ་ཏི། པྲཙྪ་ཏི། མིང་གི་ཁམས་ལ་ཡང་སྟེ། པྲཪྵ་བྷ་ཡ་ཏི། གཉིས་ཀ་འདམ་ཀ་ཅན་ཏེ་པཪྵ་བྷཱི་ཡ་ཏི། ཨི་ནའི་རྐྱེན་ནོ། །ལྀ་ཡིག་ལས་ཨལ྄་ཏེ། ཨ་ཡིག་དང་ལྀ་ཡིག་ལས་ཕ་རོལ་དུ་ཨལ྄་དུ་འགྱུར་རོ། །ཕ་རོལ་ལ་ཡང་དབྱི་བ་ཐོབ་བོ། །ཏ་བལྐཱ་རཱཿ ཁྱོད་ཀྱི་ལྀ་ཡིག །སལྐཱ་རེ་ཎ། དེའི་ལྀ་ཡིག་གིས། ཉེར་བ་སྦྱར་ལས་ཡང་ནའོ་སྟེ། གཉིས་ཀ་ འདམ་ཀ་ཅན་ནོ། །ལྀའི་ཁམས་ལ་ཨལ་རིང་པོ་སྟེ་ཨ་བཱལྐཱ་རི་ཡ་ཏིའོ། །ཨེ་ཡིག་ནི་ཨཻ་སྟེ་ཨཻ་ཡིག་ཀྱང་ངོ་། །ཨ་ཡིག་དང་ཨེ་ཡིག་ལས་ཨཻའོ། །ཕ་རོལ་དུ་ཨཻ་ཡིག་ལས་ཀྱང་ངོ་། །ཕ་རོལ་ཡང་དབྱི་བ་འཐོབ་སྟེ། ཏ་བཻ་ཥཱ། ཁྱོད་དབང་པོ། སཻ་ན་དྲི། དེ་དབང་མོ། ཙ་ཡིག་གི་དབང་དུ་བྱས་པ་ནི་ འགའ་ཞིག་ལ་ཡང་སྔོན་མ་དབྱིའོ། །ཨེ་བེ་ཙནྡི་ཡི་གེ །འདི་ལྟར་སྦྱོར་བ་མ་ཡིན་པ། ཨ་དྱེེ་བ། ད་ལྟ་ཉིད། ཨི་ཧཻ་བ། ནི་ཡོ་གེ་ཏུ། བསྒོ་བ་ལ། ཨ་དྱེེ་བཱ་གཙྪ། ད་ལྟ་ཉིད་དུ་སོང་། ཨི་ཧཻ་བ་ཏིཥྛཿ འདི་ཉིད་དུ་སྡོད། སྭའི་ཨེར྄་འགྱུར། བ་ཨི་ར་ཎ་དག་གི་ཡང་བསྟན་པ་སྟེ། སྭཻ་རཾ། སྭཻ་རི། ཨི་ར་ ག་ཏཽ་དང་། ཨི་རསྟུ་ཏཽ། འགྲོ་བ་དང་། བསྟོད་པའི་དོན་ནོ། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལ་ཡང་ངོ་། །ཨ་ཡིག་དང་ཨོ་ཡིག་ལས་ཨཽ་ཡིག་ཏུ་འགྱུར་ཏེ། ཕ་རོལ་དུ་ཨཽ་ཡིག་ལས་ཀྱང་ངོ་། །ཕ་རོལ་དབྱི་བ་ཡང་འཐོབ་སྟེ། ཏ་པཽ་ད་ནཾ་ཁྱོད་ཀྱི་ཟས། ས་ཽཔ་གཱ་བཱཾ། དེ་བ་ལང་གི །བརྒྱུད་ཙ་ཡིག་ གི་དབང་དུ་བྱས་པ་ལས། ཉེར་བསྒྱུར་གྱི་ཨ་ཡིག་དབྱི་བ་ཁམས་ལས་སོ། །པྲེ་ལ་ཡ་ཏི། སྐུལ་བར་བྱེད། པྲོ་ལ་ཡ་ཏི། སྐེམས་པར་བྱེད། ཨེ་དང་ཨོ་དག་ལའོ། །ཨི་ཎ་དང་ཨེ་དྷ་དག་ལ་མ་ཡིན་ནོ། །ཨུ་བཻ་ཏི། ཉེ་བར་འགྲོ། ཨུ་བཻ་དྷ་ཏེ། ཉེ་བར་འཕེལ། མིང་གི་ཁམས་ལ་ཡང་ནའོ། ། ཨུ་པེ་ཀཱ་ཡ་ཏི། ཉེ་བར་གཅིག་འདོད། ཉེར་བསྒྱུར་གྱི་ཨ་ཕྱིས་པའོ། །ཨུ་བཻ་ཀཱི་ཡ་ཏི། མ་ཕྱིས་པའོ། །པྲོ་ཥ་དྷི་ཡ་ཏི། དང་པོའི་སྨན་འདོད། ཕྱིས་པ། པྲོཥ་དྷི་ཡ་ཏི། མ་ཕྱིས་པ་ཨོཥྛོ་ཏྭོཿ ཨོཥྛ་དང་ཨོ་ཏུ་དག་ལ་བསྡུ་བ་ལ་ཡང་ནའོ། །བིམྤཽཥྛཿ མཆུ་བིམ་པ་ལྟ་བུ་སྠཱུ་ལོ་ཏུཿ ཨ་ཕྱིས། བིམྦོོཥྛཿ 195-1-24b སྠཱུ་ལཽ་ཏུཿ བྱིལ། བསྡུ་བ་ཅིའི་ཕྱིར་སྨོས་ཤེ་ན། ཧེཙྪ་ཏྲཽཥྛཾ་པ་ཤྱཾ། ཙྪ་ཏྲ། མཆུ་ལྟོས། ཨདྱཽ་ཏུ་པ་ཤྱཾ་དི་རིང་ཞུམ་བུ་ལྟོས། ཨོཾ་ཞེས་པ་ནི་རྟག་ཏུ་ཡང་ངོ་། །ཨདྱོམ྄། འདི་བཞིན་སོ་མི་ཏྱཱ་བོ་ཙཱཏུ། བཀའ་སྩལ་པ་དེ་བཞིན་ནོ། །ཨིཀྵ་སྱཽ། ཨ་མ་ཕྱིས་པ། ཏྭ་མཱུ་ཧི་ཎུཾ། ཞུམ་བུའི་དབང་པོ་ལ་རྟོག་པ། ཨཀྵཽཾ་ཧི་ཎི་སེ་ནཱ། དམག་གི་དབང་པོ་ལ་རྟོག་པ། པྲ་ཡོརྡྷ་དང་པོ་དྷ་དག་ལ་ཡང་ངོ་། །པཽ་དྷཿ། པྲོ་དྷིཿ། ཨཻ་ཥཾི་ཥ་ཡོ་དག་གི་ཨཻ་ཉིད་དོ། །དབྱི་བ་བཀག་པའོ། །པྲེ་ཥ་ཎྞ། བསྐུལ་བྱ། ཨི་ཥ་སྟུ། ཨི་ཥ་ལ་ཡང་། རབ་ཏུ་དབང་བ། པྲེ་ཥཿ པྲེ་ཥུཿ རབ་ཏུ་དབང་བྱ། ཨི་ཡིག་ནི་ཡ་སྟེ། ཡི་གེ་མི་མཐུན་པ་ལའོ། །ཕྱི་མ་ ཡང་མི་དབྱིའོ། །ཨི་ཡིག་ནི་ཡར་འགྱུར་ཏེ། ཕ་རོལ་དུ་ཡི་གེ་མི་མཐུན་པ་ལའོ། །ཕ་རོལ་ཡང་མི་དབྱི་སྟེ། ད་དྷྱ་ཏྲ། ཞོ་འདི་ལ། ན་དྱེ་ཥ། ཆུ་ཀླུང་འདི། ཨི་ཡིག་ཅིའི་ཕྱིར་སྨོས་ཤེ་ན། པ་ཙ་ཏི། འཚོད་པར་བྱེད། དབྱངས་མི་མཐུན་པ་ཅིའི་ཕྱིར་ན། ད་དྷི། ཨུ་ཡིག་ནི་ཝའོ། །ཨུ་ཡིག་ཝར་འགྱུར་ ཏེ་དབྱངས་མི་མཐུན་པའི་ཕ་རོལ་ལའོ། །ཕ་རོལ་ཡང་མི་དབྱིའོ། །མ་དྷྭ་ཏྲ། སྦྲང་འདི། བ་དྷྭཱ་ས་ནཱཾ། མནའ་མའི་གདན། རྀ་ཡིག་ནི་རའོ། །རྀ་ཡིག་རར་འགྱུར་ཏེ། དབྱངས་མི་མཐུན་པའི་ཕ་རོལ་ལའོ། །ཕ་རོལ་ཡང་དབྱི་བར་མི་བྱའོ། །པི་ཏྲཱརྠཿ ཕའི་དོན། མ་ཏྲཱརྠཿ མའི་དོན། ལྀ་ཡིག་ནི་ ལའོ། །ལྀ་ཡིག་ནི་ལར་འགྱུར་ཏེ། དབྱངས་མི་མཐུན་པའི་ཕ་རོལ་དུའོ། །ཕ་རོལ་ཡང་དབྱི་བར་མི་བྱའོ། །ལ་ནུ་བན་དྷ། ལཱ་ཀྲྀ་ཏིཿ། །ཨེ་ནི་ཨ་ཡའོ། །ཨེ་ཡིག་ནི་ཨ་ཡར་འགྱུར་ཏེ། དབྱངས་མི་མཐུན་པའི་ཕ་རོལ་དུའོ། །ཕ་རོལ་ཡང་མི་དབྱིའོ། །ན་ཡ་ཏི། འདྲེན་ པ། ཛ་ཡ་ཏི། རྒྱལ་བ། ཨཻ་ནི་ཨཱ་ཡའོ། །ཨཻ་ཡིག་ནི་ཨ་ཡར་འགྱུར་ཏེ། དབྱངས་ནི་མི་མཐུན་པའི་ཕ་རོལ་དུའོ། །ཕ་རོལ་ཡང་མི་དབྱིའོ། །ནཻ། ཨཱ་ཡ་ཀ །ནཱ་ཡ་ཀཿ འདྲེན་པ། རཻ། རཱ་ཡིནྡྲི། ནོར་གྱི་དབང་པོ། ཕ་རོལ་ལ་ཡང་མི་དབྱིའོ། །ཨོ་ཨཝའོ། །ཨོ་ཡིག་ནི་ཨ་ཝར་འགྱུར་ཏེ་དབྱངས་ མི་མཐུན་པའི་ཕ་རོལ་དུའོ། །ཕ་རོལ་ཡང་མི་དབྱིའོ། །ལུ་ལ་ཝ་ནཾ་ཨ་ནའོ། །པ་ཊུ་པ་ཊྭཽ་ཏུཿ ཞུམ་པོ། སྒྲིན་པོ། །ཨཽ་ཨཱ་ཝའོ། །ཨཽ་ཡིག་ནི་ཨཱ་ཝར་འགྱུར་ཏེ། ཕ་རོལ་དབྱངས་མི་མཐུན་པ་ལའོ། །ཕ་རོལ་ལ་ཡང་མི་དབྱིའོ། །གཱ་ཝཽ། གཱ་ཝཿ བ་རྣམས། དེ་རྣམས་མཚམས་སྦྱོར་བར་སོ་སོར་ 195-1-25a སྦྱོར་བ་ཡང་བྱིས་པ་ལ་གསལ་པོར་བྱས་པའི་དོན་ནོ། །རྣམ་དབྱེ་ལ་ཡང་མཚམས་སྦྱོར་བར་འགྱུར་ཏེ། ག་ཝཱ་ཛི་ནཾ། བ་ལང་ཀོ་བ། གོ་ཨ་ཛི་ནཾ་ཞེས་པའོ། །དབྱངས་ལ། རྣམ་པར་བཤད་པ། སྭ་རེ་བི་བྷཱ་ཤཱ། ག་ཝཱ་ཀྵཿ ཁཾ་ག་ཝེནྡྲཿ བ་ལང་དབང་པོ་ཞེས་པ་ལ་ཡང་རྟག་ཏུ་ ཨ་ཡིག་ནི་ཨཱ་ག་མའོ། །ཚིག་གི་མཐའ་ལ་ཨ་ཡ་ལ་སོགས་པ་རྣམས་ཀྱི་ཡ་དང་ཝ་དབྱི་བའམ། ཡང་ན་མ་ཕྱིས་པར་རང་བཞིན་དུ་གནས་པར་རོ། །ཨ་ཡ་ཞེས་པ་ལ་སོགས་པ་རྣམས་ཀྱི་ཚིག་གི་མཐའ་ལ་ད་ལྟར་བ་ལ་ཡ་དང་ཝ་དག་གི་དབྱི་བར་བྱའོ། །ཡང་ན་མ་ཕྱིས་པར་རང་བཞིན་གྱི་ངོ་བོ་ཉིད་དུ་བྱའོ། ། ཏ་ཨཱ་ཧུ། དེ་རྣམས་སྨྲ། ཏ་ཡཱ་ཧུཿ ཏསྨཱ་ཨཱ་ས་ནཾ། ཏསྨཱ་ཡཱ་ས་ནཾ། དེ་ལ་གནས། པ་ཊ་ཨི་ཧ། པ་ཊ་ཝི་ཧ། མཁས་པ་འདི། ཨ་སཱ་ཨིནྡུཿ ཨ་སཱ་ཡི་ནྡུཿ ཟླ་བའི་གཞི། ཨ་ཡ་ལ་སོགས་པ་རྣམས་ཀྱི་ཅིའི་ཕྱིར་ཞེ་ན། ད་དྷྱ་ཏ྄། ཞོ་འདི། མ་དྷྭ་ཏྲ། སྦྲང་འདི། ཚིག་གི་མཐའ་ལ་ཅིའི་ཕྱིར་ཞེ་ན། ན་ཡ་ནཾ། འདྲེན་པ། ན་ཡ་ཀཿ ནི་ལ་ཨཀའོ། །ཚིག་གི་མཐའ་ལ་ཨེ་དང་ཨོའི་ཕ་རོལ་གྱི་ཨ་ཡིག་དབྱིའོ། །ཚིག་གི་མཐའ་ལ་ད་ལྟར་གྱི་ཨེ་དང་ཨོའི་ཕ་རོལ་གྱི་ཨ་ཡིག་དབྱི་བ་ཐོབ་སྟེ། ཏེ྅ཏྲ། པ་ཊོ་ཏྲཿ འདིར་དེ་རྣམས། མཁས་པ་འདིར། ཨེ་དང་ཨོའི་ཕ་རོལ་དུ་ཅིའི་ཕྱིར་ན། ཏཱ་ཝ་ཏྲ། འདིར་དེ་དག་གི་ཚིག་གི་མཐའ་བཟུང་བ་ནི་ཚིག་མཐའི་དབང་དུ་བྱས་པ་ལ་ཡིན་གྱི་ཚིག་མཐའ་མ་ཡིན་པ་ལ་མི་འཇུག་པའི་དོན་ནོ། །ཏེ་ན་ཙི་ཏཾ། དེས་བསགས་པ་སྟུ་ཏཾ། བསྟོད་པ། གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་བར་མི་བྱའོ། །གསལ་བྱེད་ཀྱི་ཕ་རོལ་གྱི་དབྱངས་རྣམས་ཀྱང་མཚམས་ སྦྱར་བར་མི་བྱའོ། །དེ་ཝཱི་གྲི་ཧཾ། ལྷ་མོའི་ཁང་པ། པ་ཊུ་ཧསྟཿ། མཁས་པའི་ལག་པ། མ་ཏྲི་མཎྜ་ལཾ། མ་མོའི་དཀྱིལ་འཁོར། ཛ་ལ་པདྨཾ། ཆུའི་པདྨ། རཻ་དྷུ་ཏི། རིན་པོ་ཆེ་འདོད་པ། བོ་ཡུ་ག་ཏི། རླུང་སོང་བ། རླུང་སྦྱོར་བ་འདམ་ཀ་ཅན། ནཽ་ཡཱ་ནཾ། གྲུའི་བཞོན་པ། ན་ཉ་བསྟན་པ་རྟག་ཏུ་མ་ཡིན་ནོ་ཞེས་ཤེས་ པར་བྱ་བའི་ཕྱིར་རོ། །དེས་ན། པིཏྲྱཾ། པི་ཏྲ་དང་ཡ་ན་མཚམས་སྦྱོར་བ་དང་། ག་བྱུ་ཏི་གོ་དང་ཡུ་ཏི་སྦྱོར་བའོ། །ཨཱ་དྷྭ་མཱ་ནེ། སཾ་ཛྙེ་ཡཾ། བ་ལང་གི་སྒྲ་གྲག་པ་ཚུན་ཆད་ལ་ཤེས་པར་བྱའོ། །བགྲོད་པར་དཀའ་བའི་སེང་གེའི་འགྲེལ་པ་ཞེས་བྱ་བ་ལས་མཚམས་སྦྱོར་གཉིས་པ་རྫོགས་སོ།། །།ཨོའི་མཐའ་ཅན་དང་། 195-1-25b ཨ་ཨི་ཨུ་ཨཱ་ནི་པཱ་ཏ་དང་དབྱངས་རྣམས་ལ་ཐ་མལ་པར་རོ། །ཨོའི་མཐའ་ཅན་དང་། ཨ་དང་ཨི་དང་ཨུ་དང་ཨཱའི་ནི་པཱ་ཏ་རྣམས་མ་འདྲེས་པར་དབྱངས་རྣམས་ལ་ཕ་རོལ་དུ་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་གནས་པར་འགྱུར་རོ། །ནོ་ཨ་ཏྲ། གྲུ་འདིར། ཨ་ཧོ་ཨཱ་ཤྩརྱཾ། ཤིན་ཏུ་རྨད་དུ་བྱུང་། ཨ་ཐོ་ཨེ་བཾ། དེ་ནས། དེ་བཞིན། ཨ་ཨ་པེ་ཧི། འདི་ཆུ་འདི། ཨི་ཨིནྡྲ་པ་ཤྱཾ། དབང་དབང་པོ་མཐོང་། ཨུ་ཨུཏྟིཥྛ། ལོངས། ཨཱ་ཨེ་བཾ་ཀི་མ་ནྱ་སེ། ཀུན་དུ་འདི་ཅི་སེམས། ཨཱ་ཨེ་བཾ་ཀིཾ་ནུཏྟ། འདི་དེ་བཞིན་དུ་ཅི་གོང་དུ། དེ་རྣམས་སྨོས་པ་ནི་ནཱ་བཱ་ཡུ། གྲུའི་སྲོག །མཐའ་མ་སྨོས་པ་ནི། ཨ་ཡིག་ལ་སོགས་པ་རྣམས་ཀྱི་མ་འདྲེས་ པའི་དོན་ནོ། །དེས་ན་ཙི་ཨི་ཏི་དང་། ཨི་ཏཱི་ཧ་དང་། ནཱ་ནུ་ཨི་ཏ་དང་། བཱ་ཨི་ཏི་དང་། ནི་པཱ་ཏ་སྨོས་པ་ནི། པ་ཊ་པི་ཧ། མཁས་པ་འདི། ཨཱི་ཥ་ཏུ། དབང་ལྡན་དག །ཨུ་ཥ་ཏཿ སྲེག་བྱེད། ཨ་ཊ་ཏུཿ འགྲོ་བ། གཉིས་ཀྱི་ཚིག་ལ་ཨཽ་ལ་མ་ཡིན་ནོ། །གཉིས་ཀྱི་ཚིག་གི་མཐའ་ལ་ཨཽ་ལ་མི་འགྱུར་ཏེ། དེའི་དབྱངས་ ལ་ཐ་མ་ལ་པའི་ངོ་བོ་ཉིད་ཀྱིས་གནས་པར་གྱུར་པ་ནི། ཨཽའི་ཡི་གེའི་གཟུགས་མ་གཏོགས་པའི་གཟུགས་གཞན་ལ་ཐོབ་བོ་ཞེས་པའི་དོན་ཏེ། ཨགྣཱེ་ཨེ་ཏཽ། མེ་འདི་དག །པ་ཊུ་ཨི་མཽ། མཁས་པ་འདི་དག །ཤཱ་ལེ་ཨེ་ཏེ། འབྲས་འདི་དག །མཱ་ལེ་ཨི་མེ། ཕྲེང་བ་འདི་དག །གཉིས་ཀྱི་ཚིག་ཅིའི་ཕྱིར་སྨོས་ ཤེ་ན། ཙི་ཏྲ་ནྭ་ཏྲ། འདི་རྗེས་ཀྱི་རི་མོ། པརྱཱ་དཱ་སཿཀི །མ་ཡིན་པར་དགག་པ་ཅིའི་ཕྱིར་སྨོས་ཤེ་ན། ཨ་ཛཱ་ཡ་ཝ་ཧྱ་དེ་བ་ཡོ་ར་ཏྲ། འདིར་མཆོད་པ་ཐོབ་པ་སྲུང་བའི་ལྷ་མེད། ཨཽ་ལ་མ་ཡིན་ཏེ་ཞེས་པ་ཅིའི་ཕྱིར་ཞེ་ན། ཏཱ་བ་ཏྲ། ཏཽ་དང་ཨ་ཏྲ་མཚམས་སྦྱོར་བའི་དོན་ནོ། །མང་པོའི་ཚིག་ལ་ཨཱ་མཱི་ལའོ། ། མང་པོའི་ཚིག་གི་མཐའ་ལ་དེའི་དབྱངས་ཀྱི་ཕ་རོལ་ལ་ཐ་མལ་པའི་ངོ་བོ་ཉིད་དུ་གནས་པར་འགྱུར་ཏེ། ཨ་མཱི་ཨ་ཤྭཱཿརྟ་འདི་རྣམས། ཨ་མཱི་ཨེ་ཌ་ཀཱཿ ལུག་འདི་རྣམས་མང་པོའི་ཚིག་ཅིའི་ཕྱིར་སྨོས་ཤེ་ན། ཨ་མྱ་ཏྲ། ཨ་ཏྲ། གཅིག་གི་ཚིག་གོ། །འདི་རྣམས་འདིར། ཨ་མཱི་ཅིའི་ཕྱིར་སྨོས་ཤེ་ན། ཏ་ ཨཱ་ཧུཿ སྨྲ་བ་པོ་དེ་རྣམས། ཨཱ་ཧུ་མང་པོ་ཡིན་ཀྱང་ཨ་མཱི་མ་ཡིན་པས་སོ། །ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ་། །ཡི་གེ་ཡང་དག་པར་བརྗོད་པའི་ཡུལ་གང་རྣམས་ལ་གསལ་བར་མ་བསྟན་པའི་རིགས་རྣམས་ལ་ནི་དབྱངས་ཀྱི་མིང་ཅན་པླུ་ཏ་སྟེ་དབྱངས་དེ་རྣམས་ཀྱི་ཕ་རོལ་དུ་ཐ་མལ་པའི་ངོ་བོ་ཉིད་དུ་ 195-1-26a གནས་པར་འགྱུར་ཏེ། ཨ་གཙྪ་བྷོ་དེ་བ་དཏྟ྅་ཨ་ཏྲ། ཀྱེ་ལྷ་སྦྱིན་འདིར་ཤོག །ཨུཏྟིཥྛ་བྷོ་ཡ་ཛྙཱ་དཏྟ྅་ཨི་ཧ། མཆོད་སྦྱིན་འདིར་སྡོད། རྒྱང་མ་ནས་འབོད་པ་དང་། གླུ་ལེན་པ་དང་། ངུ་བ་རྣམས་ལ་ཡང་པླུ་ཏ་སྟེ། དེ་རྣམས་འཇིག་རྟེན་པ་ལ་གྲགས་པ་རྣམས་སོ། །འདི་ནི་བགྲོད་ དཀའ་བའི་སེང་གེའི་འགྲེལ་པ་ལས་མཚམས་སྦྱོར་གསུམ་པ་རྫོགས་སོ།། །།སྡེ་ཚན་དང་པོ་རྣམས་ཀྱི་ཚིག་མཐའ་རྣམས་ལ་དབྱངས་དང་དབྱངས་དང་འདྲ་བ་རྣམས་ལ་གསུམ་པ་རྣམས་ལའོ། །སྡེ་ཚན་རྣམས་ཀྱི་དང་པོའི་ཚིག་གི་མཐའ་ཅན་རྣམས་ལ་དབྱངས་དང་དབྱངས་དང་འདྲ་བ་རྣམས་ལ་གསུམ་པ་ ཐོབ་པར་འགྱུར་ཏེ། ཝཱ་ཀ྄་ཨ་ཏྲ་ལས། ཝཱ་ག་ཏྲ། འདིར་ངག །ཥཊ་གཙྪ་ཏི་ལས། ཥཌྒཙྪ་ཏི། དྲུག་འགྲོ་བར་བྱེད། སྡེ་ཚན་གྱི་དང་པོའི་ཅིའི་ཕྱིར་སྨོས་ཤེ་ན། བྷ་ཝཱན་ཨཱ་ཧ། བྷ་ཝཱ་ནཱ་ཧ། ཁྱོད་སྨྲ། ཚིག་གི་མཐའ་ཅན་ཅིའི་ཕྱིར་སྨོས་ཤེ་ན། ས་ཀ་ནཱི་ཡཾ། ཀ་དབུས་སུ་བྱུང་བའོ། །དབྱངས་དང་དབྱངས་ དང་འདྲ་བ་ཅིའི་ཕྱིར་སྨོས་ཤེ་ན། ཝཱཀྶྟུ་ཏ། སྨྲ་བ་ངན་པ། ཥཊ྄། ཀུརྺནྟི། ལྔ་པ་ལ་ལྔ་པའམ་ཡང་ན་གསུམ་པ་རྣམས་ལའོ། །སྡེ་ཚན་རྣམས་ཀྱི་དང་པོའི་ཚིག་གི་མཐའ་རྣམས་ལ་ལྔ་པའི་ཕ་རོལ་དུ་ལྔ་པ་འཐོབ་སྟེ་ཡང་ན་གསུམ་པར་རོ། །ཝཱདྨ་ཏི། ཝཱགྨ་ཏི། ངག་གི་བློ་གྲོས། ཥཎྨུ་ཁཱ་ནི། ཥཌྨུ་ ཁཱ་ནི། གདོང་དྲུག་རྣམས། ཏནྣ་ཡ་ནཾ། ཏདྣ་ཡ་ནཾ། དེའི་མིག །ཏ྄ིཥྚུམྨི་ནོ་ཏི། ཏྲིཥྚུཔྨི་ནོ་ཏི། གསུམ་བསྔགས། ཚིག་གི་མཐའ་ལ་དྷུཊ྄་ལ་དང་པོ་ཡིན་ན། དྲི་ཤནྣ་ཡ་ནཾ། རྡོ་འདྲེན། ཛྙ་ན་བྷུནྣཱ་ཐཿཱ ཡེ་ཤེས་རྟོགས་པའི་མགོན། རྣམ་པར་གཞག་པ་རྣམ་པར་བཤད་པའི་རྐྱེན་སྦྱོར་བ་ལ་རྟག་ཏུ་ལྔ་པར་བཤད་ དོ། །ཝཱདྨ་ཡཾ། ངག་གི་རང་བཞིན། ཡམྨཱ་ཏྲཾ། ཇི་ཙམ། སྡེ་ཚན་དང་པོ་རྣམས་ལས་ཤ་ཡིག་ནི་དབྱངས་དང་ཡ་དང་བ་དང་ར་རྣམས་ཕ་རོལ་མ་ཡིན་ན་ཡང་ན་ཚའི་ཡི་གེའོ། །སྡེ་ཚན་གྱི་དང་པོ་རྣམས་ལས་ཚིག་གི་མཐའི་ཕ་རོལ་དུ་ཤའི་ཡི་གེ་དབྱངས་དང་ཡ་དང་བ་དང་ར་རྣམས་ཕ་རོལ་ལ་ཚའི་ཡི་གེར་ ཡང་ན་འགྱུར་རོ། །བཱཀྪཱུ་ར། ཝཱཀྴཱུ་ར། དཔའ་བོའི་ངག །ཥཌྪྱཱ་མ། ཥཊྴྱ་མ། སྔོ་བསངས་དྲུག །ཏཙྪྭེ་ཏཾ། ཏཏྴྭེ་ཏཾ། དཀར་པོ་དེ། ཏཙྪྭི་ཏཾ། ཏྲཙྴྲིཏཾ། དེ་ལ་བརྟེན། ཏྲྀཥྚུ་པྪུ་ཏཾ། ཏྲྀཥྚུཔྴྲུ་ཏཾ། གསུམ་བསྔགས་ཉན། སྡེ་ཚན་གྱི་དང་པོ་རྣམས་ལས་ཞེས་ཅིའི་ཕྱིར་སྨོས་ཤེ་ན། པྲཱདྴེ་ཏེ། དང་པོར་ཉལ་བ། དབྱངས་ 195-1-26b དང་ཡ་དང་ཝ་དང་རའི་ཕ་རོལ་དུ་ཞེས་པ་ཅིའི་ཕྱིར་སྨོས་ཤེ་ན། ཝཱཀྵླ་ཀྵྞཱ། ངག་འཇམ་པོ། ཏཙྴྨ་ཤཱ་ནཱཾ། དེ་དུར་ཁྲོད་རྣམས་ཀྱི། ཤླ་ཀྵའི་ལ་གཞན་ལ་སྣ་ལྡན་དུ་ཡང་འདོད་དོ། །དེ་རྣམས་ལས་ཧ་ཡིག་ལ་ནི་ཡང་ན་སྔོན་མའི་བཞི་པའོ། །དེ་རྣམས་དེ་བཞིན་དུ་སྡེ་ཚན་གྱི་དང་པོ་རྣམས་ལས་ཚིག་གི་ མཐའ་ལ་ཕ་རོལ་དུ་ཧའི་ཡི་གེ་ནི་སྔོན་མའི་བཞི་པར་ཡང་ན་ཐོབ་སྟེ། ཝཱཀྐྷཱ་ནཿ ཝཱགྷཱ་ནཿ ངག་འཇོམས། ཨཛྫྷ་ལཽ། ཨཛྷ་ལཽ། རའི་གཤོལ། ཥཌྜྷ་ལཱ་ནི། ཥཌྷ་ལཱ་ནི། གཤོལ་དྲུག །ཏདྡྷི་ཏཾ། ཏདྷི་ཏཾ། དེ་ཕན། ཀ་ཀུབྡྷ་སཿ། ཀ་ཀུ་བྷཱ་སཿ ཕྱོགས་སྣང་། ཅིའི་ཕྱིར་ཧ་ཡིག་སྨོས་ཤེ་ན། ཏཏྐཱི་ཏཾ། དེ་རྣམས་ལས་ཞེས་བཟུང་བས་དབྱངས་དང་ཡ་དང་ཝ་དང་རའི་ཕ་རོལ་མི་འཇུག་པའི་དོན་ནོ། །དེ་བས་ན་ངག་འཇོམས་པ་ལ་སོགས་པ་དེ་ཉིད་ཅེས་ཏེ། འདིར་གསུམ་པ་རྣམ་པར་གཅད་པའི་དོན་ནོ། །ཏའི་ཡི་གེ་ནི་ཕ་རོལ་གྱི་གཟུགས་སུ་སྟེ། ལ་དང་ཙ་དང་ཊའི་སྡེ་ཚན་རྣམས་ལའོ། །ཏ་ཡིག་ནི་ཚིག་ གི་མཐའ་ལ་ལ་དང་ཙ་དང་ཊའི་སྡེ་ཚན་རྣམས་ལ་ཕ་རོལ་གྱི་གཟུགས་སུ་ཐོབ་སྟེ། ཏལླུ་ནཱ་ཏི། དེ་གཅོད། ཏཙྩ་ར་ཏི། དེ་འགྲོ། ཏཙྪཱཱ་ད་ཡ་ཏི། དེ་འགེབས། ཏཛྫ་ཡ་ཏི། དེ་རྒྱལ་བར་བྱེད། ཏཛྫྷ་ཥ་ཡ་ཏི། དེའི་ཉ། ཏཉྷ་ཀཱ་རེ་ཎ། ཉ་ཡིག་དེས། ཏཊྚཱི་ཀཱ་ཏེ། དེ་འབྱེད། ཏཏྞྞ་ཀཱ་རེ་ཎ། ཋ་ཡིག་དེས་ ཏཌྜི་ནཾ། དེ་འཕུར། ཏཌྜྷོ་ཀ་ཏེ། དེ་འབུལ། ཏཎྞ། ཀཱ་རེ་ཎ། ཎ་ཡིག་དེས། ཚིག་གི་མཐའ་ལ་དྷུཊུ་དང་པོ་ལ་ཡིན་ན། ཏཛྫ་ཡཿ དེ་རྒྱལ་བ། དྲ་ཤལླེ་ཁ། རྡོའི་རེ་ཁ། ཛྷཱ་ན་བུཊྚཱི་ཀ་ན་མི་ཏི། ཡེ་ཤེས་རྟོགས་པའི་ཊཱི་ཀཱ་ཞེས། ལ་དང་ཙ་དང་ཊའི་སྡེ་ཚན་རྣམས་ལ་ཅིའི་ཕྱིར་སྨོས་ཤེ་ན། ཏཏྤ་ ཙ་ཏི། དེ་འཚོད་བར་བྱེད། ཙཾ་ཤེ། ཤ་ལ་ཙའོ། །ཏ་ཡིག་ཚིག་མཐའ་ལས་ཕ་རོལ་དུ་ཤ་ལ་ཙར་འཐོབ་སྟེ། ཏཙྴཱུ་ཀྵྨཿ། ཏཙྴྨ་ཤཱ་ནཾ། འདིར་ཤ་ཚ་མ་ཡིན་པའི་ཕྱོགས་ཀྱི་ཚིག་གོ། །ང་ཎ་ན་རྣམས་ལ་ཐུང་ངུ་ཉེ་བར་གནས་པའི་དབྱངས་གཉིས་སོ། །ང་དང་ཎ་དང་ན་ཚིག་གི་མཐའ་རྣམས་པ་ སྔོན་མའི་ཉེ་བ་ཐུང་ངུ་རྣམས་ལ་ཕ་རོལ་དབྱངས་གཉིས་སུ་འགྱུར་ཏེ། ཀྲུདྡ་ཏྲ། ཀྲུདྡ་ག་ཏཽ་སྟེ། འདིར་འགྲོ། སུ་གཎྞ་ཏྲ། བ་ཙནྣ་ཏྲ། འདིར་འཚེད། ང་ཎ་ན་ཅིའི་ཕྱིར་སྨོས་ཤེ་ན། ཀི་མ་ཏྲ། ཚིག་གི་མཐའི་ཅིའི་ཕྱིར་སྨོས་ཤེ་ན། བྲི་ཏྲ་ཧ་ཎཽ། ལྷ་མིན་གསོད་པ་དག །ཉེ་བའི་ཐུང་ངུ་ཅིའི་ཕྱིར་ 195-1-27a སྨོས་ཤེ་ན། བྲཱ་དཱ་སྟི། དང་པོར་ཡོད། ནའི་མཐའ་ཅན་ནི་ཙ་དང་ཚ་དག་ལ་ཤ་ཡིག་སྟེ་རྗེས་སུ་དབྱངས་ནི་སྔོན་མ་ལའོ། །ན་ཡིག་ཚིག་མཐའ་ལ་བྱུང་ན་ཙ་དང་ཚ་དག་གི་ཕ་རོལ་དུ་ཤ་ཡིག་ཏུ་འཐོབ་སྟེ་རྗེས་སུ་དབྱངས་སྔོན་མ་ལའོ། །བྷ་ཝཱཾཤྩ་ར་ཏི། ཁྱོད་སྤྱོད། བྷ་ཝཱི་ ཤྪཱད་ཡ་ཏི། ཁྱོད་འགེབས། བྷ་ཝཾཤྩྱ་ཝ་ཏེ། ཁྱོད་འཇོག །བྷ་ཝཱཾཤྪྱ་ཝ་ཏེ། ཚུ་ང་ག་ཏཽ། ཡང་ན་རྣམ་པར་གཞག་པ་དྲན་པའི་ཕྱིར། པ་ཤྲཱ་ནཱ་ཙ་ར་ཏི། དེ་ལྟར་གནས་པ་ཡང་ངོ་། །དེ་བཞིན་དུ་གཞན་ལ་ཡང་ངོ་། །དེ་ཉིད་མཐའ་དང་བྲལ་བ་ཞེས་པ་ནི། ཏྭཾ་ཏ་ར་སི། ཁྱོད་སྒྲོལ་བར་བྱེད། ཊ་དང་ཋ་ དག་ལ་ཥ་ཡིག་གོ། །ན་ཡིག་གི་ཚིག་མཐའ་ཅན་ལ་ཊ་དང་ཋ་དག་ལ་ཕྱི་མ་ལ་ཥ་ཡིག་ཏུ་འཐོབ་སྟེ། རྗེས་སུ་དབྱངས་སྔོན་མ་ལའོ། །བྷ་ཝཱཾ་ཥྚཱི་ཀ་ཏེ། ཐིག་ལེའམ་འགྲེལ་པ། བྷ་བཱཾཥྛ་ཀ་རེ་ཎ། ཋ་ཡིག་གིས། ཏ་དང་ཐ་དག་ལ་ས་ཡིག་གོ། །ན་ཡིག་གི་ཚིག་མཐའ་ཅན་ལ་ཏ་དང་ཐ་དག་ལ་ཕྱི་མ་དག་ལ་ ས་ཡིག་ཏུ་འཐོབ་སྟེ། རྗེས་སུ་དབྱངས་སྔོན་མ་ལའོ། །བྷ་ཝཱཾ་སྟྭ་ར་ཏི། སྒྲོལ་བར་བྱེད། བྷ་ཝཱཾ་སྠུ་ཌ་ཏི། སྡེར་མ། པུཾ་སྐོ་ཀི་ལཿ ཁུ་བྱུག་ཕོ། པུཾ་སླ་ལ་ནཾ། སྐྱེས་བུ་མ་རུངས་པ། པུཾཤྩ་ཀོ་ར །བྱ་ཙ་ཀོ་ར། པུཾ་ཥྩྪཏྲཾ། པུཾཥྚིཊྚ་བྷཿ། བྱ་ཊིཌྜ་བྷ།ཾ པུཾ་སྥ་ལ་ནཾ། འབྲས་སོ་བ། པུཾཤྩ་ར་ཏི། སྐྱེས་ བུ་ནི་ཤི་ཊ་མ་ཡིན་པ་དབྱངས་མེད་པའི་ཡུལ་ལ་སྦྱོར་བའི་མཐའ་ལ་དབྱི་བར་མ་ངེས་པའི་ཕྱིར། ཇི་ལྟར་ཐོབ་པ་ཙམ་མོ། །ཤི་ཊ་མ་ཡིན་པ་ནི་ཅིའི་ཕྱིར་ན་པུཾ་ཤ་རཿ དེ་ཤི་ཊཱའོ། །ལ་ལའོ། །ན་ཡིག་ཚིག་མཐའ་ཅན་ལ་ཕ་རོལ་ལར་འཐོབ་བོ། །རྗེས་དབྱངས་དང་བྲལ་བ་སྟེ། བྷ་ཝཱལླུ་ནཱ་ཏི། གཅོད་པར་བྱེད། བྷ་ཝལླེ་ཁ་ཏི། འདྲི། རྗེས་དབྱངས་ཀྱི་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཛ་ཛྷ་ཉ་ཤའི་ཡི་གེ་རྣམས་ལ་ཉ་ཡིག་གོ། །ན་ཡིག་ཚིག་མཐའ་ཅན་ནི་ཛ་ཛྷ་དང་ཉ་དང་ཤ་རྣམས་ལ་ཉ་ཡིག་ཏུ་འཐོབ་བོ། །བྷ་ཝཱཉྫ་ཡ་ཏི། བྷ་ཝཱཉྫྷ་ཥ་ཡ་ཏི། བྷ་ཝཱཉྙ་ཀཱ་རེ་ཎ། བྷ་ཝཱཉྴེ་ཏེ། ཉལ། ཤེ་ལ་ ཉ་ཡིག་སྟེ། ཚིག་གི་དབུས་ལ་ཙ་དང་ཊའི་སྡེ་ཚན་རྣམས་བསྟན་པ་ཞེས་པ་ནི་ཛ་ཛྷ་ཉ་ཤའི་ཡི་གེ་རྣམས་ལ་ཉ་ཡིག་ཏུ་སྒྲུབ་པ་ཡིན་ནོ། །ཤ་ལ་ཡང་ན་ན་དང་ཙའོ། །ན་ཡིག་ཚིག་མཐའ་ལ་ཕ་རོལ་ཤ་ཡིག་ལ་ཡང་ན་ན་དང་ཙར་འཐོབ་སྟེ། བྷ་ཝཱཉྴཱུ་རཿ། བྷ་བཱཉྩྪཱུ་རཿ། བྷ་ཝཱཀྴ་ཡ་ནཾ། བྷ་ཝཱཉྪ་ཡ་ནཾ། 195-1-27b ཀུརྦཉྴཱུ་རཿ། ཀུརྦཉྩྪཱུ་རཿ། པྲ་ཤཱཉྩྴ་ཡ་ནཾ། པྲ་ཤཱཉྩྪ་ཡ་ནཾ། ཉལ་བ། ན་ཉིད་དུ་འགྲོ་བ་མ་ཡིན་ནོ། །རྗེས་དབྱངས་སྡེ་ཚན་གྱི་མཐའི་དེ་ཉིད་ཡིན་ནོ། །ཡང་ན་འདིར་སྡུད་པ་ལའོ། །ཌ་ཌྷ་ཎ་ཕ་རོལ་ལ་ཎ་ཡིག་གོ། །ཌ་དང་ཌྷ་དང་ཎ་རྣམས་ཕ་རོལ་ལ་ཎ་ཡིག་ཏུ་འཐོབ་སྟེ། བྷ་ཝཱཎྜི་ནཾ། བྷ་ཝཱཎྜྷོ་ཀ་ཏེ། བྷ་ཝཱཎྞ་ཀཱ་རེ། ཎ་ ཏུའི་སྒྲས་ཡང་ན་མི་འཇུག་པའི་དོན་ནོ། །མ་ནི་གསལ་བྱེད་ལ་རྗེས་སུ་དབྱངས་སོ། །མ་ཡིག་ནི་སླར་ཡང་མཐའ་ལ་རྗེས་སུ་དབྱངས་འཐོབ་སྟེ། གསལ་བྱེད་ཕ་རོལ་ལའོ། །ཏྭཾ་ཡ་སི། ཁྱོད་སོང་། ཏྭཾ་ར་མ་སེ། དགའ། མཐའ་ཅིའི་ཕྱིར་སྨོས་ཤེ་ན། གམྱ་ཏེ། འགྲོ་བར་བྱ། ཅིའི་ཕྱིར་རྗེས་སུ་དབྱངས་ སྨོས་ཤེ་ན། མིང་སྔོན་དུ་འགྲོ་བ་ཅན་གྱི་ཆོ་ག་རྟག་ཏུ་མ་ཡིན་ཏེ། ས་མྲཱ་ཊཱ། སམྲཱ་ཛཽ། །སྡེ་ཚན་དེ་ལ་སྡེ་ཚན་དེའི་ལྔ་པར་ཡང་ན་རུང་ངོ་། །རྗེས་དབྱངས་ནི་མཐའ་ལ་ཕ་རོལ་གྱི་སྡེ་ཚན་ལ་ལྔ་པར་ཡང་ན་འཐོབ་སྟེ། ཏྭཾ་ཀ་རོ་ཥི། ཁྱོད་ཀྱིས་བྱེད། ཏྭངྐ་རོ་ཥི། ཏྭཾ་ཙ་རོ་སི། སྡེ་ཚན་ཅིའི་ཕྱིར་སྨོས་ཤེ་ན། ཏྭི་ལུ་ནཱ་སི་ཞེས་པ་ནི་བགྲོད་པར་དཀའ་བའི་སེང་གེའི་འགྲེལ་པ་ལས་མཚམས་སྦྱོར་བཞི་པ་རྫོགས་སོ།། །།ཚེག་དྲག་ནི་ཙ་དང་ཚ་ལ་ཤའོ། །རྣམ་པར་གཅད་པ་ནི་ཕ་རོལ་ཙ་དང་ཚ་དག་ལ་ཤ་ཡིག་ཏུ་འཐོབ་སྟེ། ཀཤྩ་ར་ཏི། ཀཤྪཱ་ད་ཡ་ཏི། ཊ་དང་ཋ་ལ་ཥའོ། །རྣམ་པར་གཅད་པ་ཕ་རོལ་ཊ་དང་ཋ་དག་ ལ་ཥ་ཡིག་ཏུ་འཐོབ་སྟེ། འམ་གྱི་སྒྲ་ནི་སོ་སོར་རེ་རེ་བ་དང་བསྡུ་བའི་དོན་ནོ། །ཀཥྚཱི་ཀ་ཏེ། ཀཥྛ་ཀཱ་རེ་ཎ། ཏ་དང་ཐ་ལ་སའོ། །ཚེག་དྲག་ནི་ཕ་རོལ་དུ་ཏ་དང་ཐ་ལ་ས་ཡིག་ཏུ་འཐོབ་སྟེ། ཀསྟ་རསྟི། ཀསྠཱུ་ལ་ཡ་ཏི། ཀཱ་རསྐ་རཱ་ད་ཡཿཞེས་པ་ལ་སོགས་པའི་སྒྲ་འཇིག་རྟེན་ལ་གྲུབ་པའོ། །ཀ་དང་ཁ་དག་ ལ་ཡང་ན་ལྕེའི་རྩ་བ་ཅན་ནོ། །ཚེག་དྲག་ནི་ཕ་རོལ་དུ་ཀ་དང་ཁ་དག་ལ་ཡང་ན་ལྕེའི་ཙོ་བ་ཅན་འཐོབ་སྟེ། ཀྈྐ་རོ་ཏི། ཀཿ ཀ་རོ་ཏི། གང་བྱེད། ཀྈྑ་ན་ཏི། ཀཿ ཁ་ན་ཏི། གང་རྐོ་བར་བྱེད། པ་དང་ཕ་དག་ལ་ཡང་ན་མཆུ་ཅན་ནོ། །ཚེག་དྲག་ནི་ཕ་རོལ་དུ་པ་དང་ཕ་དག་ལ་མཆུ་དང་ལྡན་པ་སྟེ། ཡང་ན་མ་ཡིན་ནོ། །ཀ་ྉྤ་ལ་ཏི། ཀཿ ཕ་ལ་ཏི། འབྲས་བུ་གང་བྱེད། ཀྉྤ་ཙ་ཏི། གང་ཚེ་དང་རྣམ་པར་གཞག་པ་རྣམ་པར་བཤད་པའི་དབྱངས་མེད་པ་ཕ་རོལ་ཤིཊ་ལ་ཤ་ལ་སོགས་པ་རྣམས་ལ། པུ་རུ་ཥཿ ཏྶ་རུ་ཀཿ། སྐྱེས་བུའི་རལ་གྲིའི་ཡུ་བ། ཝཱ་སཿ ཀྵོ་མཾ། ཟར་མའི་གོས། 195-1-28a ཨདྦྷིཿ པྶཱ་ཏཾ། ཆུ་འདོད་པ། ཤ་དང་ཥ་དང་ས་ལ་ཕ་རོལ་གྱི་གཟུགས་ལ་ཡང་ནའོ། །ཚེག་དྲག་གི་ཕ་རོལ་དུ་ཤ་དང་ཥ་དང་ས་རྣམས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ན་འཐོབ་སྟེ། ཀཤྴེ་ཏེ། ཀཿཤེ་ཏེ། གང་ལ་ཉལ། ཀཥྵ་ཎ་ཌེ། ཀཿཥ་ཎ་ཌེ། ཟ་མ་གང་། ཀསྶཱ་དྷུཿ། ཀཿ སཱ་དྷུཿ། གང་ལེགས། ཙ་ཊ་ཉིད་ཅེས་པའི་བྱེད་པ་མེད་པས་རྣམ་པར་གཅད་བྱ་བསྒྱུར་བ་ནི་སྒྲ་མེད་ལ་དང་པོར་འགྱུར་བ་མ་ཡིན་ནོ། །ཚེག་དྲག་དབྱངས་མེད་པ་ལ་དང་པོའོ་ཞེས་ཀུན་ནས་བསྟན་པར་མི་འགྱུར་ཏེ། ཀཤྩ་ར་ཏི་ཞེས་པ་ལ་སོགས་པ་རྣམས་ལ་ཡང་དེ་ལྟ་བུ་ཉིད་དོ། །ཨ་ཡིག་དག་གི་དབུས་ སུ་ཨུའོ། །ཨ་ཡིག་གཉིས་ཀྱི་དབུས་སུ་ཚེག་དྲག་ནི་ཨུར་འཐོབ་སྟེ། ཀོ྅ཏྲ། ཀོ྅རྠཿ། སླར་ཡང་འདིར་ཞེས་པ་ནི་རང་བཞིན་ཕ་རོལ་ཉིད་ཀྱི་ཕྱིར་ར་ཡིག་ཡིན་ནོ། །ཨ་དང་དབྱངས་དང་འདྲ་བ་དག་ལས་ཀྱང་ངོ་། །ཨ་ཡིག་དང་དབྱངས་འདྲ་བ་དག་གི་དབུས་སུ་ཚེག་དྲག་ཨུར་འཐོབ་སྟེ། ཀོ་གཙྪ་ཏི། གང་འགྲོ་བར་བྱེད། དབྱངས་དང་མི་འདྲ་བ་ཅི་ལྟ་བུ་ཞེ་ན། ཀཿ ཤེ་ཏེ། གང་ལ་ཉལ། ཨའི་ཕ་རོལ་དུ་དབྱི་བའམ་ཡང་ན་དབྱངས་གཞན་ལ་ཡའོ། །ཨ་ཡིག་ལས་ཕ་རོལ་དུ་ཚེག་དྲག་དབྱི་བའང་གཞན་དུ་བཤད་པའི་དབྱངས་ལ་ཡང་ན་ཡ་རུ་འཐོབ་སྟེ། ཀ་ཨི་ཧ། ཀ་ཡི་ཧ། ཀ་ཨུ་པ་རི། ཀེ་ཡུ་པ་རི། ཨའི་ཕ་རོལ་ཅིའི་ཕྱིར་སྨོས་ཤེ་ན། ཨགྣིར་ཏྲའམ་ནི་འདིར་བསྡུ་བ་སྟེ། འདིར་ཡ་ཡིག་ནི་ཅུང་ཟད་མཆོག་ཏུ་གསལ་བའོ། །ཨཱ་དང་བྷོ་དག་ལས་དབྱངས་ལ་ཇི་ལྟ་བ་དེ་བཞིན་ནོ། །ཨཱ་ཡིག་དང་བྷོའི་སྒྲ་དག་ལས་ཕ་རོལ་དུ་ཚེག་དྲག་དེ་དེ་བཞིན་དུ་སྟེ་ཕ་རོལ་གྱི་དབྱངས་ལའོ། །དེ་ཝཱ་ཨཱ་ཧུཿ། དེ་ཝཱ་ཡཱ་ ཧུཿ། བྷོ་ཨ་ཏྲ། བྷོ་ཡ་ཏྲོ། བྷོ་ཞེས་པ་ནི་བོད་པའི་ཚིག་གི་ཨོའི་མཚན་ཉིད་དོ་ཞེས་པ་འགའ་ཞིག་གོ། །དེས་ན། བྷ་གོ་ཨ་ཏྲ། བྷ་གོ་ཡ་ཏྲ། ཨ་གྷོ་ཨ་ཏྲ། ཨ་གྷོ་ཡ་ཏྲ། ཨ་ཡིག་ལས་ཅུང་ཟད་མཆོག་ཏུ་གསལ་བར་བྱས་པའོ། །ཨོ་ཡིག་ཀྱང་ཅུང་ཟད་མཆོག་ཏུ་གསལ་བའོ། །དེ་དེ་བཞིན་ནོ་ཞེས་ གཟུང་བ་ནི་རྟག་ཏུ་དབྱི་བ་བཀག་པའི་འདམ་ཀ་ཅན་ནོ། །དབྱངས་དང་འདྲ་བ་ལ་དབྱིའོ། །ཨཱ་ཡིག་དང་བྷོའི་སྒྲ་དག་ལས་ཕ་རོལ་དབྱངས་དང་འདྲ་བ་ལ་ཕ་རོལ་དུ་ཚེག་དྲག་དབྱི་བ་འཐོབ་སྟེ། དེ་ཝཱ་ག་ཏཱཿ། བྷོ་ཡཱ་སི། བྷ་གོ་པྲ་ཛ། ཨ་གྷོ་ཡ་ཛ། དྲང་སྲོང་མཆོད། དབྱི་བ་བཟུང་བ་ནི་ཡ་བ་ཞེས་པ་མི་ 195-1-28b འཇུག་པའི་དོན་ནོ། །ནཱ་མའི་ཕ་རོལ་དུ་རའོ། །ནཱ་མི་ཅན་གྱི་ཕ་རོལ་དུ་ཚེག་དྲག་རར་འཐོབ་སྟེ་ལྟོས་པ་མེད་པར་རོ། །སུ་པཱིཿ། སུ་ཏཱུཿ ཚིག་འདི་ཨི་རཱུ་རོའི་དོན། །དབྱངས་དང་འདྲ་བ་དང་དབྱངས་ཀྱི་ཕ་རོལ་དུའོ། །ནཱ་མི་དང་ལྡན་པའི་ཕ་རོལ་དུ་ཚེག་དྲག་དབྱངས་དང་འདྲ་བ་དང་། དབྱངས་ཀྱི་ཕ་རོལ་དུ་ ར་རུ་འཐོབ་སྟེ། ཨགྣི་རྒ་ཏཿ། ཨགྣི་ར་ཏྲ། པ་ཊརྦ་ད་ཏི། པ་ཊུ་ར་ཏྲ། རང་བཞིན་གྱི་ར་ནི་ནཱ་མི་མ་ཡིན་པའི་ཕ་རོལ་དུ་ཡང་ངོ་། །རང་བཞིན་གྱི་ར་ཡིག་གི་ཚེག་དྲག་ནི་ནཱ་མིའི་ཕ་རོལ་ལམ་ནཱ་མིའི་མ་ཡིན་པའི་ཕ་རོལ་དུ་དབྱངས་དང་མི་འདྲ་བ་དང་དབྱངས་དང་འདྲ་བའི་ཕ་རོལ་དུ་ཡང་རར་འཐོབ་སྟེ། གཱིརྦ་ཏིཿ། གཱིཿ པ་ཏིཿ། དྷུརྦ་ཏིཿ། དྷཱུཿ པ་ཏིཿ། དབྱངས་དང་དབྱངས་དང་འདྲ་བ་རྟག་ཏུ་སྟེ། པི་ཏ་ར་ཏྲ། པི་ཏརྱ་ཏཿ། ར་ཡིག་མ་ཡིན་པའི་རང་བཞིན་དུ་ཡིན་ཡང་། ཧེ་པྲ་ཙེ་ཏཱཿ རཱ་ཛན། ཧེ་པྲ་ཙེ་ཏོ་རཱ་ཛན་ཞེས་སོ། །ཨུ་ཥརྦུ་དྷཿ། ཨཧྣ་རེ་ཕ་མ་ཡིན་པ་ལས་ཏེ། ཨ་ཧརྦ་ཏིཿ། ཨ་ཧཿབ་ཏིཿ། ཨ་ཧརྒ་ཎཿ། ཨ་ཧ་ར་ཏྲ། ར་ཡིག་ལ་ནི། ཨ་ཧོ་ར་ཏྲཿ ཨ་ཧོ་རུ་པཾ། ཨེ་ཥ་དང་ས་དག་གི་ཕ་རོལ་དུ་གསལ་བྱེད་ལ་དབྱིའོ། །ཨེ་ཥ་དང་ས་དག་ལས་ཕ་རོལ་དུ་ཚེག་དྲག་དབྱི་བར་བྱའོ། །ཕ་རོལ་གསལ་བྱེད་ལའོ། །ཨེ་ཥ་པ་ཙ་ཏི། པ་ཌི་ཀ་སྟེ། ཨེ་ཥ་ཤ་སྟི། ས་པ་ཙ་ཏི། ཕྱི་མ་ལས་སྔོན་མ་ལ་སྒྲུབ་པ་བཀག་ པའོ། །ཨ་པའི་དབང་དུ་བྱས་པ་ལས་ཡང་ན་རང་བཞིན་དུ་གཟུང་བའི་ཕྱིར་རོ། །ཨེ་ཥ་ཀཿ ཀ་རོ་ཏིཿ ས་ཀཿ ཀོ་རོ་ཏི། ཨ་ནེ་ཥོ་གཙྪ་ཏི། དེ་མི་འགྲོ་ཨཀ྄་དང་། ནཉ྄འི་བསྡུ་བ་ལ་ཚེག་དྲག་དབྱི་བར་མི་འགྱུར་རོ། །ཚེག་དྲག་ཕྱིས་ནས་སླར་ཡང་མཚམས་སྦྱོར་བ་མེད་དོ། །ཚེག་དྲག་དབྱི་བར་བྱས་ ནས་སླར་ཡང་མཚམས་སྦྱོར་བར་འགྱུར་བ་མ་ཡིན་ནོ། །གཞན་དུ་དབྱི་བར་བྱས་པ་འདི་ལྟ་བུ་སྟེ། ཀ་ཨི་ཧ། དེཝཱ་ཨཱ་ཧུ། བྷོ་ཨ་ཏྲ། ཚེག་དྲག་གི་སྐབས་སུ་སླར་ཡང་ཚེག་དྲག་སྨོས་པ་ནི་ཚེག་དྲག་ཕྱི་མ་ལ་མི་འཇུག་པའི་དོན་ནོ། །དེས་ན་ཨེ་ཥ་ཙྪ་ཏྲེ་ཎ། རང་བཞིན་གཉིས་སུ་གྲུབ་པོ། ར་ལ་ར་དབྱི་ཞིང་། དབྱངས་སྔོན་མ་རིང་པོར་འགྱུར་རོ། །ར་ལ་ར་དབྱི་བར་འཐོབ་སྟེ། དབྱི་བར་སྔོན་མ་ཡང་རིང་པོར་འགྱུར་རོ། །ཨགྣཱི་ར་ཐེ་ན། པུ་ནཱ་རཱ་ཏྲི། ཨུཙྪཻ་རཽ་ཏི་མཱ་ཡུརཿ དབྱངས་ལས་ཕ་རོལ་དུ་ཚ་ཡིག་གཉིས་སོ། །དབྱངས་ལས་ཕ་རོལ་དུ་ཚ་ཡིག་ནི་རང་བཞིན་གཉིས་སུ་འཐོབ་ 195-1-29a སྟེ། བྲྀཀྵཙྪ་ཡཱ། ཨིཙྪ་ཏི། ཨ་པའི་དབང་དུ་བྱས་པ་ལས་རིང་པོ་ལས་ཚིག་གི་མཐའ་ལ་ཡང་ནའོ། །ཀུ་ཊཱིཙྪ་ཡ། ཀུ་ཊཱི་ཚ་ཡཱ། ཨཱང་དང་། མཱ་ཏ་དག་ལ་རྟག་ཏུ་སྟེ། ཨཱཙྪ་ཡཱ། མཱཙྪ་ད་ཏུཿ། ཞེས་པ་ནི་བགྲོད་པར་དཀའ་བའི་སེང་གེའི་འགྲེལ་པ་ལས་མཚམས་སྦྱོར་ལྔ་པ་ རྫོགས་སོ།། །།ཁམས་དང་རྣམ་པར་དབྱེ་བ་སྤངས་པའི་དོན་དང་ལྡན་པ་ལ་རྟགས་སོ། །བརྗོད་བྱའི་དོན་ལ་ཁམས་དང་རྣམ་པར་དབྱེ་བ་མ་གཏོགས་པ་དོན་དང་ལྡན་པ་ལ་རྟགས་ཞེས་བྱའོ། །བྲྀཀྵཿ ཀུཎྜཾ། ཀུ་མཱ་རཱི། ཌི་ཐེཿ། རཱ་ཛ་བུ་རུ་ཥ། ཨཽ་པ་ག་བཿ། ཀཱ་ར་ཀཱ། ཁམས་དང་རྣམ་དབྱེ་སྤངས་པ་ ཅིའི་ཕྱིར་སྨོས་ཤེ་ན། ཨ་ཧ་ན། བྲྀཀྵཱ་ན། དོན་དང་ལྡན་པ་ཅིའི་ཕྱིར་སྨོས་ཤེ་ན། བྲྀཀྵ་ཞེས་པའི་པ་རི་ཀ་ཥ་རྣམས་ཀྱི་རེ་རེ་ལ་རྟགས་ཤེས་པར་མི་འགྱུར་རོ། །དེ་བཞིན་དུ་རྒྱལ་པོའི་ཆོས་ལུགས་བསྙོན་པའི་ཚིག་ཅེས་པ་ཡང་ངོ་། །རྟགས་རབ་ཏུ་བསྟན་པ་ནི་རྟགས་ཀྱི་མཐའ་ལ་ན་ཡིག་དབྱིའོ་ཞེས་བྱ་བ་ ལ་སོགས་པ་ལྟ་བུའོ། །དེའི་ཕྱིར། ཕ་རོལ་རྣམས་ལ་རྣམ་དབྱེ་རྣམས་ཏེ། སི། ཨཽ། ཛས་དང་པོ་རྣམས་སོ། །ཨམྲ། ཨཽ། ཤས་གཉིས་པའོ། །ཊཱ་བྷྱཱཾ། བྷིས་གསུམ་པའོ། །དེ་བྷྱཱཾ། བྷྱསྲ་བཞི་པའོ། །ང་སི། བྷྱཱཾ། བྷྱས྄་ལྔ་པའོ། །ངས྄། ཨོས྄། ཨཱམ྄་དྲུག་པའོ། །ངི་། ཨོས། སུ་པྲ་བདུན་པའོ། །དེའི་ ཕྱིར་དོན་དང་ལྡན་པའི་རྟགས་ལས་ཕ་རོལ་རྣམས་ལ་སི་ལ་སོགས་པའི་རྣམ་དབྱེ་རྣམས་སུ་འགྱུར་ཏེ། དྲྀ་ཤཏ྄། དྲྀ་ཤ་དཽ། དྲྀ་ཤ་དཱཿ། དེ་བཞིན་དུ་ཀུ་མཱ་རཱི། ཀུ་མཱ་རྱཽ། ཀུ་མཱ་རྱཿ ཁ་ཊྭཱ། ཁ་ཊྭཽ། ཁ་ཊྭཱཿ། དོན་གྱི་རྣམ་པ་འབྱེད་པའི་ཕྱིར་རྣམ་དབྱེ་ཞེས་བརྗོད་པར་བྱའོ། །དང་པོ་ལྔ་ནི་གྷྲུཊ྄འོ། །སི་ལ་སོགས་ པའི་རྣམ་དབྱེ་རྣམས་ཀྱི་ཚིག་དང་པོ་ལྔ་ལ་གྷུཊ་ཞེས་བྱ་སྟེ། སི། ཨཽ། ཛསྲ། ཨམྲ། ཨཽ་རྣམས་སོ། །གྷུཊ་རབ་ཏུ་བསྟན་པས་ནི་གྷུཊ་བོད་པ་ལ་མ་ཡིན་ནོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཛས་དང་ཤས་ནི་མ་ནིང་ལའོ། །ཛྲས་དང་ཤས་དག་ནི་མ་ནིང་གི་རྟགས་ལ་གྷུཊའི་མིང་ཅན་དུ་འགྱུར་རོ། །སཱ་མཱ་ནི་ཏིཥྛ་ན་ ཏི། སཱ་མཱ་ནི་པ་ཤྱ། རིག་བྱེད། ན་ནིང་ལས་ཛས་ཤས་ཁོ་ན་གྷུ་ཊར་ངེས་པའི་ཕྱིར་ཏེ། ཝཱ་རི་ཎཱི། ཛ་ཏུ་ནཱི། །བོད་པའི་སི་ནི་སམ་བུདྡྷིའོ། །གྲུབ་པ་སྔོན་དུ་བྱེད་པ་ནི་བོད་པའོ། །བསྒྲུབ་བྱ་དེའི་དོན་ལ་སི་ནི་སཾ་བྷུདྡྷིའི་མིང་ཡིན་ཏེ། ཧེ་ཨམྦ། ཧེ་ཨཀྐ། ཧེ་པྲྀཀྵ། སཾ་བུདྡྷི་རབ་ཏུ་བསྟན་པ་ནི་སཾ་བུདྡྷི་ཙ་ 195-1-29b ཞེས་པ་ལ་སོགས་པ་ལྟ་བུའོ། །ཨཱ་ག་མ་ནི་ཨུ་རྗེས་སུ་འབྲེལ་པ་སྟེ། མཐའ་ལས་ཕ་རོལ་དུ་དབྱངས་ལས་སོ། །རང་བཞིན་དང་རྐྱེན་དག་ལས་མ་སྐྱེས་པའི་བྱེད་པ་ནི་ཨཱ་ག་མར་བརྗོད་པར་བྱ་སྟེ། ཨཱ་ག་མ་ནི་ཨུ་དང་རྗེས་སུ་འབྲེལ་པ་སྟེ། མཐའ་ལས་ཕ་རོལ་དུ་དབྱངས་ལས་སོ། །ཡོངས་སུ་ བཤད་པ་ལ་སྟེ། པདྨཱ་ནི། པ་ཡཱཾ་སི། ཅིའི་ཕྱིར། ཨཱ་ག་མ་སྨོས་ཤེ་ན། བིཏྱུ་ཏྭཱ་ན྄། ཨུ་དང་རྗེས་སུ་འབྲེལ་པ་ནི་ཨཱ་ག་མའི་རྟགས་སོ། །གསུམ་པ་ལ་སོགས་པ་ནི་ཕ་རོལ་གྱི་དང་པོ་ལའོ། །ཨུ་དང་རྗེས་སུ་འབྲེལ་པའི་ཨཱ་ག་མ་ནི་གསུམ་པ་ལ་སོགས་པའི་རྣམ་དབྱེ་ཕ་རོལ་གྱི་དང་པོ་ལ་སྟེ། སཪྺསྱཻ། སཪྺེ་ཥཱཾ། བྲིཀྵཱ་ཎཱཾ། ཏུའི་སྒྲ་ནི་གསུམ་པའི་དང་པོའི་སྐབས་སུ་མི་འཇུག་པའི་དོན་ནོ། །ཨི་དང་ཨུ་ནི་ཨགྣེའོ། །ཨི་ཡིག་དང་ཨུ་ཡིག་ནི་ཨགྣེའི་མིང་ཅན་ཏེ། ཨགྣེཿ། བ་ཊཱུཾ། ཅིའི་ཕྱིར་ཨི་ཨུ་སྨོས་ཤེ་ན། སེ་ནཱ་ནྱཱཾ། ཡ་བ་ལྭཾ། ཨགྣི་རབ་ཏུ་བསྟན་པ་ནི། ཨགྣི་ལ་ཨམྲའི་ཨ་ཡིག་གོ་ཞེས་པ་ལ་སོགས་པ་ལྟ་བུའོ། ། ཨཱིཏ་ཨཱུཏ་མོར་བཤད་པ་ལ་ན་དཱིའོ། །ཨཱི་དང་མཱུ་ཞེས་པ་དེ་དག་མོར་བཤད་པ་ལ་ནཱ་དཱི་མིང་དག་ཏུ་འགྱུར་ཏེ། ན་དྱེེ། བདྷྭེེ། ཏ་ཕ་རོལ་དུ་བྱེད་པ་ནི། ཐེ་ཚོམ་མེད་པའི་དོན་ནོ། །ཅིའི་ཕྱིར་མོ་སྨོས་ཤེ་ན། སེ་ནཱ་ནྱེ། ཡ་བ་ལྭེ་ན་དཱི་རབ་ཏུ་བསྟན་པ་ནི་ན་དྱཱ་ཨཻ་ཨཱས྄། ཨཱས྄་ཨཱམ྄་ཞེས་པ་ལྟ་བུའོ། །ཨཱ་ནི་ ཤྲདྡྷཱའོ། །ཨ་ཡིག་མོར་བཤད་པ་གང་ཡིན་པ་དེ་ཤྲདྡྷཱའི་མིང་ཅན་ཡིན་ཏེ། ཤྲདྡྷཱ། མཱ་ལཱ། ཅིའི་ཕྱིར་མོ་སྨོས་ཤེ་ན། ཀཱི་ལཱ་ལ་པཱཿ། ཤྲདྡྷཱ་ལས་སི་དབྱིའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །མཐའ་ལས་སྔོན་མ་ནི་ཨུ་པ་དྷཱའོ། །རྟགས་སམ་ཁམས་ཀྱི་མཐའ་ལས་ཡི་གེ་གང་སྔོན་མའི་ཡི་གེ་དེ་ཨུ་པ་ དྷཱའི་མིང་ཅན་ཡིན་ཏེ། རཱ་ཛནའི་ཨ་ཡིག་དང་། བྷི་ཏིའི་ཨི་ཡིག་དང་། བྲྀ་ཏའི་རྀ་ཡིག་སྟེ། རཱ་ཛཱ། བྷེ་ཏཱ། ཝརྟ་ཏེ། ཨུ་པ་དྷཱ་རབ་ཏུ་བསྟན་པ་ནི་ཨའི་ཨུ་པ་དྷཱ་རིང་པོར་འགྱུར་ཞིང་ནཱ་མི་ལ་འཕེལ་བའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །གསལ་བྱེད་རྣམས་ལས་ན་ནི་ཨ་ནུ་ཥཾ་གའོ། །རྟགས་སམ་ཁམས་ ཀྱི་མཐའ་ལས་གསལ་བྱེད་ལས་སྔོན་མའི་ན་ཡིག་གང་ཡིན་པ་དེ་ཨ་ནུ་ཥཾ་གའི་མིང་ཅན་ཡིན་ཏེ། བི་དུ་ཥཿ ཤྲ་སྱ་ཏེ། ཟག་པ། ཅིའི་ཕྱིར་ན་སྨོས་ཤེ་ན། ཨཱུརྒ་བྷྱཱཾ་སྟོབས་དག་ལས་ཨུ་པྫ་བ་ལེ། ཨ་ནུ་ཥཾ་ག་རབ་ཏུ་བསྟན་པ་ནི་ཨ་ནུ་ཥཾ་ག་ནི་ཡང་ཀྲུཉྩ་མ་ཡིན་པ་ལའོ་ཞེས་པ་ལ་སོགས་པ་ 195-1-30a ལྟ་བུའོ། །དྷུཊ་ནི་གསལ་བྱེད་ལ་མཐར་གནས་དང་སྣ་ལྡན་སྤངས་པའི་གསལ་བྱེད་རྣམས་ནི་དྷུཊ་མིང་ཅན་ཡིན་ཏེ། བ་ཡཱཾ་སི། ཨ་པཀྟ། དེ་རིང་འཚེད། ཅིའི་ཕྱིར་མཐར་གནས་དང་སྣ་ལྡན་མ་ཡིན་པ་སྨོས་ཤེ་ན། ཙ་ཏྭཱ་རི། ཨ་མཾ་ཏ། དེ་རིང་ཤེས། དྷུ་ཊ་རབ་ཏུ་བསྟན་ པ་ནི་དྷུ་ཊ་ཡང་དྷུཊ྄་ལའོ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཨ་ཡིག་རིང་པོར་འགྱུར་ཏེ་དབྱངས་དང་འདྲ་བ་ལའོ། །ཨ་ཡིག་གི་རྟགས་ཀྱི་མཐའ་ལ་དབྱངས་དང་འདྲ་བའི་རྣམ་དབྱེ་ལ་རིང་པོར་འཐོབ་སྟེ། ཨཱ་བྷྱཱཾ། བྲྀཀྵཱ་ཡ། བིཀྵཱ་ཎཱཾ། ཅིའི་ཕྱིར་དབྱངས་དང་འདྲ་བ་སྨོས་ཤེ་ན། བྲྀཀྵཿ ཛས་ལ་ཡང་ངོ་། ། ཨ་ཡིག་གི་རྟགས་ཀྱི་མཐའ་ལ་ཕ་རོལ་ཛས་ལ་ཡང་རིང་པོར་འཐོབ་སྟེ། བྲྀཀྵཱཿ ཨ་ཡིག་དབྱི་བ་འཐོབ་བོ་ཞེས་པའི་ཚིག་གོ། །ཤས་ལ་ཡང་སྟེ། ས་ནི་ཡང་ནའོ། །ཨ་ཡིག་གི་རྟགས་མཐའ་ལ་ཕ་རོལ་ཤས་ལ་རིང་པོར་འཐོབ་སྟེ། ས་ནི་ཡང་ན་རུ་འགྱུར་རོ། །བྲྀཀྵཱན། སཱ་ར་སཱ་ན། ཅིའི་ཕྱིར་ན་སི་ལ་ སོགས་པའི་དབང་དུ་བྱས་ཤེ་ན། ཨལ྄་བ་ཤཿ། སྟོ་ཀ་ཤ །ཏ་དྷི་ཏི་ཤ་ས྄འོ། །ཨ་ཡིག་དབྱིའོ། །རྣམ་དབྱེའི་རྟགས་ཀྱི་ཨ་ཡིག་དབྱི་བ་འཐོབ་སྟེ། ཨ་ཡིག་སྤྱིར་བཏང་ལའོ། །བྲྀཀཱཾཿ ཡུཥྨཏ། ཡཿ། སཿ། ཨུ་ཤ་ནཱ། བྷིས྄་ནི་ཡང་ན་ཨི་སུའོ། །ཨ་ཡིག་གི་མཐའི་རྟགས་ལས་ཕ་རོལ་དུ་ བྷིས྄་ཨཻས྄་སུ་ཡང་ན་འགྱུར་ཏེ། བྲིཀྵཻཿ ཡང་ནའི་སྒྲས་ཕྱོགས་གཞན་མཚོན་པར་བྱེད་པ་སྟེ། བྷིས་སམ་ཡང་ན་ཨཻས྄འོ། །ཨཻས྄འི་བྱེད་པ་ནི། ཨ་ཏི་ཛ་རས་ལ་སཻཿཞེས་འགའ་ཞིག་ཏུའོ། །དྷུཊ་ལ་མང་པོ་ལ་ཨེ་ཉིད་དོ། །ཨ་ཡིག་གི་རྟགས་ཀྱི་མཐའ་ལ་མང་པོའི་ཚིག་ལ་དྷུཊྲའི་ཕ་རོལ་དུ་ཨེ་ ཡིག་ཏུ་འགྱུར་ཏེ། ཨེ་ཥུ། བྲྀཀྵེ་བྷྱཿ། ཕ་རོལ་གྱི་ཨེ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་དྷུཊ་སྨོས་ཤེ་ན། བྲྀཀྵཱ་ཎཱཾ། ཏུའི་སྒྲས་རྣམ་པར་བཤད་པ་མི་འཇུག་པའི་དོན་ནོ། །ཨོས྄་ལ་ཡང་ངོ་། །ཨ་ཡིག་གི་རྟགས་ཀྱི་མཐའ་ལས་ཕ་རོལ་ཨོས྄་ལའང་ཨེ་ཡིག་ཏུ་འགྱུར་ཏེ། བྲྀཀྵ་ཡོཿ། ང་སི་ནི་ཨཱཏའོ། ། ཨ་ཡིག་གི་མཐའི་རྟགས་ལས་ཕ་རོལ་ང་སི་ལ་ཨཱཏ་དུ་འགྱུར་ཏེ། བྲྀཀྵཱ་ཏ྄། རིང་པོར་བརྗོད་པ་ལས་ཨ་ཏི་ཛ་ར་སཱཏ྄། ངས྄་ནི་སྱའོ། །ཨ་ཡིག་གི་མཐའི་རྟགས་ལས་ཕ་རོལ་ངས་ལ་སྱ་རུ་འགྱུར་ཏེ། བྲྀཀྵ་སྱ། །ཊཱ་ནི་ཨི་ནའོ། །ཨ་ཡིག་གི་མཐའི་རྟགས་ལས་ཕ་རོལ་གྱི་ཊཱ་ནི་ཨི་ནར་འགྱུར་ཏེ། 195-1-30b བྲྀཀྵེ་ཎ། ཊཱ་ཨི་ནར་བྱས་ན་འགྲུབ་མོད་དེ། ཨི་ན་དང་པོ་བརྗོད་པས་ཨི་ན་དེ་ཉིད་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། དེ་ཡིས་ཨ་ཏི་ཛ་ར་སི་ན་ཀུ་ལེ་ན། སོ་སོར་སྦྱར་བས་བྱིས་པ་རྣམས་ཀྱིས་རྟོགས་པར་སླ་བའི་ཕྱིར་རོ། །དེ་ལ་ནི་ཡའོ། །ཨ་ཡིག་གི་མཐའི་རྟགས་ལས་ཕ་རོལ་གྱི་དེའི་ཚིག་ལ་ཡར་ཀུན་ནས་ བསྟན་ཏེ། བྲྀཀྵཱ་ཡ། །སྨཻ་ནི་མིང་ཐམས་ཅད་པ་ལའོ། །ཨ་ཡིག་གི་མཐའ་ལས་མིང་ཐམས་ཅད་པའི་རྟགས་ལས་ཕ་རོལ་དེའི་ཚིག་ལ་སྨཻ་རུ་འགྱུར་ཏེ། སཪྺ་སྨཻ། བི་ཤྭ་སྨཻ། ཐམས་ཅད་རྣམས་ཀྱི་ནཱ་མ་ཞེས་ཅིའི་ཕྱིར་སྨོས་ཏེ། བི་ཤྭའི་མིང་ལ་འགའ་ཞིག་ཏུ་བི་ཤྭ་རིམ་པ་ལས་འདས་ཏེ། བི་ཤྭཱ་ ཡཿ། ཨ་ཏི་བི་ཤྭཱ་ཡ། ཏཱི་ཡ་ལ་གཉིས་སུ་བརྗོད་པར་བྱ་སྟེ། དྭི་ཏཱི་ཡ་སྨཻ། དྭི་ཏཱི་ཡཱ་ཡ། ཏྲི་ཏཱི་ཡ་སྨཻ། ཏྲི་ཏཱི་ཡཱ་ཡ་མིང་ཐམས་ཅད་པ་དེ། གང་ཞེ་ན། སཪྺ། བི་ཤྭ། ཨུ་བྷ། ཨུ་བྷ་ཡ། ཨནྱ། ཨནྱ་ཏ་ར། ཨི་ཏ་ར། ཀ་ཏ་ར། ཀ་ཏ་ར། ཨུཏྟ་མ། བྲི་ཏའོ། །ཏྭ། ནེ་མ། ས་མ། སི་མ། པུརྦ། པ་ར། ཨ་ཝ་ར། དཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་དྷ་ར་ཎི་རྣམས་ནི་རྣམ་པར་གཞག་པའི་མིང་མེད་པའོ། །གཞན། མཆོག །གཞན། གཞན། ཕྱི་མ་མཆོག །འཇུག་པ། ཉིད། དུས། མཚུངས་མཚམས། རང་གི་ཉེ་དུ་མ་ཡིན་པ་ནོར་བཤད་པ་ལ་ནང་དང་ཕྱི་རོལ་སྦྱོར་བ་ལ་ཨུ་པ་དང་སཾ་དང་མི་ ཟད་པ་འདི་དག་སྟེ། བྲྀ་ཏའོ། །ཏྱད྄། ཏད྄། ཡད྄། ཨ་དས྄། ཨི་དམ྄། ཨེ་ཏཏ྄། ཨེ་ཀ །ཀི། མ། དྭི། ཡུཥྨད། ཨསྨད། བྷ་བནྟའོ། །ང་སི་ནི་སྨཱཏ྄འོ། །ཨ་ཡིག་གི་མཐའ་ཅན་སཪྺ་ནཱ་མའི་རྟགས་ལ་ཕ་རོལ་དུ་ང་སི་ནི་སྨཱཏ་རུ་འགྱུར་ཏེ། སཪྺ་སྨཱཏྲ། བི་ཤྭསྨཱཏ྄། ཅིའི་ཕྱིར་ཨའི་མཐའ་ ཅན་སྨོས་ཤེ་ན། བྷ་ཝ་ཏཿ། །ངི་ནི་སྨིནའྲོ། །ཨ་ཡིག་གི་མཐའ་ཅན་མིང་ཐམས་ཅད་པའི་རྟགས་ལས་ཕ་རོལ་དུ་ངི་ནི་སྨིན་དུ་འགྱུར་ཏེ། སཪྺ་སྨིན྄། བི་ཤྭ་སྨིན། ཅིའི་ཕྱིར་ན་མིང་ཐམས་ཅད་པ་སྨོས་ཤེ་ན། ས་མེ་དེ་ཤེངྻ་ཛ་ཏི། ཡུལ་མཉམ་དུ་མཆོད་པར་བྱེད། པཱུརྦ་ལ་སོགས་པ་ལ་ རྣམ་པར་དབྱེ་བ་སྟེ། པཱུརྦ་ལ་སོགས་པའི་སྡེ་ཚན་ལས་ཕ་རོལ་དུ་ང་སི་དང་ངི་དག་གི་གནས་ལ་སྨཱཏ྄་དང་སྨིན་དག་ཏུ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། བྱེ་བྲག་རྣམ་པར་བཤད་པ་འཐོབ་པ་ནི། པཱུརྦ་སྨཱཏ྄། པཱུརྦཱཏ྄། པཱུརྦ་སྨིན྄། པཱུརྦེ། ཏཱི་ཡ་ལ་གཉིས་སུ་བརྗོད་པར་བྱ་སྟེ། དྭི་ཏཱི་ཡ་སྨཱཏ྄། དྭི་ 195-1-31a ཏཱི་ཡཱ་ཏ྄། དྭི་ཏཱི་ཡ་སྨིན། དྭི་ཏཱི་ཡེ། ཏྲི་ཏཱི་ཡ་སྨཱཏ྄། ཏྲི་ཏཱི་ཡཱ་ཏ། ཏྲི་ཏཱི་ཡ་སྨིན྄། ཏི་ཏཱི་ཡེ། །ཨཱམ་ལ་སུ་ནི། ཨཱམ྄་ལ་སྟེ་མིང་ཐམས་ཅད་པ་ལའོ། །མིང་ཐམས་ཅད་པའི་རྟགས་ལས་ཨའི་ཡི་གེ་མཐའ་ལས་མིང་ཐམས་ཅད་པ་ལ་ཕ་རོལ་དུ་ཨམ་ལ་སུ་ཨཱ་ག་མར་འགྱུར་ཏེ། སཪྺེ་ཥཱཾ། བི་ཤྭེ་ཥཱཾ། ཡཱ་སཱཾ། ཏཱ་སཱཾ། ཨུ་ཡིག་ནི་ཕ་རོལ་གྱི་དང་པོ་ཉིད་ལའོ་ཞེས་པའི་དོན་ནོ། །ཚིག་སོ་སོར་བཤད་པ་སྨོས་པ་ལས། དྭཱཾ། ཡུ་ཝཱཾ། ཛས་ཐམས་ཅད་ལས་ཨཱིའོ། །གཟུང་བ་ལས་སཪྺ་ནཱ་མའི་རྟགས་ལས་ཕ་རོལ་དུ་ཛས྄་ནི་སཪྺ་ལ་ཨིའོ། །ཨ་ཡིག་གི་མཐའ་ལས་སཪྺ་ནཱ་མིའི་རྟགས་ ལས་ཕ་རོལ་དུ་ཛ྄ས་ནི་ཐམས་ཅད་པ་ལ་ཨིར་འགྱུར་ཏེ། སེཪྺ། བི་ཤྭེ། ཅིའི་ཕྱིར་ཨ་ཡིག་གི་མཐའ་ལས་ཞེས་སྨོས་ཤེ་ན། ཨཪྺཱཿ། ཨལྤ་ལ་སོགས་པ་ལ་ཡང་ནའོ། །ཨལྤ་ལ་སོགས་པའི་སྡེ་ཚན་ལས་ཕ་རོལ་དུ་ཛས྄་ལ་ཐམས་ཅད་པ་ལ་ཨིར་འགྱུར་ཏེ་ཡང་ན་འོ། །ཨལྤེ། ཨལྤཱཿ། པྲ་ཐ་མེ། པྲ་ཐ་མཱཿ། ཙ་ར་མེ། ཙ་ར་མཱཿ། ཨུ་བྷ་ཡེ་ཞེས་པ་རྟག་ཏུ་བཤད་དོ། །ཨལྤ། པྲ་ཐ་མ། ཙ་ར་མ། ཏ་ཡ། ཨ་ཡ། ཀ་ཏི་པ་ཡ། ནེ་མ། ཨརྡྷ། པཱུརྦ་ལ་སོགས་པ་རྣམས་སོ། །ཟླས་དབྱེ་བའི་གནས་ལ་ཡང་ངོ་། །ཟླས་དབྱེ་བའི་གནས་ལས་ཀྱང་མིང་ཐམས་ཅད་པའི་རྟགས་ལས་ཕ་རོལ་དུ་ཛས྄་ནི་ ཐམས་ཅད་པ་ལ་ཨིར་ཡང་ན་འགྱུར་ཏེ། ཀ་ཏ་རེ། ཀ་ཏ་རཱཿ ཀ་ཏ་མེ། ཀ་ཏ་མཱཿ དུ་ཞིག །དནྟ་ཀ་ཏ་མེ། དནྟ་ཀ་ཏ་མཱཿ། ཨནྱ་ལ། །སཪྺ་ནཱ་མི་ལྟར་མ་ཡིན་ནོ། །ཙ་ཡིག་རྗེས་སུ་འཇུག་པ་སྟེ། ཟླས་དབྱེ་བའི་སཪྺ་ནཱ་མིའི་རྟགས་སུ་བཤད་པ་ལས་གཞན་ལ་སཪྺ་ནཱ་མིའི་བྱ་བ་མ་ཡིན་ཏེ། པཱུརྦཱ་པ་རཱ་ ཡ། པཱུརྦཱ་པ་རཱཏ། དཀྵི་ཎོཏྟ་ར་པུརྦཱ་ཎཱྀ། གསུམ་པའི་བསྡུ་བ་ལ་ཡང་ངོ་། །གསུམ་པའི་བསྡུ་བའམ་བསྡུ་བ་མ་ཡིན་པ་ལ་ཡང་བཤད་པ་ལས་གཞན་དུ་མིང་ཐམས་ཅད་པའི་བྱ་བར་མི་འགྱུར་ཏེ། མཱ་སེ་ན་པཱུརྦཱ་ཡ། མཱ་སེ་ན་པཱུརྦཱཿ། མཱ་སེ་བ་རཱཿ གྲགས་པའི་ཕྱིར་མིང་ཐམས་ཅད་པ་ཉིད་ཀྱི་བསྡུ་བ་ལ་འདིར་ཨ་སྟེ། ཏྭ་ཡ་ཀཱ་ཀྲྀ་ཏཾ། མ་ཡ་ཀཱ་ཀྲྀ་ཏཾ། འབྲུ་མང་པོ་པ་ལ་ཡང་ངོ་། །འབྲུ་མང་པོ་པ་ལ་བསྡུ་བ་དང་། བསྡུ་བ་མ་ཡིན་པ་ལ་ཡང་བཤད་པ་ལས་གཞན་དུ་མིང་ཐམས་ཅད་པའི་བྱ་བ་མ་ཡིན་ཏེ། ཏྭ་ཏ་ཀ་པི་ཏྲྀ་ཀོ །མ་ཏ་ཀ་པི་ཏྲྀ་ཀཿ ཨ་ཀ་མ་ཡིན་ཏེ། ཀ་བྲ་ཏྱ་ཡའོ། །བསྟནྟ་རཱཿ། བ་ས་ནཱནྟ་རཿ། གཙོ་བོ་མ་ཡིན་པའི་ཕྱིར་ཟླས་དབྱེ་བའི་ 195-1-31b གནས་ལས་ཞེས་པ་ནི་འདམ་ཀ་ཅན་དུ་མི་འགྱུར་རོ། །ཕྱོགས་ལ་ཡང་ནའོ། །ཕྱོགས་ཀྱི་འབྲུ་མང་པོ་པའི་བསྡུ་བ་ལ་གཞན་དུ་བཤད་པ་ཡང་མིང་ཐམས་ཅད་པའི་བྱ་བ་མ་ཡིན་ཏེ། ཨཱུཏྟ་ར་པཱུརྦཱ་སྱཻ་ཨུཏྟ་ར་པཱུརྦ་ཡཻ། ཕྱོགས་ཀྱི་འབྲུ་མང་པོ་པ་ཅིའི་ཕྱིར་སྨོས་ཤེ་ན། དཀྵི་ཎ་པཱུརྦ་ཡཻ། མུགྡྷཱ་ཡཻ། ལྐུགས་ པ། ཤྲདྡྷཱལས་ས་དབྱིའོ། །ཤྲདྡྷཱའི་མིང་ཅན་ལས་ཕ་རོལ་གྱི་སི་དབྱི་བ་འཐོབ་སྟེ། ཤྲདྡྷཱ། མཱ་ལཱ། ཤྲདྡྷཱ། ཅིའི་ཕྱིར་སྨོས་ཤེ་ན། སོ་མ་པཱཿ ང་སི་རཱ་ཏ་དུ་བྱས་པ་ནི་ཛ་རཱ། ཛ་རས་སུ་འགྱུར་རོ། །ཊཱ་དང་ཨོས྄་དག་ལ་ཨེའོ། །ཊཱ་དང་ཨོས྄་ཕ་རོལ་དག་ལ་ཤྲདྡྷཱ་ལས་ཨེ་ཉིད་དུ་འགྱུར་ཏེ། ཏུ་ལ་ཡཱ་ ཏུ་ལ་ཡོཿ། །སཾ་བུདྡྷི་ལ་ཡང་ངོ་། །ཤྲདྡྷཱ་ལས་སཾ་བུདྡྷཱའི་བོད་པ་ལ་ཨེ་ཉིད་དུ་འགྱུར་ཏེ། ཧེ་ཤྲདྡྷེ། ཧེ་མཱ་ལེ། ཐུང་ངུའི་ཨམྦཱའི་དོན་ལའོ། །ཨམྦཱའི་དོན་རྣམས་ཀྱི་ཐུང་ངུ་ལ་ཤྲདྡྷའི་མིང་ཅན་ཏེ་སཾ་བུདྡྷི་ལའོ། །ཧེ་ཨམྦ། ཧེ་ཨཀྐ། མ། ཨ་ལས་ཨམྦའི་དོན་རྣམས་ཀྱི་ཞེས་ཏེ་གྲུབ་མོད་ ཀྱི། ཐུང་བ་ཞེས་པའི་མིང་མངོན་དུ་འགྲོ་བས་ནི་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །དབྱངས་མང་པོ་ཉིད་ལས་ཌ་དང་ཨིཀ྄་དང་ལྡན་པ་ལ་མ་ཡིན་ཏེ། ཧེ་ཨམྦ་ཌེ། ཧེ་ཨམྦ་ལེ། ཧེ་ཨ་མཱི་ཀེ། ཨཽ་ནི་ཨཱིའོ། །ཤྲདྡྷཱ་ལས་ཕ་རོལ་གྱི་ཨཽ་ནི་ཨཱིར྄་འཐོབ་སྟེ། ཤྲདྡྷེ། མཱ་ལེ། སྒྲའི་བསྟན་བཅོས་ ཆ་བསགས་ཀྱི་མདོའི་འགྲེལ་པ་ལོ་ཙཱ་བ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཇི་སྙེད་བསྒྱུར་བ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་ལ་གྷུ་བྲྀཏྟི་ཤི་ཥྱ་ཧེ་ཏ་ནཱ་མ། བོད་སྐད་དུ། ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་པ་རསྨཻའི་ཚིག་རྣམས་བརྗོད་པར་བྱའོ། །ཨ་ཐ་པ་རསྨཻ་པ་དཱ་ནི། ཨ་ཐ་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏོ། །གཞན་གྱི་ཚིག་རྣམས་བཤད་དེ་ཞེས་བྱ་བ་ནི་དབང་དུ་བྱས་པ་སྟེ། འདི་རྣམས་ནི་སྔ་མ་དགུའོ། །དེ་ལ་བརྟ་མཱ་ན་ནི། འདི་རྣམས་ཏེ། ཏི། ཏ་ས྄། ཨནྟི། སི། ཐས། ཐ། མི། ཝས། མས། ཨི་ཏི། ན་བ་པཱ་རཱ་ཎྱཏྨ་ནེ། ཕྱི་མའི་རྐྱེན་དགུ་ནི་བདག་གི་ཚིག་རྣམས་ཏེ། འདི་ཡང་དབང་དུ་བྱས་པའོ། །གྲངས་ནི་འདི་ནམས་སོ། །ཏེ། ཨཱ་ཏེ། ཨནྟེ། སེ། ཨ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེ། ཨི་ཏི་ཞེས་བྱ་བ་འདི་ལྟར་བྱེད་པའི་ཚིག་ 195-1-32a ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཏྲི་ཎཱི་ཏྲི་ཎཱི་པྲ་ཐ་མ་མ་དྷྱཱ་མོཏྟ་མཱ། གཞན་གྱི་ཚིག་རྣམས་དང་བདག་གི་ཚིག་ཅན་རྣམས་གང་ཡིན་པ་གསུམ་གསུམ་གྱི་ཚིག་དེ་རྣམས་ནི་དང་པོའི་སྐྱེས་བུ་དང་། སྐྱེས་བུ་བར་མ་དང་། སྐྱེས་བུ་མཆོག་ཅེས་པའི་མིང་དུ་འགྱུར་རོ། ། དེ་དག་ནི་འདི་རྣམས་ཏེ། ཏི། ཏས། ཨནྟི་ཞེས་བྱ་བ་ནི་དང་པོའི་སྐྱེས་བུའོ། །སི། ཐས། ཐ་ཞེས་བྱ་བ་ནི་སྐྱེས་བུ་བར་མའོ། །མི། བས། མས྄་ཞེས་བྱ་བ་ནི་སྐྱེས་བུ་མཆོག་གོ། །དེ་བཞིན་དུ་བདག་གི་ཚིག་ཅན་རྣམས་ལ་ཡང་སྦྱར་རོ། །འདི་ལྟར་བྱེད་པའི་ཚིག་ཐམས་ཅད་ལ་སྦྱར་བར་བྱའོ། །ཡུགླ་ དྷྭ་ཙ་ནེ་པ་རཿ པུ་རུ་ཥཱ་ཎཱམ྄། དང་པོ་དང་བར་མ་དང་། སྐྱེས་བུ་མཆོག་རྣམས་ཀྱི་མིང་གང་དུ་དུས་མཚུངས་པར་འཐོབ་པར་གྱུར་ན་དེ་ལ་ཕ་རོལ་ཏད་ལ་སི་སྦྱར་བས་ཏྱདའི་མདོས་དས་ཨ་ཐོབ། ཏས་ས་ཐོབ། ཡུཤྨད྄་ལ་སི་སྦྱར་བས་ཏྭཾ་ཙཱ། ཨསྨད྄་ལ་སི་སྦྱར་བས་ཧྭཾ་ཙཱ། པ་ཙ་ལ་སྐྱེས་བུ་མཆོག་གི་མང་ པོའི་ཚིག་མས་ས་སྦྱར། བར་དུ་ཨ་ཎཱ་སྦྱར། ན་ཕྱི། ཨ་དང་ཙ་སྦྱར། ཨ་སྱ་ཝ་མོ་དཱིརྒས་ཙབ྄་སྲིངས་པའོ། །གཉིས་པ་ལས་ཀྱང་ཕ་རོལ་གྱི་དབང་ཡིན་པར་འགྱུར་བ་སྟེ། དེ་དང་པོའི་ཚིག་དང་། བར་པའི་ཚིག་གཉིས་ལས་བར་མས་ཐོབ་སྟེ། པ་ཙ་ལ་བར་མའི་བྱེད་ཚིག་གཉིས་པ་ཐས་དང་། བར་དུ་ ཨན་སྦྱར་བའོ། །སྒྲུབ་པ་གོང་བཞིན་ནོ། །པ་ཙ་ཐའོ། །ནཱ་མཱི་པྲ་ཡུ་ཛྱ་མཱ་ནེ་པྲ་ཐ་མཿ། མིང་དང་རབ་ཏུ་ལྡན་པར་གྱུར་པའི་དྷཱ་ཏུ་ལ་དང་པོའི་སྐྱེས་བུ་འབྱུང་བ་སྟེ། བདག་གི་ཚིག་དང་། གཞན་གྱི་ཚིག་གི་མིང་མ་གཏོགས་པའོ། །ཏཏ྄་ལ་སི་སྦྱར་བ་ནི་མིང་དང་ལྡན་པ་སྟེ་དེ་དང་འབྲེལ་པས་པ་ཙ་ལ། བརྟ་མཱ་ནའི་ཏི་དང་། ཨནུ་བར་དུ་སྦྱར། ས་པ་ཙ་ཏིའོ། །ཏད་ལ་ཨཽ་སྦྱར་བས་དས་ཨ་ཐོབ་ཏ་དང་སྦྱར་ཏེ་ཨོ་ཀཱ་རེའི་མདོས། ཨཽ་སྦྱར་བ་དང་འབྲེལ་པས་པ་ཙ་ལ་གཉིས་པ་ཏས་སྦྱར། ཏཽ་པ་ཙ་ཏཿའོ། །ཏད྄་ལ་ཛས་སྦྱར་བས་པ་ཙ་ལ་ཨནྟིའོ། །ཏེ་པ་ཙནྟིའོ། །མིང་དང་ཡ་སྦྱར་བར་ཡང་འབྱུང་བར་འགྱུར་ བ་སྟེ། ཏི་ལ་སོགས་པའི་མིང་གོང་ན་མེད་ཀྱང་ངོ་། །པ་ཙ་ལ་ཏི་སྦྱར། བར་དུ་ཨན་སྦྱར། པ་ཙ་ཏིའོ། །པ་ཙ་ལ་ཏས་དང་ཨན་སྦྱར། པ་ཙ་ཏཿའོ། །པ་ཙ་ལ་ཨནྟི་སྦྱར་ཏེ། ཨན་སྦྱར་འབྲེལ་པ་མེད་པའི་ཨན་ཏིའི་ཨ་དབྱིའོ། །པ་ཙནྟིའོ། །འདིར་གཟུགས་བསྒྲུབ་པ་ནི་མ་བྲིས་ཏེ། ཨཱ་ཁྱཱ་ 195-1-32b ཏའི་རབ་ཏུ་བྱེད་པའི་མདོ་འདི་ཉིད་དུ་བཤད་པའི་མཐུན་པའི་དཔེ་རྣམས་ཀྱི་སྒྲུབ་པ་ནི་མདོའི་དོན་དྲན་པས་རང་གི་བློས་གཟུགས་བསྒྲུབ་པར་བྱ་བར་འགྱུར་བའོ། །ཡུཥྨ་དི་མ་བྷྱཱ་མཿ། ཡུཥྨ་དིས྄་སྦྱར་བར་གྱུར་པའི་དྷཱ་ཏུ་ལ་སྐྱེས་བུ་བར་མ་འབྱུང་བར་འགྱུར་བ་སྟེ། ཡུཥྨ་ད་ལ་སི་སྦྱར་བ་དང་འབྲེལ་པས་པ་ཙ་ ལ་སི་སྦྱར་བ་དང་བར་དུ་ཨན྄་སྦྱར་བའོ། །ཏྭ་པ་ཙ་སིའོ། །ཡུཝམ྄་དང་འབྲལ་བས་པ་ཙ་ལ་ཐས྄་དང་ཨན྄་སྦྱར་རོ། །ཡུ་བ་མྦ་ཙཥའོ། །ཡུ་ཡམ྄་དང་འབྲེལ་པས་པ་ཙ་ལ་ཐ་དང་ཨན྄་སྦྱར་རོ། །ཡཱུ་ཡམ྄་པ་ཙ་ཐའོ། །མིང་དང་མ་འབྲེལ་པ་ལའང་འབྱུང་སྟེ། པ་ཙ་ལ་སྐྱེས་བུ་བར་མའི་དང་པོའི་ཚིག་སྦྱར། བར་དུ་ཨན྄་སྦྱར། པ་ཙ་སིའོ། །པ་ཙ་ལ་གཉིས་པ་ཐས྄་དང་ཨན྄་སྦྱར་རོ། །པ་ཙ་ཐཿའོ། །པ་ཙ་ལ་ཐ་དང་། ཨན྄་སྦྱར། པ་ཙ་ཐ། ཨསྨཱ་དྷྱུཏ་ཏམཿ། བདག་གི་ཚིག་ཅན་དང་རབ་ཏུ་འབྲེལ་པའི་དྷཱ་ཏུ་ལ་སྐྱེས་བུ་མཆོག་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་བརྟ་མཱ་ན་མེ་སྦྱར། བར་དུ་ཨན་སྦྱར་ན་ཕྱི། ཨ་ དང་ཙ་སྦྱར། ཨ་སྱ་ཝ་མོ་དཱིརྒས་ཙ་སྲིངས་པའོ། །ཨ་ཧེ་པ་ཙཱ་ཏིའོ། །པ་ཙ་ལ་ཝས྄་དང་ཨན྄་སྦྱར་བའོ། །ཨཱ་བཾ་པ་ཙེ་ཝའོ། །པ་ཙི་ལ་མ་ས་དང་ཨན྄་སྦྱར་རོ། །པ་ཡ་པ་ཙ་མཿའོ། །བདག་གི་ཚིག་ཅན་དང་མ་འབྲེལ་པ་ལའང་འབྱུང་སྟེ། པ་ཙ་ལ་མི་དང་ཨན྄་སྦྱར་བས་པ་ཙ་མིའོ། །པ་ཙ་ལ་ བས྄་དང་ཨན་སྦྱར་བས། པ་ཙཱི་བཿའོ། །པ་ཙ་ལ་མས྄་དང་ཨན་སྦྱར་བས། པ་ཙཱ་མཿའོ། །ཨཱ་དཱབ྄་དཱ་དྷཱཽ་དཱ། ཌུ་དཱཉ་ཞེས་བྱ་བ་ནི་སྦྱིན་པའོ། །དཱཉ་ཞེས་བྱ་བའང་སྦྱིན་པའོ། །དེད་ཞེས་བྱ་བ་བསྲུང་བའོ། །དོ་ཞེས་བྱ་བ་དུམ་བུའོ། །གང་དེ་རྣམས་ཀྱི་ཐུན་མོང་གི་གཟུགས་དེ་དཱའི་ངོ་བོའི་དྷ་ཏུའོ། ། ཌུ་དཱཉ་ཞེས་བྱ་བ་ནི་སྦྱིན་པ་དང་། ཆགས་པ་དང་། དྷེ་ཊ་ཅེས་བྱ་བ་བཏུང་བ་སྟེ། འདི་དག་ནི་གང་ཐུན་མོང་གི་དྷཱའི་གཟུགས་ཏེ། འདི་དག་འདི་དཱ་དང་དྷ་དག་ཅེས་བྱ་བའི་མིང་ངོ་། །དཱབ྄་ཅེས་བྱ་བ་དཻཔ྄་ཅེས་བྱ་བ་སྦྱོར་བ་སྟེ། འདི་དག་མ་གཏོགས་པའོ། །དཱ་ལ་བརྟ་མཱ་ན་ཏེ་དང་། བར་དུ་ཨན྄། ད་མ་ག་ཡ་ཏེའི་མདོས་ཨི་སྦྱར་བས། དཱི་ཡ་ཏེའོ། །དྷ་ལ་བརྟ་མ་ན་ཏེ་ལ་སོགས་པ་གོང་བཞིན་སྦྱར་བས། དྷཱི་ཡ་ཏེའོ། །དཱའི་མིང་ཅན་གྱིས་ཨཱི་ཉིད་ཐོབ་སྟེ། དཱབ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། དཱཔ་ལ་བརྟ་མཱ་ན་ཨན྄་ཏི་སྦྱར་བ་དང་། བར་དུ་ཡན྄་སྦྱར། ཡང་དཱས྄་ཨི་མ་ཐོབ་པའོ། །པ་ནི་ 195-1-33a བརྗོད་པའི་དོན་ཏེ། མདོ་འདིས་དབྱིའོ། །དཱ་ཡནྟེ་བྲི་ཧ་ཡཿའོ། །ཀྲི་ཡཱ་བྷཱ་བོ་དྷཱ་ཏུཿ སྒྲ་གང་བྱ་བ་གསལ་བར་བྱེད་པ་དེ་དྷཱ་ཏུ་ཞེས་བྱ་བའི་མིང་ཡིན་ནོ། །བྱ་བ་ནི་ལས་སུ་བྱ་བ་སྟེ། བྷཱུ་ཞེས་བྱ་བ་འབྱུང་བའམ་ཡོད་པའི་དོན་ཏེ་དྷཱ་ཏུ་ཞེས་བྱ་བར་སྔོན་གྱི་སློབ་དཔོན་གྱིས་མིང་དུ་བྱས་ པའོ། །དེ་ཡོད་ན་ཏི་ལ་སོགས་པའི་རྐྱེན་འབྱུང་བར་འགྱུར་རོ། །ཀཱ་ལེ། གང་འདི་ནི་འོག་ནས་འཆད་པའི་དུས་ཡིན་པ་སྟེ། དེ་དབང་བྱས་པ་ཞེས་པའི་ཚིག་གོ། །སཾ་པྲ་ཏི་ཝརྟ་མཱ་ནཱ། ད་ལྟར་གྱི་དུས་ཀྱི་དྷཱ་ཏུ་ལ་བརྟ་མཱ་ནཱ་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་བརྟ་མཱ་ན་ཏི། བར་དུ་ཨན་སྦྱར་བས། པ་ཙ་ ཏིའོ། །པ་ཋ་ལ་ཏི་དང་ཨན་སྦྱར་བས། པ་ཋ་ཏིའོ། །སྨཻ་ནཱ་ཏཱི་ཏི། སྨའི་སྒྲ་དང་འབྲེལ་པའི་དྷཱ་ཏུ་འདས་པའི་དུས་ལ་བརྟ་མཱ་ན་འབྱུང་བར་འགྱུར་ཏེ། སྨཱ་དང་འབྲེལ་པས་མ་ཏ་བི་ལ་བརྟ་མཱ་ན་ཏི་སྦྱར་ཡང་འདས་པའི་དུས་ཀྱི་དོན་བརྗོད་པའོ་ཞེས་སྨྲས་སོ་ཞེས་པའོ་ཞེས་མཁན་པོས་གསུངས་སོ་ཞེས་པའོ། ། འདི་ཡང་གོང་དང་འདྲའོ། །ན་ནུའི་སྒྲ་ཉེ་བའི་ཚིག་ཏུ་གྱུར་པའི་དྷཱ་ཏུ་འདས་པའི་དུས་ལ་བརྟ་མཱ་ན་འབྱུང་བར་གསུངས་ཏེ། ལྷས་བྱིན་གྱིས་རེ་ལྡེ་བྱས་ཞེས་བྱ་བའོ། །ན་ནུ་དང་འབྲེལ་བས་ཀཱ་ར་ལ་བརྟ་མཱ་ན་མི་སྦྱར་ཡང་འདས་པའི་དུས་བརྗོད་པའོ། །བདག་གིས་བྱས་སོ་ཞེས་བྱ་བའི་དོན་ཏོ། ། པ་རོ྅ཀྵཱ། འདས་པའི་དུས་ཀྱི་དྷཱ་ཏུ་ལ་པ་རོ྅ཀྵཱ་འབྱུང་བར་འགྱུར་ཏེ། ལྐོག་ཏུ་གྱུར་པ། ཀྲི་ལ་པ་རོ྅ཀྵཱ་ཨཊ་སྦྱར་བས་རི་ཨརྲ་དུ་འཕེལ་ཚིག་གཉིས་ཀ་ཀྲི་བྱས་ཏེ། ཨ་བྱ་ས་ཏི་ཤམྲ་གྱི་མདོས་རི་ཕྱི། ཀ་ལས་ཙ་བྱས་པ་སྟེ་འདས་པའི་དུས་བརྗོད་པའོ། །ཙ་ཀཱ་ར་བཱ་མ་ནཾ་ཨུ་པ་མེའོ། ། ཧྲྀ་ལ་པ་རོ྅ཀྵཱ་ཨཊ་སྦྱར་བས། རྀ་ཨཱརྲ་དུ་འཕེལ་ཧྲྀ་གཉིས་པ་བྱ་སྟེ། རྀ་ཕྱི། ཧོ་ཙིའི་མདོས་ཧ་ལས་ཛ་བྱས་པའོ། །ཛ་ཧཱ་ར་པྲྀ་ཐི་བི་པ་ལེཿའོ། །བྷུ་ཏ་ཀ་ར་ཎ་བ་ཏྱཤྩ། བྷཱ་ཏུ་འདས་པའི་དུས་སུ་བྱུང་བར་གྱུར་པ་བྱ་བ་དང་ལྡན་པ་ལ། ཧྱ་སྟ་ནི་དང་། ཨཱདྱ་ཏ་ནི་དང་། ཀྲི་ཡཱ་ཏི་པ་ཏི་རྣམས་ འབྱུང་བར་འགྱུར་བ་སྟེ། ཧྱསྟ་ནིའི་དཔེ། ཀྲྀ་ལ་ཧྱ་སྟི་ནིའི་དི་སྦྱར་བས་རྀ་ཨཱརྲ་དུ་འཕེལ། ཏ་ན་དེ་རུས། བར་དུ་ཨུ་ཐོབ། ཨུས་ཨོ་ཐོབ། ཨདྲ་ཨཱ་དའི་མདོས་ཨ་ཐོག་མར་སྦྱར། ཨོ་དང་ར་སྦྱར། ད་ས་ཏ་ཐོབ། ཨཱ་ཀ་རོ་ཏའོ། །ཨདྱ་ཏ་ནིའི་དཔེ་ནི། ཀྲི་ལ་ཨཱ་ཏྱ་ཏིའི་དི་སྦྱར་ཏེ། བར་དུ་སི་ཙ་ 195-1-33b དང་། ཨིཊ་སྦྱར། རྀ་ཨཱརྲ་དུ་འཕེལ་ཏེ་སྦྱར། ཨཱ་ཀཪྵི་ཏའོ། །ཀྲྀ་ཡ་ཏི་པ་ཏིའི་དཔེ་ནི། ཀྲྀ་ལ་སྱདྲ་དང་། ཨིཊ་སྦྱར་བས་གོང་མ་བཞིན་ཨ་ཀཱ་རི་ཥྱ་ཏའོ། །བྷུ་ཏ་ཀ་ར་ཎ་ཞེས་བྱ་བ་ནི་ཨ་ཐོག་མར་བྱས་པའོ། །བྷ་བིཥྱ་ཏི་བྷ་བིཥྱ་ཏྱཱ་ཤཱིཿཤྭསྟནྱཿ། མ་འོངས་པའི་དུས་རྗོད་པའི་བྱེད་པའི་ཚིག་ནི། བྷ་བི་ཥྱནྟ་ དང་། ཨཱ་ཤིཥྭ་དང་། ཤྭསྟ་ནཱི་སྟེ། འདི་རྣམས་ནི་མ་འོངས་པའི་དུས་ཀྱི་དྷཱ་ཏུ་ལ་འབྱུང་བར་འགྱུར་རོ། །བྷ་བི་ཥྱནྟིའི་དཔེ་ནི། ཀྲི་ལ་སྱ་ཏི་དང་། ཨཱིཏ་སྦྱར་བས་རྀ་ཨཱར་དུ་འཕེལ་ཏེ་ར་དང་ཨི་སྦྱར། སས་ཥ་ཐོབ་པའོ། །ཀ་རི་ཥྱ་ཏིའོ། །ཨཱ་ཤིཥ྄་ཀྱི་དཔེ་ནི། བྷུ་ལ་ཡཱཏ་སྦྱར་བའོ། །བྷཱུ་ཡཱཏའོ། །ཤྭསྟ་ ནཱིའི་དཔེ་ནི། པ་ཐ་ལ་ཏཱ་དང་ཨིཊ་སྦྱར་བའོ། །པ་ཋི་ཏཱའོ། །ཏཱ་སཾ་སྭ་སཾ་ཛྙ་བྷི་ྈྐཱ་ལ་པི་ཤེ་ཥཿ། པ་རོ྅ཀྵཱ་དང་། ཧྱསྟ་ནཱི་དང་། ཀྲི་ཡ་ཏི་པཏྟི་དང་། བྷ་བི་ཥྱནྟཱི་དང་། ཨཱ་ཤི་ཥ་དང་། ཤྭསྟ་ནཱི་སྟེ་འདི་རྣམས་ནི་རང་ཉིད་ཀྱི་མིང་དུ་བྱས་པའོ། །འདས་པ་དང་འབྱུང་བར་འགྱུར་བའི་ཁྱད་པར་གྱི་ དུས་སུ་བྱའོ། །དེ་ལ་གང་མིག་ལ་སོགས་པའི་དབང་པོ་རྣམས་ལས་འདས་པ་དེ་ལ་ནི་པ་རོ྅ཀྵཱ་ཞེས་བྱའོ། །ཏྲི་བུ་རཾ་དང་ད་ཧ་ལ་ཨ་ཊ་སྦྱར་ཊ་ཕྱི། ཨ་དང་ཧ་སྦྱར། གཉིས་པ་དང་ད་ཧ་སྦྱར་ཏེ། ཧ་ཕྱི། ཨ་སྱ་པ་དའི་མདོས་དཱ་སྲིང་བའོ། །ཏྲི་བུ་ར་མ་ད་དཱ་ཧ་རུ་དྲཿའོ། །ཤིན་ཏུ་བསྙེན་པ་ལ་ པ་རོ྅ཀྵཱའབྱུང་བར་གསུངས་ཏེ། དམངས་རིགས་ཀྱི་ལག་ནས་མ་བྲོས་ཞེས་བསྙེན་པའོ། །བུ་ཛ་ལ་པ་རོ྅ཀྵཱ་ཨེ་སྦྱར། བུ་ཛ་གཉིས་པ་བྱ་སྟེ་ཛ་ཕྱི། བྷུ་ས་བུ་ཐོབ་པའོ། །བུ་བྷུ་ཛེ། ཁར་ཙང་ནས་བརྩམས་པའི་འདས་པ་ནི་དེ་ལ་ཧྱསྟ་ནཱི་འབྱུང་བའོ། །སྱ་ས་སཾ་ཧྲྀལ་ཧྱསྟ་ནཱི་དི་སྦྱར་བས་ཧའི་ ཐོག་མར་ཨ་སྦྱར། རྀ་ཨཱརྲ་དུ་འཕེལ་ཏེ། ཨན་དང་སྦྱར་བའོ། །ཧྱ་ས་ས་ཧ་རཏ྄འོ། །ཨདྱ་ཏ་ནིའི་དཔེ་ནི་འདས་པ་ཙམ་ཁོ་ན་སྟེ། དེ་ལ་ནི་ཁྱད་པར་དུ་བྱ་བ་མེད་དོ། །གང་དུ་བྱ་བ་འདས་པར་གྱུར་པ་སྟེ། བྱ་བ་མ་རྫོགས་པ་དེ་ནི་ཀྲྀ་ཡཱ་ཏི་པ་ཏྟིའོ། །བྷུཛ྄་ལ་སྱཏ་སྦྱར་བས་བྷུ་བྷོར་འཕེལ། ཛསུ་ཀ་ཐོབ། སསྲ་ཥ་ཐོབ་སྟེ་སྦྱར་ཨ་ཐོག་མར་སྦྱར་རོ། །བྷ་བི་ཥྱནྟི་ནི་འབྱུང་བར་འགྱུར་བའི་དུས་ཐ་མལ་པ་སྟེ། དེ་ལ་ཁྱད་པར་དུ་བྱ་བ་ནི་མེད་དོ། །ཤིས་པར་བརྗོད་པ་དང་འབྲེལ་བའི་འབྱུང་བར་འགྱུར་བའི་དུས་ལ་ཨཱ་ཤིཥ་ཡི་རྐྱེན་འབྱུང་བའོ། །ཛཱི་བ་ལ་ཨཱ་ཤིཥ྄འི་ཡཱཏ་སྦྱར་བས། ཛཱི་ 195-1-34a བྱཏྦྷ་བཱནུའོ། །སང་ནས་བརྩམས་པའི་འབྱུང་བར་འགྱུར་བའི་དུས་ལ་ནི། ཤྭསྟ་ནཱི་འབྱུང་བར་འགྱུར་བ་སྟེ། ཤྭ་ཨ་དྷྱི་ལ་རྐྱེན་ཏ་སྦྱར་བས་ཨི་ཨེར་འཕེལ་བའོ། །ཤོ་དྷྱེ་ཏའོ། །པྲ་ཡོ་ག་ཏ་ཤྩ། སྔོན་གྱི་སློབ་དཔོན་གྱིས་སྦྱར་བའི་དབང་གིས་ད་ལྟར་བ་ལ་སོགས་ པའི་དུས་རྣམས་ལ། བྱེད་པའི་ཚིག་རྣམས་ལ་ཀྱང་ཁྱད་པར་དུ་ཁོང་དུ་ཆུད་པར་བྱ་སྟེ། ཡཱ་བད྄་བྷུད་ལ་བརྟ་མཱ་ནཱའི་ཏེ་སྦྱར་བའོ། །ཡཱ་བཏྦྷུཏྟེའོ། །པཱུ་རཱ་བྷུཏ་ལ་བརྟ་མཱ་ནའི་ཏེ་སྦྱར་བའོ། །པཱུ་རཱ་བྷུཏྟེའོ། །པཉྩ་མྱ་ནུ་མ་ཏོ། །མངོན་པར་རྟོགས་པའི་དོན་གྱི་དྷཱ་ཏུ་ལ་བྱེད་པའི་ཚིག་ལྔ་པ་འབྱུང་བ་ སྟེ། ཨེ་བམྲ་ཨ་པ་ལ་པཉྩ་མིའི་ཏུ་སྦྱར་བས། ཨེ་བམ་པ་ལ་ཏུའོ། །ཨེ་བམ་བྷ་བ་ལ། པཉྩ་མི་ཏུ་སྦྱར་རོ། །ཨེ་བཾ་བྷ་བ་ཏུའོ། །ཨེ་བཾ་ཀུ་རུ་ལ་ཧི་སྦྱར་ཏེ་ཨུ་ཀཱ་རཙྪ་ས་ཧི་ཕྱི་བའོ། །ཨེ་བཾ་ཀུ་རུའོ། །ཏུ་དང་ཧིའི་སྒྲ་དག་གི་ཤིས་པར་བརྗོད་པར་ཤེས་པར་གྱུར་ན་འདི་ལ་ཏཱ་ཎ྄་གཞན་པར་ཡང་ གསུངས་ཏེ། ཛཱི་བ་ལ་པཉྩ་མིའི་ཏ་སྦྱར་བས། ཏུས་ཏ་ཏཎ་ཐོབ། ཎ་དང་ཏའི་ཨ་ཕྱི། ཛཱི་བ་རཱ་ཏྦྷ་བན྄འོ། །ཡང་ན་ཛཱི་བ་ལ་ཏུ་སྦྱར་བ་རྣལ་མར་གནས་པའོ། །ཛཱི་བ་ལ་པཉྩ་མིའི་ཧི་སྦྱར་བས་ཧི་ས་ཏ་ཏཎ་ཐོབ་སྟེ། ཎ་དང་ཏའི་ཨ་ཕྱི། ཛཱི་བ་ཏཱཏྟཱའོ། །ཡང་ན་ཛཱི་བ་ལ་ཧི་སྦྱར་བས་ཧེ་ར་ཀ་རད྄་ཨ་རནྟིའི་མདོས་ཧ་ཕྱི་བའོ། །ས་མརྠ་ ནཱ་ཤི་ཥོཤྩ། ནུས་མཐུ་དང་ཤིས་པར་བརྗོད་ཀྱི་དྷཱ་ཏུ་ལ་པཉྩ་མི་འབྱུང་བ་སྟེ། གཞན་གྱི་མིང་གི་དོན་ལ་བརྩོན་པས་མརྠ་ཞེས་བྱའོ། །མ་ཐོབ་པ་ཐོབ་པར་འདོད་པ་ལ་ཨ་ཤིས་ཞེས་བྱའོ། །ས་མརྠ་ནཱ་ནི་འདིའོ། །ས་མུ་ཏྲམ་པི་བི་བཱ་ནི། ཨཱ་ཤི་ཥའི་དཔེ་ནི། ཙི་རམྲ་ཛཱི་བ་ལ་པཉྩ་མིའི་ཏུ་སྦྱར། ཙེ་རཾ་ཛཱི་བ་ ཏུའོ། བི་བྷྱཱ་དི་ཥུ་སཔྟ་མི་ཙ། སྒྲུབ་པའམ། འཛུད་པ་དང་། སྤྱན་དྲང་བ་དང་། བོད་པ་དང་། གསོལ་བ་གདབ་པ་དང་། དྲི་བ་དང་། སློབ་མ་ལ་སོགས་པའི་དོན་རྣམས་དྷཱ་ཏུ་ལ་ལྔ་པ་དང་། བདུན་པ་ཡང་འབྱུང་ངོ་། །མི་ཤེས་པ་ཤེས་པར་བྱེད་པ་ནི་དྷིའོ། །ཡང་གཏོང་བའམ་འཛུད་པའོ། ། མེས་བསྲེག །རླུང་གིས་ཤིག །ཅེས་བསླབས་པས་ཤེས་པའི་དོན་ལ། མཐར་སཔྟ་མཱིའི་ཡད྄་སྦྱར། ཛུ་ཧུ་ཧུ་ལ་པཉྩ་མཱིའི་ཏུ་སྦྱར་རོ། །རེ་ལྡེ་གྱིས་ཤིག་ཅེས་འཛུད་པའི་དོན་ལ་སཔྟ་མིའི་ཡཱད྄་སྦྱར་རོ། །ཀ་ཊཱཾ་ཀུ་ཡཱ་ཏའོ། །ཀ་ཊཱཾ་ཀ་རསྲ་ལ་པཉྩ་མིའི་ཏུ་སྦྱར་བས། ཀ་ཊཱཾ་ཀ་རོ་ཏུའོ། །ལྷ་ལ་ 195-1-34b གཏོར་མ་དང་། མཚུན་ལ་གཏོར་བར་གསོལ་བའི་དོན་དུ་སྤྱན་དྲངས་པ་ནི་མི་མནྟྲ་ན་ཞེས་པའོ། །བྷུཀ྄་ལ་པཉྩ་མཱིའི་ཏམ྄་སྦྱར་རོ། །བྷུཀྟཱཾ་བྷ་བན་ནོ། །བྷུཀ྄་ལ་སཔྟ་མིའི་ཨཱི་ཏ་སྦྱར་རོ། །བྷུ་ཀཱི་ཏའོ། །བོད་པ་ལ་ནི་ཨཱ་མནྟྲ་ཎ་ཞེས་བྱའོ། །ཨ་གཙྪ་ལ་པཉྩ་མིའི་ཏུ་སྦྱར་བ་སྟེ། ཨ་གཙྪ་ཏུའོ། །ཨ་གཙྪ་ལ་སཔྟ་ མི་ཨཱི་ཏ་སྦྱར་བའོ། །ཨ་གཙྪེ་ད་བྷ་བནའོ། །མཆོད་པའི་བྱ་བ་མངོན་དུ་བྱས་ཏེ་གསོལ་བ་གདབ་པའོ། །བྲམ་ཟེའི་ཁྱེའུ་བསླབ་པ་གསོལ་ཅིག་ཅེས་གསོལ་བ་འདེབས་པའི་དོན་ལ་མཐར་པཉྩ་མཱིའི་ཏཱམ་སྦྱར། མཱ་ན་བ་ཀ་མུ་པ་ན་ཡ་ཏཱམ྄འོ། །འདིའི་དོན་ཡང་གོང་མ་བཞིན་ཏེ་སཔྟ་མཱའི་ ཨཱིཏ྄་སྦྱར་བའོ། །ཨུ་པ་ན་ཡེ་ཏ་པའོ། །ཀུན་དུ་དྲི་བ་ནི་དཔྱོད་པའོ། །ཙི་བྱཱ་ཀ་ར་ཎ་ཞེས་འདྲི་བའི་དོན་ཏེ། མཐར་པཉྩ་མིའི་ཨཻ་སྦྱར་རོ། །ཀཱིཾ་བྱཱ་ཀ་རཱ་ཎ་མ་དྷྱ་ཡཻའོ། །ཅི་རིག་བྱེད་འདོན་ཏམ་ཞེས་འདྲི་བའོ། །ཨུ་པ་ཙྪནྡྷོ་དྷྱ་ཡཻའོ། །ཉེ་བའི་སྡེབ་སྦྱོར་འདོན་ཏམ་ཞེས་འདྲི་བའི་དོན་ལ་སཔྟ་མིའི་ཨཱི་ཡ་ སྦྱར་བའོ། །ཀིཾ་བེ་ད་མ་དྷི་ཡཱི་ཡའོ། །གང་ལ་ལ་ཞིག་འཇིག་རྟེན་རྒྱང་འཕེན་འདོན་ནམ་ཞེས་འདྲི་བ་དེ་ལ་སཔྟ་མི་ཨཱི་ཡ་སྦྱར་བའོ། །ཨུ་ཏ་ལོ་ཀཱ་ཡ་ཏཱ་མ་དྷི་ཡི་ཡའོ། །འདོད་པ་ནི་སློང་བ་སྟེ། བུ་མོ་སྩོལ་ཅིག་ཅེས་བྱ་བའི་དོན་ལ་པཉྩ་མིའི་འབྱུང་བས་པྲ་ཡཙྪ་ལ་ཏུ་སྦྱར་བའོ། །ཀ་ནྱཱཾ་པྲ་ཡཙྪ་ལ་ སཔྟ་མིའི་ཡཱད་སྦྱར་བ་སྟེ། ཡ་སཔྟ་སེ་ཙའི་མདོས་ཡས་ཨི་ཐོབ་པའོ། །པྲ་ཡཙྪིཏའོ། །ཀྲཱི་ཡ་ས་མ་བྷི་ཧཱ་རེ་སཪྺ་ཀཱ་ལེ་ཥུ་མ་དྷམཻ་ཀ་བ་ཙ་ནཾ་པཉྩ་མྱཱཿ། ཡང་དང་ཡང་བསྣན་པའི་དོན་གྱི་དུས་ཐམས་ཅད་ལ་པཉྩ་མཱི་འབྱུང་བ་སྟེ། ལུ་ནི། དྷཱ་ཏུ་ལ་སྐྱེས་བུ་བར་མའི་གཅིག་གི་ཚིག་ འབྱུང་བར་འགྱུར་བའོ། །ལུ་ནི་གཉིས་པ་ལ་པཉྩ་མཱིའི་ཧཾ་གཉིས་སྦྱར་ཏེ། མཐར་ལུ་ན་ལ་ཝརྟ་མཱ་ནཱི་སྦྱར་བའོ། །ལུ་ནི་ལ་ཧི་སྦྱར་བ་འདི་ནི་འདས་པའི་དུས་དང་འབྲེལ་པས། མཐར་ཨདྱ་ཏ་ནཱི་དི་སྦྱར། འདི་ནི་མ་འོངས་པའི་དུས་དང་འབྲེལ་པས་བྷ་བི་ཥྱནྟི་སྱ་ཏིའི་མཐར་སྦྱར་བའོ། ། མཱ་ཡོ་གེ་དྱ་ཏ་ནཱི། མཱའི་སྒྲ་དང་འབྲེལ་པའི་དྷཱ་ཏུ་ལ་ཨ་དྱ་ཏ་ནཱི་འབྱུང་བར་འགྱུར་བ་སྟེ། མཱའི་སྒྲ་དགག་པའི་དོན་ཏོ། །དགག་པ་ནི་ད་ལྟར་དང་མ་འོངས་པའི་དུས་དག་ལ་འབྱུང་བར་འགྱུར་ན་འདི་ལྟར་ཨ་དྱ་ཏ་ནཱི་སྦྱར་བར་བྱ་སྟེ། ཀྲྀ་ལ་ཨ་དྱ་ཏ་ནཱིའི་དི་སྦྱར། སི་ཙ་དང་ཨིཊ་སྦྱར་བས་རྀ་ཨཱར་དུ་ 195-1-35a འཕེལ། ཙ་ཕྱི། སས་ཥ་ཐོབ་སྟེ་ཨཱི་དང་སྦྱར་དིའི་ཨི་ཕྱི། དས་ཏ་ཐོབ། སཱ་ཀཱཪྵིཏའོ། །ཧྲི་ལ་དི་སྦྱར་བ་ལ་སོགས་པ་གོང་མ་བཞིན་ནོ། །མ་ཧཱ་ཪྵཱིཏ། །མཱསྨཱ་ཡོ་གི་ཧྱསྟ་ནཱི་ཙ། ཧྱསྟ་ནཱི་དང་། ཨདྱ་ཏ་ནཱི་ཡང་འབྱུང་བར་འགྱུར་ཏེ། མཱསྨཱ་དང་འབྲེལ་པས་ཀྲི་ལ་ ཧྱསྟ་ནཱིའི་དི་སྦྱར། ཏ་ན་དེ་རུའི་མདོས་ཨོ་སྦྱར་བ་ལ་སོགས་པ་གོང་བཞིན་ནོ། །མཱསྨཱ་ཀ་རོ་ཏ྄འོ། །མཱསྨཱ་ཀཱཪྵིཏ། འདི་ལ་ཨདྱ་ཏ་ཊིའི་དི་དང་སིཙྲ་སྦྱར། ཨིཊ་སྦྱར་རོ། །ཝརྟཱ་མཱ་ནཱ། ཏི་ཏས྄། ཨནྟི། སི་ཐས་ཐ། མི་ཝས྄། མས྄། ཏེ་ཨ་ཏེ། ཨནྟེ། སེ། ཨཱ་ཐེ། དྷཱེ། ཨེ། ཝ་ཧེ། མ་ ཧེའོ། །ཏི་ལ་སོགས་པ་འདི་རྣམས་ཀྱི་མིང་ནི། ཝརྟ་མཱན་ཞེས་བྱའོ། །བྷུ་ལ་བརྟཱ་མཱ་ན་ཏི་སྦྱར། བར་དུ་ཨན྄་སྦྱར། ན་མྱནྟ་ཡོ་རདྡྷཱ་ཏུ་བི་ཀ་ར་ཎ་ཡོ་ག་ཏི་གུ་ནའི་མདོས་བྷུ་བྟོར་གྱུར། བྷ་བ་ཏིའོ། །བྷུ་ལ་ཏས་སྦྱར་བ་གོང་མ་བཞིན་ནོ། །ཨོ་ཨཝ་དང་། ཨ་སྦྱར་རོ། །བྷ་ཝནྟིའོ། །སཔྟ་མི་ནཱི་འདི་ རྣམས་ཏེ། ཡཱཏ་ཡཱཏཱ་མ྄། ཡུས་ཡས། ཡཱ་ཏཱམ྄། ཡཱ་ཏ། ཡཱམ྄། ཡཱ་ཝ། ཡཱ་མ། ཨཱིཏ྄། ཨཱི་ཡཱ་ཏམ྄། ཨཱི་རན྄། ཨཱི་ཐས྄། ཨཱི་ཡཱ་ཐམ྄། ཨཱི་དྷ་མ྄། ཨཱི་ཡ། ཨཱི་ཝ་ཧི། ཨཱི་མ་ཧིའོ། །མཏ་ལ་སོགས་པ་འདི་རྣམས་ཀྱི་མིང་སཔྟ་མི་ཞེས་བྱའོ། །ཀྲི་ལ་སཔྟ་མིའི་ཡཱཏ་སྦྱར། སཪྺ་དྷཱ་ཏུ་ཀེའི་མདོས་རྀ་ཨཱར་དུ་འཕེལ། བར་དུ་ཨུ་སྦྱར། ཀ་རོ་ཏིའི་མདོས་ཀས་ཨུ་ཐོབ་སྟེ་སྦྱར། ཀུར་ཡཱམྲའོ། །ཀྲི་ལ་ཡཱ་ཏམྲ་སྦྱར་བས་གོང་བཞིན་ཏེ། ཀུར྄་ཡཱ་ཏཱ་མྲའོ། །ཀྲི་ལ་ཡུསྲ་སྦྱར་བ་གོང་བཞིན་ཏེ། ཀུ་རུ་ཡུཿའོ། །པཉྩ་མཱི། ཏུ། ཏཱམྲ། ཨན྄་ཏུ། ཧི། ཏམྲ་ཏ། ཨཱ་ནི། ཨཱ་ཝ། ཨཱ་མ། ཏཱམྲ། ཨཱ་ཏཱམྲ། ཨཱན། ཏཱམྲ། སྭཱ། ཨཱ་ཐཱམྲ། དྷྭཾ། ཨཻ། ཨཱ་ཝ་ཧེ། ཨཱ་མ་ཧེའོ། །ཏུ་ལ་སོགས་པ་འདི་རྣམས་ཀྱི་མིང་པཉྩ་མིའི་ཞེས་བྱའོ། །ཀྲྀ་ལ་ཏུ་སྦྱར་བས་རི་ཨཱར྄་དུ་འཕེལ། ཏན་དེ་རུས་ཨུ་སྦྱར། ཨུ་ཨོར་གྱུར་པ་དང་སྦྱར། ཀ་རོ་ཏུའོ། ། ཀྲྀ་ལ་ཏམ྄་སྦྱར་བ་ལ་སོགས་པའོ། །ཀུ་རུ་ཏམྲའོ། །ཀྲྀ་ལ་ཨན་དུ་སྦྱར། བར་དུ་ཨུ་སྦྱར། ནོ་བི་ཀ་ར་ཎའི་མདོས་ཨུས་ཝ་ཐོབ་སྟེ་སྦྱར། ཀུཪྺ་ནྟུའོ། །ཧྱསྟ་ནཱི་འདི་རྣམས་ཏེ། དི་ཏཱ་མྲ། ཨཱན྄། སི་ཧ་མྲ། ཏ། ཨམྲ། ཝ། མ། ཏ། ཨཱ་ཏཱམྲ། ཨནྟ། ཐས། ཨཱ་ཐཱམྲ། 195-1-35b དྷྭམྲ། ཨི། ཝ་ཧི། མ་ཧིའོ། །འདི་ལ་སོགས་པའི་མིང་ནི་ཧྱ་སྟ་ནཱི་ཞེས་བྱ་བའོ། །ཀྲྀ་ལ་ཧ་ཡ་སྟ་ནི་སྦྱར་བས་བར་དུ་ཨུར་འགྱུར། རྀ་ཨར་དུ་འཕེལ་ཏེ་སྦྱར། ཨ་ཀ་རོ་ཏའོ། །ཨེ་ཝ་མེ་ཝ་རྱ་ཏ་ནཱི། དེ་དང་འདྲ་བར་ཨདྱ་ཏ་ནིའི་བྱེད་པའི་ཚིག་ཀྱང་བརྗོད་པར་བྱ་སྟེ། ཀྲྀ་ལ་ཨརྱ་ཏ་ནཱི་འདི་ སྦྱར་བས་ཨཏ་དྷཱ་ཏུ་ཨ་དིའི་མདོས་གོང་དང་ཨ་སྦྱར། བར་དུ་སི་ཙ་དང་ཨིཏ་སྦྱར། རྀ་ཨར྄་དུ་འགྱུར་ཏེ་སྦྱར།ཨ་ཀཱཪྵཱི་ཏའོ། །པ་རོ྅ཀྵཱ་ནི་འདི་རྣམས་ཏེ། ཨཊ་དང་པོ། ཨ་ཏུས྄། ཨུས྄། ཐལ྄། ཨ་ཐུས྄། ཨ། ཨཊ྄། ཝ་མ། ཨེ། ཨཱ་ཏེ། ཨཱི་རེ། སེ། ཨཱ་ ཐེ། དྷེ། ཨེ། ཝ་ཧེ། མ་ཧེའོ། །ཨཊ྄་ལ་སོགས་པའི་མིང་ནི་པ་རོ྅ཀྵཱ་ཞེས་བྱའོ། །ཀྲྀ་ལ་པ་རོ྅ཀྵཱའི་ཨཊ་སྦྱར་བས་ཀྲི་གཉིས་པ་བྱ་སྟེ་རྀ་ཕྱི། ཀས་ཙ་ཐོབ་རྀ་ཨར་དུ་འཕེལ་བ་དང་སྦྱར་རོ། །ཙ་ཀཱ་རའོ། །ཀྲྀ་ལ་ཨ་ཏུས྄་སྦྱར་བས་རི་ཨརུ་དུ་གྱུར་པའོ། །ཙ་ཀཱ་ར་ཏུཿའོ། །ཀྲྀ་ལ་ཨུས་ སྦྱར་བས་གོང་བཞིན་ཏེ། ཙ་ཀ་རུཿའོ། །ཤྭསྟ་ནཱི་འདི་རྣམས་ཏེ། ཏཱ། ཏཱ་རཽ། ཏཱ་ར྄ས྄། ཏཱ་སི། ཏཱས་ཐཱསྲ། ཏཱསྲ་ཐ། ཏཱསྲ་མི། ཏཱསྲ་ཝས྄། ཏཱས྄་མས྄། ཏཱ། ཏཱ་རཽ། ཏཱ་རུས། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷེ། ཏཱ་ཧེ། ཏཱས྄་ཝ་ཧེ། ཏཱ་མ་ཧེའོ། །ཏཱ་ལ་སོགས་པའི་མིང་ཤྭསྟ་ནི་ཞེས་ བྱའོ། །ཀྲྀ་ལ་ཤྭསྟ་ནི་ཏཱ་སྦྱར་བས་རི་ཨར་དུ་འགྱུར་ཏེ་སྦྱར། ཀརྟཱའོ། །ཨ་ཤི་ཥཱ་ནི་འདི་རྣམས་ཏེ། ཡཱཏ། ཡཱ་ཏཱམ྄། ཡུས྄། ཡཱས། མཱསྲ་ཏཱམྲ། ཡཱསྲ་ཏ། ཡཱ་སམྲ། ཡཱས་ཝམ྄། ཡཱསྲ་མསྲ། སཱིཥྚ། སཱི་ཡཱསྲ། ཏཱམ྄། སཱི་རནྲ། སཱིཥྛས྄། སཱི་ཡཱས་ཐཱ་མ། སི་དྷྭམ྄། སཱི་ཡ། སི་ཝ་ཧི། སཱི་མ་ཧིའོ། །ཡཱཏ྄་ལ་སོགས་པའི་མིང་ནི་ཨ་ཤིཥ་ཞེས་པའོ། །ནཱི་ལ་ཨཱ་ཤིཥའི་ཡཱཏ་སྦྱར་རོ། །ནཱི་ཡཱཏ྄འོ། །ནཱི་ལ་ཡཱ་སྟམ྄་སྦྱར། ནཱི་ཡཱ་སྟམྲའོ། །ཎི་ཀཉ྄་ཞེས་བྱ་བ་ནི་ཐོབ་པའི་དོན་ཏོ། །སྱ་སཾ་ཧི་ཏཱ་ནི་ཏྱཱ་དཱི་ནི་བྷ་ཝི་ཥྱནྟི། སྱ་ཏི། སྱ་ཏསྲ། སེནྟི། སྱ་སི། སྱ་ཐས྄། སྱ་ཐཱ། སྱཱ་ མི། སྱ་ཝས྄། སྱཱ་མསྲ། སྱཱ་ཧེ། སྱནྟེ། སྱ་སེ། སྱ་ཐེ། སྱ་དྷྭེ། སྱ། སྱཱ་བ་ཧེ། སྱ་མ་ཧེའོ། །སྱའི་སྒྲ་དང་འབྲེལ་པའི་ཏི་ལ་སོགས་པའི་མིང་བྷ་བི་ཥྱནྟི་ཞེས་བྱའོ། །ཀྲི་ལ་སྱ་ཏི་སྦྱར། བར་དུ་ཨཱིཏ་སྦྱར་བས་རིས་ཨརུ་ཐོབ། ཨ་དང་ཀ་ར་དང་ཨི་སྦྱར། སས་ཥའོ། །ཀ་རི་ཥྱ་ཏིའོ། ། 195-1-36a ཀྲྀ་ལ་སྱ་ཏསྲ་སྦྱར། གོང་བཞིན། ཀ་རི་ཥྱ་ཏཿའོ། །ཀྲྀ་ལ་སྱནྟི་སྦྱར་བས་གོང་བཞིན་ནོ། །ཀ་རི་ཥྱནྟིའོ། །ཏྱཱ་དཱི་ནི་ཀྲྀ་ཡཱ་ཏི་པ་ཏྟིཿ། སྱཏ྄། སྱ་ཏཱམྲ། སྱན྄། སྱ་སི། སྱ་ཏམྲ། སྱ་ཏ། སྱཱ་མ། སྱཱ་ཝ། སྱཱ་མ། སྱཏ྄། སྱ་ཏམྲ། སྱནྟ་། སྱ་ཐཱསྲ། སྱེ་ཐཱམྲ། སྱེ་དྷྭམྲ། སྱེ། སྱེ་ཝ་ཧི། སྱཱེ་མ་ཧིའོ། །སྱ་གང་དང་ལྡན་པའི་དི་ལ་སོགས་པའི་མིང་ནི། ཀྲི་ཡཱ་ཏི་པཏྟི་ཞེས་བྱའོ། །ཀྲྀ་ལ་སྱད྄་སྦྱར། བར་དུ། ཨིཊ྄་སྦྱར། ཐོག་མར་ཨ་སྦྱར། རྀ་ཨཱར་དུ་འགྱུར་ཏེ་སྦྱར། ཨ་ཀ་རི་ཥྱ་ཏའོ། །ཀྲྀ་ལ་སྱའི་ཏམ་སྦྱར་བ་སོགས་ གོང་བཞིན། ཨ་ཀ་རི་ཥྱ་ཏམྲའོ། །ཀྲྀ་ལ་སྱན་སྦྱར་བ་ལ་སོགས་པའོ། །ཨ་ཀ་རི་ཥྱན྄འོ། །ཥ་ཌཱ་དྱཱ་སརྠ་དྷཱ་ཏུ་ཀམྲ། བྱེད་པའི་ཚིག་དྲུག་རྣམས་ཀྱི་དང་པོའི་བྱེད་པའི་ཚིག་བཞི་ནི། ཝརྟ་མཱ་ནཱ་དང་། སཔྟ་མཱི་དང་། པཉྩ་མཱི་དང་། ཧྱསྟ་ནཱི་སྟེ། དེ་རྣམས་ཀྱི་མིང་སཪྺ་དྷཱ་ཏུ་ཞེས་བྱ་ བར་འགྱུར་རོ། །ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་ཀུན་བཤད་པའི་རབ་ཏུ་བྱེད་པའི་རྐང་པ་དང་པོའོ།། །།པྲ་ཏྱ་ཡཿཔ་རཿ། བསྟན་བཅོས་ལ་རྐྱེན་བཤད་པ་དང་། འོག་ནས་འཆད་པ་གང་ཡིན་པ་དེ་རང་བཞིན་གྱི་ཕ་རོལ་དུ་འགྱུར་བའོ་ཞེས་ཡོངས་སུ་བཤད་པ་སྟེ། ཀུ་མཱ་ར་ལ་ཨཱི་སྦྱར་ བས། ཀུ་མཱ་རཱིའོ། །འདིར་ཕ་རོལ་དུ་ཨཱི་འབྱུང་བ་སྟེ། གུཔྲ་ལ་སན྄་སྦར་བས་གུཔྲ་གཉིས་པ་བྱས་པའི་གས་ཛ་ཐོབ་སྟེ། ཛུ་གུཔ་ཏེའོ། །འདིར་ཕ་རོལ་དུ་སན྄་སྦྱར་བའོ། །ཀྲྀ་ལ་ཏ་བྱ་སྦྱར་བས། རྀ་ཨར་དུ་འགྱུར་ཏེ། ཏ་དང་སྦྱར། ཀཪྟ་བྱམ྄འོ། །འདིར་ཕ་རོལ་དུ་ཏ་བྱ་སྦྱར་ བའོ། །གུཔྲ་ཏི་ཛྐིཏྦྷྱཿསན། གུཔ་ཞེས་བྱ་བ་ནི་སྦེད་པའོ། །ཏི་ཛ་ཞེས་པ་འདར་བའོ། །ཀི་ཏ་ཞེས་པ་གནས་སོ། །དེ་རྣམས་ཀྱི་དྷཱ་ཏུ་རྣམས་ལ་རྐྱེན་སན྄་འབྱུང་བར་འགྱུར་ཏེ། གུཔྲ་ལ་སན་སྦྱར་བས་གུཔྲ་གཉིས་པ་བྱ་སྟེ་ཕྱི། དྷཱ་ཏུའི་པ་དང་ས་སྦྱར། ཛུ་གུསྤ་ཏེའོ། །ཏི་ཛ་ལ་སྲན་ སྦྱར་བས་ཏིཛྲ་གཉིས་པ་བྱས། ཛྲཕྱི། དྷཱ་ཏུའི་ཛས་ཀ་ཐོབ། སས་ཥ་ཐོབ་བོ། །ཏི་ཏི་ཀྵ་ཏེའོ། །ཀིཏ྄་ལ་སན་སྦྱིན་ཀི་ཏ་གཉིས་པ་བྱས། ཀ་ས་ཙ་ཐོབ། ཙི་ཀིཏྶ་ཏིའོ། །སྨད་པ་དང་། བཟོད་པ་དང་། ནད་བཟློག་པའི་དོན་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་དྷཱ་ཏུ་རྣམས་ལ་རྐྱེན་ 195-1-36b སན་འབྱུང་བར་འཐད་པའོ། །དངོས་དཔེ་གོང་མ་སྟེ། སན་སྦྱར་བས་དྷཱ་ཏུའི་དོན་བསྒྱུར་བའོ། །མཱ་ན་ཝ་དྷཱ་དཱ་ནཱ་ཤཱ་ནནྷྱོ་དཱིརྒྷ་ཤྩཱ་བྷྱཱ་ས་སྱ། མཱ་ན་ཞེས་པ་ནི་རྗེད་པའོ། །བྷ་ན་ཞེས་པ་ནི་འཆི་འཆི་བའོ། །དཱ་ན་ཞེས་པ་ནི་གཏོང་བའོ། །ཤཱ་ན་ཞེས་པ་འདར་བའོ། །དེ་རྣམས་ལ་རྐྱེན་སན་འབྱུང་བར་ འགྱུར་བ་དང་། ཨ་བྷྱ་ས་བསྲིང་བ་ཡང་ངོ་། །མན྄་ལ་སན་སྦྱར་བས་མན་གཉིས་པ་བྱས་ན་ཕྱི། སན྄་ནི་བརྞ་སྱའི་མདོས་མ་གོང་མས་ཨི་ཐོབ་སྟེ་བསྲིང་ངོ་། །མི་མཱཾ་ས་ཏེའོ། །བྷ་ན་ལ་སན་སྦྱར་བས་བ་གཉིས་པ་བྱ་བ་ལ་སོགས་པ་གོང་བཞིན། བི་བྷནྶ་ཏེའོ། །དནྲ་ལ་སན྄་སྦྱར་བས་ད་ གཉིས་པ་བྱ་སྟེ་ཨི་ཐོབ་ནས་བསྲིངས་པའོ། །དཱི་དཱཾ་སན྄་ཏིའོ། །ཤན྄་ལ་དན་སྦྱར་བས་གོང་བཞིན་ཤི་དཱཾ་ས་ཏིའོ། །དྷཱ་ཏོརྠཱ་ཀརྨ་ཎ་ཏུ་མནྟཱ་དིཙྪ་ཏི་ནཻ་ཀ་ཀརྟྲྀ་ཀཱཏ། ཏུམ་གྱི་མཐའ་ཅན་གྱི་དྷཱ་ཏུའི་ལས་འདོད་པའི་དོན་ཡིན་པར་གྱུར་ན་རྐྱེན་སན྄་འབྱུང་བའམ། བྷུ་ཛ་ལ་ཏུམ྄་སྦྱར་བས་ཛས་ཀ་ ཐོབ་སྟེ། བྷོཀྟུ་མིཙྪ་ཏིའོ། །བྷུ་ཛ་ལ་སན྄་སྦྱར། བྷུ་གཉིས་པ་བྱས་བྷུས་བུ་ཐོབ། ཙ་བརྒ་སྱ་ཀི་ར་སྱ་བརྞེའི་མདོས་ཛས་ཀ་ཐོབ་པའོ། །བུ་བྷུཀྵ་ཏེའོ། །ཕྱོགས་གཅིག་ནི་བྷོག་ཏུམ་ཨིཙྪ་ཞེས་བྱ་བའི་ཚིག་ཉིད་དོ། །བྷུ་ཛ་ཞེས་བྱ་བ་ནི་སྐྱོང་བ་དང་། ལོངས་སྤྱོད་པ་དག་སྟེ། བྱེད་ པར་འདོད་པའོ། །ཀྲྀ་ལ་སན་སྦྱར་བས་རྀས་རི་ཐོབ་བ་རཱྀས་ཨིར་ཐོབ་སྟེ། ཨ་བསྲིང་། ཀྲྀ་གཉིས་པ་བྱ་སྟེ། ཀས་ཙ་ཐོབ་པའོ། །ཙ་ཀིཪྵ་ཏེ། ཌུ་ཀྲིཉ་ནི་བྱེད་པའོ། །དོགས་པའི་དོན་ལ་སན྄་འབྱུང་བར་འགྱུར་བ་སྟེ། ཁྱི་འཆི་བར་འགྱུར་ཞེས་བདག་དོགས་པར་འགྱུར་བ་སྟེ། ཤྭཱ་མྲྀ་ལ་ སན་སྦྱར་བས། མྲི་གཉིས་པ་སྦྱར། རྀ་ཕྱི། དྷཱ་ཏུ་རི་རྀ་ཨུར་འགྱུར་ཏེ། སས་ཥ་ཐོབ་པ་དང་སྦྱར་རོ། །ཤྭཱ་མུ་མུཪྵ་ཏིའོ། །མྲིད྄་ཞེས་བྱ་བའི་ནི་སྲོག་གཏོང་བར་བྱེད་པའོ། །ནཱམྣ་ཨཏྨེ་ཙྪ་ཡཱཾ་ཡིན། མིང་གི་རྟགས་ཀྱི་ལས་བདག་འདོད་པའི་དོན་ལ་རྐྱེན་ཡིན་འབྱུང་བའམ། བདག་ཏུ་འདོད་ པ་སྟེ། པུ་ཏྲ་ལ་རྐྱེན་ཡིན་སྦྱར། ན་དང་ཨི་ཕྱི། ཨན྄་སྦྱར་ནས་ཡ་དང་མ་སྦྱར། ན་ནི་བརྞ་སྱའི་མདོས་ཊས྄་ཨི་ཐོབ་པའོ། །པུ་ཏྲི་ཡ་ཏིའོ། །བདག་སྣམ་བུ་འདོད་པ་སྟེ། པ་ཏྲ་ལ་ཡིན྄་ལ་སོགས་པ་སྦྱར་བ་སྔ་མ་བཞིན་ནོ། །པུ་ཏྲ་པ་ཏྲའི་སྒྲ་དག་ནི་རྟགས་སོ། །མའི་མཐའ་ཅན་དང་ 195-1-37a ཚིག་ཕྲད་ལ། རྐྱེན་ཡིན་མི་འབྱུང་བ་སྟེ། འདི་བདག་ཉིད་འདོད་པ་ན་མས་མཆོད་པའི་དོན་ཡིན་ན། ཡིན་འབྱུང་བར་གསུངས་ཏེ། ན་མས་ལ་ཡིན་སྦྱར། ཨི་དང་ན་ཕྱི། ས་དས་ཡ་སྦྱར་རོ། །ན་མ་སྱ་ཡ་ཏི་ཤི་བ་མའོ། །བསྙེན་བཀུར་དང་རིམ་གྲོའི་དོན་མང་ ཡང་ཡིན་འབྱུང་སྟེ། བ་ཏི་བས་ལ་ཡིན་སྦྱར། ན་དང་ཨི་ཕྱི། ས་དང་ཡ་སྦྱར། བ་ཏི་བ་སྱ་ཡ་ཏི། རྟ་དང་གྱང་། ཁྱུ་མཆོག་འཁྲིག་པ་འདོད་པའི་དོན་ལ་ཐོག་མར་ཐོབ་པའི་ཡིན་འབྱུང་བར་གསུངས་ཏེ། ཨ་ཤྭ་ལ་རྐྱེན་ཡིན་སྦྱར། རྐྱེན་གྱི་ཐོག་མར་ས་ཐོབ། ན་དང་ཨ་ཕྱི། ས་དང་ཨ་ སྦྱར། ཨ་ཤྭ་སྱ་ཏིའོ། །བྲ་ཥ་ལ་རྐྱེན་ཡིན྄་སྦྱར། ས་ཐོབ་པ་གོང་བཞིན། འོ་མ་དང་ལན་ཚྭ་དག་ལྷག་པར་འདོད་པའི་དོན་ལས་ཐོག་མར་ཐོབ་པའི་ཡིན་འབྱུང་བར་འགྱུར་རོ། །ཀྵཱི་ར་ལ་ཡིན་སྦྱར་བས་ས་ཐོབ་པ་གོང་མ་བཞིན། ལ་བ་ན་ལ་ཡིན་སྦྱར། ས་ཐོབ་པའོ། །ལ་བ་ན་སྱ་ཏིའོ། །ཀཱ་མྱ་ཙ། རྟགས་བདག་འདོད་པའི་དོན་ཅན་ལ། རྐྱེན་ཀཱ་མྱ་འབྱུང་བ་སྟེ། བདག་ཉིད་བུ་འདོད་པ་སྟེ། པ་ཏྲ་ལ་ཀཱ་མྱ་སྦྱར་བའོ། །ཤུ་བྷ་ལ་ཀཱ་མྱ་སྦྱར་བས་ཤུ་བྷ་ཀཱ་མྱ་ཏིའོ། །ཨུ་པ་མཱ་ནཱ་དཱ་ཙཱ་རེ། དེ་ལྟ་བུར་སྤྱོད་པའི་ལས་ཀྱི་རྟགས་ཀྱི་དོན་ལ་རྐྱེན་ཡིན་འབྱུང་བ་སྟེ། བུ་མ་ཡིན་པ་བུ་ལྟར་སྤྱོད་ པ་སྟེ། པུ་ཏྲ་ལ་རྐྱེན་ཡིན་སྦྱར། ན་དང་ཨི་ཕྱིས་ནས་ཨན྄་དང་སྦྱར། ཡིན་ནི་བརྞ་སྱས་ཏྲས་ཨི་ཐོབ་པའོ། །ཀཏྟྟ་རཱ་ཡིས་ལ་ལོ་པཥྩ། བྱེད་པ་པོའི་དཔེ་སྤྱོད་པའི་རྟགས་ཀྱི་དོན་ལ་རྐྱེན་ཨཱ་ཡི་འབྱུང་བ་སྟེ། ཨི་བརྗོད་དོན་ནོ། །ས་ཡང་དབྱི་བའོ། །ཙའི་སྒྲ་ནི་འདིར་རྗེས་སུ་སྨྲ་བ་སྟེ། ཇི་ ལྟར་སློང་དུ་འགྲོ་བ་ན་བ་ལང་ཁྱེར་ལ་ཤོག །ཅེས་བྱ་བ་སྟེ། དེས་ན་གང་དུ་ས་ཡོད་པ་དེ་དབྱི་བ་དང་། གང་དུ་ས་མེད་པ་དེར་ཡང་ཨཱ་ཡི་འབྱུང་བའོ། །བྱ་རོག་ཁྲ་ལྟར་སྤྱོད་པ་ཤྱེ་ན་ལ་རྐྱེན་ཨཱ་ཡ་སྦྱར། མས་མ་དཱིརྒྷས་སོ། །དམངས་རིགས་དང་བྲམ་ཟེ་ལྟ་བུར་སྤྱོད་པ། བྲཧྨ་ཎ་ལ་ཨཱ་ཡ་སྦྱར་ བ་གོང་བཞིན། ཆུ་འོ་མ་ལྟ་བུར་སྤྱོད་པའོ། །པ་ཡས྄་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན། ཨཔྶར་ཡ་ཏེའོ། །ཡང་ན་བ་ཡས་ལ་ཨ་སྦྱར་བས་བྱ་ཉྫན་ཨན་ཏད་ཨ་ཕྱི་སྟེ་ས་དང་ཡ་སྦྱར་བའོ། །ཨ་བ་རས་ལ་ཨཱ་ཡ་སྦྱར་བ་གོང་མ་བཞིན། དྲོད་དང་། རླངས་པ་དང་། དབུ་བ་རྣམས་འབྱུང་ 195-1-37b བའི་དོན་ལ་རྐྱེན་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན་དུ་གསུངས་ཏེ། དྲོད་འབྱུང་བ་ཞེས་བྱ། ཨུཥྨ་ལ་རྐྱེན་ཨཱ་ཡ་སྦྱར་བས་ས་མ་ན་དཱིརྒྷའོ། །བཱཥྤ་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན། ཕེ་ཎ་ལ་ཨཱ་ཡ་སྦྱར་བ་གོང་མ་བཞིན་ཕེ་ཎཱ་ཡ་ཏེའོ། །ཨིནྐཱ་རི་ཏཾ་ཙ་དྷཱ་ཏྭརྠྠེ། དྷཱ་ཏུའི་དོན་ཅན་གྱི་མིང་བསྟན་ པར་བྱ་བ་ཡིན་ན་རྐྱེན་ཨིན་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རི་ཏ་ཞེས་བྱའོ། །བསྟྲ་མ་རྟགས་ཡིན་ལ་ཀྲྀ་དྷཱ་ཏུའོ། །བསྟྲ་ཨིན་སྦྱར་བས་ཏྲའི་ཨ་ཕྱི་སྟེ་སྦྱར་ཨིས་ཨོ་ཐོབ། ཨེ་ཨས་ཡ་དང་། ཨན྄་གྱི་ཨ་སྦྱར། བསྟྲ་ཡ་ཏིའོ། །ལ་བ་ཎ་མ྄་ནི་རྟགས་ཡིན། ཀྲྀ་ནི་དྷཱ་ཏུ་ཡིན་པས་བརྟཱ་མཱ་ནའི་ཏི་ སྦྱར། ལ་བ་ནམ྄་ཨན྄་ལ་སོགས་པ་སྦྱར་བས་གོང་མ་བཞིན། ལ་བ་ཎམ྄་ཀ་རོ་ཏིའོ། །དྷཱ་ཏོཤྩ་ཧེ་ཏོ། །རྒྱུའི་དོན་ཅན་གྱི་དྷཱ་ཏུ་ལ་རྐྱེན་ཨིན་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རཾ་ཏ་ཞེས་བྱའོ། །ཀྲྀ་ལ་ཨིན་སྦྱར་ན་ཕྱི། ཨ་སྱ་པ་དྷཱ་བྲི་དྷཱི་དཱགྷཱའི་མདོས་རྀ་ཨཱར་དུ་འཕེལ། ར་དང་ཨི་སྦྱར་ཨིས་ཨེ་ ཐོབ་ཨེ་ཨཱ། ཡ་དང་ཨན་གྱི་ཨེ་སྦྱར། ཀཱ་ར་ཡ་ཏིའོ། །པ་ཙ་ལ་ཨིན་སྦྱར་བས་པ་བསྲིང་བ་ལ་སོགས་པ་གོང་མ་བཞིན་ནོ། །པཱ་ཙ་ཡ་ཏིའོ། །ཙུ་རཱ་དེཤྩ། ཙུ་ར་ལ་སོགས་པའི་དྷཱ་ཏུ་པ་ཐར་བརྗོད་པ་རྣམས་ལ་རྐྱེན་ཨིན་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རི་ཏ་ཞེས་བྱའོ། །ཙུ་ར་ལ་ཨིན་སྦྱར་ བས་ཙུ་ཙོར་གྱུར་པ་ལ་སོགས་པ་གོང་མ་བཞིན་ནོ། །ཙོ་ར་ཡ་ཏིའོ། །ཙིན་ཏ་ལ་ཨིན་སྦྱར་བས་གོང་མ་བཞིན། ཙིནྟ་ཡ་ཏིའོ། །ལཀྵ་ལ་ཨིན྄་སྦྱར་བས་གོང་བཞིན། ལཀྵ་ཡ་ཏིའོ། །ཙུ་ར་ཞེས་པ་རྐུ་བའོ། །ཙི་ཏི་ཞེས་བྱ་བ་དྲན་པའོ། །ལཀྵ་ཞེས་བྱ་བ་དམིགས་པའོ། །ཨི་ནི་ལིངྒ་སྱས་ཀྵ་ཀྵ་ རཱ་སྱ་ནྱཱ་སྭཱ་སྟྭཱ་དེར་ལོ་པཿ དབྱངས་ཏུ་མའི་རྟགས་ཀྱི་ཕ་རོལ་ན་ཨི་ཡོད་ན་གང་དབྱངས་ཀྱི་ཡན་ལག་མཐའ་མའི་དང་པོ་དེ་དབྱི་བས་ཏེ། གླང་པོ་ལས་ཤིན་ཏུ་འདས་པ་སྟེ། ཨ་ཏི་ཧསྟ་ནི་ལ་རྐྱེན་ཨིན་སྦྱར་བས་མདོ་འདིས་སྟིའི་ཨི་དང་ན་ཕྱི་ནས་ཨིན་དང་སྦྱར་བ་དང་། ཨན྄་དང་སྦྱར་བའོ། །ཨ་ ཏི་ཧས་ཡ་ཏིའོ། །པི་ཝང་གིས་ཉེ་བར་གླུ་ལེན་པ། བི་ཎ་ལ་ཨིན་སྦྱར་བས། མདོ་འདིས་ཎའི་ཨ་ཕྱི་སྟེ་སྦྱར་བ་དང་། ཨན་སྦྱར་རོ། །བི་ན་ཡ་ཏིའོ། །སྦོམ་པ་དང་། ཐག་རིང་བ་དང་། ལང་ཚོ་དང་། ཐུང་ངུ་དང་། མྱུར་བ་དང་། ཕྲན་ཚེགས་རྣམས་ཀྱི་འོག་མཐའི་ཨནྟསྠ་དང་། དང་པོའི་ 195-1-38a ཡན་ལག་དབྱི་བ་དང་། ནཱ་མི་ཡང་གུ་ཎ་བྱ་བར་གསུངས་ཏེ། སྦོམ་པོར་བརྗོད་པ་སྟེ། སྠུ་ལའི་མཐར་ཨིན་སྦྱར་བས། ཨནྟ་ལ་ཕྱི། ནཱ་མི་ཨུ་ཨོར་འགྱུར། ཨོ་ཨབ་དང་ཨི་སྦྱར་བ་དང་། ཨན྄་སྦྱར་རོ། །སྠུ་ལ་པཱ་ཙཥྚི་སྠ་བ་ཡ་ཏིའོ། །ཐག་རིང་བར་བརྗོད་ པ། དུ་ར་ལ་ཨིན྄་སྦྱར་བས་ར་ཕྱི། ཨུ་ཨོར་འགྱུར། ཨོ་ཨབ་ལ་སོགས་པ་སྔ་མ་བཞིན། ཡ་བ་ཡ་ཏིའོ། །ཧྲི་སྭ་བ་ལ་ཨིན྄་སྦྱར་བས། ཝ་ཕྱིས་ས་དང་ཨི་སྦྱར་ཏེ། ཨན་སྦྱར། ཧྲ་ས་ཡ་ཏིའོ། །དཀྵི་ཏྲ་ལ་ཨིན྄་སྦྱར་བས་ན་ཕྱི། ཨི་ཨེར་གྱུར་པ་ལ་སོགས་པའོ། །ཀྵེ་ད་ཡ་ ཏིའོ། །ར་ཤབྡ་རྀ་ཏོརླ་གྷོ་བྱཾ་ཛ་ནཱ་དེཿ གསལ་བྱེད་ན་ཕ་རོལ་ན་ཡོད་པའི་རི་སྲབ་མོའི་ཕ་རོལ་ན་ཨིན྄་ཡོད་ན་ར་གཞག་པ་སྟེ། མཐའི་ཐོག་པའི་དབྱངས་ཀྱང་དབྱིའོ། །རྒྱ་ཆེ་བར་བརྗོད་པ་སྟེ། པྲྀ་ཐུ་ལ་རྐྱེན་ཨིན་སྦྱར་བས་མདོ་འདིས་རྀས་ར་ཐོབ། མཐའི་དབྱངས་ཨུ་ཕྱི་བ་དང་། ཨིས྄་ཨེ་ཐོབ། ཨེ་ཨ་ཡ། ཡ་ཨན྄་གྱི་ཨ་སྦྱར་རོ། །པྲ་ཐ་ཡ་ཏིའོ། །འཇམ་པོར་བརྗོད་པ། མྲྀ་དུལ་ཨིན྄་སྦྱར་བས་གོང་བཞིན། མྲ་ཏ་ཡ་ཏིའོ། །ཡང་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྲྀའི་ཕ་རོལ་ནཀྵ་མཐུག་པ་ཡོད་པས་རིས་ར་མ་ཐོབ། རྀ་ཉིད་ཡང་བ་ཡིན་ཡང་། བྲི་ཀྵ་ཡ་ཏིའོ། །དྷཱ་ཏོ་རེ་ཀ་སྭ་རདྭྱ་ཤབ་དཤྩེ་ཀྲི་ཡཱ་ས་མ་བྷི་ཧཱ་རེ། གང་དབྱངས་གཅིག་པའི་དྷཱ་ཏུ་གསལ་བྱེད་ཐོག་མ་ན་ཡོད་པ་བྱ་བ་ཡང་དང་ཡང་དུ་བྱེད་པའི་དོན་ཡིན་པར་གྱུར་ན་རྐྱེན་ཡའི་སྒྲ་འབྱུང་བ་སྟེ། དེའི་མིང་ཙེ་ཀྲི་ཡི་ཏ་ཞེས་བྱའོ། །ཡང་དང་ཡང་དུ་བྱེད་པའམ། ལྷག་པར་བྱེད་པའི་དོན་ལ་ནི་ཀྲི་ཡ་ས་མ་བྷི་ཧ་ར་ཞེས་བྱའོ། །མཆོད་སྦྱིན་ཡང་དང་ཡང་དུ་བྱེད་པའམ། ལྷག་པར་བྱེད་པའམ། ཡ་ཛ་ལ་རྐྱེན་ཡ་སྦྱར་བས། ཡ་ཛ་གཉིས་པ་གོང་དུ་སྦྱར། ཛ་ཕྱི། དྷཱ་ཏུའི་ཡ་དང་ཛ་སྦྱར་ཏེ། དཱིརྒ་ནཱ་ག་མནྟ་སྱའི་མདོས་ཨ་གོང་མ་བསྲིང་བའོ། ། ཡཱ་ཡ་ཛྱ་ཏིའོ། །ཡང་དང་ཡང་དུ་ཀློག་པའམ། ལྷག་པར་ཀློག་པ། པ་ཋ་ལ་ཡ་སྦྱར་བ་གོང་མ་བཞིན། སུ་ཙི་དང་། སུ་ཏྲི་དང་། པུ་ཏྲི་རྣམས་ཨིན་གྱི་མཐའ་ཅན་དབྱངས་དུ་མ་རྣམས་ལ་རྐྱེན་ཡ་གསུངས་ཏེ། སུ་ཙི་ལ་ཡ་སྦྱར་བས་གོང་དུ་སུ་ཙི་གཉིས་པ་བྱས་ཅི་ཕྱི། དྷཱ་ཏུའི་ 195-1-38b ཙའི་ཨི་ཕྱི་སྟེ་ཡ་དང་སྦྱར་རོ། །པུ་ཏྲི་ལ་ཡ་སྦྱར་བས་གོང་མ་བཞིན། སོ་སུ་ཏྲྱ་ཏེའོ། །མུ་ཏྲི་ལ་ཡ་སྦྱར་བས་མོ་མ་ཏྲྱ་ཏེའོ། །འཁྱོག་ཅིང་འགྲོ་བའི་དོན་ལ་རྐྱེན་ཡ་འབྱུང་བ་སྟེ། ཀུ་ཊི་ལ། འཁྱོག་ཅིང་འགྲོ་བའོ། །ཨཱ་ཊཱ་ལ་ཡ་སྦྱར་བས་དྭ་རཱ་དེ་རཱཾ་ཡ་སྱ་ཡའི་མདོས་ཊ་གཉིས་པ་བྱས་ ཏེ། ཡ་ཕྱི་བ་དང་། སྲིང་བ་གོང་མ་བཞིན། ཨཱ་ཊཱ་ཏྱཱ་ཏེའོ། །གུ་པུ་དྷུ་པ་བིཙྪ་པ་ཎི་པ་ནི་རཱ་ཡཿགུ་པུ་ནི་སྲུང་བའོ། །དྷུ་པ་ནི་ཀུན་དུ་གདུང་བའོ། །བི་ཚ་ནི་འགྲོ་བའོ། །པ་ཎ་ནི་ཐ་དད་དོ། །པ་ན་ཡང་ཐ་སྙད་དོ། །དེ་རྣམས་ལ་རྐྱེན་ཨཱ་ཡ་འབྱུང་བ་སྟེ། གུཔ྄་ལ་ཨཱ་ཡ་སྦྱར་བ་སྟེ། ནཱ་མི་ན་ཤྩོ་པ་ཏིའི་མདོས་གུ་གོར་གྱུར་པའོ། །གོ་པཱ་ཡ་ཏིའོ། །དྷཱུ་པ་ལ་ཨཱ་ཡ་སྦྱར་བའོ། །དྷཱུ་པཱ་ཡ་ཏིའོ། །བི་ཚ་ལ་ཨཱ་ཡ་སྦྱར་བས། བི་ཚཱ་ཡ་ཏིའོ། །བ་ཎ་ལ་ཨཱ་ཡ་སྦྱར་བས། བ་ཎཱ་ཡ་ཏིའོ། །པ་ན་ལ་ཨཱ་ཡ་སྦྱར་བས། པཱ་ནཱ་ཡ་ཏིའོ། །ཏེ་དྷཱ་ཏ་ཝ། གོང་དུ་བཤད་པའི་ སན་ལ་སོགས་པའི་རྐྱེན་གྱི་མཐའ་ཅན་གྱི་ཚོགས་དེ་རྣམས་ཀྱི་མིང་དྷཱ་ཏུ་ཞེས་བྱ་བར་འགྱུར་རོ། །གུཔ྄་ལ་རྐྱེན་སན་སྦྱར་བས་གུཔ྄་གཉིས་པ་བྱས། པ་ཕྱི། གས་ཛ་ཐོབ། དྷཱ་ཏུའི་པ་དང་ས་སྦྱར། ཛུ་གུཔ྄་ས་ཏེའོ། །མང་ག་ལ་རྐྱེན་ཡིན་སྦྱར་བས། ཡིན྄་ནི་བརྞ་སྱའི་མདོ་ལས་ཨི་ཐོབ་ པའོ། །མངྒ་ལཱི་ཡ་ཏིའོ། །སུ་ཏྲ་ལ་རྐྱེན་ཀཱ་མྱེ་སྦྱར་བའོ། །ལ་བ་ཎ་ལ་རྐྱེན་ཡིན་སྦྱར་བས་ཨི་ཨེར་གྱུར་ཨོ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། ལ་བ་ཎ་ཡ་ཏིའོ། །པ་ཙ་ལ་རྐྱེན་ཡ་སྦྱར་བས། པ་ཙ་གཉིས་པ་བྱས། ཙ་ཕྱི། དཱིརྒྷ་ནཱ་ག་མན་སྱའི་མདོས་པཱ་སྲིངས་པའོ། །པཱ་པ་ཙྱ་ ཏིའོ། །དྷཱ་ཏུ་ཞེས་བྱ་བ་ཡིན་ན་ཏི་ལ་སོགས་པ་འབྱུང་བའོ། །ཙ་ཀཱ་སྐཱ་སྲ་པྲ་ཏྱ་ཨནྟེ་བྷྱ་ཨམྤ་རོ྅ཀྵཱ་ཡཱ་མ། ཙ་ཀཱ་སྲྀ་ཞེས་བྱ་བ་འབར་བ་དང་། ཀཱ་སྲྀའི་སྒྲ་དག་སྨན་པར་བྱ་བའི་དྷཱ་ཏུ་འདི་དག་དང་། རྐྱེན་གྱི་མཐའ་ཅན་རྣམས་ཀྱིའང་ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་རྐྱེན་ཨཱམ་འབྱུང་བ་སྟེ། ཙ་ ཀཱ་སྲྀ་ལ་ཨཱམ྄་སྦྱར་བའི་ཕྱི་ནས། ཨཱམ་ཀྲྀའོ་མདོས་འོག་ཏུ་ཀྲྀ་བྱས་ཀྲྀ་གཉིས་པ་ཡང་བྱས། གོང་མའི་རྀ་ཕྱི། ཀས་ཙ་ཐོབ། འོག་མའི་རྀ་ཨར་ཐོབ། ཨ་དང་ཀ་ར་དང་ཨ། ཀི་ལ་སྦྱར། ཙ་ཀཱ་སཱཾ་ཙ་ཀཱ་ར། ཀཱ་སྲྀ་ལ་ཨཱཾ་སྦྱར་བས་ཨེ་སྦྱར་བ་གོང་མ་བཞིན། ཀཱ་སཱཾ་ཙ་ཀྲི། རྐྱེན་གྱི་ 195-1-39a མཐའ་ཅན་རྣམས་ལ་གུཔ྄་ལ་སན་སྦྱར་གུ་གཉིས་པ་བྱས་ཏེ་ཨཱམ་སྦྱར་བས་གོང་མ་བཞིན། པུ་ཏྲ་ལ་རྐྱེན་ཀཱ་མྱེ་སྦྱར་ཏེ་ཨཱམ་སྦྱར་བས་གོང་མ་བཞིན། པུ་ཏྲ་ཀཱ་མྱཱཾ་ཙ་ཀཱ་རཱའོ། །པ་ཐ་ལ་ཡ་སྦྱར་ཏེ་ཨཱཾ་སྦྱར་བས་གོང་མ་བཞིན་པཱ་པཱ་ཐཱཾ་ཙཀྐེའོ། །གུཔ྄་ལ་ཨཱ་ ཡ་སྦྱར་ཏེ་ཨམ྄་སྦྱར་བ་ལ་སོགས་པའོ། །གོ་པཱ་ཡཱཾ་ཙ་ཀ་རཿའོ། །ནཱ་མྱཱ་དེརྒུ་རུ་མ་ཏོ྅ནྲཱྀ་ཙྪཱཿ། ཐ་མ་ན་ནཱ་མི་ཡོད་པའི་དྷཱ་ཏུ་མཐུག་པ་དང་ཡང་ལྡན་ལ། ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་རྐྱེན་ཨཱམ་འབྱུང་བའོ། །རི་ཙ་ཞེས་བྱ་བ་ནི་དབང་པོ་ཉམས་པའམ་བརྒྱལ་བའི་ངོ་བོ་དག་སྟེ། དེ་ནི་མ་ གཏོགས་པའོ། །ཨཱིཀྵ་ལ་ཨམ྄་སྦྱར་བ་འོག་ཏུ་ཀྲྀ་གཉིས་པ་སྦྱར་བ་གོང་མ་བཞིན། ཨིཀྵཱ་ཙཀྐྲེའོ། །ཨུ་ཧ་ལ་ཨམ་སྦྱར་གོང་མ་བཞིན། ཨཱུ་ཏྲཱཾ་ཙཀྲའོ། །ཨབ྄་ཛ་ལ་ཨཱམ྄་སྦྱར་གོང་བཞིན། ཨུ་བ་ཛཱ་ཙ་ཀཱ་རའོ། །ཨ་ནྲྀ་ཙྪ་ཨི་ཏི་ཀིམ྄་རྀ་ལ་ཨཱཏ་སྦྱར་བས་རྀ་གཉིས་པ་བྱས། ཨ་ཀཱ་ར་ རི་བརྞ་སྱའི་མདོས་རས་ཨ་ཐོབ། བར་དུ་ན་ཐོབ། དྷཱ་ཏུའི་ཨཱར་དུ་འགྱུར་ཏེ། ཨ་དང་ན། ར་དང་ཙ་སྦྱར་རོ། །ཨཱ་ནཪྪ་ཏུའོ། །ཨ་སི་ད་ཡ་ཡི་ད་རེ་ཏྲ་བྷྱཤྩ། ཨ་པ་ཞེས་བྱ་བ་འདུག་གནས་ཏེ། ད་ཡ་ཞེས་པ་སྦྱིན་པ་དང་། འགྲོ་བ་དང་སྲུང་བ་རྣམས་ཏེ། ཨ་ཡ་ནི་འགྲོ་བའོ། ། ད་རི་ཏྲཱ་ནི་ངན་འགྲོའོ། །དེ་རྣམས་ཀྱི་ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་ཨཱམ་འབྱུང་བ་སྟེ། ཨ་ས་ལ་ཕ་རོལ་ན་པ་རོ྅ཀྵཱ། ཨེ་ཡོད་པས་ས་ལ་ཨཱམ་སྦྱར། ཨམ་ཀྲྀའི་མདོས་འོག་ཏུ་ཀྲྀ་གཉིས་པ་སྦྱར་རོ། །ཨཱ་སཱཾ་ཙཀྲེའོ། །ད་ཡ་ཨཱམ྄་སྦྱར་བ་གོང་བཞིན། ད་ཡཱམ་ཙཀྲེའོ། །ལཱ་ཡ་ཡ་ཨམ་ སྦྱར་བ་གོང་མ་བཞིན། པ་ཙ་ལཱ་ཡཱམ་ཙཀྲེའོ། །ཨ་པའི་གོང་དུ་པར་སྦྱར་ཏེ། རས་ལ་ཐོབ་པའོ། །ད་རི་དཱ་ལ་ཨམ་སྦྱར་བ་གོང་བཞིན། ད་རི་དྲཱཾ་ཙ་ཀཱ་རའོ། །ཨུ་ཥ་བི་ད་ཛ་གྲྀ་བྷོ་བཱ། ཨུ་ཥ་ནི་ཚིག་པའོ། །བི་ད་ནི་རིག་པའོ། །ཛཱ་གྲྀ་ནི་གཉིད་སད་པའོ། །དེ་རྣམས་ཀྱི་ཕ་རོལ་ན་ པ་རོ྅ཀྵཱ་ཡོད་ན་ཨཱམ྄་འབྱུང་བའོ། །ཨུ་ཥ་ལ་ཨཱམ྄་སྦྱར་བ་པ་རོ྅ཀྵཱ་ཨཊ་སྦྱར་བས་འོག་ཏུ་ཀྲྀ་གཉིས་པ་བྱས་པ་ལ་སོགས་པའོ། །ཨོ་ཥཱ་ཙ་ཀཱ་རའོ། །བིད་ལ་ཨཱཾ་སྦྱར་བ་གོང་མ་བཞིན། བི་དཱཾ་ཙ་ཀཱ་རའོ། །ཛཱ་གྲྀ་ལ་ཨམ་སྦྱར་བས་རྀ་ཨར་དུ་འགྱུར་ཏེ་སྦྱར། ཕྱི་མ་གོང་མ་བཞིན། 195-1-39b ཛཱ་གཱ་རཾ་ཙ་ཀཱ་རའོ། །ཕྱོགས་གཅིག་ཨུ་ཥ་ལ་ཨཊ྄་སྦྱར་བས་ཨུ་གཉིས་པ་བྱས་ཨུ་གོང་མས་ཨུབ་ཏོ་བ་སྟེ་སྦྱར་རོ། །པཀྵེ་ཨུ་བོ་ཤའོ། །བི་ད་ལ་ཨཱཊ་སྦྱར་བས་བི་གཉིས་པ་བྱས་པའོ། །བི་བེ་དའོ། །བྷཱི་ཧྲཱི་བྷྲི་ཧུ་བཾ་སརྦ་དྷཱ་ཏུ་ག་བཙྪ། ཉི་བྷི་ནི་འཇིག་པ་སྟེ། ཧྲཱྀ་ཞེས་པ་ངོ་ཚ་བའོ། ། ཌུ་བྷྲྀཉ་ཞེས་པ་འཆང་བ་དང་རྒྱས་པ་དག་གོ། །ཧུ་ཞེས་པ་སྦྱིན་པ་དང་། བཟའ་བ་སྟེ། འདི་རྣམས་ཀྱི་ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་ཨཱུམ྄་འབྱུང་དུ་རུང་བ་སྟེ། དེ་ཡང་སཪྺ་དྷཱ་ཏུ་ཀ་ལྟ་བུའོ། །སཪྺ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་པའི་བྱ་བར་བཤད་པ་གང་ཡིན་པ་དེ་རྐྱེན་ཨཱམ་ལ་འབྱུང་བར་འགྱུར་བའོ། ། བྷི་ལ་ཨཱམ྄་སྦྱར་བས་སཪྺ་དྷཱ་ཏུ་ཀཱི་བྱ་བ་བྷི་གཉིས་པ་སྦྱར། བྷས་བ། ཨིས། ཨེ། ཨེ། ཨ་ཡ། ཡ་དང་ཨམྲ་སྦྱར་བ་དང་། ཨཱམ྄་ཀྲྀའི་མདོས་ཀྲྀ་གཉིས་སྦྱར་བ་ལ་སོགས་པ་རོ྅ཀྵཱ། ཨཊ྄་ཡོད་པས་སྔ་མ་བཞིན། བྷི་བྷ་ཡཱཾ་ཙ་ཀ་རའོ། །ཧྲི་ཨཱམ་སྦྱར་བ་སོགས་གོང་བཞིན། ཛཱི་ཧྲ་ཡཱཾ་ ཙ་ཀ་རའོ། །བྷི་ལ་ཨཱམ་སྦྱར་བ་སོགས་གོང་བཞིན། བི་བྷ་རཱཾ་ཀཱ་རའོ། །ཧུ་ལ་ཨཱམ་སྦྱར་བས་ཧུ་གཉིས་པ་སྦྱར། དྷཱ་ཏུའི་ཧུས་ཨཱུ་བ་ཐོབ་སྦྱར་བ་དང་། གཞན་སྔ་མ་བཞིན། ཕྱོགས་གཅིག་ནི་བྷི་ལ་ཨཊ་སྦྱར་བས་བྷི་གཉིས་པ་བྷྱས། ཨིས྄་ཨེ་ཐོབ། ཨེ་ཨ་ཡ། ཡ་དང་ཨ་སྦྱར། པཀྵེ་བི་བྷ་ཡའོ། །ཧྲི་ལ་ཨཊ་སྦྱར་བས་གོང་བཞིན། ཛཱི་ཏྲོ་ཡའོ། །བྷྲྀ་ཨཊ྄་སྦྱར་བས་བྷྲི་གཉིས་པ་སྦྱར། དྷཱ་ཏུའི་རྀ་ཨཱར྄་དུ་འཕེལ། སྦྱར་རོ། །བ་བྷཱ་རའོ། །ཧུ་ལ་ཨད་སྦྱར་བས་ཧུ་གཉིས་པ་སྦྱར་དྷཱ་ཏུའི་ཨུ་ཨོར་འགྱུར། ཨོ་ཨབའོ། །ཛུ་ཧཱ་བའོ། །ཨཱ་མའི་ཀྲྀཉ་ནུ་པྲ་ཡུ་ཛྱ་ཏེ། ཨཱམ་ གྱི་མཐའ་ཅན་གྱི་སྒྲའི་འོག་ཏུ་ཀྲྀཉ་སྦྱར་བར་བྱ་བ་སྟེ། དཔེ་རྣམས་ནི་སྔར་བཤད་པའོ། །ཨསྦྷུ་ཝཽ་ཙ་པ་ར་སྨཻ། ཨཱམ་གྱི་མཐའ་ཅན་གྱི་སྒྲའི་འོག་ཏུ་ཨཱས྄་དང་བྷུ་འདི་དག་ཀྱང་སྦྱར་བར་བྱ་སྟེ། བདག་གི་ཚིག་ཅན་གྱི་གནས་སུ་ཡང་། གཞན་གྱི་ཚིག་ཅན་གཞག་པར་བྱའོ། ། ཨཱིཀྵ་ཨམྲ་གྱི་མཐའ་ཅན་ཡིན་པས་ཨཱས྄་སྦྱར། ཕ་རོལ་གྱི་བདག་གི་ཚིག་ཅན་ཨེས྄་ཨེ་ཐོབ་སྟེ། ཨ་སྱ་སཪྺ་ཏྲའི་མདོས་ཨ་བསྲིང་། ཡ་གཉིས་པ་ཕྱི་ནས་ཨ་དང་སྦྱར། ཨཊའི་ཨ་དང་ས་སྦྱར། ཨཱིཀྵ་མཱ་པའོ། །ཨཱི་ཀཱི་ཨཱམ྄་གྱི་མཐའ་ཅན་ལ་བྷུ་སྦྱར་ཕ་རོལ་གྱི་ཨེས་ཨཱ་ 195-1-40a ཐོབ། བྷུ་གཉིས་པ་བྱས། བྷུ་བོནྟ་ས་འོག་ཏུ་བ་ཐོབ་སྟེ། ཨེ་དང་སྦྱར་རོ། །ཨཱིཀྵ་བ་བྷུ་བའོ། །ཨཱིཀྵ་ནི་ལྟ་བའོ། །ཙ་ཀ་སཱ་མ་ལ་ཨས་སྦྱར་བ་དང་། ཕ་རོལ་ན་ཨེ་ཡོད་པ་ལ་སོགས་པ་གོང་མ་བཞིན། ཙཱ་ཀཱ་སཱ་མཱ་སའོ། །ཙ་ཀཱ་སཱས྄་ལ་བྷཱུ་སྦྱར་བ་དང་ཨེ་སྦྱར་བ་གོང་ མ་བཞིན། ཙ་ཀཱ་སཱ་བ་བྷུ་བ། སི་ཛཱ་དྱ་ཏ་ནྱཱམ྄། དྷཱ་ཏུའི་ཕ་རོལ་ན་ཨདྱ་ཏ་ནཱི་རྣམས་ཡོད་ན་རྐྱེན་སི་ཙ་འབྱུང་བ་སྟེ། ཨི་དང་ཙི་དག་ནི་སི་ཙ་པ་རསྨཻའི་མདོ་འདིས་དབྱི་བར་བྱའོ། །ཀྲྀའི་མཐར་སྦྱར་བས་བར་དུ་སི་ཙ་སྦྱར། ཐོག་མར་ཨ་སྦྱར། རྀ་ཨར་དུ་འཕེལ། སས་ཥ་ཐོབ། ཨིད་ཐོབ་སྟེ། ཨི་དང་སྦྱར། ཧྲི་དང་དི་སྦྱར་བས་བར་དུ་སི་ཙ་དང་ཨི་སྦྱར་བ་སོགས་གོང་བཞིན། ཨ་ཧཱ་ཪྵིཏའོ། །ཌུ་ཀྲྀཉ་ནི་བྱེད་པའོ། །ས་ཎ་ནི་ཌསྶི་ཌནྟཱ་ནཱ་མྱུ་པ་དྷཱ་ད་དྲྀ་ཤཿ། དྷཱ་ཏུ་ཥིཊ྄་ཀྱི་མཐའ་ཅན་ནཱ་མིའི་ཉེ་བའི་ཚིག་ཏུ་གྱུར་པ་ལ་ཨཊ་མ་གཏོགས་པའི་སན་རྐྱེན་དུ་འབྱུང་བ་སྟེ། དྲྀ་ཤིར྄་ཞེས་ བྱ་བ་ནི་ལྟ་བ་སྟེ་དྷཱ་ཏུ་འདི་མ་གཏོགས་པའོ། །བ་ཤའི། ཕ་རོལ་ན་དི་ཡོད་པས་བར་དུ་སན་སྦྱར། ན་ཕྱི། ཤ་དོ་ཀའི་མདོས་ཤས་ཀ་ཐོབ། སས་ཤ་ཐོབ་པ་དང་སྦྱར། ཨ་བིཀྵ་ཊའོ། །ཀྲི་ཤ་ལ་གོང་དུ་ཨ་སྦྱར་བ་ལ་སོགས་པ་གོང་བཞིན་ནོ། །ཨ་ཀྲིཀྵ་ཏའོ། །བུ་ཤ་ལ་གོང་དུ་ ཨ་སྦྱར་བ་ལ་སོགས་པའོ། །ཨ་པུ་ཀྵཱ་ཏའོ། །བ་ཤ་ནི་འཇུག་པའོ། །ཀྲྀ་ཤ་ནི་རྣམ་པར་རྐོ་བའོ། །དུ་ཧ་ནི་འཇོ་བའོ། །དྲྀ་ཤ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། དྲྀ་ཤ་ལ་དི་སྦྱར་བ་ཡོད་ཀྱང་བར་དུ་སན་མ་བྱུང་སྟེ། སི་ཙ་བྱུང་ནས་ཨིད་ཀྱང་སྦྱར། ཨ་དྲྀཀྵ་དའོ། །ཤྲཱི་དྲུ་སྲུ་ཀ་མི་ ཀཱ་རི་ཏཱནྟེ་བྱ་ཤྩ་ཀརྟ་རི། དྲུ་ནི་འགྲོ་བའོ། །སྲུ་ཡང་འགྲོ་བའོ། །ཀ་མུ་ནི་འདོད་པའོ། །དེ་རྣམས་ཀྱི་དྷཱ་ཏུ་ཀཱ་རི་ཏའི་མཐའ་ཅན་རྣམས་ལ་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་ཨདྱ་ཏ་ནཱི་རྣམས་ཡོད་ན་རྐྱེན་ཙཎ་འབྱུང་བ་སྟེ། ཤྲི་ལ་དི་སྦྱར་བས་གོང་དུ་ཨ་སྦྱར། གོང་དུ་ཤྲི་གཉིས་པ་བྱས་པས་བར་ དུ་ཙཎ་ད་དྷཱ་ཏུ་ཤྲིའི་ཨིས་ཨི་ཡ་ཐོབ། ཡ་དང་ཨའི་ཙ་སྦྱར་རོ། །ཨ་ཤི་ཤྲི་ཙ་ཡ་ཏའོ། །དྲུ་ལ་དི་སྦྱར་བས་ཙཎ་སྦྱར་བ་སོགས་གོང་བཞིན་ཨ་དུ་དྲུ་བཏ྄འོ། །སྲུལ་དི་སྦྱར་བ་སོགས་པའོ། །ཨ་སྲུ་སྲུ་བཏ྄འོ། །ཀ་མུ་ལ་ཨདྱ་ཏ་ནཱིའི་ཏ་སྦྱར་བས་ཙན་སྦྱར་ཏེ་ཀ་གཉིས་པ་བྱས་ཨུ་ཕྱི་ནས་བ་ 195-1-40b དང་ཙའི་ཨ་སྦྱར། ཨ་ཙ་ཀ་མ་ཏའོ། །ཀཱ་རི་ཏའི་མཐའ་ཅན་རྣམས་ལ་ཀྲྀ་ལ་དི་སྦྱར་བར་དུ་ཙན྄་སྦྱར། གོང་དུ་ཨ་དང་ཀྲྀ་གཉིས་པ་སྦྱར་ཏེ། ཨི་ཐོབ་པ་ལ་སོགས་པའོ། །ཨ་ཙིཀ་ར་ཏའོ། །ཧྲྀ་ལ་དི་སྦྱར་བར་དུ་ཙཎ་སྦྱར་གོང་བཞིན། ཨ་ཛཱ་ཧ་ར་ཏའོ། །ཨ་ཎཱ་སུ་ཝ་ཙི་ཁྱཱ་ཏི་ལེ་པི་སི་ཙ་ཧྭེ། ཨ་སུ་ནི་གཏོང་བའོ། །ཝ་ཙ་ནི་སྨྲ་བའོ། །ཁྱཱ་ནི་གྲགས་པའོ། །ལི་བ་ནི་ཉེ་བར་སྟོན། ཥི་ཙ་འཛག་པའོ། །ཧྭེ་ཉ་ནི་འགྲན་པའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་གྱི་ཨ་དྱ་ཏ་ནཱི་ཡོད་ན་རྐྱེན་ཨཎ་འབྱུང་བ་སྟེ། ཨ་པ་ལ་ཨདྱ་ཏ་ནིའི་ཏ་སྦྱར། བར་དུ་ཨཎ་སྦྱར་གོང་དུ་མ་སྦྱར། ཨ་དྱ་དེའི་མདོས་ཐ་ཐོབ། ས་དང་ཨ་དང་ཨཎ་གྱི་ཨ་སྦྱར་ཨ་གོང་མ་བསྲིངས་ཏེ། པ་རི་དང་ཨི་ཝཪྞའོ། །ཝ་ཙ་ལ་དི་སྦྱར་བས་ཨོ་ཐོབ་པའོ། །ཨ་བོ་ཙཏའོ། །ཁྱཱ་ལ་དི་སྦྱར། གོང་དུ་ཨཱའོ། །ཨ་ཁྱཱ་ཏའོ། །ལི་པ་ལ་དི་སྦྱར། གོང་དུ་ཨའོ། །ཨ་ཁྱཱ་ཏའོ། །ཨཱ་ལི་བཏའོ། །སི་ཙ་ལ་དི་སྦྱར། གོང་དུ་ཨའོ། །ཨ་སི་ཙཏའོ། །པུ་ཥཱ་དི་དྱུ་ཏཱ་དྱླྀ་ཀཱ་རཱ་ནུ་བནྡྷཱ་རྟི་ཤརྟི་ཤསྟི་བྷྱཤྩ་པ་ར་སྨཻ། པུ་ཥ་ནི་རྒྱས་པ་སྟེ། དེ་ལ་སོགས་པ་རྣམས་དང་། དྱུ་ཏ་ནི་འབར་བ་སྟེ། དེ་ལ་སོགས་པ་རྣམས་དང་དེ་བཞིན་དུ་ལྀའི་མཐའ་ཅན་གྱི་དྷཱ་ཏུ་རྣམས་དང་། དེ་བཞིན་དུ་ལྀ་ནི་འགྲོ་བ་དང་རྀ་སྲྀ་ཡང་འགྲོ་བའི་དོན་ཅན་ ནོ། །ཤཱ་སུ་ནི་རྗེས་སུ་སྟོན་པ་སྟེ། དེ་རྣམས་དང་ཕ་རོལ་ནི་བྱེད་པ་པོའི་ཚིག་ལ་ཨདྱ་ཏ་ནཱི་གཞན་གྱི་ཚིག་ཅན་ཡོད་ན་རྐྱེན་ཨན་འབྱུང་བར་འགྱུར་ཏེ། པུ་ཥ་ལ་སོགས་པ་རྣམས་ནི། པུ་ཥ་ལ་དི་སྦྱར་བས་བར་དུ་ཨན་འབྱུང་སྟེ། ཥ་དང་སྦྱར་གོང་དུ་ཨའོ། །ཨ་པུ་ཥཏའོ། །ཏུ་ཥ་ལ་དི་ལ་སོགས་ པ་གོང་བཞིན། ཨ་ཏུ་ཥཏའོ། །ཤུ་ཥ་ལ་ཡང་གོང་བཞིན། ཨ་ཤུ་ཥཏའོ། །པུ་ཥ་ནི་རྒྱས་པའོ། །ཏུ་ཥ་ནི་དགའ་བའོ། །ཤུ་ཥ་ནི་སྐེམས་པའོ། །དྱུ་ཏ་ལ་སོགས་པ་རྣམས་ལ། དྱུ་ཏ་ལ་དི་སྦྱར་བས་བར་དུ་ཨན་སྦྱར། གོང་དུ་ཨ་སྦྱར། ཨ་དྱུ་ཏཏའོ། །རུ་ཙ་ལ་དི་སྦྱར་བ་གོང་བཞིན། ཨ་རུ་ ཙན་ཏའོ། །དྱུ་ཏ་ནི་འབར་བའོ། །ལྀ་རྗེས་སུ་འབྲེལ་པ་རྣམས་ལ། གམླྀ་ལ་དི་སྦྱར་བས། ལྀ་ཕྱི། བར་དུ་ཨན྄། ན་ཕྱི། གོང་དུ་ཨ་སྦྱར། ཨ་ག་མཏ྄འོ། །ཨ་དི་ལ་དི་སྦྱར་བས། གྷ་སླྀ་ཐོབ། གོང་དུ་ཨ་སྦྱར། ལྀ་ཕྱི། ཨན་དང་སྦྱར། ཨ་གྷ་སཏ྄འོ། །གམ྄་ལྀ་ནི་འགྲོ་བའོ། ། 195-1-41a ཨ་དིའི་གྷ་སླྀ་གཞག་པ་སྟེ། ཨརྟི་སོགས་རྣམས་ལ། རྀ་ལ་དི་སྦྱར་བས་བར་དུ་ཨན྄་གོང་དུ་ཨ། རྀས་ཨར྄་ཐོབ། ཨ་གཉིས། ས་མ་ན་དཱིརྒྷ་ར་དང་ཨན྄་གྱི་ཨ་སྦྱར་ཨཱ་རཏའོ། །སྲྀ་ལ་གོང་མ་བཞིན། ཨས་རཏའོ། །ཤ་ཥ་ལ་དི་སྦྱར་ཤས྄། ཨི་ཐོབ་པ་ལ་ སོགས་པ་གོང་བཞིན། ཨ་ཤི་ཥཏའོ། །ཏྲི་པི་དང་། ཏྲྀ་པི་དག་ལ་ཨན་འབྱུང་བར་གསུངས་པའམ། ཏྲི་པ་ལ་དི་སྦྱར་བས་བར་དུ་ཨན། གོང་དུ་ཨའོ། །ཨ་ཏྲི་པཏའོ། །ཡང་ན་ཏྲྀ་པ་ལ་དི་སྦྱར་བས་བར་དུ་སི་ཙ། གོང་དུ་ཨིང་། འོག་ཏུ་ཨིང་། ས་ཙ་ཕྱི། ས་མ་ན་དཱིརྒྷའོ། །ཏྲྀ་པ་ལ་སོགས་ པ་གོང་བཞིན། ཨ་ཏྲྀ་པཏའོ། །ཡང་ན་དྲྀ་ལ་ཨ་ཐོབ་པ་དང་། རྀ་རར་བྱས་པ་ལ་སོགས་པ་གོང་བཞིན། དྲྀ་པ་ནི་དགའ་བའོ། །དྲྀ་པ་ནི་མགུ་བའོ། །ཨི་རྗེས་སུ་འབྲེལ་པ་རྣམས་ལ་ཨན་འབྱུང་བར་གསུངས་པའམ། བྷི་དིར་ལ་ཨ་དྱ་ཏི་ནཱིའི་དི་སྦྱར། གོང་དུ་ཨ་སྦྱར། ཨིར་ཕྱི། བར་དུ་ཨན་ སྦྱར། ན་ཕྱི། ས་དང་སྦྱར་བས། ས་བྷི་དཏ྄འོ། །ཡང་ན་སི་ཙ་སྦྱར། བྷི་བྷེར་འཕེལ་བའོ། །རུ་དྷིར་ལ་དི་སྦྱར། གོང་དུ་ཨ་སྦྱར། ཨིར་ཕྱི་ནས། ཨན་གྱི་ཨ་དང་དྷཱ་སྦྱར་བའོ། །ཨ་རུ་དྷ་ཏ྄འོ། །ཡང་ན་སི་དང་སྦྱར་བས་ཨིད་སྦྱར་བ་དང་། རུ་རཽ་ར་འཕེལ་བའོ། །ཨི་ཛཱཏྨི་ནེ་པ་ དེ་པ་ཐ་མེ་ཀ་བ་ཙ་ནེ། པ་དག་དཽ་ཞེས་བྱ་བའི་དྷཱ་ཏུ་འདི་ལ་ཨི་ཙ་འབྱུང་བ་སྟེ། བྱེད་པ་པོའི་ཚིག་ཅན་ཨདྱ་ཏ་ནཱི་བདག་གི་ཚིག་ཅན་དང་པོའི་སྐྱེས་བུ་གཅིག་གི་ཚིག་ཕ་རོལ་ན་ཡོད་པའོ། །པ་ད་ལ་དི་ཡོད་པས་གོང་དུ་ཨུཏ་སྦྱར། བར་དུ་ཨི་ཛ་སྦྱར། ཛ་ཕྱི་བའི་གོང་དུ་ཨ་སྦྱར་ཏེ། པ་བསྲིང་། ད་དང་ཨི་སྦྱར་ཏེ། ཨིཙ་དང་ད་ལོ་པའི་མདོས་དི་ཕྱི། ཨུ་ད་པཱ་དིའོ། །པ་ད་ལ་དི་ཡོད་པས་གོང་དུ་སམ་སྦྱར་བ་སོགས་བཞིན་ས་མ་པ་དིའོ། །བྷཱ་བ་ཀརྨ་ཎོཤྩ། དྷཱ་ཏུ་ལ་ཨི་ཛ་འབྱུང་བར་འགྱུར་བ་སྟེ། དངོས་པོ་དང་ལས་ཀྱི་ཚིག་ཨ་དྱ་ཏ་དཱི་བདག་གི་ཚིག་ཅན་དང་པོའི་སྐྱེས་བུ་ཕ་རོལ་ ན་ཡོད་པར་གྱུར་ནའོ། །དང་པོའི་དཔེ་ནི། ཤིང་ལ་ཨ་དྱ་ཏ་ནི་སྦྱར། ང་ཕྱི། བར་དུ་ཨ་ཛི་སྦྱར་ཏེ། ཛ་ཕྱི། ཨི་ཨེ། ཨེ། ཨ་ཡ། ཨ་དང་ཨི་སྦྱར། ཨ་དང་ཤ་སྦྱར། ཏ་ཕྱིའོ། །ཨ་ཤཱ་ཡི་བྷ་བ་ཏཱའོ། །ཨ་ས་ལ་ཏ་སྦྱར་བ་སོགས་གོང་བཞིན། ཨ་སི་བྷ་བ་ཏའོ། །ཤིང་ནི་ 195-1-41b ཉལ་བའོ། །ཨཱ་ས་ནི་ཉེ་བར་འདུག་པའོ། །ལས་ཀྱི་དཔེ་ནི་ཀྲྀ་ཡ་ཏ་སྦྱར། གོང་དུ་ཨ། བར་དུ་ཨི་ཛ། རྀ་ཨཱར་དུ་འཕེལ་ཏེ་སྦྱར། པ་ཙ་ལ་ཏ་སྦྱར་བ་སོགས་གོང་བཞིན། ཌུ་ཀྲྀཉ་ནི་བྱེད་པའོ། །ཌུ་པ་ཙ་ཥ་ནི་འཚེད་པའོ། །དབྱངས་ཀྱི་མཐའ་ཅན་ལས་ཀྱི་བྱེད་པ་པོ་ལ་ཨི་ཛ་འབྱུང་ བར་གསུངས་པའམ། ལཱ་ལ་ལུ་ཏ་སྦྱར། གོང་དུ་ཨ་བར་དུ་ཨི་ཛ་སྦྱར་བས་ཨུ་ཨོར་འགྱུར། ཨོ་ཨ་བར་གྱུར་པ་དང་ཨི་སྦྱར་ཏ་ཕྱི། ཨ་ལཱ་བིའོ། །ཤིང་རང་ཉིད་རྔ་སླ་བ་ཞེས་པ་ནི་ལས་ཉིད་དེ་བྱེད་པའོ། །ཡན་ལུ་ལ་ཏ་སྦྱར་བས་གོང་དུ་ཨ། བར་དུ་སི་ཙའི་གོང་དུ་ཨིད་སྦྱར། ཨུ་ ཨོ། ཨོ་ཨབ། བ་དང་། ཨི་སྦྱར། སས་ཥ། ཏས་ཊ་ཐོབ་ཏེ་སྦྱར། ལཱུཉ་ནི་གཅོད་པའོ། །སརྦ་དྷཱ་ཏུ་ཀེ་ཡ་ཎ྄། དྷཱ་ཏུའི་ཕ་རོལ་ན་སཪྺ་དྷཱ་ཏུ་ཀེ་དངོས་པོ་དང་ལས་སུ་བྱ་བ་ཡོད་ན་ཡ་ཎ་འབྱུང་བར་འགྱུར་བ་སྟེ། ཤིང྄་ལ་ཝརྟ་མཱ་ནའི་ཏེ་སྦྱར། བར་དུ་ཡ་ཎ྄་སྦྱར། ཨི་ཨེ། ཨེ། ཨཡ། ཡ་དང་ཨ་སྦྱར། ཤ་ཡྱ་ཏེ་བྷ་བ་ཏེའོ། །ཨཱ་པ་ལ་ཏེ་དང་ཡ་ཎ་སྦྱར། ཤིང་ནི་ཉལ་བའོ། །ཨ་པ་ནི་ཉེ་བར་འདུག་པའོ། །ཀྲྀ་ལ་ཏེ་སྦྱར། བར་དུ་ཡཎ་སྦྱར། རྀ་རར་གྱུར། ཡན་ཤི་ཤོའི་མདོས་ཨི་ཐོབ། ཀྲྀ་ཡ་ཏེ་ཀ་ཊཿའོ། །ཧྲཱི་ལ་ཏེ་ལ་སོགས་པ་གོང་མ་བཞིན། ཧྲཱི་ཡ་ཏེ་བྷཱ་རའོ། །ཌུ་ཀྲྀཉ་ ནི་བྱེད་པའོ། །ཧྲྀཉ་ནི་འཕྲོགས་པའོ། །ཨནྟི་ཀ་ར་ན་ཤརྟ་རི། དྷཱ་ཏུ་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་སཪྺ་དྷཱ་ཏུ་ཀེ་ཡོད་ན་ཨན྄་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །བྷུ་ལ་ཝརྟ་མཱ་ནཱའི་ཏི་སྦྱར། བར་དུ་ཨཎ྄། ཨུས་ཨོ། ཨོ་ཨབ། བ་དང་ཨ་སྦྱར། གམ་ལ་ཏི་དང་ ཨན་སྦྱར། མས་ཚ་ཐོབ་པའོ། །གཙྪ་ཏིའོ། །བྷུ་ནི་ཡོད་པའོ། །གམླྀ་ནི་འགྲོ་བའོ། །བྷཱུ་ལ་ཡ་དི་སྦྱར། ཨུས་ཨོ། ཨོ་ཨབྲ། ཡས་ཨེ་ཐོབ་སྟེ་སྦྱར། བྷེ་བེ་ཏའོ། །བྷུ་ལ་ཏུ་སྦྱར་བས་གོང་བཞིན་བྷ་བ་ཏུའོ། །བྷཱུ་ལ་དི་སྦྱར་བས་གོང་དུ་ཨ། བར་དུ་ཨན྄་སྦྱར། ཨ་བྷ་བཏའ྄ོ། །དི་བཱ་དེཪྻན྄། དི་བ་ལ་སོགས་པའི་དྷཱ་ཏུའི་ཚོགས་ཀྱི་ཕ་རོལ་ན་སཪྺ་དྷཱ་ཏུ་ཀེ་ཡོད་ན་ཡང་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །དི་བུ་ལ་ཝརྟ་མཱ་ནཱའི་ཏི་སྦྱར། བར་དུ་ཨན་སྦྱར་ན་ཕྱི། ཨི་བསྲིང་བའོ། །དཱི་བྱ་ཏིའོ། །དི་བུ་ལ་ཡང྄་སྦྱར། བར་དུ་ཡན་སྦྱར། ཡད་ཀྱི་ཡས་ཨི་ཐོབ་ 195-1-42a སྟེ། ཨ་བརྞ་ཨི་བར་ན་ཨེའོ། །དི་བྱ་ཏུའོ། །དི་བུ་ལ་དི་དང་ཡན྄་སྦྱར། ཨ་དཱི་བྱད། སི་བུ་ལ་ཏི་དང་ཡན་སྦྱར། བུའི་ཨུ་ཕྱི། སི་བསྲིང་། སི་བྱ་ཏིའོ། །ནྲི་ལ་ཏི་དང་ཡན་སྦྱར། ནྲེ་ཏྱ་ཏིའོ། །དེ་བུ་ཞེས་བྱ་བ་ནི་རྩེ་བའོ། །ཥི་བུ་ནི་སྐུད་པས་འཚེམ་ པའོ། །ན྄ྀ་ནི་ལུས་རྣམ་པར་བསྐྱོད་པའོ། །བྷྲ་ཤི་དང་བྷ་ཤི་ནི་འབར་བའོ། །བྷྲ་མུ་ནི་གཡོ་བའོ། །ཀྲ་མུ་ནི་རྐང་པ་འདེགས་པའོ། །ཀླ་མུ་ནི་ཉོན་མོངས་པའོ། །ཏྲ་སི་ནི་སྐྲག་པའོ། །ཏྲུ་ཏྲ་ནི་གཅོད་པའོ། །ལ་ཥ་ནི་སྙིང་དུ་སྡུག་པའོ། །དེ་རྣམས་འབྱུང་བར་ཡང་གསུངས་ཏེ། བྷྲ་ ཤྲི་ལ་ཏི་སྦྱར། བར་དུ་ཡན་སྦྱར། རྀ་ཕྱི་སྟེ་སྦྱར། བྷྲ་ཤྱ་ཏེའོ། །བྷླ་ཤཾ་ལ་ཏི་དང་ཡན་སྦྱར་གོང་བཞིན། བྷླ་ཤྱི་ཏེའོ། །བྷྲཱ་མུ་ལ་ཏི་དང་ཡན་སྦྱར། བྷྲ་མྱེ་ཏིའོ། །ཀྲ་མུ་ལ་ཏི་དང་ཡན་སྦྱར། ཀྲཱ་མྱ་ཏིའོ། །ཀླ་མུ་ལ་ཏི་དང་ཡན་སྦྱར་བའོ། །ཀླ་མྱ་ཏིའོ། །ཏྲ་སི་ལ་ཏི་དང་ ཡན྄་སྦྱར། ཏྲ་སྱ་ཏིའོ། །ཏྲུ་ཊ་ལ་ཏི་དང་ཡན་སྦྱར། ཏྲུ་ཊྱ་ཏིའོ། །ཕྱོགས་གཅིག་ལ་ནི། ལ་ཥ་ལ་ཏི་དང་ལན་སྦྱར། ལ་ཥྱ་ཏི། བྷྲ་ཤྲི་ལ་ཨན་སྦྱར་བས་རི་ཕྱིས་ཏེ་སྦྱར། བྷྲ་ཥ་ཏེའོ། །བྷླ་ཤི་ལ་ཏེ་དང་ཨན་སྦྱར། བྷླ་ཤ་ཏེའོ། །བྷྲ་མུ་ལ་ཏི་དང་ཨན་སྦྱར། བྷྲ་མ་ཏིའོ། ། ཀྲ་མུ་ལ་ཏི་དང་ཨན་སྦྱར། ཀྲཱ་མ་ཏིའོ། །ཀླ་མུ་ལ་ཏི་དང་ཨན་སྦྱར། ཀླ་མ་ཏིའོ། །ཏྲ་སི་ལ་ཏི་དང་ཨན་སྦྱར། ཏྲ་ས་ཏིའོ། །ཏྲུ་ཊ་ལ་ཏི་དང་ཨན་སྦྱར། ཏྲུ་ཊ་ཏིའོ། །ལ་ཥ་ལ་ཏི་དང་ཨན་སྦྱར། ལ་ཥ་ཏིའོ། །ནུ་སྭ་དེཿ། ཥུཉྲ་ནི་འབྱུང་བའི་སྟེ། དེ་ལྟ་བུ་ལ་སོགས་ པའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོའི་ཚིག་ཏུ་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་དུ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །སུ་ལ་ཏི་སྦྱར་བས་བར་དུ་ནུ་བྱུང་། ནཱ་མི་ཨན་ཏ་ཡའི་མདོས་ནོར་གྱུར་པའོ། །སུ་ནོ་ཏིའོ། །སུ་ལ་ཏས་དང་ནུ་སྦྱར། སུ་ནུ་ཏའོ། ། སུ་ལ་ཨནྟི་སྦྱར། བར་དུ་ནུ་ཐོབ། སུ་ནྭནྟིའོ། །སུ་ལ་ཡཱད་དང་ནུ་སྦྱར། སུ་ནུ་ཡཱ་ཏ྄འོ། །སུ་ལ་ནུ་དང་ཏུ་སྦྱར། སུ་ནོ་ཏུའོ། །སུ་ལ་དི་སྦྱར། གོང་དུ་ཨ། བར་དུ་ནུ་ཨ་སུ་ནོ་ཏའོ། །ཨཀྵ་ལ་ཕྱོགས་གཉིས་སུ་འཐད་དེ། ཨཀྵ་ལ་ཏི་སྦྱར་བས་བར་དུ་ནུ་ཐོབ་སྟེ་སྦྱར། 195-1-42b ཨཀྵྞོ་ཏིའོ། །ཡང་ན་ཨཀྵ་ལ་ཏི་སྦྱར་རོ། །ཤུ་བ་བ་ཤྲྀ་ཙ། ཤུ་ག་ཏཽ་ཞེས་བྱ་བ་དྷཱ་ཏུ་འདིའི་ཕ་རོལ་ན་བྱེད་པ་པོར་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་ནུ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཤྲུ་བ་ལའང་ཤྲི་གཞག་པར་བྱའོ། །ཤྲུ་བ་ལ་ཏི་སྦྱར་བས་ཤྲི་ཐོག་ བར་དུ་ནུ། ར་ཥེ་ཝརྞའི་མདོས་ཎའོ། །ཤྲི་ཎོ་ཏིའོ། །ཤྲུ་བ་ལ་ཡཱཏ་སྦྱར་བས་གོང་བཞིན། ཤྲི་ཡཱཏ྄འོ། །ཤྲུ་བ་ལ་དི་སྦྱར་བས་གོང་བཞིན། ཤྲི་ནོཏའོ། །སྭ་ར་དྲུ་དྷཱ་དེཿ པ་རོ་ན་ཤབ་དཿ ག་སུ་དྷཱ་ལ་སོགས་པའི་དྷ་ཏུའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོར་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་ ནའི་སྒྲའི་རྐྱེན་དུ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །རུ་ཏི་ལ་ཏི་སྦྱར་བས་རུའི་མཐར་ན་ཐོབ། ཏས་དྷཱ་ཐོབ། དྷིས་དི་ཐོབ། རུ་ཎཱ་དྷིའོ། །བྷི་དིར་ལ་ཏི་སྦྱར། བྷིའི་མཐར་ན་ཐོབ། ཨི་དང་ར་ཕྱི། དས་ཏ་ཐོབ། བྷི་ནཱཏྟིའོ། །ཚི་དིར་ལ་ཏི་སྦྱར་བས་གོང་བཞིན། ཚི་ནཱིཏྟིའོ། །རུ་དྷིར་ནི་སྒྲིབ་པའོ། །བྷི་དིར་ནི་རྣམ་པར་འཇོམས་པའོ། །ཚི་དིར་ནི་གཉིས་སུ་བྱེད་པའོ། །ཏ་ན་དེ་རུཿ། ཏ་ན་ལ་སོགས་པའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོའི་ཚིག་ཏུ་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་ཨུ་འབྱུང་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཏ་ན་ལ་དི་སྦྱར་ བས། བར་དུ་ཨུ་སྦྱར། ཨུས་ཨོ་ཐོབ། ཏན་ནོ་ཏིའོ། །ཏ་ན་ལ་ཡཱཏ྄་སྦྱར་བར་དུ་ཨུ་སྦྱར། ཏ་ནུ་ཡཱཏའོ། །ཏ་ན་ལ་ཏུ་དང་ཨུ་སྦྱར་གོང་བཞིན། ཏ་ནོ་ཏུའོ། །ཏ་ན་ལ་དི་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་ཨུ་སྦྱར། ཨ་ཏ་ནོ་ཏའོ། །ས་ན་ལ་ཏི་དང་ཨུ་སྦྱར་བ་གོང་བཞིན། ས་ནོ་ ཏིའོ། །ཏ་ནུ་ནི་རྒྱ་ཆེ་བའོ། །ཏ་ནུ་ནི་དེཿ། ཀྲཱྀ་ལ་སོགས་པའི་ཕ་རོལ་ན་བྱེད་པ་པོར་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་ནཱ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཀྲཱྀ་ལ་ཏི་སྦྱར་བས་བར་དུ་ནཱ་འབྱུང་བའོ། །ཀྲཱྀ་ནཱ་ཏིའོ། །ཀྲྀ་ལ་ཏས་སྦྱར་བར་དུ་ནཱ། ཨུ་པ་ཡེ་ཤམ་གྱི་ མདོས། ནཱས་ཨི་ཐོབ་པའོ། །ཀྲཱྀ་ཎི་ཏཿའོ། །ཀྲཱྀ་ལ་ཨིནྟ་སྦྱར། བར་དུ་ནཱ་སྦྱར། ཀྲྀནཱནྟིའོ། །ཌུ་ཀྲཱིཉ་ནི་རྫས་བརྗེ་བར་བྱེད་པའོ། །ཀྲྀ་ལ་ཡཱཏ་སྦྱར་བར་དུ་ནཱ་སྦྱར་ནཱས་ཨི་ཐོབ་པའོ། །ཀྲཱྀ་ནི་ཡཱཏའོ། །ཀྲྀ་ལ་ཏུ་དང་ན་སྦྱར། ཀྲཱྀ་ན་ཏུའོ། །ཀྲཱྀ་ལ་དི་སྦྱར་བར་དུ་ནཱ་སྦྱར་གོང་དུ་ཨ་སྦྱར། 195-1-43a ཨ་ཀྲཱྀ་ཎཱ་ཏུའོ། །ཨ྄ན་བྱཉྩ་ནཱནྟ་དྷཽཿ། ཀྲཱྀ་ལ་སོགས་པའི་གསལ་བྱེད་མཐའ་ཅན་གྱི་ཕ་རོལ་ན་རྐྱེན་ཧི་ཡོད་ན་རྐྱེན་ཨན་འབྱུང་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །པཱུ་ཥ་ལ་ཨན྄་སྦྱར་བས་ཧི་ཀ་ར་ཧེའི་མདོས་ཧ་ཕྱི་བའོ། །པཱུ་ཥ་ཎའོ། །མུ་ཥ་ལ་ཨན་སྦྱར་ བས་གོང་བཞིན། མུ་ཥ་ཎའོ། །ཨ་ཤ་ལ་ཨན་སྦྱར་བས་དི་ཕྱི། ཨ་ཤནའོ། །གྲི་ཧཱ་ལ་ཨན་སྦྱར་བའོ། །གྲྀ་ཧཱནའོ། །བ་དྷཱ་ལ་ཨན་སྦྱར་བ། བ་དྷཱནའོ། །པུ་ཥ་ནི་རྒྱས་པའོ། །མུ་ཥ་ནི་རྐུན་པོའོ། །ཨ་ཤ་ནི་བཟའ་བཟའ་བའོ། །གྲ་ཧ་ནི་ཉེ་བར་ལེན་པའོ། །བན་དྷཱ་ནི་འཆིང་བས་སོ། ། ཨཱཏྨ་ནེ་པ་དཱ་ནི་བྷཱ་ཝ་ཀརྨ་ཎཻཿ། དངོས་པོ་དང་ལས་ཀྱི་དོན་ལ་བདག་གི་ཚིག་ཅན་འབྱུང་བར་འགྱུར་བ་སྟེ། དངོས་པོའི་དཔེ་ནི། ཤིང་ལ་བདག་གི་ཚིག་ཅན་ཏེ་སྦྱར། བར་དུ་ཡན་སྦྱར། ཨིས་ཨེ་ཐོབ། ཨེ་ཨཡ྄། ཡ་དང་ཡ་སྦྱར་རོ། །ཤ་མྱ་ཏེ་བྷ་ཝ་ཏཱའོ། །སུཔ་ལ་ཏི་དང་ཡན་ སྦྱར་རོ། །སུ་པྱ་ཏེ་བྷ་བ་ཏའོ། །ཤིང་ཞེས་པ་གཉིད་ལོག་པའོ། །ཥ་ནི་མལ་སྟན་ལ་ཉལ་བའོ། །ལས་ཀྱི་དཔེ་ནི། ཀྲཱྀ་ལ་ཏི་སྦྱར། བར་དུ་ཡན། ཡན་ཤི་ཥས་ཨི་ཐོབ། ཀྲྀ་ཡ་ཏི་ཀ་ཊཿའོ། །ཀརྨ་བཏ་ཀརྨ་ཀརྟ། ལས་ཀྱི་བྱེད་པ་པོ་ནི་ལས་ལྟ་བུར་འབྱུང་བ་སྟེ། གང་ ལས་རྣམས་ཀྱི་བྱ་བ་ཡན་ལ་སོགས་པ་དེ་རྣམས་ལས་ཀྱི་བྱེད་པ་པོ་ལ་འབྱུང་བར་འགྱུར་བ་སྟེ། གང་ཞིག་བྱ་བར་གྱུར་པའི་ལས། །རང་ཉིད་རབ་ཏུ་གྲུབ་པ་དང་། །བྱེད་པ་པོ་ནི་བདེ་བྱེད་པ། །ལས་ཀྱི་བྱེད་པོ་དེ་རིག་བྱ། །ལཱུ་ལ་བྲརྡྨཱ་ན་ཏེ་སྦྱར་བས། བར་དུ་སཪྺ་དྷཱ་ཏུ་ཀི་ཡན་སྦྱར་ཏེ། ན་ཕྱི། སུ་ལ་ཏེ་དང་ཡན་སྦྱར་རོ། །ལུ་ཀ་ནི་གཅོད་པའོ། །པུ་ཉ་ནི་འཕྱར་བའོ། །ཀརྟ་རི་རུ་ཙ་དི་ནུ་བནྟེ་བྷྱཿ རུ་ཙི་ལ་སོགས་པ་ནི་འདྲ་སྟེ། དེའི་དྷཱ་ཏུ་རྣམས་དང་། ང་རྗེས་སུ་འབྲེལ་པའི་དྷཱ་ཏུ་རྣམས་བྱེད་པ་པོའི་དོན་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། རུ་ཙ་ལ་ སོགས་པ་རྣམས་ལ། རུ་ཙ་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། ན་མིཤྩོ་བ་དའི་མདོས་ཨུ་ཨོར་གྱུར་པའོ། །རོ་ཙ་ཏེའོ། །བྲི་ཏུ་ལ་ཏེ་སྦྱར། རྀ་ཨར་དུ་འཕེལ། ཏ་ཏེ་དང་སྦྱར། བརྟ་ཏེའོ། །བྲྀ་བྷུ་ལ་ཏེ་སྦྱར། ཨུ་ཕྱི། རི་ཨར་དུ་གྱུར། ཨ་དང་ཝ་དང་། ཏེ་དང་དྷ་སྦྱར། ཝརྡྷ་ཏེའོ། ། 195-1-43b བྤ་ཝ་ལ་ཏེ་སྦྱར། བྤཝ་ཏེའོ། །མུ་ཏ་ལ་ཏེ་སྦྱར་བས། ཨུ་ཨོར་འགྱུར། མོ་ཏ་ཏེའོ། །རུ་ཙ་ནི་འོད་འབར་བའོ། །བྲྀ་དུ་འཚོ་བའོ། །བྲྀ་དྷུ་ནི་འཕེལ་བའོ། །བྤ་དྷཱ་ནི་འགྲེན་པའོ། །མུ་ད་ནི་དགའ་བའོ། །རུ་ཙ་ལ་པ་རོ། ཀྵ་ཨེ་སྦྱར་བས་གོང་དུ་རུ་ཙ་གཉིས་པ་བྱས། ཕྱི། རུ་རུ་ཙེའོ། །མུ་ད་ལ་ཨེ་སྦྱར་བས་གོང་མ་བཞིན། མུ་མ་དེའོ། །ང་རྗེས་སུ་འབྲེལ་པ་རྣམས་ལ། ཤིང྄་ལ་ཏེ་སྦྱར། ང་ཕྱི། ཤིང་སརྦ། དྷཱ་ཏུ་ཀེའི་མདོས། ཨི་ཨེར་གྱུར། ཤེ་ཏེའོ། །པཱུང་ལ་ཏེ་སྦྱར་གོང་བཞིན། པཱུ་ཏེའོ། །ཤིང་ནི་གཉིད་ལོག་པའོ། །ཥུང་ནི་སྲོག་ ཆགས་མངལ་ནས་བཙའ་བའོ། །ཤིང་ལ་ཨེ་སྦྱར་བས་གོང་དུ་ཤི་གཉིས་པ་བྱས་ཨི་བསྟུངས་དྷཱ་ཏུའི་ཨིས་ཡ་ཐོབ། ཨེ་དང་སྦྱར། ཤི་ཤྱེའོ། །མ་ལ་ཏེ་སྦྱར་བས་གོང་བཞིན་མི་བཱི་ཏེའོ། །ཨུ་ཧང྄་ལ་ཏེ་སྦྱར་ཨུ་དང་ང་ཕྱི། ཨན྄་སྦྱར། ཛུ་ཧུ་ཏིའི་མདོས་ཨན་ཕྱི། ཧ་གཉིས་པ་བྱས། ནས་ཛ་ ཐོབ། ཛས་ཨི་ཐོབ། ཨུ་བ་ཡེ་ཤམ་གྱི་མདོས་ཧས་ཨི་ཐོབ་པོ། ཛ་ཧཱི་ཏིའོ། །མཱང་ནི་མཇལ་བའོ། །ཨོ་ཧང྄་ནི་འགྲོ་བའོ། །ཐུན་མོང་གི་ལས་ཀྱི་དོན་རྣམས་དྷཱ་ཏུ་ད་ལྟར་གནས་པར་གྱུར་ན། བདག་གི་ཚིག་ཅན་འབྱུང་བར་གསུངས་ཏེ། གང་དུ་ཅིག་ཤོས་དང་འབྲེལ་པའི་བྱ་བ་རྣམས་ གཞན་བྱེད་ཅིང་། གཞན་དང་འབྲེལ་པའི་ལས་ཅིག་ཤོས་བྱེད་པ་དེ་ལ་ཀརྨཱ་བྱ་སྟི་ར་ཞེས་བྱའོ། །བྱ་སྟིལཱུ་ན་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། བྱ་སྟི་ལཱུ་ན་ཏེའོ། །བྱ་སྟེ་པཱུ་ན་ལ་ཏེ་སྦྱར། བྱ་སྟེ་པཱུ་ན་ཏེའོ། །ལཱུཉ་ནི་སྤྱོད་པའོ། །པཱུ་ཉ་ནི་འབྱར་བའོ། །འགྲོ་བའི་དོན་རྣམས་དང་འཚེ་བའི་དོན་རྣམས་ཀྱང་ འབྱུང་བར་མི་འགྱུར་ཏེ། བྱ་ཏི་གཙྪ་ལ་གཞན་གྱི་ཚིག་སྦྱར། བྱ་ཏི་གཙྪ་ཏིའོ། །བྱ་ཏི་གྭ་ནན་ལ་ཏི་སྦྱར། བྱ་ཏི་གྲ་ནནྟིའོ། །ནི་ཐོག་མར་སྦྱར་བའི་བི་ཤ་ལ་བདག་གི་ཚིག་ཅན་གསུངས་ཏེ། ནི་བི་ཤ་ལ་ཝརྟ་མཱ་ནཱིའི་ཏེ་སྦྱར། ནི་བི་ཤ་ཏེའོ། །པ་རི་དང་ཨ་ཝ་དང་། བི་འདི་རྣམས་ཀྱི་ཕ་རོལ་གྱི་ ཀྲྀཉ་ལ་བདག་གི་ཚིག་ཅན་འབྱུང་བར་གསུངས་ཏེ། པ་རའི་ཕ་རོལ་ན་ཀྲཱྀ་ཡོད་པས་ཏེ་སྦྱར་ན། ཀྲཱྀ་ཡ་ཏེ་ལ་ན་ཐོབ། ཨུ་པ་ཡེ་ཤམ་གྱི་ན་མི་ཐོབ་པ་རྀ་ཀྲཱྀ་ཎཱ་ཏེའོ། །ཨ་ཝའི་ཕ་རོལ་གྱི་ཀྲཱྀ་ལ་གོང་བཞིན། ཨ་ཝ་ཀྲཱྀ་ཎཱ་ཏེའོ། །བི་དང་པཱ་ར་ཐོག་མ་ན་ཡོད་པའི་ཛི་ཛ་ཡ་ཞེས་བྱ་བ་ཉིད་ལ་བདག་གི་ཚིག་ 195-1-44a ཅན་འབྱུང་བ་སྟེ། བི་ཛི་ལ་ཏེ་སྦྱར། བར་དུ་ཨན་སྦྱར། ཨི་ཨེ། ཨེ་ཡས། ཡ་དང་ཨ་སྦྱར། བི་ཛ་ཡ་ཏེའོ། །པཱ་ར་ཛི་ལ་ཏེ་སྦྱར་བ་སོགས་གོང་བཞིན། པཱ་ར་ཛ་ཡ་ཏེའོ། །ཨ་ནུ་དང་། པ་རི་དང་། སམ་གྱི་ཕ་རོལ་གྱི་ཀྲཱྀ་ཌཱི་བི་ཧ་ར་ཞེས་པ་འདི་ལ་ བདག་གི་ཚིག་ཅན་འབྱུང་བ་སྟེ། ཨ་ནུ་ཀྲཱྀ་ཌཱི་ལ་ཏེ་སྦྱར་བས། ཨཱི་ཕྱི། ཨན་སྦྱར། ཨ་ནུ་ཀྲཱྀ་ཌ་ཏེའོ། །པ་རི་ཀྲཱྀ་ཌཱི་ལ་ཏེ་སྦྱར་བ་སོགས་གོང་བཞིན། པ་རི་ཀྲཱྀ་ཌ་ཏེའོ། །སཾ་ཀྲཱྀ་ཌཱི་ལ་ཏེ་དང་ཨན་སྦྱར་རོ། །སཾ་ཀྲཱྀ་ཌ་ཏེའོ། །སཾ་དང་ཨཝ་དང་པ་དང་བི་རྣམས་ཀྱི་ཕ་རོལ་ཥྛ་འགྲོ་བ་ལ་མི་འཇུག་ པ་ཞེས་བྱ་བ་འདི་ལ་བདག་གི་ཚིག་ཅན་འབྱུང་བ་སྟེ་སཾ་ཥྛ་ལ་ཏི་སྦྱར་བས་ཥྛ་ཏིཥྛའི་མདོས་ཏིཥྛ་ཐོབ་པའོ། །སཾ་ཏིཥྛ་ཏེའོ། །ཨ་ཝ་ཏིཥྛ་ལ་ཏེ་སྦྱར། ཥྛ་ས་ཏིཥྛ་ཐོབ་པའོ། །ཨཝ་ཏིཥྛ་ཏེའོ། །པྲཥྛ་ལ་ཏེ་སྦྱར། གོང་བཞིན། པྲ་ཏིཥྛ་ཏེའོ། །བིཥྛ་ལ་ཏེ་སྦྱར། གོང་བཞིན། བི་ཏིཥྛ་ཏེའོ། །ནི་ དང་། སཾ་དང་། ཨུ་པ་དང་། བི་རྣམས་ཀྱི་ཕ་རོལ་གྱི་ཧྭེཉ་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། ནི་ཧྭེཉ་ལ་ཏེ་སྦྱར་བས། ཉ་ཕྱི། བར་དུ་ཨན྄་སྦྱར། ཨེ་ཨཡ྄་སྦྱར། ནི་སྭ་ཡ་ཏེའོ། །སཾ་ཧྭེཉ་ལ་ཏེ་སྦྱར་བས་གོང་བཞིན། སཾ་ཧྭ་ཡ་ཏེའོ། །ཨུ་པ་ཧྭེཉ་ལ་ཏེ་སྦྱར་བ་གོང་བཞིན། ཨུ་པ་ཧྭ་ཡ་ཏེའོ། །བི་ཧྭེཉ་ལ་ཏེ་དང་ཨན་སྦྱར། བི་ཧྭ་ཡ་ཏེའོ། །དེ་བཞིན་དུ་གཞན་ཡང་མཚན་ཉིད་ཀྱི་རྗེས་སུ་འབྲངས་ཏེ་ཚིག་ནི་ཁོང་དུ་ཆུད་པར་བྱའོ། །ཙེ་ཀྲཱི་ཡཱི་ཏཱནྟཱཏ། ཙེ་ཀྲཱི་ཡི་ཏའི་དྷཱ་ཏུ་རྣམས་བྱེད་པ་པོའི་དོན་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་མདོ་འདིའི་དོན་ ཏེ་ཡ་སྦྱར། གོང་དུ་པ་ཙ་གཉིས་པ་བྱས། ཙ་ཕྱི། དིརྒྷཱ་ན་གའི་མདོས་པ་གོང་མ་བསྲིང་། པཱ་པ་ཙྱ་ཏེའོ། །པ་ཋ་ལ་ཏེ་དང་ཡ་སྦྱར་བ་གོང་བཞིན། པཱ་པ་ཥྱ་ཏེའོ། །ཡཱ་ཡྱནྟཙྩ། དྷཱ་ཏུ་རྐྱེན་ཨ་ཡའི་མཐའ་ཅན་ལ་བདག་གི་ཚིག་འབྱུང་བར་འགྱུར་ཏེ། པཎྜི་ཏ་ལ་ཨཱ་ཡ་སྦྱར་བས། ས་མ་ ན་དིརྒྷཱ་སྟེ། བརྟ་མཱ་ན་ཏེ་སྦྱར། པཎྜི་ཏཱ་ཡ་ཏེའོ། །བྲཧྨ་ཎ་ཨཱ་ཡ་སྦྱར་བ་དང་ཏེ་སྦྱར། བྲཧྨ་ཎཱ་ཡ་ཏེའོ། །ཨིཾ་ཉ་ཡ་ཛཱ་དེ་རུ་བྷ་ཡམྲ། དྷཱ་ཏུ་ཨིན་གྱི་མཐའ་ཅན་དང་། དེ་བཞིན་དུ་ཉ་རྗེས་སུ་འབྲེལ་པ་དང་། ཡ་ཛ་དང་འདྲ་བ་རྣམས་ལ་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་ཅན་གཉིས་ 195-1-44b ཀ་འབྱུང་བར་འགྱུར་བ་སྟེ། ཨིན་གྱི་མཐའ་ཅན་ལ། པ་ཋ་ལ། ཨིན྄་སྦྱར། ཏི་སྦྱར། བར་དུ་ཨན྄་སྦྱར། ཨ་སྱ་པ་དྷཱ་དཱིརྒྷཱའི་མདོས་པ་བསྲིང་བས་སོ། །པཱ་ཋ་ཡ་ཏིའོ། །པ་ཋ་ལ་བདག་གི་ཚིག་ཏེ་སྦྱར་བས་སོ། །བྷུ་ཨིན྄་སྦྱར། ཨུ་ཨོར་གྱུར། ཨོ་ཨཝ། ཝ་དང་ ཨིན་སྦྱར། ཨན་དང་ཏི་སྦྱར་བ་གོང་མ་བཞིན། བྷ་ཝ་ཡ་ཏིའོ། །བྷཱུ་ལ་ཨིན྄་དང་ཏེ་སྦྱར། བ་དང་ཨན྄་སྦྱར། བྷཱ་ལ་ཡ་ཏེའོ། །ཀྲྀ་ལ་ཏི་དང་ཨིན་སྦྱར་བས་རྀ་ཨར་དུ་འཕེལ། ཨཱ་དང་ཀ་སྦྱར། ར་དང་ཨ་སྦྱར། ཀཱ་ར་ཡ་ཏིའོ། །ཀྲྀ་ལ་ཨིན་དང་ཏེ་སྦྱར་བ་ལ་སོགས་པའོ། ། ཀཱ་ར་ཡ་ཏེའོ། །ཉ་རྗེས་སུ་འབྲེལ་པ་རྣམས་ཀྲྀ་ཉ་ལ་ཏི་སྦྱར། བར་དུ་ཨུ། ཨུས་ཨོ་རྀས་ཨཱར་ཐོབ་ཨ་ཀ་ལ་སྦྱར་རོ། །ཀ་རོ་ཏིའོ། །ཀྲྀ་ཉ་ལ་ཏེ་སྦྱར། བར་དུ་ཨུ་རྀ་ཨཱར་དུ་འཕེལ། ཨས་ཨུ་ཐོབ། ཀ་དང་སྦྱར། ར་དང་ཨུ་སྦྱར་ཀུ་རུ་ཏེའོ། །ཧྲྀཉ྄་ལ་ཏི་སྦྱར། བར་དུ་ཨན། རིས་ཨར་ཐོབ། ཧ་ར་ཏིའོ། །ཧྲྀ་ཉ་ལ་ཏི་སྦྱར། ཨན་སྦྱར། ཧ་ར་ཏེའོ། །ཌུ་ཀྲྀ་ཉ་ནི་བྱེད་པའོ། །ཧྲྀ་ཉ་ནི་འཕྲོག་པའོ། །ཡ་ཛ་ལ་སོགས་པ་རྣམས་ལ། ཡ་ཛ་ལ་གཞན་གྱི་ཚིག་ཅན་བརྟ་མཱ་ནའི་ཏེ་སྦྱར། ཡ་ཛ་ཏིའོ། །ཡ་ཛ་ལ་བདག་གི་ཚིག་ཅན་ཏེ་སྦྱར། ཡ་ཛ་ཏེའོ། །བ་ཧ་ ལ་ཏི་སྦྱར། བ་ཧ་ཏིའོ། །བ་ཧ་ལ་ཏེ་སྦྱར། བ་ཧ་ཏེའོ། །ཡ་ཛ་ཞེས་པ་ལྷའི་མཆོད་པའོ། །བ་ཧ་ནི་རྙེད་པའོ། །ཉེ་བར་བསྒྱུར་བའི་ཚིག་མེད་པའི་ཀྲ་མ་ཡ་གཉིས་འབྱུང་བར་གསུངས་ཏེ། ཀྲ་མ་ལ་ཏེ་སྦྱར་བས་སོ། །ཀྲ་མ་ཏེའོ། །ཀྲ་མ་ལ་ཏི་སྦྱར། ཀྲ་མ་ཏིའོ། །ཀྲ་མུ་ཞེས་ པ་གོམ་པ་འདོར་བའོ། །ཉེ་བར་བསྒྱུར་བ་མེད་པ་ཅིའི་ཕྱིར་སྨོས་ཤེ་ན། སཾ་ཀྲ་མ་ལ་རྟག་པར་ཏི་སྦྱར་རོ། །པཱུརྦ་བཏ་སནྟཱཏ། སན་གྱི་ཐོག་མའི་དྷཱ་ཏུ་ལ། དྷཱ་ཏུ་བཞིན་དུ་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་ཅན་འབྱུང་བར་ཡང་འགྱུར་བ་སྟེ། ཇི་ལྟར་དྷཱ་ཏུ་ཉི་ཚེ་ཇི་ལྟ་བ་དེ་བཞིན་དུ་ སན྄་གྱི་མཐའ་ཅན་ལའང་འབྱུང་བར་འགྱུར་ཏེ་ཞེས་པའི་དོན་ཏོ། །རུ་ཙ་ལ་སནྲ་ཡོད་པས་གོང་དུ་གཉིས་པ་བྱས། ཨིཏ་སྦྱར་བས་ཙ་དང་སྦྱར། དྷཱ་ཏུའི་རུ་རེར་གྱུར། སས་ཥ་ཐོབ། རུ་རེ་ཙིཥ་ཏེའ྄ོ། །རུ་ཙ་ཞེས་པ་འབར་བའོ། །ཤཱེཥཱ་ཀརྟ་རི་པ་རསྨི་པ་དམ྄། གང་བདག་ 195-1-45a གི་ཚིག་ཏུ་མ་བཤད་པ་དེ་ལས་ལྷག་མའི་དྷཱ་ཏུའོ། །བྱེད་པ་པོའི་དོན་ལ་གཞན་གྱི་ཚིག་ཅན་འབྱུང་བར་འགྱུར་ཏེ། བྷཱུ་ལ་ཏི་སྦྱར། བར་དུ་ཨན། ཨུ་ཨོར་གྱུར། ཨོ་ཨཝ། ཝ་དང་ཨ་སྦྱར། བྷ་ཝ་ཏིའོ། །ཡཱ་ལ་ཏི་སྦྱར་རོ། །ཡཱ་ཏིའོ། །བྷཱུ་ཞེས་ པ་ཡོད་པའོ། །ཡཱ་ནི་རྙེད་པའོ། །བྷཱུ་ལ་པ་རོ྅ཀྵཱ་ཨཊ་སྦྱར། གོང་དུ་བྷཱུ་གཉིས་པ་བྷས་པ་ཐོབ། བུ་བོ་བོན་ཏས། མཐར་ཝ་ཐོབ་སྟེ། ཨ་དང་སྦྱར་བ་བྷཱུ་ཝའོ། །ཡཱ་ལ་ཨཊ་སྦྱར། གོང་དུ་ཡཱ་གཉིས་པ་བྱས་ཏེ་བསྟུངས། ཨ་ཀ་ར་ཨ་ཏ་ཏཽའི་མདོས་ཨ་ཏ་ཀྱི་ཨ་ཐོབ་སྟེ་སྦྱར། ཡ་ཡཽའོ། །བྷུ་ཛ་ཞེས་པ་སྐྱོང་བ་དང་། བཟའ་བ་དག་ཅེས་པའི་དྷཱ་ཏུ་ལ་འདི་ལས། བཟའ་བའི་དོན་ལ་བདག་གི་ཚིག་ཅན་གསུངས་ཏེ། བྷཱུ་ཛ་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། སྭ་ར་དྷུ་ཏ་ཏེའི་མདོས། བྷུའི་མཐའ་ན་ཐོབ། ཛས་ཀ་ཐོབ། ནས་ང་ཐོབ་སྟེ་སྦྱར། བྷུངྐེ་ཏེ་ བཟའ་བ་ཞེས་པའོ། །བཟའ་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྷུ་ཛ་ལ་ཏི་སྦྱར་བས་བྷུའི་མཐར་ན་ཐོབ་པ་ལ་སོགས་པ་གོང་བཞིན། བྷུངྐ་ཏི་ར་ཛ་བྷྲུ་མི་མའོ། །ཨ་བྷི་དང་། པྲ་ཏི་དང་། ཨ་དི་རྣམས་ཀྱི་ཕ་རོལ་གྱི་ཀྵི་པ་པྲེ་ཏན་ཞེས་པ་འདི་ལ་གཞན་གྱི་ཚིག་ཅན་གསུངས་པ་སྟེ། ཨ་ བྷི་ཀྵི་པ་ལ་ཏི་སྦྱར། ཨ་བྷི་ཀྵི་པ་ཏིའོ། །པྲ་ཏི་ཀྵི་པ་ལ་ཏི་སྦྱར། པྲ་ཏི་ཀྵི་པ་ཏིའོ། །བི་དང་། ཨཱང་དང་། པ་ཏི་དང་། ཨུ་པ་རྣམས་ཀྱི་ཕ་རོལ་གྱི་ར་མ་ལ་གཞན་གྱི་ཚིག་འབྱུང་བར་འགྱུར་བའོ། །བི་ར་མི་ལ་ཏི་སྦྱར་རོ། །བི་ར་མ་ཏིའོ། །ཨཱ་ར་མ་ལ་ཏི་སྦྱར་རོ། །ཨཱ་ར་མ་ཏིའོ། །པ་ རི་ར་མ་ལ་ཏི་སྦྱར་རོ། །པ་རི་མ་ཏིའོ། །ཨུ་པ་ར་མ་ལ་ཏི་སྦྱར་རོ། །ཨུ་པ་ར་མ་ཏིའོ། །ཀ་ལཱ་པའི་ཀུན་བཤད་པའི་རབ་ཏུ་བྱེད་པའི་འགྲེལ་པ་ཉུང་ངུ་ལས་རྐང་པ་གཉིས་པའོ།། །།དྭིརྦ་ཙ་ན་མ་ན་བྷྱཱས་སྱེ་ཀ་སྱེ་ར་ཀ་སྭ་ར་སྱཱ་དྱ་སྱ། དྷཱ་ཏུ་གང་གི་ཐོག་མ་ན་དབྱངས་ཡོད་ཅིང་དེ་ཚིག་གཉིས་པ་མ་བྱས་ པ་ལ་གཉིས་པའི་ཚིག་འབྱུང་བར་འགྱུར་བ་ཞེས་གསུངས་པ་སྟེ། ད་རི་དྲཱ་ལ་ཨཊ་སྦྱར་བས་ད་གཉིས་པ་བྱས་ཨཊ་ཀྱིས་ཨཽ་ཐོབ་སྟེ། དྲཱ་དང་སྦྱར་རོ། །དད་རི་དྲཽའོ། །ད་རི་དྲཱན་ནི་ངན་འགྲོ་དབུལ་བའོ། །ཛཱ་གྲཱི་ལ་ཨར་སྦྱར་བས་གོང་དུ་ཛ་གཉིས་པ་བྱས་ཏེ་བསྟུངས། རྀ་ཨཱར་དུ་འཕེལ། 195-1-45b ཨ་དང་ག་སྦྱར། ར་དང་ཨའོ། །ཛ་ཛཱ་གཱ་རའོ། །ཛ་གྲེ་ནི་གཉིད་སད་པའོ། །སྭ་རཱ་དེ་ཌྷི་ཏཱི་ཡ་སྱ། གང་དབྱངས་ཐོག་མ་ན་ཡོད་པའི་དྷཱ་ཏུའི་དབྱངས་གཅིག་པའི་ཡན་ལག་ཏུ་གྱུར་པའི་གཉིས་པ་དེའི་ཚིག་པར་འགྱུར་བའི་དབང་དུ་བྱས་པའོ། །ཨ་ཊི་ལ་དི་སྦྱར། བར་དུ་ཙན་སྦྱར། ཊི་གཉིས་པ་བྱ་སྟེ། དྷཱ་ཏུའི་ཨི་ཕྱི་ནས། ཙའི་ཨ་དང་སྦྱར། ཨ་ཊི་ཊཏྲའོ། །ཨ་ཊི་ལ་ཏི་དང་སན་སྦྱར། གོང་བཞིན། ཨ་ཊི་ཊི་ཥ་ཏི། ཀ་ཎ྄་ཌུ་ལ་སོགས་པ་རྣམས་ཀྱི་གསུམ་པ་གཉིས་པའི་ཚིག་ཏུ་བྱ་བར་གསུངས་ཏེ། ཀ་ཎ་ཌུ་ཡི་ལ་ཏི་དང་སཊ་སྦྱར་བས། ཡི་གཉིས་པ་བྱས་ པའོ། །ཀཎྜུ་ཡི་ཡི་ཥ་ཏིའོ། །མིང་གི་དང་པོའི་དང་པོ་དང་གཉིས་པ་དང་གསུམ་པ་ལ་གཉིས་པའི་ཚིག་འབྱུང་བ་སྟེ། པུ་ཏྲཱི་ལ་ཏི་དང་སན྄་སྦྱར་བས། དང་པོའི་པུ་གཉིས་པ་བྱས་པའོ། །པུ་པུ་ཏྲཱི་ཡི་ཥ་ཏིའོ། །པུ་ཏྲཱི་ལ་ཏི་དང་སན྄་སྦྱར་བས། ཏྲཱི་གཉིས་པ་བྱས་པའོ། །པུ་ཏྲི་ཏྲཱི་ཡི་ཥ་ ཏིའོ། །པུ་ཏྲཱི་ལ་ཏི་དང་སན་སྦྱར་བ། གསུམ་པ་ཡང་གཉིས་པའི་ཚིག་ཏུ་བྱས་པའོ། །པུ་ཏྲཱི་ཡི་ཡི་ཥ་ཏིའོ། །ན་ན་ཝ་ད་རཱསྶཾ་ཡོ་ག་ད་ཡོ་ཡོ་ཡེ། དྷཱ་ཏུ་གཉིས་པ་དབྱངས་གཅིག་པ་དེའི་ཡན་ལག་ན་དང་། ཝ་དང་། ད་དང་། ཐོག་མར་གནས་པ་དང་། ལྡན་པ་ལ་གཉིས་པ་མི་བྱ་ བར་གསུངས་ཏེ། གང་གི་ཚེ་ཡ་དང་ལྡན་པ་དེའི་ཚེ་ནི་གཉིས་པ་བྱ་བར་གསུངས་སོ། །ཨུན྄་དི་ལ་ཏི་དང་སན྄་སྦྱར་བས་ན་དང་བཅས་པའི་ད་གཉིས་པ་མ་བྱས་ཏེ། རྐང་པ་གཉིས་པ་བྱས་པའོ། །ཨུནྡི་དི་ཥྱ་ཏིའོ། །འབྲས་ཆན་བསླངས་པའོ། །ཨུཔྲ་ཛ་ལ་ཏི་དང་སན྄་སྦྱར་བས། ཛ་ གཉིས་པ་བྱ་སྟེ་གོང་བཞིན། ཨུབ་ཛ་ཛི་ཥ་ཏིའོ། །ཨུབ་ཛ་ནི་མནམ་པའོ། །ཨར྄་ཙིལ་ཏི་དང་སན྄་སྦྱར་བས། ཙི་གཉིས་པ་བྱས་པའོ། །ཨརྩི་ཙི་ཥ་ཏིའོ། །ཨརྩ་ཞེས་པ་མཆོད་པའོ། །ཡ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨ་དྱ་ལ་ཏེ་སྦྱར་བས། ར་དང་ཡ་བཅས་པ། གཉིས་པ་བྱ་བྱ་སྟེ། གོང་མའི་ཡ་ཕྱིའོ། །ཨར་དྱ་ཏེའོ། །པཱུ་རྦོ་བྷྱ་སཿ། དྷཱ་ཏུ་གཉིས་སུ་བྱས་པའི་གོང་མའི་ཆའི་མིང་ནི་ཨ་བྷྱ་ས་ཞེས་པའོ། །པ་ཙ་ལ་ཨཊ་སྦྱར་བས་བ་གཉིས་པ་བྱ་སྟེ། ཙ་དང་ཨ་སྦྱར། ཨ་སྱོ་པ་དྷཱ་དཱིརྒྷའི་མདོས་བསྲིངས་པའོ། །པ་པཱ་ཙའོ། །པ་ཋ་ཡ་ 195-1-46a ཨཊ་སྦྱར་བ་གོང་བཞིན། པ་པཱ་ཋའོ། །དྷ་ཡ་མ་བྷྱ་སྟམ། གང་གི་ཚིག་གཉིས་སུ་བྱས་པའི་གཉིས་པ་དེའི་མིང་ཨ་བྷྱསྟ་ཞེས་བྱའོ། །དཱ་ལ་ཨནྟི་སྦྱར། ན་ཕྱི། བར་དུ་ཨན྄་སྦྱར། དཱ་གཉིས་པ་བྱས། ཛུ་ཧུ་ཏྱ་དིས་ཨན་ཕྱི། ཨ་གོང་མ་བསྟུངས། འོག་མ་ཕྱི། དད་ཏིའོ། །ཌུ་དྡ་ཉ་ནི་སྦྱིན་པའོ། །ཛཀྵ་དིཥྩ། ཛཀྵ་ལ་སོགས་པའི་ཚོགས་ཚིག་གཉིས་པ་མ་བྱས་པ་ལ་ཡང་མིང་ཨ་བྷྱསྟ་ཞེས་བྱའོ། །ཛཀྵ་ནི་ཟ་བ་དང་། རྒོད་པའོ། །ཛཱ་གྲྀ་ཞེས་པ་གཉིས་སད་པའོ། །ད་རི་དྲཱ་ནི་ངན་འགྲོའོ། །ཙ་ཀཱ་སྲྀ་ནི་འབར་བའོ། །ཤཱ་སུ་ ནི་རྗེས་སུ་བསྟན་པའོ། །དེ་རྣམས་ནི་ཛཀྵ་ལ་སོགས་པའོ། །ཛཀྵ་ལ་བརྟ་མཱ་ནའི་ཨནྟི་སྦྱར། ཨནའོ། །ཨའང་དབྱིའོ། །ཨན་ཀ་རའི་མདོས་ན་ཕྱི། ཨ་དང་ཀྵ་སྦྱར། ཛཀྵ་ཏིའོ། །ཛཱ་གྲྀ་ཝརྟ་མ་ནཱའི་ཨནྟི་སྦྱར་ན་ཕྱི། རམ་རི་ཝརྞས་རྀའི་ར་ཐོབ། ཨ་དང་ར་དང་ག་སྦྱར་རོ། །ཛཱ་གྲི་ ཏིའོ། །ཨ་བྷྱསྟ་ཡིན་པས་ན། མཐའི་ན་ཕྱིའོ། །ཙན་པ་རོ྅ཀྵཱ་ཙེ་ཀྲཱི་ཡི་ཏ་ས་ནནྟེ་ཥུ། ཙན་དང་། པ་རོཀྵཱ་ཕ་རོལ་ན་ཡོད་པ་དེ་བཞིན་དུ། ཙེ་ཀྲཱི་ཡི་ཏའི་མཐའ་ཅན་དང་། སན་གྱི་མཐའ་ཅན་ཡང་ཚིག་གཉིས་པར་འགྱུར་ཏེ། ཙནའི་མཐའ་ཅན་ནི་པ་ཋ་ལ་ཧྱསྟ་ནཱི་དི་སྦྱར། ཨན་སྦྱར། ན་ཕྱི། ཙན་སྦྱར་བས། ཙ་དང་ན་ཕྱི། ཙའི་ཨ་ལུས། པ་ཋ་གཉིས་པ་བྱས། ཋ་ཕྱི། དྷཱ་ཏུའི་མཐའ་དང་ཨ་སྦྱར། གོང་མའི་ཨ་བསྲིངས་ཏེ། ཨ་དྷཱ་ཏུའི་མདོས་གོང་དུ་ཨ་སྦྱར། ཨ་པི་པཱ་ཋཏའོ། །པ་རོ྅ཀྵའི་དཔེ་ནི། ཀྲྀ་ལ་པ་རོ྅ཀྵཱ་ཨཊ་སྦྱར། གོང་དུ་ཀྲྀ་ གཉིས་པ་བྱས། ཨ་ཀ་ར་རི་བརྞའི་མདོས། ཀྲྀས་ཀ་ཐོབ། ཀས་ཙ་ཐོབ། རི་ཨར་དུ་འཕེལ་ཏེ། ཨཱ་དང་ཀ་སྦྱར། ར་དང་ཨཊ་ཡཱི་ཨ་སྦྱར་རོ། །ཙ་ཀཱ་རའོ། །ཙེ་ཀྲི་ཡི་ཏའི་མཐའ་ཅན་ནི། ཨཊ་ལ་ཙེ་ཀྲཱི་ཏའི་ཡ་སྦྱར། སྭ་ར་དིརྦི་ཏྲོ་ཡ་སྱའི་མདོས། ཊྱ་གཉིས་པ་ བྱས། ཨ་བྷྱསྟ་ནན྄། ཨ་དི་ཤི་ཤམ྄་གྱི་མདོས། གོང་མའི་ཡ་ཕྱི། ཨ་ཊ་ཊྱ་ཏེའོ། །སན་གྱི་མཐའ་ཅན་ནི། པ་ཋ་ལ་སན་སྦྱར་བས། གོང་དུ་ཨིཊ་སྦྱར། པ་ཋ་གཉིས་པ་བྱས། སནྣི་བརྞ་སྱའི་མདོས། གོང་མས་ཨི་ཐོབ་པའོ། །པི་པ་ཋི་ཥ་ཏིའོ། །ཛུ་ཧོ་ཏྱཱ་དཱི་ 195-1-46b ནཱཾ་སཪྺ་དྷཱ་ཏུ་ཀེ །ཛུ་ཧུ་ཏི་ལ་སོགས་པའི་དྷཱ་ཏུ་རྣམས་ཀྱི་ཕ་རོལ་ན་སཪྺ་དྷཱ་ཏུ་ཀེ་ཡོད་ན་ཚིག་གཉིས་པ་འབྱུང་བར་འགྱུར་བ་སྟེ། ཧུ་ནི་སྦྱིན་པ་དང་། བཟའ་བ་དག་གི་དོན་ཏེ། ཧུ་ལ་ཝརྟ་མཱ་ནཱའི་ཏི་སྦྱར་བས་མདོ་འདིས་ཧུ་གཉིས་པ་བྱས་ཧ་ཛིའི་མདོས་ཧས་ཛ་ཐོབ། ཧུ་ཧོར་གྱུར་པའོ། ། ཛུ་ཧོ་ཏིའོ། །བྷི་ལ་ཏི་སྦྱར་བས། བྷི་གཉིས་པ་བྱས། བྷས་བ་ཐོབ། བྷི་བྷེར་གྱུར་པའོ། །བྷི་བྷེ་ཏིའོ། །ཉི་བྷེ་ནི་གཉིས་པའོ། །ཨ་བྷྱ་ས་སྱཱ་དི་བྱཉྫ་ན་མ་ཁ་སེ་ཥྱ་མ྄། ཨ་བྷྱཱ་སའི་དང་པོའི་གསལ་བྱེད་གང་ཡིན་པ་དེ་གཞག་པར་བྱ་ཞིང་། གཞན་ནི་དབྱེ་བར་བྱའོ། །ཡ་ཛ་ལ་ཝརྟ་མཱ་ནཱའི་ཏི་ སྦྱར། བར་དུ་སན྄་སྦྱར། གོང་དུ་ཡ་ཛ་གཉིས་པ་བྱས། མདོ་འདིས་ཛ་ཕྱི། ཡ་ལུས། དྷཱ་ཏུའི་ཛས་ཀ་ཐོབ། སས་ཥ། སན྄་ནི་བརྞ་སྱའི་མདོས་ཡས་ཨི་ཐོབ་པའོ། །ཡི་ཡཀྵ་ཏིའོ། །པ་ཙ་ལ་ཏི་དང་སན་སྦྱར་བ་ལ་སོགས་པ་གོང་བཞིན། པི་པཱཀྵ་ཏིའོ། །དང་པོའི་དབྱངས་ཀྱང་གཞག་ པར་བྱ་སྟེ། ཨ་ཤ་ལ་པ་རོ྅ཀྵ་ཨཊ་སྦྱར། གོང་དུ་ཨ་ཤ་གཉིས་པ་བྱས་པའི་ཤ་ཕྱི། ཨ་གཉིས་པས་མ་ན་དཱིརྒྷའོ། །ཨཱ་ཤའོ། །ཤི་ཊ་པའོ། །གྷོཥ། གང་སྒྲ་དང་ལྡན་པ་མ་ཡིན་པའི་ཨ་བྷྱཱ་ས་ཤི་ཊའི་ཕ་རོལ་ན་ཤིཊ་ཡོད་ན་དེ་གཞག་པར་བྱ་བ་སྟེ། ཤྩྱུ་ཏིར་ལ་ཨཊ་སྦྱར་བས་གོང་དུ་ ཤྩྱུ་གཉིས་པ་བྱ་སྟེ། ཤ་དང་ཡ་ཕྱིའོ། །ཙུ་ཤྩྱུ་ཏའོ། །ཤྩྱུ་ཏིར་ནི་འཛག་པའོ། །དྭི་ཏཱི་ཤྩྱུ་ཏུར་ཐ་ཡོ། པྲ་ཐ་མ་ཏྲྀ་ཏཱི་ཡོ། ཨ་བྷྱཱ་སའི་གཉིས་པ་དང་བཞི་པ་གང་ཡིན་པ་དེ་དག་གོ་རིམས་ཇི་ལྟ་བ་བཞིན། དང་པོ་དང་གཉིས་པ་དག་ཏུ་འགྱུར་བ་སྟེ། ཁ་ནུ་ལ་ཡཊ་སྦྱར། གོང་དུ་ཁ་གཉིས་ པ་བྱས། ཁས་ཚ་ཐོབ། མདོ་འདིས་ཚས་ཙ་ཐོབ། ཙ་ཁ་ནའོ། །ཁ་ནུ་ནི་ངེས་པར་འཇོམས་པའོ། །བྷི་དིར་ལ་ཨཊ་སྦྱར་བས། ཨི་དང་ར་ཕྱི། བྷི་གཉིས་པ་བྱས། མདོ་འདིས་བྷས་པའོ། །བི་བྷེ་དའོ། །བྷི་དིར་ནི་རྣམ་པར་འཇོམས་པའོ། །ཧོ་ཛསཿ། ཨ་བྷྱ་ས་གང་ཡིན་པ་དེའི་ཧ་ཛར་ འགྱུར་བ་སྟེ། ཨོ་ཧཱཀ་ལ་ཨཊ་སྦྱར། ཨོ་དང་ཀ་ཕྱི། གོང་དུ་ཧཱ་གཉིས་པ་བྱས། ཨཱ་ཀ་ར་ཨཊྭ་ཨཽའི་མདོས་ཨཊ྄་ཀྱིས་ཨཽ་ཐོབ། མདོ་འདིས་ཧ་གོང་མས་ཛའོ། །ཛ་ཧཽ། ཨཽ་ཧཱཀ྄་ནི་གཏོང་བའོ། །ཀ་ཝརྒ་སྱ་ཙ་བརྒཿ། གང་ཨ་བྷྱ་སའི་ཀའི་སྡེ་ཚན། དེ་ཙའི་སྡེ་ཚན་དུ་གྱུར་ 195-1-47a པའོ། །ཀྲྀ་ལ་ཨཊ་སྦྱར་གོང་དུ་ཀྲི་གཉིས་པ་བྱས། ཀྲྀས་ཀ །ཀས་ཙ། དྷཱ་ཏུའི་རི། ཨཱར་དུ་འཕེལ། ཨཱ་དང་ཀ །ར་དང་ཨ་སྦྱར། ཙ་ཀཱ་རའོ། །ཌུ་ཀྲྀ་ཉ་ནི་བྱེད་པའོ། །ཁ་ན་ལ་ཨཊ་སྦྱར་བས་གོང་དུ་ཁ་གཉིས་པ་བྱས། ཁས་ཚ་ཐོབ། ཚས་ཙ་ཐོབ། ཙ་ ཁཱ་ནའོ། །ཁ་ན་ནི་ངེས་པར་འཇོམས་པའོ། །ན་ཀ་བ་ཏེ་ཤྩི་ཀྲི་ཡ་ཏི། ཀུང་གི་སྒྲ་ཞེས་བྱ་བ་འདིའི་དྷཱ་ཏུའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ཀྱང་ཨ་བྷྱཱ་སའི་ཀ་ཙར་མི་འགྱུར་བ་སྟེ། ཀུ་ལ་ཡ་སྦྱར། གང་དུ་ཀུ་གཉིས་པ་བྱས། ཀུ་ཀོར་གྱུར། ཨུ་ཨུར་གྱུར། མཐར་ཏེ་དང་ཨེན྄་སྦྱར། ཡའི་ ཨ་ཕྱི། ཨན་གྱི་ཨ་དང་སྦྱར། ཀོ་ཀཱུ་ཡ་ཏེའོ། །ཧྲ་སྭཿ། གང་ཨ་བྷྱཱ་ས་རིང་བ་དེ་ཐུང་བར་འགྱུར་བ་སྟེ། དཱ་ལ་ཨཊ་སྦྱར་བས་གོང་དུ་དཱ་གཉིས་པ་བྱས་ཏེ། ད་བསྟུངས། ཨཊ྄་ཀྱི་ཨཽ་ཐོབ། ད་དཽའོ། །པཱ་ལ་ཨཊ྄་སྦྱར་བས་གོང་མ་བཞིན། པ་པཽའོ། །ཌུ་དཱཉ་ནི་སྦྱིན་པའོ། །པཱ་ནི་ ཆུའོ། །ཨ་ཀཱ་རཿརྀ་ཝརྞ་སྱ། ཨ་བྷྱཱ་སའི་རི་གང་ཡིན་པ་དེ་ཨར་དུ་འགྱུར་བ་སྟེ། བྲྀ་ཏ་ལ་པ་རོ྅ཀྵཱའི་ཨེ་སྦྱར་བས། བྲྀ་གཉིས་པ་བྱས། མདོ་འདིས་རིས་ཨ་ཐོབ། བ་བྲྀ་ཏེའོ། །བྲྀ་ཏུ་ནི་འཚོ་བའོ། །དཱིརྒྷ་ཨི་ན་པ་རོ྅ཀྵཱ་ཡ་མ་གྲུ་ཎེ། ཨི་ག་ཧ་ཞེས་བྱ་བ་གང་ཡིན་པ་འདིའི་ ཨ་བྷྱཱ་ས་དེ་རིང་བར་འགྱུར་བ་སྟེ། པ་རོ྅ཀྵཱ་གུ་ཎ་མ་ཡིན་པའི་རྐྱེན་ཕ་རོལ་ན་ཡོད་ནའོ། །ཨིན་ལ་པ་རོ྅ཀྵཱའི་ཨ་ཏུས་སྦྱར། སྭཱ་ར་དཽ་ཨི་བརྞ་ཨནྟ་སྱའི་མདོས་ཨིས་ཨི་ཡ་ཐོབ། ཡ་དང་ཨ་སྦྱར། མདོ་འདིས་ཨི་སྲིངས། ཨི་ཡཱ་ཏུཿའོ། །ཨི་ཎ་ལ་ཨུས་སྦྱར་བས་གོང་བཞིན། ཨི་ཡུཿའོ། །ཨ་སྱཱ་དེསྶ་རྦཱ་ཏྲ། གང་ཨ་བྷྱཱ་སའི་ཨ་དེ་རིང་བར་འགྱུར་བ་སྟེ། པ་རོ྅ཀྵཱ་ཐམས་ཅད་ན་ཕ་རོལ་ན་ཡོད་ནའོ། །ཨཊ་ལ་པ་རོ྅ཀྵཱ། ཨཊ་སྦྱར། མདོ་འདིས་ཨ་བྷྱཱ་སའི་ཨ་སྲིངས་ཏེ་དྷཱ་ཏུའི་ཨ་དཱིརྦྷ་པ་ར་ལོ་པའི་མདོས་ཕྱི། ཨཱཊའོ། །ཨཊ་ལ་ཨུཊ་སྦྱར་བས། ཨ་གཉིས་པ་བྱས་པ་ལ་སོགས་པས། ཨཱཊ་ཏུའོ། །ཨཊ་ལ་ཨུས་སྦྱར་རོ། །ཨཱ་ཊུཿའོ། །ཨཊ྄་དང་པཊ་ནི་འགྲོ་བའོ། །ཏ་མཱནྣཱ་ག་མཿཔ་ར་དེ་རནྟ་ཤྩི་ཏ་སཾ་ཡོ་གཿ །ཨ་རིང་པོར་བྱས་པ་ཐོག་མ་ན་ཡོད་པ་དེ་ལས་ཕ་རོལ་གྱི་དང་པོར་ན་ཐོབ་པར་འགྱུར་བ་སྟེ། གང་འདི་ 195-1-47b མཐའ་ན་ལྡན་པར་ཡོད་པར་གྱུར་ནའོ། །ཨཉྲ་ཛ་ལ་ཨཊ་སྦྱར་བས། ཨ་གཉིས་པ་བྱ་སྟེ། ཡ་མཱ་ན་དཱིརྒྷ་གཉིས་དང་ལྡན་པའི་དང་པོར་ན་ཐོབ་པའོ། །ཨཱ་ནཉྫའོ། །ཨཉ྄་ཛུ་ཞེས་པ་གསལ་བ་དང་། གཉེན་པ་དང་། འགྲོ་བ་རྣམས་སོ། །ལྡན་པ་མཐའ་ན་ཡོད་པ་ ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨ་ཤ་ལ་ཨཊ྄་སྦྱར་བས་གོང་དུ་ཨ་གཉིས་པ་བྱས། ཨ་གོང་མ་སྲིངས་པས། དཱིརྒྷཏ་པ་ར་ལོ་པའོ། །ཨཱ་ཤའོ། །ཨ་ཤ་ནི་སྟོན་མོའོ། །རྀ་ཀཱ་རེ་ཙ། ཨ་རིང་བར་བྱས་པར་གྱུར་པའི་ཕ་རོལ་གྱི་ཏིའི་དང་པོར་ན་ཐོབ་པར་འགྱུར་བ་སྟེ། རྀ་དྷཱ་ལ་ ཨ་ཏུས་སྦྱར་བས། གོང་དུ་རི་གཉིས་པ་བྱས་རིས་ཨ་ཐོབ་པ་བསྲིང་། མདོ་འདིས་དྷཱ་ཏུའི་རྀ་གོང་དུ་ན་ཐོབ་པའོ། །ཨཱ་ནྲི་དྷཱ་ཏུཿའོ། །རྀ་དྷུ་ནི་བསགས་པའམ་སོགས་པའོ། །ཨཤྣོ་ཏེ་ཤྩ། ཨ་རིང་པོར་བྱས་པར་གྱུར་པ་དེ་ལས་ཕ་རོལ་གྱི་ཨ་ཤུ་བྱབ྄་ཏ་ཞེས་བྱ་བ་འདིའི་དང་པོར་ན་ ཐོབ་པར་འབྱུང་བ་སྟེ། ཨ་ཤུའི་གོང་དུ་བི་བྱས། མཐར་པ་རོ྅ཀྵཱ་ཨེ་སྦྱར་བས་ཨ་གཉིས་པ་བྱ་སྟེ་གོང་མ་བསྲིང་། འོག་མ་ཕྱི། བི་དང་། ཨི་བརྞ་ཡ་མ་ས་བརྞ་དང་ན་ཐོབ། བྱཱན་ཤེའོ། །བྷྱ་ཝ་ཏེ་རཿ། བྷུ་ས་ཏཱཏ྄་ཡམ་ཞེས་པ་འདི་ལ་པ་རོ྅ཀྵཱ་ཡོད་ན། ཨ་བྷྱ་སའི། ཨ་གཞག་ པར་འབྱུང་བ་སྟེ། བྷཱུ་ལ་པ་རོ྅ཀྵཱ་ཨཊ་ཡོད་པས། གོང་གི་བྷུ་གཉིས་པས་བ་ཐོབ། བྷས་བ་བོ་བོ་བོན་ཏའི་མདོས་མཐར་ཝ་འབྱུང་ངོ་། །བ་བྷུ་བའོ། །བྷཱུ་ལ་ཨ་ཏུས་སྦྱར་བས་གོང་བཞིན་བ་བྷུ་ཁ་ཏྲུཿ། ན་ཛི་བི་ཛི་བི་ཥཱཾ་གུ་ཎཿ སརྦ་དྷཱ་ཏུ་ཀེ། ནི་ཛིར་ནི་གཙང་སྦྲ་དང་། གང་ བའམ་རྒྱས་པའོ། །བི་ཛིར་ཐ་དད་པར་གྱུར་པའོ། །བི་ཥླི་ནི་ཁྱབ་པའོ། །དེ་རྣམས་ཨ་བྷྱཱ་ས་གུ་ཎར་འབྱུང་སྟེ། སཪྺ་དྷཱ་ཏུ་ཀེ་ཕ་རོལ་ན་ཡོད་ནའོ། །ནི་ཛིར་ལ་ཝརྟ་མཱ་ནའི་ཏི་སྦྱར། ཨན྄་སྦྱར་བས་ནི་གཉིས་པ་བྱས། ཛུ་ཧ་ཏྱ་དིའི་མདོས་ཨན་ཕྱི། ཛས་ཀ་ཐོབ། མདོ་འདིས་ གོང་མ་གུ་ཎ་ཞེས་པར་གྱུར། ན་མི་ནཤྩོ་པའི་མདོས་ནི་འོག་མ་ཡང་གུ་ཎའོ། །ནེ་ནེ་ཀྟིའོ། །ནི་ཛིར་ལ་སཔྟ་མཱི་ཡཏ་སྦྱར་བས་གོང་མ་བཞིན། ནི་ནི་ཛྱཏའོ། །ནི་ཛིར་ལ་པཉྩ་མཱ་ཏུ་སྦྱར། ནེ་ནེཀྟུའོ། །ནི་ཛིར་ལ་ཧྱསྟ་ནཱི་དི་སྦྱར་བས། གོང་དུ་ཨ་སྦྱར། དེ་ཕྱི་བ་ལ་སོགས་ 195-1-48a པ་གོང་མ་བཞིན། ཨ་ནེ་ནེ་ཀའོ། །དེ་བཞིན་དུ་བི་ཛིར་ལ་ཏི་དང་ཨན྄་སྦྱར་བས། ཨི་དང་ར་ཕྱི་བ་ལ་སོགས་པ་གོང་མ་བཞིན། བེ་བེ་ཀིཏའོ། །བིཥླྀ་ཏི་དང་། ཨན྄་སྦྱར་བས་གོང་བཞིན། བེ་བེཥྚའོ། །བྷྲྀ་ཉོ་ཧཱདྨ་དཱ་མི་ཏཿ། ཌུ་བྷྲྀ་ཉ་ནི་འཛིན་པ་དང་། གང་ བའམ། དྱས་པ་དག་གོ། །ཨོ་ཧངནི་འགྲོ་བའོ། །མཱང་ནི་གཞལ་བའོ། །དེ་རྣམས་ཨ་བྷྱཱ་ས་ཨི་ཉིད་འབྱུང་བ་སྟེ། སཪྺ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །བྷྲྀ་ལ་ཏི་དང་ཨན་སྦྱར་བས་ཛུ་ཧོ་ཏིའི་མདོས་བྷྲྀ་གཉིས་པ་བྱས། བྷྲྀས་བ་དང་བྷས་བ་ཐོབ། མདོ་འདིས་ཨི་ཐོབ་པའོ། །བི་ བྷ་རྟིའོ། །ཧེ་ལ་དེ་དང་ཨན་སྦྱར་ད་མ་ག་ཡ་ཏིའི་མདོས་ཧཱིས་ཨི་ཐོབ་པ་སོགས་གོང་བཞིན་ནོ། །ཛི་ཧཱི་ཏིའོ། །མཱ་ལ་ཏེ་དང་། ཨན་སྦྱར་བས་གོང་བཞིན། མི་མཱི་ཏེའོ། །ཨརྟི་པི་པརྟོ་ཤྩ། རྀ་དང་སྲི་ནི་འགྲོ་བའོ། །སྲྀ་ནི་སྐྱོང་བའོ། །དེ་རྣམས་ཨ་བྷྱཱ་སས་ཨི་ཐོབ་པར་འགྱུར་བ་སྟེ། སཱཪྺ་ དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །རྀ་ལ་ཏི་དང་ཨན་སྦྱར། དེ་ཕྱི། རྀ་ཨར་དུ་གྱུར། གོང་དུ་ཨར་གཉིས་པ་བྱས། མདོ་འདིས་ཨ་གོང་མས་ཨི་ཐོབ། བར་དུ་ཡ་འབྱུང་བ་ཨ་འོག་མ་དང་སྦྱར་རོ། །ཨི་ཡརྟིའོ། །པྲཱི་ལ་ཏི་དང་ཨན྄་སྦྱར་བས་པྲི་གཉིས་པ་བྱས་ཏེ། ཨན྄་ཕྱི་བ་ སོགས་གོང་བཞིན། པི་པརྟིའོ། །ས་ནྱ་ཝརྞ་སྱ། སན྄་རྒྱུ་མཚན་དུ་གྱུར་པའི་ཨ་བྷྱཱ་ས་དེའི་ཨས་ཨི་ཐོབ་པར་འགྱུར་བ་སྟེ། པ་ཙ་ལ་ཏི་དང་སན་སྦྱར་བས་གོང་དུ་པ་ཙ་གཉིས་པ་བྱས། ཙ་ཕྱི། སན྄་ནི་བརྞའི་མདོས་སས་ཨི་ཐོབ། ཙས་ཀ །སས་ཥ་ཐོབ་པའོ། །པི་པཀྵ་ ཏིའོ། །ཌུ་པ་ཙ་ཥ་ནི་འཚེད་པའོ། །ཝ་ཙ་ལ་ཏི་དང་། བར་དུ་སན྄་སྦྱར་བས་གོང་བཞིན། པི་པཀྵ་ཏིའོ། །བི་ཝཀྵ་ཏིའོ། །བ་ཙ་ནི་སྨྲ་བའོ། །ཨུ་ཝརྞ་སྱ་ཛཱནྟ་སྠཱ་པ་ཝརྒ་པ་ར་སྱཱ་ཝརྞེ། ཨུའི་ཕ་རོལ་ན་ཛ་ཡོད་པ་དང་ཨནྟ་སྠ་ཡོད་པ་དང་། པའི་སྡེ་ཚན་ཡོད་ཅིང་། སན་ཡོད་ན་ཨི་ཉིད་འབྱུང་བར་ འགྱུར་བ་སྟེ། དེ་ཡང་ཛ་དང་། ཨནྟ་སྠ་དང་། པའི་སྡེ་ཚན་ལ་གལ་ཏེ་ཨ་ཡོད་པར་གྱུར་ནའོ། །ཛུ་ལ་ཨིན་སྦྱར་བས་ཨུ་ཨོར་གྱུར། ཨུ་ཨ་ཝ། སན྄་སྦྱར་བས་ཛུ་གཉིས་པ་བྱས་ལ། དྷཱ་ཏུའི་ཛ། ཨ་མཐའ་ཅན་ཕ་རོལ་ན་ཡོད་པས་གོང་མའི་ཛུས་ཛི་ཐོབ་བོ། །སན྄་གྱི་ 195-1-48b གོང་དུ་ཨིཊྲ་སྦྱར་བས་ཨེ་ཨ་ཡའི་ཡ་དང་སྦྱར། ཛི་ཛཱ་བ་ཡི་ཥ་ཏིའོ། །ཛུ་ནི་དྷཱ་ཏུའི་མདོས་ན་སྨོས་པའོ། །ལཱུ་ལ་ཨན་དང་སན་སྦྱར་བ་སོགས་གོང་བཞིན། ལི་ལ་བ་ཡི་ཥ་ཏིའོ། །ལཱུ་ཉ་ནི་གཅོད་པའོ། །པཱུ་ལ་ཨིན་དང་སན་སྦྱར་བ་སོགས་གོང་བཞིན། པི་པཱ་བ་ཡི་ཥ་ཏིའོ། ། པཱུ་དྷཱ་ནི་འཕྱར་བའོ། །ཡི་གེ་ཨ་ཞེས། ཅིའི་ཕྱིར་སྨོས་ཤེ་ན། ལཱུ་ལ་སན་སྦྱར་བས་ལཱུ་གཉིས་པ་བྱས་ཏེ། ལཱུ་ཨ་དང་ལྡན་པ་མེད་པའི་ཕྱིར་རོ། །ལཱུ་ལཱུ་ཥ་ཏིའོ། །སྲུ་ལ་སོགས་པ་འདི་རྣམས་ནི་ཐམས་ཅད་ཀྱང་འགྲོ་བའི་དོན་ཏོ། །དེ་རྣམས་ཨ་བྷྱཱ་སའི་ཨུ་གང་ཡིན་པ་དེའི་ཕ་ རོལ་ན་ཨནྟྲསྠཱ་ཨ་དང་ལྡན་པ་དང་། སན྄་ཡོད་ན་ཨི་འབྱུང་བར་ཡང་གསུངས་ཏེ། སྲུ་ལ་ཨིན་སྦྱར་ནས། སན྄་སྦྱར་བས། སྲུ་གཉིས་པ་བྱས། སྲུ་གོང་མས་ཨི་ཐོབ། སྲུ་འོག་མས་ཨུ་ཨ་བཱ་དང་ཨི་སྦྱར་བས། གུ་ན་ཨེ་ཨ་ཡ། ཨ་དང་ཨི་སྦྱར་བས་ཥ་ཐོབ། སྲི་སྲ་ཝ་ཡི་ཥ་ ཏིའོ། །ཕྱོགས་གཅིག་ལ་ཨི་ཐོབ་པའོ། །སྲུ་ལ་ཨིན་དང་སན྄་སྦྱར་བ་སོགས་གོང་བཞིན། ཕྱོགས་གཅིག་ལ་ཨི་མ་ཐོབ་པའོ། །སུ་སྲ་ལ་ཝ་ཡི་ཥ་ཏའོ། །པཱུ་ལ་ཨིན྄་ལ་སོགས་པ་སྦྱར་བ་གོང་མ་བཞིན། ཕྱོགས་གཅིག་ལ་ཨི་མ་ཐོབ་པའོ། །གུ་ཎཤྩི་ཀྲཱི་ཡི་ཏེ། ཙེ་ཀྲི་ཡི་ཏ་ ཕ་རོལ་ན་ཡོད་ན་ཨ་བྷྱས་གུ་ཎར་འབྱུང་བ་སྟེ། ཙི་ལ་ཨི་སྦྱར་བས་ཙི་གཉིས་པ་བྱས་ན། མྱན་ཏྲ་ནམ་གྱི་མདོས་ཙི་འོག་མ་བསྲིང་། མདོ་འདིས་གོང་མའི་ཨི་ཨེར་འཕེལ། ཙེ་ཙཱི་ཡ་ཏེའོ། །ནཱི་ལ་ཡ་སྦྱར་བས་གོང་བཞིན། ནེ་ནཱི་ཡ་ཏེའོ། །དཱིརྒྷ་ནཱ་གཱ་མཱནྟ་སྱ། ཨ་བྷྱ་ས་གང་ལ་ ཐོབ་པའི་མཐའ་ཅན་མེད་པ་དེ་སྲིང་བ་སྟེ། བ་ཙ་ལ་ཡ་སྦྱར་བས་གོང་དུ་པ་གཉིས་པ་བྱས་ཏེ་བསྲིངས་པའོ། །པཱ་པ་ཙྱ་ཏེའོ། །ཝཉྩ་སྲཾ་སི་བྷཾ་ས་བྷཾ། སི་ཀ་སི་པ་ཏི་པ་དི་སྐནྡཱ་མནྡོ་ནི། བཉྩུ་ནི་འགྲོ་བའོ། །སྲནྶུ་དང་དྷ་ནྶུ་བྷྲནྶུ་ནི་ཞིག་པའོ། །ཀས་ནི་འགྲོ་བའོ། །པ་ཏླྀ་ཡང་འགྲོ་བའོ། ། པ་དཱ་ཡང་འགྲོ་བའོ། །སྐན་དེར་ནི་སྐམ་པའོ། །དེ་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ན་ཨ་བྷྱ་ས་ལ་ནི་ཐོབ་པ་འབྱུང་བ་སྟེ། བཉྩི་ལ་ཡ་སྦྱར་བས་ཝ་གཉིས་པ་བྱས་ནས་ཕྱི། ནི་ཐོབ་ཡ་དང་ཙ་སྦྱར་བའོ། །ཝ་ནཱི་ཝ་ཙྱ་ཀེའོ། །སྲན་སི་ལ་ཡ་སྦྱར་བ་གོང་བཞིན། ས་ནི་ 195-1-49a སྲ་སྱ་ཏེའོ། །དྷྭན་སི་ལ་ཡ་སྦྱར་བས་གོང་བཞིན། ད་ནཱི་དྷྭ་སྱ་ཏེའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །ཨ་ཏོནྟོ་ནུ་སྭཱ་རོ་ར་ནུ་ནཱ་སི་ཀཱནྟ་སྱ། གང་ཨ་ནུ་ན་སི་ཀའི་མཐའ་ཅན་གྱི་དྷཱ་ཏུའི་ཨ་བྷྱ་སའི་ཨའི་མཐའ་ཅན་ལ་རྗེས་སུ་འཇུག་པའི་དབྱངས་ ཐོབ་པར་འགྱུར་བ་སྟེ། ཙེ་ཀྲཱིའི་མཐའ་ཕ་རོལ་ན་ཡོད་པར་འགྱུར་ནའོ། །ཡ་མ་ལ་ཡ་སྦྱར་བས། གོང་དུ་ཡ་མ་གཉིས་པ་བྱས། མ་ཕྱི་མདོ་འདིས་གོང་མར་ཐིག་ལེ་ཐོབ། ཡཾ་ཡ་མྱ་ཏེའོ། །བྷ་ཎ་ལ་ཡ་སྦྱར་བས་གོང་མ་བཞིན། །བཾ་བྷ་ཎྱ་ཏེའོ། །ཡ་མ་ནི་ཉེ་བར་སྡོམ་པའོ། ། ཡ་མ་ཨུ་པ་ར་མེའོ། །བྷ་ཎ་ནི་སྒྲའོ། །ཨའི་མཐའ་ཅན་ཞེས་ཅིའི་ཕྱིར་སྨྲོས་ཤེ་ན། ཏི་མ་ལ་ཡ་སྦྱར་བས་གོང་དུ་ཏི་གཉིས་པ་བྱས་ཏེ། ཨིའི་མཐའ་ཅན་ཡིན་པས་ཐིག་ལེ་མ་ཐོབ་པའོ། །ཏེ་ཏི་མྱ་ཏེའོ། །ཛ་པཱ་དི་ནཱཾ་ཙ། ཛ་པ་ནི་ཡིད་ལ་བཟླས་པའོ། །ཛ་བྷ་དང་ཛྼྀ་བྷི་དང་། ཛི་བྷི་ནི་ ལུས་ཀྱིས་གཡོ་བའོ། །དན་ཤ་ནི་མཐུས་འཚེ་བའོ། །བྷཉ་ཛོ་ནི་ཀུན་དུ་འཇོམས་པའོ། །པ་ས་ནི་ཀུན་དུ་འགྲོ་བའོ། །ཛ་ཡཱ་དཱི་ནཱཉྩ། ཛ་བ་ལ་སོགས་པ་དེ་རྣམས་ཀྱི་བྷྱ་སའི་ཕ་རོལ་ན། ཙེ་ཀྲཱི་ཏ་ཡོད་ན་རྗེས་སུ་འཇུག་པའི་དབྱངས་ཐོབ་པོ། །ཛ་པ་ལ་ཡ་སྦྱར་བས་ཛ་པ་གཉིས་པ་བྱས་ ཏེ། པ་ཕྱི། ཛ་ལ་ཐིག་ལེའོ། །ཛཾ་ཛ་བྱ་ཏེའོ། །ཛ་བྷ་ལ་ཡ་སྦྱར་བས་གོང་བཞིན། ཛཾ་ཛ་བྷྱ་ཏེའོ། །དན་ཤ་ལ་སྦྱར་བས་ན་ཕྱི། གོང་དུ་ད་གཉིས་པ་བྱས། གོང་བཞིན། དཾ་ད་ཤྱ་ཏེའོ། །བྷཉྫ་ལ་ཡ་སྦྱར་བས་གོང་བཞིན། བཾ་བྷ་ཛྱ་ཏེའོ། །པ་ས་པ་ལ་ཡ་སྦྱར་བས་གོང་བཞིན། པཾ་པ་སྱ་ཏེའོ། ། ཙ་ར་ཕ་ལོ་དུ་ཙྩ་པ་ར་སྱཱ་སྱ། ཙ་ར་ནི་འགྲོ་བའི་དོན་ཏོ། །ཕ་ལ་ནི་ངེས་པར་རྫོགས་པའོ། །དེ་རྣམས་ཀྱི་ཨ་བྷྱ་ས་ལ་རྗེས་སུ་འཇུག་པའི་དབྱངས་ཐོབ་པར་གྱུར་པ་སྟེ་ཕ་རོལ་གྱི་ཨ་ལ་ཨུ་ཡང་གཞག་པ་སྟེ། ཙེ་ཀྲཱི་ཡི་ཏ་ཕ་རོལ་ན་ཡོད་ནའོ། །ཙ་ར་ལ་ཡ་སྦྱར་བས་གོང་དུ་ཙ་གཉིས་པ་བྱས། མདོ་འདིས་ཐིག་ལེ་ཐོབ་པ་དང་། ཙ་འོག་མས་ཨུ་ཐོབ། མདོས་བསྲིངས་པའོ། །ཙཾ་ཙུརྱ་ཏེའོ། །ཕ་ལ་ལ་ཡ་སྦྱར་བས་གོང་མ་བཞིན། ཕཾ་ཕུ་ལྱ་ཏེའོ། །རྀ་མད་ཏོ་རཱི། གང་ལ་རྀ་ཡོད་པའི་དྷཱ་ཏུ་དེའི་ཕ་རོལ་ན་ཙེ་ཀྲཱི་ཏ་ཡོད་ན་ཨ་བྷྱཱ་ས་ལ་རྀ་འབྱུང་སྟེ། ནྲྀ་ཏ་ལ་ཡ་སྦྱར་བས་གོང་དུ་ནི་ 195-1-49b གཉིས་པ་བྱས་རྀ་ཕྱི། མདོ་འདིས་རཱྀ་ཐོབ། ན་རཱྀ་ནྲྀ་ཏྱ་ཏེའོ། །གྲ་ཧ་ལ་ཡ་སྦྱར་བས། གོང་དུ་གྲ་གཉིས་པ་བྱས། རྀ་ཕྱི་གས་ཛ་ཐོབ། བར་དུ་རྀ་འབྱུང་བའོ། །ཛ་རཱྀ་གྲྀ་ཧྱ་ཏེའོ། །ནྲྀ་ཏི་ལུས་བསྐྱོད་པའོ། །གྲ་ཧ་ནི་ཉེ་བར་ལེན་པའོ། །རྀ་རེ་ཕཾ་ཙ་ལུ་ཀི་རྀ་མ་ཏོའི་དྷཱ་ཏུ་ལ་ཙེ་ཀྲཱི་ཡི་ཏ་ཕྱི་བ་ ཡོད་ན། ཨ་བྷྱ་སའི་མདུན་དུ་རཱི་དང་རྀ་དང་། ར་འདི་དག་ཐོབ་པ་འབྱུང་བ་སྟེ། ནྲྀ་ལ་ཙེ་ཀྲཱི་ཡི་ཏའི་ཡ་སྦྱར་ཏེ་ཕྱི་བས། གོང་དུ་ནྲྀ་གཉིས་པ་བྱས། ར་ཕྱི་བར་དུ་རྀ་ཐོབ་པ་ཨར་དུ་གྱུར་ཏེ་སྦྱར་ན་རཱི་ན་རྟིའོ། །ནྲྀ་ལ་ཡ་སྦྱར་བས་རྀ་ཐོབ་པ་གོང་བཞིན། ན་རྀ་ནརྟིའོ། །ནྲྀ་ལ་ཡ་སྦྱར་ཏེ་ ཕྱི་བས་ར་ཐོབ་པ་གོང་བཞིན། ན་ར་ནརྟིའོ། །ཨ་ལོ་པེ་ས་མཱ་ན་སྱ་སཾ། དྷལླ་གུ་ནཱི་ཙ་ཎྱ་པ་རེ། མཉམ་པའི་ཡི་གེའི་མིང་ཅན་ཕྱི་བར་མ་གྱུར་པ་ཡོད་ལ་ཕ་རོལ་ན་ཡང་པ་ར་ཡི་གེ་ཡོད་ན་ཨ་བྷྱ་ས་ལ་སན་ལྟ་བའི་བྱ་བ་ནི་གང་སན་གྱི་བྱ་བར་བརྗོད་པ་དེ་འབྱུང་བར་འགྱུར་བ་སྟེ། ཨིན་དང་ ཙཎ་དག་ཕ་རོལ་ན་ཡོད་པར་གྱུར་ན་འོ། །ཀྲི་ལ་དི་སྦྱར། བར་དུ་ཙཎ་སྦྱར་བས་གོང་དུ་ཀྲི་གཉིས་པ་བྱས། ཀས་ཙ་ཐོབ། མདོ་འདིས་ཙས་ཨི་ཐོབ། དཱིརྒྷ་ལ་སོགས་པས་ཨི་བསྲིངས་པའོ། །གོང་དུ་ཨ་ཡར་སྦྱར། ཨ་ཙཱི་ཀ་ར་ཏའོ། །པ་ཋ་ལ་དི་དང་ཙན་སྦྱར་བ་སོགས་གོང་བཞིན། ཨ་ པཱི་པ་ཋ་ཊའོ། །ཌུ་ཀྲཱི་ཉ་ནི་བྱེད་པའོ། །པ་ཋ་ནི་གསལ་བར་སྨྲ་བའོ། །སན་གྱི་བྱ་བ་ལྟ་བུ་ནི་སན་ནྱ་བརྞ་སྱ་ཡ་ཞེས་པའི་མདོས། ཨི་ཉིད་དོ། །དཱིརྒྷ་ལ་གྷོཿ། མདོ་སྔ་མ་རྗེས་སུ་འཇུག་སྟེ། མཉམ་པའི་ཡི་གེ་ཕྱི་བར་མ་གྱུར་ཅིང་། ཕ་རོལ་ན་ཙ་ཎ་དང་ཨིན་ཡོད་པ་དང་། གང་ཡང་དེ་ན་ ཡོད་ན། ཨ་བྷྱ་ས་ཐུང་བ་རིང་བར་འགྱུར་བ་སྟེ། པ་ཙ་ལ་དི་སྦྱར། ཨིན་དང་ཙ་ཎ་སྦྱར་བས། ཨི་ཐོབ་པ་མདོ་འདིས་བསྲིངས་པའོ། །ཨ་པཱི་པ་ཙ་ཏའོ། །ཌུ་པ་ཙ་ཥ་འཚེད་པའོ། །ཨ་ཏྭ་རཱ་དཱི་ནཱཾ་ཙ། ཏྭ་ར་སོགས་པའི་དྷཱ་ཏུ་རྣམས་ཀྱིས་ཨ་བྷྱ་སའི་མཐས་གང་ཡིན་པ་དེའི་ཕ་རོལ་ན་ ཨིན་དང་ཙན་ཡོད་ན། ཨ་ཐོབ་པར་འགྱུར་བ་སྟེ། ཏྭ་ར་ལ་ཨིན་དང་ཙན་སྦྱར་བས་རའི་ཨི་ཕྱི། ཙའི་ཨ་དང་སྦྱར། གོང་དུ་ཏྭ་གཉིས་པ་བྱ་སྟེ། མདོ་འདིས་ཏྭས་ཏའོ། །གོང་དུ་ཨ་ཡང་སྦྱར། ཨ་ཏ་ཏྭ་ར་ཏའོ། །ཉི་ཏྭ་ར་ནི་མྱུར་བའོ། །ག་ཎེ་རཱི་ཙ་ག་ཎ་ནི་གྲངས་ཏེ། འདིའི་དྷཱ་ཏུའི་ 195-1-50a ཕ་རོལ་ན་ཙཎ་དང་ཨིན་ཡོད་ན་ཨ་བྷྱ་ས་ལ་ཨ་ཐོབ་པར་འགྱུར་བ་སྟེ། ཨཱི་ཡང་ཐོབ་པོ། །ག་ཎ་དི་དང་ཙཎ་སྦྱར་བས། ཎའི་ཨི་ཕྱི། གོང་དུ་ག་སྦྱར། ག་ས་ཛ་ཐོབ། ཛས་མདོ་གོང་མ་ལྟར་ཨི་མ་ཐོབ་སྟེ། ཨ་ཐོབ་པའོ། །ཨ་ཛ་ག་ཎ་ཏའོ། །ག་ན་ ལ་དི་ལ་ཙན་སྦྱར་བས་གོང་མ་བཞིན་དང་། ཛས་ཨཱི་ཐོབ་བོ། །ཨ་ཛཱི་ག་ཎ་ཏའོ། །ཨི་ཏི་ལོ་པོག་བྷྱཱ་ས་སྱ། དབང་དུ་བྱས་པའི་ཚིག་གོ། །མདོ་འདི་ནས་བརྩམས་ཏེ་ལེའུ་ཡོངས་སུ་རྫོགས་ཀྱི་བར་དུ་ཨ་བྷྱཱ་ས་དབྱི་བའི་དབང་དུ་བྱས་ཏེ། ས་ནི་མཱི་མཱ་དཱ་ར་བྷ་ལ་བྷ་ཤ་ཀ་པ་ཏ་པ་དཱ་མི་ མཱིསྶྭིར་སྱ། མིཉ་ནི་འཚེད་པའོ། །མཱ་ནི་འཇལ་བའོ། །ཌུ་དཱཉ་ནི་སྦྱིན་པའོ། །ར་བྷ་ནི་ཤིན་ཏུ་གསང་བའོ། །ཌུ་ལ་བྷཥ་ནི་ཐོབ་པའམ་རྙེད་པའོ། །ཤཀླྀ་ནི་ནུས་པའོ། །པཏླྀ་ནི་འགྲོ་བའོ། །པ་ད་ཡང་འགྲོ་བ་སྟེ། དེ་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་ཨ་བྷྱཱ་ས་དབྱི་བར་འགྱུར་བ་སྟེ། དབྱངས་ཀྱི་ཨིས་ཐོབ་པའོ། །མཱ་ལ་སན་སྦྱར་བས་གོང་དུ་མཱ་གཉིས་པ་བྱས་ཏེ་ཕྱི། དྷཱ་ཏུའི་མཱས་ཨི་ཐོབ། ཏ་དང་སན་གྱི་ས་སྦྱར་རོ། །ཨིཏྶ་ཏིའོ། །མཱ་ལ་པྲ་དང་སན་སྦྱར་གོང་བཞིན། པྲ་མིཏྶ་ཏིའོ། །དཱ་ལ་སན་སྦྱར་གོང་བཞིན། དིཏྶ་ཏིའོ། །དྷཱ་ལ་སན་སྦྱར་བ་སོགས་པའོ། ། དྷིཏྶ་ཏིའོ། །ར་བྷ་ལ་སན་སྦྱར་བས་ར་བྷ་གཉིས་པ་བྱ་སྟེ་ཕྱི། གོང་དུ་ཨཱང་བྱས་ང་ཕྱི་བྷས་པ་ཐོབ་སྟེ་ར་ཨིའོ། །ཨ་རིཔྶ་ཏིའོ། །ལ་བྷ་ལ་སན་སྦྱར་བས་གོང་བཞིན་ལི་པས་ཏིའོ། །ཤཀླི་ལ་སན་སྦྱར་བས་ཤཀ་གཉིས་པ་བྱ་སྟེ་ཕྱི། ཨི་ཐོབ་ནས་ས་ཥའོ། །ཤིཀྵ་ཏིའོ། །པ་ཏ་ལ་ སན་སྦྱར་བ་སོགས་གོང་བཞིན། པིཏྶ་ཏེའོ། །ཨིན་དང་བཅས་པའི་སན་ལ་ནི་མི་འཐད་དེ། བཏ་ལ་སན་དང་ཨིན་སྦྱར་བས་ཨ་བྷྱ་ས་དབྱི་བ་དང་། ཨིས་ཐོབ་པ་མ་བྱུང་བས་སོ། །པི་པ་ཏི་ཥ་ཏིའོ། །ར་དྷ་ནི་འཚེད་པའི་ཞེས་བྱ་བ་འདིའི་དབྱངས་ལ་སན་ཡོད་ན་ཨི་ཉིད་ཐོབ་པར་ གསུངས་ཏེ་ར་དྷ་ལ་སན་སྦྱར་བས། གོང་དུ་པྲ་ཏི་བྱས་ཨ་བྷྱ་ས་དབྱི་བ་དང་ཨིས་ཐོབ། པྲ་ཏི་རི་ཏ་ས་ཏིའོ། །ཨཱསྣོ་ཏེ་རཱིཿ། ཨ་པ་ལྀ་ཁྱབ་ཅེས་པའི་དྷཱ་ཏུ་གང་ཡིན་པའི་དབྱངས་དེའི་ཕ་རོལ་ན་སན་ཡོད་ན་ཨི་ཉིད་ཐོབ་པ་དང་། ཨ་བྷྱ་ས་ཡང་དབྱི་བའོ། །ཨཔ་སན་སྦྱར་ན་ཕྱི། གོང་དུ་ 195-1-50b ཨ་གཉིས་པ་བྱས་ཏེ་ཕྱི། ཨས་ཨི་ཐོབ་པའོ། །ཨིཔ་ས་ཏིའོ། །ཛྙ་པི་དང་རི་དྷའི་དབྱངས་ཀྱི་ཡང་ཕ་རོལ་ན་སན་ཡོད་ན་གོ་རིམས་ཇི་ལྟ་བ་བཞིན། ཨཱི་ཐོབ་པ་འམ། ཨཱི་ར་ཐོབ་པར་ཡང་གསུངས་ཏེ། ཛྙ་ལ་སན་སྦྱར་བས་གོང་དུ་ཛྙ་གཉིས་པ་བྱས་ཏེ་ཕྱི། ཛྙས་ཨི་ཐོབ་ཛྙཱི་པ་ས་ཏིའོ། ། ཛྙཱ་ནི་ཁོང་དུ་ཆུད་པའོ། །རྀ་དྷཱ་ལ་སན་སྦྱར་བ་གོང་དུ་རི་བྱས་ཏེ་ཕྱི། རྀས་ཨཱིར་ཐོབ། དྷས་ཏ་ཐོབ་ཏེ་སྦྱར། ཨཱིརྟྶཏིའོ། །རྀ་དྷུ་ནི་འཕེལ་བའོ། །དཾ་བྷི་རི་རི་ཙྩཱ། གང་དག་དན་བྷིའི་དྷཱ་ཏུའི་དབྱངས་འདིའི་ཕ་རོལ་ན་སན་ཡོད་ན་ཨི་ཉིད་དང་། ཨཱ་ཉིད་ཐོབ་པ་དང་། ཨ་བྷྱ་ས་ཡང་དབྱིའོ། །དན་བྷི་ལ་ སན་སྦྱར་བས་ད་གཉིས་པ་བྱ་སྟེ་ཕྱི། དས་དྷ་ཐོབ། བྷས་པ་ཐོབ། མདོ་འདིས་རིམ་པ་བཞིན། དྷས་ཨི་དང་། ཨཱ་ཐོབ་པོ། །དྷིཔྶས་ཏི། དྷཱིསྶ་ཏིའོ། །དི་གི་ད་ཡ་ཏེཿ པ་རོ་ཀྵཱ་ཡ་མ། དེང་རཀྵ་ཎེ་ཞེས་པའི་དྷཱ་ཏུ་འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་དི་གི་ཐོབ་པ་དང་། ཨ་བྷྱཱ་ས་ཡང་ ཕྱིའོ། །ཨ་དེ་ལ་པ་རོ་ཀྵཱ་ཨེ་སྦྱར་བས་ཨིས་ཡ་ཐོབ། ཨེ་དང་སྦྱར། དེ་གྱེའོ། །དེ་ལ་ཨཱ་ཏེ་སྦྱར་བས་གོང་བཞིན། དི་གྱཱ་ཏེའོ། །ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་ཀུན་བཤད་པའི་རབ་ཏུ་བྱེད་པའི་རྐང་པ་གསུམ་པའོ།། །།ས་པ་ར་སྭ་རཱ་ཡཱ་སྶྭ་མ་པྲ་སཱ་ར་ཎ་མནྟ་སྠ་ཡཱཿ། ཕ་རོལ་ གྱིས་དབྱངས་དང་ལྷན་ཅིག་ཏུ་གནས་པའི་མཐར་གནས་པ་ལ། སཾ་པྲ་སཱ་ར་ཎ་འབྱུང་བར་འགྱུར་ཏེ་ཞེས་ཡོངས་སུ་བཤད་དོ། །གྲ་ཧི་ཛྱཱ་ཝ་ཡི་བྱ་དྷི་བཥྚི་བྱ་ཙི་པྲ་ཙྪི་བྲ་ཤྩི་བྷྲ་ཤྫི་ནཱ་མ་གུ་ཎེ། གྲ་ཧ་ནི་ཉེ་བར་ལེན་པའོ། །ཛྱཱ་ནི་ན་ཚོད་ཡལ་བྱོད་དེ། ཝ་ཉེ་སྣལ་མ་བཞག་པའོ། །བྱ་དྷ་ནི་གཟུགས་ པའོ། །བ་ཤ་ནི་མཛེས་པའོ། །བྱ་ཙ་ནི་སྲིད་པའོ། །པྲ་ཚ་ནི་འདྲི་བའོ། །ཨོ་བྲཤྩུ་ནི་གཅོད་པའོ། །བྷྲསྫ་ནི་འཚེད་པའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཨནྟ་སྠཱ་སཾ་པྲ་སཱ་ར་ཎར་འགྱུར་ཏེ། ཨ་གུ་ནའི་རྐྱེན་ཕ་རོལ་ན་ཡོད་ནའོ། །གྲ་ཧ་ལ་ཡན་སྦྱར་ན་ཕྱི། མདོ་འདིས་རས་རི་ཐོབ། ཧ་དང་ཡ་ སྦྱར། གྲི་ཧྱ་ཏེའོ། །ཛྱཱ་ལ་ཨན་སྦྱར་བས་གོང་བཞིན། ཛི་ཡ་ཏེའོ། །ཝ་ལ་ཡན་སྦྱར་བས། ཝས་ཨུ་ཐོབ། ཨུ་ཡ་ཏུའོ། །བྷ་དྷ་ལ་ཡཱན་སྦྱར་བས་གོང་བཞིན། བི་དྷྱ་ཏེའོ། །ཝ་ཤ་ལ་ཡན་སྦྱར་བས་ཝས་ཨུ་ཐོབ། ཤ་དང་ཡ་སྦྱར། ཨུ་ཤྱ་ཏེའོ། །བྱ་ཙ་ལ་ཡན་སྦྱར། ཡས་ཨི་ཐོབ་ 195-1-51a པའོ། །བི་ཙྱ་ཏེའོ། །པྲཙྪ་ལ་ཡན་སྦྱར་བས་གོང་བཞིན། པྲཙྪྱ་ཏེའོ། །བྲཤྩ་ལ་ཡན་སྦྱར་བས་གོང་བཞིན། བིཤྪྱཏེའོ། །བྲཤྫས་ལ་ཡན་སྦྱར་བས་གོང་བཞིན། བྷྲི་ཛྫྱཏེའོ། །གུ་ན་མ་ཡིན་ཞེས་ཅིའི་ཕྱིར་སྨོས་ཤེ་ན། གྲ་ཧ་ལ་ཏི་སྦྱར་བས། ཧ་ཨིར་དང་སྦྱར་ ཏེ་བསྲིངས། གྲ་ཧཱི་ཏིའོ། །སྭ་པི་ཝ་ཙི་ཡ་ཛ་སོགས་ཀྱི་ཡན་པ་རོ྅ཀྵ་ཨཱ་ཤཱིཥ་རྣམས་ལས་སོ། །ཉི་ཥྭ་པ་ནི་ཉལ་བའོ། །ཝ་ཙ་ནི་སྨྲ་བ་ལའོ། །འདི་དག་དང་དེ་བཞིན་དུ་ཡ་ཛ། དེ་ཝ། པཱུ་ཛ་ད་པ་ཌུ་ཝ་པ་ནི་ས་བོན་འདེབས་པ་དང་། བ་ཧཱ་ནི་རྙེད་པ་དང་། བྱེཉ་ནི་རྩོད་པ་དང་། ཧྭེཉ་ནི་ འགྲན་པ་དང་། པེཉ་ནི་ཐགས་འཐག་པ་དང་། ཝ་ད་ནི་གསལ་བར་སྨྲ་བ་དང་། ཝ་ས་ནི་གནས་དང་། ཌུ་ཨོ་ཤྲཱི་ནི་འགྲོ་བ་དང་། འཕེལ་བ་སྟེ། དེ་རྣམས་ཀྱི་ཨནྟ་སྠ་འཕེལ་བར་འགྱུར་བས་སོ། །ཕ་རོལ་ན་ཡན་དང་པ་རོ་ཀྵཱ་གུ་ཎ་མ་ཡིན་པ་དང་། ཨ་ཤྲི་གུ་ན་མ་ཡིན་པ་འདི་རྣམས། ཡོད་ནའོ། །ཡན་གྱི་དཔེ་ནི། ཥྭ་པ་ལ་ཡན་སྦྱར་བས། ཝས་ཨུ་ཐོབ་པ་དང་། ཡ་དང་སྦྱར་རོ། །ཥུ་སྱ་ཏེའོ། །ཡ་ཛ་ལ་ཡན་སྦྱར་བས་ཡས་ཨི་ཐོབ་པའོ། །ཨི་ཛྱ་ཏིའོ། །ཝ་པ་ལ་ཡན་སྦྱར་བས་ཨུ་བྱ་ཏེ། ཝ་ཧ་ལ་གོང་མ་བཞིན། ཨུ་ཧྱ་ཏེ་ཞེས་བྱ་བ་ལ་སོགས་པའོ། །པ་རོ་ཀྵཱའི་དཔེ་ན། སྠ་པ་ལ་རོ་ཀྵཱ་ཨ་ཏུས་སྦྱར་བས་གོང་དུ་སུ་གཉིས་པ་བྱས། ཝས་ཨུ་ཐོབ་པ་དང་། ཨ་སྦྱར་རོ། །སུ་ཥུ་པ་ཏུཿའོ། །ཝ་ཙ་ལ་ཨ་ཏུས་སྦྱར་བས་ཝ་གཉིས་པ་བྱ། ཝས་ཨུ་ཐོབ། ཨུ་གཉིས་པ་ས་མན་དཱིརྒྷའོ། །ཨུ་ཙ་ཏུཿའོ། །ཡ་ཛ་ལ་ཨ་ཏུས་སྦྱར་བ་ཡས་ཨི་ཐོབ་པའོ། །ཨི་ཛ་ཏུཿའོ། ། ཝ་པ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཨུ་ཥ་ཏུའོ། །ཝ་ཧ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཨུ་ཧ་ཏུཿའོ་ཞེས་བྱ་བ་ལ་སོགས་པའོ། །ཨཱ་ཤི་ཥའི་དཔེ་ནི། སྭ་པ་ལ་ཡཱཏ་སྦྱར་བས་ཝས་ཨུ་ཐོབ། སུ་སྱཱ་ཏའོ། །ཝ་ཙ་ལ་ཡཱཏ། སྦྱར་བས་གོང་བཞིན། ཨུ་ཙྱཱ་ཏའོ། །ཡ་ཛ་ལ་ཡཱཏ་ སྦྱར་བས་གོང་བཞིན། ཨི་ཛྱཱ་ཏའོ། །ཝ་ས་ལ་ཡཱཏ་སྦྱར་བས་གོང་བཞིན། ཨུ་སྱཱ་ཏའོ། །པ་རོ་ཀྵཱ་ཡཱ་མ་བྷྱ་ས་སྱོ་བྷཱ་ཡེ་ཥཱཾ། གཉི་ག་རྣམས་གང་ཡིན་པ་ནི་གྲ་ཧ་ལ་སོགས་པའི་ཕ་རོལ་ན་པ་རོ་ཀྵ་ཡོད་ན་ཨ་བྷྱ་ས་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། དེ་ཡང་གུ་ཎའི་དོན་ནོ། །ཛྱ་ལ་པ་རོ་ཀྵཱ་ཨཊ་ 195-1-51b སྦྱར་བས་ཛྱ་གཉིས་པ་བྱས་ཏེ། ཡས་ཨི་ཐོབ། ཨཊ་ཡིས་ཨཽ་ཐོབ། ཛི་ཛྱཽའོ། །སྭ་པ་ལ་ཨཊ་སྦྱར་བས་སྭ་གཉིས་པ་བྱས་ཏེ། ཨུ་ཐོབ་པའོ། །སུ་ཥྭཱ་པའོ། །ཝ་ཙ་ལ་ཨཊ་སྦྱར་བས། ཝ་གཉིས་པ་བྱས། ཨུ་ཐོབ། ཨུ་ཝཱ་ཙའོ། །ཡ་ཛ་ལ་ཨཊ་སྦྱར་བས་གོང་དུ་ཡ་གཉིས་ པ་བྱས་ཏེ་ཨི་ཐོབ་བོ། །ཨི་ཡཱ་ཛའོ། །བྱ་ཐེཤྩ། བྱ་ཐ་ནི་འཇིགས་པའོ། །འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་འགྱུར་བའོ། །བྱ་ཐ་ལ་པ་རོ་ཀྵ་ཨེ་སྦྱར། བྱ་གཉིས་པ་བྱས་ཏེ། ཡས་ཨི་ཐོབ་བོ། །བི་བྱ་ཐེའོ། །ན་བཱཤྩྱར་གུ་ཎེ་ཙ། བྱཉ་ནི་ཐགས་འཐག་པའོ། །ཌུ་ཨོ་ ཤྭི་འགྲོ་བ་དང་འཕེལ་བའོ། །འདི་དག་གི་ཨནྟ་སྠའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། བེཉ་ལ་ཨ་ཏུས་སྦྱར་བས་བ་གཉིས་པ་བྱས། བ་བ་ཏུཿའོ། །བེ་ཉ་ལ་ཨུས་སྦྱར་ཉ་ཕྱི། ཨིས་ཨ་ཐོབ། བ་གཉིས་པ་བྱས། བ་བུའོ། །ཤྭི་ལ་ཨ་ཏུས་སྦྱར་བས་ཤྭི་གཉིས་པ་བྱས། ཝ་ཕྱི་ཨིས་ཨེ་ཐོབ། ཨེ་ཨ་ཡ། ཡ་དང་ཨ་སྦྱར་རོ། །ཤི་ཤྭ་ཡ་ཏུའོ། །ཤྭི་ཨུས་སྦྱར་བས་གོང་བཞིན། ཤི་ཤྭ་ཡུཿའོ། །ཕ་རོལ་ན། གུ་ཎ་ཡོད་ཀྱང་བྷྱཱ་ས་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ། བེ་ཉ་ལ་ཨཊ་སྦྱར་བས་གོང་དུ་བ་གཉིས་པ་བྱས། ཨཊ་ས་ཨཽ་ཐོབ། བ་བཽའོ། །ཤྭི་ ཨར་སྦྱར་བས་གོང་དུ་ཤྭི་གཉིས་པ་བྱས། གུ་ཎ་ཨེ་ཨཡ་དང་སྦྱར། ཤི་ཤྭ་ཡའོ། །སྭ་པི་སྱ་མི་བྱེ་ཉཱ་ཙེ་ཀྲི་ཡི་ཏེའོ། །ཉིཥྭ་པ་ནི་ཉལ་བའོ། །སྱ་མུ་ནི་སྒྲའོ། །བྱེཉ་ནི་སྦེད་པའོ། །འདི་རྣམས་ཀྱི་ཨན་ཏསྠཱ་སཾ་པྲ་ར་སཱ་ར་ཎར་འགྱུར་བ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ནའོ། །ཥྭ་ པ་ལ་ཡ་སྦྱར་བས་གོང་དུ་ཥྭ་གཉིས་པ་བྱ་སྟེ། དྷཱ་ཏུས་ཨུ་ཐོབ། ཨ་བྷྱཱ་སའི་མདོས་གོང་མས་ཨུ་ཐོབ་སྟེ་ཨོའོ། །ཥོ་ཥ་བྱ་ཏེའོ། །སྱ་མ་ལ་ཡ་སྦྱར་བས་སྱའི་ཡས་ཨི་ཐོབ་པ་དང་། ཨ་བྷྱཱ་ས་བྱས་པའོ། །སེ་སི་མྱ་ཏེའོ། །བྱ་ལ་ཡ་སྦྱར་བས་གོང་བཞིན། བི་བི་ཡ་ཏེའོ། །སྭཱ་ པེཤྩ་ཎི། སྭ་པི་ཨིའི་མཐའ་ཅན་གྱི་ཕ་རོལ་ན་ཙཎ་ཡོད་ན་ཨནྟ་སྠཱ་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། སྭ་པ་ལ་ཙཎ་དང་དི་སྦྱར་བས་ཨུ་ཐོབ་པ་དང་། གོང་དུ་སུ་གཉིས་པ་བྱས་ཏེ། པ་དང་དའི་ཨི་ཕལ་བས་ཏ་ཐོབ་པ་སྦྱར་རོ། །ཨ་སུ་ཥུ་པ་ཏའོ། །གྲ་ཧི་སྭ་པིཙྪ་ས་ནི། གྲ་ཧ་ནི་ཉེ་བར་ 195-1-52a ལེན་པའོ། །ཉི་ཥྭ་པ་ནི་ཉལ་བའོ། །པྲཙྪ་ནི་འདྲི་བའོ། །འདི་རྣམས་ཀྱི་ཕ་རོལ་ན་སན་ཡོད་ན། སཾ་པྲ་སཱ་ར་ཎར་འགྱུར་བའོ། །གྲ་ཧ་ལ་སན་སྦྱར་བས། གྲ་གཉིས་པ་བྱ་སྟེ་ཛ་ཐོབ། སན་ནི་བརྞ་སྱས་ཨི་ཐོབ། མདོ་འདིས་རི་ཐོབ། གས་གྷ། ཧས་ཀ་ ཐོབ་པའོ། །ཛི་གྷྲི་ཀྵཱ་ཏིའོ། །ཥྭ་པ་ལ་སན་སྦྱར་བས། བས་ཨུ་ཐོབ། གོང་དུ་ཥུ་གཉིས་པའོ། །ཥུ་ཥུ་པྶ་ཏིའོ། །པྲཙྪ་ལ་སན་སྦྱར་བ་གོང་མ་བཞིན། པི་པྲྀ་ཙ་ཥ་ཏིའོ། །ཙ་ཡ་ྈྐི་ཤྩེ་ཀྲཱི་ཡི་ཏེ། ཙ་ཡྼྀ་ནི་མཆོད་པ་ཞེས་བྱ་བ་འདིའི་ཕ་རོལ་ལ་ཙེ་ཀྲཱི་ཡི་ཏ་ཡོད་ན་ཀཱི་རུ་གཞག་པ་སྟེ། ཙ་ཡྼྀའི་ ཕ་རོལ་ན་ཡ་ཡོ་པས་ཀཱི་ཐོབ་སྟེ། ཀཱི་གཉིས་པ་བྱས། ཀས་ཙ་ཐོབ། ཙེ་ཀཱི་ཡ་ཏེའོ། །པྱ་ཡ། རི་པ་རོ་ཀྵཱ་ཡཾ། ཨོཾ་བྱཱ་ཡི་དང་། སྥའི་ནི་འཕེལ་བ་སྟེ། འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་པི་གཞག་པ་སྟེ། ཙེ་ཀྲཱི་ཡི་ཏ་ཡོད་ན་ཡང་ངོ་། །པྱ་ལ་ཡ་སྦྱར་བས་པཱི་ཐོབ། གོང་དུ་པཱི་གཉིས་པ་བྱས། གུ་ཎའོ། །པེ་པཱི་ཡ་ཏེའོ། །པྱ་ལ་པ་རོ་ཀྵཱ་ཨེ་སྦྱར་བས་སྱས་པའི་ཐོབ། གོང་དུ་ཨ་དང་པཱི་གཉིས་པ་ལ། ཨིས་ཡ་ཐོབ་སྟེ། ཨེ་དང་སྦྱར། ཨཱ་པཱི་ཕྱེའོ། །ཤྭ་ཡ་ཏེརྦཱ། ཌུ་ཨོ་ཤྭི་ནི་འགྲོ་བ་དང་འཕེལ་བ་སྟེ་འདིའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་དང་། པ་རོ་ཀྵཱ་དག་ཡོད་ན་སཾ་པྲ་སཱ་ར་ཎར་འགྱུར་ བར་རུང་སྟེ། ཤྭ་ལ་སྦྱར་བས། ཝས་ཨུ་ཐོབ། གོང་དུ་ཤུ་གཉིས་པ་བྱས། ཏེ་གུ་ཎའོ། །ཤོ་ཤུ་ཡ་ཏེའོ། །ཡང་ན་རྣལ་མའོ། །ཤྭ་ལ་པ་རོ་ཀྵཱ་ཨཊ་སྦྱར་བས། ཝས་ཨུ་ཐོབ། གོང་དུ་ཤུ་གཉིས་པ་བྱས། ཨུས་ཨུ་ཐོབ། ཨོ་ཨ་ཝ། ཝ་དང་ཨ་སྦྱར། ཤུ་ཤྭ་ཝའོ། །ཡང་ ན་རྣལ་མའོ། །ཀཱ་རི་ཏེ་ཙ་སཤྩ་ཎཿའོ། །ཤྭི་ཡ་ཏེ་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། སན་ཕ་རོལ་ན་ཡོད་པ་དང་། ཙཎ་ཕ་རོལ་ན་ཡོད་པ་དང་། ཀཱ་རི་ཏ་ཕ་རོལ་ན་ཡོད་ན་ཡང་ངོ་། །ཤྭིའི་མཐར་སན་སྦྱར་བས་བར་དུ་ཨིན། ཝ་ཨུ། ཤུ་གཉིས་པ་བྱ་སྟེ། ཨུས་ཨོ། །ཨོ་ཨཝ། ཝ་དང་ ཨི་སྦྱར། གུཎ་ཨེ་ཨ་ཡ། ཡ་དང་ཨི་སྦྱར། སན་གྱི་སས་ཥ་ཐོབ། ཤུ་ཤ་ཝ་ཡི་ཥ་ཏིའོ། །ཡང་ན་ཝས་ཨུ་མ་ཐོབ་པར་རྣལ་མའོ། །ཤྭི་ལ་ཨིན་དང་ཙན་སྦྱར། ཝས་ཨུ་ཐོབ་ཤུ་གཉིས་པ་བྱས། དི་སྦྱར་བས་གོང་དུ་ཨ་སྦྱར། ཨུས་ཨོ་ཐོབ་པ་ལ་སོགས་པའོ། །ཨ་ 195-1-52b ཤུ་ཤ་བ་ཏའོ། །ཡང་ན་རྣལ་མའོ། །ཧྭ་ཡ་ཏེརྣི་ཏྱ་མའོ། །ཧྭེཉ་ནི་འགྲན་པ་ཞེས་བྱ་བ་སྟེ། འདི་ནི་རྟག་ཏུ་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། ཕ་རོལ་ན་སན་དང་། ཙཎ་དང་། ཀཱ་རི་ཏ་ཡོད་ནའོ། །ཧྭ་ལ་ཨིན་དང་ཡན་སྦྱར། བས་ཨུ་ཐོབ། ཧུ་གཉིས་པ་བྱས། ཧས་ཛ་ཐོབ། ཨུས་ཨོ་ ཐོབ། ཨོ་ཨཝ། ཝ་དང་ཨིཊ་སྦྱར། གུ་ཎ་ཨེ་ཨཡ། ཡ་དང་ཨི་སྦྱར། ཛུ་ཧཱ་བ་ཡི་ཥ་ཏིའོ། །ཧྭ་ལ་ཨིན་དང་ཙན་སྦྱར་བས། ཝས་ཨུ་ཐོབ། ཧུ་གཉིས་པ་བྱས་པ་ལ་སོགས་པ་དང་། དི་སྦྱར་བས་ཨ་གོང་དུ་སྦྱར། ཨ་ཛུ་ཧ་ཝཏའོ་ཨ་བྷྱ་སྟ་སྱ་ཙ། ཧྭ་ཡ་ཏེའི་ཨ་བྷྱ་སྟ་ སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། ཧྭ་ལ་ཨཊ་སྦྱར་བས། ཨ་བྷྱཱ་ས་དང་། དྷཱ་ཏུ་གཉིས་ཀའི་ཝས། ཨུ་ཐོབ་པོ། །ཛུ་ཧ་ཝའོ། །དྱུ་ཏི་སྭཱ་པྱོ་ར་བྷྱ་ས་སྱ། དྱུ་ཏ་ནི་འབར་བ་དང་། སྭ་པེ་ཨེའི་མཐའ་ཅན་གྱི་ཨ་བྷྱཱ་ས་དེ་སམ་པྲ་སཱ་ར་ཎར་འགྱུར་བ་སྟེ། དྱུ་ཏ་ལ་པ་རོ་ཀྵ་ཨེ་ཡོད་པས། དྱཱ་ གཉིས་པ་བྱས། ཨུས་ཨི་ཐོབ། ཏ་དང་ཨེ་སྦྱར་རོ། །དེ་དྱུ་ཏེའོ། །ཥྭ་པ་ལ་སན་དང་ཨིན་སྦྱར་བས་ཥྭ་གཉིས་པ་བྱ་སྟེ། ཝས་ཨུ་ཐོབ་པའོ། །སུ་ཥྭ་པ་ཡི་ཥ་ཏིའོ། །ན་སམ་པྲ་སཱ་ར་ཎེ་སམ་པྲ་སཱ་ར་ཎམ། སམ་པྲ་སཱ་ར་ཎ་བྱས་པ་ལ་ཡང་སམ་པྲ་སཱ་ར་ཎ་འབྱུང་བར་མི་འགྱུར་ཏེ། བྱ་དྷ་ལ་ཡན་སྦྱར་བས་བྱའི་ཡས་ཨི་ཐོབ། བས་སམ་པྲ་སཱ་ར་ཎ་ཨུ་མི་ཐོབ་པའོ། །བི་དྷྱ་ཏེའོ། །བྱ་དྷ་ནི་གཟུགས་སོ། །བ་ཤེ་ཤྩི་ཀྲཱི་ཡི་ཏེ། ཝ་ཤ་ཡིད་དུ་འོང་བའམ། སྡུག་པ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏེ་ཡོད་ན། སམ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། ཝ་ཤ་ལ་ཡ་སྦྱར་བས་གོང་ དུ་ཝ་གཉིས་པ་བྱ་སྟེ། ཝས་ཨུ་མ་ཐོབ་པའོ། །ཝ་ཝ་ཤྱ་ཏེའོ། །པྲཙྪ་དཱི་ནཱ་མ་པ་པ་རོ་ཀྵཱ་ཡཾ། པྲཙྪ་ཞེས་པ་འདྲི་བ་དང་། ཨོ་བྲཤྩུ་ན་གཅོད་པ་སྟེ། བྷྲས་ཛ་ནི་འཚེད་པའོ། །འདི་རྣམས་ཀྱི་ཕ་རོལ་ན་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། པྲཙྪ་ལ་ཨ་ཏུས་སྦྱར་བས་པྲཙྪ་ གཉིས་པ་བྱ་སྟེ། རས་རྀ་མ་ཐོབ། པ་པྲཙྪ་ཏུཿའོ། །པཙྪ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བ་བྲཙྪ་ཏུཿའོ། །བྷྲས་ཛ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བ་བྷྲཛྫ་ཏུཿའོ། །སནྟྱ་ཀྵ་རནྟ་ནཱ་མཱ་ཀཱ་རོ་བི་ཀ་ར་ཎེ། འབྲེལ་བའི་ཡི་གེ་མཐའ་ཅན་གྱི་དྷཱ་ཏུ་རྣམས་ལ་ཨ་གཞག་པར་ 195-1-53a འགྱུར་བ་སྟེ། རྣམ་པའི་ཡུལ་ལ་ནི་འབྱུང་བར་མི་འགྱུར་བའོ། །དེང་ལ་ཤྭ་སྟྭ་ནི་སྦྱར་བས་མདོ་འདིས་ཨེས་ཨ་ཐོབ་བོ། །དཱ་ཏཱའོ། །རྣམ་པ་མ་ཡིན་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཏྲཻ་ལ་ཨན་སྦྱར་བས། ཨ་ཡར་འགྱུར་ཏེ། ཨ་དང་ཏྲ་སྦྱར། ཡ་དང་ཨ་སྦྱར། ཏྲ་ཡ་ཏེའོ། །ཏྲཻ་ནི་སྐྱོད་པའོ། །ན་བྷྱ་ཡ་ཏེཿ པ་རོ྅ཀྵཱ་ཡཱ་མ། བྱེཉ་ནི་ཀུན་དུ་སྦེད་པའོ། །འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་ཨ་ཉིད་འབྱུང་བར་འགྱུར་བ་སྟེ། བྱེ་ལ་པ་རོ་ཀྵཱ་ཨཊ་སྦྱར་བས། བྱེ་གཉིས་པ་བྱ་སྟེ། ཡེས་ཨི་ཐོབ་པའོ། །བི་བྱཱ་ཡའོ། །མཱི་ནཱ་ཏི་མི་ནཱ་ཏི་དཱི་རྣམས་ཀྱི་ཡོན་ཏན་ དང་འཕེལ་བའི་གནས་ལའོ། །མཱིཉ་ནི་འཚེ་བའོ། །ཌུ་མིཉ་ནི་རབ་ཏུ་འདོར་བའོ། །དཱིང་ནི་ཟད་པ་སྟེ། དེ་རྣམས་ཀྱི་ཨ་ཉིད་ཐོབ་པར་འགྱུར་བ་སྟེ། གུ་ཎ་དང་འཕེལ་བའི་གནས་ཀྱི་རྐྱེན་ཕ་རོལ་ན་ཡོད་ནའོ། །མཱི་ལ་ཤྭསྟ་ནི་ཏཱ་སྦྱར་བས། ཨི་ཨཱ་ཐོབ། མཱ་ཏའོ། །མཱི་ཀ་ལ་ཏ་སྦྱར་ བས་གོང་བཞིན། པྲ་མཱ་ཏཱའོ། །དཱི་ལ་ཏ་སྦྱར་བས་གོང་བཞིན་དཱ་ཏཱའོ། །མིཉ་ལ་ཨིན་སྦྱར་བས། ཨིས་ཨཱ་ཐོབ། ཨ་སྟིརྒྷ་སླྀའི་མདོས་བར་དུ་ས་འབྱུང་། སྭ་དང་ཨི་སྦྱར། གུ་ན། ཨེ་ཨ་ཡ་ཡ་དང་ཨཱན་གྱི་ཨ་སྦྱར་རོ། །མཱ་ཡ་ས་ཏིའོ། །མི་ལ་པྲ་གོང་དུ་སྦྱར། ཨིན་སྦྱར་བ་ལ་ སོགས་གོང་བཞིན། པྲ་མཱ་པ་ཡ་ཏིའོ། །དིང་ལ་ཨིན་སྦྱར་བ་གོང་བཞིན་དཱ་ཡ་ཏིའོ། །ས་ནི་ཙ་དཱི་དཿདཱིང་ཀྵ་ཡ་ཞེས་བྱ་བ་འདིའི་ཕ་རོལ་ན་སན་ཡོད་ན་ཨཱ་ཉིད་འབྱུང་བར་འགྱུར་བ་སྟེ། དཱིང་ལ་སན་སྦྱར་བས་དིང་གཉིས་པ་བྱས། མདོ་འདིས་ཨིས་ཨཱ་ཐོབ། སན་ནི་བརྞ་སྱའི་མདོས་ དཱ་གོང་མས་ཨི་ཐོབ། ཨུ་པ་དི་དཱ་ས་ཏེའོ། །སྨི་ཛི་ཀྲི་ཌང་མིང་མི་ནི། ཥྨིང་ནི་ཅུང་ཟད་དགོད་པའོ། །ཛི་ནི་རྒྱལ་བའོ། །ཌུ་ཀྲཱིཉ་ནི་རྫས་འཚོང་བའོ། །ཨི་ནི་ཁ་ཏོན་འདོན་པའོ། །འདི་རྣམས་ཀྱི་ཕ་རོལ་ན་ཨིན་ཡོད་ན་ཨཱ་ཉིད་འབྱུང་བ་སྟེ། པི་སྨིང་ལ་ཨན་སྦྱར་བས་ཨིས་ཨཱ་ཐོབ། བར་ དུ་བ་ཐོབ་སྟེ། ཨི་དང་སྦྱར། གུ་ན་ཡ་ཨེ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། བི་སྨྲ་བ་ཡ་ཏིའོ། །ཛི་ལ་ཨིན་སྦྱར། བས་གོང་བཞིན། བི་ཛཱ་པ་ཡ་ཏིའོ། །ཀྲཱི་ལ་ཨིན་སྦྱར་བས་གོང་མ་བཞིན། བི་ཀྲཱ་པ་ཡ་ཏིའི། ཨིང་ལ་ཨིན་སྦྱར། གོང་དུ་ཨ་དྷི་སྦྱར། ཨིང་གིས་ཨཱ་ 195-1-53b ཐོབ། དྷིའི་ཨི་ཡར་གྱུར་པ་དང་སྦྱར་བ་སོགས་གོང་བཞིན་ནོ། །ཨ་དྷྱ་པ་ཡ་ཏིའོ། །བི་ནི་འགྲོ་བ་དང་རྙེད་པ་དག་གོ། །ལིང་ནི་འབྱར་བའོ། །ཉི་བྷི་ནི་འཇིགས་པའོ། །འདི་རྣམས་ཀྱི་ཕ་རོལ་ན་ཨིན་ཡོད་ན་ཨཱ་ཉིད་ཐོབ་པར་ཡང་གསུངས་ཏེ། བཱི་ལ་ཨིན་སྦྱར་བས་ཨིས་ཨཱ་ཐོབ། ཨིན་དང་སྦྱར། གུ་ཎ་ཨེ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། པཱ་པ་ཡ་ཏིའོ། །ལིང་ལ་ཡིན་སྦྱར་བས་གོང་བཞིན། བཱི་ལཱ་པ་ཡ་ཏིའོ། །བྷྲི་ལ་ཡིན་སྦྱར་བས་གོང་བཞིན། བྷྲ་བ་ཡ་ཏེའོ། །ཡང་ན་ཕྱོགས་གཅིག་ལ་ཨིན་སྦྱར་བས། གུ་ཎ་ཨེ་ཨ་ཡ། ཡ་དང་ཨན་སྦྱར་རོ། །པཀྵ་ བཱ་ཡ་ཡ་ཏིའོ། །ལཱིང་ལ་ཨིན་སྦྱར་བས་གོང་བཞིན། བི་ལཱ་ཡ་ཡ་ཏིའོ། །བྷྲི་ལཱ་ཨིན་སྦྱར་བས། བྷེ་ཨ་ཤོག་གི་མདོས་བར་དུ་ཤ་འབྱུང་སྟེ། གོང་མ་བཞིན། བྷཱི་ཥ་ཡ་ཏེའོ། །སི་དྷ་ནི་ཡང་དག་པར་སྒྲུབ་པའི་དྷཱ་ཏུ་འདིའི་ཨེས་ཨཱ་ཉིད་ཐོབ་པར་ཡང་གསུངས་ཏེ། བཱི་ལ་ཨིན་སྦྱར་ བས། ཨིས་ཨཱ་ཐོབ། བར་དུ་པ་ཐོབ། ཨིན་དང་སྦྱར་གུ་ཎ་ཨེ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། བཱ་པ་ཡ་ཏིའོ། །ལཱིང་ལ་ཡིན་སྦྱར་བས་གོང་བཞིན། བི་ལཱ་བ་ཡ་ཏིའོ། །བྷི་ལཱ་ཡིན་སྦྱར་བས་གོང་བཞིན། བྷཱ་པ་ཡ་ཏེའོ། །ཡང་ན་ཕྱོགས་གཅིག་ལ་ཨིན་སྦྱར་བས། གུ་ཎ་ ཨེ་ཨཡ། ཡ་དང་ཨན་སྦྱར་རོ། །པཀྵ་བཱ་ཡ་ཡ་ཏིའི། ལཱིང་ལ་ཨིན་སྦྱར་བས་གོང་བཞིན། བཱི་ལཱ་ཡ་ཡ་ཏིའོ། །བྷྲི་ལ་ཨིན་སྦྱར་བས། བྷེ་ཨ་ཤོག་གི་མདོས་བར་དུ་ཥ་འབྱུང་སྟེ། གོང་མ་བཞིན། བྷྲི་ཥ་ཡ་ཏེའོ། །སི་དྷཱ་ནི་ཡང་དག་པར་བསྒྲུབས་པའི་དྷཱ་ཏུ་འདིའི་ཨེས་ཨ་ ཉིད་ཐོབ་པར་གསུངས་ཏེ། འཇིག་རྟེན་ཕ་རོལ་མ་ཡིན་པའི་དོན་ལའོ། །པཱ་ཡ་སཾ་སཱ་དྷ་ཡརྟི། འོ་མའི་ཐུག་པ་བྱེད་པ། སི་དྷུ་ལ་ཨིན་སྦྱར་བས་སའི། ཨིས་ཨཱ་ཐོབ། དྷ་དང་ཨི་སྦྱར། གུ་ཎ་ཨེ་ཨཡ། ཡ་དང་ཨན་གྱི་ཨ་སྦྱར། སཱ་དྷཱ་ཡ་ཏི་བྷ་ཀྟུ་མའོ། །འཇིག་རྟེན་ ཕ་རོལ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། པཱ་ཡ་སཾ། འོ་ཐུག་སི་དྷ་ལ་ཨིན་སྦྱར། ཡང་ཨ་མ་ཐོབ་སྟེ་གུ་ཎའོ། །སེ་དྷ་ཡ་ཏིའོ། །དྭ་སུཾ་སྦྱིན་པ་ནི་ཕ་རོལ་གྱི་དོན་ནོ། །སྲྀ་ཛི་དྲྀ་ཤོ་རཱ་ག་མོ་ཀཱ་རསྶྭ་རཱརྦ་རོ་དྷུ་ཊི་གུ་ཎ་བྲྀ་དྷི་སྠཱ་ནེ། སྲྀ་ཛ་ནི་རྣམ་པར་གཏོང་བའོ། །དྲྀ་ཤིར་ནི་ལྟ་བའོ། ། 195-1-54a དེ་དག་གི་དབྱངས་ཀྱི་ཕ་རོལ་དུ་ཨ་ཐོབ་པར་འགྱུར་བ་སྟེ། གུ་ཎ་དང་བྲྀ་དྷའི་གནས་ཀྱི་དྷུ་ཊི་ཕ་རོལ་ན་ཡོད་ནའོ། །སྲྀ་ཛ་ལ་ཤྭ་ནི་ཏཱ་སྦྱར་བས་མདོ་འདིས་ཨཱ་ཐོབ་པ་སྟེ། རམ་སྲི་བརྞའོ། །ཛས་ཥ་ཐོབ། ཏས་ཊ་ཐོབ་བོ། །སྲིཥྚོ། དྲྀ་ཤི་ལ་ཏཱ་སྦྱར་བ་ གོང་མ་བཞིན། དྲཥྚའོ། །སྲྀ་ཛ་ལ་ཧྱསྟ་ནཱི་དི་སྦྱར་བས་གོང་དུ་འབྱུང་། མདོ་འདིས་བར་དུ་ཨ་ཐོབ་སྟེ། རཾ་རྀ་བརྞས་སི་ཙ་དང་ཨི་སྦྱར་བས་ཨ་བསྲིངས་པའོ། །ཨ་སྭཱ་ཀྵི་ཏིའོ། །དྲྀ་ཤི་ལ་དི་སྦྱོར་ཏེ་གོང་མ་བཞིན། ཨ་དྲཱཀྵི་ཏའོ། །དཱི་དེ྅ནྟོ་ཡ་ཀཿ སྭ་རཱ་དཱ་བ་གུ་ཎེ། དཱང་ཀྵ་ ཡ་ཞེས་པ་འདིའི་ཕ་རོལ་དབྱངས་ཐོག་མ་ན་ཡོད་པའི་གུ་ན་ཡོད་ན་ཡ་ཐོབ། དི་ལ་ཨུ་པ་གོང་དུ་སྦྱར། མཐར་ཨེ་སྦྱར་བས་དི་གཉིས་པ་བྱས། བར་དུ་ཡ་ཐོབ། ཨེ་སྦྱར། ཨུ་པ་དེ་དཱི་ཡེའོ། །ཨཱ་ལོ་པོ྅སཱརྦ་དྷ་ཏུ་ཀེ། དྷཱ་ཏུའི་ཨ་དབྱི་བར་བྱ་བ་སྟེ། དབྱངས་ཐོག་མ་ན་ཡོད་པའི་ཨ་ གུ་ཎེ་སཱརྦ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །པཱ་ལ་ཨ་ཏུས་སྦྱར་བས། པཱ་གཉིས་པ་བྱ་སྟེ་བསྟུངས། མདོ་འདིས་པཱ་འོག་མའི་ཨཱ་ཕྱི་སྟེ། ཨ་ཏུས་ཀྱི་ཨ་དང་སྦྱར། པ་བ་ཏུའོ། །དཱ་ལ་ཨ་ཏུས་སྦྱར་བ་གོང་བཞིན། ད་ད་ཏུཿའོ། །ཨི་ཊི་ཙ། ཨའི་ཕ་རོལ་ན་ཨིཊ་ཡོད་ན་ཨཱ་དབྱི་བར་ བྱ་སྟེ། པཱ་ལ་ཐལ་སྦྱར། བར་དུ་ཨིཊ་སྦྱར་བས། གོང་དུ་པ་གཉིས་པ་བྱས། དེ་བསྟུངས། འོག་མའི་ཨ་ཕྱི། ཨི་དང་སྦྱར། པ་པི་ཐའོ། །དཱ་ལ་ཨིན་དང་ཐལ་སྦྱར་བ་གོང་བཞིན། ད་དི་ཐས་སོ། །དཱ་མཱ་གཱ་ཡ་ཏི་པི་བ་ཏིསྠཱི་སྱ་ཏི་ཛཱ་ཧཱ་དཱི་ནཱ་མཱི་ཀཱ་རོ་བྱཉྫ་ནཱ་དོ། །དཱའི་མིང་ཅན་རྣམས་མཱ་ནི་ འཇལ་བའོ། །གཽ་ནི་སྒྲའོ། །པཱ་ནི་བཏུང་བའོ། །ཥ་ནི་འགྲོ་བ་ལ་མི་འཇུག་པ་སྟེ། འདུག་པའོ། །ཥོ་ནི་ལས་ཀྱི་མཐའོ། །ཨོ་ཧཱ་ཀ་ནི་གཏོང་བའོ། །དེ་རྣམས་ཀྱི་དྷཱ་ཏུ་ཨཱི་ཁོ་ན་ཐོབ་པར་འགྱུར་བ་སྟེ། ཕ་རོལ་ན་གསལ་བྱེད་ཐོག་མ་ན་ཡོད་པ་དང་། ཨ་གུ་ཎ་ཡོད་ནའོ། །དཱ་ལ་བརྟ་མཱ་ནཱ་ ཏི་དང་ཡན་སྦྱར་བས། དཱས་ཨཱི་ཐོབ་པའོ། །དཱི་ཡ་ཏེའོ། །དྷཱ་ལ་ཡང་གོང་བཞིན་དྷཱི་ཡ་ཏེེའོ། །མཱ་ལ་ཡང་གོང་བཞིན་མི་ཡ་ཏེའོ། །གེེ་ལ་ཡང་གོང་བཞིན། གཱི་ཡ་ཏེའོ། །པཱ་ལ་ཡང་གོང་བཞིན། པཱི་ཡ་ཏེའོ། །སྠཱི་ལ་ཡང་གོང་བཞིན། སྠཱི་ཡ་ཏེའོ། །ཥོ་ལ་ཡང་གོང་དུ་ཨ་ཝ་སྦྱར། 195-1-54b མཐར་ཡན་སྦྱར་བས། ཨཱི་ཐོབ་ཥས་སའོ། །ཨཱ་བ་སཱི་ཡ་ཏེའོ། །ཧཱ་ལ་ཡང་གོང་བཞིན། ཧཱི་ཡ་ཏེའོ། །ཨཱ་ཤི་ཥྱེ་ཀཱ་རཿ། མདོ་གོང་མར་སྨོས་པའི་དྷཱ་ཏུ་རྣམས་ཀྱི་ཕ་རོལ་ན་ཨ་ཤཱི་ཥ་ཨ་གུ་ཎ་ཡོད་ན་ཨེ་འབྱུང་བར་འགྱུར་བ་སྟེ། དཱ་ལ་ཨ་ཤྲཱིཥཱ་ཡཏ་སྦྱར་བས་མདོ་འདིས་དཱས་ཨེ་ཐོབ་ པའོ། །དེ་ཡཱཏའོ། །མཱ་ལ་ཡཱཏ་སྦྱར་བས་དཱས་ཨེ་ཐོབ། མེ་ཡཱཏའོ། །གཻ་ལ་ཡཱཏ་སྦྱར་བས། གཻས་ཨེ་ཐོབ་པའོ། །གེ་ཡཱཏའོ། །པཱ་ལ་ཡཱཏ་སྦྱར་བས། པཱས་ཨེ་ཐོབ། པེ་ཡཱཏའོ། །སྠཱ་ལ་ཡད་སྦྱར་བས། སྠཱས་ཨེ་ཐོབ་པའོ། །སྠེ་ཡཱ་ཏའོ། །ཥོ་ལ་གོང་དུ་ཨ་ཝ་སྦྱར། ཥོས་ ཨ་ཐོབ་བོ། །ཨ་ཝ་སེ་ཡཱཏའོ། །ཧ་ལ་ཡཱ་ཏ་སྦྱར་བས་ཨེ་ཐོབ། ཧ་ཡཱཏའོ། །ཨན་ཨུསྨི་ཛ་བྷྱ་སྟ་བི་དཱ་དེ་བྷྱོ་བྷུ་བཿསི་ཙ་དང་ཨ་བྷྱ་སྟ་དང་། བི་དེ་དང་། ཨཱའི་མཐའ་ཅན་གྱི་ཕ་རོལ་གྱི་ཨ་ན་ལ་ཨུས་གཞག་པར་འགྱུར་བ་སྟེ། བྷུ་ཞེས་པ་འདིའི་ཕ་རོལ་ཏུ་ནི་འབྱུང་བ་མ་ཡིན་ནོ། །སི་ ཙའི་དཔེ་ནི། ཀྲྀ་ལ་ཨན་དང་། བར་དུ་སི་ཙ་སྦྱར་བས། གོང་དུ་ཨ་སྦྱར། ཨན་ཨུ་ཐོབ། རྀ་ཨར་དུ་འཕེལ། སས་ཥ་ཐོབ་པ་དང་སྦྱར་རོ། །ཨ་ཀཱཪྵུཿའོ། །ཨ་བྷྱསྟའི་དཔེ་ནི། ནི་ཛེར་ལ་ཨན་སྦྱར་བས། གོང་དུ་ཨ་དང་ནི་གཉིས་པ་བྱ་སྟེ་གུ་ཎ་ཨ་ན་གྱིས་ཨུས་ཐོབ་བོ། །ཨ་ནེ་ ནི་ཛུཿའོ། །བི་དེའི་དཔེ་ནི། བི་དུ་ལ་ཨན་སྦྱར་བས་ཨན་གྱིས་ཨུ་ཐོབ། ཨ་བི་དུའོ། །ཨཱའི་མཐའ་ཅན་གྱི་དཔེ་ནི། ཡཱ་ལ་ཨུས་སྦྱར་བས་གོང་བཞིན་ནོ། །ཨ་ཡུཿའོ། །ཡཱ་ནི་ཐོབ་པའོ། །བྷུ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྷཱ་ལ་ཨན་སྦྱར་བས། གོང་དུ་ཨ་སྦྱར། བྷུ་བྷོ་བོན་ཏས་བར་དུ་ཝ་ཐོབ་སྟེ། ཨ་དང་སྦྱར་རོ། །ཨཱ་བྷུ་ཝ་ནའོ། །ཨི་ཙ་ཏ་ལོ་པ། ཨི་ཙའི་ཕ་རོལ་གྱི་རྐྱེན་གྱི་ཏ་དབྱི་བར་བྱ་བ་སྟེ། ཀྲཱི་ལ་ཨཱ་དྱ་ཏ་ནཱི་དི་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་ཨི་ཙ་སྦྱར། ཙ་ཕྱི་རྀ་ཨར་དུ་གྱུར་པ་དང་། ཨ་དང་ཀ་སྦྱར། ར་དང་ཨི་སྦྱར། ཨ་ཀཱ་རིའོ། ། ཧྲི་ལ་ཏ་དང་ཨི་ཙ་སྦྱར་བ་གོང་བཞིན། ཨ་ཧཱ་རིའོ། །ཌུ་ཀྲཱིཉ་ནི་བྱེད་པའོ། །ཧྲིཉ་ནི་འཕྲོག་པའོ། །ཧེ་ར་ཀཱ་རཱ་ད་ཧནྟེ། ཨ་ལས་ཕ་རོལ་གྱི་ཨི་ཕྱི་བར་བྱ་སྟེ། ཧན་ཏེའི་ཕ་རོལ་གྱི་ནི་མ་ཡིན་ནོ། །པ་ཙ་ལ་ཧི་སྦྱར་བ་ཕྱི། ཨན་སྦྱར། ཙ་དང་ཨ་སྦྱར་རོ། །པ་ཙའོ། །པ་ཋ་ལ་ཧི་སྦྱར་བ་གོང་ 195-1-55a བཞིན། པ་ཋའོ། །ཧ་ན་ཏེ་བ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཧ་ན་ཏེ་ལ་ཧི་སྦྱར་བས། ཧ་ན་ཏེ་ཛ་ཧཽའི་མདོས་ཅན་གྱི་ཛ་ཐོབ། ཛ་ཧིའོ། །ཧ་ན་ནི་འཚེ་བ་དང་འགྲོ་བའོ། །ནོ་ཤྩ་བི་ཀཱ་ར་ཎཱ་དཱ་སཾ་ཡོ་གཱ་ཏ། མི་ལྡན་པའི་ནའི་རྣམ་པ་ལས་ཕ་རོལ་གྱི་ཧི་དབྱི་བར་བྱ་སྟེ། སུ་ ནུའི་ན་ནི་ལྡན་པ་མ་ཡིན་ཞིང་། དྷཱ་ཏུ་མ་ཡིན་པས་ཧི་ཕྱིའོ། །སུ་ནུའོ། །ཙི་ནུ་སི་ཧི་ཡང་ཕྱིའོ། །ཥུཉ་ནི་མངོན་པར་འབྲེལ་པའོ། །ཙིཉ་ནི་བསགས་པའོ། །མི་ལྡན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཤཀྣུ་ནི་ལྡན་པ་ཡིན་པས་ཧི་མ་ཕྱི་བའོ། །ཤཀྣུ་ཧིའོ། །ཨུ་ཀཱ་རཱཤྩ། ཨུའི་རྣམ་པ་ལས་ཕ་རོལ་གྱི་ ཧི་དབྱི་བར་བྱ་སྟེ། ཏ་ནུའི་ཕ་རོལ་གྱི་ཧི་ཕྱིས་སོ། །ཏ་ནུའོ། །ཏ་ནུ་རྒྱས་པའོ། །ཨུ་ཀཱ་རཱ་ལོ་པོ་བ་མོརྦ། མི་ལྡན་པའི་ཨུའི་ཕ་རོལ་ན་ཝ་དང་མ་དག་ཡོད་ན་ཨུ་ཕྱི་བར་འགྱུར་བ་སྟེ། ས་ནུའི་ཕ་རོལ་ན་ཝས་ཡོད་པས་ཨུ་ཕྱི་བ་དང་སྦྱར་རོ། །སུ་ནྭའོ། །སུ་ནུའི་ཕ་རོལ་ན་མ་ཡོད་པས་གོང་ བཞིན། སནྨའོ། །ཡང་ན་ཝས་ཡོད་ཀྱང་ཨུམ་ཕྱི་བས་སོ། །ཡང་ན་མས་ཡོད་ཀྱང་ཨུ་མ་ཕྱི་བའོ། །ཅིའི་ཕྱིར་ལྡན་པ་ཞེས་སྨོས་ཤེ་ན། ཤཀྣུའི་ཕ་རོལ་ན་ཝས་ཡོད་ཀྱང་ཀ་དང་ན་ལྡན་པས་ཨུ་མ་ཕྱི། ཤཀྣུ་ཝཿའོ། །ཀ་རོ་ཏེརྣརྱི་མ། ཌུ་ཀྲྀཉ་ནི་བྱེད་པའོ། །བྱེད་པ་ཞེས་པའི་ཕ་རོལ་ གྱི་ཨུ་རྟག་ཏུ་ཕྱི་བར་བྱ་བ་སྟེ། ཝས་ལས་ཕ་རོལ་ན་ཡོད་ནའོ། །ཀྲི་ལ་ཝས་སྦྱར་བས་བར་དུ་ཨུ་ཐོབ། རྀ་ཨར་དུ་གྱུར། ཨ་ཨུར་གྱུར་ཏེ། ཏ་ན་དེ་རུའི་ཨུ་ཕྱིའོ། །ཀུཪྺཿའོ། །ཀྲི་ལ་མས་སྦྱར་བས་གོང་བཞིན། ཀུརྨཿའོ། །སཔྟ་མྱ་ཡེ་ཙ། ཨའི་ཕ་རོལ་གྱི་ཨུ་ཕྱི་བར་བྱ་བ་སྟེ། ཕ་རོལ་ན་བདུན་པའི་ཡཱ་ཡོད་ནའོ། །ཀྲི་ལ་ཡཱད་སྦྱར། བར་དུ་ཏ་ན་དེ་རུས་ཨུ་ཐོབ། རྀ་ཨར་དུ་གྱུར། ཨས་ཨུ་ཐོབ། ཕ་རོལ་གྱི་ཨུ་ཕྱི། ཨུ་དང་ཀ་སྦྱར། ར་དང་ཡཱད་སྦྱར། ཀུ་ར་ཡཱཏའོ། །ཀྲི་ལ་ཡཱ་ཏཱམ་སྦྱར་བས་གོང་བཞིན། ཀུརྨྻཱ་ཏཱམའོ། །ཀྲི་ལ་ཡུས་སྦྱར་བས་གོང་བཞིན། ཀུཪྻཿའོ། །ཡེ་ཙ་ཨ་སྱོ་ཀཱ་ར་སྶཱཪྺ་དྷཱ་ཏུ་རྐེ་གུ་ཎེ། བྱེད་པའི་ཨའི་ཕ་རོལ་ན་གུ་ཎ་མ་ཡིན་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་ཨུ་ཉིད་ཐོབ་པར་འགྱུར་བ་སྟེ། ཀྲི་ལ་ཏས་སྦྱར་བས། ཏ་ན་དེ་རུའི་མདོས། བར་དུ་ཨུ། རྀ་ཨཱར་དུ་འཕེལ། ཨཱས་ཨུ་ཐོབ། ཀུ་རུ་ཏཿའོ། །ཀྲྀ་ལ་ཨན་ཏི་སྦྱར་བས། 195-1-55b བར་དུ་ཨུ་འབྱུང་། རྀ་ཨར་དུ་འཕེལ། ཨུས་ཝ་ཐོབ། ཨས་ཨུ་ཐོབ་སྟེ་སྦྱར། ཀུཪྺནྟིའོ། །རུ་དྷཱ་དེཪྺི་ཀ་ར་ཎཱ་ན་ཏ་སྱ་ལོ་པཿརུ་དྷ་ལ་སོགས་པའི་རྣམ་པ་འགྱུར་བའི་མཐའ་དབྱི་བར་འགྱུར་བ་སྟེ། གུ་ཎ་མ་ཡིན་པའི་སཪྺ་དྷཱ་ཏུ་ཀེ་ཕ་རོལ་ན་ཡོད་ནའོ། །རུ་དིར་ཏས་སྦྱར་བས་སྭ་ར་དྷུ་ཏ་ ཏེའི་མདོས་བར་དུ་ན་ཐོབ། མདོ་འདིས་ནའི་ཨ་ཕྱིས། དྷུ་ཊ་མ་དྲི་ཏི་ཡས་དྷས་ད་ཐོབ། གྷ་དྷ་བི་བྷི་བྷྱའི་མདོས་ཏས་དྷ་ཐོབ། རུནྡྷཿའོ། །བྷི་དིར་ལ་ཏས་སྦྱར་བས་ཨིར་ཕྱི། བར་དུ་ན་ཐོབ། ནའི་ཨ་ཕྱི། ཨ་གྷོ་ཥེ་ཤྭ་ནི་ཏམ་གྱིས་དས་ཏ་ཐོབ་སྟེ་ཏ་དང་སྦྱར། བྷཱིནྟྟཿའོ། །ཚི་དིར་ལ་ཨན་ཏི་ སྦྱར་བས། ད་ས་ཏ་མ་ཐོབ། ཀི་ཕྱི་མ་གོང་བཞིན། ཚིནྡ་ནྟིའོ། །རུ་དིར་ནི་སྒྲིབ་པའོ། །ཚི་དིར་ནི་རྣམ་པ་གཉིས་སུ་བྱེད་པའོ། །ཨ་སྟེ་རཱ་དེཿ། ཨས་བྷུ་ཡོད་པར་འདིའི་ཐོག་མ་ཕྱི་བར་འབྱུང་བ་སྟེ། སྔ་མ་བཞིན་དུ་ཕ་རོལ་ན་ཡོད་ནའོ། །ཨས་ལ་ཨན་ཏི་སྦྱར་བས། མདོ་འདིས་ཨ་ཕྱི། སནྟིའོ། །ཨས་ལ་ཡཱཏ་སྦྱར་བས་ཨ་ཕྱི། ཡ་དང་ས་སྦྱར་རོ། །སྱཱཏའོ། །གུ་ཎ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨས་ལ་གུ་ཎི་ཏི་ཕ་རོལ་ན་ཡོད་པས་ཨ་མི་ཕྱིའོ། །ཨསྟིའོ། །ཨ་བྷྱ་ཏཱ་ནཱ་ཀཱ་ར་སྱ། ཨ་བྷྱསྟ་རྣམས་ཀྱི་ཨ་དེ་ཕྱི་བར་བྱ་བ་སྟེ། སྔ་མ་བཞིན་ཕ་རོལ་ན་ཡོད་ནའོ། །དཱ་ལ་ ཨན་ཏི་སྦྱར། བར་དུ་ཨན་སྦྱར་ཏེ་ཛུ་ཧུ་ཏེ་སོགས་ཀྱིས་ཕྱིས། དེ་ཉིད་ཀྱིས་དཱ་གཉིས་པ་བྱ་སྟེ། དང་པོའི་དཱའི་ཨཱ་ཕྱི་སྟེ། ཧྲ་སྭའི་མདོས་ད་གོང་མ་བསྟུངས། ཨ་ལོ་པོ་ཨ་བྷྱ་ཏའི་མདོས་ན་ཕྱི། ད་ད་ཏིའོ། །དྷཱ་ལ་ཨན་ཏི་དང་ཨན་སྦྱར་བས་གོང་བཞིན་དྭི་ཏཱི་ཡ་ཙ་ཏུརྠའི་མདོས། དྷས་ད་ཐོབ། ད་དྷ་ཏིའོ། །དཱ་ལ་ ཡཱད་སྦྱར་བ་དང་། ཨན་སྦྱར་བ་ལ་སོགས་གོང་བཞིན། ད་ཏྱཱ་ཏིའོ། །ཌུ་དཱཉ་ནི་སྦྱིན་པའོ། །ཌུ་དྷཱཉ་ནི་སྦྱིན་པ་དང་འཛིན་པ་དག་གོ། །ཀྲཱི་དཱི་ནཱཾ་བི་ཀཱ་ར་ཎ་སྱ། ཀྲཱི་ལ་སོགས་པའི་དྷཱ་ཏུ་རྣམས་ཀྱི་རྣམ་པར་འགྱུར་བའི་ཨ་ཕྱི་བར་འབྱུང་བ་སྟེ། སྔ་མ་བཞིན་ཕ་རོལ་ན་ཡོད་ནའོ། །ཀྲཱི་ལ་ཨན་ཏི་ སྦྱར་བས་ནཱ་ཀྲི་ཡི་ཏ་དེའི་མདོས། བར་དུ་ནཱ་ཐོབ་སྟེ་མདོ་འདིས་ནཱའི་ཨ་ཕྱི་ནས་ཨ་དང་སྦྱར། ཀྲཱི་ཎནྟིའོ། །ཀྲཱི་ལ་ཨན་ཏི་སྦྱར་བས། བར་དུ་ནཱ་ཐོབ་སྟེ་གོང་བཞིན། བདག་གི་ཚིག་ཅན་ཡིན་པས་ཨནྟེའི་ན་ཕྱི། ཀྲཱིནྟེའོ། །ལཱུ་ལ་ཨན་ཏི་སྦྱར། བར་དུ་ན་ཐོབ། སྭ་ནི་ནམ་གྱི་མདོས་ལཱུ་ 195-1-56a བསྟུངས། ནའི་ཨཱ་ཕྱི། ལཱུ་ན་ནནྟིའོ། །ཌུ་ཀྲི་ཉ་ནི་རྫས་བརྗེ་བའོ། །ལཱུཉ་ནི་གཅོད་པའོ། །ཨུ་བྷ་ཡེ་ཥཱ་མཱི་ཀཱ་རོ་བྱཉྩ་ནཱ་དྟ་ཝ་དཿ ཨ་བྷྱ་སྟ་རྣམས་དང་། ཀྲཱི་ལ་སོགས་པ་རྣམ་པ་འགྱུར་བ་རྣམས་ཀྱི་ཨཱ་ཨིར་འགྱུར་བ་སྟེ། ཨ་གུ་ཎ་སཪྺ་དྷཱ་ཏུ་ཀེ་གསལ་བྱེད་ ཐོག་མ་ན་ཡོད་པ་ན་ཕ་རོལ་ན་ཡོད་ནའོ། །དའི་མིང་ཅན་ནི་མ་གཏོགས་པའོ། །མཱ་ལ་ཝརྟ་མཱ་ན་ཏེ་སྦྱར་ནས། བར་དུ་ཨན་སྦྱར་ཏེ་ཕྱི། དེ་ཉིད་ཀྱི་མ་གཉིས་པ་བྱས། པྲྀ་ཧང་མང་མིད་ཀྱི་མདོས་གོང་མས་ཨི་ཐོབ། མདོ་འདིས་འོག་མས་ཨཱི་ཐོབ། མི་མཱི་ཏིའོ། །ཧཱ་ལ་ཏེ་དང་ཨན་སྦྱར་བས་ གོང་བཞིན། ཧོ་ཛའི་མདོས་ཧས་ཛ་ཐོབ། ཛི་ཧཱི་ཏེའོ། །ཀྲཱི་ལ་སོགས་པ་རྣམ་པའི་འགྱུར་བ་རྣམས། ལཱུ་ལས་ཏེ། བར་དུ་ན། མདོ་འདིས་ནས་ཨི་ཐོབ། ལུ་བསྟུངས། ལུ་ནི་ཏེའོ། །ཅིའི་ཕྱིར་ད་མ་ཡིན་པ་ཞེས་སྨོས་ཤེ་ན། དཱ་ལ་ཏས་སྦྱར། བར་དུ་ཨན་སྦྱར། དཱ་གཉིས་པ་བྱ་སྟེ་ བསྟུངས། འོག་མའི་ཨཱ་ཕྱི། ཨ་གྷོ་ཥེ་ཤུའི་མདོས་དས་ཏ་ཐོབ་སྦྱར། ཨི་མ་ཐོབ་བོ། །དཏྟཿའོ། །ཨི་ཀཱ་རོ་ད་རི་དྲཱ་ཏེ། ད་རི་དྲཱ་དུརྒ་ཏི་ཞེས་པ་འདི་ལ་ཨི་འབྱུང་བར་འགྱུར་བ་སྟེ། གསལ་བྱེད་ཐོག་མ་ན་ཡོད་པའི་ཨ་གུ་ཎ་ཕ་རོལ་ན་ཡོད་ནའོ། །ད་རི་དྲཱ་ལ་དྲས་སྦྱར་བས་མདོ་འདིས་དྲ་མ་ ཐོབ་བོ། །ད་རི་དྲཱི་ཏཿའོ། །ད་རི་དྲཱ་ལ་མས་སྦྱར་བས་གོང་བཞིན། ད་རི་དྲི་མཿ། ལོ་སྶ་པྟཱ་མྱཾ་ཛ་ཧཱ་དེའོ། །ཨུ་ཧཱ་ཀ་ནི་དོར་ཅིག་ཅེས་བྱ་བ་སྟེ། འདི་ལ་ཕ་རོལ་ན་བདུན་པ་ཡོད་ན་མཐའ་མ་ཕྱི་བར་འབྱུང་བ་སྟེ། ཧཱ་ལ་ཡཱཏ་སྦྱར། བར་དུ་ཨན་སྦྱར་ནས། ཕྱི་བས། ཧ་གཉིས་པ་ཐོབ་ཧས་ ཛའོ། །མདོ་འདིས་ཧའི་ཨ་ཕྱི་ནས་ཡ་དང་སྦྱར་རོ། །ཛ་ཧྱཱཏའོ། །དྷུ་ཊི་ཧནྟེསྶཱཪྺ་དྷཱ་ཏུ་ཀེ །ཧ་ན་ནི་འཚེ་བ་དང་འགྲོ་བ་ཞེས་པ་སྟེ། འདིའི་ཕ་རོལ་ན་དྷུ་ཊི་ཐོག་མ་ན་ཡོད་པའི་ཨ་གུ་ཎ་སཪྺ་བྷཱ་ཏུ་ཀེ་ཡོད་ན། དེའི་མཐའ་མ་ཕྱི་བར་འབྱུང་བ་སྟེ། ཧ་ན་ལ་ཏས་སྦྱར་བས་མདོ་འདིས་ན་ཕྱི། ཧ་ཏཿའོ། །ཧ་ལ་ཐས་སྦྱར་ཏེ་གོང་མ་བཞིན། ཧ་ཐཿའོ། །ཤཱ་སེ་རི་དུ་པ་དྷཱ་ཡ་ཎ་བྱཉྫ་ན་ཡོཿ ཤཱ་སུ་ནི་རྗེས་སུ་བསྟན་པ་ཞེས་བྱ་བ་འདིའི་ཉེ་བའི་ཚིག་གིས་ཨི་ཐོབ་པར་འགྱུར་ཏེ་གནས་ནའོ། །ཕ་རོལ་ན་ཨན་དང་ཨ་གུ་ཎེ་གསལ་བྱེད་ཐོག་མ་ན་ཡོད་པ། ཤ་སུ་ལ་གོང་དུ་ཨ་ནུ་སྦྱར། 195-1-56b མཐར་དི་སྦྱར། ཨཊ་དྷཱ་ཏུ་ཨ་ཏིའི་མདོས། ཤའི། གོང་དུ་ཨ་ཐོབ་སྟེ། བ་མུ་བརྞའོ། །པུ་ན་དིའི་མདོས་དིའི་བར་དུ་ཨན་སྦྱར། ན་ཕྱི་མདོ་འདིས་ཤས་ཨི་ཐོབ། ཤ་སི་ཝ་སི་གྷ་སིའི་མདོས་སས་ཥ་ཐོབ། ཨ་ནྭ་ཤི་ཥ་ཏའོ། །ཤཱ་སུ་ལཀྟ་སྦྱར་ཏེ་ཀ་ཕྱི། ཨི་ཐོབ་པ་ལ་སོགས་པའོ། ། ཤིཥྚྲཿའོ། །ཧནྟེ་རྫ་ཧཽ། ཧ་ན་འཚེ་བ་དང་འགྲོ་བ་ཞེས་བྱ་བ་འདིའི་ཕ་རོལ་ན་ཧི་ཡོད་ན་ཐམས་ཅད་ལ་ཛ་གཞག་པའོ། །ཧ་ན་ལ་ཧི་སྦྱར་བས། མདོ་འདིས་ཛ་ཐོབ་པའོ། །ཛ་ཧིའོ། །ད་སྟྱོ་རེ་བྷྱ་ས་ལོ་པཤྩ། དཱའི་མིང་ཅན་རྣམས་དང་། དེ་བཞིན་དུ་ཨ་ས་བྷུ་མི་ཞེས་བྱ་བ་འདིའི་ཕ་རོལ་ན་ཧི་ཡོད་ན་ ཨེ་ཉིད་དུ་འབྱུང་བར་འགྱུར་ཞིང་། ཨ་བྷྱ་ས་ཡང་ཕྱིའོ། །ད་ལ་ཧི་སྦྱར། བར་དུ་ཨན་སྦྱར། ཕྱི། ད་གཉིས་པ་བྱས། མདོ་འདིས་དས་ཨེ་ཐོབ་པ་དང་གོང་མ་ཕྱིའོ། །དེ་ཧིའོ། །དྷ་ལ་ཧི་དང་ཨན་སྦྱར་བ་སོགས་གོང་བཞིན། དྷེ་ཏིའོ། །ཌུ་དཱ་ཀཱ་ནི་སྦྱིན་པའོ། །ཌུ་དྷཉ་ནི་སྦྱིན་པ་དང་འཆང་ བའོ། །ཨས་བུ་བྷེ་ཏེ། དེའི་དཔེ་ནི། ཨ་ས་ལ་ཧི་སྦྱར་བས། སས་ཨེ་ཐོབ། ཨསྟི་རི་དེའི་མདོས་ཨ་ཕྱི། ཨ་སྟི་རི་དེ་ཧི་དྷེའི་མདོས་ཧིས་དྷི་ཐོབ་པའོ། །ཨེ་དྷིའོ། །ཨ་སྱེ་ཀ་བྱཉྫ་ན་མ་དྷྱེ་ནཱ་དེ་ཤཱ་ད་རོ་ཀྵཱ་ཡཾ། ལྡན་པ་མ་ཡིན་པའི་གསལ་བྱེད་གཉིས་ཀྱི་བར་གྱིས་ཨས་ཨེ་ཐོབ་པ་དང་། ཨ་བྷྱཱ་ས་ཕྱི་བར་བྱ་བ་སྟེ། དྷཱ་ཏུ་དེ་ཐོག་མ་གཞག་པ་དང་འབྲེལ་པ་ནི། གང་དང་པོར་ཨ་དེ་ཤཱམ་བྱས་པ་ཞེས་པ་སྟེ། དེའི་ཕ་རོལ་ན་པ་རོཀྵཱ་ཨ་གུ་ཎ་ཡོད་པར་གྱུར་ནའོ། །པ་ཙ་ལ་ཨ་ཏུས་སྦྱར་བས། མདོ་འདིས་གཉིས་པ་བྱས། པས་ཨེ་ཐོབ། གོང་མ་ཕྱི། པེ་ཙ་ཏུཿའོ། །ཌུ་པ་ ཙ་ཥ་ནི་འཚེད་པའོ། །ད་མུ་ལ་ཨ་ཏུས་སྦྱར་གོང་བཞིན། དེ་མ་ཏུའོ། །དེ་ལ་ཨུས་སྦྱར་བས་དེ་མུའོ། །ད་མུ་ནི་ཉེ་བར་བཞི་པའོ། །ཐ་ལི་ཙ་སེ་ཊི། གང་གསལ་བྱེད་ལྡན་པ་མ་ཡིན་པ་དག་གིས་ཨ་དེས་ཨེ་ཐོབ་ཅིང་། ཨ་བྷྱཱ་ས་ཡང་ཕྱི་བ་སྟེ། དེ་ཡང་དེ་ཤ་ཐོག་མ་བྱས་པའི་དྷཱ་ཏུ་ དང་འབྲེལ་པ་ཡིན་ལ། ཨིཊ་དང་བཅས་པའི་ཐལ་ཕ་རོལ་ན་ཡོད་པར་གྱུར་ནའོ། །པ་ཙ་ལ་ཐལ་སྦྱར་བས་བར་དུ་ཀྲི་ཏི་བི་དྷིའི་མདོས་ཨིཊ་ཐོག་སྟེ། པ་གཉིས་པ་བྱས། མདོ་འདིས་ཨེ་ཐོབ་པ་དང་གོང་མ་ཕྱིས་སོ། །པེ་ཙི་ཐའོ། །ཤཀ་ལ་ཐལ་དང་ཨིཊ་གོང་བཞིན། ཤེ་ཀི་ཐའོ། ། 195-1-57a ཏཱྀ་ཕ་ལ་བྷ་ཛ་དྲ་པ་ཤྲནྠེ་གྲནྠི་དནྦྷི་ནཱཉ྄་ཙ། ཏྲཱྀ་ནི་རྐྱལ་བ་དང་རྒལ་བ་དག་གོ། །ཕ་ལ་ནི་རྫོགས་པའོ། །བྷ་ཛ་ནི་བསྟེན་པའོ། །དྲ་སུ་ཤ་ནི་ངོ་ཚར་ཤེས་པའོ། །ཤྲན་ཐ་དང་། གྲན་ཐ་ནི་གོང་ཡང་དག་པར་དགོད་པའོ། །དན་བྷུ་ནི་ངན་གཡོའོ། །དྷཱ་ཏུ་འདི་ རྣམས་ཀྱི་ཨ་ཨི་ཉིད་དུ་འགྱུར་བ་སྟེ། ཨ་བྷྱཱ་ས་ཡང་ཕྱི་བ་ནི་ཕ་རོལ་ན་པེ་རོ྅ཀྵ་ཨ་གུ་ཎ་རྣམས་དང་། ཨིཊ་དང་བཅས་པའི་ཐལ་ཡོད་ནའོ། །དྲི་ལ་ཨ་ཏུས་སྦྱར་བས། རི་ཨར་དུ་གྱུར་ཏེ་སྦྱར། གོང་དུ་ཏ་གཉིས་པ་བྱས། མདོ་འདིས་ཏས་ཨེ་ཐོབ་པ་དང་། གོང་མ་ཕྱི། ཏེ་ར་ཏུཿའོ། ། ཕ་ལ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཕེ་ལ་ཏུཿའོ། །བྷ་ཛ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བྷེ་ཛ་ཏུཿའོ། །ཏྲ་པུ་ལ་ཨེ་སྦྱར་བས་གོང་བཞིན། ཏྲེ་པེའོ། །ཤྲནྠ་ལ་ཨ་ཏུས་སྦྱར་གོང་བཞིན། ཨ་གུ་ནེ་པ་རོཀྵཱ་ནི་མདོས། ན་ཕྱི། ཤྲེ་ཐ་ཏུཿའོ། །གྲ་ནྠ་ལ་ཨ་ཏུས་སྦྱར་བ་གོང་ བཞིན། གྲེ་ཐ་ཏུཿའོ། །དན་བྷི་ལ་ཨ་ཏུས་སྦྱར་གོང་བཞིན། དེ་བྷ་ཏུཿའོ། །ཏྲི་ཤ་ལ་ཐལ་དང་ཨིཊ་སྦྱར་བས། ཏྲི་གཉིས་པ་བྱས། འོག་མའི་ཏྲི་ཨར་དུ་གྱུར། མདོ་འདིས་ཏས་ཨེ་ཐོབ་པ་དང་གོང་མ་ཕྱིའོ། །ཏེ་རི་ཐའོ། །ཕ་ལ་ཨིཊ་དང་ཐལ་སྦྱར། ཕེ་ལི་ཐའོ། །ཛྲྀ་ཥ་ནི་ན་ ཚོད་འཇོམས་པའོ། །བྷྲ་མུ་ནི་གཡོ་བའོ། །ཏྲ་སི་ནི་སྐྲག་པར་འགྱུར་བའོ། །པ་ཎ་ནི་འགྲོ་བའོ། །ར་ཛྲི་ནི་འབར་བའོ། །བྷྲ་ཛྲི་ནི་འབར་བའོ། །བྷྲ་ཤྲི་དང་བྷྨ་ཤྲི་ནི་འབར་བའོ། །སྱ་མུ་དང་། སྭ་ནུ་དག་ནི་སྒྲའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཨས་ཨེ་ཉིད་ཐོབ་པ་དང་། ཨ་བྷྱཱ་ས་ཡང་དབྱི་བར་ གསུངས་སོ། །ཛྲི་ལ་ཨ་ཏུས་སྦྱར་བས། ཛྲི་གཉིས་པ་བྱས། རི་ཨར་དུ་གྱུར། མདོ་འདིས་ཛས་ཨེ་ཐོབ། གོང་མ་ཕྱི། ཛེ་ར་ཏུཿའོ། །ཡང་ན་ཨི་མ་ཐོབ་པ་དང་ཨ་བྷྱ་ས་མ་ཕྱིས་ཏེ་རྣལ་མའོ། །ཛ་ཛ་ར་ཏུཿའོ། །བྷྲ་མུ་ལ་ཨ་ཏུས་སྦྱར། གོང་མ་བཞིན། ཡང་ན་རྣལ་མའོ། ། དྭི་ཏི་ཡ་ཙ་ཏུརྠ་པྲ་ཐ་མ་ཏྲི་ཏི་ཡའི་མདོས། བྷས་བ་ཐོབ། བ་བྷྲ་མ་ཏུཿའོ། །པྲ་པུ་ལ་ཨ་ཏུས་སྦྱར་བ་གོང་བཞིན། ཏྲེ་ས་ཏུཿའོ། །ཡང་ན་རྣལ་མ་སྟེ། ཨ་བྷྱཱ་ས་ནི། ཤམ་གྱི་མདོས། གོང་མའི་ར་ཕྱིའོ། །ཏ་ཏྲ་པ་ཏུཿའོ། །ཕ་ཎ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཕེ་ཎ་ཏུཿའོ། ། 195-1-57b ཡང་ན་རྣལ་མའོ། །རཱ་ཛི་ལ་ཨ་ཏུས་སྦྱར་གོང་བཞིན། རེ་ཛ་ཏུཿའོ། །ཡང་ན་རྣལ་མའོ། །བྷྲ་ཛི་ལ་ཨེ་སྦྱར་བས་བྷྲ་ཛི་གཉིས་པ་བྱས། མདོ་འདིས་བྷྲས་ཨེ་ཐོབ་པ་དང་། ཨ་བྷྱཱ་ས་ཕྱིའོ། །བྷྲེ་ཛེའོ། །ཡང་ན་ཨེ་སྦྱར་བས་ཨེ་མ་ཐོབ་ཅིང་། ཨ་བྷྱཱ་ས་མ་ཕྱིའོ། །བྷཱ་ཤ་ལ་ཨེ་སྦྱར་བས་ ཨེ་ཐོབ་པ་གོང་བཞིན། བྷཱེ་ཤེའོ། །ཡང་ན་རྣལ་མའོ། །ཏྱ་མུ་ལ་ཨ་ཏུས་སྦྱར། ཨ་བྷྱ་ས་ཕྱི་བ་དང་། ཏྱས་ཨེ་ཐོབ། ཏྱེ་མ་ཏུཿའོ། །ཡང་ན་རྣལ་མའོ། །སྭ་ནུ་ལ་ཨ་ཏུས་སྦྱར་བས་གོང་བཞིན། སྭེ་ན་ཏུཿའོ། །ཡང་ན་རྣལ་མའོ། །ཛ་ར་ལ་ཐལ་དང་། ཨིཊ་སྦྱར་བས་ཨེ་ཐོབ་པ་ དང་། ཨ་བྷྱཱ་ས་ཕྱི། ཛེ་རི་ཐའོ། །ཡང་ན་རྣལ་མའོ། །ན་ཤ་ཤ་ད་ད་བཱ་དི་གུ་ཎི་ནམ། ཤཱ་སུ་ནི་འཚེ་བའོ། །དད་ནི་སྦྱིན་པའོ། །འདི་དག་གི་དེ་བཞིན་དུ་བ་ཐོག་མ་ན་ཡོད་པ་དང་། དེ་བཞིན་དུ་གུ་ཎ་ཡོད་པ་སྔར་བཤད་པ་ཕ་རོལ་ན་ཡོད་ཀྱང་། ཨེ་ཐོབ་པ་དང་། ཨ་བྷྱ་ས་དབྱི་བ་ཡང་མི་ འབྱུང་ངོ་། །ཤྭ་པུ་ལ་ཨ་ཏུས་སྦྱར་བས་ཐོག་མར་བི་སྦྱར། ཤ་ས་གཉིས་པ་བྱས་ཏེ་ས་ཕྱི། བི་ཤ་ཤ་ས་ཏུའོ། །ཤ་སུ་ལ་ཐལ་དང་ཨིཊ་སྦྱར་བས་སྔར། བི་ཤ་ཤ་སི་ཐའོ། །དད་ལ་ཨེ་སྦྱར་བས་སྔ་མ་བཞིན་དང་དེའོ། །བ་མུ་ལ་ཨ་ཏུས་སྦྱར་བས་བ་མུ་གཉིས་པ་བྱ་སྟེ། མུ་ཕྱི། བ་བ་མ་ཏུའོ། ། བ་མ་ལ་ཐལ་དང་ཨིཊ་སྦྱར་བས་སྔར་བཞིན། བ་བ་མི་ཐའོ། །ཤྲི་ལ་ཨ་ཏུས་སྦྱར་བས་གོང་དུ་བི་སྦྱར། རི་ཏི་ཨར་དུ་གྱུར་ནས། ཤ་གཉིས་པ་བྱས། བི་ཤ་ཤ་ར་ཏུའོ། །ཤྲི་ལ་ཐལ་དང་ཨིག་སྦྱར་བས་གོང་དུ་བ་སྦྱར་བ་སོགས་གོང་བཞིན། བི་ཤ་ཤ་རི་ཐའོ། །སྭ་རཱ་དཱ་བི་བརྞོ་བརྞནྟ་ སྱ་དྷ་ཏོ་རི་ཡུ་བཽ། དྷཱ་ཏུ་འབྲེལ་པའི་ཡི་གེ་ཨི་དང་ཨུ་མཐར་གནས་པ་དེ་ལ་གོ་རིམས་ཇི་ལྟ་བ་བཞིན། ཨི་ཡ་དང་ཨུ་ཝ་དག་འབྱུང་བ་སྟེ། དབྱངས་ཐོག་མ་ན་ཡོད་པའི་ཨ་གུ་ཎེ་ཕ་རོལ་ན་ཡོད་ནའོ། །ཤྲི་ལ་ཨ་ཏུས་སྦྱར་བས་ཤྲི་གཉིས་པ་བྱས། ར་ཕྱི། མདོ་འདིས་ཨི་ས་ཨི་ཡ་ ཐོབ་སྟེ། ཨི་དང་ཤྲི་སྦྱར། ཡ་དང་ཨ་སྦྱར། ཤི་ཤྲི་ཡ་ཏུཿའོ། །ཤྲི་ལ་ཨུས་སྦྱར་བས་སྔ་མ་བཞིན། ཤི་ཤྲི་ཡུཿའོ། །ཤྲིཉ་ནི་བསྟེན་པའོ། །ལཱུ་ལ་སྦྱར་བས་སྔ་མ་བཞིན། ལུ་ལུ་ཝུཿའོ། །ལུཉ་ནི་གཅོད་པའོ། །ཨ་བྷྱ་ས་སྱ་ས་བརྞེ། གང་ལ་ཨ་བྷྱ་སའི་མིང་དང་། ཨུ་དེ་ལ་ཨི་ 195-1-58a ཡ་དང་ཨུ་བ་དག་འབྱུང་བ་སྟེ། མི་འདྲ་བའི་དབྱངས་ཕ་རོལ་ན་ཡོད་ནའོ། །རྀ་ལ་དེ་སྦྱར། བར་དུ་ཨན་སྦྱར་ཏེ་ཕྱི་བས་རི་གཉིས་པ་བྱས། ཨ་ཀཱ་རཱ་རྀ་ཝརྞ་མདོས་རྀས་ཨ་ཐོབ། ཧ་ཏི་པ་ཏིདྷོ་ཙའི་མདོས་ཨས་ཨི་ཐོབ། མདོ་འདིས་ཨི་མ་ཐོབ། དྷཱ་ཏུའི་རྀ་ཨར་དུ་གྱུར་ཏེ་ སྦྱར། ཨ་ཡརྟིའོ། །ནོརྦི་ཀ་ར་ཎ་སྱ། བི་ཀཱ་ར་ཎའི་ནུ་གང་ཡིན་པའི་ཡི་གེ་ཨུ་དེ་ལ་ཨུ་ཝ་གཞག་པར་འབྱུང་བ་སྟེ། དབྱངས་ཐོག་མ་ན་གནས་པའི་ཨ་གུ་ཎེ་ཕ་རོལ་ན་ཡོད་ནའོ། །ཨབླྀ་ལ་ཨན་ཏེ་སྦྱར་བས། པྲ་གོང་དུ་སྦྱར་ཏེ། ས་མ་ན་དཱིརྒ་ནུ་སྭ་རའི་མདོས། བར་དུ་ནུ་ཐོབ་སྟེ། ཨུས་ ཨུ་ཝ་ཐོབ་སྟེ་སྦྱར། བྲཱཔྣུ་ཝནྟིའོ། །ཨ་པ་ལི་ནི་ཁྱབ་པའོ། །ཤཀླི་ལ་ཨན་ཏི་སྦྱར་བས་གོང་བཞིན། ཤཀྣུ་ཝན་ཏིའོ། །ཤཀ་ལི་ནི་ནུས་པའོ། །ཡུ་ལི་ཝརྞ་སྱཱ་སཾ་ཡོ་ག་པཱུརྦ་སྱ་ནེ་ཀཱཀྵ་ར་སྱ། ཙི་ལ་ཨ་ཏུས་སྦྱར། ཙི་གཉིས་པ་བྱས་པས་དབྱངས་དུ་མར་གྱུར་ཏེ། དྷཱ་ཏུ་ཙིའི་ཨིས་ཡ་ ཐོབ་སྟེ། ཡ་དང་ཙ་དང་སྦྱར་རོ། །ཙི་ཙྱ་ཏྲཿ ཙིཉ་ནི་སྡུད་པའོ། །ནཱི་ལ་ཨ་ཏུས་སྦྱར་བས་གོང་བཞིན། ནི་ནྱ་ཏུཿའོ། །ཎཱིཉ་ནི་ཐོབ་པའོ། །ཨི་ཎ་ཤྩ། ཨི་ཎ་ནི་འགྲོ་བ་སྟེ། འདི་ལ་ཡ་ཉིད་འབྱུང་བ་ནི་དབྱངས་ཐོག་མ་ན་ཡོད་པའི་ཨ་གུ་ཎ་ཕ་རོལ་ན་ཡོད་ནའོ། །ཨིཎ་ལ་ཨནྟི་སྦྱར། ཎ་ ཕྱི། བར་དུ་ཨན་སྦྱར་ཕྱི། ཨིའི་ཡ་ཐོབ། ཡནྟིའོ། །ཨ་ཎི་ལ་ཨན་ཏུ་སྦྱར་བས་སྔ་མ་བཞིན། ཡནྟུའོ། །ནོརྦ་ཀ་རོ་བི་ཀ་ར་ཎ་སྱ། གང་བི་ཀ་ར་ཎའི་ནུའི་ཐོག་མ་ན་མི་ལྡན་པ་ཡོད་ན་ཨུ་དེ་ལ་ཝ་ཉིད་འབྱུང་བ་སྟེ། སུ་ནུ་ལ་ཨནྟི་སྦྱར་བས། མདོ་འདིས་ནུའི་ཨུས་ཝ་ཐོབ་སྟེ་ སྦྱར་བས། སུ་ནྭནྟིའོ། །ཙི་ནུ་ལ་ཨན་ཏི་སྦྱར་བས་གོང་བཞིན། ཙི་ནྭནྟིའོ། །ཙིཉ་ནི་སྡུད་པའོ། །ཛུ་ཧོ་ཏེ། སཪྺ་དྷཱ་ཏུ་ཀེ །ཧུ་ནི་སྦྱིན་པ་དང་བཟའ་བ་དག་སྟེ། འདིའི་ཕ་རོལ་ན་སཪྺ་དྷ་ཏུ་ཀ་དབྱངས་ཐོག་མ་ན་གནས་པ་ཡོད་ན་ཝ་ཉིད་འབྱུང་བའོ། །ཧུ་ལ་ཨན་ཏི་སྦྱར། བར་དུ་ཨན་ སྦྱར་ཏེ་ཛུ་ཧོ་ཏིས་ཕྱི། ཧ་གཉིས་པ་བྱས། ཨུས་ཝ་ཐོབ་ལ་སྱོ། །ཨ་བྷྱ་ཏའི་མདོས་ན་ཕྱིའོ། །ཛུ་ཧྭ་ཏིའོ། །ཧུ་ལ་ཨན་ཏུ་དང་། ཨན་སྦྱར་བས་སྔ་མ་བཞིན། ན་ནི་མ་ཕྱི་བའོ། །ཛུ་ཧྭནྟུའོ། །བྷོ་བོ་བནྟུ་པ་རོཀྵཱ་དྷྱ་ཏ་ནྱོཿ། བྷུ་ནི་ཡོད་པ་ཞེས་བྱ་བ་སྟེ། འདིའི་དབྱངས་ཕ་རོལ་ན་དབྱངས་ 195-1-58b ཐོག་མ་ན་གནས་པའི་བ་རོ྅ཀྵཱ་དང་། ཨ་དྱ་ཏ་ནཱི་དག་ཡོད་ན་བ་དག་འབྱུང་སྟེ། བྷུ་ལ་ཨཊ་སྦྱར་བས་བྷུ་གཉིས་པ་བྱས། བྷ་ཝ་ཏེ་རའི་མདོས་བྷས་བ་ཐོབ། མདོ་འདིས་ཝ་ཐོབ་པ་འབྱུང་སྟེ། ཨ་དང་སྦྱར་ཊ་ཕྱི། བ་བྷུ་བའོ། །བ་བྷུ་ལ་ཨན་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་སི་ ཙ་སྦྱར། ཨིན་སྠཱ་དེ་ཏིའི་མདོས་ཕྱི། མདོ་འདིས་བ་ཐོབ་སྟེ་ཨན་དང་སྦྱར། ཨ་བྷུ་བ་ནའོ། །གོ་ཧེ་རུ་ཨུ་པ་དྷཱ་ཡཱཿ གུ་ཧི་ནི་སྦེད་པ་ཞེས་བྱ་བ་འདིའི་ཉེ་བའི་ཚིག་གུ་ཎར་བྱས་པ་ལ་ཨུ་ཉིད་འབྱུང་བ་སྟེ། དབྱངས་ཐོག་མ་ན་གནས་པ་ཕ་རོལ་ན་ཡོད་ནའོ། །ཧོ་ཧུ་ལ་ཏི་སྦྱར། བར་དུ་ ཨན་སྦྱར་བས། གོས་གུ་ཐོབ་སྟེ། མདོ་འདིས་ཨུ་ཐོབ་པའོ། །གུ་ཧ་ཏིའོ། །གོ་ཧུ་ལ་ཏས་དང་ཨན་སྦྱར་བས་སྔ་མ་བཞིན་གུ་ཧ་ཡཿའོ། །གོ་ཧུ་ལ་ཨནྟི་དང་། ཨན་སྦྱར་གུ་ཧན་ཏིའོ། །དུ་ཥཿཀཱ་རི་ཏེ། དུ་ཥ་ནི་སུན་འབྱིན་པར་བྱེད་པ་ཞེས་བྱ་བ་འདིའི་ཕ་རོལ་ན་ཀཱ་རི་ཏ་ཡོད་ ན་ཉེ་བའི་ཚིག་ལ་ཨུ་འབྱུང་བ་ཉིད་དོ། །དུ་ཥ་ལ་ཨིན་སྦྱར་བས་དུའི་ཨུས་ཨཱུ་ཐོབ། ཝརྟ་མཱ་ནཱ་ཏེ་སྦྱར། བར་དུ་ཨན་སྦྱར། ཨིས་ཨེ་ཐོབ། ཨེས་ཨཡ་ཐོབ་སྟེ་སྦྱར། དཱུ་ཥ་ཡ་ཏིའོ། །ཅིའི་ཕྱིར་ཀཱ་ར་ཏི་ཞེས་སྨོས་ཤེ་ན། དུ་ཥ་ལ་ཨིན་མ་སྦྱར་གྷཉ་སྦྱར་བས་ཉ་དང་གྷ་ཕྱི། ཨུ་ ཨོར་འགྱུར། ཥ་དང་གའི་ཨ་སྦྱར། དེ་ཥཿའོ། །བཱ་ཙི་ན་ཏ་བི་ར་གེ །སེམས་སུན་དབྱུང་བར་གྱུར་པའི་ཉེ་བའི་ཚིག་ཏུ་ཥེ་ལ་ཨུ་ཉིད་འབྱུང་། མཱ་འགྱུར་བ་སྟེ། དེ་ཡང་ཕ་རོལ་ན་ཀཱ་རི་ཏ་ཡོད་ནའོ། །དུ་ཥ་ལ་ཨིན་སྦྱར་བས་ཨུས་ཨཱུ་ཐོབ། ཏི་དང་ཨན་སྦྱར་བས་སྔ་མ་བཞིན། ཙིཏྟཾ་དཱུ་ཥ་ཡ་ཏིའོ། །ཡང་ན་རྣལ་མའོ། །སེམས་སུན་དབྱུང་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། རྒོལ་བས་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་ནི་རྟག་ཏུ་ཨུ་ཉིད་འབྱུང་བའོ། །མཱ་ནུ་བན་དྷཱ་ནཱཾ་ཧཱ་སྭཿ། གྷ་ཊ་ནི་གཡོ་བ་ཞེས་པ་སྟེ། དེ་ནས་བཙོས་ནས། ཥ་མཥྚ་མ་བཻ་ཀ་ལྱ་ཞེས་ པ་འདིའི་མཐར་ཐུག་གི་དྷཱ་ཏུ་རྣམས་མ་རྗེས་སུ་འབྲེལ་པ་མ་ཡིན་པའང་མའི་མཐའ་ཅན་དུ་སྦྱར་ཏེ་འདི་རྣམས་ཀྱི་ཉེ་བའི་ཚིག་ཐུང་བར་འགྱུར་བ་སྟེ། ཀཱ་རི་ཏ་ཕ་རོལ་ན་ཡོད་ནའོ། །གྷ་ཊ་ལ་ཨིན་སྦྱར་བས་ཨ་སྱོ་པ་དྷེ་ཏ་དིརྒྷིའི་མདོས་ཊ་བསྲིངས་ཏེ། མདོ་འདིས་ 195-1-59a བསྟུངས། ཨན་དང་སྦྱར་བས། ཨིས་ཨེ། ཨེ་ཨཡ། ཨ་དང་ཊ། ཡ་དང་ཨན་གྱི་ཨ་སྦྱར། གྷ་ཊ་ཡ་ཏིའོ། །པྲ་ཐ་ལ་ཨིན་སྦྱར་བ་སོགས་སྔ་མ་བཞིན། པྲ་ཐ་ཡ་ཏིའོ། །ཛ་ནཱི་ཨིན་སྦྱར་བ་སོགས་གོང་བཞིན། ཛ་ན་ཡ་ཏིའོ། །གྷ་ཊ་ནི་གཡོ་བའོ། ། པྲ་ཐ་ནི་རབ་ཏུ་གྲགས་པའོ། །ཛ་ནཱི་ནི་རབ་ཏུ་བསྐྱེད་པའོ། །དྲཱི་བྷྱ་ཞེས་པ་འདིའི་དྷ་ཏུ་འཇིགས་པའི་དོན་ལ་ཐུང་བར་འགྱུར་ཏེ། དྲཱི་ལ་ཨིན་སྦྱར་བས། རྀ་ཨཱར་དུ་འཕེལ་ཏེ། ར་དང་ཨི་སྦྱར། ཨ་དང་སྦྱར་བ་མདོ་འདིས་དཱ་བསྟུངས། ཏི་དང་ཨན་སྦྱར་བ་སྔ་མ་བཞིན། ད་ར་ཡ་ཏིའོ། །ཅིའི་ ཕྱིར་འཇིགས་པ་ཞེས་སྨོས་ཤེ་ན། ཤིང་གཅོད་པ་ཞེས་བྱ་བ་སྟེ། དྲཱི་ལ་ཨིན་སྦྱར་བས་གོང་བཞིན་འཕེལ་ཏེ་ཨ་མ་བསྟུངས་སོ། །ཙ་ལ་ཀམ་པ་ན་ཞེས་པ་འདི་གཡོ་བའི་དོན་ལ་གོང་མ་བཞིན་གསུངས་ཏེ། ཙ་ལ་ཨིན་སྦྱར་བས་ཙ་བསྲིངས་པ་མདོ་འདིས་བསྟུངས། ཏི་དང་ཨན་སྦྱར་བ་སྔ་ མ་བཞིན། ཅིའི་ཕྱིར་གཡོ་བ་ཞེས་སྨོས་ཤེ་ན། ཨུ་ཏྲ་ཙ་ལ་ཨིན་སྦྱར་བས་ཙ་བསྲིངས་ཏེ་མ་བསྟུངས་པའོ། །ཨུཙྩཱ་ལ་ཡ་ཏིའོ། །ཨི་ཙ་བྷཱ། གང་མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཕ་རོལ་ན་ཀཱ་རི་ཏ་དང་། ཨི་ཙ་ཡོད་ན་དེ་ཐུང་བར་འབྱུང་བའམ། གྷ་ཊ་ཨིཊ་སྦྱར་བས་གྷ་བསྲིངས། །ཨ་དྱ་ཏ་ནཱིས་ ཏ་སྦྱར་བས། གོང་དུ་ཨ་སྦྱར། སི་ཙ་སྦྱར་བས་སི་ཙ་ཏ་ལོ་པའི་མདོས། ཏ་ཕྱི། གྷ་བསྟུངས་ཏེ་ཀཱ་རི་ཏ་ཕྱི་ནས། ཊ་དང་ཨི་སྦྱར། ཙ་ཕྱིའོ། །ཨ་གྷ་ཊིའོ། །ཡང་ན་གོང་མ་བཞིན་སྦྱར་ཏེ་གྷཱ་མ་བསྟུངས་སོ། །ཛ་ནི་བ་དྷྱོཤྩ། ཛ་ནའི་དྷཱ་ཏུ་དང་། དེ་བཞིན་དུ་གང་བསྟན་ཏིའི་གནས་སུ་ བནྟ་གཞག་པ་སྟེ། དེ་དག་ཕ་རོལ་ན་ཨི་ཙ་ཡོད་ན་ཉེ་བའི་ཚིག་ཐུང་བར་འགྱུར་རོ། །ཛ་ལ་ཨ་དྱཏཱའི་ཏ་སྦྱར་བས་གོང་དུ་ཨ་སྦྱར། ཨི་ཙ་སྦྱར་བས་ཏ་ཕྱི་སྟེ། ཛ་བསྲིངས་པ། མདོ་འདིས་བསྟུངས་སོ། །ཨ་ཛ་ནའོ། །ཧ་ན་ལ་ཨི་ཙ་སྦྱར་བས། བ་དྷ་ཐོབ། ཨི་སྦྱར་བས་སྔ་མ་བཞིན། ཨ་བ་བྷིའོ། །ཨོ་དཽདྦྷྱཾ་ཡིནྣཱ་ཡཱ་སྭ་ར་བཏ། ཨོ་དང་ཨཽ་དག་གི་ཕ་རོལ་ན་ཡིན་དང་། ཨ་ཡིག་དག་ཡོད་ན་དབྱངས་ཀྱི་ངོ་བོ་ལྟ་བུར་འགྱུར་ཏེ། གང་དབྱངས་ཕ་རོལ་ན་ཡོད་པའི་བྱ་བར་བརྗོད་པ་དེ་ཡི་དང་ཨ་ཡི་དག་ལས་འབྱུང་ཞེས་པའི་དོན་ཏོ། །གོ་ལ་ཡིན་སྦྱར་བས་མདོ་འདིས་ཨོས་ཨ་ཝ་ 195-1-59b ཐོབ་སྟེ་ཡ་དང་སྦྱར། ཡང་ཏི་སྦྱར། གོ་ཝྱ་ཏིའོ། །གོ་ལ་ཡིན་སྦྱར་བས་གོང་བཞིན། ག་ཝྱ་ཏེའོ། །ནཽ་ལ་ཡིན་སྦྱར་བས་སྔ་མ་བཞིན། ནཱ་ཝྱ་ཏིའོ། །ནཽ་ལ་ཨུ་ཡི་སྦྱར་བས་སྔ་མ་བཞིན། ན་ཝྱ་ཏེའོ། །གཽ་དང་ནཽའི་སྒྲ་དག་ལ་ཡང་རྐྱེན་ཡིན་དང་ཨཱ་ཡི་ཡོད་པར་གྱུར་ན། ཨོ་ཨ་ཝར་འགྱུར་ ཨཽ་ཨཱ་ཝར་འགྱུར་བའོ། །ནཱ་མྱནྟཱ་ནཱཾ་ཡ་ཎཱ་ཡི་ཡནྣ་ཤེ་ཤྩི་ཀྲི་ཡི་ཏེ་ཥུ་ཡེ་དཱིརྒྷཿ། ནཱ་མི་མཐའ་ཅན་གྱི་དྷཱ་ཏུ་རྣམས་དང་། ལིངྒ་རྣམས་ཀྱིའང་ཕ་རོལ་ན། ཡཎ་དང་། ཨཱ་ཡི་དང་། ཨིན་དང་། ཨཱ་ཤཱི་ཥ་དང་། ཙི་ཀྲཱི་ཡི་ཏེའི་ཡ་རྣམས་ཡོད་ན་སྲིང་བར་འབྱུང་བ་སྟེ། ཡ་ཎའི་དཔེ། ཙི་ལ་ ཡན་སྦྱར་ཏེ། མདོ་འདིས་བསྲིངས། ཨ་ཕྱི་སྟེ་སྦྱར། ཙཱི་ཡ་ཏེའོ། །ཙིཉ་ནི་སྡུད་པའོ། །ཨཱ་ཡའི་དཔེ་ནི། ཨགྣི་ལ་ཨཱ་ཡི་སྦྱར་བས་སྔ་མ་བཞིན། ཨི་དང་ཨཱ་ཕྱི་ནས་ཨན་སྦྱར། ཨགྣཱི་ཡ་ཏེའོ། །ཡིན་གྱི་དཔེ་ནི། པ་ཊུ་ལ་ཡན་སྦྱར་བས་ཊུ་བསྲིངས་པ་ལ་སོགས་སྔ་མ་བཞིན། པ་ཊུ་ཡ་ ཏིའོ། །ཨཱ་ཤཱི་ཥའི་དཔེ་ནི་ཙི་ལ་ཡང་སྦྱར་བས། སྔ་མ་བཞིན། ཡ་དང་ཨ་ཕྱི་ནས་ཨན་སྦྱར། ཨགྣཱི་ཡ་ཏེའོ། །ཡིན་གྱི་དཔེ་ནི། པ་ཊུ་ལ་ཡིན་སྦྱར་བས་ཊུ་བསྲིངས་པ་ལ་སོགས་སྔ་མ་བཞིན་ནོ། །པ་ཊ་མ་ཏིའོ། །ཨཱ་ཤི་ཥའི་དཔེ་ནི། ཙི་ལ་ཡཱཏ་སྦྱར་བས་མདོ་འདིས་ཨཱི་བསྲིངས། སྟུ་ལ་ཡཱཏ་སྦྱར་བས། སྟུའི་ཨུ་མདོ་འདིས་བསྲིངས། སྟུ་ཡཱ་ཏའོ། །ཙིཉ་ནི་སྡུད་པའོ། །ཥྚུཉ་ནི་བསྟོད་པའོ། །ཙི་ཀྲཱི་ཡི་ཏའི་དཔེ་ནི། ཙི་ལ་ཡ་སྦྱར་བས་ཨཱི་བསྲིངས། ཙི་གཉིས་པ་བྱས་ཏེ། ཀྲཱིའི་ཙིའི་མདོས། ཨ་བྷྱཱ་ས་གུ་ཎའོ། །ཅིའི་ཕྱིར་ཡཎ་ལ་སོགས་པ་སྨོས་ཤེ་ན། ཙི་ལ་སདྷ་ མིའི་ཡཏ་སྦྱར་བས། ནུ་བི་ཀཱ་ར་ཎ་བར་དུ་ཐོབ་སྟེ། བསྲིང་བ་མ་གྲུབ་པའོ། །ཙི་ནུ་ཡཱཏའོ། །ཨི་ཎོ་ནུ་པ་སྲིཥྚ་སྱ། ཨི་ཎ་འགྲོ་བ་ཞེས་བྱ་བ་འདིའི་ཉེ་བར་སྒྱུར་བ་ལ་གཏོགས་པ་དེའི་ཕ་རོལ་ན་ཨཱ་ཤཱི་ཥ་ཡཱཏ་ཡོད་ན་དྷཱ་ཏུ་རིང་པོར་འགྱུར་བ་སྟེ། ཡིན་ལ་ཡཱཏ་སྦྱར་བས་ན་ཕྱི་ཨཱི་བསྲིངས་ཨཱི་ ཡཱཏའོ། །ཨཱི་ཎ་ལ་ཡཱ་སྟཱཾ་སྦྱར་བས་སྔ་མ་བཞིན། ཨཱི་ཡཱ་སྟཱམའོ། །རྀ་ཏ་དནྟ་ཤྩེ་ཀྲཱི་ཡི་ཏ་ཡིནྣཱ་ཡཱ་ཥུ། རྀའི་མཐའ་ཅན་གྱི་དྷཱ་ཏུ་དང་། རྟགས་ཀྱི་ཡང་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་དང་། ཡིན་དང་། ཨཱ་ཡི་ཕ་རོལ་ན་ཡོད་ན་ཨཱི་ཐོབ་པ་འབྱུང་སྟེ། ཀྲྀཉ་ལ་ཙི་ཀྲཱི་ཡི་ཏའི་ཡ་སྦྱར་བས། ཨཱི་ཐོབ། 195-1-60a རྀས་ར་ཐོབ་པ་དང་སྦྱར། ཀྲཱི་གཉིས་པ་བྱས་ར་ཕྱི། ཀས་ཙ་ཐོབ། ཨཱིས་ཨེ་ཐོབ། ཙེ་ཀྲཱི་ཡ་ཏེའོ། །ཧྲི་ལ་ཡ་སྦྱར་བས་གོང་བཞིན། ཛེ་ཧྲཱི་ཡ་ཏེའོ། །ཧྲིཉ་ནི་འཕྲོག་པའོ། །ཡིན་གྱི་དཔེ་ནི། མཱ་ཏྲི་ལ་ཡིན་སྦྱར་བས་མདོ་འདིས་ཨཱི་ཐོབ་སྟེ། རིས་ར་ཐོབ་ པ་དང་སྦྱར། ཨི་དང་ན་ཕྱི། ཨན་གྱི་ཨ་དང་སྦྱར། མཱ་ཏཱི་ཡ་ཏིའོ། །ཨཱ་ཡའི་དཔེ་ནི། མཱ་ཏྲྀ་ལ་ཨཱ་ཡི་སྦྱར་བས་ཏྲྀ་ས་ཨཱི་ཐོབ། ཨཱ་ཕྱིས་སོ། །མཱ་ཏྲི་ཡ་ཏེའོ། །ཨི་ར་ཎྱ་གུ་ཎེ། རྀའི་མཐའ་ཅན་གྱི་དྷཱ་ཏུའི་ཕ་རོལ་ན་ཨན་བི་ཀཱ་ར་ཎ་ཨ་གུ་ཎེ། ཨི་ཐོབ་པར་འབྱུང་སྟེ། དྲིའི་འོག་ཏུ་ ཨཱང་བྱ་སྟེ། ང་ཕྱིས་ཏེ་སྦྱར། བར་དུ་ཨན་སྦྱར་བས་ཨི་ཐོབ་སྟེ། ཨི་ཨི་ཡར་གྱུར་ཏེ་རྀས་ར་ཐོབ་པ་དང་སྦྱར་རོ། །ཨཱ་དྲི་ཡ་ཏེའོ། །དྲིང་ནི་ཞེས་སའོ། །ཡ་ཎཱ་ཤི་ཥརྱེ། རིའི་མཐའ་ཅན་གྱི་དྷཱ་ཏུའི་ཕ་རོལ་ན་ཡ་ཎ་དང་ཨཱ་ཤཱི་ཥ་ཡཱ་ཏ་ཡོད་ན། དྷཱ་ཏུས་ཨི་ཐོབ་པར་འགྱུར་བ་སྟེ། ཀྲྀ་ལ་ ཡ་ཎ་སྦྱར་བས་མདོ་འདིས་ཨི་ཐོབ་སྟེ། རྀ་རར་གྱུར་པ་དང་སྦྱར། ཀྲཱི་ཡ་ཏེའོ། །ཀྲི་ལ་ཨཱ་ཤཱིའི་ཥ་ཡཱ་ཏ་དང་སྦྱར་བས་སྔ་མ་བཞིན་ཀྲི་ཡཱཏའོ། །གུ་ཎོ་རྟི་སཾ་ཡོ་གཱ་དྱ། རྀ་ག་ཏོ་ཞེས་བྱ་བ་འདི་དང་། སཾ་ཡོ་ག་ཐོག་མ་ར་ཡོད་པའི་མཐའ་ཅན་གྱི་དྷཱ་ཏུ་དག་གི་ཕ་རོལ་ན་ཡན་དང་ཨཱ་ཤཱི་ཥ་ཡཏ་ཡང་ཡོད་ ན། དྷཱ་ཏུ་ལ་ཨ་གུ་ཎ་འབྱུང་བ་སྟེ། རྀ་ལ་ཡན་སྦྱར་བས་མདོ་འདིས་རྀ་ཨར་དུ་འགྱུར་ཏེ་སྦྱར། ཝརྟ་མཱ་ནཱ་ཏེའོ། །རྀ་ལ་ཡཱཏ་སྦྱར་བས་སྔ་མ་བཞིན། ཨ་དྱཱ་ཏའོ། །སྨྲྀ་ལ་ཎ་སྦྱར་བས་རྀ་ཨར་དུ་འགྱུར་ཏེ་སྦྱར། སྨརྱ་ཏེའོ། །སྨྲྀ་ལ་ཡཱཏ་སྦྱར་བས་སྔར་བཞིན། སྨཱ་དྱཱ་ཏའོ། །ཙི་ཀྲཱི་ཡི་ ཏེ་ཙ། རི་ག་ཏཽ་ཞེས་པ་འདི་དང་ལྡན་པའི་རི་ཡང་གུ་ཎར་འགྱུར་བ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ནའོ། །རི་ལ་ཡ་སྦྱར་བས་མདོ་འདིས་ཨར་དུ་གྱུར་ཏེ། ཡ་དང་སྦྱར། སྭ་ར་དེ་དྭི་ཏི་ཡ་སྱའི་མདོས་དྱ་གཉིས་པ་བྱས་ཏེ་ཡ་ཕྱི། དཱིརྒྷོ་ནཱ་ག་ཨཱ་མེས་ར་བསྲིངས། ཝརྟ་མཱ་ན་ཏེ་སྦྱར། ཨ་ ར་དྱ་ཏེའོ། །སྨྲྀ་ལ་ཡ་སྦྱར་བས་རྀ་ཨར་དུ་གྱུར། སྨཱ་གཉིས་པ་བྱ་སྟེ་མ་ཕྱིའོ། །ས་སྨརྱ་ཏེའོ། །ཧ་ན་ཧི་ན་ས་ག་དཽ་ཞེས་བྱ་བ་འདིའི་གྷི་གཞག་པ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ནའོ། །ཧ་ན་ལ་ཡ་སྦྱར་བས་ཧ་ན་ས་གྷཱི་ཐོབ། གྷྣི་གཉིས་པ་བྱས་ཏེ་ཕྱི། གས་ཛ་ཐོབ། ཨི་གུ་ཎའོ། །ཛེ་ 195-1-60b གྷཱི་ཡ་ཏེའོ། །གྷ་དྷྨོ་རཱི། གྷ་ནི་དྲི་ལེན་པ་སྟེ། དྷྨཱའི་སྒྲ་མེ་དང་འབྲེལ་པ་ཞེས་བྱ་བས། ཨཱི་ཐོབ་སྟེ། འདི་དག་གི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ནའོ། །གྷཱ་ལ་ཡ་སྦྱར་བས། མདོ་འདིས་ཨཱི་ཐོབ། གྷྲི་གཉིས་པ་བྱས། ར་ཕྱི་གས་ཛ་ཐོབ། མི་བསྟུངས། གུ་ཎའོ། །ཛེ་གྷྲི་ཡ་ཏེའོ། །དྷྨ་ ལ་ཡ་སྦྱར་བས། ཨཱི་ཐོབ། དྷྨི་གཉིས་པ་བྱས། མ་ཕྱི། དྷས་ད་ཐོབ། ཨཱི་གུ་ཎའོ། །དེ་དྷཱི་ཡ་ཏེའོ། །ཡིནྱ་ཝཪྞ་སྱ། ཨིའི་མཐའ་ཅན་གྱི་རྟགས་ལ་ཨཱི་ཉིད་འབྱུང་སྟེ་ཕ་རོལ་ན་ཡིག་ཡོད་ནའོ། །མཾ་ག་ལ་ལ་ཡ་སྦྱར་བས་མདོ་འདིས་ཡས་ཨཱི་ཐོབ། ཝརྟ་མཱ་ན་ཏེ་སྦྱར། མངྒ་ལཱཾ་ཡ་ཏེ། ཨ་དིརྒྷཱ་སླྀ་ས་ན་དྱ་ཏ་ནྱོ། ཨད་བྷཀྵ་ཎ་ཞེས་བྱ་བ་འདིས། གྷ་སླྀ་གཞག་པ་སྟེ་ཕ་རོལ་ན་སན་དང་ཨ་དྱ་ཏ་ནི་ཡོད་ནའོ། །ཨད་ལ་སན་སྦྱར་བས་མདོ་འདིས་ཨ་དས་གྷ་སླྀ་ཐོབ་སྟེ། གྷ་སླྀ་གཉིས་པ་བྱས། སླྀ་ཕྱི། གྷས་ཛཱ་ཐོབ། སན་ནྱ་ཝརྞ་སྱའི་མདོས་ཨི་ཐོབ། སཪྺ་དྷཱ་ཏུ་ཀེ་ཨེ་ཏི་ཞེས་ པས་སས་ཏ་ཐོབ། སན་གྱི་ས་དང་སྦྱར། ཛི་གྷ་ཏྲ་ཏིའོ། །ཨད་ལ་ཨ་དྱ་ཏ་ནི་སྦྱར་བས་གྷ་སླྀ་ཐོབ་སྟེ། ལྀ་ཕྱི་ནས་ས་སྦྱར། ཨ་གྷ་ས་ཏའོ། །བ་པ་ཀྵ་ཡཾ། ཨ་དའི་ཕ་རོལ་ན་པ་རོ་ཀྵ་ཡོད་ན་གྷསླྀ་གཞག་པར་རུང་བ་སྟེ། ཨ་ད་ལ་པ་རོ་ཀྵཱ་ཨཊ་སྦྱར་བས་གྷ་སླྀ་ཐོབ་ནས་གྷ་སླྀ་གཉིས་པ་བྱས་ཏེ། སླྀ་ཕྱི། གས་ཛ་ཐོབ། ཨཱ་སྱོ་པ་བཱིརྒྷཱས་དྷཱ་ཏུ་བསྲིངས་པའོ། །ཛ་གྷྲཱ་སའོ། །ཨད་ལ་ཨ་ཏུས་སྦྱར་བས་གྷ་སླྀ་ཐོབ། ལྀ་ཕྱི། གྷ་སླྀ་གཉིས་པ་བྱ་སྟེ་གོང་བཞིན། ཨ་གྷོ་ཥེ་ཥ་ཤིད་ཀྱི་མདོས་གྷས་ཀ་ཐོབ། ཤཱ་སི་བ་སའི་སས་ཥ་ཐོབ་སྟེ་ཨ་དང་སྦྱར་རོ། །ཛ་ཀྵ་ཏུཿའོ། །ཡང་ན་ཨད་ལ་ཨཊ་ སྦྱར་བ་རྣལ་མའོ། །ཨ་ཏུས་སྦྱར་བའོ། །ཝེ་ཉཤྩ་ཝ་ཡིཿ། ཝེཉ་ནི་ཐགས་འཐག་པ་ཞེས་བྱ་སྟེ། དྷཱ་ཏུ་འདིའི་ཕ་རོལ་ན་པ་རོཀྵ་ཡོད་ན་ཝ་ཡ་གཞག་པའམ། བེཉ་ཨཊ་སྦྱར་བས། མདོ་འདིས་ཝ་ཡ་ཐོབ་སྟེ། ཝ་གཉིས་པ་བྱས། ཝས་ཨུ་ཐོབ། ཨུ་ཝ་ཡའོ། །བེ་ཉ་ལ་ཨ་ཏུས་སྦྱར་བས། ཝ་ཡ་ཐོབ། ཝས་ཨུ་ཐོབ། ཨུ་གཉིས་པ་བྱས་ཏེ། ས་མཱ་ན་དཱིརྒྷའོ། །ཨུ་ཡ་ཏུཿའོ། །ཡང་ན་ཝེཉ་ལ་ཨཊ་སྦྱར་བས། ཝ་གཉིས་པ་བྱས། ཨ་ཀཱ་ར་ད་ཏྲའི་མདོས་ཨཊ་ཀྱིས་ཨཽ་ཐོབ་བོ། །ཝ་ཝཾའོ། །ཝེཉ་ལ་ཨ་ཏུས་སྦྱར་བས། ཝ་གཉིས་པ་བྱས། ཝ་ཝ་ཏུཿའོ། །ཧནྟོ་རྦ་ 195-1-61a དྷི་རཱ་ཤི་ཥི། ཧ་ན་འཚེ་བ་དང་འགྲོ་བ། འདིའི་ཕ་རོལ་ན་ཨཱ་ཤཱི་ཥ་ཡོད་ན་ཧ་ན་ལ་བ་དྷི་གཞག་པའོ། །ཧ་ན་ལ་ཡཏ་སྦྱར་བས་ཝ་དྷ་ཐོབ་སྟེ་ཡ་དང་སྦྱར། ཝ་དྷྱ་ཏའོ། །ཧ་ན་ལ་ཡཱ་ཏམ་སྦྱར་བས་སྔ་མ་བཞིན། ཝ་དྷྱཱ་ཏམའོ། །ཨ་དྱ་ཏ་ནྱཱཉྩ། ཧ་ན་ཏེའི་ཕ་རོལ་ ན་ཨ་དྱ་ནཱི་ཡོད་ན་ཝ་དྷི་གཞག་པ་སྟེ། ཧ་ན་ལ་དི་སྦྱར་བས། ཝ་དྷ་ཐོབ། གོང་དུ་ཨ་སྦྱར། སི་ཙ་དང་། ཨི་ཊ་སྦྱར་ཏེ། ཨི་ཏ་ཤྭ་ཨི་ཏི་སི་ཙ་ལོ་པ་བྱས་ནས། ཨཱི་དང་། ཨཱི་ས་མ་ན་དཱིརྒྷའོ། །ཨ་ཝ་དྷི་ཏའོ། །ཧ་ན་ལ་ཏམ་སྦྱར་བས། ཝ་དྷཱ་ཐོབ། ཨིཊ་དང་སི་ཙ་ཐོབ་སྟེ་ཨི་དེ་ཙ་ ཕྱི། སས་ཥ། ཏས་ཊ་ཐོབ་སྟེ་སྦྱར། ཨ་ཝ་དྷིཥྚ་མའོ། །བདག་གི་ཚིག་ཅན་ཕ་རོལ་ན་ཡོད་ན་ཝ་དྷི་གཞག་པར་ཡང་གསུངས་ཏེ། ཧ་ན་ལ་ཉ་སྦྱར་བས་གོང་བཞིན་དུ་ཨ་སྦྱར། ཧནྟེ་ཨཱ་སུརྦ་ཏུ་ཙའི་མདོས་ཨ་སྦྱར་ཏེ་ས་མཱ་ན་དཱིརྒྷའོ། །ཧར་ལ་ཨཱ་ཏམ་སྦྱར་བ་སོགས་སྔ་མ་བཞིན། ཨཱ་ ཝ་དྷི་ཥཱ་ཏའོ། ཡང་ན་ཧ་ན་ལ་ཏ་སྦྱར་བས་གོང་དུ་ཨ་སྦྱར། ཨཱིཥྞི་བ་ཤིན་གྱི་མདོས་ན་ཕྱི། དྷུ་ཏི་པ་རེ་ཧྲ་སྭ་ཤྩའི་མདོས་ཨི་དང་སི་ཙ་ཕྱི། ཨ་ཧ་ཏའོ། །ཧནྟ་ལ་ཏཱམ་སྦྱར་བས་སི་ཙ་སྦྱར་བ་སྟེ། ཨི་དང་ཙ་ཕྱི། གཞན་ནི་སྔ་མ་བཞིན་ནོ། །ཨཱ་ཧ་ནཱ་ཏམའོ། །ཨི་ཎོ་གཱ། ཨི་ཎ་ག་ཏ་ཞེས་པ་ འདིས་ག་ཐོབ་པ་སྟེ། ཕ་རོལ་ན་ཨ་དྱ་ཏ་ནཱི་ཡོད་ནའོ། །ཨི་ཎི་ལ་དི་སྦྱར་བས་ག་ཐོབ། སི་ཙ་སྦྱར་ཏེ་ཨིན་ཏྠ་དེས་ཕྱི། གོང་དུ་ཨ་སྦྱར་རོ། །ཨ་གཱ་ཏའོ། །ཨིན་ཏམ་སྦྱར་བས་སྔ་མ་བཞིན། ཨ་གཱ་ཏཱ་མའོ། །ཨི་ཀ་ག་ཏ་འདིའི་ཕ་རོལ་ན་ཨ་དྱ་ཏ་ནཱི་ཡོད་ན་གཞག་པར་གསུངས་ཏེ། ཨིཀ་ལ་ དི་སྦྱར་བས་གཱ་ཐོབ། གོང་དུ་ཨ་སྦྱར། ཨི་བརྞ་ཡཱ་མཱ་ས་བརྞེའོ། །སི་ཙ་སྦྱར་ཏེ་ཕྱི། ཨ་དྷྱ་གཱ་ཏའོ། །ཨིཀ་ལ་ཏཱམ་སྦྱར་བས་སྔ་མ་བཞིན། ཨ་དྱ་གཱ་ཏཱ་མའོ། །ཨིངཿ པ་རོ྅ཀྵཱ་ཡཱཾ། ཨིང་བརྗོད་པ་ཞེས་པ་འདི་ལ་གཱ་གཞག་པ་སྟེ། ཕ་རོལ་ན་པ་རོཀྵཱ་ཡོད་ནའོ། །ཨིང་ལ་པ་རོཀྵཱ་ཨེ་ སྦྱར་བས། གཱ་ཐོབ། ཨ་དྷི་གོང་དུ་སྦྱར། གཱ་གཉིས་པ་བྱ་སྟེ། གས་ཛའོ། །ཨ་ཀ་སྱ་ཨ་ལོ་པའི་མདོས་གའི་ཨ་ཕྱི་སྟེ་ཨེ་དང་སྦྱར། ཨ་དྷི་ཛ་གེའོ། །ཨིང་ལ་ཨ་ཏེ་སྦྱར་བ་སོགས་སྔ་མ་བཞིན། ཨ་དྷི་ཛ་གཱ་ཏེའོ། །ཨིང་གི་ཕ་རོལ་ན་ཨཱ་དྱ་ཏཱ་ནི་དང་། ཀྲཱི་ཡ་ཏི་བ་ཏི་ཡོད་ན་བསྲིང་བ་ 195-1-61b ཐོབ་པར་གསུངས་ཏེ། ཨིང་ལ་ཨ་དྱ་ཏ་ནཱི་སྦྱར་བས་ག་ཐོབ། སི་ཙ་དང་། ཨིཊ་སྦྱར་བ་སྲིང་བའི་གོང་དུ་ཨི་དྷི་དང་། ཨ་སྦྱར་རོ། །ཨ་དྷྱ་གཱིཥྚའོ། །ཨིང་ལ་ཀྲཱི་ཡ་ཏི་པ་ཏི་སྦྱར་བས་སྔ་མ་བཞིན། ཨ་དྷྱ་གཱི་ཥྱ་ཏའོ། །ཡང་ན་ཨིང་ལ་ཏ་སྦྱར། གོང་དུ་ཨ་དྷི་སྦྱར། སི་ཙ་སྦྱར་ཏེ་ཨི་དང་ ཙ་ཕྱི། སྭ་ར་ཨ་དྷི་ནམ་གྱི་མདོས། ཨིས་ཨཻ་ཐོབ། ཨ་དྷྱཻ་ཥྚའོ། །ཨིད་ལ་སྱ་ཏ་སྦྱར་བས་སྔ་མ་བཞིན། ཨདྷྱཻ་ཥྱ་ཏའོ། །ས་ནཱི་ཤྲི་ངོ་ག་མི། ཨིན་དང་ཨིང་ལ་ག་མ་གཞག་པ་སྟེ། ཕ་རོལ་ན་སན་ཡོད་ནའོ། །ཨིཎ་སན་སྦྱར་བས་ག་མ་ཐོབ་སྟེ་ཨིཊ་དང་སྦྱར། ག་མ་གཉིས་པ་ བྱས། མ་ཕྱི། པ་ནྱ་ཝཎ་སྱའི་མདོས། ཨི་ཐོབ། གས་ཛའོ། །ཛི་ག་མི་ཥ་ཏིའོ། །ཨི་ཎ་ལ་ཡན་སྦྱར་བས་ག་མ་ཐོབ། གོང་དུ་ཨ་དྷི་བྱས། ག་མ་གཉིས་པ་བྱས་པ་ལ་སོགས་སྔ་མ་བཞིན། ཨ་དྷི་ཛི་གཾ་ས་ཏེའོ། །ཁོང་དུ་ཆུད་པའི་དོན་གྱི་ཨིཎ་ལ་ག་མ་མི་འབྱུང་བ་སྟེ། ཨིཎ་གྱི་ གོང་དུ་པྲ་ཏི་བྱས། སན་སྦྱར་བས་སྭ་ར་ཨནྟ་རྣམས་ཀྱི་མདོས་མི་བསྲིངས་ཏེ། ས་མ་ན་དིརྒྷ་སྭ་ར་དྭི་ཡ་སའི་མདོས། ས་གཉིས་པ་བྱས། སནྱ་ཝརྟའི་མདོས་ས་གོང་མས་ཨི་ཐོབ། སས་ཥ་ཐོབ། ཨ་ར་ཐན་པྲ་ཏཱི་ཥི་ཥ་ཏིའོ། །ཨ་ཏེརྦྷུ་ར་སཪྺ་དྷཱ་ཏུ་ཀེ །ཨས་བྷུ་ཞེས་པ་འདི་ལ་ བྷུ་གཞག་པ་སྟེ་ཕ་རོལ་ན་ཨ་སཪྺ་དྷཱ་ཏུ་ཀེ་ཡོད་ནའོ། །ཨ་ས་ལ་ཤྭ་སྟ་ནཱིའི་ཏཱ་སྦྱར་བས་བྷུ་ཐོབ། ཨིཊ་སྦྱར་བས་བྷུ་བྷོར་གྱུར། ཨོ་ཨ་ཝ་དང་སྦྱར་རོ། །བྷ་ཝི་ཏའོ། །ཨས་ལ་ཏི་སྦྱར་བས་བྷུ་ཐོབ་པ་ལ་སོགས་སྔ་མ་བཞིན་ནོ། །བྷ་ཝི་ཥྱ་ཏིའོ། །ཨས་ལ་སྱ་ཏ་སྦྱར་བས་སྔ་མ་བཞིན། ཨབྷ་ཝི་ཥྱ་ཏའོ། །ཨས་ལ་ཡཱཏ་སྦྱར་བས་བྷུའོ། །བྷཱུ་ཡཱཏའོ། །འདི་ནི་ཨ་ས་དི་སྦྱར་བས་བྷཱུ་ཐོབ། གོང་དུ་ཨ་སྦྱར་བའོ། །བྲུ་ཁོ་བ་ཙིཿ། བྲུཉ་ནི་ཚིག་གསལ་བ་ཞེས་བྱ་བ་འདི་ལ་ཝ་ཙི་གཞག་པ་སྟེ། ཕ་རོལ་ན་ཨ་སཪྺ་དྷཱ་ཏུ་ཀི་ཡོད་ནའོ། །བྲུ་ལ་ཏཱ་སྦྱར་བས། ཝ་ཙ་ཐོབ། ཝརྒ་ སྱའི་མདོས། ཙས་ཀའོ། །ཝཀྟཱའོ། །བྲཱུ་ལ་སྱ་ཏི་སྦྱར་བས་སྔ་མ་བཞིན། ཝཀྵྱ་ཏིའོ། །བྲཱུ་ལ་སྱཏ་སྦྱར་བས་སྔ་མ་བཞིན། ཨ་ཝཀྵྱ་ཏའོ། །བྷུ་ལ་ཡཏ་སྦྱར་བས་ཝ་ཙ་ཐོབ། ཝཙ་གཉིས་པ་བྱས། ཙ་ཕྱི། པ་རོ་ཀྵ་ཨ་བྷྱ་སའི་མདོས་ཝས་ཨུ་ཐོབ། ཨ་སྱ་པ་ད་དཱིརྒྷ་ས་ 195-1-62a ཝ་བསྲིངས། ཨུ་བཱ་ཙའོ། །ཙི་ཀྵིཾ་ཁྱཱཉ། ཙཀྵིང་ནི་ཚིག་གསལ་བ་ཞེས་པ་འདིས་ཁྱཱཉ་ཐོབ་སྟེ། ཨ་སཪྺ་དྷ་ཏུ་ཀེ་ཕ་རོལ་ན་ཡོད་ནའོ། །ཙཀྵིང་ལ་ཏཱ་སྦྱར་བས་ཁྱཱ་ཐོབ། གོང་དུ་ཨཱང་སྦྱར། ཨཱ་ཁྱཱ་ཏཱའོ། །ཙིཀྵིང་ལ་སྱ་ཏིང་སྦྱར། སྔ་མ་བཞིན། ཨཱ་ཁྱཱ་སྱ་ཏིའོ། །ཝཱ་པ་རོཀྵཱ་ཡཾ། པ་རོ་ཀྵཱའི་ཡུལ་གྱི་ཙཀྵིང་ལ་ཁྱཱཉ་བཞག་པའམ། ཙཀྵིང་ལ་ཨེ་སྦྱར། གོང་དུ་ཨཱང་སྦྱར། ཁྱཱ་ཐོབ། ཁྱཱ་གཉིས་པ་བྱས། ཡ་ཕྱི་བས་ཙ་ཐོབ་པའོ། །ཨཱ་ཙ་ཁྱའོ། །ཙཀྵིང་ལ་ཨཱ་ཏེ་སྦྱར་བས་གོང་བཞིན། ཨཱ་ཙ་ཁྱཱ་ཏེའོ། །ཡང་ན་ཙཀྵིང་ལ་ཨེ་སྦྱར། ཙཀྵིང་གཉིས་པ་བྱས་ཏེ། ཀྵ་ཕྱི་གོང་དུ་ཨ་སྦྱར། ཨཱ་ཙ་ཙཀྵེའོ། །ཨཱ་ཏེ་སྦྱར་བས་གོང་བཞིན་ཏེ། ཨཱ་ཙ་ཙཀྵཱ་ཏེའོ། །ཨི་ཛེ་ཏ་མཱི། ཨ་ཛ་ན་འགྲོ་བ་དང་འདོར་བ་ཞེས་བྱ་བ་འདིའི་ཕ་རོལ་ན་ཨ་སཪྺ་དྷཱ་ཏུ་ཀེ་ཡོད་ན་ཝི་གཞག་པ་སྟེ། ཨ་ཛ་ལ་ཏཱ་སྦྱར་བས་བི་ཐོབ་སྟེ། ཨི་ཨེར་གྱུར། བེ་ ཏཱའོ། །ཨ་ཛ་ལ་སྱ་ཏི་སྦྱར་བས་སྔ་མ་བཞིན། བེཥྱ་ཏིའོ། །གྷཉ་དང་། ཨལ་དང་། ཀྱབ་ཕ་རོལ་ན་ཡོད་ན་བཱི་མི་འཐད་དེ། ཨ་ཛ་ལ་གྷཉ་སྦྱར་བས། གྷ་དང་ཉ་ཕྱི། ཨ་དང་ཛ་སྦྱར། གོང་གི་སཾ་དང་ཨ་སྦྱར་བསྲིངས་སོ། །ས་མཱ་ཛཿའོ། །ཨ་ཛའི་གོང་དུ་སམ་སྦྱར། མཐར་ཨལ་ སྦྱར། ལ་ཕྱི། ཨ་དང་ཛ་སྦྱར་རོ། །ས་མཱ་ཛའོ། །ཨ་ཛ་ལ་ཀྱབ་སྦྱར། ཀ་ཕྱི། ཡ་དང་ཛ་སྦྱར། ས་མ་ཛྱའོ། །ཨ་དཱ་དེར་ལུ་གཱི་ཀ་ར་ཎ་སྱེ། ཨ་ད་བྷ་ཀྵ་ཎ་ཞེས་བྱ་བ་ལ་སོགས་པའི་དྷཱ་ཏུའི་ཚོགས་ལས་ཕ་རོལ་གྱི་བི་ཀཱ་ར་ཎ་ཕྱི་བར་བྱ་སྟེ། ཨ་ད་ལ་ཏི་སྦྱར་བས། བར་དུ་ཨན་སྦྱར། མདོ་ འདིས་ཕྱི། རི་ཥེ་ཏ་ཝརྒའི་མདོས། དས་ཏ་ཐོབ་སྟེ་སྦྱར་རོ། །ཨཏྟིའོ། །ཧ་ན་ལ་ཏི་དང་ཨན་སྦྱར་བ་གོང་བཞིན་ནོ། །ཧིནྟའོ། །དྭེ་ཥ་ལ་ཏི་སྦྱར་བས་སྔ་མ་བཞིན། ཏིས་ཊི་ཐོབ་བོ། །དྭེཥྚིའོ། །ཨ་ད་ནི་བཟའ་བའོ། །ཧ་ན་ནི་འཚེ་བའོ། །དྭེ་ཥ་ནི་སྡང་བའོ། །ཛུ་ཧོ་ཏྱཱ་དེ་ཤྩ། ཧུ་ནི་ སྦྱིན་པ་དང་བཟའ་བ་སྟེ། དེ་ལྟ་བུ་ལ་སོགས་པའི་དྷཱ་ཏུའི་ཚོགས་ཀྱི་ཕ་རོལ་གྱི་བི་ཀཱ་ར་ཎ་ཕྱི་བར་བྱའོ། །ཧུ་ལ་ཏི་སྦྱར། བར་དུ་ཨན་སྦྱར། མདོ་འདིས། ཧུ་གཉིས་པ་བྱས། ཧས་ཛ་ཐོབ། ཨུ་ཨོར་གྱུར། ཛུ་ཧོ་ཏིའོ། །བྷི་ལ་ཏི་དང་ཨན་སྦྱར་བས་སྔ་མ་བཞིན། བྷས་བ་ཐོབ། བི་ 195-1-62b བྷེ་ཏིའོ། །ཧྲཱི་ལ་ཏི་དང་ཨན་སྦྱར། ཧྲཱི་གཉིས་པ་སོགས་སྔ་མ་བཞིན། ཛི་ཧྲེ་ཏིའོ། །ཧུ་ནི་སྦྱིན་པ་དང་བཟའ་བའོ། །ཉི་བྷི་ནི་འཇིགས་པའོ། །ཧྲི་ནི་ངོ་ཚ་བའོ། །ཝཱ་ཙེ་ཀྲཱི་ཡི་ཏ་སྱ། ཙེ་ཀྲཱི་ཡི་ཏའི་ཡ་ཕྱི་བའམ། བྷཱུ་ལ་ཡ་སྦྱར་བ་ཕྱི་ནས། པྲ་ཏྱ་ཡ་ལུས་ཏམ། པྲ་ཏྱ་ཡ་ལ་ཀྵ་ཎའི་མདོས་ བྷཱུ་གཉིས་པ་བྱས། བྷས་བ་ཐོབ། ཨིཊ་སྦྱར། ཨུ་ཨོར་གྱུར། ཨོ་ཨཝ་དང་སྦྱར་རོ། །བོ་བྷ་ཝཱི་ཏིའོ། །ར་ཊ་ལ་ཡ་སྦྱར་ནས་ཕྱི་བ་སོགས་སྔ་མ་བཞིན། རཱ་ར་ཊཱི་ཏིའོ། །ཡང་ན་བྷཱུ་ལ་ཡ་སྦྱར་བས། ས་མ་ཕྱི་སྟེ། བྷུ་གཉིས་པ་ལ་སོགས་པའོ། །བ་བོ་དྷུ་ཡ་ཏེའོ། །ར་ཊ་ལ་ཡ་སྦྱར་ བས་སྔ་མ་བཞིན། དཱིརྒྷོ་ནཱ་ག་མནྟ་སྱའི་མདོས་ཨ་བྷྱ་ས་བསྲིངས་པའོ། །རཱ་ར་ཊྱ་ཏེའོ། །ཨིཎྶྠ་ད་པ་ཝ་ཏི་བྷཱུ་བྷྱཿསི་ཙཿཔ་རསྨཻ། ཨིན་ནི་འགྲོ་བ་དང་། སྠཱ་ནི་འགྲོ་བ་ལ་མི་འཇུག་པ་དང་། དཱའི་མིང་ཅན་དང་། པཱ་ནི་བཏུང་བ་དང་། བྷུ་ནི་ཡོད་པ་ཞེས་བྱ་བ་འདི་རྣམས་ཀྱི་ཕ་རོལ་ཏུ་སི་ཙི་ ཕྱི་བ་སྟེ། ཕ་རོལ་ན་གཞན་གྱི་ཚིག་ཅན་ཡོད་ནའོ། །ཨིན་ལ་དི་སྦྱར། བར་དུ་སི་ཙ་སྦྱར། བ་ཕྱི། ཨིཎ་གྱི་གྱི་གཱ་ཐོབ། གོང་དུ་ཨ་སྦྱར། ཨ་གཱ་ཏའོ། །སྠཱ་ལ་དི་སྦྱར་བས་བར་གྱི་སི་ཙ་ཕྱི། སྠཱ་ཐོབ། གོང་དུ་ཨ་སྦྱར། ཨསྠཱ་ཏའོ། །དཱ་ལ་དི་སྦྱར་བས་སི་ཙ་ཕྱི། ཨ་དཱ་ཏའོ། །དྷཱ་ལ་དི་ སྦྱར། སི་ཙ་ཕྱི། གོང་དུ་ཨ་སྦྱར། ཨ་དྷཱ་ཏའོ། །པཱ་ལ་དཱི་སྦྱར། སི་ཙ་ཕྱི། ཨ་གོང་དུ་སྦྱར་རོ། །ཨ་པཱ་ཏའོ། །བྷུ་ལ་དི་སྦྱར། སི་ཙ་ཕྱི། གོང་དུ་ཨ་སྦྱར། ཨ་བྷུ་ཏའོ། །གྷཱ་ནི་དྲི་ཉེ་བར་ལེན་པའོ། །ཤོ་ནི་སྲབ་མོར་བྱེད་པའོ། ། ཙྪོ་ནི་གཅོད་པའོ། །ཪྷེ་ཊ་ནི་བརྡུང་བ་སྟེ། འདི་རྣམས་ཀྱི་ཕ་རོལ་ན་སི་ཙ་ཕྱི་བར་བྱ་བ་ཡང་གསུངས་ཏེ། གྷྲ་ལ་དི་སྦྱར། བར་དུ་སི་ཙ་སྦྱར་ཏེ་ཕྱི། གོང་དུ་ཨ་སྦྱར། ཨ་གྷྲ་ཏའོ། །ཤོ་ལ་དི་སྦྱར་བས་སྔ་མ་བཞིན། ཨ་ཤཱད་ཙྪོ་ལ་དི་སྦྱར། སི་ཙ་ཕྱི། གོང་དུ་ཨ་སྦྱར། ཨཙྪ་ཏའོ། དྷེ་ཊ་ལ་དི་ སྦྱར། སི་ཙ་ཕྱི། གོང་དུ་ཨ་སྦྱར། ཨེས་ཨཱ་ཐོབ་པའོ། །ཨ་དྷཱ་ཏའོ། །ཡང་ལ་གྷྲ་ལ་དི་སྦྱར། སི་ཙ་དང་ཨཱི་སྦྱར། ཨི་དང་ཨིས་མཱ་ནི་དཱིརྒྷས་ཨཱ་ག་མ་ཐོབ་པ་དང་སྦྱར། གོང་དུ་ཨ་སྦྱར། ཨ་གྷྲཱ་སཱི་ཏའོ། །ཤོ་ལ་གོང་མ་བཞིན། མ་ཤྲཱ་སཱི་ཏའོ། །ཙྪ་ལ་གོང་མ་བཞིན་སྦྱར། 195-1-63a ཨཙྪཱ་སིཏའོ། །དྷེ་ཊ་ལ་ཡང་སྔ་མ་བཞིན་སྦྱར་རོ། །ཨ་དྷཱ་སཱི་ཏའོ། །ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས། ཀུན་བཤད་པའི་རབ་ཏུ་བྱེད་པའི་རྐང་པ་བཞི་པ་རྫོགས་སོ།། །།དཔལ་ལྡན་ཏིང་འཛིན་བཟང་པོའི་ཞབས། །བསྙེན་པའི་སྒྲོལ་བའི་དབང་ཕྱུག་གིས། ། སློབ་མ་ལ་ཕན་རྒྱ་མཚོ་ལས། །འགྲེལ་པ་ཉུང་ངུ་འདི་བཏུས་བྱས། །བདག་གིས་འགྲེལ་པ་ཉུང་ངུ་འདི། །བྱས་པའི་བསོད་ནམས་གང་ཐོབ་པ། །དེ་ཡིས་འཇིག་རྟེན་མ་ལུས་པ། །ཡང་དག་བྱང་ཆུབ་སྣོད་གྱུར་ཅིག །བྲམ་ཟེ་གྲགས་འབྱོར་གྱིས་བྱས་པའི་སློབ་མ་ལ་ཕན་པ་ལས། ཀུན་ བཤད་པར་རྐང་པ་རྫོགས་སོ།། །།ལྷ་བླ་མ་ཞི་བ་འོད་ཀྱིས་ཞང་ཞུང་གི་ས་ཆ། ཐོ་ལིང་གསེར་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། དྷཱ་ཏུ་ཀཱ་ཡ། བོད་སྐད་དུ། བྱིངས་ཀྱི་ཚོགས། སངས་རྒྱས་ལ་ཕྱག་འཚལ་ལོ། ། བྷཱུ་ཡོད་པ་ལའོ། །ཙིཏཱི་མིང་ལའོ། །ཨ་ཏ་ས་ཏ་རྟག་ཏུ་མགྱོགས་པ་དང་ལྡན་པར་འགྲོ་བ་ལའོ། །ཙ་ཏིར་ཀུན་དུ་འཁྲུད་པ་ལའོ། །ཤྩྱུ་ཏིར་འགྱུར་བྱེད་ལའོ། །མནྠ་སྲུབ་པ་ལའོ། །ཀུ་ཐི་དང་ཕུ་ཐི་དང་ལུ་ཐི་འཚེ་བ་དང་ཉོན་མོངས་པ་དག་ལའོ། །ཥི་དྷུ་འགྲོ་བ་ལའོ། །ཥི་དྷཱུ་བསྟན་བཅོས་ ལ་སྟེ་བཀྲ་ཤིས་པ་ལའོ། །ཁཱ་དྲི་ཟ་བ་ལའོ། །བ་ད་བརྟན་པ་ལའོ། །ཁ་ད་འཚེ་བ་ལའོ། །ག་ད་གསལ་བར་བརྗོད་པ་ལའོ། །ར་ད་རྣམ་པར་རྐོ་བ་ལའོ། །ཎ་ད་མི་གསལ་བའི་སྒྲ་ལའོ། །ཨརྡྡ་འགྲོ་བ་ལ་སྟེ་སློང་བ་ལའང་ངོ་། །ནརྡྡ་དང་གརྡྡ་སྒྲ་ལའོ། །ཏརྡྡ་འཚེ་བ་ལའོ། །ཀརྡྡ་སྒྲ་སྨད་ པ་ལའོ། །ཁརྡྡ་ཟོས་པ་ལའོ། །ཨ་ཏི་དང་ཨ་དི་འཆིང་བ་ལའོ། །ཨི་དི་མཆོག་གི་དབང་ཕྱུག་ཉིད་ལའོ། །པི་དི་ཆ་ཤས་ལའོ། །ཎི་དི་སྨད་པ་ལའོ། །ཊུ་ན་དི་བསགས་པ་ལའོ། །ཙ་དི་ཀུན་དུ་ཚིམ་པར་བྱེད་པ་ལ་སྟེ་འབར་བ་ལ་ཡང་ངོ་། །ཏྲ་དི་བྱ་བ་ལའོ། །ཀ་དི་དང་ཀྲ་དི་དང་ ཀླ་དི་བོད་པ་ལ་སྟེ་ངུ་བ་ལའོ། །ཀླི་དི་སྨྲེ་སྔགས་འདོན་པ་ལའོ། །ཤུདྡྷ་དག་པ་ལའོ། །ཕཀྐ་དལ་བུས་འགྲོ་བ་ལའོ། །ཏཀྐ་དང་ཀཀླ་དང་གྷཀྐཱ་དགོད་པ་ལའོ། །ཏ་ཀི་ཚེགས་ཀྱིས་འཚོ་བ་ལའོ། །ཤུ་ཀ་འགྲོ་བ་ལའོ། །པུཀྐ་བཤད་པ་ལའོ། །ཨོ་ཁྲྀ་དང་རཱ་ཁྲྀ་དང་ལཱ་ཁྲྀ་དང་དྲཱ་ཁྲྀ་དང་དྷཱ་ཁྲྀ་ 195-1-63b སྐེམས་པ་དང་རྒྱན་གྱི་དོན་དག་ལའོ། །ཤཱ་ཁྲྀ་དང་ཤླཱ་ཁྲྀ་ཁྱབ་པ་ལའོ། །ཨུ་ཁ་དང་ཎ་ཁ་དང་བ་ཁ་དང་མ་ཁ་དང་ར་ཁ་དང་ལ་ཁ་དང་བ་ལྒ་དང་ར་གི་དང་ལ་གི་དང་ཨ་གི་དང་བ་གི་དང་མ་གི་དང་སྭ་གི་དང་ཨི་གི་དང་ལི་གི་འགྲོ་བའི་དོན་ལའོ། །ཏྭ་གི་གཡོ་བ་ལའོ། །ཡུ་གི་དང་ཛུ་གི་དང་པུ་གི་ གཏོང་བ་ལའོ། །ད་གྷི་སྐྱོང་བ་ལའོ། །ལ་གྷི་སྐེམས་པ་ལའོ། །ཤི་གྷི་སྣོམས་པ་ལའོ། །ཤུ་ཙ་མྱ་ངན་ལའོ། །ཀུ་ཙ་སྒྲ་གསང་སྟོད་པ་ལའོ། །ཀུཉྩ་དང་ཀྲུཉྩུ་གྱ་གྱུ་དང་ཆུང་བའི་དངོས་པོ་དག་ལའོ། །ལུཉྩུ་སེལ་བ་ལའོ། །ཨཉྩུ་འགྲོ་བ་དང་མཆོད་པ་བྱེད་པ་དག་ལའོ། །པཉྩུ་དང་ཙཉྩུ་ན་དང་ ཏཉྩུ་ན་དང་ཏྭཉྩུ་དང་མྲུཉྩུ་དང་མྲུ་ཙུ་དང་མུ་ཙུ་དང་མླུ་ཙུ་དང་ཥསྫ་འགྲོ་བ་ལའོ། །གྲུ་ཙུ་དང་གླུ་ཙུ་དང་ཀུ་ཙུ་དང་ཁུ་ཛུ་རྐུ་བར་བྱེད་པ་ལའོ། །ཨརྩ་མཆོད་པ་ལའོ། །མླེཙྪ་གསལ་བར་བརྗོད་པ་ལའོ། །ལཙྪ་དང་ལཱཙྪི་མཚོན་བྱེད་ལའོ། །བཱཙྪི་འདོད་པ་ལའོ། །ཨཱཙྪི་རིང་བ་ལའོ། །ཧྲཱིཙྪ་ངོ་ཚ་ ཤེས་པ་ལའོ། །ཧུརྩྪ་གྱ་གྱུ་ལའོ། །མུརྩྪཱ་རྨོངས་པ་དང་ཀུན་ནས་བསྒྲེང་བ་དག་ལའོ། །སྠཱཙྪཱ་བརྗེད་པ་ལའོ། །ཡུཙྪ་བག་མེད་པ་ལའོ། །ཨུཙྪཱི་འབྲལ་བ་ལའོ། །དྷྲྀ་ཐ་དྡ་དྷྲ་ཛ་དང་དྷྭ་ཛ་དང་བ་ཛ་དང་བྲ་ཛ་འགྲོ་བ་ལའོ། །ཨ་ཛ་འཕེན་པ་ལའོ། །ཨརྫ་དང་སརྫྫ་སྒྲུབ་པ་ལའོ། །ཀརྫྫ་གདུང་ བ་ལའོ། །ཁརྗྫ་འཕྱི་བ་ལའོ། །ཁ་ཛ་སྲུབ་པ་ལའོ། །ཁ་ཛི་བགྲོད་པ་ཉམས་པ་ལའོ། །ཨེ་ཛྲི་འགུལ་བ་ལའོ། །ཊུ་ཨོ་སྤཱུ་རྫཱ་རྡོ་རྗེ་ངེས་པར་འཐག་པ་ལའོ། །ཀྵི་ཟད་པ་ལའོ། །ཀྵཱི་ཛ་དང་ཀཱུ་ཛ་དང་གུ་ཛི་མི་གསལ་བའི་སྒྲ་ལའོ། །ལ་ཛ་དང་ལཱ་ཛི་དང་ལཱ་ཛ་ལའོ། །ལ་ཛི་དང་ཏ་རྫ་བརྒྱད་བཀག་ལའོ། ། ཛ་ཛ་དང་ཛི་ཛི་འཁྲུག་པ་ལའོ། །ཏུ་ཛ་འཚེ་བ་ལའོ། །ཏུ་ཛི་སྟོབས་ལའང་ངོ་། །ག་ཛ་དང་གྲྀ་ཛི་དང་མུ་ཛི་དང་གརྫ་སྒྲའི་དོན་ལའོ། །ཤཾཽ་ཊྲྀ་སྙོམས་པ་ལའོ། །པཽ་ཊྲྀ་འབྲེལ་པ་ལའོ། །མེ་ཊྲྀ་དང་མྲེ་ཊྲྀ་མླེ་ཊྲྀ་སྨྱོ་བར་བྱེད་པ་ལའོ། །ཀ་ཊེ་ཆར་དང་སྒྲིབ་པ་དག་ལའོ། །ར་ཊ་བཤད་པ་ལའོ། ། ལ་ཊ་བྱིས་པ་ཉིད་ལའང་ངོ་། །ཤ་ཊ་ནད་དང་རྣམ་པར་རྒྱུ་བ་དང་འགྲོ་བ་དང་བརྙས་པ་རྣམས་ལའོ། །བ་ཊ་བསྐོར་བ་ལའོ། ཁི་ཊ་སྐྲག་པ་ལའོ། །ཤི་ཊ་དང་ཥ་ཊ་མ་གུས་པ་ལའོ། །ཛ་ཊ་དང་ཛྷ་ཊ་འདུས་པ་ལའོ། །བྷ་ཊ་གླེ་ལའོ། །ཏ་ཊ་བསྒྲེང་བ་ལའོ། །ཁ་ཊ་འདོད་པ་ལའོ། །ན་ཊ་གར་ 195-1-64a ལའོ། །བི་ཊ་སྒྲ་དང་འདུས་པ་དག་ལའོ། །ཧ་ཊ་འབར་བ་ལའོ། །ཥ་ཊ་ཆ་ཤས་ལའོ། །ལུ་ཊ་དཀྲུག་པ་ལའོ། །ཙིཊ་མ་དག་པ་ལའོ། །བི་ཊ་སྒྲ་ལའོ། །བི་ཌ་སྤྱོ་བ་ལའོ། །ཨ་ཊ་དང་པ་ཊ་དང་ཨི་ཊ་དང་ཀི་ཊ་དང་ཀ་ཊ་དང་ཨི་འགྲོ་བ་ལའོ། །མ་ཌི་རྒྱན་ལའོ། ། ཀུ་ཌི་མ་ཚང་པ་ལའོ། །མུ་ཊ་རབ་ཏུ་ཉེད་པ་ལའོ། །ཙུ་ཊ་ཆུང་ངུར་གྱུར་པ་ལའོ། །མུ་ཌི་དུམ་བུར་བྱེད་པ་ལའོ། །བ་ཊི་རྣམ་པར་འགོད་པ་ལའོ། །རུ་ཊི་དང་ལུ་ཊི་རྐུན་མོ་ལའོ། །སྥུ་ཊི་འགྲོ་བ་ལའོ། །པ་ཋ་གསལ་བར་བརྗོད་པ་ལའོ། །པ་ཋ་སྒོམ་པོ་ལའོ། །མ་ཋ་ངེས་པར་གནས་པ་ལའོ། ། ཀ་ཋ་ཚེགས་ཀྱིས་འཚོ་བ་ལའོ། །ར་ཋ་བརྒྱད་པ་ལའོ། །ཧ་ཋ་སྟོབས་ལས་བྱེད་པ་ལའོ། །རུ་ཋ་དང་ལུ་ཋ་ཉེ་བར་འཇོམས་པ་ལའོ། །བི་ཋ་འཚེ་བ་དང་ཀུན་ནས་ཉོན་མོངས་པར་བྱེད་པ་དག་ལའོ། །ཤ་ཋ་རྒྱན་པོ་རྩེ་བ་ཉིད་ལའོ། །ཤུ་ཋ་འགྲོ་བ་ཐོགས་པ་ལའོ། །ཀུ་ཋི་དང་ལུ་ཋི་ལེ་ལོ་ལ་ ཡང་ངོ་། །ཤུ་ཋི་སྐེམས་པ་ལའོ། །རུ་ཋི་དང་ལུ་ཋི་འགྲོ་བ་ལའོ། །ཙུ་ཌྜ་སྒེག་པའི་རྣམ་འགྱུར་ལའོ། །ཨཌྜ་མངོན་པར་བརྩོན་པ་ལའོ། །ཀྲཱི་ཌྲྀ་གནས་པ་ལའོ། །ཨ་ཌ་བརྩོན་པ་ལའོ། །ལ་ཌ་རྣམ་པར་སྒེག་པ་ལའོ། །ཀ་ཌ་རྒྱགས་པ་ལའོ། །ཀཌྜ་སྲ་བ་ལའོ། །ག་ཌི་གདོང་གི་ཕྱོགས་ གཅིག་ལའོ། །སུ་པཱུ་སྲུང་བ་ལའོ། །ཏ་པ་དང་དྷཱུ་པ་ཀུན་དུ་གདུང་བ་ལའོ། །ར་པ་དང་ལ་པ་དང་ཛལྤ་གསལ་བར་བརྗོད་པ་ལའོ། །ཛ་པ་ཡིད་ལ་ཡང་ངོ་། །ཙ་པ་ཞི་བ་ཉིད་ལའོ། །ཥ་པ་ཚོགས་པ་ལའོ། །ཙུ་པ་དལ་བར་འགྲོ་བ་ལའོ། །ཏུ་པ་དང་ཏུནྤ་དང་ཏྲུ་པ་དང་ཏྲུནྤ་དང་ཏུ་ཕ་དང་ཏུནྥ་དང་ ཥྼྀ་བྷུ་དང་ཥྼྀ་ནྡྷུ་དང་དྷརྦྦི་འཚེ་བའི་དོན་ལའོ། །ཤུནྦྷ་བཤད་པ་ལ་ཡང་ངོ་། །བརྷ་དང་ར་ཧ་དང་ར་ཧི་དང་པརྦྦ་དང་པརྦྦ་དང་མརྦྦ་དང་ཀརྦྦ་དང་ཁརྦྦ་དང་གརྦྦ་དང་སརྦྦ་དང་ཙརྦྦ་རྣམས་འགྲོ་བ་ལའོ། །ཨརྦྦ་དང་ཤརྦྦ་འཚེ་བ་ལ་ཡང་ངོ་། །ཀུ་བི་འགེགས་པ་ལའོ། །ལུ་བི་དང་ཏུ་བི་འཇོམས་པ་ལའོ། །ཙུ་ བི་ཁ་སྦྱོར་བ་ལའོ། །ཧུ་ཨ་ཎ་དང་ར་ཎ་དང་བ་ཎ་དང་བྷ་ཎ་དང་མ་ཎ་དང་ག་ཎ་དང་ཀྭ་ཎ་དང་ཥྚ་ཎ་དང་བ་ན་དང་དྷཱ་ན་སྒྲ་ལའོ། །ཨོ་དྟྲྀ་སེལ་བ་ལའོ། །ཤོ་ཎྼྀ་ཁ་དོག་དང་འགྲོ་བ་དག་ལའོ། །ཤྲོ་ཎྼྀ་དང་ཤློ་ཎྼྀ་ཀུན་དུ་ཚོགས་པ་ལའོ། །ཏུ་ཌྼྀ་ཐུ་བ་ལའོ། །ཧུ་ཌྼྀ་དང་ཧོ་ཌྼྀ་འགྲོ་བ་ལའོ། །རོ་ཌྼྀ་མ་ 195-1-64b གུས་པ་ལའོ། །ལོ་ཌྼྀ་སྨྱོ་བར་བྱེད་པ་ལའོ། །ཀ་ནཱི་འབར་བ་དང་མཛེས་པ་དང་འགྲོ་བ་རྣམས་ལའོ། །བ་ན་དང་ཥ་ན་ཤིན་ཏུ་གུས་པ་ལའོ། །ཙ་མུ་དང་ཚ་མུ་དང་ཛ་མུ་དང་ཛྷ་མུ་དང་ཛི་མུ་ཟ་བ་ལའོ། །ཀྲ་མུ་རྐང་པ་བསྐྱོད་པ་ལའོ། །ཡ་མུ་ཉེ་བར་འགོག་པ་ལའོ། །ཎ་མ་རབ་ཏུ་འདུད་པ་དང་ སྒྲ་ལའོ། །ཨ་མ་དང་དྲ་མ་དང་ཧརྨྨ་དང་མཱི་མྲྀ་དང་ཧ་ཡ་འགྲོ་བ་ལའོ། །ཧརྨྨ་སྦྲིད་པ་ལའོ། །མ་བྱ་འཆིང་བ་ལའོ། །ཥཱུརྐྵྱ་དང་ཨཱིརྐྵྱ་ཕྲག་དོག་གི་དོན་ལའོ། །ཤུ་ཙྱཱི་དང་ཙུ་ཙྱཱི་མངོན་པར་སྐྱེ་བ་ལའོ། །དལ་དང་ཉི་ཕ་ལ་རྣམ་པར་རྒྱུ་བ་ལའོ། །མཱི་ལ་དང་སྨཱེ་ལ་དང་ཀྵྨཱི་ལ་མིག་འཛུམས་པ་ལའོ། ། པི་ལ་སོ་སོར་རངས་པ་ལའོ། །ཎཱི་ལ་ཁ་དོག་ལའོ། །ཤཱི་ལ་ཏིང་ངེ་འཛིན་ལའོ། །ཀཱི་ལ་བཅིངས་པ་ལའོ། །ཀཱུ་ལ་སྒྲིབ་པ་ལའོ། །ཤཱུ་ལ་ནད་ལའོ། །ཏཱུ་ལ་ངེས་པར་དཔྱད་པ་ལའོ། །པཱུ་ལ་ཀུན་དུ་ཚོགས་པ་ལའོ། །མཱུ་ལ་རབ་ཏུ་གནས་པ་ལའོ། །ཕ་ལ་རྫོགས་པ་ལའོ། །ཕུལླ་རྣམ་ པར་རྒྱས་པ་ལའོ། །ཙུལླ་སྒེག་པར་བྱེད་པ་ལའོ། །ཙིལླ་འདོད་པ་ཉིད་ལའོ། །བེ་ལྲྀ་དང་ཙེ་ལྲྀ་དང་ཀེ་ལྲྀ་དང་ཁེ་ལྲྀ་དང་ཤེ་ལྲྀ་དང་ཁ་ལ་དང་ཏི་ལ་འགྲོ་བ་ལའོ། །ཁ་ལ་གཡོ་བར་བྱེད་པ་ལའོ། །སྑ་ལ་ཀུན་དུ་སོག་པ་ལའོ། །ག་ལ་ཟ་བ་ལའོ། །ཤ་ལ་དང་ཤྭལླ་མྱུར་དུ་འགྲོ་བ་ལའོ། །ཁོ་ཪྼྀ་དང་ཁོ་ པྲྀ་འགྲོ་བ་སོ་སོར་ཐོགས་པ་ལའོ། །དྷཽ་ཪྼྀ་འགྲོ་བ་མཁས་པ་ལའོ། །ཏྶ་ར་རྒྱན་འགྱེད་པར་འགྲོ་བ་ལའོ། །ཀྨ་ར་གནོད་པ་ལའོ། །ཨ་བྷྲ་དང་བ་བྷྲ་དང་མ་བྷྲ་དང་ཙ་ར་དང་རི་བི་དང་ར་བི་དང་དྷ་བི་འགྲོ་བའི་དོན་ལའོ། །ཥྛི་བུ་དང་ཀྵི་བུ་སེལ་བ་ལའོ། །ཛི་རྒྱལ་བ་ལའོ། །ཛཱི་པ་སྲོག་འཛིན་ པ་ལའོ། །བཱི་བ་དང་མཱི་པ་དང་ཏཱི་བ་དང་ཎཱི་པ་སྦོམ་པོ་ལའོ། །ཨུརྦྦཱ་དང་ཏུརྦྦཱི་དང་ཐུརྦྦཱི་དང་དུརྦྦཱི་དྷུརྦྦཱི་འཚེ་བའི་དོན་ལའོ། །མྼུརྦྦཱི་འཆིང་བ་ལའོ། །གུརྦྦཱི་བརྩོན་པ་ལའོ། །པཱུརྦྦ་དང་པརྦྦ་དང་མརྦྦ་རྫོགས་པར་བྱེད་པ་ལའོ། །ཙརྦྦ་ཟ་བ་ལའོ། །ཀརྦྦ་དང་ཁརྦྦ་དང་། གརྦྦ་དཔའ་བོ་ལའོ། །པི་བི་ དང་མི་བི་དང་ཎི་བི་འཁྲུད་པ་ལའོ། །ཧི་བི་དང་དི་བི་དང་ཛི་བི་མཛའ་བའི་དོན་ལའོ། །ཨ་བ་དང་རཀྵ་སྐྱོང་བ་ལའོ། །ཨི་པི་ཁྱབ་པ་ལའོ། །ཨཀྵཱུ་ཀུན་དུ་ཚོགས་པ་ལའོ། །གྷུ་ཥིར་སྒྲ་ལའོ། །ཏྭཀྵུ་དང་ཏྭཀྵུ་ཕྲ་མོར་བྱེད་པ་ལའོ། །ཎིཀྵའོ་བྱེད་པ་ལའོ། །ཏྲྀཀྵ་དང་ཥྚྲྀ་ཀྵ་ནི་ཀྵ་འགྲོ་བ་ལའོ། ། 195-1-65a བཀྵ་ཁྲོ་བ་ལའོ། །མྲྀཀྵ་ཀུན་དུ་ཚོགས་པ་ལའོ། །ཏྭཀྵ་པགས་པ་ལ་འོ། །ཥཱུཪྐཱ་མ་གུས་པ་ལའོ། །ཀཱཀྵི་དང་བཱཀྵི་དང་མཱཀྵི་འདོད་པ་ལའོ། །དྲཱཀྵི་དང་དྷཱཀྵི་མི་བཟད་པར་གནས་པ་ལའོ། །ཙཱུ་ཁ་འཐུང་བ་ལའོ། །ཏཱུ་ཥ་དགའ་བ་ལའོ། །པཱུ་ཥ་འཕེལ་བ་ལའོ། །མཱུ་ཥ་ རྐུན་མོ་ལའོ། །ཥཱུ་ཥ་རབ་ཏུ་སྐྱེ་བ་ལའོ། །ཏྲ་སི་དང་བྷཱུ་ཥ་རྒྱན་ལའོ། །ཨཱུ་ཥ་ནད་ལའོ། །ཨི་ཥ་མཐོ་བ་ལའོ། །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །ཀ་ཥ་དང་ཤི་ཥ་དང་ཛ་ཥ་དང་ཛྷ་ཥ་དང་བ་ཥ་དང་མ་ཥ་དང་རུ་ཥ་དང་རི་ཥ་དང་པཱུ་ཥ་དང་ཛཱུ་ཥ་འཚེ་བའི་དོན་ལའོ། །བྷ་ཥ་བརྒྱད་བཀག་ལའོ། །ཛི་ཥུ་དང་ཎི་ཥུ་དང་ པི་ཥུ་དང་མི་ཥུ་དང་པྲི་ཥུ་དང་བྲྀ་ཥུ་དང་ཨུཀྵ་བཀྲུ་ལའོ། །མྲྀ་ཥུ་བཟོདད་པ་ལ་ཡང་ངོ་། །པུ་ཥ་རྒྱས་པ་ལའོ། །ཤྲི་ཥུ་དང་ཤྲི་ཥུ་དང་པྲུ་ཥུ་དང་བླུ་ཥུ་ཨུ་ཥ་སྲེག་པ་ལའོ། །གྷྲི་ཥུ་ཡང་དག་པར་དགའ་བ་ལའོ། །ཧྲྀ་ཥུ་བརྫུན་ལའོ། །ཏུ་ས་དང་ཧྲ་ས་དང་ཧླ་ས་དང་ར་ས་སྒྲ་ལའོ། །ལ་ས་སྦྱོར་བར་བྱེད་པ་དང་ རྩེ་བར་བྱེད་པ་དག་ལའོ། །ཛརྩྩ་དང་ཙརྩྩ་དང་ཛྷིརྫྫ་སྤྱོ་བ་དང་ཀུན་དུ་སྡིགས་པ་དག་ལའོ། །ཧ་སེ་དགོད་པ་དག་ལའོ། །ཎི་ས་ཏིང་ངེ་འཛིན་ལའོ། །མི་ཤ་དང་མ་ཤ་སྒྲ་དེ་ཁྲོ་བ་དག་ལ་ཡང་ངོ་། །ཤ་བ་དང་བི་སྲྀ་དང་བེ་སྲྀ་འགྲོ་བ་ལའོ། །ཤ་ཤ་རིང་དུ་འགྲོ་བ་ལའོ། །ཤ་སུ་འཚེ་བ་ལའོ། ། ཤནྶུ་བསྟོད་པ་ལ་ཡང་ངོ་། །མི་ཧ་འཁྲུང་བ་ལའོ། །ད་ཧ་ཐལ་བར་བྱེད་པ་ལའོ། །ཙ་ཧ་ཡོངས་སུ་རྙོག་པ་ལའོ། །ར་ཧ་གཏོང་བ་ལའོ། །ར་ཧི་འགྲོ་བ་ལའོ། །དྲྀ་ཧི་དང་བྲྀ་ཧི་འཕེལ་བ་ལའོ། །བྲྀ་ཧིར་སྒྲ་ལ་ཡང་ངོ། །ཏུ་ཧིར་དང་དུ་ཧིར་འཚེ་བ་ལའོ། །ཨརྷ་དང་མ་ཧ་མཆོད་པ་ལའོ། །གླཻ་ དགའ་བ་ཟད་པ་ལའོ། །མླཻ་ལུས་རྣམ་པར་ཉམས་པ་ལའོ། །དྱཻ་ནྱ་ཀ་བྱེད་པ་ལའོ། །དྲཻ་གཉིད་ལོག་པ་ལའོ། །དྷྲཻ་ཚིམ་པ་ལའོ། །ཀཻ་དང་གཻ་དང་རཻ་སྒྲ་ལའོ། །ཥྚྱེེ་དང་སྟྱེེ་སྒྲ་དང་ཀུན་དུ་ཚོགས་པ་དག་ལའོ། །ཁཻ་ཟ་བ་ལའོ། །ཀྵཻ་དང་ཛཻ་དང་ཥཻ་ཟད་པ་ལའོ། །ཤྲཻ་དང་སྲེ་འཚེད་པ་ལའོ། ། བཻ་དང་ཨོ་བཻ་སྐེམ་པ་ལའོ། །ཥྚཻ་དཀྲིས་པ་ལའོ། །དཻ་པ་སྦྱོང་བ་ལའོ། །དྷེ་ཊ་དང་པཱ་བཏུང་བ་ལའོ། །གྷཱ་དྲི་ཉེ་བར་ལེན་པ་ལའོ། །དྷྨཱ་སྒྲ་དང་མེ་ཀུན་དུ་སྦྱོར་བ་དག་ལའོ། །ཥྛཱ་འགྲོ་བ་ལས་ལྡོག་པ་ལའོ། །མྣཱ་གོམ་པ་ལའོ། །དཱ་ཎ་སྦྱིན་པ་ལའོ། །ཧྭྼྀ་གྱ་གྱུ་ལའོ། །སྤྲྀ་སྒྲ་དང་ཉེ་བར་ 195-1-65b གདུང་བ་དག་ལའོ། །སྨྲྀ་དང་དྷྱཻ་སེམས་པ་ལའོ། །ཏྭྼྀ་སྒྲིབ་པ་ལའོ། །སྲྀ་འགྲོ་བ་ལའོ། །རཱྀ་རབ་ཏུ་ཐོབ་པར་བྱེད་པ་ལའོ། །གྲྀ་དང་གྷྲྀ་འཁྲུད་པ་ལའོ། །དྷྲྀ་གནོད་པ་ལའོ། །ཤྲུ་ཐོས་པ་ལའོ། །ཥུ་དང་སྲུ་དང་དུ་དང་དྲུ་དང་རྀ་ཙྪ་དང་གམླྀ་དང་སྲྀ་པྲྀ་འགྲོ་བ་ལའོ། །ཉི་ཥྭི་དཱ་མི་གསལ་བའི་སྒྲ་ བ་པ་ལའོ། །སྐནྡིར་འགྲོ་བ་དང་སྐེམས་པ་དག་ལའོ། །ཡ་བྷ་འཁྲིག་པ་དག་ལའོ། །ཏྲཱྀ་རྐྱལ་བར་བྱེད་པ་དང་སྒྲོལ་བར་བྱེད་པ་ལའོ། །ཥུ་རབ་ཏུ་སྐྱེ་བ་ལའོ། །དྷུ་བརྟན་པ་ལའོ། །ཛྼི་མངོན་པར་འབྱུང་བ་ལའོ། །ཏྱ་ཛ་ཉམས་པ་ལའོ། །ཥཉྫ་ཆགས་པ་ལའོ། །དྲྀ་ཤིར་མཐོང་བ་ལའོ། །དནྴ་མཆེ་ བ་ལའོ། །ཀི་ཏ་ངེས་པར་གནས་པ་ལ་སྟེ་ནད་སེལ་བར་བྱེད་པ་ལ་ཡང་ངོ་། །པ་རསྨཻ་བཤད་པ་རྣམས་སོ། །ཨེ་དྷ་འཕེལ་བ་ལའོ། །སྥརྡྷ་དགའ་བ་ལའོ། །གཱ་དྷྲྀ་རབ་ཏུ་གནས་པ་དང་འདོད་པ་དག་ལ་སྟེ་གཞུང་ལའང་ངོ་། །པཱ་དྷྲྀ་དཀྲུགས་པ་ལའོ། །དདྷ་འཛིན་པ་ལའོ། །སྐནྡིར་ཀུན་དུ་འགྲོ་ བ་ལའོ། །ཤྭི་དེ་དཀར་བ་ཉིད་ལའོ། །བ་དི་གསོང་པོར་སྨྲ་བ་དང་བསྟོད་པ་དག་ལའོ། །བྷ་དི་དགེ་ལེགས་ལ་སྟེ་སྐྱིད་པ་ལ་ཡང་ངོ་། །མ་དི་དང་སྟུ་དི་དང་མོ་ད་རྒྱགས་པ་དང་རྨི་ལམ་དང་འགྲོ་བ་རྣམས་ལའོ། །སྤ་དི་ཅུང་ཟད་གཡོ་བ་ལའོ། །ཀླི་དི་སྨྲེ་སྔགས་འདོན་པ་ལའོ། །མུ་ད་དགའ་བ་ ལའོ། །ང་ད་སྦྱིན་པ་ལའོ། །ཧ་ད་བཤང་བ་འདོར་བ་ལའོ། །ཥྭ་ད་དང་སྭཱ་ད་དང་སྭརྦྷ་རོ་མྱང་བ་ལའོ། །ཨཱུརྡྷ་ཚད་ལ་སྟེ་རྩེ་བ་ལ་ཡང་ངོ་། །ཀུརྡྡ་དང་ཁྲུརྡྡ་དང་གུ་ད་རྩེ་བ་ཉིད་ལའོ། །བླུ་ད་འགྱུར་བར་བྱེད་པ་ལའོ། །ཧྭཱ་ད་མི་གསལ་བའི་སྒྲ་ལའོ། །ཧླཱ་དཱི་བདེ་བ་ལ་ཡང་ངོ་། །པརྡྷ་སྨད་པའི་ སྒྲ་ལའོ། །ཡ་ཏཱི་རབ་ཏུ་འབད་པ་ལའོ། །ཡུ་ཏྲྀ་དང་ཛུ་ཏྲྀ་འཆད་པ་ལའོ། །བི་ཐྲྀ་དང་བེ་ཐྲྀ་སློང་བ་ལའོ། །ནཱ་དྷྲྀ་དང་ནཱ་ཐྲྀ་ཉེ་བར་གདུང་བ་དང་དབང་ཕྱུག་དང་ཤིས་པ་རྣམས་ལ་ཡང་ངོ་། །ཤྲ་ཐི་བསྙེན་པ་ཉིད་ལའོ། །གྲ་ཐི་དང་བ་ཀི་གྱ་གྱུ་ལའོ། །ཀཏྠ་མངགས་པ་ལའོ། །ཤཱི་ཀྲྀ་འཁྲུང་ བ་ལའོ། །ལོ་ཀྲྀ་དང་ལོ་ཙྼྀ་ལྟ་བ་ལའོ། །ཤློ་གྲྀ་སྡུད་པ་ལའོ། །དྲེ་ཀྲྀ་དང་དྷེ་ཀྲྀ་སྒྲ་དང་སྤྲོ་བ་དག་ལའོ། །རེ་ཀྲྀ་དང་ཤ་ཀི་དོགས་པ་དག་ལའོ། །ཨ་ཀི་མཚོན་བྱེད་ལའོ། །མ་ཀི་རྒྱན་ལའོ། །ཀ་ཀ་ཆགས་པ་ལའོ། །ཀུ་ཀ་དང་བྲྀ་ཀ་ལེན་པའོ། །ཙ་ཀ་ཚིམ་པ་ལ་སྟེ་ཐོགས་པ་ 195-1-66a ལ་ཡང་ངོ་། །ཀ་ཀི་དང་བ་ཀི་དང་སྭ་ཀི་དང་ཏྲ་ཀྲི་དང་ཌྷཽ་ཀྲྀ་དང་ཏྲཽ་ཀྲྀ་དང་ཥྭཀྐ་དང་བསྐ་དང་མསྐ་དང་ཏི་ཀྲྀ་དང་ཊི་ཀྲྀ་དང་ཊཱི་ཀྲྀ་དང་སེ་ཀྲྀ་དང་ཤློ་ཀླྀ་དང་ཤྲ་ཀྲྀ་དང་ཤླ་ཀི་དང་ར་གྷི་དང་ལ་གྷི་འགྲོ་བའི་དོན་ལའོ། །ཨ་གྷི་དང་བ་གྷི་འགྲོ་བ་འཕེན་པ་ལའོ། །མ་གྷི་རྒྱན་པོ་ འགྱེད་པ་ལའོ། །རཱ་གྷྲྀ་དང་ལཱ་གྷྲྀ་ནུས་པ་ལའོ། །དྲཱ་གྷྲྀ་ཉོན་མོངས་པ་ལའོ། །ཤླཱ་བྷྲྀ་མངགས་པ་ལའོ། །ཥ་ཙ་འཁྲུད་པ་ལའོ། །ཤ་ཙ་གསལ་བར་བརྗོད་པ་ལའོ། །ཀ་ཙ་འཆིང་བ་ལའོ། །མ་ཙ་དང་མུ་ཙ་རྙོག་པ་ལའོ། །མ་ཙི་འཛིན་པ་དང་བསྒྲེང་བ་དང་མཆོད་པ་རྣམས་ལའོ། ། པ་ཙི་གསལ་པོར་བྱེད་པ་ལའོ། །ཥྚ་ཙ་རབ་ཏུ་དང་བ་ལའོ། །ཤྭ་ཙ་དང་ཤྭ་ཙི་དང་ཨི་ཛི་དང་ཨི་ཛ་དང་རྀ་ཛ་འགྲོ་བ་ལའོ། །ཛྷ་ཛ་དང་བྷྲྀ་ཛི་རྔོད་པ་ལའོ། །ཙ་རྩྪ་དང་ཀ་ཙི་དང་ཨེ་ཛྲྀ་དང་བྷྲྀ་ཛྲོ་དང་བྷྲཱ་ཛྲྀ་འབར་བ་ལའོ། །ཏི་ཛ་རྣོ་བ་ལ་སྟེ་བཟོད་པ་ལ་ཡང་ངོ་། །ཥྭཉྫ་ཡོངས་སུ་འཁྱུད་པ་ལའོ། ། ཨཥྚ་རིམ་པ་ལས་འདས་པ་དང་འཚེ་བ་ལའོ། །གྷཊྚ་གཡོ་བ་ལའོ། །སྥུ་ཊ་རྣམ་པར་རྒྱས་པ་ལའོ། །ཙེཥྚ་བྱེད་པ་ལའོ། །གོཥྚ་དང་ལོཥྚ་དང་ཧུ་ཌི་དང་པི་ཌི་ཚོགས་པ་ལའོ། །ཨ་ཋི་འགྲོ་བ་ལའོ། །ཧི་ཌི་མ་གུས་པ་ལའོ། །བ་ཋི་གཅིག་ཏུ་སྤྱོད་པ་ལའོ། །མ་ཋི་དང་ཀ་ཋི་མྱ་ངན་ ལའོ། །མུ་ཋི་འབྲོས་པ་ལའོ། །ཧེ་ཋ་རྣམ་པར་གནོད་པ་ལའོ། །ཨེ་ཋ་ཡང་ངོ་། །ཀུ་ཌ་སྲེག་པ་ལའོ། །བ་ཌི་དང་མ་ཌི་དང་བེཥྚ་དཀྲིས་པ་ལའོ། །བྷ་ཌི་སྤྱོ་བ་ལའོ། །མུ་ཌི་འཕྱི་བ་ལའོ། །ཏུ་ཌི་ཐུ་བ་ལའོ། །བྷུ་ཌི་འགེངས་པ་ལའོ། །ཙ་ཌི་ཁྲོ་བ་ལའོ། །ཤ་ཌི་ནད་ལའོ། ། ཏ་ཌི་རྡེག་པ་ལའོ། །པ་ཌི་འགྲོ་བ་ལའོ། །ཀ་ཌི་རྒྱགས་པ་ལའོ། །ཁ་ཌི་སྲུབ་པ་ལའོ། །ཧེ་དྲྀ་དང་ཧོ་དྲྀ་མ་གུས་པ་ལའོ། །བཱ་དྲྀ་ཀུན་ནས་མ་གཡེངས་པ་ལའོ། །ཏཱ་ཌྼྀ་དང་དྷཱ་ཌྼྀ་འགྲོ་བ་ལའོ། །ཤླཱ་ཥྼྀ་མངགས་པ་ལའོ། །ཏེ་པྲྀ་དང་ཏི་པྲྀ་འགྱུར་བའི་དོན་ལའོ། །ཏེ་པྲྀ་འགུལ་བ་ལ་ ཡང་ངོ་། །གླེ་པྲྀ་ཞན་པ་ལའོ། །ཊུ་བེ་པྲྀ་དང་ཀ་པི་གཡོ་བ་ལའོ། །ཀེ་པྲྀ་དང་གེ་པྲྀ་དང་གླེ་པྲྀ་ཡང་ངོ་། །ཏྲ་པཱུ་ཥ་ངོ་ཚ་བ་ལོ། །ཨ་བི་སྒྲ་ལའོ། །ལ་བི་ཀུན་དུ་འབབ་པ་ལའོ། །ཀ་བྲྀ་ཁ་དོག་ལའོ། །ཀྵཱི་བྲྀ་སྤུངས་ཆེ་བ་ལའོ། །ཀྵཱི་བྲྀ་རྒྱགས་པ་ལའོ། །ཤཱི་བྷྲྀ་མངགས་པ་ལའོ། །བཱི་ 195-1-66b བྷྲྀ་ཡང་ངོ་། །རེ་བྷྲྀ་དང་ར་བི་དང་ཨ་བྷི་དང་ར་བྷི་སྒྲ་ལའོ། །ཥྚ་བྷི་དང་ཀྵ་བྷི་གེགས་ལའོ། །ཛ་བྷ་དང་ཛྲྀ་བྷཱི་ལུས་རྣམ་པར་ཉམས་པ་ལའོ། །ཤལྦྷ་མངགས་པ་ལའོ། །བལྦྷ་ཟ་བ་ལའོ། །གལྦྷ་སྦུངས་ཆེ་བ་ལའོ། །ཥྚུ་བྷུ་རེངས་པ་ལའོ། །གྷི་ཎི་དང་གྷུ་ཎི་དང་གྷྲྀ་ནི་འཛིན་པ་ལའོ། ། གྷུ་ཎ་དང་གྷུརྞྞ་འཁྱམས་པ་ལའོ། །སྲནྨུ་ཚད་མ་ལའོ། །པ་ཎ་ཐ་སྙད་ལ་སྟེ་བསྟོད་པ་ལའང་ངོ་། །པ་ན་ཡང་ངོ་། །བྷྲ་མ་ཁྲོ་བ་ལ་ཡང་ངོ་། །ཀྵ་མཱུ་ཥ་བཟོད་པ་ལའོ། །ཀ་མུ་མཛེས་པ་ལའོ། །ཨ་ཡ་དང་བ་ཡ་དང་པ་ཡ་དང་མ་ཡ་དང་ཏ་ཡ་དང་ཙ་ཡ་དང་ར་ཡ་འགྲོ་བ་ལའོ། །ཎ་ཡ་སྲུང་བ་ ལ་ཡང་ངོ་། །ད་ཡ་དང་དཱ་ན་འགྲོ་བ་དང་འཚེ་བ་དང་སྦྱིན་པ་རྣམས་ལའོ། །ཨཱུ་ཡཱི་ཐགས་འཐག་པ་ལའོ། །པཱུ་ཡཱི་འགྲོ་བ་ལ་སྟེ་དྲི་ངན་པ་ལ་ཡང་ངོ་། །ཀྣུ་ཡཱི་སྒྲ་ལའོ། །ཀྵྨཱ་ཡཱི་རྣམ་པར་འདར་བ་ལའོ། །སྭཱ་ཡཱི་དང་ཨོ་བྱཱ་ཡཱི་འཕེལ་བ་ལའོ། །ཏཱ་གྲྀ་རྒྱུད་དང་སྐྱོང་བ་དག་ལའོ། །ཤ་ ལ་གཡོ་བ་ལ་སྟེ་གུན་དུ་སྒྲིབ་པ་ལ་ཡང་ངོ་། །བ་ལ་དང་བལླ་ཡང་ངོ་། །མ་ལ་དང་མལླ་འཛིན་པ་ལའོ། །བྷ་ལ་དང་བྷལླ་སྤྱོ་བ་དང་འཚེ་བ་དང་སྦྱིན་པ་རྣམས་ལ་ཡང་ངོ་། །ཀ་ལ་གྲངས་ལའོ། །ཀལླ་མི་གསལ་བའི་སྒྲ་ལའོ། །ཏེ་བྲྀ་དང་དོ་བྲྀ་རྩེ་བ་ལའོ། །ཥེ་བྲྀ་དང་ཤེ་བྲྀ་དང་ཀེ་ བྲྀ་དང་ཁེ་བྲྀ་དང་གེ་བྲྀ་དང་གླེ་བྲྀ་དང་པེ་བྲྀ་དང་མེ་བྲྀ་འཁྲུད་པ་ལའོ། །རེ་བྲྀ་རྐྱལ་བར་འགྲོ་བ་ལའོ། །ཀླེ་ཤ་གནོད་པ་ལའོ། །པཪྵ་གཤེར་བ་ལའོ། །དྷུ་ཀྵ་དང་དྷི་ཀྵ་ཡང་དག་པར་འབར་བར་བྱེད་པ་དང་ཉོན་མོངས་པར་བྱེད་པ་དང་འཚེ་བར་བྱེད་པ་རྣམས་ལའོ། །བྲྀཀྵ་སྒྲིབ་པ་ལའོ། ། ཤིཀྵ་རིག་པ་ཉེ་བར་ལེན་པ་ལའོ། །བྷིཀྵ་སློང་བ་ལའོ། །དཀྵ་འཕེལ་བ་ལ་སྟེ་མྱུར་བའི་དོན་ལ་ཡང་ངོ་། །དཱིཀྵ་མགོ་ཟླུམ་པ་ལའོ། །ཧྱོ་བ་སེལ་པ་དང་འདྲེན་པ་དང་བརྟུལ་ཞུགས་ཀྱི་ཕྱོགས་རྣམས་ལའོ། །ཨཱིཀྵ་ལྟ་བ་ལའོ། །ཨཱི་ཥ་འགྲོ་བ་དང་འཚེ་བ་དང་ལྟ་བ་རྣམས་ལའོ། ། བྷཱ་ཥ་གསལ་བར་བརྗོད་པ་ལའོ། །གླེ་པྲྀ་རྗེས་སུ་འདོད་པ་ལའོ། །པྲེ་ཥྼྀ་རབ་ཏུ་འབད་པ་ལའོ། །ཛེ་ཥྼྀ་དང་ཎེ་ཥྼྀ་དང་ཨེ་ཥྼྀ་དང་ཧྲེ་ཥྼྀ་འགྲོ་བ་ལའོ། །རེ་ཥྼྀ་དང་ཧེ་ཥྼྀ་མི་གསལ་བའི་སྒྲ་ལའོ། །ཀཱ་སྲྀ་སྒྲ་ངན་པ་ལའོ། །ཀཱ་ཤྲྀ་དང་བྷཱ་སྲྀ་འབར་བ་ལའོ། །ཎཱ་སྲྀ་དང་རཱ་སྲྀ་སྒྲ་ལའོ། ། 195-1-67a ཎ་ས་གྱ་གྱུ་ལའོ། །བྷྱ་ས་འཇིགས་པ་ལའོ། །ཨཱང་ཤ་སི་འདོད་པ་ལའོ། །གྲ་སུ་དང་གླ་སུ་ཟ་བ་ལའོ། །ཨཱི་ཧ་བྱེད་པ་ལའོ། །བ་ཧི་དང་མ་ཧི་འཕེལ་བ་ལའོ། །ཨ་ཧི་དང་བླི་ཧི་འགྲོ་བ་ལའོ། །གརྷ་དང་ག་ཧ་སྨད་པ་ལའོ། །བ་ཏླ་པ་རྩེ་བ་དང་སྤྱོ་བ་དང་ འཚེ་བ་དང་སྦྱིན་པ་རྣམས་ལའོ། །བརྟ་ཡང་ངོ་། །བེ་ཧྲྀ་དང་ཛེ་ཧྲྀ་དང་བཱ་ཧྲྀ་རབ་ཏུ་འབད་པ་ལའོ། །དྲཱ་ཧྲྀ་འཇོག་པ་ལའོ། །ཨཱུ་ཧ་རྣམ་པར་རྟོག་པ་ལའོ། །གཱ་ཧཱུ་རྣམ་པར་དཀྲུགས་པ་ལའོ། །གྷུ་ཥིར་མཛེས་པར་བྱེད་པ་ལའོ། །ཥྨིང་ཅུང་ཟད་དགོད་པ་ལའོ། །གུང་དང་གྷུང་དང་ཀུང་ དང་ཨཱུང་དང་དུང་སྒྲ་ལའོ། །ཙྱུང་དང་ཚྱུང་དང་ཛྱུང་དང་ཛྟྱུ་དང་པྲུང་དང་པཱུང་དང་གཱ་དང་ཤྱཻང་འགྲོ་བ་ལའོ། །རུང་ཁྲོ་བ་ལ་ཡང་ངོ་། །དྷྲྀང་ངེས་པར་འཇིག་པ་ལ་ཡང་ངོ་། །མེང་ཕྱིར་སྦྱིན་པ་ལའོ། །དེང་དང་ཏྲཻད་སྐྱོང་བ་ལའོ། །པྱཻང་འཕེལ་བ་ལའོ། །པཱུང་དག་བྱེད་ལའོ། །མཱུང་ འཆིང་བ་ལའོ། །ཌཱིང་ནམ་མཁའ་ལ་འགྲོ་བ་ལའོ། །གུ་བ་སྦེད་པ་དང་སྨོད་པ་ལའོ། །མཱ་ན་མཆོད་པ་ལའོ། །བ་དྷཱ་འཆིང་བ་ལའོ། །ར་བྷ་རྩོམ་པ་ལའོ། །ཌུ་ལ་བྷ་ཥ་ཐོབ་པ་ལའོ། །དྱུ་ཏ་དང་ཤུ་བྷ་དང་རུ་ཙ་འབར་བ་ལའོ། །ཤྭི་ཏཱ་ཁ་དོག་ལའོ། །ཉི་མི་དཱ་གཤེར་བ་ལའོ། ། ཉི་ཥྭི་དཱ་གྲོལ་བ་ལའོ། །གྷུ་ཊ་ཡོངས་སུ་འཇུག་པ་ལའོ། །རུ་ཊ་དང་ལུཊ་དང་ལུ་ཋ་ཐོགས་པ་ལའོ། །ཀྵུ་བྷ་ཀུན་དུ་གཡོ་བ་ལའོ། །ཎ་བྷ་དང་ཏུ་བྷ་འཚེ་བ་ལའོ། །སྲནྶུ་དང་བྷྲནྶུ་འོག་ཏུ་ལྟུང་བ་ལའོ། །དྷྭནྶུ་འགྲོ་བ་ལའོ། །སྲནྦྷུ་དབུགས་དབྱུང་བ་ལའོ། །བྲྀ་ཏུ་འཇུག་པ་ ལའོ། །བྲྀ་དྷུ་འཕེལ་བ་ལའོ། །ཤྲྀ་དྷུ་སྒྲ་སྨད་པ་ལའོ། །སྱནྡཱུ་ཟག་པ་ལའོ། །ཀྲྀ་པཱུ་ནུས་པ་ལའོ། །བྲྀ་ཏའོ། །དྱུ་ཏ་ལ་སོགས་པའོ། །བྲྀ་ཏ་ལ་སོགས་པའོ། །གྷ་ཊ་བྱེད་པ་ལའོ། །བྱ་ཐ་སྡུག་བསྔལ་དང་འཇིགས་པ་དང་གཡོ་བ་དག་ལའོ། །པྲ་ཐ་རབ་ཏུ་བཤད་པ་ ལའོ། །པྲ་ས་རྒྱས་པ་ལའོ། །མྲ་ད་ཉེད་པ་ལའོ། །སྑ་ད་ཟ་བ་ལའོ། །ཀྵ་ཛི་སྦྱིན་པ་ལ་སྟེ་འགྲོ་བ་ལའང་ངོ་། །དཀྵ་འཚེ་བ་ལ་ཡང་ངོ་། །ཀྲ་ས་བརྩེ་བ་ལའོ། །ཀ་དི་དང་ཀྲ་དི་དང་ཀླད་མ་ཚང་བ་ལའོ། །ཉི་ཏྭ་རཱ་མགྱོགས་པ་ལའོ། །གྷ་ཊ་ལ་སོགས་པ་མ་རྗེས་སུ་འབྲེལ་ 195-1-67b པ་རྣམས་སོ།། །།ཨཱཏྨ་ནེ་བཤད་པ་རྣམས་སོ། །ཛྭ་ར་ནད་ལའོ། །ག་ཌ་འཁྲུད་པ་ལའོ། །ཧེ་ཌ་དང་བེ་ཌ་དཀྲིས་པ་ལའོ། །བ་ཊ་དང་བྷ་ཊ་སྤྱོ་བ་ལའོ། །ན་ཊ་ག་ར་ལའོ། །ཥྚ་ཀ་ཐོགས་པ་ལའོ། །ཙ་ཀ་ཚིམ་པ་ལའོ། །ཀ་ཁེ་དགོད་པ་ལའོ། །ར་གེ་དོགས་པ་ལའོ། །ལ་གེ་ ཆགས་པ་ལའོ། །ཧྲ་གེ་དང་ཧླ་གེ་དང་ཥ་གེ་དང་སྠ་གེ་ཀུན་ནས་སྒྲིབ་པ་ལའོ། །ཀ་གེ་བརྗོད་པར་མི་བྱ་བ་ལའོ། །ཨ་ཀ་དང་ཨ་ག་གྱ་གྱུར་འགྲོ་བ་ལའོ། །ཀ་ཎ་དང་ར་ཎ་འགྲོ་བ་ལའོ། །ཙ་ཎ་དང་ཤ་ཎ་དང་ཤྲ་ཎ་སྦྱིན་པ་ལའོ། །པཱུ་ཐ་དང་ཀུ་ཐ་དང་ཀྲ་ཐ་དང་ཀླ་ཐ་འཚེ་བའི་དོན་ལའོ། །ཙ་ ན་ཡང་ངོ་། །བ་ནུ་ཡང་བརྗོད་པར་མི་བྱའོ། །ཛྭ་ལ་འབར་བ་ལའོ། །ཧྭ་ལ་དང་ཧྨ་ལ་གཡོ་བ་ལའོ། །སྨྲྀ་ཚིག་འདོན་པ་ལའོ། །དྲཱྀ་འཇིགས་པ་ལའོ། །ནྲཱྀ་ཚུལ་ལའོ། །ཤྲཱ་འཚེད་པ་ལའོ། །འཆི་བ་དང་དགའ་བ་དང་རྣོ་བར་བྱེད་པ་ལ་ཛྙཱའོ། །འགུལ་བར་བྱེད་པ་ལ་ཙ་ལིའོ། །སྟོབས་ བྱེད་པ་ལ་ཚ་དིའོ། །ལྕེ་སྒྲིབ་པར་བྱེད་པ་ལ་ལ་ཌིའོ། །དགའ་བ་དང་ན་རུ་འཇུག་པ་དག་ལ་མ་དིའོ། །དྷྭ་ན་སྒྲ་ལའོ། །གྷ་ཊ་ལ་སོགས་པ་མ་རྗེས་སུ་འབྲེལ་པ་རྣམས་སོ། །ཛ་ནཱི་དང་ཛྲཱྀ་ཥ་དང་ཀྣ་སུ་དང་རཉྫ་རྣམས་ཀྱི་ཨ་མའི་མཐའ་མ་ཡིན་པ་རྣམས་ཀྱང་ངོ་། །ཛྲ་ལ་དང་ཧྭ་ལ་དང་ཧྨ་ལ་ དང་ན་མ་རྣམས་ཀྱི་ཉེར་བསྒྱུར་མེད་པ་ལ་ཡང་ནའོ། །གླཱ་དང་སྣ་དང་བ་ནུ་དང་བ་མ་རྣམས་ཀྱི་ཡང་ངོ་། །ཀ་མི་དང་ཨ་མི་དང་ཙ་མི་རྣམས་ཀྱི་མ་ཡིན་ནོ། །ཤ་མའི་མི་མཐོང་བ་ལའོ། །ཡ་མའི་ཡོངས་སུ་འཇུག་པ་མ་ཡིན་པ་ལའོ། །སྑ་དིའི་ཨ་བ་དང་པ་རི་དག་ལས་ཀྱང་ངོ་། །པཎ་ འགྲོ་བ་ལའོ། །བྲྀ་ཏའོ། །གྷཊ་ལ་སོགས་པ་གཅིག་ཉིད་ལ་མ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་སོ། །པ་རསྨཻ་བཤད་པ་རྣམས་སོ། །རཱ་ཛྲྀ་འབར་བ་ལའོ། །གཉིས་ཀ་ལས་བཤད་པའོ། །བྷྲ་ཛྲྀ་དང་ཊུ་དྷཱ་ཤྲྀ་དང་ཊུ་བྷཱ་ཤྲྀ་འབར་བ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ། །སྱ་ མུ་དང་སྭ་ན་དང་དྷྭ་ན་སྒྲ་ལའོ། །ཥ་མ་དང་ཥྚ་མ་རྣམ་པར་འཁྲུགས་པ་ལའོ། །ཛྭ་ལ་འབར་བ་ལའོ། །ཙ་ལ་འགུལ་བ་ལའོ། །ཛ་ལ་སོ་བ་ལའོ། །ཊ་ལ་དང་ཊུ་ལ་རྣམ་པར་འཁྲུགས་པ་ལའོ། །ཥྛ་ལ་གནས་པ་ལའོ། །ཧ་ལ་རྣམ་པར་རྐོ་བ་ལའོ། །ཎ་ལ་དྲི་བ་ལའོ། །བ་ལ་སྲོག་ 195-1-68a བྱེད་པ་ལའོ། །པུ་ལ་མཆེ་བ་ཉིད་ལའོ། །ཀུ་ལ་ཚོགས་པ་ལ་སྟེ་གཉེན་རྣམས་ལ་ཡང་ངོ་། །ཧུ་ལ་འཚེ་བ་དང་ཀུན་ནས་སྒྲིབ་པ་དག་ལའོ། །པ་ལ་དང་ཤ་ལ་དང་པ་ཏླྀ་ལམ་ལ་ཡང་སྟེ་འགྲོ་བ་ལའོ། །ཀྭ་ཐེ་ངེས་པར་འཚེད་པ་ལའོ། །མ་ཐེ་རྣམ་པར་ དཀྲུགས་པ་ལའོ། །ཌུ་བ་མ་སྐྱུག་པ་ལའོ། །བྷྲ་མུ་གཡོ་བ་ལའོ། །ཀྵ་ར་ཀུན་དུ་གཡོ་བ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །ཥ་ཧ་བཟོད་པ་ལའོ། །ར་མུ་རྩེ་བ་ལའོ། །ཨཱཏྨ་ནེ་བཤད་པ་དག་གོ། །ཤ་ངླྀ་འཇིགས་པ་ལའོ། །ཥ་ངླྀ་རྣམ་པར་འགྱུ་བ་དང་འགྲོ་བ་དང་ཀུན་ནས་ བརྙས་པར་བྱེད་པ་ལའོ། །ཀྲུ་ཤ་འབོད་པ་ལ་སྟེ་ངུ་བ་ལ་ཡང་ངོ་། །ཀུ་ཙ་ཕྲད་པར་བྱེད་པ་དང་གྱ་གྱུ་དང་སོ་སོར་རེངས་པ་དང་རྣམ་པར་རྐོ་བ་རྣམས་ལའོ། །བུ་དྷ་ཁོང་དུ་ཆུད་པ་ལའོ། །རུ་ཧ་ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཀ་ས་འགྲོ་བ་ལའོ། །བྲྀ་ཏའོ། །ཛྭ་ལ་ལ་སོགས་པའོ། །པ་རསྨཻ་ བཤད་པ་རྣམས་སོ། །ཧིཀྐ་མི་གསལ་བའི་སྒྲ་ལའོ། །དྷཱ་བུ་འགྲོ་བ་དང་དག་པ་དག་ལའོ། །ཨཉྩུ་དང་བྱ་ཡ་འགྲོ་བ་ལའོ། །ཨ་ས་འབར་བ་དང་ལེན་པ་དག་ལ་ཡང་ངོ་། །བེ་ནྡྲྀ་ཡེ་ཤེས་དང་བསམ་པ་དང་རྣོ་བ་ནམས་ལ་ཡང་ངོ་། །ཊུ་ཡཱ་ཙྼྀ་སློང་བ་ལའོ། །རེ་ཊ྄ྀ་བརྒྱད་བཀག་པ་ ལའོ། །ཙ་དེ་དང་ཙ་ཏེ་སློང་བ་ལའོ། །པོ་ཐྲྀ་ཡོངས་སུ་ཐོབ་པ་ལའོ། །མེ་ཏྲྀ་དང་མེ་དྲྀ་ཡིད་གཞུངས་པ་དང་འཚེ་བ་དག་ལའོ། །མེ་དྷྲྀ་འགྲོགས་པ་ཡང་ངོ་། །ཎི་དྲྀ་དང་ཎེ་དྲྀ་སྨད་པ་དང་གནས་པ་དག་ལའོ། །ཤྲྀ་དྷུ་དང་མྲྀ་དྷུ་ཕུན་སུམ་ཚོགས་པ་ལའོ། །བུ་དྷིར་རྟོགས་པ་ལའོ། ། ཨུ་ཙུནྡིར་རྣོ་བ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཛྷ་ཥ་ཙཱི་བྲྀ་ལེན་པ་དང་ཀུན་ནས་སྒྲིབ་པ་དག་ལའོ། །ཙཱ་ཡྼྀ་མཆོད་པ་དང་ཞི་བ་དག་ལའོ། །དཱ་ཤྲྀ་དང་དཱ་སྲྀ་སྦྱིན་པ་ལའོ། །བྷེ་ཥྼྀ་འཇིགས་པ་ལའོ། །བྷྲེ་ཥྼྀ་གཡོ་བ་ལའོ། །སྦྲྀ་ཤ་གནོད་པ་དང་རེག་པར་བྱེད་པ་དག་ལའོ། ། ལ་ཥ་མཛེས་པ་ལའོ། །ཙ་ཥ་དང་བྷཀྵ་ཟ་བ་ལའོ། །ཀ་ངར་འཚེ་བ་ལའོ། །མཱ་ཧྲྀ་ཚང་ལའོ། །གུ་ཧཱུ་ཀུན་ནས་སྒྲིབ་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །བྷྲྀཉ་འགེངས་པ་ལའོ། །ཨ་ལི་རྒྱན་དང་ཡོངས་སུ་ཐོབ་པ་དང་མཆོག་ཏུ་བྱེད་པ་རྣམས་ལའོ། །དྷྀཉ་འཛིན་པ་ལའོ། །ཎཱིཉ་ 195-1-68b ཐོབ་པ་ལའོ། །དཱ་ན་ཀུན་ནས་འགེམས་པ་ལའོ། །ཤཱ་ན་རྣོ་བ་ལའོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། །བྷ་ཛ་དང་ཤྲིཉ་བསྟེན་པ་ལའོ། །རཉྫ་ཚོས་ལའོ། །ཤ་པ་སྤྱོ་བ་ལའོ། །ཏྭི་ཥ་འབར་བ་ལའོ། །ཡ་ཛ་ལྷ་མཆོད་པ་དང་འགྲོགས་པར་བྱེད་པ་དང་སྦྱིན་པ་རྣམས་ལའོ། །ཊུ་བ་ པ་ས་བོན་འདེབས་པ་ལའོ། །བ་ཧ་ཐོབ་པར་བྱེད་པ་ལའོ། །བེཉ་ཐགས་འཐག་པ་ལའོ། །བྱེཉ་ཀུན་ནས་སྒྲིབ་པ་ལའོ། །ཧྭེཉ་འགྲན་པ་ལ་སྟེ་སྒྲ་ལ་ཡང་ངོ་། །གཉིས་ཀ་ལས་བཤད་པའོ། །བ་ས་ངེས་པར་གནས་པ་ལའོ། །བ་ད་གསལ་བར་བརྗོད་པ་ལའོ། །ཊུ་ཨོ་ཤྭི་ འགྲེ་བ་དང་འཕེལ་བ་དག་ལའོ། །པྲྀ་ཏའོ། །ཡ་ཛ་ལ་སོགས་པའོ། །པ་རསྨཻ་བཤད་པ་རྣམས་སོ།། །།ཞེས་པ་སྤྱིར་བཏང་བ་ཅན་གྱི་ཨན་བི་ཀ་ར་ཎ་རྣམས་བྷཱུ་ལ་སོགས་པ་རྣམས་རྫོགས་སོ།། །།ཨང་དང་པྶཱ་ཟ་བ་ལའོ། །ཥ་ས་ཉལ་བ་ལའོ། །བ་ཤ་མཛེས་པ་ལའོ། །ཧ་ན་ འཚེ་བ་དང་འགྲོ་བ་དག་ལའོ། །བྱུ་མངོན་པར་འགྲོ་བ་ལའོ། །ཡུ་སྤེལ་བ་ལའོ། །ཎུ་བསྟོད་པ་ལའོ། །ཀྵྞུ་རྣོ་བ་ལའོ། །ཥྞུ་རབ་ཏུ་འཛག་པ་ལའོ། །ཊུ་ཀྵུ་དང་རུད་དང་ཀུ་སྒྲ་ལའོ། །ཥུ་རབ་ཏུ་སྐྱེ་བ་ལའོ། །ཨི་ཀ་དྲན་པ་ལའོ། །ཨིཎ་འགྲོ་བ་ལའོ། །བཱི་རབ་ཏུ་སྐྱེ་བ་དང་མཛེས་ པ་དང་འདུག་པ་དང་ཟ་བ་རྣམས་ལ་ཡང་ངོ་། །བྷཱ་འབར་བ་ལའོ། །ཡཱ་ཐོབ་པར་བྱེད་པ་ལའོ། །བཱ་འགྲོ་བ་དང་དྲི་དག་ལའོ། །ཥྞཱ་གཙང་བ་ལའོ། །ཤྲཱ་འཚེད་པ་ལའོ། །དྲཱ་སྨད་པའི་འགྲོ་བ་ལའོ། །པཱ་སྲུང་བ་ལའོ། །རཱ་དང་ལཱ་ལེན་པ་ལའོ། །དཱ་པ་གཅོད་པ་ལའོ། །ཁྱཱ་ གཏམ་པ་ལའོ། །པྲཱ་རབ་ཏུ་རྫོགས་པར་བྱེད་པ་ལའོ། །མཱ་ཚད་ལའོ། །བྲྀཏའོ། །བྷཱ་ལ་སོགས་པའོ། །བི་ད་ཤེས་པ་ལའོ། །ཨས་ཡོད་པ་ལའོ། །མྲྀ་ཛཱུ་ཥ་དག་པ་ལའོ། །བ་ཙ་འཆད་པ་ལའོ། །རུ་དིར་མཆི་མ་འཛག་པ་ལའོ། །ཉི་ཥྭ་པ་ཉ་ལ་བ་ལའོ། །ཤྭ་ས་སྲོག་ ལའོ། །ཨ་ན་ཡང་ངོ་། །ཛཀྵ་ཟ་བ་དང་དགོད་པ་དག་ལའོ། །རུ་ད་ལ་སོགས་པའོ། །ཛཱ་གྲཱྀ་གཉིད་སད་པ་ལའོ། །ད་རི་དྲཱ་ངན་འགྲོ་ལའོ། །ཙ་ཀཱ་སྲྀ་འབར་བ་ལའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །བྲྀཏའོ། །ཛཀྵ་ལ་སོགས་པའོ། །ཙརྐ་རི་ཏ་ན་ཡང་ངོ་ཞེས་ཁ་ཅིག་གོ། །པ་རསྨཻ་ 195-1-69a བཤད་པ་རྣམས་སོ། །ཙཀྵིང་གསལ་བར་བརྗོད་པ་ལའོ། །ཨཱིིར་འགྲོ་བ་ལ་སྟེ་འགུལ་པ་ལ་ཡང་ངོ་། །ཨཱི་ཌ་བསྟོད་པ་ལའོ། །ཨཱི་ཤ་དབང་ཕྱུག་ཉིད་ལའོ། །ཨཱ་ས་ཉེ་བར་སྡོད་པ་ལའོ། །ཨཱད་ལས་ཤཱ་སུ་འདོད་པ་ལའོ། །བ་ས་ཀུན་ནས་ འགེབས་པ་ལའོ། །ཀ་སི་འགྲོ་བ་དང་འཇིགས་པ་དག་ལའོ། །ཎི་སི་འོ་བྱེད་པ་ལའོ། །ཎི་ཛི་དག་པ་ལའོ། །ཤི་ཛི་མི་གསལ་བའི་སྒྲ་ལའོ། །བྲྀ་ཛཱི་འདོར་བ་ལའོ། །པྲྀ་ཙཱི་ཚོགས་པ་ལའོ། །ཥཱུང་སྲོག་ཆགས་མངལ་ནས་སྐྱེ་བ་ལའོ། །ཤཱིང་ཉལ་བ་ལའོ། །ཨིང་ཚིག་འདོན་ པ་ལའོ། །དཱི་དྷཱིང་འབར་བ་དང་རྩེ་བ་དག་ལའོ། །བེ་བཱིང་རྔན་པ་མཚུངས་པ་ལའོ། །ཧྣུང་སེལ་བ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ། །དྭི་ཥ་མི་དགའ་བ་ལའོ། །དུ་ཧ་འཇོ་བ་ལའོ། །དི་ཧ་ཉེ་བར་སོག་པ་ལའོ། །ལི་ཧ་རོ་མྱང་བ་ལའོ། །ཨཱུ་རྞུཉ་འགེབས་པ་ལའོ། །ཥྚུཉ་ བསྟོད་པ་ལའོ། །བྲུཉ་གསལ་བར་བརྗོད་པ་ལའོ། །རྣམ་པར་བཤད་པའོ། །ཧུ་སྦྱིན་པ་ལའོ། །ཉི་བྷཱི་འཇིགས་པ་ལའོ། །ཧྲཱི་ངོ་ཚ་བ་ལའོ། །བྲཱྀ་སྐྱོང་བ་དང་རྫོགས་པར་བྱེད་པ་དག་ལའོ། །ཨོ་ཧཱ་ཀ་གཏོང་བ་ལའོ། །གྷྲྀ་འགྱུར་བར་བྱེད་པ་དང་འབར་བར་བྱེད་པ་དག་ལའོ། །རྀ་དང་ སྲྀ་འགྲོ་བ་ལའོ། །བྷ་ས་བརྒྱད་བཀག་དང་འབར་བ་དག་ལའོ། །ཀི་དང་ཀི་ཏ་ཤེས་པ་ལའོ། །ཏུ་ར་མགྱོགས་པ་ལའོ། །དྷ་ཥ་སྒྲ་ལའོ། །དྷ་ན་སོ་བ་ལའོ། །ཛ་ན་སྐྱེད་པར་བྱེད་པ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །ཎི་ཛིར་གཙང་བ་དང་གསོ་བ་དག་ལའོ། །བི་ཛིར་ཐ་དད་ པར་གྱུར་པ་ལའོ། །བི་ཥླྀ་ཁྱབ་པ་ལའོ། །ཌུ་དཱཉ་སྦྱིན་པ་ལའོ། །ཌུ་དྷཱཉ་དང་ཊུ་བྷྲྀ་ཉ་འཛིན་པ་དང་གསོ་བ་དག་ལའོ། །གཉིས་ཀ་ལས་བཤད་པ་རྣམས་སོ། །མཱང་ཚད་ལ་སྟེ་སྒྲ་ལ་ཡང་ངོ་། །ཨོ་ཧཱང་འགྲོ་བ་ལའོ། །ཨཱཏྨ་ནེ་བཤད་པ་དག་གོ། །ཛུ་ཧོ་ཏི་ལ་སོགས་པའོ་ཞེས་པ་བི་ ཀ་ར་ཎ་འཇིག་པ་རྣམས་ཨད་ལ་སོགས་པ་རྣམས་རྫོགས་སོ།། །།དི་བུ་རྩེ་བ་དང་བསྔོ་བར་འདོད་པ་དང་ཐ་སྙད་དང་སྡུ་གུ་དང་བསྟོད་པ་དང་མཛེས་པ་དང་འགྲོ་བ་རྣམས་ལའོ། །ཥི་བུ་ཐགས་འཐག་པ་ལའོ། །ཤྲྀ་བུ་འགྲོ་བ་དང་སྐེམས་པ་དག་ལའོ། །ཥྛི་བུ་དང་ཀྵི་བུ་སེལ་བ་ལའོ། ། 195-1-69b ཥྞུས་ཟ་བ་ལའོ། །ཀྭ་སུ་འབོད་པ་དང་འབར་བ་དག་ལའོ། །ནྲྀ་ཏཱི་ལུས་པོ་བསྐྱོད་པ་ལའོ། །ཏྲ་སཱི་སྐྱོ་བ་ལའོ། །ཀུ་ཐ་རུལ་བར་གྱུར་པ་ལའོ། །ཡུ་ཐ་འཚེ་བ་ལའོ། །གུ་དྷ་དཀྲིས་པ་ལའོ། །ཀྵི་པ་དེད་པ་ལའོ། །པུཥྤ་རྣམ་པར་རྒྱས་པ་ལའོ། །ཏི་མ་དང་ཥྚཱི་མ་དང་ཥྚཱི་མ་གཤེར་བར་ འགྱུར་བ་ལའོ། །བྲཱྀ་ཌ་རྩོད་པ་ལའོ། །ཨི་ཥ་འགྲོ་བ་ལའོ། །ཥ་ཧ་དང་ཥུ་ཧ་གུས་པ་ལའོ། །ཛྲཱྀ་ཥ་དང་ཛྷྲཱྀ་ཥ་ལང་ཚོ་ཉམས་པ་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥོ་མཐའི་ལས་ལའོ། །ངོ་གཅོག་པ་ལའོ། །རཱ་དྷཱ་དང་སཱ་དྷ་ཡང་དག་པར་གྲུབ་པ་ལའོ། །བྱ་དྷ་ འཚོག་པ་ལའོ། །པུ་ཥ་རྒྱས་པ་ལའོ། །ཤུ་ཥ་སྐེམས་པ་ལའོ། །དུ་ཥ་རྣམ་འགྱུར་ཉིད་ལའོ། །ཤླི་ཥ་འཁྱུད་པ་ལའོ། །ཥྭི་དཱ་ལུས་ཀྱི་འགྱུར་བྱེད་པ་ལའོ། །ཀྵུ་དྷ་བཀྲེས་པ་ལའོ། །ཤུདྡྷ་གཙང་བ་ལའོ། །ཥི་དྷུ་ཡང་དག་པར་མཉེས་པ་ལའོ། །ར་དྷ་འཚེ་བ་ལ་ཡང་ངོ་། །ཏྲྀ་པ་ཚིམ་ པ་ལའོ། །ཏྲྀ་པ་དགའ་བ་དང་གྲོལ་བར་བྱེད་པ་དག་ལའོ། །མུ་ཧ་རྣམ་པར་རྨོངས་པ་ལའོ། །དྲུ་ཧ་འཚེ་བ་བྱེད་དུ་འཇུག་པར་འདོད་པ་ལའོ། །ཥྞུ་ཧ་སྐྱུག་པ་ལའོ། །ཥྞི་ཧ་དགའ་བ་ལའོ། །ཎ་ཤ་མི་མཐོང་བ་ལའོ། །བྲྀཏའོ། །ར་དྷ་ལ་སོགས་པའོ། །མུ་ཧ་ལ་སོགས་པའོ། །ཤ་མུ་ དང་ད་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ཤྲ་མུ་དཀའ་ཐུབ་ལ་སྟེ་སྐྱོ་བ་ལ་ཡང་ངོ་། །བྷྲ་མུ་མི་གནས་པ་ལའོ། །ཀྵ་མུ་ཥ་བཟོད་པ་ལའོ། །ཀླ་མུ་དམན་པ་ལའོ། །མ་དཱི་དགའ་བ་ལའོ། །ཤ་མ་ལ་སོགས་པའོ། །ཨ་སུ་འཕེན་པ་ལའོ། །ཡ་སུ་རབ་ཏུ་འབད་པ་ལའོ། །ཛ་སུ་ཐར་པ་ལའོ། །ཏ་སུ་དང་ད་སུ་ཉེ་བར་འཇོག་པ་ལའོ། །བ་སུ་རེངས་པ་ལའོ། །པུ་ཥ་རྣམ་པར་འབྱེད་པ་ལའོ། །པླུ་ཥ་བསྲེགས་པ་ལའོ། །བི་ས་དེད་པ་ལའོ། །ཀུ་ཥ་སྦྱོར་བ་ལའོ། །པུ་ཥ་གཏོང་བ་ལའོ། །མུ་ཁ་འགེམས་པ་ལའོ། །མ་སཱི་ཡོངས་སུ་འཇལ་བ་ལའོ། ། ལུ་ཊ་རྣམ་པར་དཀྲུགས་པ་ལའོ། །ཨུ་ཙ་ཚོགས་པའོ། །བྷྲྀ་ཤུ་དང་བྷྲཾ་ཤུ་འོག་ཏུ་ལྟུང་བ་ལའོ། །བྲྀ་ཤ་སྒྲིབ་པ་ལའོ། །ཀྲྀ་ཤ་ཕྲ་མོར་བྱེད་པ་ལའོ། །ཉི་ཏྲཱྀ་ཥ་སྐམས་པའོ། །ཏུ་ཥ་དང་ཧྲྀ་ཥ་ངོམས་པ་ལའོ། །ཀུ་པ་དང་ཀྲུ་དྷ་དང་རུ་ཥ་ཁྲོ་བ་ལའོ། །ཧི་པ་འཕེན་པ་ལའོ། །ཥྚཱུ་པ་ 195-1-70a གྱེན་དུ་བསྒྲེང་བ་ལའོ། །གུ་པ་རྣམ་པར་འཁྲུག་པ་ཉིད་ལའོ། །ཡུ་པ་དང་རུ་པ་དང་ལུ་པ་རྣམ་པར་རྨོངས་པ་ལའོ། །ལུ་བྷ་ཆགས་པ་ལའོ། །ཀྵུ་པ་ཀུན་ནས་གཡོ་བར་བྱེད་པ་ལའོ། །ཎ་བྷ་དང་ཏུ་བྷ་འཚེ་བ་ལའོ། །ཀླྀ་དཱུ་གཤེར་བར་གྱུར་པ་ལའོ། ། ཉི་མི་དཱ་གཤེར་བ་ལའོ། །ཉི་ཀྵི་དཱ་གྲོལ་བ་ལའོ། །རྀ་དྷུ་འཕེལ་བ་ལའོ། །གྲྀ་དྷུ་མངོན་པར་འདོད་པ་ལའོ། །བྲྀཏའོ། །པུ་ཥ་ལ་སོགས་པའོ། །པ་རསྨཻ་བཤད་པ་རྣམས་སོ། །ཥཱུང་སྲོག་ཆགས་རབ་ཏུ་སྐྱེ་བ་ལའོ། །དཱུང་ཡོངས་སུ་གདུང་བ་ལའོ། །དཱིང་ཟད་པ་ལའོ། ། དྷཱིང་མ་གུས་པ་ལའོ། །མཱིང་འཚེ་བ་ལའོ། །རཱིང་ཉན་པ་ལའོ། །ལཱིང་སྦྱོར་བར་བྱེད་པ་ལའོ། །ཌཱིང་འགྲོ་བ་ལའོ། །བྲཱིང་སྒྲིབ་པ་ལའོ། །སཱུ་ལ་སོགས་པ་རྣམས་ཨོཏ་རྗེས་སུ་འབྲེལ་པ་རྣམས་སོ། །སཱུ་ལ་སོགས་པའོ། །པཱིང་བཏུང་བ་ལའོ། །མཱང་ཚ་བ་ལའོ། །ཨཱིང་འགྲོ་བ་ ལའོ། །པྲཱིང་དགའ་བ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །དཱི་པཱི་འབར་བ་ལའོ། །པཱུ་རཱི་ཚིམ་པ་ལའོ། །ཛཱུ་རཱིང་འཁོགས་པ་ལའོ། །ཏཱུ་རཱི་མགྱོགས་པ་དང་འཚེ་བ་དག་ལའོ། །དྷཱུ་རཱི་དང་གཱུ་རཱི་དང་གྷཱུ་རཱི་འཚེ་བ་ལའོ། །ཤཱུ་རཱི་རེངས་པ་ལ་ཡང་ངོ་། །ཙཱུ་རཱི་སྲེག་པ་ལའོ། །ཏ་པ་དབང་ ཕྱུག་ཉིད་ལ་ཡང་ནའོ། །པྲྀ་ཏུ་སྒྲིབ་པ་ལའོ། །ཀླི་ཤ་ཉེ་བར་གདུང་བ་ལའོ། །ཀཱ་སྲྀ་འབར་བ་ལའོ། །བཱ་ཤྲྀ་སྒྲ་ལའོ། །པ་ད་འགྲོ་བ་ལའོ། །ཁི་ད་དམན་པ་ཉིད་ལའོ། །བི་ད་ཡོད་པ་ཉིད་ལའོ། །བུ་དྷ་ཁོང་དུ་ཆུད་པ་ལའོ། །ཡུ་དྷ་ཀུན་ནས་འཁྲུག་པ་ལའོ། །ཨ་ནུ་ལ་རུ་དྷ་ འདོད་པ་ལའོ། །མ་ན་ཤེས་པ་ལའོ། །ཨ་ཎ་སྲོག་ལའོ། །ཡུ་ཛ་ཏིང་ངེ་འཛིན་ལའོ། །སྲྀ་ཛ་རྣམ་པར་བཅད་པ་ལའོ། །ལི་ཤ་ཆུང་ངུར་གྱུར་པ་ལའོ། །ཨཱཏྨ་ནཻ་བཤད་པ་རྣམས་སོ། །ཤ་ཀ་དང་མྲྀ་ཥ་བཟོད་པ་ལའོ། །ཨཱི་ཤུ་ཙིར་དག་པར་གྱུར་པ་ལའོ། །ཎ་ཧ་འཆིང་བ་ ལའོ། །རཉྫ་ཚོས་ལའོ། །ཤ་པ་སྤྱོ་བ་ལའོ། །རྣམ་པར་བཤད་པ་རྣམས་སོ་ཞེས་པ་ཡ་ན་བི་ཀ་ར་ཎ་རྣམས་དི་པ་ལ་སོགས་པ་རྣམས་རྫོགས་སོ།། །།ཥུཉ་མངོན་པར་སྐྱེ་བ་ལའོ། །ཥིཉ་འཆིང་བ་ལའོ། །ཤིཉ་རྣོ་བ་ལའོ། །ཌུ་མིཉ་རབ་ཏུ་འཕེན་པ་ལའོ། །ཙིཉ་སོགས་པ་ལའོ། ། 195-1-70b སྟྲཱྀཉ་འགེབས་པ་ལའོ། །ཀྲྀཉ་འཚེ་བ་ལའོ། །པྲྀཉ་སྒྲིབ་པ་ལའོ། །དྷུཉ་འགུལ་པ་ལའོ། །གཉིས་ཀ་ལས་བཤད་པ་རྣམས་སོ། །ཊུ་དུ་ཉེ་བར་གདུང་བ་ལའོ། །ཧི་འགྲོ་བ་ལ་སྟེ་འཕེལ་བ་ལ་ཡང་ངོ་། །པྲྀ་དགའ་བ་ལའོ། །སྨྲྀ་སྐྱོང་བར་བྱེད་པ་ལ་ཡང་ངོ་། །ཨཱཔླྀ་ཁྱབ་ པ་ལའོ། །ཤ་ཀླྀ་ནུས་པ་ལའོ། །རཱ་དྷ་དང་སཱ་དྷ་ཡང་དག་པར་གྲུབ་པ་ལའོ། །ཏི་ཀ་དང་ཏི་ག་དང་ཥ་གྷ་དང་རིཀྵ་དང་ཀྲྀ་བི་དང་ཙི་རི་དང་ཛི་རི་དང་དཱ་ས་དང་དྲུ་ཧ་འཚེ་བ་ལའོ། །ཉི་དྷྲྀ་ཤཱ་སྤྱི་བརྟོལ་ལའོ། །དནྦྷུ་ངན་གཡོ་ལའོ། །རྀ་དྷུ་འཕེལ་བ་ལའོ། །དྷི་བི་དང་ཏྲྀ་པ་མཛའ་བ་ལའོ། ། པ་རསྨཻ་བཤད་པ་རྣམས་སོ། །ཥྚིགྷ་ཀུན་ནས་གྲོལ་བ་ལའོ། །ཨ་ཤཱུ་ཁྱབ་པ་ལའོ། །ཨཱཏྨ་ནེ་བཤད་པ་དག་གོ། །ཞེས་པ་ནུ་བི་ཀ་ར་ཎ་རྣམས་སུ་ལ་སོགས་པ་རྣམས་རྫོགས་སོ།། །།ཏུ་ད་གཟིར་བ་ལའོ། །ཎུ་ད་དེད་པ་ལའོ། །དེ་ཤ་ཤིན་ཏུ་འདོར་བ་ལའོ། བྷྲསྫ་འཚེད་པ་ལའོ། ། ཀྵི་པ་དེད་པ་ལའོ། །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །མུཙླྀ་ཐར་པ་ལའོ། །ལུ་པླྀ་གཅོད་པ་ལའོ། །བིདླྀ་རྙེད་པ་ལའོ། །ལི་བ་བྱུག་པ་ལའོ། །ཥི་ཙ་འཇུག་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཀྲྀ་ཏཱི་གཅོད་པ་ལའོ། །ཁི་ད་ཡོངས་སུ་འཇོམས་པ་ལའོ། །པི་ཤ་ཆ་ཤས་ལའོ། །བྲྀཏའོ། ། མུ་ཧ་ལ་སོགས་པའོ། །རི་པི་དང་རྀ་ཥཱི་འགྲོ་བ་ལའོ། །དྷི་འཛིན་པ་ལའོ། །ཀྵེ་ངེས་པར་གནས་པ་དང་འགྲོ་བ་དག་ལའོ། །ཥཱུ་དེད་པ་ལའོ། །ཨོ་པྲཤྩུ་གཅོད་པ་ལའོ། །རྀཙྪ་འགྲོ་བ་དང་དབང་པོ་དང་འཇིག་པ་དང་ལུས་ཀྱི་དངོས་པོ་རྣམས་ལའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །གྲཱྀ་གསལ་ བར་བྱེད་པ་ལའོ། །ཨུཙྪི་སྐོམ་པ་ལའོ། །ཛརྩྩ་དང་ཙརྩྩ་དང་ཛྷརྩྩ་ཡོངས་སུ་བརྒྱད་པ་དང་བསྡིགས་པ་དག་ལའོ། །ཏྭ་ཙ་ཀུན་དུ་སྒྲིབ་པ་ལའོ། །རྀ་ཙ་བསྟོད་པ་ལའོ། །ཨུབྫ་མནམ་པ་ལའོ། །སུ་ཛྫྷ་གཏོང་བ་ལའོ། །ལུ་བྷ་རྣམ་པར་རྨོངས་པ་ལའོ། །རྀ་ཕ་མངགས་པ་དང་འཁྲུག་པ་ དང་སྨད་པ་དང་འཚེ་བ་དང་སྦྱིན་པ་རྣམས་ལའོ། །ཏྲྀ་ཕ་དང་ཏྲྀནྥ་ཚིམ་པ་ལའོ། །ཏུ་པ་དང་ཏུནྤ་དང་ཏུ་ཕ་དང་ཏུནྥ་དང་རི་ཕ་དང་རིནྥ་འཚེ་བ་ལའོ། །དྲྀ་པ་དང་དྲྀནྥ་དང་མི་ཙྪ་མཆོག་ཏུ་ཉོན་མོངས་པ་ལའོ། །གུ་ཕ་དང་གུནྤ་དང་དྲྀ་བྷཱི་མདུད་པ་ལའོ། །ཙྼྀ་ཏཱི་འཚེ་བ་ལ་ཡང་ངོ་། །ཨུ་བྷ་དང་ཨུནྡྷ་ 195-1-71a རྫོགས་པར་བྱེད་པ་ལའོ། །ཤུ་བྷ་དང་ཤུནྦྷ་མཛེས་པའི་དོན་ལའོ། །ཏྲྀནྥ་ལ་སོགས་པའོ། །བ་དྷི་སྒྲུབ་པར་བྱེད་པ་ལའོ། །ཛུ་ཌ་དང་ཤུ་ན་འགྲོ་བ་ལའོ། །པྲྀ་ཌ་དང་མྲྀ་ཌ་བདེ་བར་བྱེད་པ་ལའོ། །པྲྀ་ཎ་མཛའ་བ་ལའོ། །མྲྀ་ཎ་འཚེ་བ་ལའོ། །དྲུ་ཎ་འགྲོ་བ་ལ་ ཡང་ངོ་། །ཏུ་ཎ་གྱ་གྱུ་ལའོ། །པུ་ཎ་དགེ་བ་ལའོ། །མུ་ཎ་དམ་བཅས་པ་ལའོ། །གུ་ཎ་སྒྲ་དང་ཕན་པར་བྱེད་པ་དག་ལའོ། །གྷུ་ཎ་དང་གྷུ་རྞཱ་འཁྱམ་པ་ལའོ། །པྲཙྪ་ཤེས་པར་འདོད་པ་ལའོ། །སྲྀ་ཛ་རྣམ་པར་བཅད་པ་ལའོ། །ཊུ་མ་སྔོ་དག་པ་ལའོ། །རུ་ཛོ་འཇིགས་པ་ལའོ། །བྷུ་ཛོ་གྱ་ གྱུ་ལའོ། །ཚུ་པ་དང་སྤྲྀ་ཤ་ཀུན་དུ་རེག་པ་ལའོ། །རུ་ཤ་དང་རི་ཤ་འཚེ་བ་ལའོ། །ལི་ཤ་དང་བིཙྪ་འགྲོ་བ་ལའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །མྲྀ་ཤ་བཟོད་པ་ལའོ། །ཤདླྀ་འཇིག་པ་ལའོ། །ཤདླྀ་རྣམ་པར་གྲོལ་བ་ལའོ། །ཥུ་ར་དབང་ཕྱུག་ཉིད་དང་འབར་བ་དག་ལའོ། །ཀུ་ར་སྒྲ་ལའོ། ། ཁུ་ར་གཅོད་པ་ལའོ། །མུ་ར་ཡང་དག་པར་དཀྲིས་པ་ལའོ། །ཀྵུ་ར་རྣམ་པར་རྐོ་བ་ལའོ། །གྷུ་ར་འཇིགས་པའི་དོན་དང་སྒྲ་དག་ལའོ། །པུ་ར་སྔོན་དུ་འགྲོ་བ་ལའོ། །བྲྀ་ཧཱུ་བརྩོན་པ་ལའོ། །ཏྲྀ་ཧཱུ་དང་ཥྚྲྀ་ཧཱུ་དང་ཏྲྀནྷཱུ་འཚེ་བའི་དོན་ལའོ། །ཨི་ཥུ་འདོད་པ་ལའོ། །མི་ཤ་འགྲན་པ་ལའོ། །ཀི་ལ་ དཀར་པོ་ཉིད་དང་རྩེ་བ་དག་ལའོ། །ཨི་ལ་འགྲོ་བ་ལའོ། །ཧི་ལ་སྒེག་པའི་འགྱུར་བ་ལའོ། །ཤི་ལ་དང་ཁི་ལ་དང་ཨུཙྪི་སོགས་པའམ་མཐོ་བ་ལའོ། །ཏི་ལ་གཤེར་བའམ་སྣུམ་པ་ལའོ། །ཙི་ལ་གོས་ལའོ། །ཙ་ལ་རྣམ་པར་སྒེག་པ་ལའོ། །བི་ལ་འབྱེད་པ་ལའོ། །ཎི་ལ་ཐིབས་པོ་ལའོ། ། མི་ལ་སྦྱོར་བ་ལའོ། །ལི་ཁ་འབྲི་བ་ལའོ། །ཀུ་ཊ་གྱ་གྱུ་ལའོ། །པུ་ཊ་དང་ལུ་ཐ་ཀུན་ནས་སྦྱོར་བ་ལའོ། །ཀུ་ཙ་བསྐུམ་པ་ལའོ། །བྱ་ཙ་ཟོལ་བྱེད་པ་ལའོ། །གུ་ཛ་སྒྲ་ལའོ། །གུ་ཌ་སྲུང་བ་ལའོ། །ཌི་པ་འཕེན་པ་ལའོ། །ཙུ་ཎ་དང་ཙུ་ཊ་དང་ཚུ་ཊ་དང་ཚུ་ར་དང་ཏྲུ་ཊ་རྣམས་གཅོད་པ་ལའོ། ། སྥུ་ཊ་རྣམ་པར་རྒྱས་པ་ལའོ། །མུ་ཊ་འཕེན་པ་དང་ཉེད་པ་དག་ལའོ། །ཏུ་ཊ་འཐབ་པའི་ལས་ལའོ། །ཛུ་ཌི་འཆིང་བ་ལའོ། །ཀཌ་བརྒྱགས་པ་ལའོ། །ཀྲྀཌ་དང་གྷགྒྷ་དགོད་པ་ལའོ། །ཀུ་ཌ་བྱིས་པ་ཉིད་ལ་ཡང་ངོ་། །གྷུ་ཊ་སོ་སོར་འཇོམས་པ་ལའོ། །ཏུ་ཌ་ཐུ་བ་ལའོ། །ཐུ་ཌ་དང་སྥུ་ཊ་ 195-1-71b དང་བུ་ཌ་བྲུ་ཌ་ཀུན་ནས་སྒྲིབ་པ་ལའོ། །སྥུ་ཌ་ཚོགས་པ་ལའོ། །སྥུ་ར་འཕྲོ་བ་ལའོ། །སྥུ་ལ་ཀུན་ནས་སོགས་པ་ལ་ཡང་ངོ་། །ཎུ་བསྟོད་པ་ལའོ། །དྷུ་རྣམ་པར་འདར་བར་བྱེད་པ་ལའོ། །གུ་བཤང་བ་འདོར་བ་ལའོ། །དྷུ་འགྲོ་བ་དང་བརྟན་པ་ཉིད་དག་ལའོ། པ་རསྨཻ་བཤད་པ་ རྣམས་སོ། །གུ་རཱི་བརྩོན་པ་ལའོ། །ཀུང་སྒྲ་ལའོ། །བྲྀཏའོ། །ཀུ་ཊ་ལ་སོགས་པའོ། །བྲྀད་རྣམ་པར་འབད་པ་ལའོ། །མྲྀང་སྲོག་གཏོང་བ་ལའོ། །དྲྀང་མ་གུས་པ་ལའོ། །དྷྲྀང་ཀུན་དུ་གནས་པ་ལའོ། །ཛུ་ཥཱི་དགའ་བ་དང་བསྟེན་པ་དག་ལའོ། །ཨོ་བི་ཛཱི་འཇིགས་པ་དང་གཡོ་ བར་བྱེད་པ་དག་ལའོ། །ཨོ་ལ་ཛཱི་དང་ཨོ་ལསྫཱི་སྐྱེངས་པ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ་ཞེས་པ་ཨ་ན་བི་ཀ་ར་ཎ་ཡོན་ཏན་མེད་པ་རྣམས་ཏུད་ལ་སོགས་པ་རྣམས་རྫོགས་སོ།། །།རུ་དྷིར་སྒྲིབ་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཚི་དིར་རྣམ་པ་གཉིས་སུ་བྱེད་པ་ལའོ། ། རི་ཙིར་རྣམ་པར་འཐོར་བ་ལའོ། །བི་ཙིར་ཐ་དད་དུ་གྱུར་པ་ལའོ། །ཀྵུ་དིར་རྣམ་པར་མངགས་པ་ལའོ། །ཡུ་ཛིར་སྦྱོར་བ་ལའོ། །ཨུཚྪྼྀ་དིར་འབར་དང་རྩེ་བ་དག་ལའོ། །ཨུ་ཏྲྀ་དིར་འཚེ་བ་དང་མ་གུས་པ་དག་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཀྲྀ་ཏཱི་བསྐོར་བ་ལའོ། །ཤི་ཥླྀ འགྲོ་བ་ལའོ། །པི་ཥླྀ་ཕྱེ་མར་བྱེད་པ་ལའོ། །བྷཉྫཱ་ཀུན་དུ་ཉེད་པ་ལའོ། །བྷུ་ཛ་སྐྱོང་བར་བྱེད་པ་དང་བཟའ་བ་དག་ལའོ། །ཏྲྀ་ཧི་དང་ཧི་སི་འཚེ་བ་ལའོ། །ཨཱནྡཱི་ཀླས་པ་ལའོ། །ཨཉྫུ་གསལ་བ་དང་འཆབ་པར་བྱེད་པ་དང་འགྲོ་བ་རྣམས་སོ། །ཏཉྫུ་བསྐུམ་པ་ལའོ། །ཨོ་བི་ཛཱི་ འཇིགས་པ་དང་གཡོ་བར་བྱེད་པ་དག་ལའོ། །པྲྀ་ཛཱི་འདོར་བ་ལའོ། །པྲྀ་ཙཱི་ཕྲད་པ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །ཉི་ཨིནྡྷཱི་འབར་བ་ལའོ། །ཁི་ད་ཞན་པ་ཉིད་ལའོ། །བི་ད་རྣམ་པར་སྤྱོད་པ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ་ཞེས་པ་ན་བི་ཀ་ར་ཎ་རྣམས་རུ་དྷ་ལ་སོགས་ པ་རྣམས་རྫོགས་སོ།། །།ཏ་ནུ་རྒྱས་པ་ལའོ། །ཥ་ནུ་སྦྱིན་པ་ལའོ། །ཀྵ་ཎུ་དང་ཀྵི་ཎུ་འཚེ་བ་ལའོ། །རི་ཎུ་འགྲོ་བ་ལའོ། །ཏྲྀ་ཎུ་ཟ་བ་ལའོ། །གྷྲྀ་ཎུ་འབར་བ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །བ་ནུ་སློང་བ་ལའོ། །མ་ནུ་རྟོགས་པ་ལའོ། །ཨཱཏྨ་ནེ་བཤད་ 195-1-72a པ་དག་གོ་ཞེས་པ་ཨུ་བི་ཀ་ར་ཎ་རྣམས་ཏ་ན་ལ་སོགས་པ་རྣམས་རྫོགས་སོ།། །།ཌུ་ཀྲཱིཉ་རྫས་འཚོང་བ་ལའོ། །པྲཱིཉ་ཚིམ་པ་ལ་སྟེ་མཛེས་པ་ལ་ཡང་ངོ་། །ཤྲཱྀཉ་འཚེད་པ་ལའོ། །སྐུཉ་ཀུན་དུ་གྲོལ་བ་ལའོ། །ཥིཉ་དང་ཥུཉ་འཆིང་བ་ལའོ། །ཀྣཱུཉ་སྒྲ་ ལའོ། །མཱིཉ་དང་དྲཱུཉ་འཚེ་བ་ལའོ། །བཱུཉ་དག་བྱེད་ལའོ། །ལཱུཉ་གཅོད་པ་ལའོ། །སྟྲཱྀཉ་འགེབས་པ་ལའོ། །ཀྲཱྀཉ་འཚེ་བ་ལའོ། །བྲཱྀཉ་སྒྲིབ་པ་ལའོ། །དྷཱུཉ་འགུལ་བ་ལའོ། །གྲ་ཧ་ཉེ་བར་ལེན་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཤྲཱི་དང་སྤྲྀ་འཚེ་བ་ལའོ། །པྲཱྀ་སྐྱོང་བར་ བྱེད་པ་དང་རྫོགས་པར་བྱེད་པ་ལའོ། །བླཱི་དང་བྲཱྀ་སྒྲིབ་པ་ལའོ། །བྷྲཱྀ་བརྒྱད་བཀག་པ་ལའོ། །དྲཱྀ་རྣམ་པར་འཇོམས་པ་ལའོ། །ཛྲཱྀ་ལང་ཚོ་ཉམས་པ་ལའོ། །ནྲཱྀ་ཚུལ་ལའོ། །གྲཱྀ་སྒྲ་ལའོ། །ཛྱཱ་ལང་ཚོ་ཉམས་པ་ལའོ། །རཱྀ་འགྲོ་བ་ལའོ། །རཱི་འཇུག་པ་ལའང་ངོ་། །ལཱི་སྦྱོར་བར་ བྱེད་པ་ལའོ། །ལྱཱི་ཡང་ངོ་། །བྲྀཏའོ། །པཱུ་ལ་སོགས་པའོ། །ལཱུ་ལ་སོགས་པའོ། །བྲཱྀ་སྒྲིབ་པ་ལའོ། །བྷྲཱྀ་འགེངས་པ་ལའོ། །ཎ་བྷ་དང་ཏུ་བྷ་དང་ཀྵི་ཥ་འཚེ་བ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །བནྡྷ་འཆིང་བ་ལའོ། །ཤནྠི་གྲོལ་བར་བྱེད་པ་དང་སོ་སོར་དགའ་བར་བྱེད་པ་ལའོ། །མནྠ་ སྲུབ་པ་ལའོ། །གྲནྠ་སྤེལ་བ་ལའོ། །ཀུནྠ་ཀུན་ནས་ཉོན་མོངས་པར་བྱེད་པ་ལའོ། །མྲྀ་ད་ཕྲ་མོ་ལའོ། །མྲྀ་ཌ་བདེ་བ་ལའོ། །གུ་དྷ་ཁྲོ་བ་ལའོ། །ཀུ་ཥ་ངེས་པར་འགུགས་པ་ལའོ། །ཀྵུ་བྷ་ཀུན་ནས་གཡོ་བ་ལའོ། །ཀླཱི་ཤུ་གནོད་པ་ལའོ། །ཨ་ཤ་ཟས་ལའོ། །ཨུ་དྷྲ་ས་མཐོ་བ་ལའོ། ། ཨི་ཥ་ཡང་ཡང་ལའོ། །བི་ཥ་འབྲལ་བ་ལའོ། །པྲུ་ཥ་དང་བླུ་ཥ་གཤེར་བར་བྱེད་པ་དང་འཁྲུད་པར་བྱེད་པ་དང་རྫོགས་པར་བྱེད་པ་རྣམས་ལའོ། །པུ་ཥ་རྒྱས་པ་ལའོ། །མུ་ཥ་རྐུ་བ་ལའོ། །ཁ་བ་རུལ་བར་རབ་ཏུ་སྐྱེ་བ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །བྲིང་ཡང་དག་པར་གུས་པ་ལའོ། ། ཨཱཏྨ་ནེ་བཤད་པའོ་ཞེས་པ་ནཱ་བི་ཀ་ར་ཎ་རྣམས་ཀྲཱི་ལ་སོགས་པ་རྣམས་རྫོགས་སོ།། །།ཙུ་ར་རྐུ་བ་ལའོ། །ཙི་ཏི་དྲན་པ་ལའོ། །ཡ་དི་བསྐུམ་པ་ལའོ། །སྥུ་ཌི་ཡོངས་སུ་རྒོད་པ་ལའོ། །ལཀྵ་མཐོང་བ་དང་མཚན་མ་དག་ལའོ། །བྷཱཀྵ་ཟ་བ་ལའོ། །ཀུ་ཏྲྀ་མི་བདེན་པར་སྨྲ་བ་ལའོ། །ལ་ཌ་ 195-1-72b ཉེ་བར་བསྟེན་པ་ལའོ། །མི་དི་དང་ཏི་ལ་དང་སྣི་ཧ་གཤེར་བ་ལའོ། །ཨོ་ལ་ཌི་འདེགས་པ་ལའོ། །ཛ་ལ་ངེས་པར་འདམ་པ་ལའོ། །པཱི་ཌ་ཀུན་དུ་འཐིབས་པ་ལའོ། །ན་ཊ་ཀུན་ནས་འགྱུར་བ་ལའོ། །ཤྲ་ཐ་སོ་སོར་དགའ་བ་ལའོ། །བ་དྷ་ཀུན་ནས་འགོག་པ་ལའོ། །བྲཱྀ་རྫོགས་པར་བྱེད་པ་ལའོ། ། ཨཱུརྫ་སྟོབས་དང་སྲོག་བྱེད་པ་དག་ལའོ། །པུཊ་ཆུང་ངུར་གྱུར་པ་ལའོ། །ཙུཊ་དང་ཚུཊ་དང་ཀུཊྚ་གཅོད་པ་ལའོ། །མུཊ་ཀུན་ནས་ཕྱེ་མར་བྱེད་པ་ལའོ། །སྥིཊྚ་དང་ཨཊྚ་དང་ཥུཊྚ་མ་གུས་པ་ལའོ། །གྷཊྚ་གཡོ་བ་ལའོ། །ཚ་ད་དང་ཁཊྚ་ཀུན་ནས་སྒྲིབ་པ་ལའོ། །ཤ་ཋ་དང་ཤྭ་ཋ་འདུས་ བྱས་པ་དང་འགྲོ་བ་དག་ལའོ། །ཥཊྚ་དང་ཏུ་ཛི་དང་པི་ཛི་དང་པི་སི་འཚེ་བ་དང་སྟོབས་དང་སྦྱིན་པ་དང་གནས་པ་རྣམས་ལའོ། །ཤལྐ་དང་བལྐ་འཆད་པ་ལའོ། །སྭརྟྟ་དང་ཀ་པི་དང་པ་ཐི་འགྲོ་བ་ལའོ། །ཀྵ་པི་བཟོད་པ་ལའོ། །པིཙྪ་བརྡུང་བ་ལའོ། །ཏ་ཌ་ཀུན་ནས་བསྣུན་པ་ལའོ། །ཁ་ཌ་དང་ ཁི་ཌི་དང་ཀ་ཌི་འབྱེད་པ་ལའོ། །ནཀྐ་དང་དྷཀྐ་དང་པ་སི་ཉམས་པ་ལའོ། །ཙཀྐ་དང་ཙུཀྐ་གཟིར་བ་ལའོ། །པུསྟ་གུས་པ་དང་མ་གུས་པ་དག་ལའོ། །ཀྵ་ལ་གཙང་བ་ལའོ། །ཏ་ལ་རབ་ཏུ་གནས་པ་ལའོ། །ཏུ་ལ་སྨྱོ་བར་བྱེད་པ་ལའོ། །དུ་ལ་འདེགས་པ་ལའོ། །པྲྀ་ཐུ་རབ་ཏུ་འཕེན་པ་ལའོ། ། ཤམྦ་འབྲེལ་པ་ལའོ། །ཙུ་ལ་འབྱིང་བ་ལའོ། །ཥྚཱུ་པ་ཀུན་ནས་བསྒྲེང་བ་ལའོ། །མཱུ་ལ་སྐྱེ་བ་ལའོ། །ཀྵ་ཛི་ཚེགས་ཀྱིས་འཚོ་བ་ལའོ། །སཱནྟཱ་སྙན་ཚིག་རབ་ཏུ་སྦྱོར་བ་ལའོ། །མཱ་ན་མཆོད་པ་ལའོ། །ཙུ་ད་ཡང་དག་པར་བསྐུལ་བ་ལའོ། །ཀ་ལ་དང་པི་ལ་དང་སི་དང་ཌི་པ་འཕེན་པ་ལའོ། །ཀུ་ཊི་ དང་ཛ་བི་དང་པ་ལ་བསྲུང་བ་ལའོ། །ཤཱི་ཥ་སྦྱོར་བར་བྱེད་པ་ལའོ། །ལཱུ་ཥ་དང་དཱུ་ཥ་དང་བ་དྷ་འཚེ་བ་ལའོ། །ཤུརྞ་འདོར་བ་ལའོ། །ཙ་པ་སྙིགས་མ་ལའོ། །གཞན་རྒྱུ་མ་ཡིན་པ་མ་ཡིན་པ་ལ་མ་རྗེས་སུ་འབྲེལ་པ་རྣམས་སོ། །བྱ་ཡ་ཟད་པ་ལའོ། །སྥི་ཊ་དང་བུ་དྷི་འཚེ་བ་ལའོ། །པཱུ་ལ་དང་པུ་སྟ་ དང་པི་ཌི་ཚོགས་པ་ལའོ། །པུནྶ་མངོན་པར་ཉེད་པ་ལའོ། །ཊ་ཀི་འཆིང་བ་ལའོ། །དྷཱུ་ཥྵ་མཛེས་པར་བྱེད་པ་ལའོ། །ཀཱི་ཊ་འཆིང་བ་ལའོ། །ཙཱུ་ཎ་བསྐུམ་པ་ལའོ། །པཱུ་ཛ་མཆོད་པ་ལའོ། །ཨརྐ་དང་ཨི་ཌ་བསྟོད་པ་ལའོ། །ཤུ་ཋ་ལེ་ལོ་ལའོ། །ཤུ་ཋི་སྐེམས་པ་ལའོ། །ཛུ་ཌ་དང་ཙཱུརྞྞ་དེད་པ་ 195-1-73a ལའོ། །གརྫྫ་དང་མརྫྫ་སྒྲའི་དོན་ལའོ། །པ་ཙི་རྒྱས་པར་བརྗོད་པ་ལའོ། །ཏི་ཙ་རྣོ་བ་ལའོ། །ཀྲཱྀ་ཏ་ཀུན་ནས་སྒྲོགས་པ་ལའོ། །བརྷ་གཅོད་པ་དང་རྫོགས་པར་བྱེད་པ་དག་ལའོ། །ཀུ་བི་ཀུན་ནས་འགེགས་པ་ལའོ། །ལུ་བི་དང་ཏུ་བི་འགྲོ་བ་ལའོ། །ཧླ་པ་གསལ་བར་ བརྗོད་པ་ལའོ། །མླེ་ཙྪ་ཡང་ངོ་། །ཙཱུ་ཊི་གཅོད་པ་ལའོ། །མྲཀྵ་འཆབ་པ་ལའོ། །ལུཎྚ་རྐུ་བ་ལའོ། །ཚརྡྡ་སྐྱུག་པ་ལའོ། །ཨརྒྷ་འཇལ་བ་ལའོ། །གུ་ཌི་བསྐོར་བ་ལའོ། །བ་ལ་གླ་ལའོ། །གརྷྷ་མངོན་པར་འདོད་པ་ལའོ། །བརྦྦ་གནས་ལའོ། །རུ་ཥ་ཁྲོ་བ་ལའོ། །བ་ཌི་རྣམ་པར་བྱེད་པ་ལའོ། །མ་ཌི་རྒྱན་ ལའོ། །སྲ་ཎ་སྦྱིན་པ་ལའོ། །བྷ་ཌི་དགེ་ལེགས་ལའོ། །བ་ཛ་འཚོལ་བའི་འདུ་བྱེད་པ་ལའོ། །བྱུ་ཥ་འདོར་བ་ལའོ། །ཛ་སུ་འཚེ་བ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །ཏ་ཏྲྀ་བུ་གཟའ་འཛིན་པ་ལའོ། །མ་ཏྲི་གསངས་ཏེ་འཆད་པ་ལའོ། །བསྟ་དང་གནྡྷ་ཟ་བ་ལའོ། །ཧིཥྐ་འཚེ་བ་ལའོ། །ཎིཥྐ་ཡོངས་ སུ་འཇལ་བ་ལའོ། །ལ་ལ་འདོད་པ་ལའོ། །ཙིཏ་ཀུན་ནས་ཚོར་བར་བྱེད་པ་ལའོ། །ད་ཤི་འཚེ་བ་ལའོ། །དཪྵི་བལྟ་བ་ལ་ཡང་ངོ་། །ཧཱུ་ན་བསྐུམ་པ་ལ་ཡང་ངོ་། །ཌ་པ་དང་ཌི་པ་ཚོགས་པ་ལའོ། །ཏཱུ་ན་རྫོགས་པར་བྱེད་པ་ལའོ། །ཏརྫ་དང་བྷརྟ་ཀུན་དུ་བསྡིགས་པ་ལའོ། །བྷྲ་ཎ་ཕན་ཡོན་ལའོ། །ཡཀྵ་ མཆོད་པ་ལའོ། །ཤ་ཊ་བསྔགས་པ་ལའོ། །སྤ་མ་རྣམ་པར་རྟོག་པ་ལའོ། །གཱུ་ར་བརྩོན་པ་ལའོ། །ཤ་མ་དང་ལཀྵ་ཀུན་དུ་སྣང་བ་ལའོ། །ཀུཏྶ་སྨད་པ་ལའོ། །བྷ་ལ་མཚང་འབྲུ་བ་ལའོ། །ཀཱུ་ཊ་བག་ཡོད་པ་ལའོ། །བཉྩུ་རབ་ཏུ་དམིགས་པ་ལའོ། །བྲྀ་ཥུ་ནུས་པ་འཆིང་བ་ལའོ། ། མ་ད་ཚིམ་པར་སྦྱོར་བ་ལའོ། །དི་བུ་ཡོངས་སུ་སྒྲོགས་པ་ལའོ། །གྲཱྀ་རྣམ་པར་ཤེས་པ་ལའོ། །བི་ད་སེམས་པ་དང་འཆད་པ་དང་ངེས་པར་གནས་པ་རྣམས་ལའོ། །མ་ན་རེངས་པ་ལའོ། །ཡུ་སྨད་པ་ལའོ། །ཀུསྨ་རུལ་པ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ། །ཙརྩྩ་ཚིག་ཀློག་ པ་ལའོ། །བུཀྐ་འཆད་པ་ལའོ། །ཤབྡ་སྤྱིར་བཏང་བ་ལ་སྦྱིན་པ་དང་སྨྲ་བ་ལ་ཡང་ངོ་། །ཀ་ན་ཟུམ་པར་བྱེད་པ་ལའོ། །ཛ་བྷི་ཉམས་པ་ལའོ། །ཥཱུ་ད་ཀུན་ནས་འཛག་པ་ལའོ། །ཛ་ས་འཚོགས་པ་ལའོ། །པ་ཥ་འཆིང་བ་ལའོ། །ཨམ་ནད་ལའོ། །ཙ་ཊ་དང་སྥུ་ཊ་འབྱེད་པ་ལའོ། །གྷ་ཊ་ཚོགས་པ་ 195-1-73b ལའོ། །འཇོམས་པར་བྱེད་པའི་དོན་རྣམས་ཀྱང་ངོ་། །དི་བུ་འཇོམས་པ་ལའོ། །ཨརྫྫ་སོ་སོར་འབད་པ་ལའོ། །གྷུ་ཥིར་རྣམ་པར་སྒྲོགས་པ་ལའོ། །ཨཱང་དུ་བ་ཉམས་པ་ལའོ། །ལ་ས་བཟོའི་སྦྱོར་བ་ལའོ། །བྷཱུ་ཥ་རྒྱན་ལའོ། །མོ་ཀྵ་ཟ་བ་ ལའོ། །ཨརྟ་མཆོད་པ་ལའོ། །ཛྙཱ་ངེས་པར་སྦྱོར་བ་ལའོ། །ཤྲྀ་དྷུ་རབ་ཏུ་བཟོད་པ་ལའོ། །བྷ་ཛ་རྣམ་པར་འཚེད་པ་ལའོ། །ཡ་ཏ་གནོད་པར་བྱེད་པ་དང་ཡོ་བྱད་དག་ལའོ། །ནི་ཌ་ཤྩ་ཕྱིར་སྦྱིན་པ་ལའོ། །བ་ས་གཤེར་བ་དང་གཅོད་པ་དང་ཀུན་ནས་ འཕྲོག་པ་རྣམས་ལའོ། །ཙ་ར་ཐེ་ཚོམ་མེད་པ་ལའོ། །ཙྱུ་ཟ་བ་ལའོ། །བྷཱུ་དང་ཀྲྀ་པ་ཀུན་དུ་རྟོག་པ་ལའོ། །ར་ཀ་དང་ལ་ཀ་རོ་མྱང་བ་ལའོ། །ཨཉྩུ་ཁྱད་པར་དུ་བྱེད་པ་ལའོ། །ལི་ཁི་རི་མོར་བྱེད་པ་ལའོ། །ཙུ་ད་ཀུན་དུ་འདོར་བ་ལའོ། །ཏྲ་ས་སྐོར་བར་བྱེད་པ་ ལའོ། །ཨུཏྷྲ་ས་མཐོ་བ་ལའོ། །མུ་ཛ་རབ་ཏུ་གྲོལ་བར་བྱེད་པ་ལའོ། །ཨཱ་སྭ་ད་ལས་དང་བཅས་པ་ལས་སོ། །གྲ་ས་འཛིན་པ་ལའོ། །པུ་ཥ་འཆང་བ་ལའོ། །ད་ལ་རྣམ་པར་འཇོམས་པ་ལའོ། །པ་ཊ་དང་། པུ་ཊ་དང་། ལུ་ཊ་དང་། ཏུ་ཛི་དང་། པི་ཛི་ དང་། ལུ་ཛི་དང་། བྷ་ཛི་དང་། ལ་གྷི་དང་། ཏྲ་སི་དང་། པི་སི་དང་། ཀུ་སི་དང་། ད་ཤི་དང་། ཀྲ་ཤི་དང་། གྷ་ཊ་དང་། གྷ་ཊི་དང་། བྲྀ་ཧི་དང་། བརྷ་དང་། བ་ལྷ་དང་། གཱུ་པཱུ་དང་། དྷཱུ་པ་དང་། བིཙྪ་དང་། ཙཱི་པ་དང་། པྲྀ་ཐ་དང་། ལོ་ཙྼྀ་དང་། ལོ་ཀྲྀ་དང་། ཎ་ད་ དང་། བ་ཏ་དང་། ཏརྐ་དང་། བྲྀ་ཏུ་དང་། བྲྀ་དྷུ་བཤད་པའི་དོན་རྣམས་སོ། །པཱུ་རཱི་ཚིམ་པ་ལའོ། །རུ་ཛ་འཚེ་བ་ལའོ། །ཥྭ་ད་རོ་མྱང་བ་ལའོ། །ཨ་ཏའི་མཐའ་རྣམས་སོ། །ཀ་ཐ་དག་གི་རྒྱུན་ལའོ། །བ་ར་འདོད་པ་ལའོ། །ག་ཎ་གྲངས་ལའོ། །ཤ་ཋ་ དང་། ཤྭ་ཋ་ཡང་དག་པར་འཆད་པ་ལའོ། །པ་ཋ་དང་བ་ཋ་འདུད་པ་ལའོ། །ར་ཧ་གཏོང་བ་ལའོ། །སྟ་ན་དང་ག་ཐ་དང་དེ་བ་སྒྲ་ལའོ། །པ་ད་འགྲོ་བ་ལའོ། །པ་ཥ་ཉེར་སྒྱུར་མེད་པ་ལའོ། །སྭ་ར་ཀུན་ནས་འཕེན་པ་ལའོ། །ཙ་ར་སོ་སོར་འབད་པ་ལའོ། ། 195-1-74a ཀ་ལ་འགྲོ་བ་ལ་སྟེ། གྲངས་ལ་ཡང་ངོ་། །ཙ་ཧ་ཡོངས་སུ་སྙེག་པ་ལའོ། །མ་ཧ་མཆོད་པ་ལའོ། །པཱ་ར་དང་ཀྲྀ་བ་དང་ཤྲ་ཐ་ཉམ་ཆུང་བ་ལའོ། །སྤྲྀ་ཧ་འདོད་པ་ལའོ། །བྷཱ་མ་ཁྲོ་བ་ལའོ། །སཱུ་ཙ་ཕྲ་མོ་ལའོ། །ཁེ་ཊ་ཟ་བ་ ལའོ། །ཁོ་ཊ་འཕེན་པ་ལའོ། །གོམ་ཉེ་བར་བྱུག་པ་ལའོ། །ཀུ་མཱ་ར་རྩེ་བ་ལའོ། །ཤཱི་ལ་ཉེ་བར་འཛིན་པ་ལའོ། །སཱ་མ་རྒྱུད་ལའོ། །བཻ་ལ་དུས་ཉེ་བར་བསྟན་པ་ལའོ། །པ་ལ་དང་པཱུ་ལ་ལན་ཚྭ་དང་རླུང་དག་ལའོ། །བཱ་ཏ་འགྲོ་བ་དང་བདེ་བ་ བསྟེན་པ་དག་ལའོ། །ག་བེ་ཥ་ཚོལ་བ་ལའོ། །བཱ་ས་ཉེ་བར་བསྟེན་པ་ལའོ། །ནི་བཱ་ས་ཀུན་ནས་འགེབས་པ་ལའོ། །བྷཱ་ཛ་ཐ་དད་པའི་ལས་ལའོ། །ས་བྷཱ་ཛ་དགའ་བ་དང་བསྟེན་པ་དག་ལའོ། །ཨཱུ་ན་ཡོངས་སུ་ཉམས་པ་ལའོ། །དྷྭ་ན་སྒྲ་ལའོ། ། ཀུ་ཊ་སྲེག་པ་ལའོ། །ཀེ་ཏ་དང་ཤྲཱ་མ་དང་ཀུ་ཎ་དང་གུ་ཎ་ཡང་བོད་པ་ལའོ། །སྟེ་ན་ཆོམ་རྐུན་ཉིད་ལའོ། །པ་རསྨཻ་བཤད་པ་རྣམས་སོ།། །།ཨཱ་གརྦྦ་ལས་ཨཱཏྨ་ནེའི་ཚིག་གོ། །པ་ད་འགྲོ་བ་ལའོ། །གྲྀ་ཧ་འཛིན་པ་ལའོ། །མྲྀ་ག་དོན་དུ་གཉེར་བ་ལའོ། ། ཀུ་ཧ་ཡ་མཚན་པ་ལའོ། །ཤཱུ་ར་ཝཱི་ར་རྣམ་པར་གནོན་པ་ལའོ། །སྠཱུ་ལ་ཡོངས་སུ་འཕེལ་བ་ལའོ། །ཨརྠ་ཉེ་བར་སློང་བ་ལའོ། །ས་ཏྲ་རྒྱུད་ཀྱི་བྱ་བ་ལའོ། །སཾ་གྲཱ་མ་གཡུལ་ལའོ། །གརྦ་ང་རྒྱལ་ལའོ། །སཱུ་ཏྲ་ཀུན་དུ་གྲོལ་བ་ལའོ། །མཱུ་ཏྲ་རབ་ཏུ་ འཛག་པ་ལའོ། །རཱུ་ཥ་རྩུབ་པ་ལའོ། །པཱ་ར་དང་ཏཱི་ར་ལས་རྫོགས་པ་ལའོ། །པུ་ཊ་ཀུན་དུ་འདོར་བ་ལའོ། །ཀ་ཏྲ་ལྷོད་པ་ལའོ། །ཨཾ་ཤ་ཀུན་དུ་ཚོགས་པ་ལའོ། །ཙི་ཏྲ་རི་མོར་བྱེད་པ་ལའོ། །འགའ་ཞིག་ཏུ་བལྟ་བ་ལའོ། །བ་ཊི་རྣམ་ པར་འབྱེད་པ་ལའོ། །ལ་ཛ་རབ་ཏུ་གསལ་བ་ལའོ། །མི་ཤྲ་རབ་ཏུ་ཚོགས་པ་ལའོ། །སྟོ་མ་བསྔགས་པ་ལའོ། །ཚི་དྲ་རྣ་བ་འབྱེད་པ་ལའོ། །ཨནྡྷ་ལྟ་བ་ཉེ་བར་སྡུད་པ་པའོ། །ཨརྠ་དང་དྲྀཥྚི་ཉེ་བར་སྡུད་པ་ལའོ། །དཎྜ་དཎྜའི་ཚིག་ཕྲད་ 195-1-74b པ་ལའོ། །ཨཾ་ཀ་མཚོན་བྱེད་ལའོ། །སུ་ཁ་དང་དུ་ཁ་དེའི་བྱ་བ་ལའོ། །ར་ས་རོ་མྱང་བ་དང་སྣུམ་པ་དག་ལའོ། །བྱ་ཡ་དང་བི་དུ་ཀུན་ནས་འདོར་བ་ལའོ། །རཱུ་པ་གཟུགས་ཀྱི་བྱ་བ་ལའོ། །ཚེ་ད་རྣམ་པ་གཉིས་སུ་བྱ་བ་ལའོ། །བྲ་ཎ་ལུས་ཕྱེ་མར་ བྱེད་པ་ལའོ། །པརྟ་ཁ་དོག་གི་བྱ་བ་དང་ཡོན་ཏན་རྒྱ་ཆེ་བ་དང་བརྗོད་པ་རྣམས་སོ། །པརྞ་ལྗང་གུར་གྱུར་པ་ལའོ། །ལཱ་བྷ་མངག་པ་ལའོ། །ཀྵ་པ་དེད་པ་ལའོ། །ཨ་གྷ་སྡིག་པ་བྱེད་པ་ལའོ། །མང་པོ་འདི་རྣམས་ངེས་པར་མཐོང་ངོ་། །ཨི་ནི་ཡན་ ལག་མི་གནས་པ་ལ་ཡང་ངོ་། །ཤྭེ་ཏ་ཨ་ཤྭ་དང་ཨ་ཤྭ་ཏ་ར་དང་གཱ་ལོ་ཌ་ཏི་ཀ་དང་ཨ་ཧྭ་ར་ཀ་རྣམས་ཀྱི་ཨ་ཤྭ་ཏ་ར་དང་ཨི་ཏ་དང་ཀ་དབྱི་བ་ཡང་ངོ་། །མནྟུ་དང་བནྟུ་དང་བིན་རྣམས་ཀྱི་འཇིག་པ་ཡང་ངོ་། །པྲ་ཤ་སྱའི་ཤྲའོ། །བྲྀདྡྷ་ཡང་ཛྱའོ། །ཨནྟི་ཀ་དང་བཱ་ཌྷ་ དག་གི་ནེ་ད་དང་སཱ་དྷ་དག་གོ། །ཡུ་བ་དང་ཨལྤ་དག་གི་ཀན་ཡང་ནའོ། །སྠཱུ་ལ་དང་དཱུ་ར་དང་ཡུ་བ་དང་ཀྵི་པྲ་དང་ཀྵུ་དྲ་རྣམས་ཀྱི་མཐར་གནས་ལ་སོགས་པ་དབྱི་བ་དང་ཡོན་ཏན་ཡང་ངོ་། །བ་ཧུའི་ཡ་ལ་སོགས་པ་དང་བྷཱུ་ཡང་ངོ་། །བྲྀ་ཡ་དང་སྠི་ར་དང་སྥི་ར་དང་ཨུ་རུ་དང་གུ་ རུ་དང་བ་ཧུ་ལ་དང་ཏྲྀ་པྲ་དང་དཱིརྒྷ་དང་ཧྲ་སྭ་དང་བྲྀ་དྷ་དང་བྲྀནྡཱ་ར་ཀ་རྣམས་ཀྱི་པྲ་དང་སྠ་དང་སྥ་དང་བར་དང་ག་ར་དང་བཾ་ཧ་དང་། ཏྲ་པ་དང་། དྲ་གྷ་དང་། ཧྲ་ས་དང་། བཪྵ་དང་བྲྀནྡ་རྣམས་སོ། །དེ་བཞིན་དུ་ཨིཥྛ་དང་ཨི་མན་དང་ཨི་ཡནྶ་རྣམས་ལ་མང་པོའོ། ། བདེན་པ་དང་དོན་དང་རིག་པ་རྣམས་ཀྱི་མཐའ་ལ་ཨཱ་པ་ནི་ཀཱ་རི་ཏ་ཉིད་དོ། །དབྱངས་གཅིག་པ་རྣམས་ཀྱི་ཨཏའི་མཐའ་རྣམས་ཀྱིའང་ངོ་། །ཁ་ཅིག་ཏུ་ཙུ་ར་ལ་སོགས་པ་རྣམས་སུ་ཡ་ཛ་ལ་སོགས་པ་རྣམས་ཀློག་པར་བྱེད་དེ། དེ་རྣམས་ཀྱང་རྣམ་ པར་བཤད་པ་གང་གི་རྐྱེན་ནོ་ཞེས་བལྟ་བར་བྱའོ། །ཕུ་ཛ་དང་པྲྀ་ཙ་ཡང་དག་པར་སྡོམ་པ་ལའོ། །ས་ཧ་བཟོད་པ་ལའོ། །ཨཱི་ར་འཕེན་པ་ལའོ། །ལཱི་ཏྲ་འགྱུར་བར་བྱེད་པ་ལའོ། །བྲྀ་ཛི་འདོར་བ་ལའོ། །ཛྲྀ་ལང་ཚོ་ཉམས་པ་ལའོ། །རི་ 195-1-75a ཙ་རྣམ་པར་སྦྱོར་བ་དང་ཚོགས་པ་དག་ལའོ། །ཤི་ཥ་ཐམས་ཅད་མ་ཡིན་པར་ཉེ་བར་སྦྱོར་བའོ། །བི་སྔོན་མ་ལས་ཕུལ་དུ་བྱུང་བ་ལའོ། །ཏྲྀ་པ་ཚིམ་པ་ལའོ། །ཚད་ངེས་པར་བཟུང་བ་ལའོ། །ནཱི་འགྲོ་བ་ ལའོ། །ཀྲ་ཐ་དང་ཧི་སི་འཚེ་བ་ལའོ། །ཤྲ་ཐ་འཆིང་བ་ལའོ། །ཙཱི་ཀ་དང་ཤཱི་ཀ་བཟོད་པ་ལའོ། །ཨཱ་ད་དང་ས་ད་དང་པ་དི་ཤིན་ཏུའི་དོན་ལའོ། །ཛུ་ཥ་ཡོངས་སུ་རྟོག་པ་ལའོ། །ཤནྠ་དང་གྲནྠ་སྤེལ་མ་ལའོ། །ཨཱ་པླྀ་དམིགས་པ་ལའོ། །ཏ་ནུ་ དད་པ་དང་ཉེ་བར་གདུང་བ་དག་ལའོ། །ཉེར་སྒྱུར་ལས་ཀྱང་རིང་པོ་ཉིད་ལའོ། །བ་ཙ་ཀུན་དུ་སྟོན་པའམ་འབྱིན་པ་ལའོ། །བྷཱུ་རབ་ཏུ་ཐོབ་པ་ལ་སྟེ། ཨཱཏྨ་ནེའི་ཚིག་གོ། །མཱན་ཆོད་པ་ལའོ། །གརྷ་རྣམ་པར་སྨད་པ་ལའོ། །ཚྼྀ་དཱི་ཀུན་དུ་སྣང་བ་ལའོ། ། དྲྀ་དང་བྷཱི་འཇིགས་པ་ལའོ། །དྲྀ་བྷ་ཡེལ་བ་ལའོ། །རྒ་ས་བ་མཱརྒྒ་ཚོལ་བ་ལའོ། །ཀ་ཋ་མྱ་ངན་ལའོ། །མྲྀ་ཛུ་གཙང་བ་དང་རྒྱན་དག་ལའོ། །དྷྲྀ་ཥ་བཟོད་པ་ལའོ། །པ་རསྨཻ་བཤད་པ་རྣམས་སོ། །མྲྀ་ཥ་རྣོ་བ་ལའོ། །ཏ་པ་སྲེག་པ་ལའོ། ། བ་ད་སྨྲ་བ་ལའོ། །ཨརྩ་མཆོད་པ་ལའོ། །ཨརྡྷ་འཚེ་བ་ལའོ། །ཤུདྡྷ་དག་པ་ལའོ། །ཨཱཏྨ་ནེ་བཤད་པ་རྣམས་སོ། །བྲྀཉ་སྒྲིབ་པ་ལའོ། །དྷཱུཉ་མགུལ་པ་ལའོ། །ཀྲྀཉ་ཚིམ་པ་ལའོ། །གཉིས་ཀ་ལས་བཤད་པ་རྣམས་སོ་ཞེས་པ་རང་ གི་དོན་ཅན་གྱི་ཨི་ནའི་མཐའ་རྣམས་ཙུ་ར་ལ་སོགས་པ་རྣམས་རྫོགས་སོ།། །།བགྲོད་དཀའ་སེང་གེས་སྦྱར་བ་ཡི། །དགུ་ཡི་གྲངས་ཀྱི་བྱིངས་ཀྱི་གཞུང་། །དེ་ནི་སུམ་ཅུ་རྩ་ལྔ་ཡིས། །ལྷག་པའི་སུམ་བརྒྱར་ཤེས་པར་བྱ། །བྱིངས་ཀྱི་ ཚོགས་རྫོགས་སོ།། །།ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་། བྱིངས་ཀྱི་འགྲེལ་པ་དང་གཏུགས་ཏེ་དག་པར་བྱས་པའི་ཡི་གེ་པ་ནི་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ཡིན་ནོ།། །། 195-1-75b ༄༅། །ལུང་སྟོན་པ་ཀ་ལཱ་པའི་མདོའི་འགྲེལ་བ་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ། །༄༅༅། །རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་ལ་ཕྱག་འཚལ་ལོ། །སྒྲ་རྗེས་སུ་བསྟན་པ་འདི་ལ། ཡི་གེ་ཡང་དག་པར་བརྗོད་པ་ཉེ་བར་བསྟན་པ་དང་པོར་བྱ་དགོས་ ན། དེ་ལ་ཇི་ལྟར་འདི་མ་བྱས་ཞེས་དོགས་པར་བྱས་པ་ན། མདོ་འདི་སློབ་དཔོན་གྱིས་མཛད་དེ། གྲུབ་པ་ཡི་གེ་ཡང་དག་པར་བརྗོད་པའོ། །ཨ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱི་གང་ཡང་དག་པར་བརྗོད་པ་ནི་རིམ་པས་ཀློག་པ་སྟེ། དེ་ནི་གྲུབ་ཅིང་འཇིག་རྟེན་དུ་རབ་ཏུ་གྲགས་ སོ་ཞེས་པས་དེ་ཉེ་བར་བསྟན་པས་ཅི་བྱ། དེ་ལ་དང་པོ་བཅུ་བཞི་རྣམས་དབྱངས་རྣམས་སོ། །དེ་ལ་ཞེས་པ་ནི་དང་པོའི་གཅིག་གི་ཚིག་ཕྱིས་པའི་མི་ཟད་པའོ། །བཞི་རྣམས་དང་བཅུ་རྣམས་ཡིན་པ་དེ་རྣམས་ནི་བཅུ་བཞི་རྣམས་སོ། །རབ་ཏུ་གྲགས་པའི་ཡི་གེ་ཡང་དག་པར་ བརྗོད་པ་དེ་ལ་དང་པོར་གང་ཡི་གེ་བཅུ་བཞི་པོ་དེ་རྣམས་ནི་དབྱངས་ཀྱི་མིང་ཅན་རྣམས་སུ་འགྱུར་རོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽའོ། །དབྱངས་ཀྱི་མིང་གང་དུ་དགོས་ཤེ་ན། རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོའོ་ཞེས་པ་ལ་སོགས་པ་རྣམས་སུའོ། ། ཨགྣཱི་རཀྵ་ཏི། ཡི་གེ་ཡང་དག་པར་བརྗོད་པ། ཕྱི་མ་ལ་རྗེས་སུ་འཇུག་པའི་དོན་དུ་དེ་ལ་ཞེས་སྨོས་སོ། །བཅུ་རྣམས་མཚུངས་པའོ། །དང་པོར་ཞེས་པ་རྗེས་སུ་འཇུག་གོ། །ཡི་གེ་ཡང་དག་པར་བརྗོད་པ་དེ་ལ་དང་པོར་ཡི་གེ་བཅུ་གང་ཡིན་པ་དེ་མཚུངས་པའི་མིང་ཅན་དུ་འགྱུར་རོ། ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀའོ། །མཚུངས་པའི་མིང་གང་དུ་དགོས་ཤེ་ན། མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པ་རྣམས་སུའོ། །རཱ་མཱ་ཡ་ཏ་ནཾ། དེ་རྣམས་ཀྱི་གཉིས་གཉིས་དག་ཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ། །གཉིས་གཉིས་དག་ཅེས་པ་ནི་ཚིག་གཅིག་ཡིན་ཏེ། ཡང་ཡང་ལ་ཎམ་ཡང་ན་སྟེ་ཚིག་གཉིས་སོ་ཞེས་གསུངས་པའི་ཕྱིར་གཉིས་དག་ཅེས་པ་འདི་ལན་གཉིས་བརྗོད་པར་བྱའོ། །མཚུངས་པ་བཅུ་པོ་དེ་རྣམས་ཀྱི་མཚུངས་པ་གཉིས་གཉིས་གང་ཡིན་པ་དེ་དག་ཕན་ཚུན་ཏེ་གཅིག་གི་གཅིག་འདྲ་བའི་ཡི་གེའི་མིང་ཅན་དག་ཏུ་འགྱུར་རོ། ། 195-1-76a ཨ་ཡིག་གི་ཨཱ་ཡིག་འདྲ་བའི་ཡི་གེ་དང་། ཨཱ་ཡིག་གི་ཨ་ཡིག་འདྲ་བའི་ཡི་གེ་སྟེ། དེ་བཞིན་དུ་ཐམས་ཅད་དུའོ། །འདྲ་བའི་ཡི་གེའི་མིང་གང་དུ་དགོས་ཤེ་ན། མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པ་ལ་སོགས་པ་རྣམས་སུའོ། །རུ་དྲ་ཡུ་དྡྷཾ། ཀྲྀཥྞཱ། གྲཾ། གཱཾ་ ཡ་ཏ་ནཾ། འོ་ན་རྗེས་སུ་འཇུག་བཞིན་པའི་ཐུང་བ་དང་རིང་བ་དག་ལ་འདིའི་མིང་དུ་བྱ་བ་ཡིན་ན། དེ་ཇི་ལྟར་ཐུང་ངུ་གཉིས་དག་གི་དང་རིང་བ་གཉིས་དག་གིར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། སན་ལ་ཙཱ་ནི་ཊི་ཞེས་པ་དང་། གསུམ་པ་ལ་སོགས་ལ་ནི་པ་རཱ་དིའི་ཞེས་པས་ཤེས་པར་བྱེད་པ་ འདི་ལས་འགྱུར་རོ། །སྡེ་པ་ལ་སྡེ་པའི་འདྲ་བའི་ཡི་གེའོ་ཞེས་པའི་ཚིག་ལས་གསལ་བྱེད་རྣམས་ཀྱི་ཡང་འདྲ་བའི་ཡི་གེའི་མིང་ཅན་ནོ། །དེས་ན་ཀ་ཁ་ག་གྷ་ང་ཞེས་པ་འདི་རྣམས་ཀྱི་ཕན་ཚུན་དུ་འདྲ་བའི་ཡི་གེའི་མིང་ཅན་ཏེ། དེ་བཞིན་དུ་གཞན་རྣམས་ཀྱིའང་ངོ་། །རྀ་ཡིག་དང་ལྀ་ཡིག་ དག་འདྲ་བའི་ཡི་གེའི་མིང་ཅན་དུའང་བརྗོད་པར་བྱ་སྟེ། ཧོ་ཏྲྀ་ལྀ་ཀཱ་ར། ཧོ་ཏྲཱྀ་ཀཱ་ར། མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པས་རིང་པོའོ། །སྔ་མ་ཐུང་ངུའོ། །འདྲ་བའི་ཡི་གེ་དག་གི་གང་སྔ་མ་དེ་ཐུང་ངུའི་མིང་ཅན་དུ་འགྱུར་རོ། །ཨ་ཨི་ཨུ་རྀ་ལྀའོ། །ཐུང་ངུའི་མིང་གང་དུ་དགོས་ཤེ་ན། མའི་དོན་རྣམས་ཀྱི་ཐུང་ངུ་འོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཧེ་ཨམྦ། སྔ་མ་ནི་ཡང་བའི་མིང་ཅན་དུའང་བརྗོད་པར་བྱའོ། །དེ་གང་དུ་དགོས་ཤེ་ན། ཨུ་པ་དྷཱ་ནཱ་མི་ནའིའང་ཡང་བའི་ཞེས་པ་ལ་སོགས་པ་རྣམས་སུའོ། །བེ་ད་ཏཱི། བི་ད་ཤེས་པ་ལའོ། །ཤྭསྟ་ནཱིའི་ཏཱ་སྟེ་ཨིཊའོ། ། ཨུ་པ་དྷཱ་ནཱ་མི་ནའི་ཞེས་པས་ཡོན་ཏན་ཏོ། །ཕྱི་མ་རིང་པོའོ། །འདྲ་བའི་ཡི་གེ་དག་གི་གང་ཕྱི་མ་དེ་རིང་པོའི་མིང་ཅན་དུ་འགྱུར་རོ། །ཨཱ་ཨཱི་ཨཱུ་རཱྀ་ལཱྀའོ། །རིང་པོའི་མིང་གང་དུ་དགོས་ཤེ་ན། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །རུ་དྲཱ་ཡ། ཕྱི་མ་ནི་ལྕི་བའི་ མིང་ཅན་དུ་ཡང་བརྗོད་པར་བྱ་སྟེ། དེ་གང་དུ་དགོས་ཤེ་ན། ལྕི་བ་ལས་ཀྱང་ནིཥྛ་ལ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨཱི་ཧཱ། ཨཱི་ཧ་གཡོ་བ་ལའོ། །གཡོ་བས་ན་ཞེས་པས་ལྗི་བ་ལས་ཀྱང་ནིཥྛཱ་ལ་ཞེས་པ་ཨ་ཡིག་གི་རྐྱེན་ནོ། །བུད་མེད་ལ་ཨ་ལས་ཨཱ་པའོ། །སྔ་མ་དང་ 195-1-76b ཐུང་ངུའི་སྒྲ་དག་གི་ཕྱི་མ་དང་རིང་པོའི་སྒྲ་དག་འབྲེལ་པ་ཅན་གྱི་སྒྲ་ཡིན་པ་ཉིད་ཀྱི་ཕྱིར་འཕངས་པ་ཡིན་ནའང་། ཚིག་མེད་ན་འཕེན་པ་ཙམ་ལས་མིང་དང་མིང་ཅན་གྱི་མཚན་ཉིད་ཀྱི་འབྲེལ་པ་དམིགས་པ་མིན་ནོ་ཞེས་པས་སྦྱོར་བ་བརྩམས་སོ། །ཨའི་ཡི་གེ་བོར་བའི་དབྱངས་ནི་ ནཱ་མིནའོ། །བྲྀ་ཛི་ལས་ཙུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའོ། །བོར་བ་ཉིད་དོ་ཞེས་པས་བོར་བའོ། །དབྱངས་དང་བྲྀ་ཏྲྀ་ག་ལི་གྲ་ཧ་རྣམས་ཀྱི་ཨ་ལའོ། །ཀ་རཱི་ཏ་དབྱིའོ། །དབྱངས་གང་ལ་ཨ་ཡིག་བོར་བ་ཞེས་ཚིག་རྣམ་པར་སྦྱོར་རོ། །ཨའི་ཡི་གེ་ནི་ཨ་ཡིག་དང་ཨཱ་ ཡིག་དག་སྟེ་དབྱངས་ནི་འདྲ་བའི་ཡི་གེ་འཛིན་པར་བྱེད་པའོ་ཞེས་པའི་ཚིག་ལས་སོ། །དེ་ལྟར་ན་ཡི་གེ་སྨོས་པས་ཐམས་ཅད་དུ་གཉིས་དག་འཛིན་ནོ། །ཨའི་ཡི་གེ་བོར་བའི་དབྱངས་ནི་ནཱ་མིནའི་མིང་ཅན་དུ་འགྱུར་རོ། །ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽའོ། །ནཱ་མིནའི་ མིང་གང་དུ་དགོས་ཤེ་ན། ནཱ་མིན་ལས་དབྱངས་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ད་དྷི་ནཱི། ཨེ་ཡིག་ལ་སོགས་པ་རྣམས་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ། །ཡི་གེ་གང་རྣམས་ཀྱི་དང་པོ་ཨེ་ཡིག་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཨེ་ཡིག་ལ་སོགས་པའི་ཡི་གེ་ རྣམས་མཚམས་སྦྱོར་གྱི་ཡི་གེའི་མིང་ཅན་དུ་འགྱུར་རོ། །ཨེ་ཨཻ་ཨོ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེའི་མིང་གང་དུ་དགོས་ཤེ་ན། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཨའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །དཱ་ཏཱ། དེང་བསྲུང་བ་ལའོ། །མིང་བཞི་པོ་འདི་རྣམས་ཀྱི་སྟེ་ དབྱངས་སྨོས་པ་རྗེས་སུ་འཇུག་པའི་ཆེད་དུའོ། །འོ་ན་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་ཨེ་ཡིག་གི་མིང་ཅི་ལྟར་ཡིན་ཞེ་ན། བདེན་མོད། ཧཱ་ཝཱ་མའི་ཞེས་པ་འདིར་ཧྭེཉའི་མཚམས་སྦྱོར་གྱི་ཡི་གེའི་མཐའ་ཅན་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཨཱ་ཉིད་བྱས་པའི་ཕྱིར་འགྱུར་རོ། །ཀ་ལ་ སོགས་པ་རྣམས་གསལ་བྱེད་དོ། །ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་གསལ་བྱེད་ཀྱི་མིང་ཅན་དུ་འགྱུར་རོ། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧའོ། །གསལ་བྱེད་ཀྱི་མིང་གང་དུ་དགོས་ཤེ་ན། མ་གསལ་བྱེད་ལ་རྗེས་སུ་ 195-1-77a ང་རོའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཏྭཾ་སྨར་སི། ཉེ་བར་མཚོན་པའི་ཀ་ཡིག་གིའང་མིང་དུ་འགྱུར་ཏེ། གང་བྱེད་མཁན་ས་ཀརྟྟཱ་ཞེས་པ་འདི་རྣམ་པར་གཅད་བྱ་ཕྱིས་པ་མཐོང་བའི་ཕྱིར་རོ། །དེ་རྣམས་ལྔ་ལྔ་པ་ལྔ་རྣམས་སྡེ་པའོ། །ལྔ་ཞེས་པ་ནི་མི་ཟད་ པའོ། །ལྔ་ལྔ་ཞེས་པ་ཨཱ་ཁྱཱ་ཏ་ལས་ཀྱང་ཏ་མ་ལ་སོགས་པ་རྣམས་སོ་ཞེས་པས་ཤེས་སོ། །ཀ་ལ་སོགས་པ་དེ་རྣམས་ལྔ་སྟེ། ལྔ་ལྔར་གྱུར་ནས་སྡེ་པའི་མིང་ཅན་དུ་འགྱུར་རོ། །མིང་དེ་རྣམས་ནི་ལྔ་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མའོ། ། སྡེ་པའི་མིང་གང་དུ་དགོས་ཤེ་ན། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཡནྟཱ། ཡ་མུ་འཇིག་པ་ལའོ། །ཤྭསྟ་ནིའི་ཏཱ་སྟེ། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་མའི་ནའོ། །སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་ཥ་ས་རྣམས་ཀྱང་སྒྲ་མེད་པའོ། །སྡེ་པ་རྣམས་ ཀྱི་གང་དང་པོ་དང་གཉིས་པ་དེ་རྣམས་སྒྲ་མེད་པའི་མིང་ཅན་དུ་འགྱུར་ཏེ། དེ་བཞིན་དུ་ཤ་ཥ་ས་རྣམས་ཀྱང་ངོ་། །ཀ་ཁ། ཙ་ཚ། ཊ་ཋ། ཏ་ཐ། པ་ཕ། ཤ་ཥ་སའོ། །སྒྲ་མེད་པའི་མིང་གང་དུ་དགོས་ཤེ་ན། སྒྲ་མེད་ལ་དང་པོའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨིཙྪ་ཏི། ཛྙ་ན་བྷུཏྶུ། ཨི་ཥུ་འདོད་པ་ལའོ། །ཝརྟ་མཱ་ནཱིའི་ཏིའོ། །ཨན་བི་ཀ་ར་ཎའོ། །གམ་ཨི་ཥུ་ཡམ་རྣམས་ཀྱི་ཚའོ་ཞེས་པས་ཥའི་ཚའོ། །གཉིས་སུ་འགྱུར་རོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཚའི་ཙའོ། །བུདྷ་རྟོགས་པ་ལའོ། །ཛྙཱ་ན་རྟོགས་པར་བྱེད་དོ་ཞེས་པས་ཀྭིཔ་ རྐྱེན་ནོ། །བྱིངས་ཧ་དང་བཞི་པ་མཐའ་ཅན་ཞེས་པས་དང་པོ་བཞི་པ་ཉིད་དུ་འགྱུར་རོ། །འདིས་དྷ་ཏ་ཞེས་བྱའོ། །གཞན་རྣམས་སྒྲ་དང་ལྡན་པའོ། །སྒྲ་མེད་རྣམས་ལས་གཞན་པའི་ཡི་གེ་གང་ཡིན་པ་དེ་རྣམས་སྒྲ་ལྡན་གྱི་མིང་ཅན་དུ་འགྱུར་རོ། །ག་གྷ་ང་། ཛ་ཛྷ་ཉ། ཌ་ཌྷ་ཎ། ད་དྷ་ན། བ་བྷ་མ། ཡ་ར་ལ་ཝ་ཧའོ། །སྒྲ་ལྡན་གྱི་མིང་གང་དུ་དགོས་ཤེ་ན། སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་ནོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨགྣི་རྒཙྪ་ཏི། འོ་ན་གཞན་རྣམས་ཞེས་པའི་ཚིག་ལས་དབྱངས་རྣམས་ཀྱིའང་མིང་དུ་འགྱུར་རམ་ཞེ་ན། མི་འགྱུར་ཏེ་ 195-1-77b གསལ་བྱེད་སྨོས་པས་རྗེས་སུ་འཇུག་པའི་ཕྱིར་རོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་གྱི་མིང་ཅན་དུ་འགྱུར་རོ། །རྗེས་སུ་སྣ་ལྡན་གྱི་མིང་གང་དུ་དགོས་ཤེ་ན། རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨཏ་མཐར་རྗེས་སུ་ང་རོའོ་ཞེས་པ་འདི་ ལའོ། །ཡཾ་ཡམྱ་ཏེ། ཡ་མུ་ཉེ་བར་འཇིག་པ་ལའོ། །ཤིན་ཏུ་འམ་ཡང་ཡང་དུ་འབད་པར་བྱེད་དོ་བ་ལ་བྱིངས་དབྱངས་གཅིག་པ་ཞེས་པས་ཡ་སྒྲའོ། །ཙ་ཎ་པ་རོ་ཀྵཱ་ཞེས་པས་ཡམ་ལན་གཉིས་བརྗོད་པར་བྱའོ། །ཨ་བྷྱ་སའི་གསལ་བྱེད་དང་པོ་ལྷག་མར་བྱའོ་ཞེས་པས་མ་ དབྱིའོ། །ཨཏ་མཐའི་རྗེས་སུ་ང་རོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་ལའོ། །ཝརྟཱ་མ་ནའི་ཏེའོ། །ཨན་བི་ཀཱ་ར་ཎའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་ས་དབྱིའོ། །ཡ་ར་ལ་ཝ་རྣམས་མཐར་གནས་སོ། །ཡ་ར་ལ་ཝ་རྣམས་མཐར་གནས་ཀྱི་མིང་ཅན་དུ་འགྱུར་རོ། །མཐར་གནས་ ཀྱི་མིང་གང་དུ་དགོས་ཤེ་ན། མཐར་གནས་ཕ་རོལ་གྱི་དབྱངས་དང་བཅས་པའི་སཾ་པྲ་སཱ་ར་ཎའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །གྲྀ་ཧྱ་ཏེ། གྲ་ཧ་ཉེ་བར་ལེན་པ་ལའོ། །ཝརྟ་མཱ་ནིའི་ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །གྲ་ཧི་ཛ་ཝ་ཡི་ཞེས་པས་སཾ་པྲ་སཱ་ར་ཎ་ཏེ་རེ་པའི་ རྀ་ཡིག་གོ། །ཤ་ཥ་ས་ཧ་རྣམས་དྲོ་བའོ། །ཤ་ཥ་ས་ཧ་རྣམས་ནི་དྲོ་བའི་མིང་ཅན་དུ་འགྱུར་རོ། །དྲོ་བའི་མིང་གང་དུ་དགོས་ཤེ་ན། མ་ན་དག་གི་དྲོ་བ་མ་ཡིན་པ་ལ་རྗེས་སུ་ང་རོའོ་ཞེས་པ་འདི་ལའོ། །དེ་ཝཾ་ནཽ་ལི། ན་མ་དག་གི་དྲོ་བ་མ་ཡིན་པ་ལ་དེ་དོན་མེད་པ་ཉིད་ཀྱི་ཕྱིར་དྲོ་བའི་མིང་ གང་དུ་དགོས་ཏེ་མེད་དོ་ཞེས་པས་སྦྱོར་བ་རྩོམ་པ་དོན་མེད་དོ་ཞེས་ཟེར་རོ། །ཨཿཞེས་པ་རྣམ་པར་གཅད་བྱའོ། །ཨཿཞེས་པ་དང་པོའི་གཅིག་གི་ཚིག་ཕྱིས་པ་སྟེ། དབྱི་བ་ནི་དང་པོ་དབྱི་བ་དང་མཐའ་དབྱི་བའོ་ཞེས་པའི་སྔོན་གྱི་སློབ་དཔོན་གྱི་གསུང་ལས་སོ། །ཨ་ཡིག་ལས་ཕ་ རོལ་གྱི་ཐིག་ལེ་གཉིས་ནི་རྣམ་པར་གཅད་བྱའི་མིང་ཅན་དུ་འགྱུར་རོ། །རྣམ་པར་གཅད་བྱའི་མིང་གང་དུ་དགོས་ཤེ་ན། རྣམ་པར་གཅད་བྱ་ཙམ་མམ་ཚ་ལ་ཤའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཀཤྪར་ཏི། ཀཤྪད་ཡ་ཏི་ཞེས་པའི་སྒྲ་ནི་ཨ་ཡིག་གི་མིང་ཡིན་པ་ལྡོག་པའི་ 195-1-78a དོན་དུའོ། །ཨ་ཡིག་ནི་བརྗོད་པའི་དོན་ཏེ་དེ་བཞིན་དུ་མདོ་ཕྱི་མ་རྣམས་ལའང་རྟོགས་པར་བྱའོ། །ྈྐ་ཞེས་པ་ལྕེ་རྩ་ཅན་ནོ། །ཀ་ཡིག་ལས་སྔ་མའི་ཡི་གེ་ནི་ལྕེ་རྩ་ཅན་གྱི་མིང་ཅན་དུ་འགྱུར་རོ། །ལྕེ་རྩ་ཅན་གྱི་མིང་གང་དུ་དགོས་ཤེ་ན། ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཡང་ན་ མ་ཡིན་ནོ་ཞེས་པ་འདི་ལའོ། །ཀྈྐ་རོ་ཏེ། ཀྈྑ་ན་ཏི། ྉྤ་ཞེས་པ་མཆུ་ཅན་ནོ། །པ་ཡིག་ལས་སྔ་མའི་ཡི་གེ་ནི་མཆུ་ཅན་གྱི་མིང་ཅན་དུ་འགྱུར་རོ། །མཆུ་ཅན་གྱི་མིང་ཅན་གང་དུ་དགོས་ཤེ་ན། པ་ཕ་དག་ལ་མཆུ་ཅན་ཏེ། ཡང་ན་མ་ཡིན་ནོ་ཞེས་པ་འདི་ལའོ། །ཀྉྤཏི། ཀསྤལ་ཏི། ཨཾ་ ཞེས་པ་རྗེས་སུ་ང་རོའོ། །ཨཾ་ཞེས་པ་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །ཨཾ་ཞེས་པ་འདིར་ཐིག་ལེ་གང་ཡིན་པ་དེ་རྗེས་སུ་ང་རོའི་མིང་ཅན་དུ་འགྱུར་རོ། །རྗེས་སུ་ང་རོའི་མིང་གང་དུ་དགོས་ཤེ་ན། མ་གསལ་བྱེད་ལ་རྗེས་སུ་ང་རོའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་སུའོ། །ཏྭཾ་སྨར་ སི། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ། །སྔ་མ་སྟེ་རྟགས་ཀྱི་དང་ཕྱི་མ་སྟེ་སི་སོགས་ཀྱི་དང་། དེ་བཞིན་དུ་སྔ་མ་སྟེ་དབྱིངས་ཀྱི་དང་ཕྱི་མ་སྟེ་ཏི་སོགས་ཀྱི་གང་ཚོགས་པ་དེ་ཚིག་གི་མིང་ཅན་དུ་འགྱུར་ཏེ། དོན་ཉེ་བར་དམིགས་པ་ཡོད་ནའོ། །ཚིག་གི་མིང་གང་དུ་ དགོས་ཤེ་ན། ཡུཥྨཏ། ཨསྨཏ། དག་གི་ཞེས་པ་ལ་སོགས་པ་རྣམས་སུའོ། །གྲཱ་མོ་ཝསྤཱཾ། ཡ་ཛནྟ྅ཏ། འོ་ན་གང་དུ་སྔ་མ་དང་ཕ་རོལ་ཡོད་པ་དེར་ངེས་པར་དོན་ཉེ་བར་དམིགས་སོ་ཞེས་པས་ན་ཅིས་དོན་ཉེ་བར་དམིགས་པ་སྨོས་ཤེ་ན། བདེན་མོད། ཕ་རོལ་རྣམ་དབྱེའི་མིང་ཅན་ ཡོངས་སུ་གཟུང་བའི་དོན་དུ་ཉེ་བར་དམིགས་པ་སྨོས་སོ། །དེས་ན་རྣམ་དབྱེའི་མཐའ་ཁོ་ན་ཚིག་གི་མིང་ཅན་ཡིན་གྱི་རྐྱེན་གཞན་གྱི་མཐའ་ཅན་ནི་མ་ཡིན་ནོ། །ཅིས་འགྱུར་ཞེ་ན། ཛྙཱ་ན་བུདྡྷ་མ་ཞེས་པ་འདིར། ཛྙཱ་ན་བུདྡྷ་ཞེས་པ་ཀྭིཔའི་མཐའ་ཅན་འདིའི་ཚིག་མཐའ་ལ་དྷུ་ཊ་རྣམས་ཀྱི་ཞེས་ པས་དྷ་ཡིག་གི་དང་པོར་འགྱུར་རོ། །གལ་ཏེ་དེ་ལྟ་ན་དོན་སྨོས་པར་བྱའི། ཉེ་བར་དམིགས་པ་སྨོས་པ་ནི་དོན་མེད་པའོ་ཞེ་ན། སྨྲས་པ། གང་དུ་སྔ་མ་དང་ཕ་རོལ་དག་མེད་ཅིང་དོན་ཉེ་བར་དམིགས་པ་དེར་ཡང་ཚིག་གི་མིང་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་ཉེ་བར་དམིགས་པ་སྨོས་སོ། ། 195-1-78b དེས་ན། བྱ་ཏི་སེ། ད་དྷི་ཞེས་པ་ལ་སོགས་པ་ལ་ཚིག་ཉིད་དུ་གྲུབ་བོ། །བྱ་ཏི་སྔ་མ་ཅན་གྱི་ཨ་སྟི་ལས་སེའི་རྐྱེན་ནོ། །ཨསྟཱི་དང་པོའི་ཞེས་པས་ཨ་ཡིག་དབྱིའོ། །ཨསྟིའི་སི་ལའོ་ཞེས་པས་ས་དབྱིའོ། །དདྷི་ཞེས་པ་འདི་ལ་མ་ནིང་ལས་སི་ཨམ་དག་གི་ཞེས་པས་སི་དབྱིའོ། །རིམ་པ་ ལས་མ་འདས་པར་ཕྲལ་བར་བྱའོ། །ཨ་ཏི་སྔ་མ་ཅན་གྱི་ཀྲ་མི་ལས་འདའ་བ་ཉིད་དོ་ཞེས་དངོས་པོ་ལ་གྷ་ཉའོ། །ཨིཊ་དང་བཅས་པ་ཨ་ལ་མཐའི་ཞེས་པས་ཨི་ཙ་དང་འདྲ་བར་འགྱུར་བ་བཀག་པའི་ཕྱིར་རིང་པོར་མི་འགྱུར་རོ། །དེ་ནས་འདའ་བར་མི་བྱེད་དོ་ཞེས་པས་བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ ཏའོ་ཞེས་པས་ཨིན་ནོ། །ཨིན་ལ་རྟགས་ཀྱི་ཞེས་པས་ཨ་ཡིག་དབྱིའོ། །དེ་ནས་ད་ལྟར་བ་ལ་ཤནྟྲིང་དང་ཨཱ་ན་ཤ་དག་གོ་ཞེས་པ་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་ཞེས་པས་ཨ་དབྱིའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། ། བརྩེགས་པའི་མཐའི་དབྱིའོ། །བི་སྔོན་མ་ཅན་ཤླི་ཥ་ལས་ཕྲལ་བ་ཉིད་དོ་ཞེས་པས་དངོས་པོ་ལ་གྷ་ཉའོ། །དེ་ནས་ཕྲལ་བར་བྱའོ་ཞེས་པས་སྔ་མ་བཞིན་ཨིནའོ། །སཔྟ་མཱིའི་ཡཱ་ཏའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ཏོ། །ཡཱ་སྒྲའི་ཞེས་པས་ཨི་ཉིད་དོ། །འདི་ནི་ཡོངས་སུ་བཤད་པའོ། ། ཡི་གེ་གཅིག་ཏུ་སྦྱར་བ་རྣམས་ཀྱི་རིམ་པ་འདས་ཤིང་འཁྲུལ་བར་མི་བྱེད་པར་ཕྲལ་བར་བྱ་སྟེ། རིམ་པ་གང་ཁོ་ནས་ཡི་གེ་སྦྱར་བ་དེ་ཁོ་ནས་ཕྲལ་བར་བྱའོ་ཞེས་ཡོངས་སུ་བཤད་པར་བྱའོ། །ད་དྷི་ཨ་ཏྲ། ད་དྷྱ་ཏྲ། དྷི་ཡིག་ལས་ཨི་ཡིག་ཕྲལ་བར་བྱ་སྟེ་སྔ་མར་ནི་མ་ཡིན་ནོ། །བྱིས་ པ་རྣམས་ཀྱི་རྨོངས་པ་བཟློག་པའི་དོན་དུ་བརྗོད་པ་ཡིན་ནོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་། །ཚིག་དང་པོ་བཞི་ནི་གཉིས་པའོ། །འདི་ནི་སྒྲུབ་པའི་དོན་ནོ། །གསལ་བྱེད་གང་དབྱངས་མེད་པ་དེ་ཕ་རོལ་གྱི་ཡི་གེར་དྲང་བར་བྱའོ། །ཏྭ་མཏ། མཆུ་དང་ཉེ་བ་ཅན་ དང་ལྕེ་རྩ་ཅན་དག་ལ་གསལ་བྱེད་ཀྱི་མིང་ཡོད་པ་མ་ཡིན་ནའང་ཕ་རོལ་དུ་དྲང་བར་འགྱུར་ཏེ། པ་ྉྤ་ཝཿདང་། ཤེ་ཥཱ་ྈྐྲ་རྨ། བྱེད་པར་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་པོ། །འཇིག་རྟེན་རྣམས་ནི་སྔོན་གྱི་སློབ་དཔོན་རྣམས་སོ། ། 195-1-79a ཉེ་བར་སྤྱོད་པར་བྱེད་ཅིང་གང་གིས་ཐ་སྙད་དུ་བྱེད་དོ་ཞེས་པ་ཉེ་བར་སྤྱོད་པ་སྟེ་བསྟན་པ་འཆོས་སོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་གྷ་ཉའོ། །འཕེལ་བའོ། །འཇིག་རྟེན་རྣམས་ཀྱི་ཉེ་བར་སྤྱོད་པ་ནི་འཇིག་རྟེན་ཉེ་བར་སྤྱོད་པའོ། །གཟུང་བར་བྱའོ་ཞེས་པ་འཛིན་ པའོ། །ཀྲྀ་ཏྱ་དང་ཡུཊ་རྣམས་གཞན་དུ་ཡང་ངོ་ཞེས་པ་ཡུཊའོ། །མ་བརྗོད་པའི་བྱ་བ་ནི་འཇིག་རྟེན་པའི་ཉེ་བར་སྤྱོད་པ་སྟེ། སྔོན་གྱི་སློབ་དཔོན་གྱི་བསྟན་བཅོས་ལས་འཛིན་པར་གྲུབ་ཅིང་འགྲུབ་པར་འགྱུར་རོ། །འཇིག་པ་དང་དབྱི་བ་དང་པླུ་ཏ་ལ་སོགས་པ་རྣམས་འཇིག་རྟེན་གྱི་ཉེ་ བར་སྤྱོད་པ་ལས་རྗེས་སུ་རྟོགས་པར་བྱའོ། །གང་ལ་ཤེས་བྱེད་སྦྱོར་བ་འཐད་པ་ལ་སོགས་པས་ཀྱང་འགྲུབ་པ་དེ་ལ་ནི་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་གཟུང་བས་ཅི་བྱ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མཚམས་སྦྱོར་དང་པོ་རྫོགས་སོ།། །།མཚུངས་པ་ འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་ཡང་དབྱིའོ། །དཱིརྒྷི་ཞེས་པ་མི་ཟད་པ་སྟེ་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །རིང་པོ་མ་ཡིན་པ་རིང་པོར་འགྱུར་བའོ་ཞེས་པས་ཨཱ་ཁྱ་ཏ་ལས་ཀྱང་ཏ་མ་སོགས་རྣམས་སོ་ཞེས་པས་རྩྭིའོ། །ངེས་པར་བསྟན་པ་འདི་ཉིད་ཀྱི་ཤུགས་ལས་རྩྭི་ཕ་རོལ་ ལ་ཨའི་ཡི་གེའི་ཨཱི་ཉིད་དེ་ཙཱི་དབྱི་བ་ཡང་ངོ་། །མཚུངས་པ་འདྲ་བའི་ཡི་གེ་ཕ་རོལ་ལ་རིང་པོར་འགྱུར་ཏེ་ཕ་རོལ་ཡང་དབྱི་བར་འགྱུར་རོ། །མཱ་ཥཱ་ཌྷ་ཀཾ །ད་དྷི་ཧ་ཏེ། ཨ་དྷཱུ་ཧ་ནཾ། ཧོ་ཏྲྀ་ཥིཿ འདྲ་བའི་ཡི་གེ་ལ་ཞེས་པ་ཅི་ཞེ་ན། མ་དྷྭ་ན་ཡ། ལྀ་ཡིག་ནི་རིང་པོར་བྱས་པ་རབ་ཏུ་སྦྱོར་བ་མེད་ པའི་ཕྱིར་དཔེར་བརྗོད་མེད་དོ། །འོ་ན་འདྲ་བའི་ཡི་གེ་ལ་རིང་པོ་ནི་མཚུངས་པ་ཁོ་ན་ལ་སྲིད་དོ་ཞེས་པས་མཚུངས་པ་སྨོས་ཅི་དགོས་ཤེ་ན། བརྗོད་པར་བྱ་སྟེ་གང་དུ་འདིས་རིང་པོར་བྱ་བ་མ་ཡིན་པ་དེར་ཡང་རིང་པོ་ལས་ཕ་རོལ་གྱི་འདྲ་བའི་ཡི་གེ་དབྱི་བ་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་པས་ མཚུངས་པ་སྨོས་ཏེ། ཀུ་མཱ་རཱི་ཨི་ཡཾ། ཀུ་མཱ་རི་ཡཾ། པྲྀཀྵཱཿཞེས་པ་འདིར་ཕྱི་མ་དབྱི་བ་གྲུབ་བོ། །འོ་ན་ཕ་རོལ་དབྱི་བའི་དོན་དུ་རིང་པོ་ཉིད་རིང་པོར་བྱས་པར་འགྱུར་ན། དེ་ལྟར་ནུས་པ་མ་ཡིན་ལ། རིང་པོར་ཞེས་པའི་རྩྭི་ས་གང་ངེས་པར་བསྟན། དེས་རིང་པོ་མ་ཡིན་པ་ཐུང་ངུའི་གནས་ཉིད་ 195-1-79b ཀྱིས་འཕངས་ཀྱིས་རིང་པོ་ནི་མ་ཡིན་ཏེ། དེས་ན་ཅི་ལྟར་རིང་པོའི་རིང་པོར་འགྱུར། ཙྭི་རྐྱེན་ངེས་པར་བསྟན་པ་ཕྱི་རོལ་དུ་བྱས་པར་འགྱུར་རོ་ཞེ་ན། རྣམ་པ་སྣ་ཚོགས་པའི་དོན་དུ་དེ་ལྟར་ངེས་པར་བསྟན་པ་བྱེད་དེ། ཤ་ཀཾ་དྷུ་ལ་སོགས་པ་རྣམས་ཕ་རོལ་དབྱི་བ་ཁོ་ན་བཤད་པར་བྱའོ། །སྒྲ་གང་ རྣམས་མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་པས་ཕ་རོལ་དབྱི་བ་ཁོ་ན་མཐོང་གི་རིང་པོ་མ་ཡིན་པ་དེ་རྣམས་ཤ་ཀཾ་དྷུ་ལ་སོགས་པ་སྟེ། ཤ་ཀ་ཨཾ་དྷུཿ། ཤ་ཀཾ་དྷུཿ། ཀུ་ལ་ཨ་ཌྷཱ། ཀུ་ལ་ཌྷ། སཱི་མ་ཨནྟཿ སཱི་མཾ་ཏཿ སྐྲའི་ཡུལ་ཁོ་ན་ལ་སྟེ། གཞན་ལ་ནི་སཱི་མཱནྟཿཱའོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ ཨེའོ། །ཨེའང་འདི་ཡིན་ལ་ཡི་གེའང་ཡིན་པ་ནི་ཨའི་ཡི་གེ་སྟེ། དེ་བཞིན་དུ་ཐམས་ཅད་དུའོ། །ཕྱི་མ་དབྱིའོ་ཞེས་པ་ཁོ་ནའོ། །ཨའི་ཡི་གེ་སྟེ་ཨ་ཡིག་དང་ཨཱ་ཡིག་དག་ཨིའི་ཡི་གེ་ལ་སྟེ་ཨི་ཡིག་དང་ཨཱི་ཡིག་དག་ཕ་རོལ་ལ་ཨེ་ཡིག་དག་ཏུ་འགྱུར་ཏེ་ཕ་རོལ་དབྱི་བའང་ངོ་། །ཏ་བེ་ཡཾ། སེ་ཡཾ། ཨུ་མེ་ཧ་ཏེ། མདོ་རུ་མཚམས་སྦྱོར་མ་བྱས་ཏེ་ཐེ་ཚོམ་དུ་འགྱུར་བས་སོ། །ཨུའི་ཡི་གེ་ལ་ཨོའོ། །ཨའི་ཡི་གེ་ཨུའི་ཡི་གེ་ལ་སྟེ་ཨུ་ཡིག་དང་ཨཱུ་ཡིག་ཕ་རོལ་ལ་ཨོ་ཉིད་དུ་འགྱུར་ཏེ་ཕ་རོལ་དབྱི་བ་ཡང་ངོ་། །ཏ་པོ་ད་ཀཾ། གཾ་གོ་ད་ཀཾ། ཨུ་མ་ཧ་ཏེ། རྀའི་ཡི་གེ་ལ་ཨར྄འོ། ། ཨའི་ཡི་གེ་རྀའི་ཡི་གེ་ལ་སྟེ་རྀ་ཡིག་དང་རཱྀ་ཡིག་ཕ་རོལ་ལ་ཨར་དུ་འགྱུར་ཞིང་ཕྱི་མ་དབྱི་བའང་ངོ་། །ཏ་བརྞཾ། སརྡྷི། ཏ་བ་རཱྀ་ཀཱ་རཿ ཏ་བཀཱ་རཿ རྀ་ཎ་དང་པྲ་དང་བ་ས་ན་དང་། ཝ་ཏཱ་ས་ར་དང་། ཀཾ་བ་ལ་དང་། ད་ཤ་རྣམས་ཀྱི་ཨའི་ཡི་གེ་རྀ་ཎའི་སྒྲ་ཕ་རོལ་ལ་ཨཱར་དུ་བསྒྱུར་བར་བཤད་ པར་བྱའོ། །རཱྀ་ཎཱ་རྞཾ། པྲརྞཾ། བ་ས་ནཱརྞཾ། བ་ཏ་ས་རཱརྞཾ། ཀཾ་བ་མཱརྞཾ། ད་ཤཱརྞཾ། ཨའི་ཡི་གེ་རྀ་ཏའི་སྒྲ་ཕ་རོལ་ལ་གསུམ་པའི་ཚིག་སྡུད་ཡོད་ན་ཨཱར་དུ་བསྒྱུར་བར་བཤད་པར་བྱ་ཞིང་ཕྱི་མ་དབྱི་བའང་ངོ་། །ཤཱི་ཏེ་ན་རྀ་ཏཿཤཱི་ཏཱརྟཿ དེ་བཞིན་དུ། སུ་ཁཱརྟཿ། དུཿཁརྟཿ། གསུམ་པའི་ ཚིག་སྡུད་ལ་ཞེས་པ་ཅི་ཞེ་ན། པ་ར་ལ་ཤྩ་སོ་རཾ་ཏ་ཤྩ་ཞེས་པ་ནི། ས་མརྟཱཿ ཉེར་བསྒྱུར་གྱི་ཨའི་ཡི་གེ་བྱིངས་ཀྱི་རྀ་ཡིག་ཕ་རོལ་ཨཱར་དུ་བསྒྱུར་བར་བཤད་པར་བྱ་ཞིང་ཕྱི་མ་དབྱི་བ་ཡང་ངོ་། །པྲ་རྀཙྪ་ཏི། པྲཱ་རཱཙྪ་ཏི། མིང་གི་བྱིངས་ལ་ཡང་ན་ཏེ། ཨུ་པ་རི་ཥ་བྷི་ཡ་ཏེ། ཨུ་པཱཪྵ་བྷི་ཡ་ཏི། 195-1-80a ཁྱུ་མཆོག་དང་ཉེ་བར་བདག་ཉིད་འགྲོའོ་ཞེས་པས་མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ། །ཡིན་ལ་ཨ་ཡིག་གིའོ་ཞེས་པས་ཨི་ཉིད་དོ། །ལྀའི་ཡི་གེ་ལ་ཨལ྄འོ། །ཨའི་ཡི་གེའི་ལྀའི་ཡི་གེ་ལ་སྟེ་ལྀ་ཡིག་དང་ལཱྀ་ཡིག་ཕ་རོལ་ལ་ཨཱལ་དུ་འགྱུར་ཞིང་ཕྱི་མ་ དབྱི་བའང་ངོ་། །རྀ་ཡིག་དང་ལྀ་ཡིག་དག་འདྲ་བའི་ཡི་གེ་ཉིད་ཡིན་པའི་ཕྱིར་སྔ་མས་ཨར་དུ་བསྒྱུར་བ་ཐོབ་བོ། །ཏ་པཀྐཱ་རཿ ཁ་ཊྭལྐཱ་རཿ ཨེ་ཡིག་དང་ཨཻ་སྟེ་ཨཻ་ཡིག་ལའང་ངོ་། །ཨའི་ཡི་གེ་ཨེ་ཡིག་དང་ཨཻ་ཡིག་ཕ་རོལ་ལ་ཨཻ་ཡིག་ཏུ་འགྱུར་ཏེ་ཕ་རོལ་དབྱི་བའང་ངོ་། །ཏ་བཻ་ཌཱི་ཀཱཿ ཁ་ཌྭཻ་ཌི་ཀཱ་ཡ་ནཿ ཨུ་མེ་ཥཱ། ཨའི་ཡི་གེ་ཨེ་བྱའི་སྒྲ་ཕ་རོལ་ལ་དབྱི་བར་བཤད་པར་བྱ་སྟེ་གལ་ཏེ་གདོན་མི་ཟ་བ་མ་ཡིན་ནའོ། །ཨདྱེ་བ། གདོན་མི་ཟ་བ་ལ་ནི། ཨདྱཻ་བ། ཉེར་བསྒྱུར་གྱི་ཨའི་ཡི་གེ་ནི་བྱིངས་ཀྱི་ཨེ་ཡིག་ཕ་རོལ་ལ་དབྱི་བར་བཤད་པར་བྱ་སྟེ། ཨེཥ་དང་ཨེཥྱ་དང་ ཨིཎ་དང་ཨེ་ཪྷ་ཞེས་པ་འདི་རྣམས་ཀྱི་ཨེ་ཡིག་མ་གཏོགས་པ་ལ། པྲ་ཨེ་ལ་ཏི། པྲེ་ལ་ཏི། འདིར་མི་འགྱུར་ཏེ། པྲ་ཨེཥཿ། བཻཥཿ། པྲ་ཨེཥྱཿ། པྲེེཥྱཿ། པྲ་ཨེ་ཏི། པྲཻ་ཏི། པྲ་ཨེ་དྷ་ཏི། པྲཻདྷ་ཏི། འོ་ན་ཇི་ལྟར། པྲེ་ཥཿ པྲེ་ཥྱཿ ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཨིཥ་མཐོ་ བ་ལའོ་ཞེས་པ་འདིའི་གཟུགས་གཉིས་པོ་འདི་དག་གོ། །སྭའི་སྒྲའི་ཨ་ཡིག་གི་ཨཱིར་དང་ཨཱི་རིན་དག་ཕ་རོལ་ལ་ཨེ་ཉིད་དུ་བཤད་པར་བྱ་སྟེ། ཕ་རོལ་དབྱི་བ་ཡང་ངོ་། །སྭཻ་རཾ། སྭཻ་རི་ཎི། ཨཽ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་། །ཨའི་ཡི་གེ་ཨོ་ཡིག་དང་ཨཽ་ཡིག་ཕ་རོལ་ཨཽ་ ཡིག་དག་ཏུ་འགྱུར་ཏེ་ཕྱི་མ་དབྱི་བ་ཡང་ངོ་། །ཏ་བོོ་ད་ནཾ། ཁ་ཊྭཽ་པ་ག་བཿ ཉེར་བསྒྱུར་གྱི་ཨའི་ཡི་གེ་ནི་ཨོ་ཡིག་ཕ་རོལ་ལ་དབྱི་བར་བརྗོད་པར་བྱ་སྟེ། པྲ་ཨོ་ཥ་ཏི། པྲོ་ཥ་ཏི། ཚིག་སྔ་མའི་ཨ་ཡིག་གི་ཨོ་ཏུ་དང་ཨོཥྛ་དག་ཕ་རོལ་ལ་ཚིག་སྡུད་ཡོད་ན་དབྱི་བར་ཡང་ན་བཤད་པར་བྱ་སྟེ། སྠུ་ལ་ཨོ་ཏུཿ སྠུ་ལོ་ཏུཿ སྠུ་ལཽ་ཏུ། བིམྦཱ་ཨོཥྛཿ བིམྤོཥྛཿ བིམྦཽཥྛཿཱ ཨཀྵའི་སྒྲའི་ཨ་ཡིག་གི་ཨཱུ་ཧི་ཎི་ཕ་རོལ་ལ་ཨཽ་ཉིད་དུ་བཤད་པར་བྱ་ཞིང་ཕྱི་མ་དབྱི་བ་ཡང་ངོ་། །ཨཀྵཽ་ཧི་ཎཱི། པྲའི་སྒྲའི་ཨ་ཡིག་གི་ཨཱུ་ཧ། ཨཱུ་ཌྷ། ཨཱུ་ཌྷི་ཞེས་པ་འདི་རྣམས་ཕ་རོལ་ལ་ཨོ་ཉིད་དུ་བཤད་ 195-1-80b པར་བྱ་ཞིང་ཕྱི་མ་དབྱི་བ་ཡང་ངོ་། །པྲཽ་ཧཿ པྲཽ་ཌྷཿ པྲཽ་ཌྷིཿ ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ་ཕ་རོལ་དབྱི་བ་མ་ཡིན་པ་ལ་ཡང་ངོ་། །ཨིའི་ཡི་གེ་སྟེ་ཨི་ཡིག་དང་ཨཱི་ཡིག་དག་འདྲ་བའི་ཡི་གེ་མ་ཡིན་པ་ཕ་རོལ་ལ་ཡ་ཉིད་དུ་འགྱུར་ཏེ། ཕ་རོལ་དབྱི་བར་འགྱུར་བ་མ་ ཡིན་ནོ། །གསལ་བྱེད་ཕ་རོལ་མཚམས་སྦྱོར་བྱ་བ་དགག་པ་འཆད་པར་འགྱུར་བའི་ཤུགས་ཉིད་ལས་སྐབས་འདིར་དབྱངས་ཕ་རོལ་ལ་བྱ་བར་རྣམ་སར་ཤེས་པར་བྱའོ། །ད་དྷྱ་ཏྲ། ན་དྱེ་ཥཱ། འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཀུ་མཱ་རཱི་ཡཾ། ད་དྷི། རྒྱུ་མཚན་མེད་པར་ ཡ་ཉིད་དུ་མི་འགྱུར་རོ། །ཨུའི་ཡི་གེ་ཝའོ། །འདྲ་བའི་ཡི་གེ་མ་ཡིན་པ་སྨོས་པ་ནི་འདི་དང་ཕྱི་མར་ཡང་རྒྱུ་མཚན་འབྱུང་བའི་དོན་དུ་རྗེས་སུ་འཇུག་གོ། །ཨུའི་ཡི་གེ་སྟེ་ཨུ་ཡིག་དང་ཨཱུ་ཡིག་དག་འདྲ་བའི་ཡི་གེ་མ་ཡིན་པ་ཕ་རོལ་ལ་ཝ་རུ་འགྱུར་ཏེ། ཕ་རོལ་དབྱི་བ་མ་ཡིན་པའང་ངོ་། ། མ་དྷྭ་ཏྲ།བ་དྷྭ་ཁྱཱ། འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། མ་དྷུ་ད་ཀཾ། རྀའི་ཡི་གེ་རའོ། །རྀའི་ཡི་གེ་སྟེ་རྀ་ཡིག་དང་རཱྀ་ཡིག་དག་འདྲ་བའི་ཡི་གེ་མ་ཡིན་པ་ཕ་རོལ་ལ་ར་ཡིག་ཏུ་འགྱུར་ཏེ། མ་ཏྲརྠཱཿ རྀ་ཞེས་པ་འདི་ཨ་ཀྲྀ་ཏིཿ། རཱ་གྲྀ་ཏིཿ། འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པ་ ཅི་ཞེ་ན། རྀ་ཡིག་དང་ལྡན་པའི་རྀ་ཥ་བྷ་ཏེ། རཱྀ་ཥ་བྷ། ལྀའི་ཡི་གེ་ལའོ། །ལྀའི་ཡི་གེ་ནི་ལ་རུ་འགྱུར་ཏེ། གང་ལྀ་ཡིག་རྗེས་སུ་འབྲེལ་པ་དེ་ནི་ལ་ནུ་བནྡྷཿ། ཨེ་ཨ་ཡའོ། །ཨེ་ཡིག་ནི་ཨ་ཡ་རུ་འགྱུར་རོ། །བུ་དྷ་ཡཿ ཨཻ་ཨཱཡའོ། །ཨཻ་ཨཱ་ཡ་རུ་འགྱུར་རོ། །རཱ་ཡཽ། ཨོ་ཨཝའོ། ། ཨཽ་ཡིག་ནི་ཨ་ཝ་རུ་འགྱུར་རོ། །དྷེ་ན་ཝཿ གོའི་སྒྲ་ཨ་ཝ་རུ་བསྒྱུར་བ་ན་དབྱངས་དང་པོ་ཅན་གྱི་ཕྱི་མའི་ཚིག་ལ་ཨ་ཡིག་གི་མཐའ་ཅན་དུ་ཡང་ན་བཤད་པར་བྱའོ། །ག་ཝཱ་གྲཾ། ག་ཝཱ་ཛི་ནཾ། ཕྱོགས་གཅིག་ལ། གོ་གྲཾ། གོ་ཛི་ནཾ། འདིར་རྟག་ཏུ་འདོད་དེ། ག་ཝཀྵཿ ཨཽ་ཨཱཝའོ། ། ཨཽ་ཡིག་ཨཱཝ་རུ་འགྱུར་རོ། །ཏཱ་ཝིཧ། ཨ་ཡ་ལ་སོགས་པ་རྣམས་ཀྱི་ཚིག་མཐར་ཡ་ཝ་དབྱི་སྟེ་ཡང་ན་མ་ཡིན་ཞིང་ཕྱིས་པ་ལ་ནི་རང་བཞིན་ནོ། །ཨེ་ཨཡ་དང་ཨཻ་ཨཱ་ཡ་དང་ཨོ་ཨཝ་དང་ཨཽ་ཨཱཝ་སྟེ་འདི་རྣམས་ནི་ཨ་ཡ་ལ་སོགས་པ་རྣམས་སོ། །ཚིག་མཐར་འཇུག་བཞིན་པའི་ 195-1-81a གང་ཡ་ཡིག་དང་ཝ་ཡིག་དེ་དག་དབྱི་སྟེ། ཡང་ན་མ་ཡིན་པར་རྣམ་པར་བརྟག་པར་འགྱུར་ཞིང་ཕྱིས་པ་ལ་ནི་རང་བཞིན་ཏེ་གཟུགས་ཇི་ལྟ་བ་བཞིན་དུ་འགྱུར་ཞིང་། མཚམས་སྦྱར་བར་བྱ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །ཀེ་ཨཱ་ས་ཏེ། ཨཱ་ས་ཏེ། ཀ་ཡཱས་ཏེ་ ཀསྨཻ་ཨི་དཾ། ཀམྨཱ་ཨི་དཾ། ཀསྨ་ཡི་དཾ། ཨིནྡོ་ཨི་ཏི། ཨིནྡ་ཨི་ཏི། ཨིནྡ་ཨི་ཝི་ཏི། ཨ་ས་ཽཨིཧ། ཨ་སཱ་ཨིཧ། ཨ་ཡ་ལ་སོགས་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། གཽཪྻ་ཏྲ། མ་དྷྭ་ཏྲ། ཚིག་མཐར་ཞེས་པ་ཅི་ཞེ་ན། ཙ་ཡ་ནཾ། ལ་ཝ་ནཾ།ཙིཉ་སོག་པ་ལའོ། །ལུཉ་གཅོད་པ་ལའོ། ། སོག་པའོ། །གཅོད་པའོ་ཞེས་པས་ཡུཊ་ཡང་ངོ་ཞེས་པས་ཡུཊའོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཨ་ན་རུ་བསྒྱུར་བའོ། །ཨེཏ་ཨོཏ་ལས་ཕ་རོལ་ཚིག་མཐར་ཨ་ཡིག་དབྱིའོ། །ཨེཏ་དང་ཨོཏ་སྟེ་དེ་དག་ནི་ཨེཏ་ཨོཏ་དག་གོ། །ཨེཏ་ཨོཏ་དག་ལས་ཕ་རོལ་ནི་ཨེཏ་ཨོཏ་དག་ལས་ཕ་ རོལ་ལོ། །ཚིག་མཐར་ཨེཏ་ཨོཏ་གང་ཡིན་པ་དེ་དག་ལས་ཕ་རོལ་གྱི་ཨ་ཡིག་དབྱི་བར་འགྱུར་ཏེ། ཨ་དང་ཨཝ་དག་འགེགས་པའོ། །ཨན་ཨགྣེ྅ཏྲ། ཝ་ཡོ྅ཏྲ། ཨེཏ་ཨོཏ་ལས་ཕ་རོལ་ཞེས་པ་ཅི་ཞེ་ན། ན་དྱ་ཏྲ། མ་དྷྲ་ཏྲ། ཚིག་མཐར་ཞེས་པ་ཅི་ཞེ་ན། ཙ་ཡ་ནཾ། མ་ཝ་ནཾ། སླར་ཡང་ཚིག་མཐའ་སྨོས་པའི་ཕྱིར་ཁ་ཅིག་ཏུ་མི་འགྱུར་ཏེ། ནོཨ་ཏྲ། གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་བྱ་བ་མ་ཡིན་ནོ། །གསལ་བྱེད་ཕ་རོལ་ལ་དབྱངས་རྣམས་མཚམས་སྦྱོར་མི་བྱ་སྟེ་མཚམས་སྦྱོར་བྱ་བར་མི་འགྱུར་རོ། །ཡ་ཉིད་ལ་སོགས་པ་རྣམས་ཐུན་ མོང་བས་བསྒྲུབ་པར་བྱ་བ་བཞིན་པ་ནི། གསལ་བྱེད་ཕ་རོལ་ལའང་འཐོབ་པོ་ཞེས་པ་འགེགས་པའོ། །གོ་གྲྀ་ཧཾ། མ་དྷུ་བྷཱ་ཛ་ན། མ་ཏྲྀ་མཎྜ་ལ། པི་ཏྲྱཾ་ཞེས་པ་འདིར་ར་ཉིད་འདོད་དོ། །ཕ་འོངས་པ་ནི། པི་ཏྲྱཾ། ཨུ་དང་གོ་སོགས་ལས་ཡཏྲའོ་ཞེས་སྦྱོར་བ་འཐད་པ་ལས་སོ། ། གོའི་ཡཱུ་ཏི་ཕ་རོལ་ལ་ཨ་ཝ་ཏུ་བསྒྱུར་བར་འདོད་དེ། ལཾ་གི་ཚད་ཀྱི་དོན་ལའོ། །ག་ཝྱུ་ཏི། གཞན་དུ། གོ་ཡཱུ་ཏིཿ ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མཚམས་སྦྱོར་གཉིས་པ་རྫོགས་སོ།། །།ཨོཏ་མཐའ་རྣམས་དང་ཨ་དང་ཨི་ཨུ་ཨཱ་ནི་པ་ཏ་ 195-1-81b རྣམས་དབྱངས་ལ་རང་བཞིན་གྱིས་སོ། །ནི་པཱ་ཏ་གང་རྣམས་ཀྱི་མཐའ་ཨོཏ་ཡིན་པ་དེ་རྣམས་ཨོཏ་མཐའ་རྣམས་སོ། །ཨ་དང་ཨི་དང་ཨུ་དང་ཨཱ་ཞེས་ཟླས་དབྱེ་བའོ། །ཨོཏ་མཐའ་སྟེ་ཨོ་ཡིག་གི་མཐའ་ཅན་གྱི་ནི་པཱ་ཏ་གང་ཡིན་པ་རྣམས་དང་། དེ་བཞིན་དུ། ཨ་དང་ཨི་དང་ཨུ་ དང་ཨཱ་གང་ཡིན་པ་དེ་རྣམས་དབྱངས་ལ་རང་བཞིན་གྱིས་ཏེ་རང་གི་ངོ་བོ་ཇི་ལྟ་བར་འགྱུར་རོ། །ནོ་ཨི་ཏི། ཨ་ཧོ་ཨཱ་ཤྩ་རྱཾ། ཨ་ཨ་པེ་ཧི། ཨི་ཨིནྡྲཾ་པ་ཤྱ། ཨུ་ཨུཏྟིཥྛ། ཨཱ་ཨེ་ཝཾ་ནུ་མ་ནྱ་སེ། ཨཱ་ཨེ་ཝཾ་ཀི་ལ་ཏད། ནི་པཱ་ཏ་ཞེས་པ་ཅི་ཞེ་ན། པ་ཊ་ཝི་ཧཾ། ཨཱི་ཛ་ཏུ་ཡོཾ་ཛ་ཏུཿཨཱུ་ཧ་ ཏུཿ ཡ་ཛ་ལྷ་མཆོད་པ་དང་འགྲོགས་པར་བྱེད་པ་དང་སྦྱིན་པ་རྣམས་ལའོ། །བ་ཧ་ཐོབ་པ་ལའོ། །ཨ་ཏུསའོ། །སོ་པི་ཝ་ཙི་ཞེས་པས་སཾ་པྲ་ས་ར་ཎའོ། །ཙན་པ་རོ྅ཀྵ་ཞེས་པས་གཉིས་བརྗོད་པ། རང་བཞིན་དུ་འགྱུར་བ་མེད་པའི་ཕྱིར་མཚུངས་པའི་རིང་པོའོ། །གང་གིས་སྒྲུབ་པ་ ཡིན་པ་དེའི་མཐའིའོ་ཞེས་པས་མཐའ་འཛིན་པ་གྲུབ་པ་ལ་སླར་ཡང་མཐའ་སྨོས་པ་ནི་ཨོ་ཡིག་ཁོ་ནའི་མཐའ་ཅན་ཉིད་རྟོགས་པའི་དོན་དུ་སྟེ། དེས་ན། ཨ་ཨི་ཨུ་ཨཱ་ཞེས་པ་འདི་རྣམས་དེའི་མཐའ་ཅན་རྣམས་ཀྱི་རང་བཞིན་དུ་འགྱུར་བ་མེད་དོ། །ཙེ་ཏི། ཨི་ཏཱི་ཧཱ། ན་ནྭི་དཾ། ཝེ་ཏི། དབྱངས་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུ་སྟེ། དབྱངས་ཁོ་ན་ལ་མཚམས་སྦྱོར་གྱི་བྱ་བ་ཐོབ་པས་སོ། །གཉིས་ཀྱི་ཚིག་ཨཽ་མ་ཡིན་པའོ། །ཨཽ་མ་ཡིན་པ་ཞེས་པ་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །ཨཽ་མ་ཡིན་པའི་གཉིས་ཀྱི་ཚིག་གང་ཡིན་པ་དེ་རང་བཞིན་དུ་འགྱུར་རོ། ། ཨགྣི་ཨཏྲ། པ་ཊཱུ་ཨ་ནཱ་ཡ། ཤཱ་ལེ་ཨ་ཏྲ། ཨཽ་མ་ཡིན་པ་ཞེས་པ་ཅི་ཞེ་ན། དྲིཀྵཱ་ཝ་ཧ། འདིར་ཅིའི་ཕྱིར་རང་བཞིན་དུ་མི་འགྱུར་ཏེ། དེ་ཝ་ཡོ་རི་དཾ། བྲྀཀྵཱ་བྷྱཱ་མ་ཏྲ་ཞེས་པའོ་ཞེ་ན། ཨཽ་མ་ཡིན་པའོ་ཞེས་པ་འདི་ནི་མ་ཡིན་པར་དགག་པ་སྟེ། དེས་ན་ཨཽ་ཡིག་དང་འདྲ་བའི་གཉིས་ཀྱི་ ཚིག་ཡི་གེ་ཙམ་རང་བཞིན་ཡིན་གྱི་གཞན་གྱི་མ་ཡིན་ནོ། །ཨོས་དང་བྷྱཱཾ་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་པས་དེ་དག་གི་རང་བཞིན་པ་ཉིད་དོ། །གལ་ཏེ་མེད་པར་དགག་པར་འགྱུར་ན་དེའི་ཚེ་གཉིས་ཀྱི་ཚིག་ཨཽ་ཡིག་དང་བྲལ་བ་ཐམས་ཅད་རང་བཞིན་པར་འགྱུར་རོ་ཞེས་པས་ཨོས་ 195-1-82a དང་བྷྱཱཾ་དག་ཀྱང་དེར་འགྱུར་རོ། །གཉིས་ཀྱི་ཚིག་གང་ཨཽ་དང་འདྲ་བ་དེ་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཨཽ་ཨཱིའོ། །ཨཽ་ཡིག་ནི་སྔ་མའོ་ཞེས་པའི་མཚན་ཉིད་ཀྱིས་གང་ཨཽ་ཡིག་གི་རྣམ་འགྱུར་ཡིན་པའི་གཉིས་ཀྱི་ཚིག་དེ་ཨ་ཡིག་དང་འདྲ་བའོ། །འོ་ན་དེ་ ཕྱིས་པ་ནི་ཕ་རོལའང་དབྱིའོ་ཞེས་པའི་ཚིག་ལས་དེ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ནའང་ཕྱི་མའི་རྒྱུ་མཚན་ཅན་གྱིས་བསྒྱུར་བ་ནི་སྔ་མ་ལ་དེ་ཁོ་ནར་རྟོགས་པར་བྱའོ་ཞེས་པས་གཉིས་ཀྱི་ཚིག་ཉིད་དོ། །དེ་སྟེ་མ་ཡིན་པར་དགག་པ་དང་མེད་པར་དགག་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ་ཚིག་སྡུད་གང་དུ་སྒྲུབ་པ་གཙོ་བོ་ཡིན་ཞིང་དགག་པ་ནི་གཙོ་བོ་མ་ཡིན་པ་དགག་སྒྲ་ཚིག་ཕྱི་མ་དང་འབྲེལ་པ་དེ་ནི་མ་ཡིན་པར་དགག་པ་སྟེ། དཔེར་ན་བྲམ་ཟེ་མ་ཡིན་པ་འདྲེན་པར་བྱེད་པ་བཞིན་ནོ། །གང་དུ་དགག་པ་གཙོ་བོ་ཡིན་ཞིང་སྒྲུབ་པ་གཙོ་བོ་མ་ཡིན་པ་བྱ་བའི་ཚིག་དང་ ལྷན་ཅིག་དགག་ཚིག་འབྲེལ་པ་དེ་ནི་མེད་པར་དགག་པ་སྟེ། དཔེར་ན་ཤིད་ཟན་མི་ཟ་ཞེས་པ་ལྟ་བུའོ། །འདིར་ཤིད་ཟན་བཟའ་བ་མེད་དོ་ཞེས་པའི་དོན་རྟོགས་པར་བྱའོ། །མང་པོའི་ཚིག་ཨ་མཱིའོ། །ཨ་མཱི་ཞེས་པ་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །ཨ་མཱི་ཞེས་པ་མང་པོའི་ཚིག་འདི་རང་ བཞིན་དུ་འགྱུར་རོ། །ཨ་མཱི་ཨཱ་དི་ཏྱཱཾཿ། ཨ་དས་དང་ཛའོ། །ཏྱད་ལ་སོགས་པའི་ཨ་ཉིད་དོ། །ཛས་ཐམས་ཅད་ཨཱིའོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཨ་དསའི་ཚིག་ལ་མའོ་ཞེས་པས་དའི་མའོ། །མང་པོ་ཉིད་ལ་ནི་ཨེཏ་ཨཱི་ཉིད་དོ། །མང་པོའི་ཚིག་ཅེས་པ་ཅི་ཞེ་ན། ཨ་མ་ཏྲ། ཨ་མ་ འདི་ལ་ཡོད་དོ་ཞེས་པ་ཨིནྲའོ། །སིའོ། །ཨིནྲ་ཧནྲ་པཱུ་ཥན་ཨརྱ་མན་རྣམས་ཀྱི་ཞེས་པས་རིང་པོའོ། །ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ་། །ཉེ་བར་མ་བསྟན་པའི་ཡི་གེ་ཡང་དག་པར་བརྗོད་པ་ལ་དངོས་སུ་མ་བརྗོད་པ་པླུ་ཏ་ཏེ་དེ་རྣམས་རང་བཞིན་གྱིས་འགྱུར་རོ། །དེ་ཝ་དཏྟ྅་ཨི་ཧ། ཡ་ ཛྙ་དཏྟ་ཨུཏྟིཥྛ། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་རིང་མོ་ནས་བོད་པ་ལ་ཡང་ངོ་ཞེས་པ་འདིས་བླུ་ཏའོ། །སམྦུདྡྷི་ལ་ཨོཏ་ཀྱི་མཐའ་ནི་ཨི་ཏིའི་སྒྲ་ཕ་རོལ་ལ་རང་བཞིན་དུ་ཡང་ན་བཤད་པར་བྱ་སྟེ། བྷཱ་ནོ་ཨི་ཏི། བྷཱ་ན་ཝི་ཏི། སུམྦུདྡྷེ་ལ་ཞེས་པ་ཅི་ཞེ་ན། ག་ཝི་ཏྱ་ཡ་མ་ཧཱ། རྗེས་སུ་ 195-1-82b བྱ་བ་དང་རྗེས་བྱེད་པ་དག་གི་དབྱེ་བ་བརྗོད་པར་མི་འདོད་པ་ཉིད་ཀྱི་ཕྱིར་དོན་དང་མི་ལྡན་པར་གྱུར་ན་རྣམ་དབྱེར་མི་འགྱུར་རོ། །མཚུངས་པའི་མིང་ཅན་ནི་རྀ་ཕ་རོལ་ལ་རང་བཞིན་དུ་ཡང་ན་བཤད་པར་བྱ་སྟེ། དེ་ཝ་རྀ་ཥྱ། དེ་ཝཪྵྱ། མ་ལ་རྀ་ཥྱ། མ་ལཪྵྱ། ཨཱི་དང་ཨཱ་ཡིག་བུད་མེད་ དུ་བྱས་པ་དག་ཅེས་པས་མཱ་ལཱའི་སྒྲ་ཐུང་ངུའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མཚམས་སྦྱོར་གསུམ་པ་རྫོགས་སོ།། །།སྡེ་པའི་དང་པོའི་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་ལ་གསུམ་པ་རྣམས་སོ། །སྡེ་པ་རྣམས་ཀྱི་དང་པོ་ཀ་ཙ་ཊ་ཏ་པ་ཚིག་ མཐའ་རྣམས་ཏེ་ཚིག་གི་མཐར་གནས་པ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ཕ་རོལ་ལ་རང་གི་སྡེ་པའི་ཉེ་བ་ལས་གསུམ་པ་རྣམས་སུ་འགྱུར་རོ། །རེ་ཞིག་དབྱངས་ལ། ཝཱ་ག་ཏྲ། ཥ་ཌཱ་ན་ཡ། ཏ་དི་ཧ། ཏྲྀཥྚྲུ་བི་ཡཾ། སྒྲ་དང་ལྡན་པ་རྣམས་ལ། ཝཱགྒ་ཏི། ཥཌྒ་ཙྪཾ་ཏི། ཏངྒ་མ་ནཾ། ཏྲྀཥྚུ་བྒཱ་ཡ་ ཏཱི། སྡེ་པའི་དང་པོ་རྣམས་ཞེས་པ་ཅི་ཞེ་ན། བྷ་ག་ཝཱ་ནཱ་ཧ། ཚིག་མཐའ་ཞེས་པ་ཅི་ཞེ་ན། བིདྱུ་ཏཽ།དབྱངས་དང་སྒྲ་ལྡན་རྣམས་ལ་ཞེས་པ་ཅི་ཞེ་ན། ཝཱཀྤུ་ནཱ་ཏི། ལྔ་པ་ལ་ལྔ་པ་རྣམས་སུ་སྟེ་ཡང་ན་མ་ཡིན་པར་གསུམ་པ་རྣམས་སོ། །ཐ་ཚིག་སྨོས་པ་ནི། ན་མཐའ་ཙ་ཚ་དག་ལ་ ཞེས་པ་འདི་ལས་གོང་དུ་རྗེས་སུ་འཇུག་གོ། །སྡེ་པའི་དང་པོ་ཚིག་མཐའ་ཅན་རྣམས་རང་གི་སྡེ་པའི་ལྔ་པའམ། ཡང་ན་གསུམ་པར་འགྱུར་ཏེ་ལྔ་པ་ཕ་རོལ་ལའོ། །ཝཱདྨ་དྷུ་རཿ། ཝཱགྨ་དྷུ་རཿ། ཥཎྞ་ཡ་ནཾ། ཥཌྞ་ཡ་ནཿ། ཏནྣི་ཏིཿ། ཏདྣཱ་ཏིཿ ཏྲྀ་ཥྚུ་མྨི་ནོ་ཏ། ཏྲྀཥྚྲུབྨི་ནོ་ཏི། ལྔ་པ་ལ་ དེ་ཡང་ནའོ་ཞེས་བརྗོད་པར་བྱ་བ་ལ་མདོ་ཚེགས་ཆེ་བར་བྱས་པ་ལས་སྡེ་པའི་དང་པོ་ནི་ལྔ་པ་དང་པོ་ཅན་གྱི་རྐྱེན་ཕ་རོལ་ལ་རྟག་ཏུ་ལྔ་པར་འགྱུར་ཏེ། ངག་གི་རྣམ་འགྱུར་ནི་ཝཱདྨ་ཡཾ། ཏྭཾ་མ་ཡཾ། ཨཱ་ཁྱ་ཏ་ལས་ཀྱང་ཏ་མ་སོགས་རྣམས་སོ་ཞེས་པས་མ་ཡཊའོ། །དེ་འདིའི་ཚད་ཡིན་པ་ནི། ཏནྨཱ་ཏྲམ྄། དེ་བཞིན་དུ། ཡནྨཱ་ཏྲམ྄། ཨེཏ་བནྨ་ཏྲམ྄། སྔ་མ་བཞིན་དུ་མཱ་ཏྲཊའི་རྐྱེན་ནོ། །སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཨ་ཝ་ར་ཕ་རོལ་ཅན་ནི་ཚ་ཡིག་སྟེ་ཡང་ན་མ་ཡིན་ནོ། །དབྱངས་དང་ཡ་དང་ཝ་དང་ར་དང་དེ་རྣམས་ནི་དབྱངས་དང་ཡ་ཝ་ར་རྣམས་སོ། ། 195-1-83a དབྱངས་དང་ཡ་ཝ་ར་རྣམས་ཕ་རོལ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྡེ་པའི་དང་པོ་ཚིག་མཐའ་ཅན་རྣམས་ལས་ཕ་རོལ་གྱི་ཤ་ཡིག་དབྱངས་ཡ་ཝ་ར་ཕ་རོལ་ཅན་ཏེ་དབྱངས་ཕ་རོལ་ཅན་དང་། ཡ་ཕ་རོལ་ཅན་དང་། ཝ་ཕ་རོལ་ཅན་དང་། ར་ཕ་རོལ་ཅན་ནི་ ཚ་ཡིག་ཏུ་འགྱུར་ཏེ་ཡང་ན་མ་ཡིན་ནོ། །ལཱཀྪུ་རཿ ཝཱཀྴཱུ་རཿ ཥཊྪྱཱ་མཿ ཥཊྪྱཱ་མཿ ཏཙྪྭེ་ཏཾ། ཏཙྴྭེ་ཏམ། ཕྱོགས་གཅིག་ལ་ཤ་ལ་ཙའོ་ཞེས་པས་ཏ་ཡིག་ཙའོ། །ཏྲྀཥྚྲུ་པྪུ་ཡ་ཏེ། ཏྲྀཥྚྲུ་པྴྲུ་ཡ་ཏེ། སྡེ་པའི་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། པྲ་ཏྱ་ཤེ་ཏེ། སྡེ་པའི་དང་པོ་སྨོས་པ་ནི་ རྣམ་པ་གསལ་བའི་དོན་ཏོ། །དབྱངས་དང་ཡ་བ་ར་ཕ་རོལ་ཅན་ཞེས་པ་ཅི་ཞེ་ན། ཝཱཀྴླ། ཀྵྞ་མྲ་ལ་དང་རྗེས་སུ་སྣ་ལྡན་ཕ་རོལ་ཅན་གྱི་ཤ་ཡིག་ཀྱང་ཚ་ཉིད་དུ་ཡང་ན་འདོད་དེ། སླར་ཡང་ཡང་ན་མིན་པ་སྨོས་པའི་ཕྱིར་རོ། །ཏཙྪླཱགྷྱཾ། ཏཙྪྴླཱགྷྱཾ། ཏཙྪྨ་ཤཱ་ནཾ། ཏཙྴྨ་ཤཱ་ནཾ། དེ་རྣམས་ཁོ་ན་ལ་ ཧ་ཡིག་སྔ་མའི་བཞི་པ་སྟེ་ཡང་ན་མ་ཡིན་ནོ། །དེ་རྣམས་ཏེ་སྡེ་པའི་དང་པོ་ཚིག་མཐའ་རྣམས་ལས་ཕ་རོལ་གྱི་ཧ་ཡིག་སྔ་མའི་ཡི་གེ་བཞི་པར་འགྱུར་ཏེ། ཡང་ན་མ་མ་ཡིན་ནོ། །ཝཱ་གྒྷཱི་ནཿ ཝ་གྷཱི་ནཿ ཥཌྜྷ་ལཱ་ནི། ཥཌྷ་ལཱ་ནི། ཏདྡྷི་ཏཾ། ཏདྷི་ཏཾ། ཏྲྀཥྚྛུ་བྦྷཏཾ། ཏྲྀཥྚྲུ་བྷ་ཏཾ། དེ་རྣམས་ཁོ་ན་ ལས་ཞེས་པ་ཅི་ཞེ་ན། པྲ་ཏྱུ་ངྷས་ཏི། ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་རྣམས་ལ་ཕ་རོལ་གྱི་གཟུགས་སོ། །ཙ་དང་ཊ་ནི་ཙ་ཊ་དག་སྟེ་ཙ་ཊ་དག་གི་སྡེ་པ་ནི་ཙ་ཊའི་སྡེ་པའོ། །ལ་དང་ཙ་ཊའི་སྡེ་པ་དེ་རྣམས་ནི་ལ་དང་ཙ་ཊའི་སྡེ་པ་རྣམས་སོ། །ཏ་ཡིག་ཚིག་མཐའ་ཅན་རྣམས་ལ་ཡིག་དང་ཙ་སྡེ་ དང་ཊ་སྡེ་ཕ་རོལ་ལ་ཕ་རོལ་གྱི་གཟུགས་ཏེ་ཕ་རོལ་གྱི་ཡི་གེའི་གཟུགས་གང་ཡིན་པ་དེར་འགྱུར་རོ། །ཏལླུ་ནཱ་ཏི། ཏཙྩི་ནཱ་ཏི། ཏཙྩི་ནོ་ཏི། ཏཙྪཱ་ད་ཡ་ཏི། ཏཛྫ་ཡ་ཏི། ཏཛྫྙ་ཡ་ཏི། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ཛྷའི་ཛའོ། །ཏཉྙ་ཀཱ་རཿ ཏཊྚཱི་ཀ་ཏེ། ཏཊྛཀྐུ་རཿ ཏཌྜིནཿ ཏཌྜྷཽ་ ཀ་ཏེ། སྔ་མ་བཞིན་དུ་གསུམ་པ་སྟེ་ཌྷའི་ཌའོ། །ཏཎྞ་ཀཱ་རཿ ཏ་ཡིག་ཅེས་པ་ཅི་ཞེ་ན། ཝཀྩ་ར་ཏི། ལ་དང་ཙ་ཊའི་སྡེ་པ་རྣམས་ལ་ཞེས་པ་ཅི་ཞེ་ན། ཏཏྤ་ཙ་ཏི། ཤ་ལ་ཙའོ། །ཏ་ཡིག་ཚིག་མཐའ་ཅན་ཤ་ལ་ཏེ་ཤ་ཡིག་ཕ་རོལ་ལ་ཙ་རུ་འགྱུར་རོ། །ཏཙྴླ་གྷྱ་མ། ཏཙྴླན་ནཾ། ཕྱོགས་ 195-1-83b གང་ལ་ཤ་ཡིག་གི་ཚ་ཉིད་མེད་པ་དེ་ལ་འདིས་ཙ་ཉིད་དུ་བསྒྲུབ་པར་བྱ་ཞིང་། ཚ་ཉིད་ཀྱི་ཕྱོགས་ལ་ནི་མདོ་དོན་མེད་པར་འགྱུར་ཏེ་ཕ་རོལ་གྱི་གཟུགས་སུ་བྱས་པ་ན་སྦྱོར་བ་རྣམས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ང་ཎ་ན་ཨུ་པ་དྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ། །ང་ཎ་ན་གང་ རྣམས་ཀྱི་ཨུ་པ་དྷཱ་རྣམས་ཐུང་ངུ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དབྱངས་ཐུང་ངུ་ཞེས་སྤྱོར་བ་འཐད་པ་ལས་ཨུ་པ་དྷཱའི་སྒྲ་ཐུང་ངུའོ། །ལན་གཉིས་དག་གཉིས་ཏེ། ཨ་ཁྱ་ཏ་ལས་ཀྱང་ཏ་མ་སོགས་རྣམས་སོ་ཞེས་པས་སུ་རྐྱེན་ཏེ་འདི་ནི་མི་ཟད་པའོ། །ང་ཎ་ན་ཚིག་མཐའ་ཨུ་པ་ དྷཱ་ཐུང་ངུ་ཅན་རྣམས་དབྱངས་ཕ་རོལ་ལ་གཉིས་སུ་འགྱུར་རོ། །ཀྲུ་དྡ་ཏྲ། སུ་གཎྞཱ་ཧ། པ་ཙནྣ་ཧི། ང་ཎ་ན་རྣམས་ཞེས་པ་ཅི་ཞེ་ན། ཏྭ་མེ་ཧ། ཚིག་མཐའ་ཞེས་པ་ཅི་ཞེ་ན། ཨུ་ཥ་ཎཽ། ཨཱུ་པ་དྷཱ་ཐུང་ངུ་ཅན་རྣམས་ཞེས་པ་ཅི་ཞེ་ན། བྷ་ཝཱ་ནཱ་ཧ། དབྱངས་ལ་ཞེས་པ་ཅི་ཞེ་ན། སུ་ག་ ཎ་ག་ཏ། ན་མཐའ་ཙ་ཚ་དག་ལ་ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཤ་ཡིག་གང་ལས་སྔ་མ་རྗེས་སུ་ང་རོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ན་ཡིག་ཚིག་མཐའ་ཅན་ནི་ཙ་ཚ་དག་ཕ་རོལ་ལ་རྗེས་སུ་ང་རོ་སྔོན་མ་ཅན་གྱི་ཤ་ཡིག་ཏུ་འགྱུར་རོ། །བྷཾ་ཝཱ་ཤྩི་ནོ་ཏི། བྷ་ཝཱཾ་ཤྪཱ་ད་ཡ་ཏི། ཙ་ཚ་ དག་ལ་ཞེས་པ་ཅི་ཞེ་ན། བྷ་ཝཱན་རྐོ་ཏི། པྲཱ་ཤཱན་གྱི་སྒྲའི་ནི་འདོད་པ་མ་ཡིན་ཏེ། པྲ་ཤཱནྩི་ནོ་ཏི། པྲ་ཤཱནྪཱ་ད་ཡ་ཏི། དེ་བཞིན་དུ་མདོ་ཕྱི་མ་དག་ལ་ཡང་ངོ་། །ཊ་ཋ་དག་ལ་ཥ་ཡིག་གོ། །ན་ཡིག་ཚིག་མཐའ་ཅན་ཊ་ཋ་དག་ཕ་རོལ་ལ་རྗེས་སུ་ང་རོ་སྔོན་མ་ཅན་གྱི་ཥ་ཡིག་ཏུ་འགྱུར་རོ། །བྷ་ཝཱཾཥྚ་ ཀ་ཏེ། བྷ་ཝཱཾ་ཥྛཀྐུ་རཿ འདིར་མི་འགྱུར་ཏེ། པྲ་ཤཱན྄་ཊཱི་ཀ་ཏེ། ཕྲ་ཤཱན྄་ཋ་ཀྐུ་རཿ ཏ་ཐ་དག་ལ་ས་ཡིག་གོ། །ན་ཡིག་ཚིག་མཐའ་ཅན་ཏ་ཐ་དག་ཕ་རོལ་ལ་ས་ཡིག་རྗེས་སུ་ང་རོ་སྔོན་མ་ཅན་དུ་འགྱུར་རོ། །བྷ་ཝཱཾ་སྟ་ནོ་ཏི། བྷ་ཝཱཾ་སྠུ་ཌ་ཏི། འདིར་མི་འགྱུར་ཏེ། པྲ་ཤཱན྄་ཏ་ནོ་ཏི། པྲ་ཤཱན྄་ ཐུ་ཌ་ཏི། ལ་ལའོ་ན་ཡིག་ཚིག་མཐའ་ཅན་ལ་ལ་སྟེ་ལ་ཡིག་ཕ་རོལ་ལ་རྗེས་སུ་ང་རོ་སྔོན་མ་ཅན་གྱི་ལ་ཡིག་ཏུ་འགྱུར་རོ། །བྷ་ཝཱཾ་ལླུ་ནཱ་ཏི། ཛ་ཛྷ་ཉ་ཤ་ཡིག་རྣམས་ལ་ཉ་ཡིག་གོ། །ན་ཡིག་ཚིག་མཐའ་ཅན་ཛ་ཡིག་དང་ཛྷ་ཡིག་དང་ཉ་ཡིག་དང་ཤ་ཡིག་ཕ་རོལ་ལ་ཉ་ཡིག་ཏུ་འགྱུར་རོ། ། 195-1-84a མ་ཧཱཉྫ་ཡ་ཏི། མ་ཧཱ་ཉྫྷ་ཁ་ཏི། མ་ཧཱཉྙ་ཀཱ་རཿ མ་ཧཱཉྴེ་ཏེ། ཤ་ལ་ཉ་དག་ཀྱང་ངོ་། །ན་ཡིག་ཚིག་མཐའ་ཅན་ཤ་ལ་སྟེ་ཤ་ཡིག་ཕ་རོལ་ལ་ཉྩ་རུ་འགྱུར་ཏེ། ཀྱང་གི་སྒྲ་ནི་བསྡུ་བའོ། །མ་ཧཱཉྩྪཱུ་རཿ ཉྩ་དག་ཅེས་སོགས་ལ་བསྒྱུར་བ་སྟེ། གལ་ཏེ་བསྒྱུར་བ་གཉིས་དག་ཏུ་ འགྱུར་ན་དེའི་ཚེ་ཉ་ཡིག་ཏུ་བསྒྱུར་བའི་སྒྲུབ་པ་དོན་མེད་པར་འགྱུར་རོ། །གཉིས་ཀྱི་ཚིག་བསྟན་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཌ་ཌྷ་ན་ཕ་རོལ་ཅན་ནི་ཎ་ཡིག་གོ། །ཌ་དང་ཌྷ་དང་ཎ་སྟེ་དེ་རྣམས་ནི་ཌ་ཌྷ་ཎ་རྣམས་སོ། །དེ་རྣམས་ན་ཡིག་གང་ལས་ཕ་རོལ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ན་ ཡིག་ཚིག་མཐའ་ཅན་ཌ་ཕ་རོལ་དང་ཌྷ་ཕ་རོལ་ཅན་དང་ཎ་ཕ་རོལ་ཅན་ནི་ཎ་ཡིག་ཏུ་འགྱུར་རོ། །མ་ཧཱ་ཎྜཱི་ན། མ་ཧཱཎྜྷཽ་ཀ་ཏེ། མ་ཧཱཎྞ་ཀཱ་རཿ ཌདྷ་ཎ་རྣམས་ལ་ཞེས་པར་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །མ་ཡིག་ཚིག་མཐའ་ཅན་གསལ་བྱེད་ཕ་རོལ་ ལ་རྗེས་སུ་ང་རོར་འགྱུར་རོ། །ཏྭཾ་ཧ་ས་སི། ཏྭཾ་ར་མ་སེ། མ་ཞེས་པ་ཅི་ཞེ་ན། བྷ་བཱན་མ་ཏེ། ཚིག་མཐའ་ཞེས་པ་ཅི་ཞེ་ན། ག་མྱ་ཏེ། གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཏྭ་མ་ཏྲ། སམ྄་གྱི་མ་ཡིག་གི་རཱ་ཛི་གསལ་བ་ལའོ་ཞེས་པ་ཀྭིཔའི་མཐའ་ཅན་ཕ་རོལ་ལ་རྗེས་སུ་ང་རོ་མི་འདོད་དེ། སམྲྭཊ། རཱ་ ཛྲྀ་དང་སམྲ་སྔ་མའོ། །ཡང་དག་པར་གསལ་བར་བྱེད་དོ་ཞེས་པས་ཀྭིཔའོ། །སིའོ། །ཧ་ཤ་ཥ་ཚ་ཞེས་པས་ཛའི་ཌའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཌའི་ཊའོ། །ཀྭིཔྲའི་མཐའ་ཅན་ཞེས་པ་ཅི་ཞེ་ན། སཾ་ར་ཛི་ཏ། སྡེ་པ་ལ་དེའི་སྡེ་པའི་ལྔ་པའང་ནའང་ནའོ། །སྡེ་པ་ལ་ཡོད་པ་ནི་སྡེ་པ་སྟེ། ཨུ་ དང་།གོ་སོགས་ལས་ཡཏའོ་ཞེས་སྦྱོར་བ་འཐད་པ་ལས་ཡཏྲའོ། །དེའི་སྡེ་པ་ནི་དེ་ཉིད་ཀྱི་སྡེ་པའོ། །སྡེ་པ་དེའི་ལྔ་པ་ནི་སྡེ་དེའི་ལྔ་པའོ། །མ་ཡིག་ཚིག་མཐའ་ཅན་སྡེ་པ་ཕ་རོལ་ལ་སྡེ་དང་འབྲེལ་པའི་སྡེ་པ་དེའི་ལྔ་པར་ཡང་ན་འགྱུར་ཏེ། སྔ་མས་རྗེས་སུ་ང་རོ་རྟག་ཏུ་ཐོབ་པ་ལའོ། །ཏྭངྐ་རོ་ཥི། ཏྭཾ་ཀ་རོ་ཥི། ཉྩ་ར་སི། ཏྭཾ་ཙ་ར་སི། མ་ཡིག་མཐར་གནས་ཕ་རོལ་ལ་རྗེས་སུ་ང་རོ་སྔ་མ་ཅན་དང་བཅས་པའི་ཕ་རོལ་གྱི་འདྲ་བའི་ཡི་གེར་ཡང་ན་བཤད་པར་བྱའོ། །སཾ་ཝྦཱཏྶ་ར། སམྺཱཏྶརཿ། ཏཾལློ་ཀཾ། ཏམློ་ཀམྲ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མཚམས་ 195-1-84b སྦྱོར་བཞི་པ་རྫོགས་སོ།། །།རྣམ་པར་གཅད་བྱ་ཙ་འམ་ཚ་ལ་ཤའོ། །རྣམ་པར་གཅད་པར་བྱ་བ་ཙ་ཡིག་དང་ཚ་ཡིག་ཕ་རོལ་ལ་ཤ་ཡིག་ཏུ་འགྱུར་རོ། །འམ་གྱི་སྒྲ་ནི་སྡུད་པ་ལ་སྟེ་མདོ་ཕྱི་མ་དག་ལའང་ངོ་། །ཀཤྩ་ར་ཏི། ཀཤྪ་ད་ཡ་ཏེ། ཧ་རིའི་སྒྲའི་ཙནྡྲའི་སྒྲ་ཕ་རོལ་ལ་ཤ་ཡིག་ ཨཱ་ག་མ་བཤད་པར་བྱ་སྟེ། གལ་ཏེ་དྲང་སྲོང་བརྗོད་པར་བྱ་བར་གྱུར་ནའོ། །ཧ་རིཤྩནྡྲཿ གཞན་དུ་ཧ་རི་ཙནྡྲའོ། །ཊའམ་ཋ་ལ་ཥའོ། །རྣམ་པར་གཅད་བྱ་ཊ་དང་ཋ་དག་ཕ་རོལ་ལ་ཥ་ཡིག་ཏུ་འགྱུར་རོ། །ཀཥྚི་ཀ་ཏེ། ཀཥྛ་ཀྐུ་ར། གོའི་པ་ཏའི་སྒྲ་ཕ་རོལ་ལ་ཥ་ཨཱ་ག་མ་བཤད་པར་བྱ་སྟེ། གལ་ཏེ་བསྟེན་པ་དང་ཚད་ཡིན་པར་འགྱུར་ནའོ། །གོཥྤ་དོ་ད་ཤཿ གོ་རྣམས་ཀྱི་བསྟེན་པའོ་ཞེས་པའི་དོན་ཏོ། །ཚད་ལ་ནི། གོཥྤ་དོ་ཛ་ལཱ་ཤ་ཡ། གོ་ཥ་པ་ད་པཱུ་རཾ་དེ་གོ་བྲྀཥྚཿ གཞན་དུ་ནི། གོ་པ་དཾའོ། །ཏའམ་ཐ་ལ་སའོ། །རྣམ་པར་གཅད་བྱ་ཏ་ཐ་དག་ཕ་རོལ་ལ་ས་རུ་འགྱུར་རོ། །ཀསྟ་ ར་ཏི། ཀསྠུ་ཌ་ཏི། ཨཱད྄་ལས་པ་དའི་སྒྲ་ཕ་རོལ་ལ་ས་ཡིག་ཨཱ་ག་མ་བཤད་པར་བྱ་སྟེ། ཨཱསྤ་དམ྄། གཞན་ཞེས་པའི་དོན་ཏོ། །གཞན་ལས་ནི། ཨཱ་པ་དམ྄འོ། །ཏ་དྲ་དང་བྲྀ་ཧད་ཅེས་པ་འདི་དག་གི་རིམ་པ་ཇི་ལྟ་བར་ག་ར་དང་པ་ཏི་དག་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་བར་བཤད་པར་ བྱ་སྟེ། རིམ་པ་ཇི་ལྟ་བར་ཆོམ་རྐུན་དང་ལྷ་ཉིད་དག་གི་དོན་ལའོ། །ཏསྐ་རཿ པྲྀ་ཧསྤ་ཏིཿ གཞན་ལ་ནི། ཏཏྐརཿ བྲྀ་ཧཏྤ་ཏིཿ ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །རྣམ་པར་གཅད་བྱ་ཕ་རོལ་ལ་ཀ་ཁ་དག་ལྕེ་རྩ་ཅན་དུ་འགྱུར་ཏེ་ཡང་ན་མ་ཡིན་ནོ། །ཀྈྐ་རོ་ཏིཿ། ཀཿཀ་རོ་ཏི། ཀཐླ་ན་ཏི། ཀཿ ཁ་ན་ཏི། ཤིཊ་ཕ་རོལ་ཅན་གྱི་ཀ་ཁ་དག་ལ་མི་འདོད་དེ། བྲྀཀྵཿ། ཀྵ་ར་ཏི། པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ཡིན་ནོ། །རྣམ་པར་གཅད་བྱ་ནི་པ་ཕ་དག་ཕ་རོལ་ལ་མཆུ་ཅན་ཏེ། ཡང་ན་མ་ཡིན་ནོ། །ཀྉྤ་ཏི། ཀཿཔ་ཏི། ཀྉྥ་ལ་ཏི། ཀཿཕ་ལ་ཏི། ཤིཊ་ ཕ་ལ་ཅན་གྱི་པ་ཕ་དག་ལ་མི་འདོད་དེ། ཨདྦྷིཿསྶྭ་ཏི། ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །རྣམ་པར་གཅད་བྱ་ཤ་ལའམ་ཥ་ལའམ་ས་ལ་ཕ་རོལ་གྱི་གཟུགས་སུ་འགྱུར་ཏེ་ཡང་ན་མ་ཡིན་ནོ། །འམ་གྱི་སྒྲ་གཅིག་ནི་རྒྱུ་མཚན་སྡུད་པ་ལའོ། །གཞན་ནི་རྣམ་པར་བརྟག་པ་ལའོ། ། 195-1-85a ཀཤྴ་ཏེ། ཀཿཤེ་ཏེ། ཀཥྵ་ཥྛཿ ཀཿཀཥྛཿ ཀསྶཱ་དྷུཿ ཀ་སཱ་དྷུཿ བརྩེགས་པ་འདི་རྣམས་ལ་ཕ་རོལ་གྱི་གཟུགས་སུ་མི་འདོད་དེ། ཀཿཤྩོ་ཏ་ཏེ། ཀཿཥྛི་ཝཱཏི། ཨ་ཡིག་དག་གི་བར་དུ་ཨཱུའོ། །ཨ་ཡིག་དག་གི་ཞེས་པ་དྲུག་པའི་གཉིས་ཀྱི་ཚིག་གོ། །ཨ་ ཡིག་གཉིས་དག་གི་བར་དུ་གང་ཚེག་དྲག་ཡོད་པ་དེ་ཨུ་ཉིད་དུ་འགྱུར་རོ། །ཀོ྅ཏྲ། སོ྅རྠཿ ཨ་དང་སྒྲ་ལྡན་དག་གིའང་ངོ་། །ཨ་དང་སྒྲ་ལྡན་ཏེ་དེ་དག་ནི་ཨ་དང་སྒྲ་ལྡན་དག་གོ། །ཨ་ཡིག་དང་སྒྲ་ལྡན་དག་གི་བར་གང་ཡིན་པ་དེར་རྣམ་པར་གཅད་བྱ་གང་ཡོད་པ་དེ་ཨུ་ཉིད་དུ་འཐོབ་པོ། ། ཀོ་ག་ཏ། ཡོ་དྷ་བ་ཏི། ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡའོ། །ཨ་ལས་ཕ་རོལ་ནི་ཨའི་ཕ་རོལ་ལོ། །གཞན་པ་ཡང་འདི་ཡིན་ལ་དབྱངས་ཀྱང་ཡིན་པ་ནི་དབྱངས་གཞན་ནོ། །ཨ་ཡིག་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་ཨ་ཡིག་ལ་སོགས་པའི་དབྱངས་གཞན་ཕ་ རོལ་ལ་དབྱི་བར་འགྱུར་བའམ། ཡང་ན་ཡ་ཉིད་དུ་འགྱུར་རོ། །ཡང་ནའི་སྒྲ་ནི་བསྡུ་བ་ལའོ། །ས་ཨཱ་ཧ། ས་ཡཱ་ཧ། ས་ཨི་ཏ། ས་ཡེ་ཧ། ཏུ་དྲ་ཨུ་བ་རི། ཏུ་དྲ་ཡུ་བ་རི། དབྱངས་གཞན་ལ་ཞེས་པ་ཅི་ཞེ་ན། ཀོ྅རྠཿ ཨུ་ཉིད་ཀྱི་ཡུལ་འདིའོ་ཞེས་པས་གཞན་སྨོས་པ་སྟེ། བདེ་བླག་ ཏུ་རྟོགས་པའི་དོན་དུའོ། །ཨཱ་བྷོ་དག་ལ་དབྱངས་ལ་དེ་ལྟ་ཉིད་དོ། །ཨ་དང་བྷོ་ནི་ཨཱ་བྷོ་དག་སྟེ་ཨ་ཡིག་གི་མཐའ་དང་བྷོའི་སྒྲ་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་དབྱངས་ཕ་རོལ་ལ་དབྱི་བའམ་ཡ་ཉིད་དུ་འགྱུར་ཞིང་འདི་ལྟ་ཁོ་ན་སྟེ་སྔ་མ་ལ་ཇི་ལྟ་བ་བཞིན་དུའོ། །དེ་ཝཱ་ཨཱ་ཧུཿ དེ་བཱ་ཡཱ་ཧུཿ བྷོ་ ཨི་ཧ། བྷོ་ཡི་ཧ། དབྱངས་ལ་ཞེས་པ་ཅི་ཞེ་ན། པུ་རུ་ཥཱཿ ཤེ་ར་ཏེ། འདི་ལྟ་ཁོ་ན་སྨོས་པས་ཕ་རོལ་གྱི་གཟུགས་མེད་དོ་ཞེས་རྣམ་པར་བརྟག་པ་ལ་དེ་ཁོ་ན་ཉིད་ཀྱི་ཕྱིར་རོ། །བྷ་གོ་དང་ཨ་བྷོའི་སྒྲ་དག་ལས་ཀྱང་རྣམ་པར་གཅད་བྱ་དབྱི་བ་སྟེ་ཡང་ན་མ་ཉིད་དོ། །བྷ་གོ་ཨ་ཏྲ། བྷ་གོ་ཡ་ཏྲ། ཨགྷོ་ཨ་ཏྲ། ཨ་གྷོ་ཡ་ཏྲ། སླར་ཡང་དབྱངས་སྨོས་པ་ནི་ཐུན་མོང་བའི་དབྱངས་འཛིན་པའི་དོན་ཏོ། །དབྱངས་གཞན་ལ་ཞེས་པའི་ཚིག་ལས་ཨ་ཡིག་ཕ་རོལ་ལ་མི་འགྱུར་རོ། །སྒྲ་ལྡན་ལ་དབྱིའོ། །ཨ་བྷོ་དག་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་སྒྲ་ལྡན་ཕ་རོལ་ལ་དབྱི་བར་འགྱུར་རོ། །དོ་ཥཱ་ 195-1-85b ཡཱནྟི་ཏི། བྷོ་ཛ་ཡ། སླར་ཡང་དབྱི་བ་སྨོས་པ་ནི་ཡ་ཡིག་ལྡོག་པའི་དོན་ཏོ། །བྷ་གོ་དང་ཨ་གྷོའི་སྒྲ་དག་ལས་ཀྱང་དབྱི་བ་བཤད་པར་བྱ་སྟེ། བྷ་གོ་ཡ་ཛཿ ཨ་གྷོ་ཡ་ཛཿན་མིནའི་ཕ་རོལ་རའོ། །ནཱ་མིན་ལས་ཕ་རོལ་ནི་ནཱ་མིན་གྱི་ཕ་རོལ་ལོ། །ནཱ་མིན་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་ ནི་ར་ཉིད་དུ་འཐོབ་བོ། །སུ་པཱིཿ སུ་ཏཱུཿ པི་སྲྀ། པེ་སྲྀ། ཏུས། ཧྲས། མཛེས་པར་པི་ས་ཏི། མཛེས་པར་ཏོ་ས་ཏི་ཞེས་ཀྭིཔའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །སའི་རྣམ་པར་གཅད་བྱའོ། །ཨིར྄་ཨུར་དག་གི་ཨཱིར་ཨཱུར་དག་གོ། །རེ་ཕའི་རྣམ་པར་གཅད་བྱའོ། །ཨིར྄་ ཨུར྄་དག་འཇུག་པའི་དོན་དུ་ར་ཉིད་དུ་བསྒྲུབ་པར་བྱའོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་ནོ། །སྒྲ་ལྡན་རྣམས་དང་དབྱངས་རྣམས་ཀྱང་སྟེ། དེ་རྣམས་སྒྲ་ལྡན་དང་དབྱངས་སོ། །དེ་རྣམས་རྣམ་པར་གཅད་བྱ་གང་ལས་ཕ་རོལ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ནཱ་མིན་ལས་ཕ་རོལ་གྱི་ རྣམ་པར་གཅད་བྱ་སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་ནི། ར་ཉིད་དུ་འཐོབ་བོ། །པ་ཊུརྒ་ཏཿ པ་ཊུ་ར་ཏྲ། གྲུབ་པར་གྱུར་པ་ལ་རྩོལ་བ་ནི་ངེས་པའི་དོན་ཏེ། དེས་ན་ནཱ་མིན་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་སྒྲ་ལྡན་དང་དབྱངས་ཕ་རོལ་ལ་རེ་ཕར་འགྱུར་གྱི་གཞན་ལ་མ་ཡིན་ནོ། །དེས་ ན། ཨད་བྷིཿ སྶཱ་ཏཾ། རའི་རང་བཞིན་ཅན་ནི་ནཱ་མིནའི་ཕ་རོལ་མིན་པའང་ངོ་། །རྣམ་པར་གཅད་བྱ་གང་གི་རང་བཞིན་རེ་ཕ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ནཱ་མིན་ལས་ཕ་རོལ་ནི་ནཱ་མིའི་ཕ་རོལ་ལོ། །ནཱ་མིནའི་ཕ་རོལ་མ་ཡིན་པ་ནི་ནཱ་མིནའི་ཕ་རོལ་མིན་པའོ། །རའི་རང་ བཞིན་ཅན་ཏེ་རེ་ཕའི་གནས་སུ་གང་བྱས་པའི་རྣམ་པར་གཅད་བྱ་དེ་དག་ནི་སྒྲ་ལྡན་དང་དབྱངས་ཕ་རོལ་ལ་ནཱ་མིནའི་ཕ་རོལ་མ་ཡིན་པ་དག་ཀྱང་ར་ཉིད་དུ་འཐོབ་བོ། །གང་ཞིག་གང་ལས་སྐྱེས་པ་དེ་ནི་དེའི་རང་བཞིན་ནོ། །ཨ་ཡིག་དག་གི་བར་དུ་ཨུའོ་ཞེས་པ་ལ་སོགས་པའི་སྐབས་ཀྱི་ཨུ་ ཉིད་དང་དབྱི་བ་དང་ཡ་ཉིད་རྣམས་འགོག་པའོ། །དེ་རྣམས་ནི་སའི་རང་བཞིན་ཅན་གྱི་རྣམ་པར་གཅད་བྱའི་ཡུལ་ཉིད་དོ། །ཨནྟརྒ་ཏཿ། ཨནྟ་ར་ཏྲ། སྭརྒ་ཏཿ སྭ་ར་ཏྲ། པྲ་ཙེ་ཏསྲའི་རཱ་ཛན྄་ཕ་རོལ་ལ་ར་ཉིད་དུ་བཤད་པར་བྱ་སྟེ་ཡང་ནའོ། །ཧེ་པྲ་ཙེ་ཏཱ་རཱ་ཛན྄། ཧེ་པྲ་ཙེ་ཏོ་རཱ་ཛན྄། པྲ་ཙེ་ཏཱ་ཞེས་ 195-1-86a པ་འདིར་རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོ་སྟེ་རེ་ཕ་དབྱི་བ་དང་རིང་པོའང་ངོ་། །ཨ་ཧསྲ་ལ་སོགས་པ་རྣམས་ཀྱི་རྣམ་པར་གཅད་པ་ནི་པ་ཏི་ལ་སོགས་པ་རྣམས་ཀྱི་ཚིག་ཕྱི་མ་རྣམས་ལ་ར་ཉིད་དུ་ཡང་ན་བཤད་པར་བྱའོ། །ཉིན་མོ་རྣམས་ཀྱི་བདག་པོ་ནི། ཨ་ཧརྦ་ ཏི། ཨ་ཧནའི་སའོ་ཞེས་པས་དེ་རྣམ་པར་བཅད་པར་བྱས་པ་ན་རེ་ཕ་ཡང་ནའོ། །ཕྱོགས་གཅིག་ལ། ཨ་ཧཿབ་ཏི། དེ་བཞིན་དུ། ཨ་ཧཪྤུ་ཏྲཿཱ། ཨ་ཧཿཔུ་ཏྲཿ། གཱིཪྤ་ཏཱིཿ གིཿཔ་ཏིཿ གཱིཪྤུ་ཏྲཿ གིཿཔུ་ཏྲཿཱ བྷཱུཪྤ་ཏི། དྷཱུཿཔ་ཏི། དྷཱུཪྤུ་ཏྲཿ དྷཱུཿཔུ་ཏྲ། ཨེ་ཥ་དང་ས་ལས་ཕ་རོལ་གསལ་བྱེད་ལ་ དབྱི་བར་བྱའོ། །ཨེ་ཥ་དང་ས་སྟེ་དེ་དག་ནི་ཨེ་ཥ་དང་ས་དག་གོ། །ཨེ་ཥ་དང་ས་དག་ལས་ཕ་རོལ་ནི་ཨེ་ཥ་དང་ས་ལས་ཕ་རོལ་ལོ། །ཨེ་ཥ་དང་ས་ཞེས་པ་འདི་དག་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་གསལ་བྱེད་ཕ་རོལ་ལ་དབྱི་བ་བྱ་བར་འགྱུར་རོ། །རྣམ་པར་གཅད་བྱ་ཙའམ་ཚ་ལ་ཤའོ་ཞེས་ པ་ལ་སོགས་པའི་སྐབས་ཀྱི་ཤ་ལ་སོགས་པར་བསྒྱུར་བ་ཐོབ་པ་ལའོ། །ཨེ་ཥ་ཙ་ར་ཏི། ས་ཙ་ར་ཏི། ཨེ་ཥ་ད་དཱ་ཏི། ས་ད་དཱ་ཏི། ཨེ་ཥ་དང་ས་དག་ལས་ཞེས་བརྗོད་པར་བྱ་བ་ཕ་རོལ་སྨོས་པ་ནི། ཀའི་རྐྱེན་བྱས་པ་དང་། ན་ཉའི་ཚིག་སྡུད་ལ་དབྱི་བ་ལྡོག་པའི་དོན་དུའོ། །དེས་ན། ཨེ་ཥ་ཀོ་ད་དཱ་ ཏི། ས་ཀོ་ད་དཱ་ཏི། མི་ཟད་པ་དང་སརྦ་ནཱ་མིན་ལས་ཞེས་པས་འདི་ལ་ཀའི་རྐྱེན་ནོ། །ཨ་ནེ་ཥོ་ག་ཏཿ ཨ་སོ་ད་དཱ་ཏི། ཨ་ནེ་ཥོ་ད་དཱ་ཏི། འོ་ན་ཨེ་ཥ་དང་ས་དག་ལས་ཕ་རོལ་གྱི་བྱ་བ་བཤད་པ་གང་ཡིན་པ་དེ་ཨེ་ཥ་ཀ་དང་ཀ་ས་དག་ལས་ཕ་རོལ་ལ་ཅི་ལྟར་འགྱུར་ཞེ་ན། བདེན་ཏེ། དེའི་ དབུས་སུ་ལྷུང་བ་ནི་དེ་སྨོས་པས་གཟུང་བར་བྱའོ་ཞེས་པའི་ཚིག་ལས་འཐོབ་པོ། །ཨེ་ཥ་དང་ས་དག་དོན་དང་ལྡན་པ་གཟུང་བར་བྱ་སྟེ། དོན་དང་ལྡན་པ་འཛིན་པ་ན་དོན་མེད་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ། །དེས་ན་འདིར་མི་འགྱུར་རོ། །མེ་ཥོ་ག་ཏཿ དཱ་སཿ བ་ཏ་ཏི། ཨེ་ཥའི་ སྒྲ་ནི་སརྦ་ནཱ་མིང་དུ་གཟུང་བར་བྱ་སྟེ། སའི་སྒྲ་མིང་ཐམས་ཅད་པ་དང་ལྷན་ཅིག་སྤྱོད་པ་ལས་སོ། །དེས་ན་འདིར་མི་འདོད་དེ། སཾ་པྲོ་བོ་བརྟྟཱ་ཏ། ཨི་ཥུ་འདོད་པ་ལའོ། །སཾ་སྔ་མ་ལའོ། །ཡང་དག་པར་བསྐུལ་བའོ་ཞེས་པས་གྷཉའོ། །ཡོན་ཏན་ནོ། །གསལ་བྱེད་ལས་ཞེས་པ་ཅི་ 195-1-86b ཞེ་ན། ཨེ་ཥོ྅ཏྲ། སོ྅ཏྲི། རྣམ་པར་གཅད་བྱ་ཕྱིས་པ་ལ་སླར་མཚམས་སྦྱོར་བ་མ་ཡིན་ནོ། །རྣམ་པར་གཅད་བྱ་ཕྱིས་པར་གྱུར་ན་མཚམས་སྦྱོར་དུ་མི་འགྱུར་ཏེ། མཚུངས་པ་རིང་པོ་ལ་སོགས་པའི་བྱ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །རུ་དྲ་ཨཱ་ཧ། རུ་དྲ་ཨི་ཧ། བྷོ་ཨི་དམྲ། སླར་སྨོས་པ་ནི་འགའ་ཞིག་མཚམས་སྦྱོར་བཀག་པ་མི་རྟག་པའི་དོན་དུའོ། །དེས་ན། སེ་ཥ་ད་ཤཱ་ར་ཋི་རཱ་མཿ། སེེ་ཥ་རཱ་ཛ་ཡུ་དྷིཥྛི་རཿཞེས་པ་ལ་སོགས་པ་གྲུབ་པོ། །རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོའོ། །རེ་ཕ་ནི་རེ་ཕ་ཕ་རོལ་ལ་དབྱི་བ་འཐོབ་སྟེ། དབྱངས་སྔ་མའང་ རིང་པོར་འགྱུར་རོ། །ཨགྒཱི་རཀྵ་ཏི། ཨི་དཱུཾ་ར་མ་ཏི། འདིར་ཅིའི་ཕྱིར་སྔ་མ་རིང་པོར་མི་འགྱུར་ཏེ། ཨཱུཙྩཻ་ར་མ་ཏེ། གཽ་ར་མ་ཏེ་ཞེས་པ་ལས་རྐན་ལས་བྱུང་བ་དང་མཆུ་ལས་བྱུང་བའི་ཨཻ་ཡིག་དང་ཨུ་ཡིག་དག་གི་གནས་སུ་དེ་འདྲ་ཉིད་དེ། ཨཱིཏ་ཨཱུཏ་དག་ཏུ་འགྱུར་རོ་ཞེ་ན། བདེན་མོད། མཚམས་སྦྱོར་གྱི་ཡི་གེ་རྣམས་དང་རྟག་ཏུ་རིང་པོ་ཉིད་ཀྱི་ཕྱིར་རིང་པོར་མི་འགྱུར་རོ། །དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར་རོ། །ལན་གཉིས་དག་ནི་གཉིས་ཏེ། དེས་ན་གཉིས་གཉིས་སུ་འགྱུར་ཞེས་པ་དེའི་སྐྱེས་བུའོ། །དབྱངས་ལས་ཕ་རོལ་གྱི་ཚ་ཡིག་ནི་གཉིས་སུ་འགྱུར་ བ་སྟེ། གཉིས་ཉིད་ཐོབ་བོ། །དེ་ཝཙྪ་ཡ། རིང་པོ་ལས་ཚིག་མཐའ་ལ་ཡང་ན་འདོད་དེ། དེ་ཝཱིཙྪཱ་ཡཱ། དེ་ཝཱི་ཚཱ་ཡཱ། ཚིག་མཐའ་ལས་ཞེས་པ་ཅི་ཞེ་ན། ཧྲིཙྪ་ཏི། ཨཱང་ལས་ཕ་རོལ་ནི་རྟག་ཏུ་འདོད་དེ། ཨཱཙྪ་ད་ཡ་ཏི། དབྱངས་ལས་ཞེས་བརྗོད་པར་བྱ་བ་ལ་ཕ་རོལ་སྨོས་པ་ ནི་དབྱངས་ལས་ཕ་རོལ་གྱི་གསལ་བྱེད་ནི་གསལ་བྱེད་ཕ་རོལ་ལ་མཚན་ཉིད་ཀྱི་རྗེས་སུ་འབྲང་བས་གཉིས་སུ་འགྱུར་བའི་དོན་དུའོ། །དེས་ན། ཙཀྐྲཾ། དདྦྷྱ་ཏྲ། མབྷྱཱ་ཏྲ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མཚམས་སྦྱོར་ལྔ་པ་རྫོགས་སོ།། །།ཙ་ཝཱ་ ཧཱ་ཨ་ཧ་ཨེ་ཝ་ནོ་ཧཾ་ཧོ་ཨུ་ཏ་ཧོ་ཧོ་ཨ་ཧོ་ཨ་ཏོ་ནི་པ་ཏཱ་དང་མི་ཟད་པའོ། །ཙ་དང་། ཝཱ་དང་། ཧ་དང་། ཨ་ཧ་དང་། ཨེ་ཝ་དང་། ནོ་དང་། ཧཾ་ཧོ་དང་། ཨུ་ཏཱ་ཧོ་དང་། ཧོ་དང་། ཨ་ཧོ་དང་། ཨ་ཐོ་ཞེས་པ་སོ་སོར་དང་པོའི་གཅིག་ཚིག་ཕྱིས་པ་ཙ་ལ་སོགས་པ་འདི་རྣམས་ནི་པཱ་ཏའི་མིང་ཅན་ 195-1-87a དུ་འགྱུར་ཏེ། མི་ཟད་པའི་མིང་ཅནའང་ངོ་། །མིང་དེ་དག་གང་དུ་དགོས་ཤེ་ན། ཨོཏ་མཐའ་ནི་པཱ་ཏ་རྣམས་དང་། ཨ་ཨི་ཨུ་ཨཱ་རྣམས་དབྱངས་ལ་རང་བཞིན་གྱིས་སོ་ཞེས་པ་དང་། མི་ཟད་པ་ལས་ཀྱང་ངོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ནོ་ ཨ་ཏྲ། ཨ་ཧོ་ཨཤྩཪྻཾ། ཨ་ཨ་པེ་ཧི། ཨི་ཨིནྡྲཾ་པ་ཤྱ། ཨུ་ཨུཏྟིཥྛ། ཨཱ་ཨེ་ཝཾ་ནུ་མ་ནྱ་སེ། ཨོད་མཐའ་རྣམས་ཞེས་པ་ཅི་ཞེ་ན། བྲཧྨཎཤྩེ་ཏི། ལྗི་བའི་མིང་གི་བྱེད་པ་ལ་ཙ་སོགས་རྣམས་ཀྱི་བསྡུ་བའི་དོན་གཙོ་བོ་ལ་མིང་འདི་འདོད་ཀྱི་དོན་ཙམ་གཙོ་བོ་ལ་ནི་མ་ཡིན་ནོ། །དེས་ན་གནས་མ་ ཡིན་པ་ལ་ཙ་འདི་བཀླགས་པ་སྟེ་ཧི་གང་གི་ཕྱིར་དོན་ནོ་ཞེས་པ་ལ་སོགས་པ་ལ་ནི་མིང་མེད་དོ། །ཨནྟར། སྭར྄། པྲཱ་ཏར། པཱུ་ནར། ཨ་དྷར྄། ཨ་བྷི་ཨ་ཧར྄འོ། །ཚིག་བདུན་པོ་དང་པོའི་གཅིག་གི་ཚིག་ཕྱིས་པ་རྣམས་སོ། །ཨནྟར་དང་། སྭར་དང་། པྲ་ཏར་དང་། པུ་ནར་དང་། ཨ་དྷ་ར་དང་། ཨ་པི་དང་། ཨ་ཧར་ཏེ། འདི་རྣམས་ནི་མི་ཟད་པའི་མིང་ཅན་དུ་འགྱུར་རོ། །ནི་པཱ་ཏའི་མིང་གི་འབྲེལ་པར་བྱ་བ་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་རོ། །ཨ་པི་ནི་སྡུད་པ་ལའོ། །པྲ་པ་རཱ་ནི་ནིར་ཨུད་དུར་སཾ་བཾ་ཨ་པ་ཨ་ནུ་པ་རི་ཨ་བྷི་ཨ་དྷི་པྲ་ཏི་སུ་ཨཱང་ཨ་ཏི་ཨ་པ་ཨ་ པི་ཨུ་པ་ཉེར་བསྒྱུར་རྣམས་སོ། །ཨུ་པ་ཞེས་པ་འདིའི་མཐར་ཛས་ཕྱིས་པའི་ཚིག་གོ། །པྲ་དང་པ་རཱ་དང་ནི་དང་ནིར་དང་ཨུད་དང་དུར྄་དང་སཾ་དང་བི་དང་ཨ་བ་དང་ཨ་ནུ་དང་པ་རི་དང་ཨ་བྷི་དང་ཨ་དྷི་དང་པྲ་ཏི་དང་སུ་དང་ཨཱང་དང་ཨ་ཏི་དང་ཨ་བ་དང་ཨ་བི་དང་ཨུ་པ་ཞེས་པ་འདི་རྣམས་ཉེར་ བསྒྱུར་གྱི་མིང་ཅན་དུ་འགྱུར་ཞིང་མི་ཟད་པའི་མིང་ཡང་ངོ་། །འོ་ན་ཉེར་བསྒྱུར་གྱི་མིང་གིས་མི་ཟད་པ་མིང་ལ་འབྲེལ་ལམ་ཞེ་ན། བདེན་ཏེ་མདོ་སྔ་མ་ལ་སའང་རྗེས་སུ་འཇུག་སྟེ། དེས་ན་མི་ཟད་པའི་མིང་ཅན་དུའང་འགྱུར་རོ། །ཉེར་བསྒྱུར་གྱི་མིང་གི་གང་དུ་དགོས་ཤེ་ན། ཉེར་བསྒྱུར་ལ་རུ་ ལས་སོ་ཞེས་པ་ལ་སོགས་པ་རྣམས་སུའོ། །སཾ་རཱ་ཝཿ རུ་སྒྲ་ལའོ། །སཾ་སྔ་མའོ། །ཡང་དག་པར་སྒྲོགས་པའོ་ཞེས་པས་ཉེར་བསྒྱུར་ལ་རུ་ལས་སོ་ཞེས་གྷཉའོ། །ཨུ་པ་དྷཱའི་ཨ་ཞེས་པས་འཕེལ་བའོ། །ཨ་ནུ་དང་པོ་ཅན་རྣམས་ལས་རབ་ཏུ་བརྗོད་པར་བྱ་བ་རྣམས་སོ། །དང་པོར་ 195-1-87b ཡོད་པ་ནི་དང་པོའོ། །གང་རྣམས་ཀྱི་དང་པོ་ཨ་ནུ་ཡིན་པ་དེ་རྣམས་ནི་ཨ་ནུ་ལ་སོགས་པ་རྣམས་སོ། །ཨ་ནུ་ལ་སོགས་པ་ཉེར་བསྒྱུར་བཅུ་གཅིག་གང་སྔར་བརྗོད་པ་དེ་རྣམས་ནི། ལས་རབ་ཏུ་བརྗོད་པར་བྱ་བའི་མིང་ཅན་དུ་འགྱུར་རོ། །ལས་རབ་ཏུ་བརྗོད་པར་བྱ་བའི་མིང་གིས་གང་དུ་དགོས་ཤེ་ན། ལས་ རབ་ཏུ་བརྗོད་པ་རྣམས་ཀྱིས་ཀྱང་ངོ་ཞེས་པ་འདི་འདོར་རོ། །བྲྀཀྵཾ་བྲྀཀྵ་མ་ནུ་སི་ཙ་ཏི། ཕ་རོལ་གྱི་བྱ་བ་ལ་དང་པོ་རྣམ་པར་འགྱུར་བའོ། །ཕ་རོལ་གྱི་བྱ་བ་ལ་ནི་དང་པོའི་ཡི་གེ་རྣམ་པར་འགྱུར་བ་ཡིན་ཏེ། དེའི་བསྒྱུར་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཨཱ་སཱི་ནཱ། ཨས་ཉེ་བར་སྡོད་པ་ལའོ། །ད་ལྟར་བ་ལ་ ཤནྟྲིང་ཞེས་པ་ཨཱ་ན་ཤའོ། །ཨན་བི་ཀ་ར་ཎ་སྟེ་ཨད་སོགས་ལས་འཇིག་གོ། །ཨཱས་ལས་དེའི་ཨཱིའོ་ཞེས་པས་ཨཱན་ཤའི་དང་པོ་ཨཱི་ཡིག་ཏུ་བསྒྱུར་བའོ། །སྔ་མའི་བྱ་བ་ལ་མཐའ་ན་ཡོད་པ་འདོད་དོ། །མཐའ་ན་ཡོད་པ་ནི་མཐར་ཡོད་དོ། །སྔ་མའི་བྱ་བ་བྱེད་པ་ལ་མཐའ་ན་ཡོད་པའི་ཡི་གེ་ རྣམ་པར་འགྱུར་བར་འདོད་དེ། ཏྱད་ལ་སོགས་པའི་མཐའི་ད་ཡིག་གི་བསྒྱུར་བར་འགྱུར་རོ་ཞེས་པའི་དོན་ཏོ། །སཿ། ཡཿ། ཏྱད་ལ་སོགས་པ་རྣམས་ཀྱི་རྣམ་དབྱེ་ལ་ཞེས་པས་མཐའི་ཨ་ཡིག་གོ། །ཁ་ཅིག་ཏུ་སྔ་མ་དང་ཕ་རོལ་དག་ཐམས་ཅད་དོ། །སྔ་མ་དང་ཕྱི་མ་ཐམས་ཅད་དག་ཁ་ ཅིག་ཏུ་རྣམ་འགྱུར་དུ་འགྱུར་གྱི་ཐམས་ཅད་དུ་མ་ཡིན་ནོ། །ཁ་ཅིག་ཏུ་སྔ་མ་ཐམས་ཅད་རྣམ་པར་འགྱུར་བ་ནི། ཨི་ཏ་ཨི་ཧ། དེ་ལ་ཨི་དམ་ཨིའོ་ཞེས་པས་ཨི་དམ་ཐམས་ཅད་ཨི་ཉིད་དོ། །ཁ་ཅིག་ཏུ་ཕྱི་མ་ཐམས་ཅད་རྣམ་པར་འགྱུར་བ་ནི། ཨཥྚ་ཏིཥྛ་ཏི། ཨཥྚཽ་པ་ཤྱ། དེ་ལས་ཛས་ ཤས་དག་གི་ཨཽ་ཞེས་པས་ཛས་ཤས་ཐམས་ཅད་ཨཽ་ཉིད་དོ། །སྦྱོར་བ་སྒྲུབ་པ་ན་འབྲང་བར་བྱའོ། །སྦྱོར་བ་མདོའི་སྒྲུབ་པ་སྟེ། ངེས་པར་སྒྲུབ་པར་བྱེད་པ་གང་འདིར་མ་བརྗོད་པ་དེ་ནི་མཆོག་གི་སྦྱོར་བའི་རྗེས་སུ་འབྲང་བས་བསྟན་བཅོས་གཞན་ལ་འབྲང་བར་བྱ་སྟེ་རྗེས་སུ་འབྲང་བར་བྱའོ། ། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་ཞེས་པ་འདི་ཁོ་ནའི་སྤྲོས་པ་འདིའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ནཱི་པ་ཏའི་སྐབས་ཏེ་དྲུག་པ་རྫོགས་སོ།། །།མཚམས་སྦྱོར་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱིངས་དང་རྣམ་དབྱེ་བོར་བའི་ 195-1-88a དོན་དང་ལྡན་པ་རྟགས་སོ། །བྱིངས་རྣམས་དང་རྣམ་དབྱེ་རྣམས་ཏེ་དེ་རྣམས་ནི་བྱིངས་དང་རྣམ་དབྱེའོ། །བྲྀ་ཛི་ལས་ཙུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའོ། །ཡོན་ཏན་ནོ། །དོར་བར་བྱའོ་ཞེས་པས་དོར་བ་སྟེ་དབྱངས་དང་བྲྀ་ཏྲི་ག་མི་གྲ་ཧ་རྣམས་ཀྱི་ཨ་ལའོ། །ཀཱ་རི་ཏ་ དབྱིའོ། །དོན་དང་ལྡན་པ་གང་དུ་བྱིངས་དང་རྣམ་དབྱེ་དོར་བ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལ་དོན་ཡོད་པའོ་ཞེས་པ་དོན་དང་ལྡན་པ་སྟེ་འདི་ལ་ཡོད་པ་ཞེས་པས་ཝནྟུའོ། །རྫོགས་པ་དང་གསལ་བྱེད་དང་པོ་ལ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །སྒྲ་བརྗོད་པས་གང་རྟོགས་པར་བྱ་བ་དེ་ནི་འདིར་དོན་གྱི་ སྒྲས་བརྗོད་པར་བྱའོ། །དོན་དང་ལྡན་པ་དོན་དང་བཅས་པའི་སྒྲའི་ངོ་བོ་ནི་རྟགས་ཀྱི་མིང་ཅན་དུ་འགྱུར་ཏེ། བྱིངས་དང་རྣམ་དབྱེ་དང་བྲལ་བ་ཞེས་པའི་དོན་ཏོ། །རྟགས་ཀྱི་མིང་གང་དུ་དགོས་ཤེ་ན། རྟགས་མཐའི་ན་ཡིག་གིའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །རཱ་ཛཱ། བྱིངས་དང་རྣམ་དབྱེ་དོར་བ་ཅི་ ཞེ་ན། བྷཱཥྱ་ཏེ། ཀུ་ལེ། གལ་ཏེ་བྷཥ་རྟགས་ཀྱི་མིང་ཅན་དུ་འགྱུར་ན་ཧ་ཤཥ་ཚ་མཐའ་ཞེས་པས་ཌ་ཉིད་དུ་འགྱུར་རོ། །ཀུ་ལེ་ཞེས་པ་འདིར་དབྱངས་ཐུང་ངུ་ཞེས་པས་ཨེ་ཡིག་གི་ཐུང་ངུ་ཨི་ཡིག་ཏུ་འགྱུར་རོ། །དོན་དང་ལྡན་པ་ཞེས་པ་ཅི་ཞེ་ན། བྲྀཀྵཿཞེས་པ་འདི་ཆ་ཤས་དོན་མེད་པ་རྣམས་མིང་དུ་ མི་འགྱུར་རོ། །དེ་ལས་ཕྱི་མ་རྣམས་རྣམ་དབྱེའོ། །སི། ཨཽ། ཛས྄། ཨམ། ཨཽ། ཤས྄། ཊཱ། བྷྱཱམ྄། བྷིས྄། ངེ་། བྷྱཱམ། བྷྱས། ང་སི། བྷྱཱམ། བྷྱས། ངས྄། ཨོས྄། ཨཱམ྄། ངི་། ཨོས྄། སུཔ་རྣམས་སོ། །སི་ལ་སོགས་པ་རྣམས་ཟླས་དབྱེ་བའོ། །འདི་ནི་ཛས་ཕྱིས་པའང་ངོ་། །རྟགས་ དེ་ལས་ཕྱི་མའི་སི་ལ་སོགས་པ་རྣམས་རྣམ་དབྱེར་འགྱུར་རོ། །སི་ལ་སོགས་པ་འདི་རྣམས་ཀྱི་ནང་ནས། སི་ཨོ་ཛས྄་ཞེས་པ་དང་པོའོ། །ཨམ྄་ཨཽ་ཤས྄་ཞེས་པ་གཉིས་པའོ། །ཊཱ་བྷྱཱམ་བྷིས་ཞེས་པ་གསུམ་པའོ། །ངེ་བྷྱཱམ྄་བྷྱས྄་ཞེས་པ་བཞི་པའོ། །ང་སི་བྷྱཱམ྄་བྷྱས་ཞེས་པ་ལྔ་པའོ། །ང྄ས་ ཨོས྄་ཨཱམ྄་ཞེས་པ་དྲུག་པའོ། །ངི་ཨོས་སུཔ་ཅེས་པ་བདུན་པའོ། །སི་ལ་སོགས་པ་རྣམས་ཀྱི་དང་པོ་ལ་སོགས་པའི་མིང་ནི་སྔོན་གྱི་སློབ་དཔོན་གྱི་ཐ་སྙད་ལས་སོ། །བྲྀཀྵཱཿ། བྲྀཀཽ། བྲྀཀྵཱཿ བྲྀཀྵམ྄། བྲྀཀཽ། བྲྀཀྵན྄། བྲྀཀྵེ་ཎ། བྲྀཀྵ་བྷྱཱམ྄། བྲྀཀྵཻཿ། བྲྀཀྵཱ་ཡ། བྲྀཀྵཱ་བྷྱཱ་མ྄། བྲྀཀྵེ་བྷྱཿབྲྀཀྵཱཏ། 195-1-88b བྲྀཀྵ་བྷྱཱམ། བྲྀཀྵེ་བྷྱཿ། བྲྀཀྵ་སྱ། བྲྀཀྵ་ཡོཿ བྲྀཀྵཱ་ཎཱཾ། བྲྀཀྵེ། བྲྀཀྵ་ཡོཿཱ བྲྀཀྵེ་ཥུ། དེ་ལས་སྨོས་པ་ནི་འདི་ནས་རྟགས་ཀྱི་དབང་དུ་བྱས་པའི་དོན་དུའོ། །རྐྱེན་ཕྱི་མའོ་ཞེས་པས་ཕྱི་མ་ཉིད་ཐོབ་པ་ལ་ཕྱི་མ་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །ཏི་ལ་སོགས་པ་དང་འདྲ་བར་སི་ལ་སོགས་པ་ རྣམས་ལ་རྣམ་དབྱེའི་ཐ་སྙད་གྲུབ་ནའང་། རྣམ་དབྱེ་སྨོས་པ་ནི་ཨ་ཡིག་རིང་པོ་ཞེས་པ་ལ་སོགས་པ་ལ་ཉེ་བར་མཁོ་བའི་དོན་དུའོ། །དང་པོ་ལྔ་གྷུ་ཊའོ། །སི་ལ་སོགས་པ་རྣམས་རྗེས་སུ་འཇུག་གོ། །སི་ལ་སོགས་པ་རྣམས་ཀྱི་དང་པོ་རྐྱེན་ལྔ་གང་ཡིན་པ་དེ་རྣམས་གྷུ་ཊའི་མིང་ཅན་དུ་འགྱུར་རོ། །སི་ཨཽ་ ཛས྄་ཨམ྄་ཨཽ། གྷུཊའི་མིང་གོང་དུ་དགོས་ཤེ་ན། གྷུ་ཊ་ལའང་སཾ་བུདྡྷཱི་མིན་པ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །རཱ་ཛཱ། རཱ་ཛཱ་ནཽ། རཱ་ཛཱ་ནཱཿ། རཱ་ཛཱ་ནཾ། རཱ་ཛཱ་ནཽ། ལྔ་རྣམས་ཞེས་པ་ཅི་ཞེ་ན། རཱ་ཛྙཱཿཔ་ཤྱ་ཤས་སོ། །བ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པས་ཨ་ཡིག་དབྱིའོ། ། ཅི་སྟེ་རྣམ་དབྱེ་ལྔ་རྣམས་ཀྱི་མིང་དུ་ཅིའི་ཕྱིར་མི་འགྱུར་ཏེ། ས་ཁི་ཊཱ་སོགས་ལས་ཨགྣི་མ་ཡིན་ནོ་ཞེས་པའི་མདོ་བརྩམས་པ་ལས་སོ། །རྣམ་དབྱེ་རྣམས་ཀྱི་མིང་ཡིན་པར་གྱུར་ན་ས་ཁིའི་སྒྲའི་ཊཱ་དང་དེ་དག་ཕ་རོལ་ལ་ཨེ་ཉིད་དུ་བྱས་པ་ན་ཨགྣིའི་མིང་ཅན་གྱི་བྱ་བ་མེད་པར་མི་འགྱུར་བའི་ཕྱིར་ དགག་པ་འབྲས་བུ་མེད་པར་འགྱུར་རོ། །མ་ནིང་ལ་ཛས྄་ཤས་དག་གོ། །ཛས྄་ཤས་ཞེས་པ་འདི་དག་མ་ནིང་གི་ཡུལ་ལ་གྷུཊའི་མིང་ཅན་དུ་འགྱུར་རོ། །སཱ་མཱན་པ་ཐནྟི། སཱ་མཱ་ནི་པ་ཤྱ། ཛས྄་ལ་མིང་གྲུབ་ཀྱང་སླར་ཡང་ཉེ་བར་ལེན་པ་ནི་ངེས་པའི་དོན་དུའོ། །དེས་ན་མ་ནིང་ལ་ཛས྄་ཤས྄་ དག་གྷུཊའི་མིང་ཅན་ཏེ་གཞན་ལ་མ་ཡིན་ནོ། །སཱ་མ་ནཱི། བེ་མ་ནཱི། བོད་པ་ལ་སི་སམྦུ་དྡྷིའོ། །འབོད་པར་བྱེད་པ་ནི་བོད་པ་སྟེ། བོད་པའི་དོན་ལ་སི་གང་ཡིན་པ་དེ་སཾ་བུདྡྷིའི་མིང་ཅན་དུ་འགྱུར་རོ། །སམྦུ་དྡྷིའི་མིང་གང་དུ་དགོས་ཤེ་ན། སམྦུ་དྡྷི་ལའང་ངོ་ཞེས་པ་ལ་སོགས་པ་རྣམས་ སུའོ། །ཧེ་གཾ་གེ །བོད་པ་ལ་ཞེས་པ་ཅི་ཞེ་ན། གཾ་གཱ། ཨཱ་ག་མ་ཨུད་རྗེས་སུ་འབྲེལ་པ་དབྱངས་མཐའ་ལས་ཕ་རོལ་དུའོ། །ཨཱ་ག་མ་གང་མ་ཨད་རྗེས་སུ་འབྲེལ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ནི་སྤྱིར་བཏང་བ་སྟེ་ངེས་པ་མེད་པ་མ་ངེས་པ་ནི་སྤྱིར་བཏང་བའོ། །ཨུ་ཡིག་རྗེས་ 195-1-89a སུ་འབྲེལ་པའི་ཨཱ་ག་མ་རྟགས་ཀྱི་དབྱངས་ཀྱི་མཐའ་ལས་ཕ་རོལ་དུ་འགྱུར་རོ་ཞེས་ཡོངས་སུ་བཤད་པར་བྱའོ། །སི་ལ་ནུའོ། །ཨ་ན་ཌྭཱན། གསུམ་པ་ལ་སོགས་པ་ནི་ཕྱི་མའི་དང་པོར་རོ། །རྣམ་དབྱེའི་ཚོགས་གང་གི་དང་པོ་གསུམ་པ་ཡིན་པ་ཞེས་ཚིག་ རྣམ་པར་སྦྱར་རོ། །ཕྱི་མའི་ཐོག་མ་ནི་ཕྱི་མའི་དང་པོའོ། །གསུམ་པ་ལ་སོགས་པའི་རྣམ་དབྱེའི་ཚོགས་ཡོད་ན་ཨཱ་ག་མ་ཨུད་རྗེས་སུ་འབྲེལ་པ་ཕྱི་མའི་རྐྱེན་གྱི་དང་པོར་འགྱུར་ཞིང་ཕྱི་མའི་ཆ་ཤས་སུ་འགྱུར་རོ། །དེའི་ནང་དུ་ལྷུང་བ་ནི་དེ་སྨོས་པས་གཟུང་བར་བྱའོ་ཞེས་པའི་དོན་ཏོ། ། སྔ་མས་རྟགས་ཀྱི་ཆ་ཤས་ཉིད་ཐོབ་པ་ལ་འདིས་རྐྱེན་གྱི་ཆ་ཤས་ཉིད་དུ་ངེས་པར་བྱའོ། །ཐམས་ཅད་ལས་ཨཱམ྄་ལ་སུའོ། །སརྦེ་ཥཱམ྄། སརྦ་སཱས྄། སུ་ཨཱ་ག་མ་ཕ་རོལ་གྱི་དང་པོ་ཉིད་ཡིན་ན་དྷུ་ཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དུ་གྲུབ་བོ། །ཨིཏ྄་ཨུཏ྄་ཨགྣིའོ། །ཡི་གེ་ སྨོས་པ་ན་དེའི་མཐའི་སྒྲུབ་པའོ། །གང་དུ་དགོས་ཤེ་ན། ཨིཏ་ཨུཏ་ཅེས་པས་ཨི་ཡིག་དང་ཨུ་ཡིག་དག་གིས་ཨི་ཡིག་དང་ཨུ་ཡིག་མཐའ་ཅན་དག་གཟུང་བར་བྱ་སྟེ། ཨི་ཡིག་མཐའ་ཅན་དང་ཨུ་ཡིག་མཐའ་ཅན་ནི་ཨགྣིའི་མིང་ཅན་དུ་འགྱུར་རོ། །ཨགྣིའི་མིང་གང་དུ་ དགོས་ཤེ་ན། ཨགྣི་ལས་ཨ་མའི་ཨ་ཡིག་གོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨགྣིམ྄། པ་ཊུམ྄། ཏ་ཕ་རོལ་དུ་བྱེད་པ་ནི་ཐེ་ཚོམ་མེད་པའི་དོན་དུའོ། །ཨཱིཏ་ཨཱུཏ྄་བུད་མེད་བརྗོད་པ་དག་ན་དཱིའོ། །ཨཱིཏ་ཨཱུཏ་ཅེས་པ་དང་པོའི་གཉིས་ཀྱི་ཚིག་ཕྱིས་པའོ། །བུད་མེད་འཆད་པ་ནི་ བུད་མེད་བརྗོད་པའོ། །ཙཀྵིང྄་ལས་སྟྲི་དང་ཨཱང་ཞེས་པ་དེ་དག་སྔོན་དུའོ། །ཙཀྵིང྄འི་ཁྱཱཉ྄འོ་ཞེས་པས་ཁྱཱཉ་རུ་བསྒྱུར་རོ། །མཱུ་ལ་བི་བྷུ་ཛི་ལ་སོགས་པ་རྣམས་ལས་ཀྱང་ངོ་ཞེས་པས་ཀའི་རྐྱེན་ནོ། །བྱིངས་ཐམས་ཅད་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །ཨཱི་ཡིག་ དང་ཨཱུ་ཡིག་མཐའ་ཅན་གྱི་སྒྲ་བུད་མེད་བརྗོད་པ་སྟེ་བུད་མེད་འཆད་པར་བྱེད་པ་དག་ན་དཱིའི་མིང་ཅན་དུ་འགྱུར་རོ། །ན་དཱིའི་མིང་གིས་གང་དུ་དགོས་ཤེ་ན། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱམ྄འོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ན་དྱཻ། ནདྷྭཻ། ཨིཏ྄་ཨཱུཏ྄་ཅེས་པ་ཅི་ཞེ་ན། མ་ཏྲེ། 195-1-89b བུད་མེད་ལ་ཞེས་བརྗོད་པར་བྱ་བ་ལ་བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཡིན་པ་ཅིག་ན་དཱིའི་མིང་ཅན་གྱི་དོན་ནོ། །དེས་ན་འདིར་མི་འགྱུར་ཏེ། གྲཱ་མ་ཎྱེ་སྟྲི་ཡ། ཡཱ་བ་དྭེ་སྟྲི་ཡེ། གྲཱ་མ་ཎཱི་དང་། ཡ་བ་ལཱའི་སྒྲ་འདི་དག་རྟག་ཏུ་བུད་མེད་ཀྱི་ཡུལ་ཅན་མ་ཡིན་ཏེ་སྐྱེས་པ་ལ་ཡང་འཇུག་པ་ ཉིད་ཀྱི་ཕྱིར་རོ། །ཨཱི་ཡ྄་ཨུ་ཝ྄འི་གནས་སུ་གྱུར་པའི་བུད་མེད་བརྗོད་པ་ནི་ན་དཱིའི་མིང་ཅན་དུ་མི་འདོད་དེ་སྟྲིའི་སྒྲ་མ་གཏོགས་པའོ། །ཧེ་ཤྲཱིཿ། ཧེ་བྷྲཱུཿ། སཾ་བུདྡྷི་ལ་ཐུང་ངུ་དང་དབྱི་བ་དག་མི་འགྱུར་རོ། །ཐུང་ངུ་ན་དཱི་ཤྲདྡྷ་རྣམས་ལས་སི་དབྱིའོ་ཞེས་པས་སྟྲིའི་སྒྲའི་ཧེ་སྟྲི་ཞེས་པ་འདི་ལྟར་འགྱུར་ རོ། །ཨཱ་ཤྲདྡྷཱའོ། །ཨ་ཡིག་གི་མཐའ་ཅན་བུད་མེད་བརྗོད་པ་ནི་ཤྲདྡྷཱའི་མིང་ཅན་དུ་འགྱུར་རོ། །ཤྲདྡྷཱའི་མིང་གང་དུ་དགོས་ཤེ་ན། ཤྲདྡྷཱ་ལས་སི་དབྱིའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །གཾ་གཱ། ཨཱ་ཞེས་པ་ཅི་ཞེ་ན། མ་ཏིཿ བུད་མེད་བརྗོད་པ་ཞེས་པ་ཅི་ཞེ་ན། ཀཱི་ལཱ་ལི་པཿ མ་ནི་ཀྭ་ནིཔ྄་ཝ་ནིཔ྄་རྣམས་ཀྱང་ངོ་ཞེས་པ་ཀྱང་གི་སྒྲ་ལས་ཝིཊའོ། །མཐའ་ལས་སྔ་མ་ཨུ་པ་དྷཱའོ། །མཐའི་ཡི་གེ་ལས་སྔ་མ་གང་ཡིན་པ་དེ་ཨུ་པ་དྷཱའི་མིང་ཅན་དུ་འགྱུར་རོ། །ཨུ་པ་དྷཱའི་མིང་གང་དུ་དགོས་ཤེ་ན། ན་མཐའི་ཡང་ཨུ་པ་དྷཱའིའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །པཉྩ་ནཱཾ། སཔྟཱ་ནཱཾ། གསལ་བྱེད་ལས་ན་ཨ་ནུ་ཥཾ་གའོ། །མཐའ་ལས་སྔ་མ་ཞེས་པ་འཇུག་གོ། །མཐའི་གསལ་བྱེད་ལས་ན་ཡིག་སྔ་མ་གང་ཡིན་པ་དེ་ཨ་ནུ་ཥཾ་གའི་མིང་ཅན་དུ་འགྱུར་རོ། །ཨ་ནུ་ཥཾ་གའི་མིང་གང་དུ་དགོས་ན། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏྲ་མ་ཡིན་པའིའོ་ཞེས་པ་ལ་ སོགས་པ་རྣམས་སུའོ། །བི་དུ་ཥཿ། མ་ཧ་ཏཿ། གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་ཝནྶའི་ཝ་སྒྲའི་ཨུ་ཉིད་དོ། །ན་ཞེས་པ་ཅི་ཞེ་ན། ཨཱུརྒྦྷྱཱམ། ཨཱུརྫི་ལས་ཙུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའོ། །ཨཱུརྫ་ནམ྄་ཞེས་པས་ཀྭིཔའོ། །ཀི་རི་ཏ་དབྱིའོ། །མིང་ ལྗི་བའི་བྱེད་པ་ལས་ཨ་ནུ་ཥཾ་གའི་མིང་གི་རྒྱུ་མཚན་ཅན་གྱི་དབྱི་བ་ནི་ཆེས་སྟོབས་དང་ལྡན་པ་ཉིད་ཀྱི་དོན་ཏོ། །དེས་ན་བྷ་ཝདྦྷྱཱཾ། དོན་དང་ལྡན་པ་ཞེས་པ་ལ་སོགས་པ་ལ་བརྩེགས་པའི་མཐའ་དབྱི་བ་བཀག་ནས་ཨ་ནུ་ཥཾ་ག་དབྱི་བ་གྲུབ་པོ། །མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་ 195-1-90a པའི་གསལ་བྱེད་དྷུཊ྄འོ། །མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པ་ནི་མཐར་གནས་དང་རྗེས་སུ་སྣ་ལྡན་མེད་པའོ། །གསལ་བྱེད་ནི་དྷུཊའི་མིང་ཅན་དུ་འགྱུར་ཏེ། མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པ་སྟེ་མཐར་གནས་དང་རྗེས་སུ་སྣ་ལྡན་མ་གཏོགས་ པའོ། །ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ། ཤ་ཥ་ས་ཧའོ། །དྷུཊའི་མིང་གིས་གང་དུ་དགོས་ཤེ་ན། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །བིདྷྱུད་བྷྱཱཾ། མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཙ་ཏྭཱ་རི། ས་མཱ་ནཱི། དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཡིག་ཨཱ་ག་མར་འགྱུར་རོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཨ་ཡིག་མཐའ་ཅན་གྱི་རྟགས་སྒྲ་ལྡན་དང་པོ་ཅན་གྱི་རྣམ་དབྱེ་ཕ་རོལ་ལ་རིང་པོར་འཐོབ་བོ། །གང་ལ་སྒྲུབ་པ་ཡིན་པ་དེ་དང་པོ་ལ་དེའི་བྱ་བའོ་ཞེས་བརྗོད་པ་ལས་སྒྲ་ལྡན་ལ་ཞེས་ པ་འདིས་སྒྲ་ལྡན་དང་པོ་ཅན་གཟུང་བར་བྱའོ། །བྲྀཀྵཱ་བྷྱཱཾ། དེ་ཝ་ཡ། ཨ་ཡིག་ཅེས་པ་ཅི་ཞེ་ན། ཨགྣཱི་བྷྱཱཾ། སྒྲ་ལྡན་ལ་ཞེས་པ་ཅི་ཞེ་ན། དེ་ཝ་སྱ། རྣམ་དབྱེ་ལ་ཞེས་པ་ཅི་ཞེ་ན། དེ་བ་ནཱན྄་དེ་འདིའི་ཡོད་པ་ཞེས་པས་ཝནྟུའོ། །ཛས྄་ལའོ། །ཨ་ཡིག་ཅེས་པ་འཇུག་སྟེ་གཞན་སརྦའི་མིང་ ཅན་མ་ཡིན་ནོ་ཞེས་པ་ལ་སོགས་པ་གོང་དུའོ། །ཨ་ཡིག་མཐའ་ཅན་གྱི་རྟགས་ཛས་ཕ་རོལ་ལ་རིང་པོར་འཐོབ་སྟེ། ཨ་ཡིག་ལ་དབྱིའོ་ཞེས་པས་དབྱི་བ་འགོག་པའོ། །དེ་བཱཿ ཨ་ཡིག་ཅེས་པ་ཅི་ཞེ་ན། ཨགྣ་ཡཿ། ཤས་ལ་སྟེ་སའི་འང་ནའོ། །ཨ་ཡིག་མཐའ་ཅན་གྱི་རྟགས་ ཤས་ཕ་རོལ་ལ་རིང་པོར་འཐོབ་སྟེ། ས་ཡིག་ནི་ན་ཉིད་དུ་འགྱུར་རོ། །དེ་ཝཱན། རྣམ་དབྱེ་སྨོས་པས་རྗེས་སུ་འཇུག་པའི་ཕྱིར་འདིར་མི་འགྱུར་ཏེ། ཆུང་ངུ་ཆུང་ངུ་སྟེར་རོ་ཞེས་པ། ཨལྤ་ཤོ་ད་དཱ་ཏི། ཨ་ཁྱཱ་ཏཱ་ལས་ཀྱང་ཏ་མ་སོགས་རྣམས་སོ་ཞེས་པས་ཤས྄འོ། །ཨ་ཡིག་ལ་དབྱིའོ། ། ཨ་ཡིག་གི་རྟགས་མཐའ་རྣམ་དབྱེ་དང་འབྲེལ་བ་ཅན་གྱི་ཨ་ཡིག་ཕ་རོལ་ལ་དབྱི་བར་འགྱུར་རོ། །དེ་ཝམ྄། རྣམ་དབྱེའི་རྒྱུ་མཚན་ཅན་གྱི་ཨ་ཡིག་ལ་ཨ་ཡིག་དབྱི་སྟེ། ཡཿཀ་རོ་ཏི་སཿཀརྟཿ། ཞེས་པའི་ཤེས་པར་བྱེད་པ་ལས་སོ། །རྣམ་དབྱེ་དང་འབྲེལ་པ་ཅན་ལ་ཞེས་པ་ཅི་ཞེ་ན། 195-1-90b དཎྜ་གྲཾ། བྷིས྄་ཨཻས྄་ཡང་ནའོ། །ཨ་ཡིག་ལ་ཞེས་པ་འདི་ལྔ་པའི་མཐའ་ཅན་འདིར་འབྲེལ་ཏེ། དོན་གྱི་དབང་ལས་རྣམ་དབྱེ་ཡོངས་སུ་འགྱུར་བའོ་ཞེས་པའི་ཚིག་ལས་སོ། །དེས་ན་ཨ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་བྷིས་ཨཻས་སུ་འགྱུར་རོ། །ཡང་ནའི་སྒྲ་ནི་སྣ་ཚོགས་ པ་ཉིད་ཀྱི་དོན་ནོ། །དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་ཐོབ་པ་ལའོ། །དེ་ཝཻཿ ཨཻས྄་ཞེས་བརྗོད་པར་བྱ་བ་ལ་ཨཻས྄་བརྗོད་པ་ནི་གསལ་བྱེད་མཐའ་ཅན་གྱི་དོན་དུ་སྟེ་དེས་ན་རྒ་བ་ལས་ཤིན་ཏུ་འདས་པ་ནི། ཨ་ཏི་ཛ་ར་སཻཿ དབྱངས་ཐུང་ངུ་ཞེས་པས་ཛ་རའི་སྒྲའི་ཐུང་ངུའོ། ། དེ་ནས། བྷིས྄་ཨཻས྄འོ། །ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་གཞན་མ་ཡིན་པ་དང་འདྲའོ་ཞེས་པའི་ཚིག་ལས་ཛ་རས་ཡང་ནའོ་ཞེས་པས་ཛ་རའི་སྒྲའི་ཛ་རས་སུ་བསྒྱུར་བའོ། །འོ་ན་འདིར་ངེས་པར་ལྷུང་བའི་མཚན་ཉིད་ཅན་གྱི་སྒྲུབ་པ་ནི་དེ་དང་འགལ་བའི་རྒྱུ་མཚན་མེད་པའོ་ཞེས་པའི་ ཚིག་ལས་ཇི་ལྟར་ཛ་རའི་སྒྲའི་ཛ་རས་སུ་བསྒྱུར་བར་འགྱུར་ཏེ། ཨ་ཡིག་གི་མཐའ་ཅན་ཉིད་ངེས་པར་ལྷུང་བ་སྟེ། བར་མ་ཆད་པས་སྒྲུབ་པ་གང་ཡིན་པ་ཨཻས་སུ་བསྒྱུར་བ་སྟེ། དེ་ཅི་ལྟར་ཨ་ཡིག་གི་མཐའ་ཅན་ཉིད་ཉམས་པར་འགྱུར། འདི་ལྟར། ཨ་ཏི་ཛ་རིཿ། ཞེས་པ་འགྱུར་དགོས་ ཤེ་ན། དེའི་ཚེ་ངེས་པར་ལྷུང་བའི་ཡོངས་སུ་བཤད་པ་རྟག་ཏུ་མ་ཡིན་པ་ཉིད་དུ་ཤེས་པའི་དོན་དུ་ཨཻས་བརྗོད་པ་འདིའོ། །དེས་ན། དཱཀྵི་ཀྵའི་བུ་སྟེ་སྐར་མ་ཞེས་པ་ལ་སོགས་པ་གྲུབ་པོ། །དྷུཊ་མང་པོ་ཉིད་ལ་ནི་ཨའོ། །མང་པོ་ཉིད་ལ་གནས་པའི་དྷུཊ་དང་པོ་ཅན་གྱི་རྐྱེན་ཏེ། དེ་ཕ་རོལ་ལ་ ཨ་ཡིག་མཐའ་ཅན་གྱི་རྟགས་ཨེ་ཉིད་དུ་འགྱུར་རོ། །དེ་ཝེ་བྷྱཿ། དེ་ཝེ་ཥུ། དྷུཊ་ལ་ཞེས་པ་ཅི་ཞེ་ན། དེ་ཝཱ་ནཱཾ། མང་པོ་ཉིད་ལ་ཞེས་པ་ཅི་ཞེ་ན། དེ་ཝ་སྱ་ཨོས་ལ་ཡང་ངོ་། །ཨ་ཡིག་མཐའ་ཅན་གྱི་རྟགས་ཨོ་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་རོ། །དེ་ཝ་ཡོཿ། ད་སི་ཨཱཏའོ། །ཨ་ ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་ང་སི་ཨཱཏ་རུ་བསྒྱུར་བར་འགྱུར་རོ། །དེ་ཝཱཏ། རིང་པོར་བརྗོད་པ་ནི། རྣམ་པ་སྣ་ཚོགས་པའི་དོན་ཏོ། །འོ་ན་ཨཱཏ་ཅེས་བྱས་ན་ཨ་ཡིག་ལ་དབྱིའོ་ཞེས་པས་དབྱི་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མི་འགྱུར་ཏེ་བསྒྱུར་བའི་ཨ་ཡིག་བརྗོད་པ་ནི་དོན་མེད་ 195-1-91a པར་ཐལ་བའི་ཕྱིར་རོ། །ངས྄་སྱའོ། །ཨ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་ངས་སྱ་རུ་བསྒྱུར་བ་འཐོབ་པོ། །དེ་ཝ་སྱ། ཊཱ་ཨི་ནའོ། །ཨ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་ཊཱའི་རྐྱེན་ཨ་ནར་བསྒྱུར་བར་འགྱུར་རོ། །དེ་ཝེ་ན། དེ་ནི་ཡའོ། ། ཨ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་དེའི་རྐྱེན་ཡ་ཡིག་ཏུ་འགྱུར་རོ། །དེ་ཝཱ་ཡ། དེ་ཞེས་པ་བདུན་པའི་གཅིག་གི་ཚིག་འཛིན་པ་མ་ཡིན་ཏེ། དྷུ་ཊི་བ་ཧུ་ཏྭེ་ཏྭེ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །སརྦ་ནཱ་མ་ལས་སྨཻའོ། །ཨ་ཡིག་མཐའ་ཅན་ཐམས་ཅད་པའི་མིང་ལས་ཕ་རོལ་ གྱི་དེའི་རྐྱེན་སྨཻ་རུ་བསྒྱུར་བར་འགྱུར་ཏེ། ཡ་ཉིད་འགོག་པའོ། །སརྦ་སྨཻ། བི་ཤྭ་སྨཻ། ཨ་མུཥྨཻ། ཨ་ཡིག་གི་མཐའ་ལས་ཞེས་པ་ཅི་ཞེ་ན། བྷ་བ་སྟེ།སརྦ་ལ་སོགས་པའི་མིང་དུ་གྱུར་པ་རྣམས་ནི་སརྦའི་མིང་ཅན་དུ་བཤད་པར་བྱ་བ་མ་ཡིན་ཏེ། དེས་ན་འདིར་མི་འགྱུར་རོ། །སརྦ་ཞེས་ པའི་བྲམ་ཟེ་ཞིག་སྟེ་དེའི་ཆེད་དུ། སརྦཱ་ཡ། གཙོ་བོ་མ་ཡིན་པའི་སརྦ་ལ་སོགས་པ་རྣམས་ལས་མི་འདོད་དེ། གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པར་བྱའོ་ཞེས་བརྗོད་པ་ལས་སོ། །དེས་ན་ཐམས་ཅད་ལས་འདས་པ་ནི་ཨ་ཏི་སརྦ་སྟེ། དེའི་ཆེད་དུ་ཨ་ཏི་སརྦ་ཡ། ཏི་ཡའི་རྐྱེན་གྱི་ མཐའ་ཅན་ལས་ཀྱང་སྨཻའི་བསྒྱུར་བ་ཡང་འདོད་དེ། དྭི་ཏཱི་ཡ་སྨཻ། དྭི་ཏཱི་ཡཱ་ཡ། ཏྲྀ་ཏི་ཡ་སྨཻ། ཏྲྀ་ཏི་ཡཱ་ཡ། སརྦ། བི་ཤྭ། ཨུ་བྷ། ཨུ་བྷ་ཡ། ཌ་ཏ་ར། ཌ་ཏ་མ། ཨ་ནྱ། ཨ་ནྱ་ཏ་ར་ཨི་ཏ་ར། ཀ་ཏ་ར། ཀ་ཏ་མ། ཏྭཏ྄། ཏྭ། ནེ་མ། ས་མ། སི་མ། ཏྱད། ཏད྄། ཡད྄། ཨེ་ཏད྄། ཨ་དས྄། ཨི་དམྲ། ཨེ་ཀ །དྭི། ཡུཥྨཏ། ཨསྨད། བྷ་བནྟ་། ཀིམ྄། པཱུརྦ། པ་ར། ཨ་བ་ར། དཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་དྷ་ར། སྭ། ཨནྟ་ར། སྭའི་སྒྲ་ནི་གཉེན་དང་ནོར་དག་ལ་ཐམས་ཅད་པའི་མིང་ཉིད་དུ་མི་འདོད་དེ། སྭཱ་ཡ་ཛྟཱ་ཏ་ཡེ། སྭཱ་ཡ་དྷ། ན་ཡ། གཉེན་དང་ནོར་ དག་ལ་ཞེས་པ་ཅི་ཞེ་ན། སྭ་སྨཻ། བདག་ཉིད་ཀྱི་ཆེད་དུའོ། །ཨནྟ་རའི་སྒྲ་ནི་ཕྱི་དང་སྦྱོར་བ་ཅན་ཁོ་ན་འདོད་དེ། ཨནྟ་ར་སྨཻ། ཙཎྜ་ལ་གྲྀ་ཧཱ་ཡ། ཕྱི་རོལ་ཞེས་པའི་དོན་ཏོ། །ང་སི་སྨཱཏ྄འོ། །ཐམས་ཅད་པའི་མིང་ཅན་ལས་ཞེས་པ་འཇུག་སྟེ། ཕྱོགས་རྣམས་ཀྱི་ཡང་ནའོ་ཞེས་པ་ཇི་ 195-1-91b སྲིད་པར་རོ། །ཨ་ཡིག་མཐའ་ཅན་གྱི་ཐམས་ཅད་པའི་མིང་ལས་ཕ་རོལ་ང་སི་སྨཱཏ྄་དུ་བསྒྱུར་བ་འཐོབ་པོ། །སརྦ་སྨཱཏ྄། ཡསྨཱཏ྄། ཨསྨཱཏ྄། ཨ་མུཥྨཏ྄། ཨ་ཡིག་མཐའ་ཅན་ལས་ཞེས་པ་ཅི་ཞེ་ན། བྷ་བ་ཏཿ། དི་ནི་སྨིནའོ། །ཨ་ཡིག་མཐའ་ཅན་ཐམས་ཅད་པའི་མིང་ཅན་ལས་ ཕ་རོལ་གྱི་ངི་སྨིན་དུ་བསྒྱུར་བ་འཐོབ་པོ། །སརྦ་སྨིན྄། ཀསྨིན྄། ཨེ་ཀསྨིན྄། ཨ་མུཥྨིན྄། ཨ་ཡིག་མཐའ་ལས་ཞེས་པ་ཅི་ཞེ་ན། བྷ་བ་ཏི། པཱུརྦ་སོགས་ལས་ཁྱད་པར་དུ་བཤད་པར་བྱ་བ་དག་གོ། །ཁྱད་པར་དུ་བཤད་པར་བྱ་བ་དག་ཅེས་པ་གཉིས་ཀྱི་ཚིག་གོ། །པུརྦ་ལ་སོགས་པའི་ ཚོགས་ལས་ང་སི་དང་ངི་དག་གི་སྨཱཏ྄་དང་སྨིན་དག་ཁྱད་པར་དུ་བཤད་པར་བྱ་བ་སྟེ་རྣམ་པར་བརྟག་པར་བརྗོད་པར་བྱ་སྟེ། རྟག་ཏུ་ཐོབ་པ་ལས་སོ། །པཱུརྦ་སྨཱ་ཏ྄། པཱུརྦཱཏ྄། པཱུརྦ་སྨིན྄། པཱུརྦེ། སྭ་སྨཱཏ྄། སྭཱཏ྄། སྭ་སྨིན྄། སྭེ། ཨནྟར྄་སྨཱཏ྄། ཨནྟ་རཱཏ྄། ཨནྟར྄་སྨིན྄། ཨནྟ་རེ། ཡང་ན་ཞེས་ བརྗོད་པར་བྱ་བ་ལ་ཁྱད་པར་དུ་བཤད་པར་བྱ་བ་དག་གོ་ཞེས་སྨོས་པ་ནི་བར་མ་ཆོད་པའི་བསྒྱུར་བ་ཁོ་ནའི་རྣམ་པར་བརྟག་པ་ངེས་པར་འཇུག་པའི་དོན་དུའོ། །བར་མ་ཆོད་པ་ཁོ་ནའི་རྣམ་པར་བརྟག་པར་གྱུར་པ་ན། བར་མ་ཆོད་པའི་སྒྲུབ་པ་ཡང་ན་འགྱུར་ཏེ། དགག་པ་ཡང་ནའོ་ཞེས་བརྗོད་པའི་ཕྱིར་རོ། ། པཱུརྦ། ཨ་ཝ་ར། ད་ཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་དྷ་ར། སྭ། ཨནྟ་ར། ཏཱི་ཡའི་རྐྱེན་གྱི་མཐའ་ལས་ཀྱང་ཡང་ན་འགྱུར་ཏེ། དྭི་ཏཱི་ཡཱ་སྨཱཏ། དྭི་ཏི་ཡཱཏ྄། དྭི་ཏཱི་ཡ་སྨིན྄། དྭི་ཏཱི་ཡེ། ཐམས་ཅད་ལས་ཨཱམ྄་ལ་སུའོ། །ཐམས་ཅད་ལ་སྟེ་ཐམས་ཅད་པའི་མིང་ཐམས་ཅད་ལས་ དང་ཨ་ཡིག་མཐའ་ཅན་ལས་ཀྱང་ཨཱམ་ཕྱི་མ་གང་ཡིན་པའི་ཨཱམ྄་དེ་ལ་སུ་ཨཱ་ག་མར་འགྱུར་ཏེ། ཨུ་ཡིག་ནི་གསུམ་པ་སོགས་ལ་ནི་ཕ་རོལ་གྱི་དང་པོར་ཞེས་པའི་དོན་ཏོ། །སརྦེ་ཥཱཾ། ཡེ་ཥཱཾ། ཀེ་ཥཱཾ། སརྦ་སཱཾ། ཡཱ་སཱཾ། ཀཱ་སཱཾ། ཐམས་ཅད་སྨོས་པས་ཨ་ཡིག་གི་མཐའ་ཅན་གྱི་ ཐམས་ཅད་པའི་མིང་གཟུང་བར་བྱའི་གཞན་མ་ཡིན་ཏེ་བཤད་པ་ལས་སོ། །སློབ་དཔོན་གྱི་མན་ངག་རྣམ་པར་མ་ཆད་པ་ནི་བཤད་པའོ། །ཛས་ཐམས་ཅད་ཨཱིའོ། །ཐམས་ཅད་ལས་ཞེས་པ་ལྡོག་གོ། །ཨ་ཡིག་མཐའི་ཐམས་ཅད་པའི་མིང་ལས་ཕ་རོལ་གྱི་ཛས྄་ཐམས་ཅད་ཨཱི་ཡིག་ཏུ་ 195-1-92a འགྱུར་རོ། །སརྦི། ཡེ། ཏེ། ཀེ། ཨ་ཡིག་མཐའ་ལས་ཞེས་པ་ཅི་ཞེ་ན། བྷ་ཝནྟཿ། རིང་པོར་བརྗོད་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨལྤ་སོགས་ལས་ཡང་ནའོ། །ཨལྤ་ལ་སོགས་པའི་ཚོགས་ལས་ཕ་རོལ་གྱི་ཛས྄་ཐམས་ཅད་ཨཱི་རུ་ཡང་ན་འཐོབ་པོ། ། ཨལྤེ། ཨལྤཱཿ། པྲ་ཐ་མེ། པྲ་ཐ་མཱཿ། ཨལྤ། པྲ་ཐ་མ། ཙ་ར་མ། ཡ་ཏ། ཨརྡྷ། ཀ་ཏི་པ་ཡ། ནེ་མ། ཨལྤ་ལ་སོགས་པ་རྣམས་སོ། །པཱུརྦ་སོགས་ལས་ཀྱང་ངོ་། །པཱུརྦ་ལ་སོགས་པའི་ཚོགས་ལས་ཕ་རོལ་གྱི་ཛས་ཡང་ན་ཨི་ཉིད་དུ་འཐོབ་བོ། །པཱུརྦེ། པཱུརྦཱཿ། པ་རེ། པ་རཱཿ། པཱུརྦ། པ་ར། ཨ་ཝ་ར། དཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་དྷ་ར། སྭ་ར། ཨནྟ་རའོ། །ཟླས་དབྱེ་གནས་པ་ལས་ཀྱང་ངོ་། །ཟླས་དབྱེ་ལ་གནས་སོ་ཞེས་ཟླས་དབྱེ་གནས་པའོ། །མིང་ལ་སྠཱ་ལས་ཀྱང་ངོ་ཞེས་པས་ཀའོ། །ཟླས་དབྱེའི་ཚིག་སྡུད་ལ་གནས་པའི་ཨ་ཡིག་ཐམས་ཅད་ པའི་མིང་ཅན་ལས་ཕ་རོལ་གྱི་ཛས་ཡང་ན་ཨཱི་ཉིད་དུ་འཐོབ་པོ། །ཀ་ཏ་རེ་ཙ། ཀ་ཏ་མེ་ཙ། དེ་རྣམས། ཀ་ཏ་ར་ཀ་ཏ་མེ། ཀ་ཏ་ར་ཀ་ཏ་མཱཿ དཏྟ་ཀ་ཏ་མེ། དཏྟ་ཀ་ཏ་མཱཿ། གཞན་སརྦའི་མིང་ཅན་མ་ཡིན་ནོ། །བྱ་བ་གང་གི་སརྦ་ནཱ་མན་སྦྱོར་བྱེད་ཡིན་པ་དེ་སརྦའི་མིང་ཅན་ནོ། ། ཉོས་པ་ལ་སོགས་ལས་ཞེས་པའི་སོགས་པས་བསྡུས་པ་ལས་ཨི་ཀཎའོ། །ན་ནི་འགའ་ཞིག་ཏུའོ་ཞེས་པས་ན་དབྱིའོ། །ཟླས་དབྱེ་ལ་གནས་པའི་ཐམས་ཅད་པའི་མིང་ལ་ཕྱི་མ་རྐྱེན་གྱི་བྱ་བ་སརྦའི་མིང་ཅན་དུ་མི་འགྱུར་རོ། །པཱུརྦ་པ་རཱ་ཡ། པཱུརྦ་བ་རཱཏ྄། པཱུརྦ་པ་རེ། པཱུརྦ་པ་རཱ་ཎཱཾ། གཞན་སྨོས་པ་ནི། མི་ཟད་པ་དང་སརྦ་ནཱ་མའི་མཐའི་དབྱངས་ལ་སྔ་མར་ཨཀ྄་དང་ཞེས་པ་འདིའི་ཨཀ྄་དགག་པའི་དོན་དུ་སྟེ། མ་ཤེས་པའི། ཀ་ཏ་ར་ཀ་ཏ་མཱ་ནི། ཀ་ཏ་ར་ཀ་ཏ་མ་ཀཱཿ མ་ཤེས་པའི་དོན་ལ་བརྗོད་པར་བྱ་བ་ལས་ཀའི་རྐྱེན་ནོ། །ཅི་སྟེ་གལ་ཏེ་ཨཀ་འགྱུར་ན་ཅིར་འགྱུར་ ཞེ་ན། དེའི་ནང་དུ་ལྷུང་བ་ནི་དེ་སྨོས་པས་གཟུང་བར་བྱའོ་ཞེས་པས་ཨཀའི་རྐྱེན་ཐམས་ཅད་པའི་མིང་སྨོས་པས་འཛིན་པའི་ཕྱིར་སྔ་མས་ཛས྄་ཨཱི་ཉིད་དུ་རྣམ་པར་བརྟག་པར་འགྱུར་རོ། །ཀའི་རྐྱེན་ལ་ནི་སྐྱོན་འདི་མེད་དེ། ཐམས་ཅད་པའི་མིང་ལས་ཕྱི་མའི་ཛས་ནི་དེས་བར་དུ་ཆོད་པའི་ 195-1-92b ཕྱིར་རོ། །འོ་ན་ཨ་ཀའི་རྐྱེནའང་སརྦའི་མིང་ཅན་ནོ་ཞེས་པས་ན་སརྦའི་མིང་ཅན་སྨོས་པ་ཁོ་ནས་དེ་དགག་པ་གྲུབ་པོ་ཞེས་པས་གཞན་སྨོས་པས་ཅི་བྱ། མ་ཤེས་པ་ལ་སོགས་པའི་དོནའང་དེའི་རབ་ཏུ་སྦྱོར་བ་པོ་སྟེ་མིང་ཐམས་ཅད་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་ཇི་ལྟར་སརྦའི་མིང་ཅན་ སྨོས་པས་དེ་འགོག་པར་རིགས་ཤེ་ན། འདི་ཡང་དག་པ་མ་ཡིན་ཏེ། གང་ཞིག་གཉིས་དག་ལ་འགྱུར་ཞིང་ཐོབ་པ་དེ་ནི་གང་ཡང་རུང་བས་ཉེ་བར་འདོགས་ཏེ་དཔེར་ན་མའི་བུ། ཕའི་བུ་ཞེས་པ་བཞིན་ནོ། །དེའི་ཕྱིར་ཨཀའི་རྐྱེན་ནི་སརྦའི་མིང་ཅན་ཁོ་ནའོ། །འདིའི་སྐབས་སུ་བྱས་པའི་བྱ་བ་ སརྦའི་མིང་ཅན་སྨོས་པས་འགོག་གི་སྐབས་གཞན་དུ་བྱས་པའི་ཨཀའི་རྐྱེན་ནི་མ་ཡིན་ནོ་ཞེ་ན། འདིའང་ཡང་དག་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་སརྦའི་མིང་ཅན་སྨོས་པ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་སརྦའི་མིང་ཅན་སྨོས་པ་ལས་ཨཀའི་རྐྱེན་དགག་པ་གྲུབ་པོ་ཞེས་པས་གཞན་ སྨོས་པ་དོན་མེད་པ་སྟེ། དེ་ལྟར་ཡིན་ན་དེའི་ཚེ་འདིའི་དགོས་པ་བསམ་པར་བྱའོ། །གསུམ་པའི་ཚིག་སྡུད་ལའང་ངོ་། །གསུམ་པའི་ཚིག་སྡུད་ཡོད་ན་ཐམས་ཅད་པའི་མིང་ལས་ཕ་རོལ་རྐྱེན་ལས་སརྦའི་མིང་ཅན་གྱི་བྱ་བར་མི་འགྱུར་ཏེ། ཟླ་བ་གཅིག་གིས་སྔ་བ་ནི། མཱ་ས་པཱུརྦཿ། དེའི་ཆེད་དུ་ནི།མཱ་ས་པཱུརྦ་ར་ཡ། མཱ་ས་པཱུརྦ་ཏ྄། མཱ་ས་པུརྦེ། མཱ་ས་པཱུརྦཱ་ཎཱཾ། མཱ་ས་པཱུརྦཱཿ དག་ལ་ཡང་མི་འདོད་དེ། མཱ་སེ་ན་པཱུརྦཱ་ཡ། གསུམ་པ་སྨོས་པ་ཅི་ཞེ་ན། ཆེན་པོའང་འདི་ཡིན་ལ་སྔ་མའང་ཡིན་པ་ནི། མ་ཧཱ་པཱུརྦ་ཏེ། དེའི་ཆེད་དུ་ནི། མཱ་ཧཱ་པཱུརྦ་སྨཻ། འབྲུ་མང་པོ་པ་ ལའང་ངོ་། །འབྲུ་མང་པོ་པའི་ཚིག་སྡུད་ཡོད་ན་ཐམས་ཅད་པའི་མིང་ཅན་ལས་ཕ་རོལ་གྱི་རྐྱེན་ལས་སརྦའི་མིང་ཅན་གྱི་བྱ་བར་མི་འགྱུར་རོ། །གང་གི་དགའ་བ་ཐམས་ཅད་ཡིན་པ་དེ་ནི་ཐམས་ཅད་དགའ་བ་སྟེ་དེའི་ཆེད་དུ་ནི། པྲི་ཡ་སརྦཱ་ཡ། པྲི་ཡ་སརྦཱ་ཏ། པྲི་ཡ་སརྦེ། པྲི་ཡ་སརྦཱ་ཎཱཾ། པྲི་ ཡ་སརྦཱཿ། ཕྱོགས་རྣམས་ཀྱི་ཡང་ནའོ། །ཕྱོགས་བརྗོད་པའི་སྒྲ་རྣམས་ཀྱི་འབྲུ་མང་པོ་པ་གང་ཡིན་པ་དེ་ཡོད་པ་ལ་ཐམས་ཅད་པའི་མིང་ལས་ཕ་རོལ་གྱི་རྐྱེན་ལ་སརྦའི་མིང་ཅན་གྱི་བྱ་བ་ཡང་ན་མི་འགྱུར་རོ། །ལྷོ་དང་ཤར་གྱི་ཕྱོགས་ཀྱི་བར་གང་ཡིན་པའི་ཕྱོགས་བྲལ་དེ་ནི་ལྷོ་ཤར་ཏེ་ 195-1-93a དེའི་ཆེད་དུ་ནི། དཀྵི་ཎ་པཱུརྦ་སྱཻ། དཀྵི་ཎ་པཱུརྦ་ཡཻ། དཀྵི་ཎ་པཱུརྦ་སྱཱཿ། དཀྵི་ཎ་པཱུརྦ་ཡཱཿ། དཀྵི་ཎ་པཱུརྦ་སྱཱཾཿ། དཀྵི་ཎ་པཱུརྦཱ་ཡཱཾ། སརྦའི་མིང་ཅན་གྱི་བྱ་བའི་ཕྱོགས་ལ་ནི། སུ་དང་བཅས་པ་རྣམས་ཏེ་ཞེས་པས་ཐུང་ངུ་དང་སུ་ཡིག་ཨཱ་ག་མ་དག་གོ། །སྐྱེས་པར་བཤད་ པ་ཅན་གྱི་སྐྱེས་པ་ཅན་ནི་སྐྱེས་པ་བཞིན་ནོ་ཞེས་སྦྱོར་བ་འཐད་པ་ལས་དཀྵི་ཎའི་སྒྲ་སྐྱེས་པ་དང་འདྲ་བའོ། །དེ་བཞིན་དུ། ཨུཏྟ་ར་པཱུརྦ་སྱཻ། ཨུཏྟ་ར་པཱུརྦཱ་ཡ་ཞེས་པ་ལ་སོགས་པ་རྣམས་སུའོ། །མཛེས་མ་གང་གི་ཤར་མ་བྱང་ཡིན་པ་དེ་ནི་པཱུརྦོཏྟ་རཱ། དེའི་ཆེད་དུ་ནི་པཱུརྦོཏྟ་རཱ་ཡཻ་ཞེས་པ་འདི་ ཅིའི་ཕྱིར་མི་འགྱུར་ཏེ། གལ་ཏེ་ཚིག་གཉིས་ཞེས་པ་འདིས་འབྲས་བུ་མང་པོ་པ་ཡིན་པས་སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕྱོགས་རྣམས་ཀྱི་དངོས་གང་ཡིན་པ་ཕྱོགས་བྲལ་བ་དེ་བཞིན་ནོ་ཞེས་པ་འདི་འབྲུ་མང་པོ་པ་སྟེ།དེ་ལ་རྣམ་པར་བརྟག་པ་འདི་ཡིན་གྱི་གལ་ཏེ་ཚིག་གཉིས་པ་ཞེས་ པ་འདིར་ནི་མ་ཡིན་ཏེ་བཏགས་པ་དང་དངོས་དག་ལས་དངོས་ལ་ཡིད་ཆེས་པའོ་ཞེས་པའི་ཚིག་ལས་སོ། །ཕྱོགས་བྲལ་དེ་བཞིན་ནོ་ཞེས་པ་འདི་དངོས་དང་། གལ་ཏེ་ཚིག་གཉིས་ཞེས་པ་འདི་བཏགས་པའོ་ཞེས་པ་དེ་ཅི་ལྟར་ཞེ་ན། སྨྲས་པ་ཕྱོགས་བྲལ་དེ་བཞིན་ནོ་ཞེས་པ་འདི་ཕྱོགས་ བྲལ་བརྗོད་པར་བྱ་བ་མ་བྱས་པ་སྟེ། དེའང་ཕྱོགས་བརྗོད་པའི་སྒྲ་རྣམས་ཁོ་ནས་བསྒྲུབ་པར་བྱའོ་ཞེས་པས་ཕྱོགས་རྗོད་པར་བྱེད་པའི་ཕྱིར་ཕྱོགས་བྲལ་དེ་བཞིན་ནོ་ཞེས་པ་འབྲུ་མང་པོ་པ་སྟེ་དེ་དངོས་སོ། །ཅིག་ཤོས་ནི་ཚིག་གཞན་གྱི་དོན་ཙམ་ལ་བསྒྲུབ་པར་བྱ་བཞིན་པ་ཕྱོགས་བརྗོད་པར་ ཡང་འགྱུར་བ་ཅི་ལྟར་དངོས་ཡིན། དེའི་ཕྱིར། པཱུརྦོཏྟ་རཱ་ཡཻ། སྟྲི་ཡཻ་ཞེས་པ་འདིར་བཏགས་པ་བ་ཉིད་ཀྱི་ཕྱིར་འབྲུ་མང་པོ་པའི་དོན་ལ་རྣམ་པར་བརྟག་པ་མེད་དོ། །ཤྲདྡྷཱ་ལས་སི་དབྱིའོ། །ཤྲདྷཱའི་མིང་ཅན་གྱི་རྟགས་ལས་ཕྱི་མ་སི་དབྱི་བ་འཐོབ་པོ། །གཾ་གཱ། ཡཱ། སཱ། ཀཱ། ཤྲདྡྷཱ་ལས་ ཞེས་པ་ཅི་ཞེ་ན། ཀི་ལཱ་ལ་བཱཿ སི་ཞེས་པ་ཅི་ཞེ་ན། མཱ་ལཱཿ ཛས྄སོ། །ཊཱ་ཨོ་ས྄་དག་ལ་ཨིའོ། །ཤྲདྡྷཱའི་ཊཱ་ཨོས྄་ཞེས་པ་འདི་དག་ཕྱི་མ་ལ་ཨེ་ཉིད་དུ་འགྱུར་རོ། །ཨུ་མ་ཡཱ། ཁ་ཊྭ་ཡོཿ། ཤྲདྡྷཱ་ལས་ཞེས་པ་ཅི་ཞེ་ན། ཀི་ལཱ་ལ་པཱ། ཀི་ལ་ལ་པོཿ། ཊཱ་ཨོས་ཏེ་བྱིངས་ཀྱི་ཨཱ་ནི་ 195-1-93b གྷུཊ་མ་ཡིན་པའི་དབྱངས་ལ་ཞེས་པས་ཨཱ་དབྱིའོ། །སམྦུདྡྷི་ལའང་ངོ་། །ཤྲདྡྷཱའི་སཾ་བུདྡྷི་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་རོ། །ཧེ་གཾ་གེ། སཾ་བུདྡྷི་རྣམས་ལ་ཞེས་བརྗོད་པར་བྱ་ལ་སྦྱོར་བ་འཐད་པ་ནི་ཕྱི་མའི་དོན་དུའོ། །མའི་དོན་རྣམས་ཀྱི་ཐུང་ངུའོ། །མའི་དོན་ཏེ་གང་ཞིག་མ་ རྗོད་པར་བྱེད་པའི་ཤྲདྡྷཱའི་མིང་ཅན་དེ་རྣམས་ཐུང་ངུར་འགྱུར་ཏེ་སཾ་བུདྡྷི་ཕ་རོལ་ལའོ། །ཧེ་ཨམྦ། ཧེ་ཨེནྟ། ཧེ་ཨཀྐ། ཨེའོ་ཞེས་བརྗོད་པར་བྱ་བ་ལ་ཐུང་ངུ་སྨོས་པ་ནི་མིང་སྔོན་མ་ཅན་གྱི་སྒྲུབ་པ་ནི་མི་རྟག་པའོ་ཞེས་པས་ཐུང་ངུ་ཉིད་མི་རྟག་པ་ཉིད་ཀྱི་དོན་ཏེ་དེས་ན་འདིར་མི་འགྱུར་རོ། །ཧེ་ ཨམྦཱ་ཌེ། ཧེ་ཨནྟ་ལེ། ཧེ་ཨམྤི་ཀེ། ཨཽ་ཨཱིའོ། །ཤྲདྡྷཱ་ལས་ཕ་རོལ་གྱི་ཨོ་ཡིག་ཨཱི་ཉིད་དུ་འཐོབ་པོ། །ཨུ་མཱ་གཾ་གེ། །ཏིཥྛ་ཏཿམཱ་ལེ་ཨཱ་ན་ཡ། རིང་པོར་བརྗོད་པ་ནི་སྣ་ཚོགས་པའི་དོན་ནོ། །ང་ལྡན་རྣམས་ཡཻ་ཡཱས྄་ཡཱས྄་ཡཱམ྄འོ། །ང་ལྡན་རྣམས་ཞེས་པ་ཛས་ཀྱི་མཐའ་ཅན་ནོ། །ཡཻ་ ཡཱས྄་ཡཱས྄་ཡཱམ྄་ཞེས་པ་ཛས྄་ཕྱིས་པའོ། །ཚིག་གང་རྣམས་ལ་ཡོད་པ་དེ་རྣམས་ང་ལྡན་ནོ། །ཤྲདྡྷཱ་ལས་ཕྱི་མའི་ང་ལྡན་གྱི་བརྗོད་པ་དེ་དང་ང་སི་དང་ངས་དང་ངི་ཞེས་པ་འདི་རྣམས་གྲངས་ཇི་ལྟ་བ་བཞིན་དུ། ཡཻ་དང་ཡཱས྄་ཡཱས྄་ཡཱམ྄་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །ཨུ་མཱ་ཡཻ། ཨུ་མཱ་ཡཱཿ། ཨུ་མཱ་ཡཱཿ། ཨུ་མཱ་ཡཱམ྄། ཐམས་ཅད་པའི་མིང་ལས་ནི་སུ་དང་བཅས་པ་རྣམས་ཏེ་སྔ་མ་རྣམས་ཐུང་ངུའོ། །བསྒྱུར་བ་གང་རྣམས་སུ་དང་ལྷན་ཅིག་འཇུག་པ་དེ་རྣམས་ནི་སུ་དང་བཅས་པ་རྣམས་ཏེ་ངེས་པར་བསྟན་པའི་ཤུགས་ལས་ས་ཧའི་སྒྲའི་ས་རུ་འགྱུར་རོ། །བསྒྱུར་བ་གང་ རྣམས་ལས་སྔ་མ་ཐུང་ངུ་ཡིན་པ་དེ་རྣམས་ནི་སྔ་མ་ཐུང་ངུ་ཅན་རྣམས་སོ། །ཤྲདྡྷཱའི་མིང་ཅན་གྱི་ཐམས་ཅད་པའི་མིང་ལས་ཕ་རོལ་གྱི་ང་ལྡན་གྱི་བརྗོད་པ་རྣམས་ཡཻ་ཡཱས྄་ཡཱས྄་ཡཱམ྄་ཞེས་པ་འདི་རྣམས་སུ་བསྒྱུར་བ་སུ་དང་བཅས་པ་རྣམས་ཏེ། སུ་ཡིག་ཨཱ་ག་མ་དང་ལྡན་པ། སྔ་མ་ཐུང་ ངུ་ཅན་རྣམས་སུ་འགྱུར་རོ། །བསྒྱུར་བ་རྣམས་ལས་སྔ་མ་ཐུང་ངུར་འགྱུར་རོ་ཞེས་པའི་དོན་ཏོ། །སརྦ་སྱཻ། སརྦ་སྱཱཿ། སརྦ་སྱཱཿ། སརྦ་སྱཱམ྄། དེ་བཞིན་དུ། ཡསྱཻ། ཏེ་སྱཱཿ། ཏ་སྱཱཿ། ཀ་སྱཱམ྄། དྭི་ཏཱི་ཡཱ་དང་ཏྲྀ་ཏཱི་ཡ་དག་ལས་ཡང་ནའོ། །དྭི་ཏཱི་ཡཱ་དང་ཏྲྀ་ཏཱི་ཡཱའི་སྒྲ་དག་ལས་ཕྱི་ 195-1-94a མའི་ང་ལྡན་གྱི་བརྗོད་པ་རྣམས་ཡཻ་ཡཱས྄་ཡཱས྄་ཡཱམ྄་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །རྣམ་པར་བརྟག་པས་སུ་ཡིག་ཨཱ་ག་མ་དང་བཅས་པ་དང་སྔ་མ་ཐུང་བའོ། །ཐུང་བ་དང་སུ་ཡིག་ཨཱ་ག་མ་དག་ཡང་ན་འཐོབ་ཅིང་། རྣམ་པར་བརྟག་པ་སྟེ་བསྒྱུར་བ་ རྣམས་ནི་མ་ཡིན་ཏེ་རྣམ་པར་བཤད་པ་ལས་སོ། །དྭི་ཏཱི་ཡ་སྱཻ། དྭི་ཏཱི་ཡ་སྱཱཿ། དྭི་ཏཱི་ཡ་སྱཱཾ། དྭི་ཏཱི་ཡཱ་ཡཻ། དྭི་ཏཱི་ཡཱ་ཡཱཿ། དྭི་ཏཱི་ཡཱ་ཡཱཿ། དྭི་ཏཱི་ཡཱ་ཡཱམ྄། ཏྲྀ་ཏཱི་ཡ་སྱཻ། ཏྲྀ་ཏཱི་ཡ་སྱཱཿ། ཏྲྀ་ཏཱི་ཡ་སྱཱཿ། ཏྲྀ་ཏཱི་ཡ་སྱཱམ྄། ཏྲྀ་ཏཱི་ཡཱ་ཡཱ་ཡཻ། ཏྲྀ་ཏཱི་ཡཱ་ཡཱཿ། ཏྲྀ་ཏཱི་ཡཱ་ཡཱཿ། ཏྲྀ་ཏཱི་ཡཱ་ཡཱམ྄། ནཱ་དཱི ལས་ཨཻ་ཨཱས྄་ཨཱས་ཨཱམ྄འོ། །སུ་དང་བཅས་པ་རྣམས་ཏེ་སྔ་མའི་ཐུང་བ་རྣམས་སོ་ཞེས་པ་ལོག་གོ། །ན་དཱི་ལས་ཕ་རོལ་གྱི་ང་ལྡན་རྣམས་གྲངས་ཇི་ལྟ་བ་བཞིན་དུ་ཨཻ་ཨཱས྄་ཨཱས྄་ཨཱམ྄་ཞེས་པ་འདི་རྣམས་སུ་བསྒྱུར་བར་བྱའོ། །གཽརྱཻ། གཽརྱཱཿ། གཽརྱཱཿ། གཽརྱཱམ྄། བདྷྭཻ། བ་དྷྭཱཿ བ་དྷྭཱཿ། བ་དྷྭཱམ྄། ན་དཱི་ལས་ཞེས་པ་ཅི་ཞེ་ན། དྭི་ཏཱི་ཡཱ་ཡེ། སཾ་བུདྡྷི་ལ་ཐུང་ངུའོ། །ན་དཱི་སཾ་བུདྡྷི་ཕྱི་མ་ལ་ཐུང་ངུ་འགྱུར་རོ། །ཧེ་གཽ་རི། ཧེ་བ་དྷུ་། སཾ་བུདྡྷི་ལ་ཞེས་པ་ཅི་ཞེ་ན། གཽ་རཱི། བ་དྷཱུཿ། ཨམ་ཤས་དག་གི་དང་པོ་དབྱིའོ། །ན་དཱི་ལས་ཕྱི་མ་ཨམ་ཤས་དག་གི་དང་པོ་དབྱི་བ་འཐོབ་ པོ། །གཽ་རཱིམ྄། གཽ་རཱིཿ། བ་དྷུམ྄། བ་དྷཱུཿ ཨམ་ཤས་དག་གི་ཞེས་པ་ཅི་ཞེ་ན། ན་དྱཾཽ། བ་དྷྭོཿ། ཨཱི་ཡིག་མཐའ་ལས་སིའོ། །ན་དཱིའི་མིང་ཅན་ལས་ཨཱི་ཡིག་མཐའ་ལས་ཕྱི་མའི་སི་དབྱི་བ་འཐོབ་པོ། །གཽ་རཱི། ན་དཱིའི་མིང་ཅན་ལས་ཞེས་པ་ཅི་ཞེ་ན། གྲཱ་མ་ཎཱིཿ ཨཱི་ཡིག་མཐའ་ ལས་ཞེས་པ་ཅི་ཞེ་ན། བ་དྷུཿ། ལཀྵྨཱི་ལ་སོགས་པ་རྣམས་ལས་སི་དབྱི་བ་མི་འདོད་དེ། ལཀྵྨཱིཿ། ཏནྟྲཱིཿ། གསལ་བྱེད་ལས་ཀྱང་ངོ་། །གསལ་བྱེད་མཐའི་རྟགས་ལས་ཕྱི་མའི་སི་དབྱི་བ་འཐོབ་པོ། །ཝཀུ། བིདྱུད། རཱ་ཛཱ། འོ་ན་སིའི་རྐྱེན་གྱི་སི་ཡིག་བརྩེགས་པའི་མཐའི་ དབྱིའོ་ཞེས་པས་དབྱི་བ་གྲུབ་སྟེ། དེས་ན་སྦྱོར་བས་ཅི་བྱ་ཞེ་ན་འདི་ནི་ཡང་དག་པ་མ་ཡིན་ཏེ། གང་རྟགས་ཀྱི་བརྩེགས་པ་དེའི་མཐའ་དབྱི་བ་ཡིན་ཞིང་། སིའི་རྐྱེན་གྱི་མཐའ་ནི་རྟགས་མ་ཡིན་པའང་ངོ་། །ཨགྣི་ལས་ཨམ་གྱི་ཨ་ཡིག་གོ། །ཨགྣི་ལས་ཕྱི་མའི་ཨམ྄འི་ཨ་ 195-1-94b ཡིག་དབྱི་བ་འཐོབ་པོ། །བུདྡྷིམ྄། དྷེ་ནུམ྄། ཨཽ་ཡིག་ནི་སྔ་མའོ། །ཨགྣི་ལས་ཕྱི་མའི་ཨཽ་ཡིག་ནི་སྔ་མའི་ཡི་གེར་འགྱུར་རོ། །བུདྡྷཱི། དྷེ་ནཱུ། ཤསའི་ཨ་ཡིག་སྟེ་སའི་བུད་མེད་མ་ཡིན་པ་ལ་ནའོ། །ཨགྷི་ལས་ཕྱི་མའི་ཤས྄་ཀྱི་ཨ་ཡིག་ཡིན་སྔ་མར་འཐོབ་ཅིང་། ཤས྄་ཀྱི་ས་ ཡིག་ཀྱང་བུད་མེད་མ་ཡིན་པ་ལ་སྟེ་བུད་མེད་ཀྱི་ཡུལ་སྤངས་ནས་ན་ཉིད་དུ་འགྱུར་རོ། །ཨགྣེན྄། བ་ཡུན྄། བུད་མེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བུདྡྷིཿ། དྷེ་ནཱུཿ། ཊཱ་ནཱའོ། །བུད་མེད་མ་ཡིན་པ་ལ་ཞེས་པ་འདིར་རྗེས་སུ་འཇུག་སྟེ་ཕྱི་མར་འང་ངོ་། །ཨགྣཱི་ལས་ཕྱི་མའི་ཊཱའི་ རྐྱེན་ནཱ་རུ་བསྒྱུར་བ་འཐོབ་སྟེ་བུད་མེད་མ་ཡིན་པ་ལའོ། །ཨགྣཱི་ནཱ། བྷཱ་ནུ་ནཱ། བུད་མེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བྷུདྡྷྱཱ། དྷེ་ནྭཱ། ཨ་དས྄འི་ཨ་མུའང་ངོ་། །ཊཱ་ཞེས་པ་རྗེས་སུ་འཇུག་སྟེ། ཨ་དས྄འི་སྒྲའི་ཊཱའི་རྐྱེན་ཕ་རོལ་ལ་བུད་མེད་མ་ཡིན་ན་ཨ་མུ་རུ་བསྒྱུར་བར་འགྱུར་ཞིང་ འང་གི་སྒྲ་ལས་ཊཱའི་རྐྱེན་ཡང་ན་རུ་འགྱུར་རོ། །ཨ་མུ་ནཱ། བུད་མེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་མུ་ཡཱ། ཨ་དས྄་ལ་ཊཱའོ། །ཏྱད་ལ་སོགས་པའི་ཨ་ཉིད་དོ། །བུད་མེད་ལ་ཨ་ལས་ཨཔ྄འོ། །ཊཱ་ཨོས྄་དག་ལ་ཨེའོ་ཞེས་པས་ཨེ་ཉིད་དོ། །ཨེ་ཨ་ཡ྄འོ། །ཨ་དས྄འི་ ཚིག་ལ་མའོ། །མ་ལས་ཨུ་ཉིད་དོ་ཞེས་པས་ཨུ་ཉིད་དོ། །ཨི་ཨེཏ་ཨུ་ཨོཏ྄་ཛས྄་ལའོ། །ཨི་ཨེཏ་དུ་འགྱུར་ཞིང་ཨུ་ཨོཏ་དུ་འགྱུར་རོ། །ཛས྄་ཕྱི་མ་ལའོ། །པ་ཏ་ཡཿ། པ་ཊ་ཝཿ། བུདྡྷ་ཡཿ། དྷེ་ན་ཝཿ། སཾ་བུདྡྷི་ལའང་ངོ་། །སཾ་བུདྡྷི་ཕྱི་མ་ལ་ཨི་ཨེཏ་དུ་འགྱུར་ཞིང་ ཨུ་ཨོཏ་དུ་འགྱུར་རོ། །ཧེ་ས་ཁེ། ཧེ་པ་ཊོ། ཧེ་ན་དཱི་དང་ཧེ་བ་དྷཱུ་ཞེས་པ་འདིར་མི་འ་གྱུར་ཏེ་ཐུང་ངུ་སྒྲུབ་པའི་ཤུགས་ལས་སོ། །ངེ་ལའོ། །ཨི་ཨེཏ་དུ་འགྱུར་ཞིང་ཨུ་ཨོཏ྄་དུ་འགྱུར་ཏེ་ངེའི་རྐྱེན་ཕྱི་མ་ལའོ། །བུདྡྷ་ཡེ། པ་ཊ་ཝེ། ང་སི་ངས་དག་གི་ཨ་དབྱི་བའང་ངོ་། །ང་སི་ ངས་དག་ཕྱི་མ་ལ་ཨི་ཨེཏྲ་དུ་འགྱུར་ཞིང་ཨུ་ཨོཏ྄་དུ་འགྱུར་ཏེ་དེ་དག་གི་ཨ་ཡིག་དབྱི་བའང་ངོ་། །ཨགྣེཿ། ཨགྣེཿ། ངྷེ་ནོཿ། ངྷེ་ནོཿ། གོ་ལས་ཀྱང་ངོ་། །གོའི་སྒྲ་ལས་ཕ་རོལ་གྱི་ང་སི་ངས྄་དག་གི་ཨ་ཡིག་དབྱི་བར་འགྱུར་རོ། །གོཿ། གོཿ། དྱོའི་སྒྲ་ལས་ཀྱང་ངོ་། །དྱོཿ། ངི་སྔ་མ་ 195-1-95a དང་བཅས་པ་ཨཽའོ། །སྔ་མའི་ཡི་གེ་དང་ལྷན་ཅིག་ཏུ་འཇུག་པའི་ངི་གང་ཡིན་པ་དེ་སྔ་མ་དང་བཅས་པའོ། །ཨགྣི་ལས་ཕྱི་མའི་ངི་དེ་སྔ་མའི་ཡི་གེ་དང་ལྷན་ཅིག་ཨཽ་ཉིད་དུ་འཐོབ་པོ། །བུདྡྷཽ། དྷེ་ནཽ། ངིའི་ཌཽ་ཞེས་བྱས་ན་བཾ་ཤི་ཏཽ་ཞེས་པ་མི་འགྲུབ་སྟེ། བཾ་ཤི་ཏིའི་ཏིའོ་ཞེས་པ་འདིས་ཏིའི་སྒྲ་ཕྱིས་ པ་ན་བཻཾ་ཤཽ་ཞེས་པར་འགྱུར་བས་སོ། །ས་ཁི་པ་ཏི་དག་གི་ངིའོ། །སྔ་མ་དང་བཅས་པ་ཞེས་པ་ལྡོག་སྟེ། སླར་ཡང་ངི་སྨོས་པའི་ཕྱིར་རོ། །ས་ཁི་དང་པ་ཏི་དང་འབྲེལ་པ་ཅན་གྱི་ངི་གང་ཡིན་དེ་ཨཽ་ཉིད་དུ་འགྱུར་རོ། །ས་ཁྱཽ། པ་ཏྱཽ། ང་སི་ངས་དག་གི་ཨ་ཨུའོ། །ས་ཁི་པ་ཏི་དག་གི་ངི་ངས་གང་ཡིན་ པ་དེ་དག་གི་ཨ་ཡིག་ཨུ་ཉིད་དུ་འཐོབ་པོ། །ས་ཁྱུཿ། ས་ཁྱུཿ། གྲངས་ཇི་ལྟ་བ་བཞིན་དུ་མི་འགྱུར་ཏེ། ས་ཁིའི་འང་ངོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །རཱྀཏ་མཐའ་ལས་སྔ་མ་དང་བཅས་པའོ། །རྀ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་གྱི་ང་སི་ངས་དག་གི་ཨ་ཡིག་སྔ་མའི་དབྱངས་དང་ལྷན་ ཅིག་ཨུ་ཉིད་དུ་འཐོབ་པོ། །བི་ཏུཿ། བི་ཏུཿ། ཏ་ཕ་རོལ་དུ་བྱེད་པ་ནི་ཐེ་ཚོམ་མེད་པའི་དོན་དུའོ། །སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་། །རྀ་ཏ྄་མཐའི་རྟགས་སི་ལ་སྟེ་སི་ཡིག་ཕྱི་མ་ལ་མཐའ་ཨཱ་ཉིད་དུ་འགྱུར་ཞིང་སིའང་དབྱིའོ། །གང་ཐོབ་པ་ལ་སྒྲུབ་པ་བརྩམས་པ་དེ་ནི་དེ་ལ་གནོད་བྱེད་དུ་ འགྱུར་རོ་ཞེས་པས་བསྒྱུར་བ་འདིས་ཨར྄་དང་ཨཱར་དག་འགོག་པའོ། །པི་ཏཱ། ཀརྟཱ། བི་ཌའོ་ཞེས་མ་བྱས་ཏེ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཤས྄་ལ་ཨགྣི་བཞིན་ནོ། །ཨགྣི་བཞིན་ནི་ཨགྣི་དང་མཚུངས་པའོ། །རྀཏ་མཐའི་རྟགས་ཤས་ཕྱི་མ་ལ་ཨགྣི་བཞིན་དུ་འགྱུར་ཏེ། ཨགྣི་ ལས་ཕྱི་མའི་ཤས྄་ལ་གང་བཤད་པ་དེ་རྀ་ཡིག་མཐའ་ལས་ཀྱང་འགྱུར་རོ་ཞེས་པའི་དོན་ཏོ། །པི་ཏྲྀན྄། བྷྲཱྀ་ཏྲཱྀན྄། བུད་མེད་ལ་ན་ཉིད་དུ་མི་འགྱུར་ཏེ། སྭ་སྲཱྀཿ ངི་ལ་ཨརའོ། །རྀཏ་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པ་འདི་ལ་རྀ་ཡིག་ཙམ་ལ་ལྟོས་པའོ། །རྟགས་ཀྱི་མཐའ་རྀ་ཡིག་ གང་ཡིན་པ་དེ་ཨར་དུ་འགྱུར་ཏེ། ངི་ལ་སྟེ་ངིའི་རྐྱེན་ཕྱི་མ་ལའོ། །པི་ཏ་རི། མཱ་ཏ་རི། ངི་ལ་ཞེས་པ་ཅི་ཞེ་ན། མཱ་ཏྲེ། གྷུཊ་ལའང་ངོ་། །རྟགས་མཐའི་རྀ་ཡིག་གྷུཊ་ཕ་རོལ་ལ་ཨར་དུ་འགྱུར་རོ། །པི་ཏ་རཽ། པི་ཏ་རཿ། མཱ་ཏ་རཾ། མཱ་ཏ་རཽ། ངི་དང་གྷུཊ་དག་ལ་ཨར྄འོ་ཞེས་བརྗོད་ 195-1-95b པར་བྱ་བ་ལ་སྦྱོར་བ་འཐད་པ་ནི་ཕྱི་མའི་དོན་ནོ། །བྱིངས་ལས་ཏྲྀ་སྒྲའི་ཨཱརའོ། །ཏྲྀའང་འདི་ཡིན་ལ་སྒྲ་ཡང་ཡིན་པ་ནི་ཏྲྀ་སྒྲའོ། །བྱིངས་ལས་ཕ་རོལ་གྱི་ཏྲྀ་སྒྲའི་རྀ་ཡིག་གང་ཡིན་པ་དེ་ཨཱར྄་དུ་འགྱུར་ཏེ། གྷུཊ་ཕ་རོལ་ལའོ། །ཨར྄་འགོག་པའོ། །ཀརྟཱ་རཽ། ཀརྟཱ་རཿ། ཝཱཏྟཱ་རོ། ཝཱཀྟཱ་རཿ། ཌུ་ཀྲྀཉ་བྱེད་པ་ལའོ། །ཝ་ཙ་བརྗོད་པ་ལའོ། །ཝུ་ཎ྄་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙའོ། །ཡོན་ཏན་ནོ། །ཙ་སྡེའི་ཀིའོ། །བྱིངས་ལས་ཞེས་པ་ཅི་ཞེ་ན། ཡ་ཏཱ་རཽ། ཡ་ཏཱི་འབད་པ་ལའོ། །ཡ་ཏི་ལས་འཕེལ་བའང་ངོ་ཞེས་པས་ཌནའི་རྐྱེན་ཏེ་ཨ་ཡིག་གི་འཕེལ་བ་ཨཱ་ཡིག་གོ། །འདི་ཏྲྀ་སྒྲར་ འགྱུར་མོད་བྱིངས་ལས་ཕ་རོལ་ནི་མ་ཡིན་ནོ། །ཏྲྀ་སྒྲའི་ཞེས་པ་ཅི་ཞེ་ན། ན་རཽཿ། ནརཿ། ཎཱིཉ་ཐོབ་པ་ལའོ། །ན་ཡ་ཏི་ལས་ཌིའང་ངོ་ཞེས་པས་ཌིནའོ། །དེ་ནི་ཊིའང་ངོ་ཞེས་བརྗོད་པ་ལས་ཌ་རྗེས་སུ་འབྲེལ་བའོ། །དེས་ན་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ། ། སྒྲ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ནོ། །སཱ་སྲྀ་ལ་སོགས་པ་རྣམས་ཀྱིའང་ངོ་། །སྭ་སྲྀ་ཞེས་པ་ལ་སོགས་པ་རྣམས་གྷུཊ་ཕྱི་མ་ལ་ཨཱ་རུ་དུ་འགྱུར་རོ། །སྭ་སཱ་རཽཿ། ནཔྟཱ་རཽ། ནཔྟཱ་རཿ། སྭ་སྲྀ་ནཔྟྲྀ་ནེཥྚྲྀ་དང་། ཏྭཥྚྲྀ་ཀྵཏྟྲྀ། དེ་བཞིན་དུ་འང་། ཧོ་ཏྲྀ་པོ་ཏྲྀ་པྲ་ཤསྟྲྀ། བརྒྱད་རྣམས་ སྭ་སྲྀ་སོགས་སུ་བཤད། འོ་ན་ན་པྟྲྀ་ལ་སོགས་པ་རྣམས་ཏྲྀའི་རྐྱེན་གྱི་མཐའ་ཅན་ནོ་ཞེས་པས་དེ་རྣམས་ཀྱི་བསྒྱུར་བ་སྔ་མས་གྲུབ་སྟེ། དེའི་ཕྱིར་སྭ་སྲྀའིའོ་ཞེས་པ་མདོར་བྱ་བ་ལ་སོགས་པ་སྨོས་པས་ཅི་ཞེ་ན། བདེན་ཏེ་གྲུབ་པར་གྱུར་པ་ལ་རྩོམ་པ་ནི་ངེས་པའི་དོན་དུའོ་ཞེས་པས་ན་པྟྲྀ་ལ་ སོགས་པ་རྣམས་ངེས་པའི་དོན་དུ་ཉེ་བར་བླངས་པའོ། །ཨུ་ཎ་ལ་སོགས་པའི་རྐྱེན་གྱི་མཐའ་ཅན་རྣམས་གང་གི་ཚེ་སྔ་མས་ཨཱར་དུ་བསྒྱུར་བ་དེའི་ཚེ་ན་པྟྲྀ་ལ་སོགས་པ་རྣམས་བདུན་པོ་ཁོ་ན་སྟེ། གཞན་རྣམས་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། པི་ཏ་རཽཿ། སམྦུ་དྡྷི་ལ་ཨཱའང་མ་ ཡིན་ནོ། །རྀ་ཏ་མཐའི་སཾ་བུདྡྷི་ཕྱི་མ་ལ་ཨར་དུ་བསྒྱུར་བ་དང་ཨཱ་ཉིད་ཀྱང་མི་འགྱུར་ཏེ། ལྷག་མ་ཡིན་པའི་ཕྱིར་གྷུཊ་ལའང་ངོ་ཞེས་པས་ཨར་ཉིད་དུ་འགྱུར་རོ། །ཧེ་ཀརྟཿ ཧེ་པི་ཏཿ ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །སམྦུདྡྷི་ལ་ཞེས་རྗེས་སུ་འཇུག་བཞིན་པ་ནི་དོན་གྱི་དབང་ 195-1-96a ལས་དང་པོའི་མཐའ་ཅན་དུ་འབྱུང་ངོ་། །ཐུང་ངུའི་མཐའ་དང་ན་དཱའི་མིང་ཅན་དང་ཤྲདྡྷཱའི་མིང་ཅན་གྱི་རྟགས་ལས་སམྦྷུདྡྷིའི་སི་ཡིག་དབྱི་བ་འཐོབ་པོ། །ཧེ་བྲྀཀྵ། ཧེ་ན་དཱི། ཧེ་བ་དྷུ། ཧེ་གཾ་གེ །སམྦུདྡྷི་ལ་ཞེས་པ་ཅི་ཞེ་ན། བྲྀཀྵཿ། ན་དཱི་སྨོས་པ་ནི་ཕྱི་མའི་དོན་དུ་སྟེ། ཧེ་ ན་དཱི་ཞེས་པ་ལ་སོགས་པ་ནི་ཐུང་ངུར་བྱས་པ་ན་ཐུང་ངུ་སྨོས་པ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །ངེས་པར་ལྷུང་བའི་ཡོངས་སུ་བཤད་པས་ཐུང་ངུ་ཇི་ལྟར་ཡིན་ཏེ་སམྦུདྡྷིའི་ཉམས་པར་བྱེད་དོ་ཞེ་ན། ཡི་གེ་སྨོས་པ་ན་རྒྱུ་མཚན་ཞེས་པའི་ཚིག་ལས་བྱེད་པར་འགྱུར་རོ། །ཧེ་ཤྲདྡྷེ་ཞེས་པ་ལ་སོགས་པ་ལ་ ནི་དབྱངས་སུ་བསྒྱུར་བ་ཉིད་ཀྱི་ཕྱིར་ཨེ་ཉིད་དུ་བྱས་པ་ནའང་ཤྲདྡྷཱ་སྨོས་པའི་ཤུགས་ལས་དབྱི་བའོ། །ཕྱི་མའི་དོན་དུ་ཤྲདྷཱ་སྨོས་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་དགོས་པ་མེད་ན་ཕྱི་མའི་དོན་ཉིད་མི་རིགས་སོ། །སམྦུདྡྷི་སྨོས་པ་རྗེས་སུ་འཇུག་པ་ན་སི་སྨོས་པ་ནི་སྔོན་བྱུང་ བ་ཅན་གྱི་ཨི་ཡིག་དང་ཨུ་ཡིག་དག་ལས་སི་དབྱི་བ་སྒྲུབ་པའི་དོན་དུ་སྟེ། དེས་ན་ཧེ་ཨགྣེ། ཧེ་བཱ་ཡོ། ཨཱམ྄་ལའང་ནུའོ། །ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་ཕྱི་མ་ཨཱམ྄་ལ་ནུ་ཨཱ་ག་མར་འགྱུར་རོ། །བྲྀཀྵཱ་ཎཱཾ། པ་ཊཱུ་ཎཱཾ། ན་དཱི་ནཱཾ། བ་དྷཱུ་ནཱཾ། མཱ་ལཱ་ནཱཾ། ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་ ཞེས་པ་ཅི་ཞེ་ན། ག་བཱམ྄། མཚན་ཉིད་དང་སོ་སོར་བརྗོད་པ་དག་གི་སོ་སོར་བརྗོད་པ་ཁོ་ན་འཛིན་ནོ་ཞེས་པས་མཚན་ཉིད་ཅན་གྱི་ཨཱམ྄་གྱི་མི་འགྱུར་རོ། །ན་དྱཱམ྄། ཝཱ་ཡྭཱ་མཱ། ཏྲིའི་ཏྲ་ཡའང་ངོ་། །ཨཱམ྄་ལ་ཞེས་པ་ཁོ་ནའོ། །ཏྲིའི་སྒྲའི་ཨཱམ྄་ཕ་རོལ་ལ་ཏྲ་ཡ་རུ་བསྒྱུར་བར་འགྱུར་ རོ། །ཏྲ་ཡཱ་ཎཱཾ། པ་རཾ་ཏྲ་ཡཱ་ཎཱཾ། འདི་ནི་ལས་འཛིན་པའོ། །ཨཱམ྄་ལ་ཞེས་པ་ཅི་ཞེ་ན། ཏྲི་བྷིཿ། གཙོ་བོ་མ་ཡིན་པའི་ཏྲི་སྒྲའི་མི་འགྱུར་ཏེ། གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པའོ་ཞེས་པའི་ཚིག་ལས་སོ། །དེས་ན་གང་རྣམས་ཀྱི་དགའ་བ་གསུམ་ཡིན་པ་དེ་རྣམས་ནི་དགའ་བ་གསུམ་ ཅན་ཏེ། དེ་རྣམས་ཀྱི་ནི། པྲི་ཡཱ་ཏྲི་ཎཱམ྄། གྲངས་བརྗོད་པར་བྱེད་པ་དོན་དང་བཅས་པའི་ཏྲི་སྒྲ་འཛིན་པ་སྟེ་དེས་ན་འདིར་མི་འགྱུར་རོ། །རཱ་ཏྲཱི་ཎཱཾ། ཙ་ཏྭཱ་ར་ལས་སོ། །ཙ་ཏྭར་གྱི་སྒྲ་ལས་ཕ་རོལ་ཨཱམ྄་ལ་ནུ་ཨཱ་ག་མར་འགྱུར་རོ། །ཙ་ཏུ་རཱ་ཎཱཾ། ཨཱ་མ་ལ་ཞེས་པ་ཅི་ཞེ་ན། ཙ་ཏུརྦྷིཿ། གྲངས་ 195-1-96b ལས་ཥ་ཎའི་མཐའ་ལའོ། །ཥ་དང་ན་ནི་ཥ་ན་སྟེ་གྲངས་གང་གི་མཐའ་ཥ་ན་ཡིན་པ་དེ་ནི་ཥ་ནའི་མཐའོ། །ཥ་ཡིག་གི་མཐའ་ཅན་དང་ན་ཡིག་གི་མཐའ་ཅན་གྲངས་ལས་ཕ་རོལ་ཨཱམ྄་ལ་ནུ་ཨཱ་ག་མར་འགྱུར་རོ། །ཥཎྞཱཾ། པཉྩཱ་ནཱཾ། ད་ཤཱ་ནཾ། ཨཱམ྄་ལ་ཞེས་པ་ཅི་ཞེ་ན། ཥཌྦྷིཿ པཉྩ་བྷིཿ། གྲངས་ ལས་ཞེས་པ་ཅི་ཞེ་ན། བི་སྲུ་ཥཱཾ། ཡ་ཛཱ་ནཱམ྄། ཀ་ཏི་ལས་ཀྱང་ཛས་ཤས྄་དག་གི་འཇིག་གོ། །ཥ་ཡིག་གི་མཐའ་ཅན་དང་། ན་ཡིག་གི་མཐའ་ཅན་གྱི་གྲངས་ལས་དང་། དེ་བཞིན་དུ་ཀ་ཏིའི་སྒྲ་ལས་ཀྱང་ཕྱི་མའི་ཛས྄་ཤས྄་དག་འཇིག་པར་འགྱུར་རོ། །ཥཊྚི་ཥྛཱནྟི། ཥཊ་པ་ཤྱ། པཉྩ་ཏིཥྛནྟི། པཉྩ་པ་ཤྱ། ཀ་ཏི་ཏིཥྛནྟི། ཀ་ཏི་པ་ཤྱ། ནཱི་ལས་ངི་ཨཱ་མ྄འོ། །ཎཱི་ཉ་ཐོབ་པ་ལའོ་ཞེས་པ་འདི་ཀྭིཔའི་མཐའ་ལས་ཕ་རོལ་གྱི་ངི་ཨཱམ་དུ་འགྱུར་རོ། །སེ་ནཱ་ནྱཾ། གྲཱ་མ་ཏྱཱཾ། ན་ཉིད་དུ་བྱས་པ་ན་ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་གཞན་མ་ཡིན་པ་དང་འདྲའོ་ཞེས་པའི་ཚིག་ལས་ཨཱམ྄་དུ་བསྒྱུར་བའོ། །ཇོ་བོ་ དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་དང་པོ་རྫོགས་སོ།། །།སྙོམས་ཆུང་ལོཙྪ་བ་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་ཆེན་པོ་རིག་པའི་རྒྱལ་པོ་ཞེས་བྱ་བའོ། །བསྟན་པ་དང་སེམས་ཅན་ལ་ཕན་པ་ ཆེར་འབྱུང་བར་གྱུར་ཅིག། །༄༅༅། །ཕྱག་བྱ་བར་འོས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་ཁི་ཊཱ་སོགས་ལ་ཨགྣི་མ་ཡིན་ནོ། །རྣམ་དབྱེའི་ཚོགས་ཀྱི་ཊཱ་དང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ས་ཁིའི་སྒྲ་རྣམ་དབྱེ་ཊཱ་སོགས་ཀྱི་ཚོགས་ཕ་རོལ་ ལ་ཨགྣིའི་མིང་ཅན་དུ་མི་འགྱུར་རོ། །ས་ཁྱཱ། ས་ཁྱེ། ནཱ་རུ་འགྱུར་བ་དང་ཨེ་ཉིད་དུའང་འགྱུར་བ་མེད་དོ། །ཊཱ་སོགས་ལ་ཞེས་པ་ཅི་ཞེ་ན། ས་ཁཱི་ནཱ། མདོ་ཕྱི་མའི་བསྡུ་བ་མ་ཡིན་པ་སྨོས་པ་སེང་གེའི་ལྟ་སྟངས་ཀྱི་རིགས་པས་འདིར་རྗེས་སུ་འབྲེལ་ཏེ། དེས་ན་བསྡུ་བ་ལ་དགག་ པ་མི་འགྱུར་རོ། །སུ་ས་ཁི་ནཱ། སུ་ས་ཁ་ཡེ། པ་ཏི་བསྡུ་བ་མ་ཡིན་པ་ལའོ། །པ་ཏིའི་སྒྲ་རྣམ་དབྱེ་ཊཱ་སོགས་ཕ་རོལ་ལ་ཨགྣིའི་མིང་ཅན་དུ་མི་འགྱུར་ཏེ། བསྡུ་བ་མ་ཡིན་ན་སྟེ་བསྡུ་བའི་ཡུལ་འདོར་བ་ཉིད་ནའོ། །པ་ཏྱཱ། པ་ཏྱེ། བསྡུ་བ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ན་ར་པ་ཏི་ནཱ། ན་ར་ 195-1-97a པ་ཏ་ཡེ། ཊཱ་སོགས་ཞེས་པ་ཅི་ཞེ་ན། པ་ཏཱི་ནཱ། སྟྲཱི་ན་དཱི་འདྲའོ། །སྟྲཱིའི་སྒྲ་ནི་ན་དཱི་དང་འདྲ་བར་འགྱུར་རོ། །སྟྲཱི་ཎཱཾ། སྟྲཱི་ཡཻ། སྟྲཱི་ཡཱཿ། སྟྲཱི་ཡཱཿ། སྟྲི་ཡཱཾ། ན་དཱིའི་མིང་གིས་གྲུབ་ཀྱང་སྦྱོར་བ་རྩོམ་པ་ནི་ཕྱི་མ་གཉིས་ཀྱི་སྦྱོར་བ་རྣམས་བརྟག་མི་འཇུག་པའི་དོན་དུའོ། ། བུད་མེད་དུ་བརྗོད་པ་ཨིཡ྄་ཨུཝ་དག་ཨམ྄་ལ་ཡང་ནའོ། །ན་དཱི་དང་འདྲའོ་ཞེས་པ་ཁོ་ནའོ། །བུད་མེད་བརྗོད་པ་སྟེ་བུད་མེད་འཆད་པའི་ཨིཡ་ཨུཝ་ཞེས་པ་འདི་དག་བསྒྱུར་བ་མཐོང་བ་དེ་དག་གི་ཨཱམ་ཕ་རོལ་ལ་ན་དཱི་དང་འདྲ་བར་ཡང་ན་འགྱུར་རོ། །ཤྲཱི་ཎཱཾ། ཤྲི་ཡཱཾ། བྷྲཱུཾ་ཎཱཾ། བྷྲུ་ཝཱཾ། ན་དཱི་དང་ འདྲ་བར་འགྱུར་བའི་ཕྱོགས་ལ་ནུ་ཨཱ་ག་མའོ། །བུད་མེད་ལ་ཞེས་བྱ་བ་ལ་བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཡིན་པ་ནི་ན་དཱི་དང་འདྲ་བར་འགྱུར་བའི་དོན་ཏོ། །དེས་ན་འདིར་མི་འགྱུར་ཏེ། ཡ་ཝ་ཀྲི་ཡཱཾ་སྟྲཱི་ཎཱཾ། ཀ་ཊ་སྲུ་ཝཱཾ་སྟྲཱི་ཎཱ། ཨིཡ྄་ཨུཝ་དག་ཅེས་པ་ཅི་ཞེ་ན། ཤསྟྲཱི་ཎཱཾ། ཛམྦུ་ཎཱཾ། ཐུང་ངུའིའང་ང་ལྡན་ལའོ། །འདིར་རུས་སྦལ་འཕར་བའི་རིགས་པས་ཨགྣི་སྨོས་པ་རྗེས་སུ་འཇུག་གོ། །བུད་མེད་བརྗོད་པ་སྟེ་བུད་མེད་འཆད་པའི་ཨིཡ྄་ཨུཝ་དག་དང་། བུད་མེད་ལ་འཇུག་པའི་ཨགྣིའི་མིང་ཅན་ཐུང་ངུའི་མཐའ་ཅན་གྱིའང་ང་ལྡན་གྱི་ཚིག་ཕ་རོལ་ལ་ན་དཱི་དང་ འདྲ་བར་ཡང་ན་འགྱུར་རོ། །ཤྲི་ཡཻ། ཤྲི་ཡཱཿ། ཤྲི་ཡཱཿ། ཤྲི་ཡཱམ། ཤྲི་ཡེ། ཤྲི་ཡཿ། ཤྲི་ཡཿ། ཤྲི་ཡི། བྷྲུ་ཝཻ། བྷྲུ་ཝཱཿ། བྷྲུ་ཝཱཿ། བྷྲུ་ཝཱམ྄། བྷྲུ་ཝེ། བྷུ་ཝཿ། བྷྲུ་ཝཿ། བྷྲུ་ཝི། བུདྦྷྱཻ། བུདྡྷྱཻཿ བུདྡྷྱཱཿ བུདྡྡྱཱམ྄། བུདྡྷ་ཡེ། བུདྡྷེཿ། བུདྡྷེཿ། བུདྡྷཽ། དྷེནྭཻ། དྷེ་ནྭཱཿ། དྷེ་ནྭཱམ྄། དྷེ་ན་ཝེ། དྷེ་ནོཿ། དྷེ་ནཽ། བུད་མེད་ལ་འཇུག་པ་ཞེས་པ་ཅི་ཞེ་ན། ཨགྷ་ཡེ། ཨགྣེའི་མིང་ཅན་ཞེས་པ་ཅི་ཞེ་ན། མཱ་ཏྲེ། མ་ནིང་ལས་སི་ཨམ་དག་གི་དབྱི་སྟེ་དེ་ལ་བརྗོད་པའང་མ་ཡིན་ནོ། །དེ་དག་མ་བརྗོད་པའོ། །མ་ནིང་གི་རྟགས་ལས་ཕ་རོལ་གྱི་སི་ཨམ྄་དག་དབྱི་བར་འགྱུར་ཏེ། གང་དེ་དག་ཕ་ རོལ་དག་གི་བརྗོད་པའི་བྱ་བ་དེའང་མི་འགྱུར་རོ། །རྐྱེན་ཕྱིས་པ་ལ་རྐྱེན་གྱི་མཚན་ཉིད་དོ་ཞེས་ངག་ལས་འཐོབ་པ་ལའོ། །སུ་ས་ཁི་ཀུ་ལཾ་ཏིཥྛ་ཏི། སུ་ས་ཁི་ཀུ་ལཾ་པ་ཤྱ། རིགས་གང་གི་གྲོགས་པོ་བཟང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་ས་ཁིའི་འང་ངོ་ཞེས་པས་ཨན་དུ་ 195-1-97b བསྒྱུར་བ་འཐོབ་པ་ལའོ། །སུ་དྱུ་ཨ་ཧསྟིཥྠ་ཏི། སུ་དྱུ་ཨ་ཧཿ། པ་ཤྱ་ཉིན་མོ་གང་ལ་ཉི་མ་བཟང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྫོགས་པ་དང་གསལ་བྱེད་དང་པོ་དག་གི་ཞེས་པས་དེ་བཱའི་ཨུ་ཉིད་དོ། །འདིར་སི་ལ་ཨཽའོ། །ཨམ྄་ལ་ཡང་ན་ཨཱའོ་ཞེས་པས་ཨཽ་ཉིད་དང་ཨཱ་ཉིད་ཐོབ་ པ་ལའོ། །འོ་ན་དྱུ་དང་ས་ཁིའི་སྒྲ་དག་གི་གཙོ་བོ་མིན་པའི་ཕྱིར་ཚིག་སྡུད་ལ་བརྟེན་པ་ཅན་གྱི་བྱ་བར་མི་འགྱུར་རོ་ཞེ་ན། བདེན་ཏེ། གཙོ་བོ་ལ་བྱ་བ་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་པའི་ཚིག་རྟག་ཏུ་མ་ཡིན་ནོ། །རྟག་ཏུ་ཡོད་ན་པྲི་ཡ་ད་དྷི་ཞེས་པ་ལ་སོགས་པ་ཨན་དུ་བསྒྱུར་བར་མི་འགྱུར་རོ། །མ་ནིང་ལས་ཞེས་པ་ཅི་ཞེ་ན། ཀརྟཱ། ཀརྟཱ་རཾ། ས་ཨམ྄་དག་ཅེས་པ་ཅི་ཞེ་ན། པ་ཡ་སཱ། མ་ནིང་ལས་སི་ཨམ྄་དག་གི་འཇིག་གོ་ཞེས་མ་བྱས་པ་ནི་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཚིག་སྡུད་ལ་བརྟེན་པ་ཅན་གྱི་བྱ་བར་མི་འགྱུར་ཏེ། འཇིག་གོ་ཡིས་དབྱི་བ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ་ཞེས་པའི་ དགག་པ་ལས་སོ། །ཨ་ཡིག་ལས་སཾ་བུདྡྷི་མ་ཡིན་པ་ལ་མུའང་ངོ་། །ཨ་ཡིག་ལས་ཞེས་པ་དྲུག་པའི་གནས་ལ་ལྔ་པ་སྟེ། དེས་ན་ཨ་ཡིག་གི་མཐའ་ཅན་གྱི་མ་ནིང་གི་རྟགས་ཀྱི་ནི་སི་ཨམ྄་དག་ཕ་རོལ་ལ་མུ་ཨཱ་ག་མར་འགྱུར་ཏེ། སཾ་བུདྡྷི་མ་ཡིན་པ་ལ་སྟེ་སཾ་བུདྡྷིའི་ཡུལ་དོར་བ་ཉིད་ནའོ། །ཨུ་ ཡིག་ནི་ཨཱ་ག་མ་ཨུད་རྗེས་སུ་འབྲེལ་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་མདོ་ཕྱི་མར་ཡང་ངོ་། །ཀུཎྜམ྄། ཝ་ནམ྄། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་ཀུཎྜ། ཨ་ནྱ་སོགས་ལས་ནི་ཏུའོ། །སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ལྡོག་གོ། །ཨ་ནྱ་ལ་སོགས་པའི་ཚོགས་ཀྱི་མ་ནིང་གི་རྟགས་ཅན་ གྱི་སི་ཨམ྄་དག་ཕ་རོལ་ལ་ནི་ཏུ་ཨཱ་ག་མར་འགྱུར་རོ། །ཨནྱ་ཏྟིཥྠ་ཏི །ཨ་ནྱཏྤ་ཤྱ། ཧེ་ཨནྱཏ྄། ཨ་ནྱ། ཨ་ནྱ་ཏ་ར། ཨི་ཏ་ར། ཌ་ཏ་ར། ཌ་ཏ་མ། ཨཽ་ཨཱིའོ། །ཁྱད་པར་གྱི་དམིགས་བསལ་ནི་དཀྱུས་མ་འགོག་པ་མ་ཡིན་ནོ་ཞེས་པས་མ་ནིང་ལས་ཞེས་པ་འཇུག་གི །བར་མ་ཆད་ཀྱི་ཨ་ནྱ་ སོགས་ནི་མི་བཟུང་སྟེ། མ་ནིང་ལས་ཕ་རོལ་གྱི་ཨཽ་ཡིག་ཨཱི་ཡིག་ཏུ་འཐོབ་པའོ། །ཀུཎྜེ། པ་ཡ་སཱི། ཛས྄་ཤས྄་དག་གི་ཤིའོ། །མ་ནིང་གི་རྟགས་ལས་ཕ་རོལ་གྱི་ཛས྄་ཤས྄་དག་གི་ཤི་རུ་བསྒྱུར་བར་འགྱུར་རོ། །ཀུཎྜཱ་ནི་ཏིཥྛཾ་ཏི། ཀུཎྜཱ་ནི་པ་ཤྱ། ད་དྷཱི་ནི། མ་དྷུ་ནི། པ་ཡཱཾ་སི། གོ་མནྟི། ཛས྄་ 195-1-98a ཤས྄་དག་གི་ཞེས་པ་ཅི་ཞེ་ན། གོ་མ་ཏ་ཛས྄་དང་ལྷན་ཅིག་སྤྱོད་པའི་ཤས་འཛིན་པའི་ཕྱིར་འདིར་མི་འགྱུར་ཏེ། ཤ་ཏཾ་ཤ་ཏཾ་ད་དཱ་ཏི། ཤ་ཏ་ཤོ་ད་དཱ་ཏི། དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ། །གྷུཊ་དང་དབྱངས་ནི་གྷུཊ་དབྱངས་སོ། །དྲུག་པའི་གནས་ལ་ལྔ་པ་སྟེ། དེས་ ན་གྷུཊའི་མཐའ་ཅན་དང་དབྱངས་ཀྱི་མཐའ་ཅན་གྱིའང་མ་ནིང་གི་རྟགས་ཀྱི་ནི་གྷུཊ་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །རེ་ཞིག །དྷུཊའི་མཐའ་ཅན་གྱི། ས་ཀྲྀནྟི། པ་ཡཱཾ་སི། དབྱངས་ཀྱི་མཐའ་ཅན་གྱི། ཀུཎྜི་ནི། ཝ་ནཱ་ནི། དྷུཊ་དང་དབྱངས་ལས་ཞེས་པ་ཅི་ཞེ་ན། ཨ་ཧཱ་ནི། ཙ་ཏྭ་རི། གྷུཊ་ལ་ཞེས་པ་ཅི་ཞེ་ན། པ་ཡ་སཱི། ནཱ་མཱི་ལས་དབྱངས་ལའོ། །ནཱ་མཱིའི་མཐའ་ཅན་གྱི་མ་ནིང་གི་རྟགས་ལས་དབྱངས་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །ད་དྷི་ནཱི། པ་ཊུ་ནཱི། ཛ་ཊུ་ནི། ནཱ་མི་ཞེས་པ་ཅི་ཞེ་ན། ཀུཎྜེ། དབྱངས་ཞེས་པ་ཅི་ཞེ་ན། ཝ་རི་བྷིཿ། ཨསྠི་ད་དྷི་ཤྭཀྠི་ཨཀྵི་ རྣམས་ཀྱི་ཊཱ་སོགས་ལ་མཐའ་ཨནའོ། །ཨ་སྠི་དང་ད་དྷཱི་དང་ཤཀྠི་དང་ཨཀྵི་ཞེས་པ་འདི་རྣམས་ཀྱི་ཊཱ་སོགས་དབྱངས་ཕ་རོལ་ལ་མཐའ་ཨན་དུ་བསྒྱུར་བ་འཐོབ་བོ། །སྔ་མས་ནུ་ཨཱ་ག་མ་འཐོབ་པ་འགེགས་སོ། །ཨསྠ། ཨསྠེ། དདྷྣཱ། དདྷྣེ། ཤཀྠཱ། ཤཀྠཱེ། ཨཀྵྞ། ཨཀྵྞཱེ། ཊཱ་སོགས་ ཞེས་པ་ཅི་ཞེ་ན། ཨསྠཱི་ནི། ད་དྷི་ནི། ཤཀྠཱི་ནི། ཨཀྵཱི་ཎི། དབྱངས་ཞེས་པ་ཅི་ཞེ་ན། ཨསྠཱི་བྷྱཱམ྄། སྐྱེས་པར་བཤད་པ་ཅན་ནི་སྐྱེས་པ་བཞིན་ཡང་ནའོ། །གང་གིས་སྐྱེས་པར་བཤད་པ་དེ། སྐྱེས་པར་བཤད་པ་ཅན་ནོ། །བསྡུ་བའི་མཐར་གྱུར་པ་ཞེས་པས་བསྡུ་བའི་མཐའ་ལས་ཀ་ཡིག་ གོ། །ནཱ་མིན་ལས་ཊཱ་སོགས་ཀྱི་དབྱངས་ལ་ཞེས་པའང་རྗེས་སུ་འཇུག་གོ། །ནཱ་མིནའི་མཐའ་ཅན་སྐྱེས་པར་བཤད་པ་ཅན་གྱི་མ་ནིང་གི་རྟགས་ནི་ཊཱ་ལ་སོགས་པའི་དབྱངས་ཕ་རོལ་ལ་སྐྱེས་པ་བཞིན་ཡང་ན་འགྱུར་རོ། །སྐྱེས་པ་ལ་གང་བཤད་པའི་བྱ་བ་དེ་སྐྱེས་པར་བཤད་པ་ཅན་གྱི་ནཱ་མའི་མཐའ་ ཅན་མ་ནིང་གི་རྟགས་ལས་ཡང་ན་འགྱུར་རོ་ཞེས་པའི་དོན་ཏོ། །སྐྱེས་པ་བརྗོད་པ་ཁ་ཅིག་ལ་མ་ནིང་ལ་དབྱངས་ཐུང་ངུ་ཞེས་པས་ཐུང་ངུར་འགྱུར་བ་མེད་ཅིང་། ནཱ་མིན་ལས་དབྱངས་ལའོ་ཞེས་པས་ནུ་ཡིག་ཨཱ་ག་མའང་ངོ་། །གྲཱ་མ་ཎཱི། བྲཱཧྨ་ཎཱཿ གྲཱ་མ་ཎི་ཀུ་ལཾ། གྲཱ་མ་ཎྱཱ་ཀུ་ལེ་ན། 195-1-98b གྲཱ་མ་ཎི་ནཱ་ཀུ་ལེ་ན། གྲཱ་མ་ཎྱེ་ཀུ་ལཱི་ཡ། གྲཱ་མ་ཎི་ནེ་ཀུ་ལཱ་ཡ། སྐྱེས་པ་དང་འདྲ་བའི་ཕྱོགས་ལ་ཐུང་ངུ་དང་ནུ་ཡིག་ཨཱ་ག་མ་དག་མེད་དོ། །ཡི་གེ་གཅིག་མ་ཡིན་པ་དག་གི་ནི་བརྩེགས་པ་མ་ཡིན་པ་ལས་ཞེས་པས་ཡ་ཉིད་དོ། །མྲྀ་དཱུ་བྲཧྨ་ཎཿ། མྲྀ་དུ་ཀུ་ལཾ། མྲྀ་དུ་ནེ་ཀུ་ལཱ་ཡ། མྲྀ་དྭེ་ཀུ་ ལཱམ། སྐྱེས་པར་བཤད་པ་ཅན་ཞེས་པ་ཅི་ཞེ་ན། པྲ་སུ་ཎེ། ནཱ་མའི་མཐའ་ཅན་ཞེས་པ་ཅི་ཞེ་ན། ཀཱི་ལཱ་ལ་པཱ་བྲཱཧྨ་ཎཿ། ཀཱི་ལཱ་ལ་པ་ཀུ་ལཾ། ཀཱི་ལཱ་ལ་པེ་ན་ཀུ་ལེ་ན། གལ་ཏེ་སྐྱེས་པ་དང་འདྲ་བར་འགྱུར་ན་དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུར་འགྱུར་བ་མེད་དོ། །མ་ནིང་ལ་ཞེས་པ་ཅི་ཞེ་ན། མྲྀ་དུ་ སཱ་ཊཱ་ཀ །མྲྀ་དྭཱ་སྟྲཱི་མྲྀད྄་ཝི། སྐྱེས་པ་དང་འདྲ་བར་འགྱུར་བ་ཡོད་ན་ཨཻའི་དངོས་པོར་མི་འགྱུར་རོ། །ཊཱ་སོགས་ལ་ཞེས་པ་ཅི་ཞེ་ན། མྲྀ་དུ་ནཱི་ཝ་སྟྲེ། དབྱངས་ལ་ཞེས་པ་ཅི་ཞེ་ན། གྲ་མ་ཎི་བྷྱཱཾ། ཀུ་ལཱ་བྷྱཱཾ། དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །འདིར་ཡང་ནའི་སྒྲ་ནི་རྣམ་པར་གཞག་པ་ རྣམ་པར་བཤད་པ་བརྗོད་པ་སྟེ། དེས་ན། པཱི་ལཱུཿབྲྀཀྵཿ། པཱི་ལུ་ཕ་ལཾ། པཱི་ལུ་ནེ་ཕ་ལཱ་ཡ་ཞེས་སོགས་ལ་འགྱུར་བ་མེད་དོ། །ནུ་དང་བཅས་པའི་ཨཱམ྄་ལ་རིང་པོའོ། །གང་ནུ་དང་ལྷན་ཅིག་འཇུག་པའི་ཨཱམ྄་དེ་ནི་ནུ་དང་བཅས་པ་དེའོ། །རིང་པོའི་སྒྲ་ནི་ཐུང་ངུའི་གནས་ཅན་འཕེན་པ་སྟེ་ འབྲེལ་པ་ཅན་གྱི་སྒྲ་ཉིད་ཀྱི་ཕྱིར་རོ། །དེས་ན་ཐུང་ངུའི་མཐའ་ཅན་གྱི་རྟགས་ནི་ནུ་ཡིག་དང་བཅས་པའི་ཨཱཾ་ཕ་རོལ་རིང་པོར་འཐོབ་པོ། །དེ་ཝཱ་ནཱམ྄། ཨགྣི་ནཱཾ། ཝ་ཡཱུ་ནཱཾ། བྲྀཀྵཱ་ནཱཾ། ཨཱམ྄་ཞེས་པ་ཅི་ཞེ་ན། ཝཱ་རི་བྷིཿ། ཝ་རེ།ནུ་དང་བཅས་པ་ལ་ཞེས་པའི་ཨཱམ་གྱི་ཁྱད་པར་གྱི་ཕྱི་ མའི་དོན་ནོ། །འདིར་ནི་ཨཱམ་གྱི་རྐྱེན་ནུ་ཡིག་ཨཱ་ག་མ་ལ་མི་འཁྲུལ་ལོ། །ན་མཐའི་ཡང་ཨུ་པ་དྷཱའི་འོ། །ན་ཡིག་མཐའ་ཅན་གྱི་རྟགས་ཀྱི་ནུ་དང་བཅས་པའི་ཨཱམ་ཕ་རོལ་ལ་ཨུ་པ་དྷཱ་རིང་པོར་འཐོབ་པོ། །པཉྩཱ་ནཱཾ། སཔྟཱ་ནཱཾ། ན་མཐའི་ཞེས་པ་ཅི་ཞེ་ན། ཙ་ཏུརྞྞཱ་མ྄། ཥཎྞཱམ྄། ནུ་དང་བཅས་པའི་ ཞེས་པ་ཅི་ཞེ་ན། ཙརྨ་ཎཱམ྄། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ། །ན་མཐའི་རྟགས་ནི་སཾ་བུ་དྡྷི་མ་ཡིན་པའི་གྷུཊ་ཕ་རོལ་ལ་ཨུ་པ་དྷཱ་རིང་པོར་འགྱུར་རོ། །རཱ་ཛཱ། རཱ་ཛཱ་ནཽ། རཱ་ཛཱ་ན། རཱ་ཛཱ་ནམ྄། རཱ་ཛཱ་ནཽ། སཱ་མཱ་ནི། ན་མཐའི་ཞེས་པ་ཅི་ཞེ་ན། ཡོ་ཥི་ཏཱ། གྷུཊ་ལ་ཞེས་པ་ཅི་ཞེ་ན། རཱ་ཛ་ནི། 195-1-99a སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་རཱ་ཛཱན྄། ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱའི་འོ། །རྟགས་གང་གི་མཐའ་ས་ཡིག་ཡིན་པ་དེས་མཐའ་འོ། །ས་མཐའ་དང་མ་ཧནྟ་དེ་དག་ནི་ས་མཐའ་མ་ཧནྟ་དག་གོ། །ནའི་ཨུ་པ་དྷཱ་ནི་ན་ཨུ་པ་དྷཱའོ། །གྷུཊ་ལ་ཞེས་པ་ཁོ་ནའོ། ། སཾ་བུདྡྷི་མ་ཡིན་པ་སྨོས་པ་ནི་དི་ཝའི་གསལ་བྱེད་ལ་ཨུཏའོ་ཞེས་པ་འདི་ལས་གོང་དུ་རྗེས་སུ་འཇུག་གོ། །ས་མཐའི་རྟགས་དང་མ་ཧནྟ་ཞེས་པ་འདིའི་སམྦུདྡྷི་མ་ཡིན་པའི་གྷུཊ་ཕ་རོལ་ལ་ཨུ་པ་དྷཱ་གང་ཡིན་པ་དེ་རིང་པོར་འགྱུར་རོ། །ཤྲེ་ཡཱ་ན། ཤྲ་ཡཱནྶཽ། ཤྲེ་ཡནྶི། མ་ཧཱན། མ་ཧཱནྟཽ། མ་ཧཱནྟི། ས་མཐའ་ དང་མ་ཧནྟ་དག་གི་ཞེས་པ་ཅི་ཞེ་ན། གོ་མནྟི། ནའི་ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཛ་ར་པཽ། གྷུཊ་ལ་ཞེས་པ་ཅི་ཞེ་ན། ཤྲེ་ཡ་སོཿ། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་ཤེ་ཡན། ཧེ་མ་ཧན། ཨ་པའི་འང་ངོ་། །ཨཔ་ཞེས་པ་འདིའི་ཐུང་ངུ་གང་ཡིན་པ་དེ་རིང་པོར་འགྱུར་ཏེ། སམྦུདྡྷི་མ་ ཡིན་པའི་གྷུཊ་ཕ་རོལ་ལའོ། །ཨཱ་པཿསྭཱམྤི་ཏ་ཌཱ་གཱ་ནི། རྫིང་བུ་གང་ལ་ཆུ་བཟང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དྷུ་ཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །གྷུཊ་ལ་ཞེས་པ་ཅི་ཞེ་ན། ཨ་པཿཔ་ཤྱ། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་བ་ཧོ་སཱ། གང་ཆུ་ མང་པོ་ཡོད་པ་དེ་ནི་ཆུ་མང་པོ་ཅན་ཏེ་དེའི་བོད་པ་འདིའོ། །ཨནྟུ་དང་ཨས་མཐའི་འང་བྱིངས་མ་ཡིན་པའི་སི་ལའོ། །ཨནྟུ་དང་ཨས་དེ་དག་ནི་ཨནྟུ་ཨས་དག་གོ། །དེ་དག་སྒྲ་གང་ཞིག་གི་མཐའ་ཅན་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བྱིངས་མ་ཡིན་ནི་བྱིངས་མིན་ནོ། །ཨནྟུའི་མཐའ་ཅན་ གྱི་སྒྲ་དང་། ཨས་མཐའི་བྱིངས་མ་ཡིན་པ་སྟེ་བྱིངས་ཀྱི་ཡུལ་དང་བྲལ་བ་དེའི་རིང་པོར་འགྱུར་ཏེ། སཾ་བུདྡྷི་མ་ཡིན་པའི་སི་ཕ་རོལ་ལའོ། །བྷ་ཝཱན྄། གོ་མཱན྄། ཙནྡྲ་མཿ། ཨཔྶ་རཱཿ། གང་གི་གྲགས་པ་བཟང་པོ་ཡིན་པ་དེ་གྲགས་བཟང་ངོ་། །མཐའ་མེད་ན་མཐའ་དང་ཡུལ་མཚུངས་ པའི་ཞེས་པ་དག་ལས་ཨནྟུ་དང་ཨས྄་དག་གི་ཨ་ཡིག་རིང་པོར་རྣམ་པར་ཤེས་པར་བྱ་སྟེ། ཨུཏ་རྗེས་སུ་འབྲེལ་པ་དང་ལྡན་པའི་མཐའ་ཞེས་སྨོས་པའི་ཕྱིར་རོ། །དེས་ན་རྀ་ཡིག་རྗེས་སུ་འབྲེལ་པ་དང་ལྡན་པའི་མི་འགྱུར་ཏེ། པ་ཐ་ནཱ། ད་ལྟར་བ་ལ་ཤནྟྲིངའོ། །ཨན་བི་ཀ་ར་ཎའོ། །ཨ་དང་ 195-1-99b མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །བྱིངས་མ་ཡིན་པའི་ཞེས་པ་ཅི་ཞེ་ན། པིཎྜ་གྲཿ གྲ་སུ་ཟ་བ་ལའོ། །ལྷག་མ་ཟ་བར་བྱེད་དོ་ཞེས་པས་ཀྭིཔྲའོ། །ཀྭིཔའི་མཐའ་ཅན་ནི་བྱིངས་ཉིད་སྟོན་པ་མ་ཡིན་ཞིང་། རྟགས་ཉིད་དུའང་རྟོགས་པར་བྱའོ་ཞེས་པ་ཀྭིཔ྄འི་མཐའ་ཅན་ནི་བྱིངས་ཉིད་ དོ། །སི་ལ་ཞེས་པ་ཅི་ཞེ་ན། གོ་མནྟཽ། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་གོ་མན། ཧེ་ཙནྡྲ་མཿ། ཨི་ན་ཧན྄་པཱུ་ཥན྄་ཨརྱ་མན་རྣམས་ཀྱི་ཤི་སི་ལའང་ངོ་། །ཨིན་དང་ཧན་དང་། པཱུ་ཥན྄་དང་ཨརྱ་མན་ཞེས་པ་འདི་རྣམས་ཀྱི་ཨུ་པ་དྷཱའི་རིང་པོར་འགྱུར་ཏེ།སི་དང་ཤི་ཕ་རོལ་ལའང་ ངོ་། །གྲོང་ཁྱེར་གང་རྣམས་སུ་དཔྱ་མང་པོ་ཡོད་པ་དེ་ནི། བ་ཧུ་དཎྜཱི་ནི། དེ་བཞིན་དུ། བ་ཧུ་བྲྀ་ཏྲ་ཧཱ་ཎི། བ་ཧུ་པཱུ་ཥཱ་ཎི། བ་ཧུ་ཨརྱ་མཱ་ཎཱི། དཎྜི་བྲྀ་ཏྲ་ཧཱ། པཱུ་ཤཱ། ཨཪྻ་མཱ། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོར་གྲུབ་མོད། སྦྱོར་བ་བརྩམ་པ་ནི་ངེས་པའི་དོན་དུའོ། །དེས་ན། ཨིན་ལ་སོགས་པ་རྣམས་ཀྱི་ཤི་སི་དག་ཁོ་ནའི་གྷུཊ་རིང་པོ་ལྟ་བུར་འགྱུར་གྱི། གྷུཊ་གཞན་ལ་ནི་མི་འགྱུར་ཏེ། དཎྜི་ནཿ། བྲྀ་ཏྲ་ཧ་ཎཿ །པཱུ་ཥ་ཎཿ། ཨཪྻ་མ་ཎཽ། ཨཪྻ་མ་ཎཿ། ཨུ་ཤ་ནས྄་པུ་རུ་དཾ་ཤས྄་ཨ་ནེ་ཧས་རྣམས་ཀྱི་ས་ལ་ཨན་མཐའོ། །ཨུ་ཤ་ནས་དང་། པུ་རུ་དཾ་ཤས་དང་ཨ་ནེ་ ཧས་ཞེས་པ་འདི་རྣམས་ཀྱི་མཐའ་ཨན་དུ་བསྒྱུར་བ་འཐོབ་སྟེ། སམྦུདྡྷི་མ་ཡིན་པའི་ས་ཕ་རོལ་ལའོ། །ཨུ་ཤ་ནཱ། པཱུ་རུ་དཾ་ཤཱ། ཨ་ནེ་ཧཱ། འདིས་ས་ཡིག་ནི་ཨན྄་དུ་བསྒྱུར་བ་ལ་ཨ་ཡིག་དབྱིའོ། །གྷུཊ་ལའང་སམྦུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོའོ། །སི་ལ་ཞེས་པ་ཅི་ཞེ་ན། ཨུ་ ཤ་ན་སཽ། པུ་རུ་དཾ་ཤ་སཽ། ཨ་ནེ་ཧཿ སཾ་བུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་ཨུ་ཤ་ནཿ ཧེ་པུ་རུ་དཾ་ཤཿ ཧེ་ཨེ་ན་ཧ། སམྦུདྡྷིའི་ཡུལ་ལ་ཨུ་ཤ་ནས་གཟུགས་གསུམ་དུ་འདོད་དེ། ན་མཐའ་དང་དེ་བཞིན་དུ་ས་མཐའ་དང་དེ་བཞིན་དུ་ཨ་མཐའ་ཡང་ངོ་། །ཧེ་ཨུ་ཤ་ནན། ཧེ་ཨུ་ཤ་ནཿ ཧེ་ཨུ་ཤ་ན། ཕྱོགས་གཅིག་ལ་ཨན་དུ་བསྒྱུར་རོ། །རྟགས་མཐའི་ན་ཡིག་དབྱིའོ། །ཕྱོགས་ཅན་ནི་ཡི་གེའི་ཞེས་པའི་ཚིག་ལས་ཀྱང་མཐའ་གཟུང་བ་འཐོབ་པ་ལ་སླར་ཡང་མཐའ་སྨོས་པ་ནི། གཅིག་མ་ཡིན་པའི་ཡི་གེ་ནི་ཐམས་ཅད་ཀྱིའོ་ཞེས་པས་ཨུ་ཤ་ནས་སོགས་རྣམས་ཀྱི་ཐམས་ 195-1-100a ཅད་ཨན་དུ་བསྒྱུར་བ་ལྡོག་པའི་དོན་དུའོ། །ས་ཁིའི་འང་ངོ་། །ས་ཁིའི་སྒྲའི་མཐའ་སམྦུདྡྷི་མ་ཡིན་པའི་སི་ཕ་རོལ་ལ་ཨན་དུ་བསྒྱུར་བ་འཐོབ་པོ། །ས་ཁཱ། སི་ལ་ཞེས་པ་ཅི་ཞེ་ན། ས་ཁི་བྷིཿ། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་ས་ཁེ། གྷུཊ་ལ་ནི་ཨེའོ། ། ས་ཁིའི་སྒྲའི་མཐའ་ཅན་ནི་སམྦུདྡྷི་མ་ཡིན་པའི་གྷུཊ་ཕ་རོལ་ལ་ཨེ་ཡིག་ཏུ་འགྱུར་རོ། །ས་ཁཱ་ཡཽ། ས་ཁཱ་ཡཿ། ས་ཁཡམ྄། ས་ཁཱ་ཡཽ། གྷུཊ་ལ་ཞེས་པ་ཅི་ཞེ་ན། ས་ཁི་བྷྱཱཾ། སམྦུདྡྷི་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཧེ་ས་ཁེ། དི་བའི་གསལ་བྱེད་ལ་ཨུཏའོ། །དིབ་ཅེས་པ་འདིའི་མཐའ་ གསལ་བྱེད་ལ་ཨུ་ཉིད་དུ་འགྱུར་རོ། །དྱུ་བྷྱཱཾ། དྱུ་བྷིཿ། དྱུ་ཥུ། ཏ་ཕ་ཕ་རོལ་དུ་བྱེད་པ་ནི་ཏ་ཕ་རོལ་ཅན་ནི་དེའི་དུས་ཀྱིའོ་ཞེས་པའི་ཚིག་ལས་ཨུ་ཡིག་ཉིད་འཛིན་པའི་དོན་དུའོ། །དབྱངས་ནི་འདྲ་བའི་ཡི་གེ་འཛིན་པར་བྱེད་པའོ་ཞེས་པའི་ཚིག་གི་ཨུ་ཡིག་ཏུའང་བསྒྱུར་བར་འགྱུར་བས་སོ། །གསལ་ བྱེད་ལ་ཞེས་པ་ཅི་ཞེ་ན། དི་ཝཾཽ། སུ་བྷ་དག་ལའོ་ཞེས་བྱ་བ་ལ་གསལ་བྱེད་སྨོས་པ་ནི་ཐུན་མོང་བའི་གསལ་བྱེད་ཡོངས་སུ་གཟུང་བའི་དོན་དུའོ། །དེས་ན་དི་ཝའི་དངོས་པོ་ནི་དྱུ་ཏཱ། དྱུ་ཏྭམ྄། ཨམ྄་ལ་ཡང་ན་ཨཱའོ་ཞེས་པའི་ཡང་ན་འབྲེལ་ཏེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ སོ། །དེས་ན་དེ་ཕན་གྱི་ཡའི་རྐྱེན་ལ་མི་འགྱུར་ཏེ། གསལ་བྱེད་ཀྱི་དངོས་པོ་ནི། དི་བྱམ། ཨུཏ་དང་གོ་སོགས་ལས་ཡཏའོ་ཞེས་པའི་སྦྱོར་བ་རྣམ་པར་གཞག་པ་ལས་ཡཏའོ། །སི་ལ་ཨོའོ། །དི་བ་ཞེས་པའི་སི་ཕ་རོལ་ཨོ་ཉིད་དུ་འགྱུར་རོ། །ཨུ་ཉིད་འགོག་པའོ། །དྱོོཿ། སི་ལ་ཞེས་ པ་ཅི་ཞེ་ན། དི་བི། ས་ལ་ཞེས་པ་ནི་དང་པོའི་གཅིག་གི་ཚིག་གཟུང་བར་བྱའི། བདུན་པའི་མང་ཚིག་ནི་མ་ཡིན་ཏེ། སུབ་ལ་ཞེས་པའི་བྱེད་པ་མེད་པས་སོ། །ཨམ་ལ་ཡང་ན་ཨཱའོ། །དི་བི་སྒྲའི་ཨམྲ་ཕ་རོལ་ལ་ཡང་ན་ཨ་ཉིད་དུ་འགྱུར་རོ། །དྱམ྄། དི་ཝམ྄། ཡུ་ཛིའི་གྷུཊ་ལ་བསྡུ་ བ་མ་ཡིན་ན་ནུའོ། །ཡུ་ཛིར་སྦྱོར་བ་ལའོ་ཞེས་པས་ཀྭིཔའི་མཐའ་ཅན་གྱི་བསྡུ་བ་མ་ཡིན་ན་གྷུཊ་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །ཡུང་། ཡུཾ་ཛཽ། ཡུཾ་ཛཿ། སྦྱོར་བར་བྱེད་དོ་ཞེས་པས་ཀྭིཔའོ། །སི་ལ་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་ཞེས་པས་གའོ། །ཚིག་སྡུད་མ་ཡིན་ 195-1-100b ན་ཞེས་པ་ཅི་ཞེ་ན། ཨ་ཤྭ་ཡུ་ཀ་ཨ་ཤྭ་ཡུ་ཛཽ། རྟ་ལ་སྦྱོར་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །གྷུཊ་ལ་ཞེས་པ་ཅི་ཞེ་ན། ཡུ་ཛཱ། ཡང་ན་ཞེས་པ་འཇུག་སྟེ། དེའི་འང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་ཡུ་ཛ་ཏིང་ངེ་འཛིན་ལའོ་ཞེས་པ་འདིའི་ཡུ་ཛིའི་མི་འགྱུར་ཏེ། ཡུ་ཛཾ། པྲཔྟ་མུ་ན་ཡཿ། ཡུ་ཛཾ་ནི་ཏིང་ངེ་འཛིན་ནོ་ཞེས་པའི་དོན་ནོ། །སྦྱོར་བར་བྱེད་དོ་ཞེས་པ་ཀྲི་ཏྱ་དང་ཡུ་ཊ་རྣམས་གཞན་དུའང་ངོ་ཞེས་པས་ཡུཊའོ། །ཨ་བྷྱསྟ་ལས་མ་ནིང་ལ་ཨནྟིའི་ན་ཡིག་ཡང་ན་མེད་དོ། །ཨནྟི་གང་ལ་ན་ཡིག་ཡོད་པ་མ་ཡིན་ནའོ་ཞེས་ཚིག་རྣམ་པར་སྦྱར་རོ། །གྷུཊ་ལ་ཞེས་པ་ཁོ་ ནའོ། །ཨནྟིའི་ཨ་ཡིག་ནི་བརྗོད་པའི་དོན་ཏོ། །ཨ་བྷྱསྟ་ཕ་རོལ་གྱི་ཨནྟི་ཞེས་པའི་སྒྲ་འདི་མ་ནིང་གི་ཡུལ་ཡིན་པ་ན་ན་ཡིག་མེད་དེ། ན་ཡིག་དབྱི་བར་ཡང་ན་འགྱུར་ཏེ། གྷུཊ་ཕ་རོལ་ལའོ། །ཨ་བྷྱ་སྟ་ལས་ཨནྟིའི་ན་དབྱིའོ་ཞེས་པས་རྟག་ཏུ་དབྱི་བ་འཐོབ་པ་ལའོ། །དད་ཏི་ཀུ་ལཱ་ནི། ད་དནྟི་ཀུ་ ལཱ་ནི། ཌུ་དཱཉ་སྦྱིན་པ་ལའོ། །ད་ལྟར་བ་ལ་ཤནྟྲྀད྄་ཞེས་པས་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཛུ་ཧོ་ཏི་སོགས་ལས་ཀྱང་ངོ་ཞེས་པས་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ལན་གཉིས་བརྗོད་དོ། །ཐུང་ངུའོ། །ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ ཨ་ཡིག་དབྱིའོ། །ཛས྄་ཤས་དག་གི་ཤིའོ། །འདིས་ན་ཡང་ན་དབྱིའོ། །དེ་བཞིན་དུ། ཛུ་ཧྭོ་ཏི། ཛུ་ཧྭནྟི། ཧུ་སྦྱིན་པ་དང་ལེན་པ་དག་ལའོ། །སྔ་མ་བཞིན་དུ་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །སྔ་མ་ལྟར་འཇིག་གོ། །ལན་གཉིས་བརྗོད་དོ། །ཧའི་ཛའོ། །ཛུ་ཧོསྟིའི་བྱིངས་ཐམས་ཅད་ པ་ལའོ་ཞེས་པས་ཝ་ཉིད་དོ། །ཛཀྵ་ཏི། ཛཀྵནྟི། ཛཀྵ་ཟ་བ་དང་དགོད་པ་དག་ལའོ། །འདིར་ཡང་ཤནྟྲྀངའོ། །ཛཀྵ་སོགས་ཀྱང་ངོ་ཞེས་པས་ཛཀྵའང་ཨ་བྷྱསྟའི་མིང་ཅན་ནོ། །ཨ་བྷྱསྟ་ལ་ཞེས་པ་ཅི་ཞེ་ན། མ་ཧནྟི་ཀུ་ལཱ་ནི། ཨནྟིའི་ཞེས་པ་ཅི་ཞེ་ན། ད་དྷ་ན་ནི་ཀུ་ལཱ་ནི། ཌུ་དྷཱཉ་འཛིན་པ་ ལའོ། །སྔ་མ་བཞིན་དུ། ཨཱ་ན་ཤའོ། །གཞན་སྔ་མ་དང་འདྲའོ། །གྷུཊ་ལ་ཞེས་པ་ཅི་ཞེ་ན། ད་ད་ཏཱི་ཀུ་ལེ། ཨཽ་ཨཱིའོ་ཞེས་པས་ཨཱི་ཡིག་གོ། །མ་ནིང་ལ་ཞེས་པ་ཅི་ཞེ་ན། ད་ད་ཏཽ་ཨི་མཽ། ཤི་ལའོ་ཞེས་བརྗོད་པར་བྱ་བ་ལ་མ་ནིང་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཏུད་དང་ 195-1-101a བྷ་སོགས་རྣམས་ལས་ཨཱི་ཡིག་ལའོ། །གང་རྣམས་ཀྱི་དང་པོ་ཏུད་ཡིན་པ་དེ་རྣམས་ནི་ཏུད་སོགས་རྣམས་སོ། །བྷཱ་ཞེས་པ་འདིས་འདི་འདྲ་བ་དེ་ནི་བྷ་སོགས་རྣམས་སོ། །ཏུད་སོགས་རྣམས་དང་བྷ་སོགས་རྣམས་ཏེ། དེ་རྣམས་ནི་ཏུད྄་དང་བྷཱ་སོགས་རྣམས་སོ། །དང་པོ་ དབྱི་ཞིང་ཐ་མ་དབྱི་བ་ཞེས་པས་སྔ་མའི་སོགས་པའི་སྒྲ་དབྱིའོ། །ཏུད྄་སོགས་རྣམས་དང་བྷཱ་སོགས་རྣམས་ལས་ཕ་རོལ་གྱི་ཨནྟིའི་སྒྲ་ཨཱི་ཡིག་ཕ་རོལ་ལ་ན་ཡིག་ཡང་ན་མེད་པར་འགྱུར་རོ། །ཨཱི་ཡིག་ནི་ཨཽ་ཨཱིའོ་ཞེས་པ་དང་བུད་མེད་དུ་བྱས་པའི་ཡང་གཟུང་ངོ་། །ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་ པའི་འོ་ཞེས་པས་རྟག་ཏུ་དབྱི་བ་འཐོབ་པ་ལའོ། །ཏུད་ཏཱི་ཀུ་ལེ། ཏུ་དནྟི་ཀུ་ལེ། ཏུད་ཏིསྟཱེ། ཏུ་དནྟིསྟྲི། དེ་བཞིན་དུ་སྲཱ་ཏཱི། སྭཱནྟཱི། དེ་བཞིན་དུ། ནུད་ཏི། ནུ་དནྟཱི། ཏུད྄་གདུང་བ་ལའོ། །ནུད྄་བསྐུལ་བ་ལའོ། །སྔ་མ་བཞིན་དུ་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་ དབྱིའོ། །གང་དུ་ཀུ་ལེའི་སྒྲ་ཡིན་པ་དེ་ལ་ཨཽ་ཨཱིའོ། །གང་དུ་སྟིའི་སྒྲ་ཡིན་པ་དེ་ལ་ར་ཡིག་རྗེས་སུ་འབྲེལ་པ་ཉིད་ལས་ཨཱིའོ། །བྷཱ་སོགས་རྣམས་ལས་ནི་བྷཱ་ཏཱ་ཀུ་ལེ། བྷཱནྟཱི་ཀུ་ལེ། བྷཱ་ཏཱིསྟྲི། བྷཱནྟཱི་སྟྲཱི། དེ་བཞིན་དུ། སྣཱ་ཏཱི། སྣཱནྟཱི། བྷ་གསལ་བ་ལའོ། །ཥྞ་དག་པ་ལའོ། །ཤནྟྲྀངའོ། །ཨན་ བི་ཀ་ར་ཎའོ། །ཨད྄་སོགས་ལས་འཇིག་གོ། །གང་འདིའི་བྷཱ་སོགས་སྒྲའི་སོགས་པའི་སྒྲ་དེ་ནི་རྣམ་པའི་དོན་ལ་སྟེ། རྣམ་པའང་འདྲ་བའོ། །དེས་ན་བྷཱ་ཞེས་པ་འདིས་གང་འདྲ་བའི་བྱིངས་ཨ་ཡིག་གི་མཐའ་ཅན་དེ་རྣམས་ཐམས་ཅད་བྷཱ་སོགས་སྨོས་པས་གཟུང་བར་བྱ་བའོ། །དེས་ན་ཡཱ་ཏཱི། ཡཱནྟཱི། ཡ་འཐོབ་པ་ལའོ། །ཏུད྄་དང་བྷ་སོགས་རྣམས་ཞེས་པ་ཅི་ཞེ་ན། བྷ་ཝཱནྟཱི། དཱི་བྱནྟཱི། འོ་ན་ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ྄་མ་ཡིན་པའི་འོ་ཞེས་པ་འདིས་རྟག་ཏུ་དབྱི་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཡང་ན་སྨོས་པ་རྗེས་སུ་འབྲེལ་ཏེ། དེའང་རྣམ་པར་གཞག་པ་ རྣམ་པར་བཤད་པར་བྱ་བ་ལས་སོ། །དེས་ན་ཨན་དང་ཡིན་གྱི་བི་ཀ་ར་ཎ་ལས་ཕ་རོལ་གྱི་ཨནྟིའི་ན་ནེ་ཨི་ཡིག་ཕ་རོལ་ལ་དབྱི་བར་མི་འགྱུར་རོ། །སྱའི་སྒྲ་ལས་ཕ་རོལ་གྱི་ཨནྟིའི་ན་ནི་ཨི་ཡིག་ཕ་རོལ་ལ་དབྱི་བར་ཡང་ན་བཤད་པར་བྱ་སྟེ། ཀ་རི་ཥྱ་ཏཱི། ཀ་རི་ཥྱནྟཱི། ཌུ་ཀྲྀཉ་བྱེད་པ་ལའོ། །ཤནྟྲྀང་ 195-1-101b དང་། ཨ་ན་སྱ་ལྷན་ཅིག་པ་དག་གོ་ཞེས་པས་སྱ་དང་ལྷན་ཅིག་པའི་ཤནྟྲྀངའི་རྐྱེན་ནོ། །ཧ་ན་དང་རྀཏ྄་མཐའ་ལས་ཀྱང་བྱ་ལའོ་ཞེས་པ་ཨིཊའོ། །ཧ་ནིའི་ཧིའི་གྷི་ཨུ་པ་དྷཱ་བྱིས་པ་ལའོ། །ཧ་ནི་ཧི་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པ་ཀྭིཔའི་མཐའ་ཅན་འདིའི་ཧ་ཡིག་གང་ཡིན་པ་དེའི་ཨུ་པ་དྷཱ་ དབྱི་བ་བྱས་པར་གྱུར་པ་ན་གྷ་ཉིད་དུ་འགྱུར་རོ། །གནས་ཅན་དང་བསྒྱུར་བ་དག་གི་ཨི་ཡིག་བརྗོད་པའི་དོན་ནོ། །བྲྀ་ཏྲ་གྷྣཱ། བྲྀ་ཏྲ་བཅོམ་མོ་ཞེས་པས་ཀྭིཔ྄འོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པས་ཨ་ཡིག་དབྱིའོ། །ཨུ་པ་དྷཱ་ཕྱིས་པ་ཞེས་པ་ཅི་ཞེ་ན། བྲྀ་ཏྲ་ཧ་ནཽ། བྲྀ་ཏྲ་ཧ་ཎཿ། འོ་ན་ཨུ་པ་དྷཱ་བྱིས་པའིའོ་ཞེས་པ་འདིས་གྷ་ཉིད་དུ་གྲུབ་པོ་ཞེས་པས་ཅིའི་ཕྱིར་སྦྱོར་བ་བརྩམས་ཏེ་དོན་མེད་དོ་ཞེ་ན། བརྗོད་པར་བྱ་སྟེ་བྱིངས་ཀྱི་བྱ་བ་བརྗོད་པ་ནི་བྱིངས་ཀྱི་རྐྱེན་ཁོ་ན་ལ་འགྱུར་རོ་ཞེས་པའི་ཚིག་ལས་སི་ལ་སོགས་པ་རྣམས་ལ་ཡོད་པའི་གྷ་ཉིད་འཐོབ་པ་མ་ཡིན་ནོ་ཞེས་པར་སྦྱོར་ བ་བརྩམས་སོ། །གལ་ཏེ་བྱིངས་ཀྱི་བྱ་བའང་རྟགས་ཀྱི་རྐྱེན་ལའང་འགྱུར་ན་གི་རིའི་གི་རའོ་ཞེས་པ་འདིར་དབྱངས་ལ་ཡང་ནའོ་ཞེས་པས་ལ་ཉིད་དུ་འགྱུར་རོ། །གོའི་གྷུཊ་ལ་ཨཽའོ། །གོའི་སྒྲ་གྷུཊ་ཕ་རོལ་ལ་ཨཽ་ཉིད་དུ་འགྱུར་རོ། །གཽཿ། གཱ་ཝཽ། གཱ་ཝཿ། གྷུཊ་ལ་ཞེས་པ་ཅི་ཞེ་ན། གོ་བྷིཿ། དྱོའི་སྒྲ་ལས་ཀྱང་འདོད་དེ། དྱཾཽཿ། དྱཝཽ། དྱ་ཝཿ། ཨམྲ་ཤས་དག་ལ་ཨཱའོ། །གོའི་སྒྲའི་ཨམྲ་ཤསྲ་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །གཱམ྄། གཱཿ། དྱོའི་སྒྲ་ལས་ཀྱང་འདོད་དོ། །དྱམ྄། དྱཱཿ། པནྠི་མནྠི་རྀ་བྷུཀྵི་རྣམས་ཀྱི་སི་ལའོ། །པཾ་ཐི་དང་། མནྠི་དང་། རྀ་བྷུཀྵི་དང་དེ་རྣམས་ནི་ པནྠི་མནྠི་རྀ་བྷུཀྵི་རྣམས་སོ། །པནྠི་དང་མནྠི་དང་རྀ་བྷུཀྵི་ཞེས་པ་འདི་རྣམས་ཀྱི་སི་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །པནྠཱཿ། མནྠཱཿ། རྀ་བྷུཀཱཿ། སི་ལ་ཞེས་པ་ཅི་ཞེ་ན། པ་ཐི་བྷིཿ། གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ་ཞེས་པས་ན་དབྱིའོ། །གྷུཊ་ལ་ཨན྄་མཐའོ། །པནྠི་དང་མནྠི་དང་ རྀ་བྷུཀྵི་རྣམས་ཀྱི་མཐའ་གྷུཊ་ཕ་རོལ་ལ་ཨན་དུ་བསྒྱུར་བ་འཐོབ་པོ། །པནྠཱ། པནྠཱ་ནཽ། པནྠཱ་ནཿ། པནྠཱ་ནམ྄། པནྠཱ་ནཽ། དེ་བཞིན་དུ། མནྠཱ། མནྠཱ་ནཽ། མཾ་ཐཱ་ནཿ། མཾ་ཐཱ་ན་མཿ། མཾ་ཐཱ་ནོ། རྀ་བྷུ་ཀྵཱ། རྀཀྵ་ཎཽ། རྀ་བྷུཀྵ་ཎཿ། རྀ་བྷུཀྵཱ་ཎམ྄། རྀ་བྷུཀྵཱ་ཎཽ། གྷུཊ་ལ་ཞེས་པ་ཅི་ཞེ་ན། པ་ཐི་ཥུ། མ་ 195-1-102a ཐི་ཥུ། རྀ་བྷུཀྵི་ཥུ། གྷུ་ཊ་མ་ཡིན་པའི་དབྱངས་ལ་དབྱིའོ། །གྷུཊ་མ་ཡིན་པ་ཞེས་པ་བདུན་པའི་ཚིག་ཕྱིས་པའོ། །པནྠི་དང་མནྠི་དང་རྀ་བྷུཀྵི་རྣམས་ཀྱི་མཐའ་དབྱི་བར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་ཕ་རོལ་ལའོ། །པ་ཐཿ། པ་ཐཱ། པ་ཐེ། མ་ཐཿ། མ་ཐཱ། མ་ཐེ། རྀ་བྷུཀྵཱཿ། རྀ་བྷུཀྵཱ། རྀ་བྷུཀྵེ། དབྱངས་ལ་ཞེས་པ་ཅི་ཞེ་ན། པ་ཐི་ཥུ། མ་ཐི་ཥུ། གྷུཊ་མ་ཡིན་པ་སྨོས་པ་ནི་ཕྱི་མའི་དོན་ཏོ། །འདིར་གྷུཊ་མ་ཡིན་པའི་དབྱངས་ཁོ་ན་ལ་དབྱི་བར་རྣམ་པར་ཤེས་པར་བྱ་སྟེ། གྷུཊ་ལ་གཞན་དུ་བསྒྱུར་བ་བྱས་པ་ཉིད་ཀྱི་ཕྱིར་རོ། །གསལ་བྱེད་ལའང་ འདི་རྣམས་ཀྱི་ནའོ། །པནྠཱི་སོགས་ཀྱི་དབྱངས་དང་གསལ་བྱེད་ཕ་རོལ་ལ་ན་ཡིག་དབྱི་བར་འགྱུར་རོ། །གྷུཊ་མ་ཡིན་པ་སྨོས་པ་ནི་གཉིས་ཀ་དག་གི་ཁྱད་པར་རོ། །ནི་ཡིག་ལ་ཨ་ཡིག་བརྗོད་པའི་དོན་ཏོ། །པ་ཐི་བྷྱཱཾ། པ་ཐི་བྷིཿ། པ་ཐི་བྷྱཱཾ། མ་ཐི་བྷྱཱཾ། མ་ཐི་བྷིཿ། མ་ཐི་བྷྱཱཾ། པ་ཐཱ། པ་ཐེ། མ་ ཐཱ། མ་ཐེ། གྷུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པནྠཱ་ནཽ། པནྠཱ་ན། འདི་རྣམས་ཀྱི་སྨོས་པ་རྣམ་དབྱེ་མ་ཡིན་པ་ལའང་དབྱི་བའི་དོན་ཏོ། །དེ་ནས། ལམ་གྱི་དངོས་པོ་ནི། པ་ཐི་ཏཱ། པ་ཐི་ཏྭམ྄། པ་ཐ་ཡ་ཏི། མ་ཐ་ཡ་ཏི། ལམ་པས་སྨྲ་བར་བྱེད་དོ། །སྲུབ་པ་པོས་སྨྲ་བར་བྱེད་དོ་ཞེས་ བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པས་ཨི་ནའོ། །ཨིན་ལ་རྟགས་ཀྱི་ཞེས་པས་ཨི་ཡིག་དབྱི་ཞིང་འདིས་ན་ཡིག་དབྱིའོ། །ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པའིའོ། །གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཅེས་པ་ཐམས་ཅད། སི་ལ་ནུའོ་ཞེས་པ་འདི་ལས་གོང་དུ་རྗེས་སུ་ འཇུག་གོ། །ཨ་ནུ་ཥཾ་གའང་ནི་གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ལ་དབྱི་བར་འགྱུར་ཏེ། ཀྲུཉྩི་མ་ཡིན་པ་ལ་སྟེ། ཀྲུཉྩ་འགྲོ་བ་དང་འཁྱོག་པོའི་དངོས་པོ་དག་ལའོ་ཞེས་པ་འདིའི་ཨ་ནུ་ཥཾ་གདོར་བ་ཉིད་ནའོ། །བི་དུ་ཥཿ། བི་དུ་ཥཱ། བི་དུ་ཥེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་ ཞེས་པས་ཝ་སྒྲའི་ཨུ་ཉིད་དོ། །མ་ཧ་ཏཿ། མ་ཧ་ཏཱམ྄། མ་ཧ་ཏི། བི་དྭདྦྷྱམ྄། བི་དྭདྡྷིཿ། བི་དྭདྨུ། རྗོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་ན་ཧི་ཞེས་པས་སའི་དའོ། །སྒྲ་མེད་ལ་དང་པོའོ། །མ་ཧདྡྷིཿ མ་ཧདྦྷྱཿ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ཏའི་དའོ། །ཀྲུཉྩ་ 195-1-102b མ་ཡིན་པ་ཞེས་པ་ཅི་ཞེ་ན། ཀྲུཉྩ། ཀྲུཉྩེ། ཀྲུཾ་བྷྱཱཾ། ཀྲུཾསུ། འགྲོ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །འོ་ན་ནང་གི་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ན་ཡིག་སྡེ་པའི་མཐར་བྱས་པ་ལ་ཨ་ནུ་ཥཾ་གའི་དོན་ཡོད་པ་མ་ཡིན་ནོ་ཞེས་ཀྲུཉྩ་ལས་ཀྱིས་བཀག་པས་སོ་ ཞེ་ན། བདེན་ཏེ། དགག་པ་ལས་ནུ་ཤེས་པར་བྱའི་སྡེ་པའི་མཐའ་ཞེས་པ་རྟག་ཏུ་མ་ཡིན་ནོ། །དེས་ན། པྲ་ཤཾ་བྷྱཱཾ་ཞེས་པ་སོགས་ནི་སི་སོགས་ཀྱི་དྷུཊ་ཕ་རོལ་ལ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཞེས་པས་ཨ་ནུ་ཥཾ་ག་དབྱི་བའང་ཀྲུཉྩ་ ལ་མེད་དོ། །གྷྲུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བི་དྭཱན། མ་ཧཱན྄། བི་དྭཱནྶྭཽ། མ་ཧཱནྟཽ། མཚན་ཉིད་དང་སོ་སོར་བརྗོད་པ་དག་གི་ཞེས་པའི་ཚིག་ལས་འདིར་མི་འགྱུར་ཏེ། སུ་ཀནྶཿ། སུ་ཀཾ་བྷྱཱམ྄། ཀ་སེ་འགྲོ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་ མ་ཡིན་པ་རྣམས་ཀྱི་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཡིག་ཨཱ་ག་མའོ། །ལེགས་པར་འགྲོ་བར་བྱེད་དོ་ཞེས་པས་ཀྭཔ྄འོ། །གཞན་ལ་ཡང་ཨ་ནུ་ཥཾ་ག་དབྱི་བར་བཤད་པར་བྱ་སྟེ། ཆེན་པོའི་དངོས་པོ་ནི། མ་ཧཏྟྷཱ། མ་ཏཏྟྭམ྄། བི་དྭཏྟཱམ྄། འདི་མཁས་པ་ནི། བཻ་དུ་ཥཾ། དེའི་འདི་ཞེས་པས་ཨཎའོ། ། པུ་མནྶའི་ཨན྄འི་སྒྲ་དབྱིའོ། །ཨའང་འདི་ཡིན་ལ་སྒྲ་ཡང་འདི་ཡིན་པ་ནི་ཨ་སྒྲའོ། །ཨན྄་དབྱི་བ་ནི་ཨན྄འི་སྒྲ་དབྱི་བའོ། །པུ་མནྶ་ཞེས་པ་འདིའི་ཨན་སྒྲ་གང་ཡིན་པ་དེ་དབྱི་བར་འགྱུར་ཏེ།གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ལའོ། །པུཾ་སཿ། པུཾ་སཿ། པུ་སི་སུ་བྷིཿ། པུ་སུ། གྷུཊ་མ་ཡིན་པ་ཞེས་པ་ཅི་ཞེ་ན། པུ་མཱན྄། པུ་མཱནྶཽ། སྒྲ་སྨོས་པ་ནི་གཞན་ལ་ཡང་དབྱི་བའི་དོན་ཏོ། །དེས་ན། སུ་མནྶའི་དངོས་པོ་ནི། པུཾ་སྟྭ།ི པུཾསྟྭམྲ། ཙ་ཏྭ་རའི་ཝཱ་སྒྲའི་ཨུ་ཉིད་དོ། །ཝ་སྒྲ་ཞེས་པ་ལས་འཛིན་པའོ། །ཙ་ཏྭཱར་ཞེས་པ་འདིའི་ཝའི་སྒྲ་གང་ཡིན་པ་དེ་ཨུ་ཉིད་ དུ་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ལའོ། །ཙ་ཏུ་རཿ། ཙ་ཏུརྞཱཾ། ཙ་ཏུ་རྦྷིཿ། ཙ་ཏུཪྵུ། ཉིད་ཀྱི་རྐྱེན་ངེས་པར་བསྟན་པ་ལས་གཞན་ལ་ཡང་ཨུ་ཉིད་དེ། བཞི་རྣམས་ཀྱི་དངོས་པོ་ནི། ཙ་ཏུཪྻམ྄། ཡཎ྄འང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་ཡ་ཎའོ། །ཙཱ་ཏུ་ 195-1-103a རི་ཀཿ། སྒྲོལ་ལོ་སྤྱོད་དོའང་ཨི་ཀཎ་ཞེས་པས་ཨི་ཀཎའོ། །གྷུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པྲི་ཡཱ་ཙ་ཏྭཱ་རཿ། གང་གི་དགའ་བ་བཞི་རྣམས་ཡིན་པ་དེ་དགའ་བ་བཞི་རྣམས་སོ། །ཨ་ན་ཌྭ་ཧའི་འང་ངོ་། །ཨ་ན་ཌྭཧ་ཞེས་པ་འདིའི་ཝ་སྒྲའི་ཨུ་ཉིད་དུ་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ཕ་རོལ་ལའོ། །ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧཱ། ཨ་ན་ཌུདྦྷྱཱཾ། ཨ་ན་ཌུཏྶུ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པས་ཧའི་དའོ། །གྷུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨན་ཌྭཱན྄། སི་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །བརྩེགས་པའི་མཐའ་ དབྱིའོ། །ཨ་ན་ཌྭཱ་ཧཽ། ཨ་ན་ཌྭཱ་ཧཱཿ། ཨ་ན་ཌྭ་ཧའི་བུད་མེད་ཀྱི་ཡུལ་ལ་ཝཱ་སྒྲའི་ཨུ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། ཨ་ན་ཌུ་ཧཱི། ཨ་ན་ཌྭཱ་ཧཱི། གོ་ར་སོགས་ཀྱི་ཞེས་པས་ཨཱིའི་རྐྱེན་ནོ། །སི་ལ་ནུའོ། །ཨ་ན་ཌྭཱཧ྄་ཞེས་པ་འདིའི་སི་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །ཨ་ན་ཌྭཱན། སི་ལ་ ཞེས་པ་ཅི་ཞེ་ན། ཨ་ན་ཌྭཱ་ཧ྄ཿ། སཾ་བུདྡྷི་ལ་གཉིས་དག་གི་ཐུང་ངུའོ། །གཉིས་དག་གི་སྟེ། ཙ་ཏྭཱར་དང་ཨ་ན་ཌྭཱཧ་གཉིས་དག་གི་ནི་སམྦུདྡྷི་ཕ་རོལ་ཐུང་ངུར་འགྱུར་རོ། །ཧེ་པྲི་ཡ་ཙ་ཏྭར། གང་གི་དགའ་བ་རྣམས་བཞི་ཡིན་པ་དེ་དགའ་བ་བཞི་རྣམས་ཏེ་དེའི་བོད་པ་ལའོ། །ཧེ་ཨ་ན་ཌྭཧ྄། སམྦུདྡྷི་ལ་ཞེས་པ་ཅི་ཞེ་ན། པྲི་ཡ་ཙ་ཏྭཱ་རཽ། ཨ་དསའི་ཚིག་ལ་མའོ། །ཨ་དས་ཞེས་པ་འདིའི་ཚིག་ལ་སྟེ། ཚིག་གི་བྱ་བ་བྱས་པར་གྱུར་པ་ན་ད་མ་ཉིད་དུ་འགྱུར་རོ། །ཨ་མུཥྨཻ། ཨ་མུཥྨཱཏ྄། དྭི་མ་ཡིན་པའི་ད་མའོ་ཞེས་པས་མ་ཉིད་དུ་གྲུབ་ནའང་ངེས་པའི་དོན་དུ་ཚིག་འདིའོ། །དེས་ ན་ཚིག་གི་བྱ་བ་བྱས་པ་ན་ཕྱིས་མ་ཉིད་དོ། །གལ་ཏེ་ཡང་ཕ་རོལ་ཉིད་ཀྱི་ཕྱིར་མ་ཉིད་དུ་ས་ཨུ་ཉིད་དུ་ཐོབ་པ་དེ་ལྟ་ནའང་དང་པོ་ཚིག་གི་བྱ་བ་སྨཻ་ལ་སོགས་པ་རབ་ཏུ་འཇུག་གོ། །དེས་ན་མ་ཉིད་དང་ཨུ་ཉིད་དོ། །ཅི་སྟེ། ཨ་དསྲའི་མཐའི་མ་ཉིད་དུ་འགྱུར་རོ་ཞེས་ཅིའི་ཕྱིར་བཤད་པར་བྱ་བ་མ་ ཡིན་ཞེ་ན། དེ་ལྟར་ནུས་པ་མ་ཡིན་ཏེ། ཚིག་སྨོས་པ་དོན་ཡོད་པར་འགྱུར་བས་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་ཝནྶའི་ཝ་སྒྲའི་ཨུ་ཉིད་དོ། །གྷུཊ་མ་ཡིན་པ་ནི་གྷུཊ་མིན་པའོ། །རྐྱེན་གང་གི་དང་པོ་དབྱངས་ 195-1-103b ཡིན་པ་དེ་ནི་དབྱངས་དང་པོའོ། །དེ་ནས་ལས་འཛིན་པའོ། །ཨིཊ་དང་ལྷན་ཅིག་ཏུ་འཇུག་པའི་ཝ་སྒྲ་གང་ཡིན་པ་དེ་ཨིཊ་དང་བཅས་པའོ། །ཝནྶེ་དང་ཝནྶུ་ཞེས་པ་འདི་དག་གི་ཝ་སྒྲ་གང་ཡིན་པ་དེའི་ནི་ཨིཊ་དང་བཅས་པ་ཅན་ཏེ། ཨིཊ་དང་ལྷན་ཅིག་པ་དེའི་དང་། ཡང་གི་སྒྲ་ལས་ཨིཊ་དང་ བྲལ་བའི་ཡང་ཨུ་ཉིད་དུ་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །པེ་ཙུ་ཥཿ། པེ་ཙུ་ཤཱ། ཌུ་པ་ཙ་ཥ་འཚེད་པ་ལའོ། །ཀྭནྶུ་ཀྭན་དག་པ་རོ྅ཀྵ་བཞིན་འང་ངོ་ཞེས་པས་ཀྭནྶུའོ། །པ་རོ྅ཀྵཱ་བཞིན་འགྱུར་བས་པ་རོ྅ཀྵ་ཞེས་ལན་གཉིས་བརྗོད་དོ། །གསལ་བྱེད་གཅིག་ པུ་པའི་དབུས་སུ་དང་པོ་ཞེས་པས་ཨི་ཡིག་དང་ཨ་བྷྱཱ་སའི་དབྱིའོ། །ཨརྟྲི་ཨཎ྄་གྷས་དབྱངས་གཅིག་པ་ཨཱཏ྄་ཅེས་པས་ཨིཌ྄འོ། །ཨིཊ་དང་བཅས་ཏེ་ཨི་ཡིག་དང་ལྷན་ཅིག་པའི་ཝ་ཡིག་ཨུ་ཉིད་དོ། བི་དུ་ཥཱ། བིད྄་ཤེས་པ་ལའོ། །བད་ཏི་ལས་ཤནྟྲྀད྄འི་ཝནྶུའོ་ཞེས་པས་ཤནྟྲྀད྄་རྐྱེན་ ཝནྶུ་རུ་འགྱུར་རོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། པེ་ཙིཝཱནྶཽ། པི་དྭནྶཽ། བི་དྭདྦྷྱཱཾ། རྣམ་དབྱེ་མ་ཡིན་པ་ལ་ཡང་འདོད་དེ། འདི་མཁས་པ། བཻ་དུ་ཥམ྄། དེའི་འདི་ཞེས་པས་ཨཎའོ། །དེ་ཕན་གྱི་ཡ་ཡིག་ལ་ཡང་འདོད་དེ། མཁས་པའི་རང་བཞིན་ནི། བཻ་དུ་ཥྱམ྄། བཻ་ཙུ་ཥྱམ། ཡཎའང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་ཡཎའོ། །དེ་བཞིན་དུ་ཕྱི་མར་ཡང་ངོ་། །ཤྭན་ཡུ་ཝན་མ་གྷ་ཝན་རྣམས་ཀྱིའང་ངོ་། །ཤྭན་དང་ཡུ་ཝན་དང་མ་གྷ་ཝན་འདི་རྣམས་ཀྱི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ཝ་སྒྲ་ཨུ་ཉིད་དུ་འགྱུར་རོ། །ཤུ་ནཿ། ཤུ་ནཱ། ཡཱུ་ནཿ། ཡུ་ནཱ། མ་གྷོ་ནཿ། མ་གྷོ་ནཱ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཤྭཱ་ནཽ། ཤྭཱ་བྷྱཱམ྄། ཡུ་ཝཱ་ནཽ། ཡུ་ཝ་བྷྱཱཾ། མ་གྷ་ནཱ་ནོ། མ་གྷ་བ་བྷྱཱམ྄། འདི་ཅིའི་ཕྱིར་མི་འགྱུར། འདིའི་ཁྱི་ནི། ཤཾཽ་བ་ནམ྄། དེའི་འདི་ཞེས་པས་ཨཎའོ། །ཡ་ཝ་ཚིག་དང་ པོ་དག་གི་ཞེས་པས་ཨཽ་ཡིག་ཨཱ་ག་མའོ། །དེ་བཞིན་དུ། དར་མའི་དངོས་པོ། ཡཽ་ཝ་ནམ྄། ཡཎའང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་རབ་ཏུ་གྲགས་པ་སྨོས་པ་ལས་ཨནའོ། །འདིའི་བརྒྱ་བྱིན་མ་གྷ་བ་ནམ྄་ཞེས་པ་འདིར་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། མངོན་ 195-1-104a པར་བརྗོད་པ་མེད་པའི་ཕྱིར་དེ་ཕན་ཕ་རོལ་ལ་མི་འགྱུར་རོ། །གང་ལ་མངོན་པར་བརྗོད་པ་ཡོད་པ་དེ་ལ་འདི་འགྱུར་བ་ཉིད་དེ། ཨུ་པ་ཤུ་ནམ྄། ས་མི་པཾ་ཤུ་ནཾ་ཞེས་པའི་བསྡུ་བའི་མཐར་གྱུར་པ་ཞེས་པས་བསྡུ་བའི་མཐའ་ལ་ཨ་ཡིག་གོ། །བུད་མེད་ཀྱི་ཡུལ་ལའང་འདོད་དེ། ཤུ་ནཱི་། མ་གྷོ་ནཱི་། རྀ་དང་ནཱ་རྣམས་ལས་ཨཱའོ་ཞེས་པས་ཨཱིའི་རྐྱེན་ནོ། །འོ་ན་རྟགས་སྨོས་པ་ན་རྟགས་ཀྱི་ཁྱད་པར་ཡང་སྨོས་པའི་ཞེས་པའི་ཚིག་ལས་འདིར་ཅིའི་ཕྱིར་མི་འགྱུར་ཏེ། ཡུ་བ་ཏཱིཿ། པཤྱ། ཡུ་ཝན྄་གྱི་སྒྲ་ལས་ལང་ཚོ་ཡོད་དོ་ཞེས་པས་ཏཱིའི་རྐྱེན་ནོ། །ཤས་སོ་ཞེ་ན། བརྗོད་ པར་བྱ་སྟེ། ཚིག་འདི་ནི་རྟག་ཏུ་མ་ཡིན་ནོ། །དེས་ན་ས་ཁིའི་སྒྲའི་གྷུཊ་ལ་ཨཻའོ་ཞེས་པས་ཨཻ་ཡིག་ཏུ་བསྒྱུར་བར་མི་འགྱུར་ཏེ། ས་ཁྱཽ། ས་ཁྱཿ། བ་ཧིའི་བཱ་སྒྲའི་ཨཽ་ཉིད་དོ། །ཝཱ་ཧིའི་བ་ཧ་ཐོབ་པ་ལའོ་ཞེས་པ་འདིའི་ཝིཎ྄འི་རྐྱེན་གྱི་མཐའ་ཅན་གྱི་ཝའི་སྒྲ་གང་ཡིན་པ་དེ་ཨཽ་ཉིད་དུ་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །པྲཥྚཽ་ཧཿ། པྲཥྚཽ་ཧཱཿ། ཏུཪྻཽ་ཧཱཿ། ཏུཪྻཽ་ཧཱ། བྲེ་གང་ཐོབ་པར་བྱེད་དོ། །གཞི་ཐོབ་པར་བྱེད་དོ་ཞེས་པ་བ་ཧ་ལས་ཀྱང་ངོ་ཞེས་པས་ཝིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །དེ་བཞིན་དུ། པྲཥྚཽ་ཧཱི། ཏུཪྻཽ་ཧཱི། ན་ད་སོགས་ཨཉྩ་ཝ་ཧ་ཞེས་ པས་ཨཱིའི་རྐྱེན་ནོ། །བྲེ་གང་ཐོབ་པའི་དངོས་པོ་ནི། པྲཱཥྚཽ་ཧྱམ྄། ཏོཪྻཽ་ཧྱཾམ྄། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། པྲཥྚ་བཱ་ཧཱ། བྲཥྚ་ཝཱཌྦྷྱཱམ྄། ཏུཪྻ་ཝཱ་ཧཽ། ཏུཪྻ་ཝཱཌྦྷྱཱམ྄། ཨཉྩའི་ཨ་དབྱི་བ་དང་སྔ་མའི་ཡང་རིང་པོའོ། །ཨའི་འང་དབྱི་བ་ནི་ཨ་དབྱི་བའོ། །ཨཉྩུ་འགྲོ་བ་དང་མཆོད་པ་དག་ལའོ་ཞེས་པ་ ཀྭིཔའི་མཐའ་ཅན་འདི་ནི་ཨ་ཡིག་དབྱི་བར་འགྱུར་བ་དང་སྔ་མའི་ཡང་ཐུང་ངུ་རིང་པོར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །པྲ་ཏཱི་ཙཿ། པྲ་ཏཱི་ཙཱ། པྲ་ཏཱི་ཙེ། མ་དྷཱུ་ཙཿ། མ་དྷཱུ་ཙཱ། མ་དྷཱུ་ཙེ། སོ་སོར་མཆོད་པ་བྱེད་དོ། །སྦྲང་གིས་མཆོད་པར་བྱེད་དོ་ཞེས་པས་ཀྭིཔའོ། ། ཨཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །དེ་བཞིན་དུ། པྲ་ཏི་ཙཱི་དིཀ། སྔ་མ་བཞིན་དུ་ཨཱིའི་རྐྱེན་ནོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། པྲ་ཏྱཉྩཽ། པྲ་ཏྱག་བྷྱཱམ྄། འདིར་གཅིག་ལ་ཨ་ནུ་ཥཾ་ག་དབྱི་བར་མི་འགྱུར་ཏེ། དེ་ལ། ཛཱི་ 195-1-104b གྷྲ་ཏིའི་ཡང་ནའོ་ཞེས་པའི་ཡང་ན་སྨོས་པ་རྗེས་སུ་འཇུག་པའི་ཕྱིར་ཏེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་ཨེཉྩའི་མཆོད་པའི་དོན་ལ་དགག་པ་ཡིན་གྱི་གཞན་ལ་མ་ཡིན་ནོ། །ཏིཪྻཉྩ་ནི་ཏི་རཤྩིའོ། །ཏི་རས྄་སྔ་མ་ཅན་གྱི་ཨཉྩ་ཏི་ལས་འཁྱོག་པོར་འགྲོ་བར་བྱེད་དོ་ ཞེས་པས་ཀྭིཔའོ། །ངེས་པར་བསྟན་པའི་ནུས་པ་ལས་ཨ་ནུ་ཥཾ་ག་དབྱི་བ་མེད་དོ། །དེ་བཞིན་དུ་ཕྱི་མར་ཡང་ངོ་། །ས་ཧ་སཾ་ཏི་རས་རྣམས་ཀྱི་ཞེས་པས་ཏི་ར྄ས་ཀྱི་ཏི་རི་རུ་བསྒྱུར་བའོ། །ཏིཪྻཉྩ་ཞེས་པའི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ཏི་རཤྩ་རུ་བསྒྱུར་བར་འགྱུར་རོ། །ཏི་རཤྩཏི་རཤྩི་ སྔ་མ་བཞིན་དུ་ཨཱིའི་རྐྱེན་ནོ། །འཁྱོག་པོར་འགྲོ་བའི་དངོས་པོ་སྟེ། ཏཤྩྱམ྄། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཏིཪྻཉྩཽ། ཏིཪྻཾ་བྷྱཱཾ། ཨུ་དཉྩའི་ཨུ་དཱི་ཙིའོ། །ཨུད྄་སྔ་མ་ཅན་གྱི་ཨཉྩ་ཏི་ལས་མདུན་དུ་འགྲོ་བར་བྱེད་དོ་ཞེས་པས་ཀྭིཔའོ། །ཨུ་དཉྩ་ཞེས་པ་འདི་ཨུ་དཱི་ཙ་རུ་ བསྒྱུར་བར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །ཨུ་དཱི་ཙཿ། ཨུ་དཱི་ཙཱ། ཨུ་དཱི་ཙེ། ཨུ་དཱི་ཙིཿ། སྔ་མ་བཞིན་དུ་ཨཱིའི་རྐྱེན་ནོ། །ཨུ་དཱི་ཙཱིའི་དངོས་པོ་ནི། ཨུ་དཱི་ཙྱམ྄། ཨུཏ་དང་གོ་སོགས་ལས་ཡཏའོ་ཞེས་པའི་སྦྱོར་བ་རྣམ་པར་གཞག་པ་ལས་ཡཏ྄འོ། །གྷུཊ་མ་ ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཨུ་དཉྩཽ། ཨུ་དཾ་བྷྱཱམ྄། པཱ་དའི་པད྄་བསྡུ་བའི་མཐའི་འོ། །པཱ་ད་ཞེས་པའོ། །པཱ་དའི་སྒྲའི་ཨ་ཡིག་དབྱི་བ་གཟུང་བར་བྱ་སྟེ། ཉེ་བར་འཇལ་བ་ལས་ཧ་ཏི་སོགས་བོར་བ་ཉིད་ལས་སོ་ཞེས་པ་ལ་སོགས་པས་ཨ་ཡིག་དབྱིའོ། །པཱ་ད་ ཞེས་པ་འདིའི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་བསྡུ་བའི་མཐའ་སྟེ། གང་གི་ཚེ་བསྡུ་བའི་མཐར་གྱུར་པ་དེའི་ཚེ་པད་དུ་བསྒྱུར་བ་འཐོབ་པོ། །བྱཱ་གྷྲ་པ་དཿ། བྱཱ་གྷྲ་པ་དཱ། བྱཱ་གྷྲ་པ་དེ། གང་གི་རྐང་པ་སྟག་གི་འདྲ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །པཱ་དའི་མཐའ་དབྱིའོ། །ཤས྄་ དང་ཌཱ་དང་དེའོ། །འདིས་པད་དུ་བསྒྱུར་བའོ། །དེ་བཞིན་དུ། དྭི་པ་དཿ། དྭི་པ་དཱ། དྭི་པ་དེ། དྭི་པ་དཱི། རྐང་པ་གཉིས་དག་ཏུ་གྱུར་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་གྲངས་ངེས་པ་དང་སུ་སྒྲ་དག་ལས་ཀྱང་ཕ་རོལ་གྱི་ཞེས་པའི་ཚིག་ལས་ཨ་ཡིག་དབྱིའོ། །པཱ་ད་ལས་ཡང་ནའོ་ 195-1-105a ཞེས་པས་ཨིའི་རྐྱེན་ནོ། །སྟག་གི་རྐང་པའི་དངོས་པོ་ནི། བཻ་ཡཱ་གྷྲ་པ་དྱམ྄། ཡཎའོ། །ཡ་ཝ་ཚིག་དང་པོ་དག་གི་ཞེས་པས་ཨཻ་ཡིག་ཨཱག་མའོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། བྱཱ་གྷྲ་པཱ་དཽ། ཧསྟི་པཱ་དཱན྄། གང་རྣམས་ཀྱི་རྐང་པ་གླང་ པོའི་འདྲ་བ་དེ་རྣམས་ནི། ཧསྟི་པཱ་དཱཿ། དཱན྄་ཧསྟི་ལ་སོགས་པ་བོར་བ་ཉིད་ལ་ཞེས་པའི་དགག་པ་ལས་ཨ་ཡིག་དབྱི་བ་མེད་དོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨ་ནའི་ཨ་དབྱི་བ་དང་སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་། །ཝ་དང་མ་ནི་ཝ་མ་དག་གོ། །ཝ་མ་དག་ལས་བརྩེགས་པ་ནི་ ཝ་མ་བརྩེགས་པའོ། །ཝ་མ་དག་ལས་བརྩེགས་པ་མ་ཡིན་པ་ནི་ཝ་མ་བརྩེགས་པ་མིན་པའོ། །ཨ་ནའི་ཨ་དབྱི་བ་ནི་ཨ་དབྱི་བའོ། །ཕྱིས་པ་མ་ཡིན་པ་ནི་མ་ཕྱིས་པའོ། །སྔ་མའི་ཆོ་ག་ལ་མ་ཕྱིས་པ་དང་འདྲ་བ་ནི་མ་ཕྱིས་པ་བཞིན་ནོ། །ཨ་ནའི་སྒྲ་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ ཨ་ཡིག་དབྱི་བར་འགྱུར་རོ། །ཝ་མ་བརྩེགས་པ་མ་ཡིན་པ་ལ་སྟེ། བ་མ་བརྩེགས་པ་ཕ་རོལ་གྱི་ནི་མི་འགྱུར་རོ། །སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་སྟེ། སྔ་མའི་ཡི་གེའི་ཆོ་གའི་བྱ་བ་བྱེད་པ་ལ་མ་ཕྱིས་པ་སྟེ་ཨ་ཡིག་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བར་འགྱུར་རོ། །ཨ་ཡིག་དབྱི་བ་ བྱས་པ་ལ་གང་སྔ་མའི་བྱ་བ་ཐོབ་པ་དེ་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་བྱ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །རཱ་ཛྙཱ། རཱ་ཛྙེ། འདིར་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་ཞེས་པས་ཛ་ཡིག་གི་ན་ཡིག་གསལ་བྱེད་ཕ་རོལ་ལ་ག་ཉིད་དུ་ཐོབ་པ་ལ་དེ་མ་ཕྱིས་པའི་དངོས་པོ་དང་འདྲ་བའི་ཕྱིར་ མི་འགྱུར་རོ། །ཨཀྵུ། ཨཀྞྞེ། ཨསྠི་ད་དྷི་ཤཀྠི་ཨཀྵི་རྣམས་ཀྱི་ཞེས་པས་ཨན་དུ་བསྒྱུར་རོ། །འདིར་ཧ་ཤ་ཥ་ཚ་ཞེས་པས་ཤ་ཡིག་གི་ཌ་ཉིད་ཐོབ་པ་ལ་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་མི་འགྱུར་རོ། །ད་དྷྣཱ། དདྷྣེ། འདིར་ཡང་དྷ་ཡིག་གི་ན་ཡིག་སྒྲ་ལྡན་ཕ་རོལ་ལ་དྷུཊའི་ གསུམ་པར་ཐོབ་པ་ལའོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཡ་ཛྭ་ནཿ། ཀརྨ་ཎཿ། ཨན་ཞེས་པ་ཅི་ཞེ་ན། ས་ར་དཱ། སྔ་མའི་ཆོ་ག་ལ་ཞེས་པ་ཅི་ཞེ་ན། རཱ་ཛྙཱ། འདིར་ཕ་རོལ་གྱི་ན་ཡིག་གི་ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་ཉ་ཡིག་ཏུ་བྱས་པ་ལ་མ་ཕྱིས་ 195-1-105b པ་དང་འདྲ་བའི་དངོས་པོར་མི་འགྱུར་རོ། །གལ་ཏེ་འགྱུར་ན་ན་ཡིག་ལ་ཛ་ཡིག་གི་སྦྱོར་བ་ལ་དབྱངས་བསྒྱུར་བ་ནི་ཕ་རོལ་ཅན་ནོ་ཞེས་པས་ཨཀ་མེད་པར་འགྱུར་ཞིང་། སྔ་མའི་ཆོ་ག་སོ་སོར་གནས་ཅན་དང་འདྲའོ་ཞེས་པའི་ཚིག་ལས་དབྱི་བ་གནས་ཅན་དང་འདྲ་བའི་དངོས་པོར་འགྱུར་རོ་ ཞེས་པས་སྔ་མའི་ཆོ་ག་ལ་མ་ཕྱིས་པ་དང་འདྲའོ་ཞེས་པ་འདི་ནི་རྟག་ཏུ་ཤེས་པར་བྱའོ། །དེས་ན། བྷུཉྫནྟི། སི་ཙནྟི་ཞེས་པ་ལ་སོགས་པ་གྲུབ་པོ། །ཨི་དང་ངི་དག་ལས་ཡང་ནའོ། །ཝ་མ་བརྩེགས་པ་མ་ཡིན་པ་ལ་ཨན྄འི་ཨཱི་དང་ངི་ཞེས་པ་འདི་དག་ཕ་རོལ་ལ་ཨ་ཡིག་དབྱི་བར་ཡང་ན་ འགྱུར་རོ། །སྔ་མའི་ཆོ་ག་ལ་མ་ཕྱིས་བཞིན་འཐོབ་པ་ལ་རྣམ་པར་རྟོག་པ་འདིའོ། །སཱམྣཱི། སཱ་མ་ནཱི། ཨཽ་ཨཱིའོ་ཞེས་པས་ཨཱི་ཡིག་གོ། །རཱ་ཛྙི། རཱ་ཛ་ནི། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཡ་ཛྭ་ནཱི། ཀརྨ་ཎི། ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པ་ལ་ལྷན་ཅིག་ སྤྱོད་པས་ཡང་དག་པར་རྟོགས་པའི་ཚིག་ལས་ངིའི་རྐྱེན་དང་ལྷན་ཅིག་སྤྱོད་པའི་ཨི་ཡིག་འདི་ཨཽ་ཡིག་བསྒྱུར་བ་འཛིན་པའོ། །དེས་ན་འདིར་རྣམ་པར་བརྟག་པར་མི་འགྱུར་ཏེ། ཨི་ཡཾ་རཱ་ཛྙཱི། རྀ་དང་ན་རྣམས་ལས་ནི་ཨཱིའོ་ཞེས་པས་ཨཱི་ཡིག་གོ། །བྱིངས་ཀྱི་ཨཱ་གྷུཊ་མ་ཡིན་པའི་ དབྱངས་ལའོ། །དབྱིའོ་ཞེས་པ་ཁོ་ནའོ། །ཡང་ན་ཞེས་པ་ལྡོག་གོ། །བྱིངས་ཀྱི་ཨཱ་ཡིག་ནི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཀཱ་ལཱ་ལ་པཱ། ཀི་ལཱ་ལ་པེ། ཨ་ཞེས་པ་ཅི་ཞེ་ན། སུ་པ་ཙཱ། སུ་པ་ཙེ། ལེགས་པར་འཚེད་པར་བྱེད་དོ་ཞེས་པས་ ཀི་པའོ། །བྱིངས་ཀྱི་ཞེས་པ་ཅི་ཞེ་ན། མཱ་ལཱཿ། པ་ཤྱ། གྷུཊ་མ་ཡིན་པའི་དབྱངས་ལ་ཞེས་པ་ཅི་ཞེ་ན། ཀི་ལཱ་ལ་པཱཿ། ཛས྄་སོ། །ཨཱིཏ྄་ཨཱུཏ྄་དག་གི་ཨི་ཡ་ཨུཝ྄་དག་དབྱངས་ལའོ། །བྱིངས་དག་གི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་ཨཱིཏ་ཨཱུ་ཏ་དག་གང་ཡིན་པ་འདི་དག་གི་ དབྱངས་ཕ་རོལ་ལ་གྲངས་བཞིན་དུ་ཨིཡ྄་ཨུཝ་ཞེས་པ་འདི་དག་ཏུ་བསྒྱུར་རོ། །ནི་ཡཽ། ནི་ཡཱ། ལུ་ཝཽ། ལུ་ཝཱ། བྱིངས་ཀྱི་ཞེས་པ་ཅི་ཞེ་ན། ལཀྵྨྱོོ། ཨིཏ་ཨུཏ་དག་གི་ཞེས་པ་ཅི་ཞེ་ན། སུ་པ་ཙཽ། ཏ་ཕ་རོལ་དུ་བྱེད་པ་ནི་ཐེ་ཚོམ་མེད་པའི་དོན་དུའོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ནཱི་ 195-1-106a བྷྱཱཾ། ལཱུ་བྷྱཱཾ། སླར་ཡང་དབྱངས་སྨོས་པ་ནི་དབྱངས་མཐའ་དག་གཟུང་བའི་དོན་དུའོ། །སུ་དྷཱིའིའོ། །དྷྱཻ་སེམས་པ་ལའོ། །སུ་སྔ་མར་རོ། །བློ་བཟང་པོ་བྱེད་དོ་ཞེས་པ་ཀྭིཔ྄འོ། །ངེས་པར་བསྟན་པ་ལས་ཨེ་ཡིག་དབྱི་བ་དང་། སམྤ་སཱ་ར་ཎའོ། ། དེ་མཐའ་རིང་པོ་ཞེས་པས་རིང་པོའོ། །འདི་དྲུག་པའི་གཅིག་གི་མཐའ་ཅན་འང་ངོ་། །དང་པོ་དབྱི་ཞེང་མཐའ་དབྱི་བའང་ངེས་པས་དྲའི་ང་ཡིག་དབྱེའོ། །ཨི་ཡིག་ཅེས་པ་རྗེས་སུ་འཇུག་སྟེ། ཨིཡ྄་རུ་བསྒྱུར་བ་ཡང་ངོ་། །སུ་དྷཱིའི་སྒྲའི་ཨཱི་ཡིག་གང་ཡིན་པ་འདི་དབྱངས་ཕ་རོལ་ལ་ ཨི་ཡ྄་རུ་བསྒྱུར་བར་འགྱུར་རོ། །ཡི་གེ་གཅིག་པ་ཡིན་པ་དག་གི་ཞེས་པས་ཡ་ཉིད་འཐོབ་པ་ལའོ། །སུ་དྷི་ཡཽ། སུ་དྷི་ཡཱཿ། དབྱངས་ལ་ཞེས་པ་ཅི་ཞེ་ན། སུ་དྷཱི་བྷཿ། བྷཱུའི་ཝཪྵཱ་བྷཱུ་པུ་ནར་བྷུ་མ་ཡིན་པའིའོ། །འདི་ནི་དྲུག་པའི་གཅིག་མ་ཡིན་པ་དག་གི་ཞེས་པས་ཝ་ཉིད་འཐོབ་ སུ་འཇུག་སྟེ་ཨུ་ཝ་རུ་བསྒྱུར་བའང་ངོ་། །བྷཱའི་སྒྲའི་ཨཱུ་གང་ཡིན་པ་འདི་དབྱངས་ཕ་རོལ་ལ་ཨཱུ་ཝ་རུ་བསྒྱུར་བར་འགྱུར་རོ། །བཪྵཱ་བྷཱུ་དང་པུན་རུ་བྷཱུ་ཡིན་པ་སྟེ། བཪྵཱ་བྷཱུ་དང་བུ་ནར་བྷཱུའི་སྒྲ་དག་གི་ནི་མི་འགྱུར་རོ། །ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པས་ཝ་ཉིད་འཐོབ་ པ་ལའོ། །བྲ་ཏི་བྷུ་ཝཽ། པྲ་ཏི་བྷུ་ཝཿ། སོ་སོར་འབྱུང་བར་བྱེད་དོ་ཞེས་པས་ཀྭིཔྲའོ། །བཪྵཱ་བྷཱུ་དང་པུ་ནར་བྷཱུ་དག་མ་ཡིན་པ་ཞེས་པ་ཅི་ཞེ་ན། བཪྵ་བྷཽ། ཝཪྵཱ་བྷྭཿ། པུ་ན་རྦྷྲོོཿ། པུ་ན་རྦྷཿ། དགག་པ་ལན་གཉིས་བྱེད་པ་ལས་འདིར་ཨཱུ་ཝ་རུ་བསྒྱུར་བར་མི་འགྱུར་ཏེ། ཀྭར་བྷྭཽ། ཀྭ་ར་བྷྭཿ། ཡི་གེ་གཅིག་མ་ཡིན་པ་དག་ནི་བརྩེགས་པ་མ་ཡིན་པ་ལས་ཡ་ཝ་དག་གོ། །གཅིག་མ་ཡིན་པ་ནི་གཅིག་མིན་ནོ། །གང་དག་གི་ཡི་གེ་གཅིག་མ་ཡིན་པ་དེ་དག་ནི་ཡི་གེ་གཅིག་པ་ཡིན་པ་དག་གོ། །བརྩེགས་པ་མ་ཡིན་པ་ནི་བརྩེགས་པ་མིན་ནོ། ཨཱིཏ྄་དང་ཨཱུཏ྄་དག་གི་ཞེས་པ་ ཁོ་ནའོ། །ཡི་གེ་གཅིག་མ་ཡིན་པ་སྟེ་དབྱངས་གཅིག་མ་ཡིན་པ་དག་གི་སྒྲའི་ཨཱིཏ྄་ཨཱུཏ྄་གང་ཡིན་པ་འདི་དག་ནི་དབྱངས་ཕ་རོལ་ལ་བརྩེགས་པ་མ་ཡིན་པ་ལས་ཕྱི་མ་དག་གི་ཡ་དང་ཝ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཨིཡ྄་ཨུཝ྄་འགོག་པའོ། །འགྱུར་བ་མེད་ཅིང་ 195-1-106b གཡོ་བ་མེད་པ་ནི་ཕ་རོལ་དུ་རྗེས་སུ་འགྲོ་བ་མེད་དོ་ཞེས་པས་ཡི་གེའི་སྒྲ་དབྱངས་འཛིན་པའོ། །པྲ་དྷྱཽ། པྲ་དྷྱཿ། པྲས་སྔ་མར་རོ། །དྷཱི་རྟོགས་པར་བྱེད་དོ་ཞེས་པས་ཀྭིཔྲའོ། །གྲཱ་མ་ཎྱོོ། གྲཱ་མ་ཎྱཿ། ཡ་ཝ་ལྭཽ། ཡ་ཝ་ལྭཿ། ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པ་ཅི་ཞེ་ན། ནི་ཡཽ། ལུ་ཝཾཽ། བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཡ་ཝ་ཀྲི་ཡཽ། ཀ་ཊ་སྲུ་ཝཾཽ། བྱིངས་ཀྱི་བརྩེགས་པ་མ་ཡིན་པའི་ཁྱད་པར་གང་བཤད་པ་ལས་བྱིངས་ཀྱི་བརྩེགས་པ་ཞེས་པའོ། །དེས་ན་འདིར་དགག་པ་མི་འགྱུར་ཏེ། ཨུནྣྱཽ། ཨུནྣྱཿ། ཨུཏ་སྔ་མར་རོ། །ཨནའི་ཞེས་པ་ཀྭིཔའོ། །དབྱངས་ ལ་ཞེས་པ་ཅི་ཞེ་ན། གྲཱ་མ་ཎི་བྷྱཱཾ། ཡ་བ་ལཱུ་བྷྱཱཾ། ནིའི་སྒྲ་ནི་འདིར་ཁྱད་པར་གསལ་བར་བྱེད་པ་སྟེ། དེས་ན་ཨི་ཡིག་དང་ཨུ་ཡིག་མཐའ་ཅན་གྱི་བྱིངས་མི་ཟད་པའི་བྱེད་པ་གང་གི་ཚེ་སྔ་མ་ཡིན་པ་དེའི་ཚེ། ཡ་ཉིད་དང་ཝ་ཉིད་སོ་སོར་མི་འཇུག་གོ། །དེས་ན་འདིར་མི་འཇུག་སྟེ། པ་ར་མ་ཎི་ཡཽ། པ་ར་མ་ཎི་ ཡཿ། ཐོབ་པོ་ཞེས་པས་ཀྭིཔའོ། །པ་ར་མའི་སྒྲ་ནི་ལས་འཛིན་པའོ། །བྷྲཱུ་བྱིངས་བཞིན་ནོ། །བྷྲཱུའི་སྒྲ་ནི་བྱིངས་དང་འདྲ་བར་འགྱུར་ཏེ། དབྱངས་ཕ་རོལ་ལའོ། །ཇི་ལྟར་བྱིངས་ཀྱི་ཨཱུ་ཡིག་གི་མཐའ་ཨུ་ཝར྄་བསྒྱུར་བར་བརྗོད་པ་དེ་བཞིན་དུ། བྷྲཱུའི་སྒྲའི་འགྱུར་རོ་ཞེས་པའི་དོན་ཏོ། །བྷྲུ་ཝཾཽ། བྷྲུ་ཝཿ། དབྱངས་ལ་ཞེས་པ་ཅི་ཞེ་ན། བྷུ་བྷྱཱཾ། སྟྲི་ཡང་ངོ་། །སྟྲཱིའི་སྒྲ་ནི་བྱིངས་དང་འདྲ་བར་འགྱུར་ཏེ་དབྱངས་ཕ་རོལ་ལའོ། །ཇི་ལྟར་བྱིངས་ཨཱི་ཡིག་གི་མཐའི་ཨིཡ྄་རུ་འགྱུར་བར་བཤད་པ་དེ་བཞིན་དུ། སྟྲཱི་སྒྲའང་འགྱུར་རོ་ཞེས་པའི་དོན་ཏོ། །སྟྲི་ཡཽ། སྟྲི་ཡཿ། དབྱངས་ལ་ ཞེས་པ་ཅི་ཞེ་ན། སྟྲི་བྷིཿ། བྷྲཱུ་དང་སྟྲཱི་དག་བྱིངས་བཞིན་ནོ་ཞེས་བྱ་བ་ལ་སྦྱོར་བ་སོ་སོར་བཞག་པ་ནི་མདོ་ཕྱི་མའི་དོན་ཏོ། །ཨམྲ་ཤས་དག་ལ་ཡང་ནའོ། །སྟྲཱིའི་སྒྲ་ནི་བྱིངས་དང་འདྲ་བར་ཡང་ན་འགྱུར་ཏེ།ཨམ྄་དང་ཤས་དག་ཕ་རོལ་ལོ། །སྟྲི་ཡམ྄། སྟྲཱི་མ། སྟྲི་ཡཿ། སྟྲིཿདབྱིངས་ དང་འདྲ་བའི་ཕྱོགས་ལ་ཨི་ཡ་རུ་བསྒྱུར་རོ། །གཞན་ལ་ཨམ་དང་ཤས་དག་གི་དང་པོ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །བྷ་ཝནྟའི་བ་ལ་སོགས་པའི་སམྦུདྡྷི་ལ་ཨུ་ཉིད་དོ། །ཆ་ཤས་གང་གི་དང་པོ་ཝ་ཡིག་ཡིན་པ་དེ་ཝ་ལ་སོགས་པའོ། །བྷ་ཝནྟ་ཞེས་པ་འདིའི་གང་ཝ་ལ་སོགས་ 195-1-107a པའི་ཆ་ཤས་ཏེ་ཝནྟའི་སྒྲ་གང་ཡིན་པ་དེའི་ནི་ཡང་ན་ཨུ་ཉིད་དུ་འགྱུར་ཏེ། སམྦུདྡྷི་ཕ་རོལ་ལའོ། །ཧེ་བྷོཿ། ཧེ་བྷ་ཝན། སམྦུདྡྷི་ལ་ཞེས་པ་ནི་ཞེ་ན། བྷ་ཝཱན། བྷ་ག་ཝནྟ་དང་ཨ་ག་ཝནྟ་ཞེས་པ་འདི་དག་གི་ཡང་ཝ་ལ་སོགས་པའི་ཨུ་ཉིད་དུ་ཡང་ན་བཤད་པར་ བྱ་སྟེ། སམྦུདྡྷི་ཕ་རོལ་དུ་གྱུར་པ་ལའོ། །ཧེ་བྷ་གོཿ། ཧེ་བྷ་ག་ཝན། ཧེ་ཨ་གོཿ། ཧེ་ཨ་ག་ཝན྄། རྟགས་བཟུང་བ་ན་རྟགས་ཀྱི་ཁྱད་པར་ཡང་བཟུང་བའོ་ཞེས་པའི་ཚིག་ལས་བྷ་ཝ་ཏཱིའི་སྒྲའི་འང་ཨུ་ཉིད་དོ། །ཧ་བྷོ་བྲཧྨ་ཎི་བྷ་བ་ཏའི་སྒྲ་གང་ཡིན་པ་ནི་ཨུ་ཉིད་དོ། །ཕྱོགས་གཅིག་ལ། ཧེ་བྷ་ ཝ་ཏཱི་བྲཧྨ་ཎི། མི་ཟད་པ་དང་སརྦ་ནཱ་མིའི་དབྱངས་ལས་སྔ་མར་ཨཀ྄་དང་ཀའོ། །མི་ཟད་པ་དང་སརྦ་ནཱ་མི་ནི་མི་ཟད་པ་སརྦ་ནཱ་མིའིའོ། །མི་ཟད་པ་རྣམས་ཀྱི་སརྦ་ནཱ་མ་རྣམས་ཀྱིའང་མཐའི་དབྱངས་ལས་སྔ་མར་ཨཀའི་རྐྱེན་ཡང་ན་འགྱུར་རོ། །ཨ་ཡིག་ནི་བརྗོད་པའི་དོན་ཏོ། །མི་ ཤེས་སྨད་དང་ཉུང་ངུའམ་ཆུང་། །དེ་བཞིན་ཐུང་ངུ་རྗེས་སུ་བརྩེ། །མིང་ལ་ཡང་ནི་མཁས་རྣམས་ཀྱི། །ཨཀ྄འི་རྐྱེན་དག་རབ་ཏུ་གྲགས། །འདི་མཐོ་བ་ཅི་ཡིན་མི་ཤེས་པ་ནི། ཨུཙྩ་ཀཻཿ། ཨུཙྩཻཿ། དེ་བཞིན་དུ། ནིཙྩ་ཀཻཿ། ནཱིཙྩེཿ། ཤ་ན་ཀཻ །ཤནཻཿ། དེ་བཞིན་དུ་མཐོན་ པོ་སྨད་པ་ནི། ཨུཙྩ་ཀཻཿ། ཨུཙྩཻཿ། སརྦ་ནཱ་མའི་ངེས་པར་ཡང་སྟེ། ཐམས་ཅད་མི་ཤེས་པ་ནི། སརྦ་ཀཿ། སརྦཿ། གང་སྨད་པ་ནི། ཡ་ཀཿ། ཡཿ། ས་ཀཿ། ཀཿ། སཿ། ཨེ་ཥ་ཀཿ། ཁ་ཅིག་ཏུ་སརྦ་ནཱ་མའི་རྣམ་དབྱེའི་དབྱངས་ལས་སྔ་མར་ཨ་ཀའི་རྐྱེན་འདོད་དེ། ཁྱེད་ཀྱིས་མི་ ཤེས་པ་ནི། ཏྭ་པ་ཀྭ །ཕྱོགས་གཅིག་ལ། ཏྭ་ཡཱ། དེ་བཞིན་དུ་། མ་ཡ་ཀཱ །མ་ཡཱ། ཨཱ་ཁྱ་ཏའི་རྣམ་དབྱེ་ལས་ཀྱང་སྟེ། འཚེད་པ་མི་ཤེས་བ་ནི། པ་ཙ་ཏ་ཀི །ཕྱོགས་གཅིག་ལ་པ་ཙ་ཏེ། དེ་བཞིན་དུ་། ཛ་ཝ་ཏ་ཀ །ཛ་ཝ་ཏི། མི་ཟད་པ་དང་སརྦ་ནཱ་མའི་ཞེས་པ་ཅི་ཞེ་ན། བྲྀ་ཀྵཿ། མི་ཤེས་བ་ལ་སོགས་པའི་དོན་རྣམས་ལ་རྟགས་ལས་ཀའི་རྐྱེན་བཤད་པར་བྱ་སྟེ། མི་ཤེས་པའི་རྟ་ནི། །ཨ་ཤྭ་ཀཿ། སྨད་པའི་རྟ་ནི་ཨ་ཤྭ་ཀཿ། ཏིལ་མར་ཉུང་དུ་ནི། ཏཻ་ལ་ཀཾ །ཐུང་ངུའི་ཤིང་ནི། བྲྀ་ཀྜ་ཀཿ། རྗེས་སུ་བརྩེ་བའི་བུ་ནི། པུ་ཏྲ་ཀཿ། ལྷས་བྱིན་གྱི་མིང་ 195-1-107b ནི། དེ་བ་ཏཏྟ་ཀཿ། ཀའི་རྐྱེན་ལ་བུད་མེད་དུ་བྱས་པའི་ཨཱ་ཕ་རོལ་ལ་ཨཱ་ཡིག་སྔ་མ་ཡིག་གོ། །བུད་མེད་རྣམས་ཀྱི་བྱ་བ་ནི་བུད་མེད་དུ་བྱས་པའིའོ། །བུད་མེད་དུ་བྱས་པ་ཡང་འདི་ཡིན་ལ་ཨཱ་ཡིག་ཀྱང་ཡིན་པ་ནི། བུད་མེད་དུ་བྱས་པའི་ཨཱ་ཡིག་གོ། །ཀ་གང་ལས་ བུད་མེད་དུ་བྱས་པའི་ཨ་ཡིག་ཕ་རོལ་ཅན་ཏེ། ཀ་འདི་ནི་བུད་མེད་དུ་བྱས་པའི་ཨཱ་ཡིག་ཕ་རོལ་ཅན་ནོ། །ཀ་གང་ཡིན་པ་ལས་བུད་མེད་དུ་བྱས་པའི་ཨ་ཡིག་ཕར་རོལ་ཅན་དེ་ལ་ཀའི་རྐྱེན་ཕ་རོལ་ཏེ། གང་ཀ་ཡིག་གི་རྐྱེན་ཕ་རོལ་དུ་གནས་པ་ལ་སྔ་མའི་ཨ་ཡིག་ཨི་རུ་བསྒྱུར་བར་འགྱུར་ རོ། །སརྦི་ཀཱ། བི་ཤཱི་ཀཱ། མི་ཟད་པ་དང་སརྦ་ནཱ་མའི་ཞེས་པས་ཨཀྲའི་རྐྱེན་ནོ། །བུད་མེད་ལ་ཨ་ལས་ཨཱཔྲའོ། །འདིས་ཨི་ཉིད་དོ། །ཀཱ་རི་ཀཱ། ཧཱརི་ཀཱ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྭྀཉ་འཕྲོག་པ་ལའོ། །ཝུ་ཎྲ་ཏྲྀ་ཅ་དག་གོ་ཞེས་པས་ཨུ་ཎྲའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨན་ཨ་ཀ་ཨནྟ་ རྣམས་སོ་ཞེས་པས་ཨཀ་རུ་བསྒྱུར་རོ། །ཀ་ཞེས་པ་ཅི་ཞེ་ན།ནནྡ་ནཱ། ཌུན་དི་ཡང་དག་པར་སྦྱོར་པ་ལའོ། །ཨ་ལས་ཨིན་མཐའ་ལས་ནནྡི་སོགས་ལས་ཡུའོ་ཞེས་པས་ཡུའོ། །ཡུ་བུ་ཛྷ་རྣམས་ཞེས་ང་ཨན་རུ་བསྒྱུར་རོ། །ཨཱའི་རྐྱེན་ནོ། །རྐྱེན་ལ་ཞེས་པ་ཅི་ཞེ་ན། ས་ཀཱ། ས་ཀཱ་ས། པ་ ཙ་ལ་སོགས་པར་བཀླགས་པའི་ཕྱིར་ཨ་ཙའོ། །བུད་མེད་དུ་བྱས་པ་ཞེས་པ་ཅི་ཞེ་ན། སུ་ཏྲ་ཀཱ་མྱཱ། ཀཱ་མྱའང་ངོ་ཞེས་པས་ཀཱ་མྱའི་རྐྱེན་ནོ། །ཨཱ་ཡིག་སྨོས་པ་ཅི་ཞེ་ན། ནརྟ་ཀཱི། ནྲྀ་ཏཱི་ལུས་གཡོ་བ་ལའོ། །བཟོ་བོལ་བུ་ཥའོ། །སྔ་མ་བཞིན་དུ་ཨཀ་རུ་བསྒྱུར་རོ། །ཡང་ན་ཞེས་པ་ འཇུག་སྟེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པར་ལས་སོ། །དེས་ན། ཡ་ཏ྄་ཏ་ཏ྄་དག་མི་འགྱུར་ཏེ། ཡ་ཀཱ། ས་ཀཱ། མདོ་སྔ་མས་ཀའི་རྐྱེན་ནོ། །ཁ་ཅིག་ཏུ་ཡང་ན་འགྱུར་ཏེ། སུ་ཏེ་ཀཱ། སུ་ཏ་ཀཱ། སུ་ཏྲི་ཀཱ། བྲྀནྡྲ་རི་ཀཱ། སྐར་མའི་དོན་ལ་ཡང་ན། ཏཱ་ར་ཀཱ། གཞན་ལ། ཏཱ་རི་ཀཱ། ཕའི་ཉིན་མོའི་དོན་ཁོ་ན་ལ། ཨཥྚ་ཀཱ། གཞན་ལ། ཨཥྚི་ཀཱི། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་བར་ཏུ་བྱེད་པའི་རྐང་པ་གཉིས་པ་རྫོགས་སོ།། ༄༅། །ཚིག་ལས་ཡུཥྨད྄་ཨསྨད྄་དག་ 195-1-108a གི་དྲུག་པ་བཞི་པ་གཉིས་པ་རྣམས་ལ་བས྄་ནས྄་དག་ཚིག་གོ། །ཨམ་ཤས་དག་ལ་ཡང་ནའོ་ཞེས་པའི་ཡང་ན་རྗེས་སུ་འཇུག་གོ། །ཡང་ཚིག་ལས་ཕ་རོལ་གྱི་ཡུཥྨད྄་ཨསྨད྄་དག་དང་འབྲེལ་བའི་དྲུག་པ་དང་བཞི་པ་དང་གཉིས་པ་རྣམས་ཀྱི་མང་ཚིག་གནས་པ་དེའི་ གྲངས་ཇི་ལྟ་བ་བཞིན་དུ་བས་དང་ནས་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །རུ་དྲོ་བཿ། རུ་དྲོནཿཔྲབྷུཿ། རུ་དྲོ་ཡུཥྨཱ་ཀཾ་པྲ་བྷུཿ། བཞི་པ་ལ།རུ་དྲོ་བོ་དཱ་སྱ་ཏི། རུ་དྲ་ནོ་དཱ་སྱ་ཏེ། རུ་དྲོ་ཡུཥྨཱ་བྷྱཱཾ་དཱ་སྱ་ཏི། རུ་དྲོ་ཨསྨ་བྷྱཱཾ་དཱ་སྱ་ཏི། གཉིས་པ་ལ། ཤི་བོ་རཀྵ་ཏི། ཤི་བོ་ནོ་རཀྵ་ཏི། ཤི་བོ་ཡུཥྨ་རཀྵ་ཏི། ཤི་བོ་ཨསྨཱཾ་རཀྵ་ཏི། ཡུཥྨཏ྄་དག་གི་ཞེས་པ་ཅི་ཞེ་ན། ཤི་བ་སྟེ་ཥཱེཾ་སྭ་མཱི། ཚིག་ལས་ཞེས་པ་ཅི་ཞེ་ན། ཡུཥྨཱ་ཀཾ། ཨསྨ་ཀཾ །དྲུག་པ་བཞི་པ་གཉིས་པ་རྣམས་ཞེས་པ་ཅི་ཞེ་ན། གྲྀ་ཧེ་ཡུ་ཡུ་ཡམ྄། ཝ་ནེ་ཝ་ཡམ྄། ཕྱི་ མ་ལ་གཉིས་ཉིད་དང་གཅིག་ཉིད་འང་ངོ་། །བསྒྱུར་བ་གཞན་རྣམས་ཀྱིས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་མང་པོ་ཉིད་ཁོ་ན་ལ་ཝས་དང་ནས་རྣམ་པར་ཤེས་པར་བྱའོ། །གཉིས་ཉིད་ལ་བཱན་ནཽ་དག་གོ། །མདོ་སྔ་མ་རྗེས་སུ་འཇུག་གོ། །ཝས྄་ནས྄་དག་ནི་ལྡོག་གོ། །ཚིག་ལས་ཕ་ རོལ་གྱི་ཡུཥྨད་ཨསྨད་དག་དང་འབྲེལ་པའི་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱི་གཉིས་ཚིག་ཉིད་གནས་པ་གང་ཡིན་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ། ཝན་དང་ནཽ་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །ཤི་བོ་བཱཾ་སྭཱ་མཱི། ཤི་བོ་ནཽ་སྭཱ་མཱི། ཤི་བོ་ཡུ་བ་ཡོ་ཿསྭཱ་མི། ཤི་བ་ ཨཱ་བ་ཡོཿསྭཱ་མི། བཞི་པ་ལ། ཤི་བོ་བཱནྡ་དཱ་ཏི། ཤི་བོ་ནཽ་ད་དཱ་ཏི། ཤི་བོ་ཡུ་བཱ་བྷྱཱཾ་ད་ད་ཏི། ཤི་བ་ཨཱ་བཱ་བྷྱཱཾ་ད་དཱ་ཏི། གཉིས་པ་ལ། ཤི་བོ་བཱན྄་རཀྵ་ཏི། ཤི་བོ་ནཽ་རཀྵ་ཏི། ཤི་བོ་ཡུ་པོ་རཀྵ་ཏི། ཤི་བ་ཨཱ་བཾ་རཀྵ་ཏི། ཨུཥྨད྄་ཨསྨད྄་དག་གི་ཞེས་པ་ཅི་ཞེ་ན། ཤི་བ་སྟ་ཡོཿསྭཱ་མཱི། ཚིག་ལས་ཞེས་པ་ཅི་ཞེ་ན། ཡུ་བ་ཡོཿ། ཡུ་བ་ཡོཿ། ཨཱ་བ་ཡོཿ། དྲུག་པ་བཞི་པ་གཉིས་པ་རྣམས་ལ་ཞེས་པ་ཅི་ཞེ་ན། ཀཱི་དྲྀ་ཤཽ་ཡུ་བཱམ྄། ཤོ་བྷ་ནཽ་ཨཱ་བཱཾ། ཏྭད྄་མད྄་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ་སྟྭཱ་མཱ་ནི་གཉིས་པ་ལའོ། །འདིར་མདོ་གཅིག་ལ་མདོ་གསུམ་སྟེ། ཏྭད་མད་ 195-1-108b དག་གི་གཅིག་ཉིད་ལ་ཞེས་པ་མདོ་གཅིག་གོ། །འདིར་ཡུཥྨད྄་ཨསྨད་དག་གི་ཞེས་པ་རྗེས་སུ་འཇུག་ཅིང་གཞན་མ་ཡིན་ནོ། །ཏྭད་མད྄་ཅེས་པ་དྲུག་པ་འདིའང་དང་པོའི་གཉིས་ཚིག་གི་གནས་སུའོ་ཞེས་ཟེར་རོ། །དེས་ན་འདིའི་དོན་ནི་ཡུཥྨད་ཨསྨད་དག་གི་གཅིག་ཚིག་ལ་སྟེ། གཅིག་ ཉིད་ཀྱི་དོན་མངོན་པར་བརྗོད་པར་གྱུར་པ་ན་གྲངས་ཇི་ལྟ་བ་བཞིན་དུ། ཏྭདྲ་དང་མད་ཅེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏྭཱམ྄། མཱམ྄། མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་པས་ཨེ་ཉིད་དོ། །དེ་བཞིན་དུ། ཏྭ་ཡི། མ་ཡི། ཏ་བཱ་ཡ་ཏྭ་དཱི་ཡཿ། མ་མཱ་ཡཾ་མ་དཱི་ཡཿ། ཨཱི་ཡན་ཕན་པ་ ལའོ་ཞེས་པས་ནི་སྒྲ་ལ་ཨཱི་ཡའོ། །ཏ་བ་པུ་ཏྲཿ། ཏྭཏྤུ་ཏྲཿ། མ་མ་པུ་ཏྲཿ། ནཏྤུ་ཏྲཿ། གཅིག་ཉིད་ལ་ཞེས་པ་ཅི་ཞེ་ན། ཡུཥྨ་ཀ་མ་ཡཾ། ཡུཥྨ་དཱི་ཡཿ། ཨསྨ་ཀ་མ་ཡཾ། ཨསྨཱ་དཱི་ཡཿ། ཏེ་མེ་ལ་ཞེས་པ་མདོ་གཉིས་པའོ། །འདིར་ཏྭད་མད་དག་གི་ཞེས་པ་ལྡོག་ཅིང་གཅིག་ ཉིད་ལ་ཞེས་པ་ནི་འཇུག་གོ། །དྲུག་པ་དང་བཞི་པ་བཟུང་ཞིང་ཚིག་ལས་ཡུཥྨད་ཨསྨད་དག་གི་ཚིག་ལ་ཞེས་པ་འདི་དང་ཡང་ན་ཞེས་པའང་ངོ་། །དེས་ན་དོན་འདི་ཡིན་ཏེ། གང་ཚིག་ལས་ཕ་རོལ་གྱི་ཡུཥྨད་ཨསྨད་དག་དང་འབྲེལ་པའི་དྲུག་པ་བཞི་པ་དག་གི་གཅིག་ཚིག་ ཉིད་གནས་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ། ཏེ་དང་མེ་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །རུ་དྲ་སྟེ་སྭཱ་མི། རུ་དྲ་མེ་སྭཱ་མི། རུ་དྲ་སྟ་བ་སྭཱ་མཱི། རུ་དྲོ་མ་མ་སྭཱ་མཱི། བཞི་པ་ལ། རུ་དྲ་སྟེ་དཱ་སྱ་མི། རུ་དྲོ་མེ་དཱ་སྱ་ཏི། རུ་དྲསྟུ་བྷྱཱཾ་དཱ་སྱ་ཏི། རུ་དྲོ་མ་ཧྱཾ་དཱ་སྱ་ཏི། ཡུཥྨཏ྄། ཨསྨཏ་དག་གི་ཞེས་པ་ཅི་ཞེ་ན། རུ་དྲ་ཏ་སྱ་སྭཱ་མཱི། ཚིག་ལས་ཞེས་པ་ཅི་ཞེ་ན། ཏ་བ། མ་མ། ཏྭཱ་མ་ནི་གཉིས་པ་ལའོ་ཞེས་པ་ནི་མདོ་གསུམ་པའོ། །འདིར་ཚིག་ལས་ཡུཥྨཏ྄་ཨསྨད་ཏ་དག་གི་གཅིག་ཉིད་ཀྱི་ཚིག་ལ་ཡང་ན་ཞེས་པའང་འབྲེལ་ལོ། །གང་ཚིག་ལས་ཕ་རོལ་ གྱི་ཡུཥྨད྄་དང་ཨསྨད་དག་དང་འབྲེལ་པ་གཉིས་པའི་གཅིག་ཚིག་ཉིད་གནས་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ་ཏྭ་དང་མཱ་ཞེས་པ་འདེ་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། ནིའི་སྒྲ་ནི་མདོའི་དབྱེ་བ་གསལ་བར་བྱེད་པའོ། །རུ་དྲ་སྟྭ་རཀྵ་ཏི། རུ་དྲོ་མ་རཀྵ་ཏེ། རུ་དྲ་ཏྭ་མ་རཀྵ་ཏི། རུ་ 195-1-109a དྲོ་མ་རཀྵ་ཏི། རྐང་པའི་དང་པོ་དག་ལ་མ་ཡིན་ནོ། །རྐང་པའི་དང་པོ་ནི་རྐང་པ་དང་པོའོ། །ཚིག་ལས་ཡུཥྨད྄་ཨསྨད་དག་གི་རྐང་པའི་དང་པོ་སྟེ། ཤློ་ཀའི་དང་པོ་དག་ལ་གནས་པར་གྱུར་པ་ན་གྲངས་ཇི་ལྟ་བ་བཞིན་དུ་བསྲ་དང་ནས་སོགས་སུ་བསྒྱུར་བར་ མི་འགྱུར་རོ། །བྷཱུ་ཡཱ་ཏ་ཨུ་མ་པ་ཏིར་སོ། །ཡུཥྨ་ཀཾ་བར་དཿས་ངཱ། ཝ་ལེནྡུ་སེ་ཁརཿཤྲཱི་མཱ་ན་སྨཱ་ཀམ་རི་སཱུ་དནཿ། བྲ་ཎ་མཱ་མི་བི་བྷུད་བཾ། །ཡུབ་ཡོཿཔ་ན་ཤ་ནཾ། ཏཱེ་བྲ་བྷཀྟི་པིར་སྲཱ་སྱ་མཱ་ཝ་ཡོར་པི་ཀཱནྟི་དཾ། པི་ནཱ་ཀཾ་ཀྲྀས་ཡུཀྟནྟ་བ་ཙེ་ཏཿ། སད་ནྲིཥུ། ཨ་ཏོ་ནཱ་ ཐ་བྷ་ཡཱརྟ་སྱ་མ་མཱ་ནུ་གྲ་ཧ་དོ་བྷ་བཿ། བྷ་ཀྟྭ་ནཾ་ཤར་ཎཾ་ནཱ་ཐཾ་ཏྭ་ས་དཱ་བྟུ་ཝ་ཏ་ཛ་ནཱཿ། བི་ལ་བནྟ་མ་ཏོའི་ནཱཾ་མཾ་སམྦུངྔྷར་བནྡྷཏ་དཏ། རྐང་པའི་དང་པོ་དག་ལ་ཞེས་པ་ཅི་ཞེ་ན། ཧར་སྱ་བི་མར་མཱ་བཱ་ཎཱ། པཱནྟུ་བོའི་ཏ་ཏ་ཏཱི་ཥཿ། ཡེ་བྷྱ་སྟྲི་སུ་རི་ཎ་པོ་ཥཱ་དྭི་བྷྱ་ཏྱ་པི་དཱན་ཝཿ། ཚིག་ལས་ཕ་རོལ་གྱི་བོད་ བའི་ཚིག་ལ་ཝས྄་དང་ནས་སོགས་མི་འདོད་དེ། དེབ་དཏྟ་ཡུཥྨཱ་ཀཾ་གྲ་མཿ། དེབ་དཏྟ་ཡུསྨཱ་ཀཾ་གྲཱ་མཿ། ཙ་སོགས་སྦྱོར་བ་ལ་ཡང་ངོ་། །དག་རྣམས་ཀྱི་དང་པོ་ཙ་ཡིག་ཡིན་པ་དེ་རྣམས་ནི་ཙ་ལ་སོགས་པའོ། །དེ་དག་སྦྱོར་བ་ནི་ཙ་སོགས་སྦྱོར་བའོ། །ཚིག་ལས་ཕ་རོལ་གྱི་ཡུཥྨད་ ཨསྨད་དག་ནི་ཙ་ལ་སོགས་པ་རྣམས་ཀྱི་སྦྱོར་བའི་འབྲེལ་པར་གྱུར་པ་ན་ཚིག་ལ་ཝ་སྲ་དང་ནས྄་སོགས་སུ་བསྒྱུར་བར་མི་འགྱུར་རོ། །གྲཱ་མོ་ཡུཥྨ་ཀཾ་ཙ། གྲཱ་མོ་ཨསྨ་ཀཾ་ཙ། གྲཱ་མོ་ཡུཥྨ་བྷྱ་ཝ་དཱི་ཡ་ཏེ། གྲཱ་མོ་ཨསྨ་བྷྱ་ཝཱ་དཱི་ཡ་ཏེ། གྲཱ་མོ་ཨསྨ་བྷྱཾ་ཝ་དཱི་ཡི་ཏེ། ཤི་ཤོ་ཡུཥྨཾ་ཙར་ཀྵ་ཏི། ཤི་བོ་ཨསྨཉྩ་རཀྵ་ཏི། གྲཱ་མོ་ཡུ་ཝ་ཡོཤྩ་ཏེ། གྲཱ་མོ་ཡུཝ་ཡོཤྨ་སཾ། གཱ་མ་ཨ་ཝཱ་ཡོ་ཤྩ་སྲཾ། གྲཱ་མོ་ཡུ་བཱ་བྷྱཾ་མ་ཙ་ད་ཡི་ཏེ། གྲཱ་མ་ཨཱ་ཝཱ་བྷྱཾ་ཙ་དཱི་ཡ་ཏེ། ཤི་ཝོ་ཡུ་ཝཱཾ་ཙ་རཀྵ་ཏི། ཤི་ཝ་ཨཱ་ཝཱཾ་ཙ་རཀྵ་ཏི། གྲཱ་མ་སྟ་ཝ་ཝ་སྭཾ། གྲཱ་མོ་མ་བ་སྭཾ། གྲཱ་མ་སྩ་བྷྱ་ཝཱ་དཱི་ཡ་ཏེ། གྲཱ་མོ་མ་བྷྱྀ་བཱ་ དི་ཡ་ཏེ། རུ་དྲོ་སྟྭ་མེ་ཝ་རཀྵ་ཏི། རུ་དྲོ་མཱ་མེ་པ་རཀྵ་ཏི། ཙ་དང་ལྦ་དང་ཧཱ་དང་ཨ་ཧི་དང་ཨེ་བཞིས་པ་ཙ་སོགས་ཏེ། འདི་རྣམས་ཁོ་ནས་སྦྱོར་བ་ལ་དགག་པ་འདི་བཤད་པར་བྱའི་གཞན་ལས་མ་ཡིན་ནོ། །ལྟ་བའི་དོན་གྱི་བྱིངས་རྣམས་ཀྱི་སྦྱོར་བ་ལས་ཝས྄་དང་ནས་སོགས་ 195-1-109b སུ་མི་འདོད་དེ། མིག་གི་རྣམ་པར་ཤེས་པ་མ་ཡིན་པའི་དོན་ལའོ། །གྲཱ་མོ་ཡུཥྨ་ནཱི་ཀྵ་ཏི། གྲཱ་མོ་ཨསྨཱ་ནི་ཀྵ་ཏེ། ཡང་དག་པར་ལྟ་བར་བྱེད་དོ། །མིག་གི་རྣམ་པར་ཤེས་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། རུ་སྡྲ་སྟྭཾ་པ་ཤྱ་ནི། རུ་དྲོ་མཾཱ་པ་ཤྱ་ཏི་མིག་རྣམས་ཀྱི་རྣམ་པར་ཤེས་པས་མཐོང་བོ་ཞེས་ པའི་དོན་ཏོ། །འདི་རྣམས་ཀྱི་རྣམ་དབྱེ་ལ་མཐའ་དབྱིའོ། །ཡུཥྨད྄་དང་ཨསྨད་དང་ཏྭད་དང་མང་འདི་རྣམས་ཀྱི་མཐའ་རྣམ་དབྱེ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཡུཥྨ་བྷྱཾ། ཨསྨ་བྷྱཾ །བྷྱས་ནི་ཨ་བྷྱཾའོ་ཞེས་པས་ཨ་བྷྱ་ཏུ་འགྱུར་རོ། ཡུཥྨཱ་སུ། ཨསྨཱ་སུ། གསལ་བྱེད་དང་པོ་ལ་ ཨཱ་ཉིད་དོ་ཞེས་པས་ཨཱ་ཉིད་དོ། །ཏྭ་ཏ྄། མ་ཏ྄། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨ་ཏའོ་ཞེས་པས་ཨཏ྄འོ། །རྣམ་དབྱེའི་སྐབས་སུ་རྣམ་དབྱེ་སྨོས་པ་ནི་རྣམ་དབྱེ་དངོས་ལ་དབྱི་བའི་དོན་དུའོ། །དེས་ན་རྣམ་དབྱེ་གང་ལ་རྐྱེན་གྱི་མཚན་ཉིད་ཡིན་པ་མ་ཡིན་པ་དེ་ལ་དབྱི་བར་མི་འགྱུར་རོ། ། ཁྱོད་ཀྱི་བུ་ནི། ཡུཥྨ་ཏྤུ་ཏྲཿ། དེ་བཞིན་དུ་། ཨ་སྨཏྤུ་ཏྲཿ། ཡི་གེའི་མཐའི་སྒྲུབ་པའོ་ཞེས་པའི་ཚེག་ལས་མཐའ་གཟུང་བ་ཐོབ་པ་ལ་སླར་ཡང་མཐའ་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །ཡུཝྲ་ཨཝཱ་དག་གཉིས་བརྗོད་པ་རྣམས་ལའོ། །གཉིས་དག་གི་དོན་རྣམས་བརྗོད་དེ་ ཞེས་ངག་བྱས་པ་ལ་བྲུའི་ཝ་ཙིའི་ཞེས་པས་ཝ་ཙི་རུ་བསྒྱུར་རོ། །གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཞེས་པས་ཎི་ནིའི་རྐྱེན་ནོ། །རྣམ་དབྱེ་ལ་ཞེས་པ་འཇུག་ཅིང་ཡུཥྨད་ཨསྨད་དག་གི་ཞེས་པའང་ངོ་། །ཡུཥྨད་དང་ཨསྨད་དག་ནི་གཉིས་བརྗོད་པ་རྣམས་ལ་ཏེ། གང་གཉིས་ཀྱི་ དོན་གྱི་ཚིག་སོ་སོ་རྣམས་ལ་གྲངས་ཇི་ལྟ་བ་བཞིན་དུ། ཡུ་ཝ་དང་ཨཱ་ཝ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ་རྣམ་དབྱེ་ཕ་རོལ་ལའོ། །ཡུ་ཝཱཾ། ཨཱ་ཝཱཾ། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཅི་སྟེ་གཉིས་བརྗོད་པ་རྣམས་ལ་ཞེས་པ་ཅིའི་ཕྱིར་ཀློག་པར་མི་བྱེད། དེ་ལྟར་ཡང་ནུས་པ་མ་ ཡིན་ཏེ། ཁྱེད་དག་འདས་པ་ནི་ཡིན་པ་ནི། ཨ་ཏི་ཡུ་ཝཱ་བྷིཿ། ཨ་ཏི་ཨཝཱ་བྷིཿ། འདིར་ཡུ་ཝ་དང་ཨཱ་ཝ་དག་ཏུ་མི་འགྱུར་བས་སོ་ཞེ་ན། འདིར་སྨྲས་པ་ཡུཥྨདྲ་དང་ཨསྨད་དག་ནི་གཉིས་བརྗོད་པ་ཉིད་དེ། རྣམ་དབྱེ་ནི་མ་ཡིན་ནོ། །དེའི་ཕྱིར་ཡུཥྨད྄་ཨསྨད྄་དག་གཉིས་བརྗོད་པ་ 195-1-110a ཉིད་དུ་གྱུར་པ་ཐམས་ཅད་དུ་ཡུཝ་དང་ཨཝ་དག་ཏུ་འགྱུར་ཏེ། ཏྭམ་ཨ་ཧམྲ་དང་། ཡུ་ཡཾ་དང་ཝ་ཡཾ་དང་། ཏུ་བྷྱཾ་དང་མ་ཧྱམ་དང་། ཏ་ཝ་དང་མ་མ་ཞེས་པའི་བསྒྱུར་བ་འདི་རྣམས་མ་གཏོགས་པའོ། །དེས་ན་ཁྱེད་དག་འདས་པ་ནི། ཨ་ཏི་ཏྭན྄། ཨ་ཏྱ་ཧམྲ། ཁྱེད་དག་འདས་པ་ནི། ཡ་ཏི་ཡཱུ་ཡཾ། ཨ་ཏི་ཝ་ཡཾ། ངེད་དག་འདས་པའི་ཆེད་དུ་བྱ་བ་ནི། ཨ་ཏི་ཏུ་བྷྱཾ། ཨ་ཏི་མ་ཧྱམ྄། ཁྱེད་དག་འདས་པའི་ནི། ཨ་ཏི་ཏ་ཝ། ཨ་ཏི་མ་མ། ཨམྲ་དང་ཨཽའང་ཨཱམྲའོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕ་རོལ་གྱི་ཨམ་དང་ཨཽ་ཞེས་པ་འདི་དག་ཀྱང་ ཨམ་དུ་བསྒྱུར་བར་འགྱུར་རོ། །ཏྭམ྄། མཱམ྄། ཡུ་ཝཾ། ཨཱ་ཝཱཾ ཡུཥྨད྄་དང་ཨསྨད྄་འོ་ན་ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པ་དག་གི་ཞེས་པའི་ཚིག་ལས་གཉིས་པའི་གཉིས་ཚིག་ཨཽ་ཡིག་ཁོ་ནའི་འགྱུར་རོ་ཞེ་ན། བདེན་ཏེ། ཁྱབ་པའི་རིགས་པ་ལས་ཐམས་ཅད་ཀྱི་འགྱུར་རོ། །ཤསའི་ ཨཱན྄འོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕ་རོལ་གྱི་ཤས྄་ནི་ཨན་དུ་བསྒྱུར་བར་འགྱུར་རོ། །ཡུཥྨཱནྠ་ཧྨ་ཎེ་ན། ཨསྨཱནྠ་ཧྨ་ཎེ་ན། ཤས྄་ལ་སྟེ་སའི་འང་ནའོ་ཞེས་པ་འདིས་གྲུབ་པ་མ་ཡིན་ནམ་ཞེ་ན། ཨུཥྨཱ་ན་ཀུ་ལ་ནི་ཞེས་པ་འདིར་ཛསྲ་ཤསྲ་དག་གི་ཞེས་པ་ཤིའི་དངོས་པོར་འགྱུར་བ་ལས་སོ། །སི་ ལ་རྣམ་དབྱེ་དང་བཅས་པ་དག་གི་ཏྭམྲ་ཧཾའོ། །རྣམ་དབྱེ་དང་ལྷན་ཅིག་འཇུག་པའི་ཡུཥྨད྄་ཨསྨད྄་དག་ནི་རྣམ་དབྱེ་དང་བཅས་པའོ། །ཡུཥྨད྄་དང་ཨསྨད྄་དག་ནི་སི་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཏྭམ་དང་ཨ་ཧམ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏྭམྲ། ཨ་ཧམྲ། ཛསྲ་ ལ་ཡཱུ་ཡམ་ཝ་ཡམྲའོ། །རྣམ་དབྱེ་དང་བཅས་པ་ཞེས་པ་རྗེས་སུ་འཇུག་གོ། །མདོ་ཕྱི་མ་དག་ལའང་ངོ་། །ཡུཥྨད྄་དང་ཨསྨད྄་ནི་ཛས་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཡཱུ་ཡཾ་དང་ཝ་ཡཾ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཡུ་ཡཾ། ཝ་ཡཾ། དེ་ལ་ཏུ་བྷྱཾ་མ་ཧྱམྲའོ། ། ཡུཥྨད྄་དང་ཨསྨད་ནི་དེའི་རྐྱེན་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཏུ་བྷྱཾ་དང་མ་ཧྱམ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏུ་བྷྱཾམྲ། མ་ཧྱམྲ། ངསྲ་ལ་ཏ་ཝ་མ་མའོ། །ཡུཥྨད྄་དང་ཨསྨད་དག་ནི་ངསྲའི་རྐྱེན་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་དག་ཏ་ཝ་དང་མ་མ་ཞེས་པ་འདི་ 195-1-110b དག་ཏུ་བསྒྱུར་བར་འགྱུར་རོ། །ཏ་ཝ། མམ། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨཏའོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕ་རོལ་གྱི་ལྔ་པ་ཨཏ་དུ་འགྱུར་ཏེ། གཉིས་ཉིད་མ་ཡིན་པ་སྟེ་གཉིས་ཉིད་ཀྱི་ཡུལ་གང་ཡིན་པ་དེ་དོར་ནས་སོ། །ཏྭཏ། མཏ྄། ཡུཥྨཱཏ྄། ཨསྨཱཏ྄། གཉིས་ཉིད་ཅེས་པ་ཅི་ཞེ་ན། ཡུ་ཝཱ་བྷྱཾ། ཨཱཝཱ་བྷྱཱཾ་ལྔ་པའོ། །བྷྱས྄་ནི་བྷྱཾའོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕྱི་མའི་བཞི་པའི་མང་ཚིག་བྷྱས་ནི་བྷྱམ་དུ་བསྒྱུར་བ་འཐོབ་པ། ཡུཥྨ་བྷྱཾ་དཱི་ཡ་ཏེ།ཨསྨ་བྷྱ་དཱི་ཡ་ཏེ། སཱ་མ྄འི་ཨཱ་ཀ་མའོ། །ས་དང་བཅས་པའི་ཨཱམ྄་ནི་ ས་མའོ། །དེར་གནས་རྣམ་དབྱི་རྣམས་དབྱི་བར་བྱའོ་ཞེས་པས་འདིར་དབྱི་བར་བྱ་ཞེས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་བཅས་པའི་སྒྲ་ཕྱིས་པའོ། །ཡུ་ཥྨད་དང་ཨསྨད་ལས་ཕྱི་མའི་སཱམ྄་ནི་ཨཱ་ཀ་མ་དུ་བསྒྱུར་བར་འགྱུར་རོ། །ཡུཥྨཱ་ཀཾ་མྲ། ཨསྣཱ་ཀ་མ྄། འོ་ན་ ཨམ྄་དང་སཱམྲ་འབྲལ་མེད་དུ་སྤྱོད་པའི་ཕྱིར་ས་ཡིག་གཟུང་བར་འགྱུར་རོ་ཞེས་པས་ས་ཡིག་ཉེ་བར་བླངས་པ་དོན་མེད་དོ་ཞེ་ན། བརྗོད་པར་བྱ་སྟེ། ཨཱ་ཀམྲ་དུ་བསྒྱུར་བར་བྱས་པ་ན་གང་ལ་སུ་ཡིག་ཨཱ་གམ་ཐོབ་པ་དེ་ལྡོག་པའི་དོན་དུའོ། །མ་བསྒྱུར་བ་ལ་ཨེ་ཉིད་དོ། །གནས་ བ་ནི་གནས་པའོ། །གང་ལ་བསྒྱུར་བའི་གནས་ཡོད་པ་དེ་ནི་གནས་ཅན་ནོ། །གང་བསྒྱུར་བ་ཡོད་པ་མིན་པ་ཅན་ཞེས་པ་འབྲུ་མང་པོ་པའོ། །ཨུཥྨད་དང་ཨསྨད྄་དག་གི་མཐའ་དེ་ནི་ཨེ་ཉིད་དུ་འགྱུར་ཏེ། མ་བསྒྱུར་བ་སྟེ་བསྒྱུར་བའི་བྱ་བ་མེད་པའི་རྣམ་དབྱེའི་ཚིག་ཕ་རོལ་ལའོ། ། ཏྭ་ཡཱ། མ་ཡཱ། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཏྭ་ཡི། མ་ཡེ། མ་བསྒྱུར་བ་ལ་ཞེས་པ་ཅི་ཞེ་ན། ཏྭ་ཏྲ། མ་ཏྭ། ཡུཥྨཏ། ཨསྨཏ྄། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨ་ཏའོ་ཞེས་པས་ད་སི་དང་བྷྱས་ངག་ཨཏ་དུ་བསྒྱུར་རོ། །གསལ་བྱེད་དང་པོ་ལ་ཨཱ་ཉིད་དོ། །མ་བསྒྱུར་བ་ལ་ཞེས་པ་ཁ་ནའོ། ། ཡུཥྨད་དང་ཨསྨད་དག་གི་མཐའ་ནི་ཨཱ་ཉིད་དུ་འགྱུར་ཏེ། གསལ་བྱེད་དང་པོ་ཅན་གྱི་མ་བསྒྱུར་བའི་རྣམ་དབྱེའི་ཚིག་ཕ་རོལ་ལའོ། །ཨ་ཉེད་འགོག་པའོ། །ཡུ་ཝ་བྷྱ་མྲ། ཨ་ཝ་བྷྱཱ་མ། ཡུཥྨ་བྷིཿ། ཨསྨ་བྷིཿ། ཡུ་ཥྨཱ་སུ། ཨསྨཱ་སུ། མ་བསྒྱུར་བ་ལ་ཞེས་པ་ཅི་ཞེ་ན། ཡུཥྨཱ་བྷྱཱ་མྲ། 195-1-111a ཨསྨཱ་བྷྱཱ་མ། རཻའོ། །རཻའི་སྒྲ་ནི་ཨཱ་ཉིད་དུ་འགྱུར་ཏེ། གསལ་བྱེད་དང་པོ་ཅན་གྱི་རྣམ་དབྱེ་ཕ་རོལ་ལའོ། །རཱཿ། རཱ་བྷྱཱམྲ། རཱ་བྷིཿ། རཱ་སུ། གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། རཱ་ཡཽ། རཱ་ཡཿ། རྣམ་དབྱེ་ལ་ཞེས་པ་ཅི་ཞེ་ན། ནོར་གྱི་དངོས་པོ་ནི། རཻ་ཏྭ་མཱ། ཨཥྚནའི་ཐམས་ཅད་ལའོ། །ཨཥྚ་ནའི་སྒྲའི་ནི་མང་པོའི་རྣམ་དབྱེ་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །ཨཥྚཱ་བྷིཿ། ཨང་བྷྱཿ། ཨཥྚ་ནཱཾ། ཨཥྚ་སུ། དེ་ལས་ཛས་ཤས་དག་གི་ཨཽའོ། །དེ་ལས་ཏེ་ཨཥྚ་ནའི་ཡིག་ཏུ་བྱས་པ་ལས་ཕ་རོལ་གྱི་ཛས྄་ཤས྄་དག་ཨཽ་ཡིག་ཏུ་བསྒྱུར་བར་ འགྱུར་རོ། །ཨཥྚཽ་ཏིཥྛ་ནྟི། ཨཥྚཽ་བ་ཤྱ། དེ་ལས་ཞེས་པ་ཅི་ཞེ་ན། ཨཥྚཽ་ཏིཥྛ་ནྟི། ཨཥྚ་པ་ཤྱ། དེ་ལས་སྨོས་པས་ཨཥྚན྄འི་སྒྲའི་ཨ་ཡིག་ཏུ་བྱས་པ་ཕ་རོལ་ཅན་རྟོགས་པར་བྱའོ། །འོ་ན་དེ་ལས་སྨོས་པ་ཛས྄་ཤས་དག་ཕ་རོལ་ཅན་གྱི་ཨ་ཡིག་ཏུ་བྱས་པ་ཁོ་ན་ལ་ཨཽ་རུ་འགྱུར་རོ་ཞེས་པ་ ཅི་ཞེ་ན། བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལས་སྨོས་པའི་ཤེས་པར་བྱེད་པ་གང་ལས་ཨཥྚནའི་རྣམ་པར་བརྟག་པས་ཨ་ཉིད་དུ་འགྱུར་རོ་ཞེས་པའོ། །དེས་ན། ཨཥྚ་བྷིཿ། ཨཥྚ་བྷྱཿ། ཨཥྚ་སུ། ཨ་རྦནའི་ཨརྦནྟི་ནི་ན་ཉ་མེད་ཅིང་སི་མ་ཡིན་ལའོ། །ཨརྦནྲའི་སྒྲ་ནི་ཨརྦནྟི་ རུ་བསྒྱུར་བར་འགྱུར་རོ། །ནཉ་མེད་པ་ལ་སྟེ་གང་གི་ཚེ་ན་ཉའི་ཕ་རོལ་དུ་གྱུར་པ་དེའི་ཚི་ནི་མི་འགྱུར་ཞིང་སི་མིན་པ་ལ་སྟེ་སི་ཡིག་ཕ་རོལ་ལ་མི་འགྱུར་རོ། །བསྒྱུར་བའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨརྦནྟཽ། ཨརྦནྟ་མྲ། ཨརྦཏཱ། ཨརྦདྔྷྱཱཾ། ཨརྦ་དྦྷིཿ། ཨརྦཏྷྱུ། རྣམ་དབྱེ་ མ་ཡིན་བ་ལའང་འདོད་དེ། འདིའི་རྟ་ནི། ཨཱརྦ་ཏམ྄། དེའི་འདི་ཞེས་པས་ཨཎའོ། །ཨཱརྦ་ཏཱི། རི་དང་ན་མཐའ་རྣམས་ལས་ཨཱིའོ། །ཨཱརྦ་ཏམྲ། ཡཎའང་སྟེ་བར་ཏུ་གྲགས་པ་ལས་ཞེས་ཡཎའོ། །སི་མིན་པ་ལ་ཞེས་པ་ཅི་ཞེ་ན། ཨརྦཏ། ནཉ་མེད་པ་ལ་ཞེས་པ་ཅི་ ཞེ་ན། ཨན་རྦཎཽ། མ་གྷ་ཝ་ན། ནི་སི་ལའང་མ་གྷ་ཝནྟུ་ཡང་ནའོ། །མ་གྷ་ཝནའི་སྒྲ་ནི་རྐྱེན་གཞན་ཕ་རོལ་དང་སི་ལའང་སྟེ་ས་ཡིག་ཕ་རོལ་ལའང་མ་གྷ་ཝནྟུ་བསྒྱུར་བར་ཡང་ན་འགྱུར་རོ། །མ་གྷ་ཝཱན྄། མ་གྷ་ཝནྟཽ། མ་གྷ་ཝནྟཿ། མ་གྷ་བདྦྷྱམྲ། མ་གྷ་ཝདྦྷིཿ། མ་གྷ་ཝཏྶུ། 195-1-111b བརྒྱ་བྱིན་འདི། མཱ་གྷ་ཝ་ཏཾ། བརྒྱ་བྱིན་གྱི་དངོས་པོ་ནི། མཱ་གྷ་ཝཏྱམ྄། ཕྱོགས་གཅིག་ལ། མ་གྷ་ཝཱ། མ་གྷ་ཝཱ་ནཽ། མ་གྷ་ཝ་ནཿ། མ་གྷོ་ནཿ། མ་གྷོ་ནཿ། བརྒྱ་བྱིན་གྱི་འདི། མཱ་གྷ་ཝ་ན་ས྄། ཛ་ར་དབྱངས་ལ་ཛ་རས་ཡང་ནའོ། །ཛ་རའི་སྒྲ་ནི་དབྱངས་ཕ་རོལ་ལ་ཛ་རས་སུ་བསྒྱུར་ བར་ཡང་ན་འཐོབ་པོ། །ཛ་ར་སཱ། ཛ་ར་ཡ། ཛ་ར་ས། ཛ་རཱ་ཡེ། རྒ་བ་ལས་འདས་པའི་རིགས་རྣམས་ནི། ཨ་ཏི་ཛ་རཾ་སི། དྷུཊ་དང་དབྱངས་ལས་གྷུ་ཊ་ལ་ནུའོ། །ས་མཐའ་དང་མ་ཧནྟ་དག་གི་ཞེས་པས་རིང་པོའོ། །ཕྱོགས་གཅིག་ལ། ཨ་ཏི་ཛ་རཱ་ཎི། དབྱངས་ལ་ཞེས་པ་ཅི་ ཞེ་ན། ཛ་རཱ་བྷྱཾ། ཛ་རཱ་བྷིཿ། ཏྲི་ཙ་ཏྭཱར་དག་གི་བུད་མེད་ལ་ཏི་སྲྀ་ཙ་ཏ་སྲྀ་དག་རྣམ་དབྱེ་ལའོ། །ཡང་ན་ཞེས་ལྡོག་ཅིང་ལ་ཞེས་པའང་ངོ་། །ཏྲི་དང་ཙ་ཏྭཱར་ཞེས་པ་འདི་དག་བུད་མེད་ལ་འཇུག་བཞིན་པ་ན་རྣམ་དབྱེ་ཕ་རོལ་གྲངས་ཇི་ལྟ་བ་བཞིན་དུ་ཏི་སྲྀ་དང་ཙ་ཏ་སྲྀ་ཞེས་པ་འདི་དག་ ཏུ་བསྒྱུར་བར་འགྱུར། ཏི་སྲཿ། ཙ་ཏ་སྲཿ། ཏི་སྲྀ་བྷིཿ། ཙ་ཏ་སྲྀ་བྷིཿ། ཏི་སྲྀ་ཥུ། བུད་མེད་ལ་ཞེས་པ་ཅི་ཞེ་ན། ཏྲ་ཡཿ། ཙ་ཏྭཱ་རཿ། ཏྲི་ཎི། ཙ་ཏྭཱ་རི། རྣམ་དབྱེ་ལ་ཞེས་པ་ཅི་ཞེ་ན། གསུམ་རྣམས་ཀྱི་རྫོགས་པ་ནི་ཏྲྀ་ཏཱི་ཡ། བཞི་པ་རྣམས་ཀྱི་རྫོགས་པ་ནི། ཙ་ཏུ་ཀྒླིར་ཥ་ དག་གི་མཐའ་ལ་ཌ་ཐའོ་ཞེས་པས་ཙ་ཏུ་རུ་ལ་ཐ་ཡིག་ཨཱ་ག་མའོ། །ན་ད་སོགས་ཉིད་ལས་ཨཱི་ཡིག་གོ། །དེ་དག་དབྱངས་ལ་རའོ། །དེ་དག་སྟེ་ཏི་སྲྀ་དང་ཙ་ཏ་སྲྀའི་སྒྲ་དག་གི་དབྱངས་ཕ་རོལ་ལ་ར་ཉིད་དུ་འགྱུར་རོ། །ངི་དང་གྷུཊ་དག་ལས་ཨར་དུ་བསྒྱུར་བ་ཐོབ་པ་དང་། ཤས་ལ་ ཨགྣི་བཞིན་དུ་བསྒྱུར་བ་ཐོབ་པ་དང་། ང་སི་ངསྲ་དག་གི་རིཏ྄་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པས་ཨུ་ཡིག་ཏུ་བསྒྱུར་བ་ཐོབ་པས་དེ་རྣམས་འགེགས་པའོ། །ཏེ་པྲསྟི་ཥྛནྟི། ཙ་ཏ་སྲསྟི་ཥྛནྟི། ཏི་སྲཿ། པ་ཤྱ། ཙ་ཏ་སྲཿ། པ་ཤྱ། བྲམ་ཟེ་གང་དག་གི་དགའ་བ་གསུམ་ ཡིན་པ་དེ་དག་དགའ་བ་གསུམ་པ་སྟེ། དེ་ལས་ནི། པྲི་ཡ་ཏི་པྲ་ཨཱ་ག་ཏཿ། དེ་བཞིན་དུ། པྲི་ཡ་ཙ་ཏ་པྲ་ཨཱ་ག་ཏཿ། པྲི་ཡ་ཏི་སྲཿསྭམྲ། པྲི་ཡ་ཙ་ཏ་སྲཿསྭམྲ། པྲི་ཡ་ཏི་སྲི། པྲི་ཡ་ཙ་ཏ་སྲི། དབྱངས་ལ་ཞེས་པ་ཅི་ཞེ་ན། ཏི་སྲྀ་བྷིཿ། ཙ་ཏ་སྲྀ་བྷིཿ། ནཱ་མ་ལ་རིང་པོ་མ་ཡིན་ནོ། །ན་དང་ལྡན་པའི་ 195-1-112a ཨཱམྲ་ནི་ནཱམྲའོ། །ནཱམྲ་དེ་ལས་ཏེ་ཏི་སྲྀ་དང་ཙ་སྲྀའི་སྒྲ་དག་གི་ནི་ན་ཡིག་ཨཱ་ག་མ་དང་ལྡན་པའི་ཨཱམ་ཕ་རོལ་ལ་རིང་པོར་མི་འགྱུར་རོ། །ནུ་དང་བཅས་པའི་ཨཱམ྄་ལ་རིང་པོའོ་ཞེས་པས་ཐོབ་པ་ལའོ། །ཏི་སྲྀ་ཎཱཾ། ཙ་ཏ་སྲི་ཎཱམ྄། ནྲྀའི་ཡང་ནའོ། །ནྲྀའི་ སྒྲ་ནི་ཨཱམ་ཕ་རོལ་ལ་རིང་པོར་ཡང་ན་འགྱུར་རོ། །ནྲྀ་ཎཱ། ཎི་ཎཱམ྄། ཏྱད་སོགས་རྣམས་ཀྱི་རྣམ་དབྱེ་ལ་ཨའོ། །ཏྱད་དང་ཏད་དང་ཡད་དང་ཨེ་ཏད་དང་ཨ་དས྄་དང་ཨི་དམ྄་དང་དྭི་སྟེ་འདི་རྣམས་ཏད་སོགས་རྣམས་ཏེ། འདི་རྣམས་ཀྱི་མཐའ་རྣམ་དབྱེ་ཕ་རོལ་ལ་ཨ་ཡིག་ ཏུ་བསྒྱུར་བར་འགྱུར་རོ། །སྱཿ། སཿ། ཡཿ། ཨེ་ཥཿ། ཏྱད་སོགས་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྷ་ཝཱན། བྷ་ཝནྟཽ། བྷ་ཝནྟཿ། སླར་ཡང་རྣམ་དབྱེ་སྨོས་པ་ནི་རྣམ་དབྱེ་དངོས་ལས་ཏྱད་སོགས་ཀྱི་ཨ་ཉིད་ཀྱི་དོན་དུའོ། །དེ་ནས་རྣམ་དབྱེ་གང་ལ་རྐྱེན་གྱི་མཚན་ཉིད་ཡོད་པ་དེ་ ལ་མི་འགྱུར་ཏེ། དེའི་བུ་ནི། ཏཏྶུ་ཏྲཿ། ཏད་སོགས་རྣམས་ཀྱིའང་རྣམ་དབྱེ་དངོས་ལ་འདོད་དོ། །ཀིམ་ཀའོ། །ཀིམའི་སྒྲ་ནི་རྣམ་དབྱེ་ཕ་རོལ་ལ་ཀ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀཿ། ཀཽཿ། ཀེ། ཀན། ཀསྱཻ། དྭི་མ་ཡིན་པའི་ད་མའོ། །ཏྱད་སོགས་རྣམས་ཀྱི་ད་ཡིག་ནི་རྣམ་ དབྱེ་ཕ་རོལ་ལན་ཉིད་དུ་འགྱུར་ཏེ། དྭི་མ་ཡིན་པ་སྟེ་དྭིའི་ད་ཡིག་ཉིད་མ་གཏོགས་སོ། །ཨི་མཽ། ཨི་མེ། ཨི་མཾ། ཨི་མཱན྄། དྭི་མ་ཡིན་པའི་ཞེས་པ་ཅི་ཞེ་ན། དྭཽ། དྭཱ་བྷྱམ྄། སེལ་སའོ། །ཏྱད་སོགས་རྣམས་ཀྱི་ད་ཡིག་ནེ་སི་ཕ་རོལ་ལས་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་སཽ། ཏའི་འང་ངོ་། །ཏྱད་སོགས་རྣམས་ཀྱི་ཏ་ཡིག་ནི་སི་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་བར་འགྱུར་རོ། སྱཿ། སཿ། ཨེཥཿ། ཨི་དམ྄། ཨ་ཡ་མ྄་སྟེ་སྐྱེས་པ་ལ་ཨ་ཡ་མའོ། །སི་ལ་ཞེས་པ་ཁོ་ནའོ། །ཏྲཙི་ཏྭར་དག་གི་བུད་མེད་ལ་ཞེས་པའི་མདོའི་དེའི་བུད་མེད་ལ་ཞེས་པ་འཇུག་གོ། ། ཨི་དམ་གྱི་སྒྲ་ནི་བུད་མེད་ཀྱི་ཡུལ་ལ་སི་ཕ་རོལ་ལ་ཨི་ཡཾ་དུ་བསྒྱུར་བར་འགྱུར་རོ། །ཨི་དམ་གྱི་སྒྲ་སྐྱེས་པའི་ཡུལ་ནི་སཾ་ཕ་རོལ་ལ་ཨ་ཡཾ་དུ་བསྒྱུར་བར་འགྱུར་རོ། །ཨ་ཡཾྨ་གཽ་རཱིཿ། ཨ་ཡཾ་རུ་ཏྲཿ། མ་ནིང་ལ་ནི་བསྒྱུར་བ་མེད་པའི་ཕྱིར་ཨི་དམ་ཞེས་པ་ཁོ་ན་ཏེ། ཨི་དམ྄། 195-1-112b ཝ་ནམ྄། གསལ་བྱེད་ལས་ཨ་ཀ་མེད་པའི་ཨཏ྄འོ། །ཨི་དམ་གསལ་བྱེད་ལ་ཨ་ཀའི་རྐྱེན་ཡོད་པ་མ་ཡིན་པ་དེ་ནི་ཨཀ་མེད་པའོ། །ཨི་དམ་ཞེས་པ་ཁོ་ནའོ། །ཨཀ྄་མེད་པ་སྟེ་ཨཀ྄འི་རྐྱེན་དང་བྲལ་པའི་ཨི་དཾ་ནི་རྣམ་དབྱེ་གསལ་བྱེད་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་ རོ། །ཨ་སྨཻ། ཨྭ་བྷྱཱཾ། ཨ་བྷིཿ། ཨེཥུ། གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཨི་མཽ། རྣམ་དབྱེའི་གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཨི་དཾ་ཝཱན྄། ཨཀ་མེད་པ་ཞེས་པ་ཅི་ཞེ་ན། འདི་རྣམས་ཀྱི་མི་ཤེས་པ་ནི། ཨི་མ་ཀཻཿ། དེའི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་གཟུང་བར་བྱའོ་ཞེས་ པས་ཨཀ་དང་བཅས་པའི་ཨི་དམའི་འང་བསྒྱུར་བར་འགྱུར་རོ། །ཊཱ་ཨོས་དག་ལ་ཨ་ནའོ། །ཨཀ་མེད་པ་ཞེས་པ་རྗེས་སུ་འཇུག་སྟེ། སེལ་ཨཽ ཏེ་སི་དབྱི་བ་ཞེས་པ་འདི་ལས་གོང་དུ་འོ། །ཨཀ྄འི་རྐྱེན་དང་བྲལ་བའི་ཨི་དམ྄་ནི་ཊཱ་དང་ཨོས་ཞེས་པ་འདི་དག་ཕ་རོལ་ཨན་རུ་བསྒྱུར་ བར་འགྱུར་རོ། །ཨ་ནེ་ན།ཨ་ན་ཡོཿ། ཨཀ྄་མེད་པ་ཞེས་པ་ཅི་ཞེ་ན། ཨི་མ་ཀེན། ཨི་མ་ཀ་མོཿ། ཨེ་ཏདའི་རྗེས་སུ་བསྟན་པ་ལ་གཉིས་པ་ལ་ཡང་ཨེ་ནའོ། །ཨི་དམྲ་དང་ཨེ་ཏ་དའི་འང་གཉིས་པ་དང་ཊཱ་ཨོས་ཞེས་པ་འདི་རྣམས་ཕ་རོལ་ལ་ཨེན་རུ་བསྒྱུར་བར་བཤད་པར་བྱ་ སྟེ། རྗེས་སུ་བསྟན་པའི་ཡུལ་ལའོ། །གང་དུ་གཅིག་གི་དངོས་པོ་ཅུང་ཟད་ཙམ་བསྒྲུབས་ནས་སླར་ཡང་གཞན་སྒྲུབ་པ་དེ་ནི་རྗེས་སུ་བསྟན་པའོ། །སློབ་མ་འདི་ལ་རིག་བྱེད་ཀློག་ཏུ་འཇུག །ཨ་ཐོ་ཨེ་ནཾ་བྱཱ་ཀ་ར་ཎ་མ་སྱ་དྷྱ་ས་ཡ། ཨེ་ནཾ་ཤི་ཥྱཾ་བ་དེ་མ་དྷྱས་ཡ། ཨ་ཐོ་ཨེ་ནཾ་བྱཱ་ཀ་ ར་ཎ་མ་སྱ་དྷྱཱ་ས་ཡ། སློབ་མ་འདིས་ཚིགས་བཅད་ཀློག །ཨ་ཐོ་ཨེ་ནེ་ན་བྱཱ་ཀར་ཎ་མ་སྱ་དྷི་ཏམ྄། དེ་དག་གི་སློབ་མ་ངང་ཚུལ་བཟང་པོ་ནི། ཨ་ཐོ་ཨེ་ན་ཡོཿ། པྲ་བྷུ་ཏཾ་སྭཾ། དེས་ཚིགས་བཅད་ཀློག །ཨ་ཐོ་ཨེ་ནེ་ན་བྱཱ་ཀ་ར་ཎ་མ་སྱ་དྷཱི་ཏམ྄། དེ་དག་གི་སློབ་མ་ངང་ཚུལ་ བཟང་པོ་ནི། ཨ་ཐོ་ཨེ་ན་ཡོ་པྲ་བྷཱུ་ཏཾ་སྭཾ། དེ་ལས་བྷིས྄་བྷིར྄འོ། །དེ་ལས་ཏེ་ཨཀ྄་མེད་པའི་ཨི་དམ྄་ལས་ཕ་རོལ་གྱི་ནི་བྷིར་དུ་བསྒྱུར་བར་འགྱུར་རོ། །ཨེ་བྷིཿ། བྷི་སའི་བྷིར྄འི་ཚིག་ནི་ཨཻས་མི་འཇུག་པའི་དོན་དུའོ། །ཨཀ྄་མེད་པ་ཞེས་པ་ཅི་ཞེ་ན། འདི་རྣམས་ཀྱི་མི་ཤེས་པ་ 195-1-113a ནི། ཨི་མ་ཀཻཿ། དེ་ལས་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨ་དས྄་ལས་ཀྱང་ངོ་། །ཨཀ྄་མེད་པའི་ཨ་དས྄་ལས་ཕ་རོལ་གྱི་བྷིས་ནི་བྷིར་དུ་བསྒྱུར་བར་འགྱུར་རོ། །ཨ་མཱི་བྷིཿ། ཨཀ྄་མེད་པ་ཞེས་པ་ཅི་ཞེ་ན། ཨ་མུ་ཀཿ། སལ་ ཨཽ་སྟེ་སི་དབྱི་བ་འང་ངོ་། །ཨཀ་མེད་པ་ཞེས་པ་ལྡོག་གོ། །ཨ་དསའི་མཐའ་ནི་སི་ཕ་རོལ་ལ་ཨཽ་ཉིད་དུ་འགྱུར་ཞིང་སིའང་དབྱིའོ། །ཨ་སཽ། ཨ་ས་ཀོ། མ་ལས་ཨུ་ཉིད་དོ། །གང་ཨ་དས་དང་འབྲེལ་པའི་མ་ཡིག་དེ་ལས་ཕ་རོལ་གྱི་ཡི་གེ་ནི་ཨུ་ཉིད་དུ་འགྱུར་རོ། ། ཨ་མུཾ། ཨ་མཱུ་ནཱ། ཨ་མུཥྨཻ། ཨ་མུཥྨཱཏ྄། ཨ་མུ་ཥྱ། ཨ་མུཥྨིན྄། གང་མ་ལས་ཕ་རོལ་གྱི་ཡི་གེ་དྭི་མ་ཡིན་པའི་མ་དེ་ལ་དེ་ལྟར་བསྒྱུར་བའི་གནས་ཀྱི་མཐའ་ལའོ་ཞེས་པའི་ཚིག་ལས་སོ། །མ་ལས་ཞེས་པ་ཅི་ཞེ་ན། ཨ་མུ་ཀཱ་བྷྱཱཾ། ཀ་ལས་ཕ་རོལ་གྱི་ མི་འགྱུར་རོ། །མང་པོ་ཉིད་ལ་ནི་ཨེཏ྄་ཨཱི་ཉིད་དོ། །མ་ལས་ཞེས་པ་ཁོ་ནའོ། །ཨ་དས྄འི་མ་ཡིག་དེ་ལས་ཕ་རོལ་གྱི་མང་པོ་ཉིད་ཀྱི་ཡུལ་གྱི་ཨེ་ཡིག་ནི་ཨཱི་ཡིག་ཏུ་འགྱུར་རོ། །ཨུ་ཉིད་ཐོབ་པ་ལའོ། །ཨ་མཱི། ཨ་མཱི་བྷྱཿ། ཨ་མཱི་ཥཱམཱ། མང་པོ་ ཉིད་ལ་ཞེས་པ་ཅི་ཞེ་ན། ཨ་མུ། ཨ་དས྄། ཨཽའོ། །ཏྱད྄་ལ་སོགས་པའི་ཨ་ཉིད་དོ། །བུད་མེད་ལ་ཨ་ལས་ཨཱ་པའོ། །ཨཽ་ཨཱིའོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །མ་ཉིད་དུ་བྱས་པ་ན་མ་ལས་ཨུ་ཉིད་དོ་ཞེས་པས་ཨུ་ཉིད་དོ། །ཨཔ྄འི་བྷ་ལ་དའོ། ། ཨཔ྄་ཞེས་པ་འདིའི་རྣམ་དབྱེའི་བྷ་ཡིག་ཕ་རོལ་ལ་ད་ཉིད་དུ་འགྱུར་རོ། །ཨདྦྷིཿ། ཨདྦྷྱཿ། བྷ་ལ་ཞེས་པ་ཅི་ཞེ་ན། ཨཔྶུ། རྣམ་དབྱེ་སྨོས་པ་ཅི་ཞེ་ན། ཆུ་རྣམས་ཀྱི་ཁུར་ནི། ཨདྦྷཱ་རཿ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭ་ཧ་ན་ཧི་ཝནྶ་རྣམས་ཀྱིའང་ངོ་། ། གང་རྣམས་ཀྱི་དང་པོ་གསལ་བྱེད་ཡིན་པ་དེ་རྣམས་ནི་གསལ་བྱེད་དང་པོ་རྣམས་སོ། །དེ་ནས་ཟླས་དབྱེ་བའང་ངོ་། །ཨ་ན་ཌྭ་ཧ་དང་ན་ཧི་དང་ཝནྶི་ཞེས་པའང་ཟླས་དབྱེ་བའོ། །ཨ་ན་ཌྭ་ཧའི་འང་ངོ་ཞེས་པས་ཨ་ན་ཌྭ་ཧ་ཞེས་པ་འདིའི་ཨུ་ཉིད་དོ། །འདིས་ཧའི་དའོ། །ཚིག་མཐའ་ 195-1-113b ལ་དྷུཊ་རྣམས་ཀྱི་ཞེས་པས་དའི་ཏའོ། །དེ་ནས་ལྔ་པའོ། །ཨ་ན་ཌྭ་ཧ་དང་ནཧ྄་དང་ཝནྶ་ཞེས་པ་འདི་རྣམས་ཀྱི་རྫོགས་པ་དང་གསལ་བྱེད་དང་པོ་ལ་ད་ཉིད་དུ་འགྱུར་རོ། །གྲོང་ཁྱེར་གང་ན་གླང་བཟང་པོ་ཡོད་པ་དེ་ནི། སྭ་ན་ཌུཏ྄། ཨ་ན་ཌུདྦྷྱཱམ྄། ཨ་ན་ཌུཏྶུ། སྭ་ན་ཌུཏ྄་ ཅེས་པ་འདིར་རྫོགས་པ་དང་གསལ་བྱེད་དང་པོ་ལ་བརྗོད་པ་ནི་ཞེས་པས་ཨུ་ཉིད་དོ། །ཨུ་པཱ་ནདྦྷྱཱཾ། ཨུ་པཱ་ནཏྶུ།གྲོང་ཁྱེར་གང་ན་མཁས་པ་དེ་ནི། སུ་བི་དྭཏ྄། བི་དྭདྦྷིཿ། བི་དྭཏྶུ། ཨ་ན་ཌྭན྄་ཞེས་པ་འདིར་ན་ཡིག་གི་ད་ཉིད་དུ་མི་འགྱུར་ཏེ། ནུ་ཡིག་ཨཱ་ག་ མ་སྒྲུབ་པའི་ཤུགས་ལས་སོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨ་ན་ཌྭ་ཧོ། ཨུ་པཱ་ན་ཧོ། བི་དྭཱནྶཽ། སུ་བྷ་སྨོས་པར་བྱ་བ་ལ་གསལ་བྱེད་སྨོས་པ་ནི་མཚུངས་པའི་གསལ་བྱེད་གཞན་ཕ་རོལ་གཟུང་བའི་དོན་དུའོ། །དེས་ན། ཨ་ན་ཌུཏྟ། བི་དྭཏྟཱ། དངོས་པོ་ལ་ཏ་ཏྭ་དག་གོ་ཞེས་པས་ཏཱའི་རྐྱེན་ནོ། །སྨད་པའི་བ་ལང་ནི། ཨ་ན་ཌྭཏྤཱ་ཤ །ཅུང་ཟད་མ་རྫོགས་པའི་ལྷ་མ་ནི། ཨུ་པཱཏྐལྤ། སྨད་པའི་མཁས་པ་ནི། བི་དྭཏྤཱ་ཤཿ། ཏམ་སོགས་ཉིད་ལས་ཀལྤ་དང་པཱ་ཤའི་རྐྱེན་དག་གོ། ། ཡང་ན་ཞེས་པ་འཇུག་སྟེ་དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན། དེ་ཕན་གྱི་ཡ་ཡིག་ལ་མི་འགྱུར་ཏེ། ཨ་ན་ཌུ་ཧྱམ྄། ཨཽ་པ་ན་ཧྱམ྄། བཻ་དུ་ཥྱམ྄་དང་ཡ་ཎའི་རྐྱེན་ནོ། །དེ་བཞིན་དུ་ཕྱི་མར་འང་ངོ་། །སྲ་སི་དྷས་དག་གི་འང་ངོ་། །རྫོགས་ པ་དང་གསལ་བྱེད་དང་པོ་ཞེས་པ་རྗེས་སུ་འཇུག་སྟེ། སམྦུདྡྷི་མ་ཡིན་པ་ལའོ་ཞེས་པ་འདི་ལས་གོང་དུའོ། །སྲནྶ་དང་དྷྭནྶ་ཞེས་པ་འདི་དག་གི་ཀྭིཔ྄་དང་ཨ་ནུ་ཥཾ་ག་དག་ཕྱིས་པར་གྱུར་པ་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ད་ཉིད་དུ་འགྱུར་རོ། །ཨུ་ཁཱ་ སྲཏ། ཨུ་ཁཱ་སྲདྦྷྱཱཾ། ཨུ་ཁཱ་སྲཏྟཱ། པརྞ་དྷཏ྄། པརྞ་དྷྭདྦྷྱཱཾ། པརྞ་དྷྭཏྟཱ། རླུང་ཡབ་ཀྱི་བྱེད་དོ། །ལོ་མ་འཇིག་པའོ་ཞེས་པས་ཀྭིཔ྄འོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པས་ན་དབྱིའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། 195-1-114a ཨུ་ཁཱ་སྲ་སཽ། པརྞ་དྷྭ་མཽ། ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ། །ཧ་ཤ་ཥ་ཚ་འདི་རྣམས་ནི་ཧ་ཤ་ཥ་ཚ་མཐའ་རྣམས་སོ། །གང་རྣམས་ཀྱི་མཐའ་ཧ་དང་ཤ་དང་ཥ་དང་ཚ་ཡིན་པ་དེ་རྣམས་ནི་ཧ་ཥ་ཚ་མཐའ་འོ། །གང་རྣམས་ཀྱི་དང་པོ་ཡ་ཛ་ཡིན་པ་ དེ་རྣམས་ཡཛ྄་སོགས་སོ། །ཨི་ཙ་ལ་སྭ་པི་ཝ་ཙི་ཞེས་པས་སམྤྲ་སཱ་ར་ཎ་བྱས་པ་ཞེས་པའི་དངོས་པོ་ནི་ཡ་ཛཱ་དག་གོ། །དེ་ནས་ཟླས་དབྱེ་བའོ། །མཐའི་སྒྲ་ནི་སོ་སོར་རེ་རེ་ལ་འབྲེལ་ཏེ་ཧ་ཡིག་གི་མཐའ་ཅན་རྣམས་དང་། ཤ་ཡིག་གི་མཐའ་ཅན་རྣམས་དང་། ཥ་ཡིག་གི་མཐའ་ཅན་རྣམས་དང་། ཚ་ཡིག་གི་མཐའ་ཅན་རྣམས་དང་། ཡཛ་སོགས་རྣམས་ཀྱིའང་སྟེ། ཡཛ་དང་སྲྀཛ་དང་མྲྀཛ་དང་རཱཛ་དང་བྷྲཛ་དང་བྲཤྩ་དང་པ་རི་བྲཱ་ཛ་ཞེས་པ་འདི་རྣམས་ཀྱིའང་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཌ་ཉིད་དུ་འགྱུར་རོ། །ཧ་ཡིག་གི་ མཐའ་ཅན་རྣམས་ཀྱི་ནི། མ་དྷུ་ལིཊ྄། མ་དྷུ་ལིདྦྷྱཱཾ། སྦྲང་ཟ་བའི་དངོས་པོ་ནི། མ་དྷུ་ལིཊ་ཏྭམ྄། སྦྲང་ཟ་བ་སྨད་པ་ནི། མ་དྷུ་ལི་ཊཱ་པ་ཤ། ལི་ཧ་ཟ་བ་ལའོ། །སྦྲང་ཟ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཤ་ཡིག་གི་མཐའ་ཅན་རྣམས་ཀྱི་ནི། སུ་བི་ཊ། སུ་བིདྦྷྱཱཾ། བི་ཤ་འཇུག་ པ་ལའོ། །ལེགས་པར་འཇུག་གོ་ཞེས་པས་ཀྭིཔྲའོ། །ཥ་ཡིག་གི་མཐའ་ཅན་རྣམས་ཀྱི་ནི། སུ་ཏྭིཊ། སུ་ཏྭིཊ྄་བྷྱཿ། སུ་ཏྭིཊ྄ཏྭ་མ། ཏྭིཥ་འོད་ལའོ་འོད་མཛེས་སོ་ཞེས་པས་ཀྭིཔྲའོ། །དེ་བཞིན་དུ། ཥཊ྄། ཥཌྦྷྱཿ། དྲུག་གི་དངོས་པོ་ནི། ཥཊ་ཏྭམ྄། ཚ་ཡིག་གི་མཐའ་ཅན་རྣམས་ ཀྱི། ཤབྡ་བྲཱཏ྄། ཤབྡ་བྲཱཌྦྷྱཱཾ། ཤབྡ་བྲཱཊ་ཏྭམ྄། པྲཙྪ་འདྲི་བ་ལའོ། །སྒྲ་འདྲི་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཝ་ཙ། པྲི་ཙྪ། ཤྲི་དྲུ་སྲུ་ཛུ་རྣམས་ཀྱི་རིང་པོ་དང་སཾ་པྲ་སཱ་ར་ཎ་མེད་པའང་ངོ་ཞེས་པས་ཀྭིཔ་སྟེ་རིང་པོའང་ངོ་། །ཡ་ཛ་སོགས་རྣམས་ཀྱི་ནི། དེ་ཝེཊ། དེ་ཝེཌྦྷྱཱམ྄། དེ་ཝེཊ་ཏྭམ། ཡཛ་ལྷ་མཆོད་པ་ལའོ། །ལྷ་རྣམས་མཆོད་པར་བྱེད་ཅེས་པས་ཀྭིཔ྄འོ། །སྭ་པི་ཝ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ར་ཛ་ཛུ་སྲྀ་ཊ། ར་ཛ་ཛུ་སྲྀཌྦྷྱཱཾ། ར་ཛ་ཛུ་སྲྀཊ་ཏྭ། སྲྀཛ་བསྒྱུར་བ་ལའོ། །ཐག་པ་སྒྱུར་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཀཾ་ས་པ་རི་མྲྀཊ྄། ཀཾ་ས་པ་ 195-1-114b རི་མྲྀཊ྄་ཏྭམ྄། མྲྀ་ཛུ་ཥ་དག་པ་ལའོ། །སྡེར་ཡང་དག་པར་འཁྲུད་དོ་ཞེས་པས་ཀྭིཔའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། མ་དྷུ་ལི་ཧཽ། དེ་ཝེ་ཛོ། ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་འདིར་ མི་འགྱུར་ཏེ། སརྦིཿཥུཿ དྷ་ནུཿཥུ། དོ་ཥུ། ད་དང་པོའི་ཧའི་གའོ། །གང་གི་དང་པོ་ད་ཡིག་ཡིན་པ་དེ་ནི་ད་དང་པོའོ། །བྱིངས་ཀྱི་ཆ་ཤས་ཀྱི་ད་དང་པོའི་ཧ་ཡིག་མཐའ་ཅན་གྱི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་འགྱུར་རོ། །གོ་དྷུཀ །གོ་དྷུདྦྷྱཱཾ། གོ་དྷུཀྟྭམ྄། དུ་ཧ་འཇོ་བ་ལའོ། །འཇོ་བའོ་ཞེས་པས་ཀྭིཔ྄འོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པས་དའི་དྷའོ། །ཧ་ཉིད་དུ་བྱས་པ་ན་མ་བྱས་པ་ཉིད་དང་འདྲ་བར་འགྱུར་རོ། །འདིས་ཧའི་གའོ། །ད་དང་པོའི་ཞེས་པ་ཅི་ཞེ་ན། མ་དྷུ་ལིཊ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ ཞེས་པ་ཅི་ཞེ་ན། གཽདུ་ཧཽ། ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་། །ཙའི་སྡེ་པ་ནི་ཙ་སྡེའོ། །གང་རྣམས་ཀྱི་དང་པོ་དྲྀ་ཤ་ཡིན་པ་དེ་རྣམས་ནི་དྲྀ་ཤ་སོགས་རྣམས་སོ། །གང་གསལ་བྱེད་མཐའ་ཅན་གྱི་སུ་བྷ་དག་ལའོ་ཞེས་པའི་ཚིག་ལས་ག་ཉིད་དོ། །དེ་ནས་ཟླས་དབྱེ་བའོ། ། ཙ་སྡེའི་མཐའ་ཅན་གྱི་སྒྲ་དང་དྲྀ་ཤ་སོགས་རྣམས་ཀྱིའང་སྟེ། དྲྀ་ཤ་དང་སྤྲྀ་ཤ་དང་རྀ་ཏཱི་ཛ་དང་ད་དྷྲྀཥ་དང་། པྲི་ཛ་དང་དི་ཤ་དང་ཨཥྞེ་ཧ་ཞེས་པ་འདི་རྣམས་ཀྱི་མཐའ་ནི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་འགྱུར་རོ། །སྲཀ྄ །སྲགྦྷྱཱམ྄། ས྄ཀྟམ྄། སུ་ཡུཀ྄། སུ་ཡུགྦྷྱཱམ྄། སུ་ཡུཀྟྭཾ། ས་ཡུ་ཛིར་སྦྱོར་བ་ལའོ། །མཛེས་པར་སྦྱོར་རོ་ཞེས་པས་ཀྭིཔ྄འོ། །དྲྀ་ཤ་སོགས་རྣམས་ཀྱི་ནི། ཏྲྀཀ྄། ཏྲྀགྦྷྱཱཾ། དྲྀཀྟྭམ྄། ད་དྷྲྀཀ྄། ད་དྷྲྀགྦྷྱཱཾམ྄། ད་དྷྲྀཀྟྭཾ། སྤྲྀཀ །སྤྲྀགྦྷིཿ། སྤྲྀཀྟྭཾ། ཨུཥྞིཀ྄། ཨུཥྞི་གྦྷྱཱམ྄། ཨུཥྞི་ཀྟྭཾ། རྫོགས་པ་དང་གསལ་བྱེད་དང་ པོ་རྣམས་ལས་ཞེས་པ་ཅི་ཞེ་ན། པྲྀ་ཛོ། རྀ་ཏྭི་ཛཽ། མུཧ་སོགས་རྣམས་ཀྱི་ཡང་ནའོ། །མུཧ་དང་དྲུཧ་དང་ཥྞིཧ་ཞེས་པ་འདི་རྣམས་ཀྱི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་ཡང་ན་འགྱུར་རོ། །དྲུཧའི་ད་དང་པོའི་ཧའི་གའོ་ཞེས་པས་ག་ཉིད་རྟག་ཏུ་ཐོབ་པ་ལའོ། ། 195-1-115a གཞན་རྣམས་ཀྱི་ནི་ཐོབ་པ་མ་ཡིན་ནོ། །ཨུནྨུཀ །ཨུཾ་མུགགྦྷྱཾ། ཨུནྨུ་ཀྟྭམ྄། ཨུནྨུཊ། ཨུནྨ་ཌྦྷྱཾ། ཨུནྨུཊ་ཏྭཾ། མུན་རྨོངས་པ་ལའོ། །ཨུཏ་སྔ་མར་རོ། །ཤིན་ཏུ་རྨོངས་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཤ་ཏྲུ་དྷྲུཀྲ། ཤ་ཏྲུ་དྷྲུ་གྦྷྱཱཾ། ཤ་ཏྲུ་དྷྲུ་ཀྟྭཾ། ཤ་ཏྲུ་དྷྲུཊ། ཤ་ ཏྲུ་བྷྲུཌྦྷྱཱཾ། ཤ་ཏྲུ་དྷྲུཊ་ཏྭཾ། དྲུཧ་འཁུ་བ་ལའོ། །དགྲ་ལ་འཁུ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པས་ད་བྷའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨུ་ན་མུ་ཧཽ། བྱིངས་ཧ་དང་བཞི་པ་མཐའ་ཅན་གསུམ་པ་དང་པོ་ཅན་གྱི་ དང་པོ་བཞི་པ་ཉིད་དེ་མ་བྱས་པ་དང་འདྲའོ། །ཧ་དང་བཞི་པ་ནི་ཧ་བཞི་པ་དག་གོ། །དེ་དག་གི་མཐའ་ཅན་གང་ཡིན་པ་དེ་ནི་ཧ་དང་བཞི་པ་མཐའ་ཅན་ནོ། །གང་གི་དང་པོ་ན་གསུམ་པ་ཡོད་པ་དེ་ནི་གསུམ་པ་དང་པོ་ཅན་ནོ། །དང་པོ་བཞི་པ་དེའི་དངོས་པོ་ནི་དང་པོ་བཞི་པ་ཉིད་དོ། །མ་བྱས་པ་ ནི་མ་བྱས་པ་དང་འདྲ་བའོ། །བྱིངས་ཀྱི་ཆ་ཤས་ཧ་ཡིག་གི་མཐའ་ཅན་དང་བཞི་པའི་མཐའ་ཅན་དག་གི་གསུམ་པ་དང་པོ་ཅན་གང་ཡིན་པ་དེ་ནི་རང་གི་སྡེ་པ་སོ་སོའི་བཞི་པར་བསྒྱུར་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །དེ་བཞིན་དུ། དང་པོ་བཞི་པ་ཉིད་ དུ་མ་བྱས་པ་དང་འདྲ་བར་འགྱུར་རོ། །དེས་ན་ད་དང་པོའི་ཧའི་གའོ་ཞེས་པས་ག་ཉིད་དུ་བྱས་པ་ད་ལ་ཡང་བཞི་པ་ཉིད་འཇུག་གོ། །གོ་དྷུཀ྄། གོ་དྷུགྦྷྱཱཾ། གོ་དྷུ་ཀྟྭཾ། ཀཱཥྚ་དྷཀ྄། ཀཱཥྚ་དྷགྦྷྱཱཾ། ཀཱཥྚ་དྷ་ཀྟྭམ྄། དཧ་ཐལ་བར་བྱེད་པ་ལའོ། །བུད་ཤིང་སྲེག་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། ། ནི་གྷུཊ། ནི་གྷུཌྦྷྱཱཾ། ནི་གྷུཊ྄་ཏྭཾ། གུ་ཧཱུ་ཉེ་བར་ལེན་པ་ལའོ། །ནི་སྔ་མར་རོ། །ཉེ་བར་ལེན་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཨརྠ་བྷུཏ། ཨརྠ་བྷུདྦྷྱཱཾ། ཨརྠ་བྷུཏྟྭཾ། བུདྷ་རྟོགས་པ་ལའོ། །དོན་རྟོགས་པའོ་ཞེས་པས་ཀྭིཔ྄འོ། །བི་དྷཔ྄། བི་དྷ་གྦྷྱཱཾ། བི་དྷཔྟྭཾ། དནྦུ་ཚུལ་འཆོས་པ་ ལའོ། །རྣམ་པར་འཆོས་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཨིཏ྄་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་ན་དབྱིའོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པ་ཅི་ཞེ་ན། སུ་གཎ། ག་གཾ་གྷྱཱཾ། གཎ་བགྲང་བ་ལའོ། །སུ་སྔ་མར་རོ། །ལེགས་པར་བགྲང་ངོ་ཞེས་པས་ཀྭིཔ྄འོ། །བྱིངས་ཀྱི་ཆ་ 195-1-115b ཤས་ཀྱི་ཞེས་པ་ཅི་ཞེ་ན། དཱ་མ་ལི་ཊ། ལི་ཧ་རོ་མྱང་བ་ལའོ། །ཀུན་ནས་མྱོང་ངོ་ཞེས་པས་ཀྲིཔྲའོ། །གསུམ་པ་དང་པོ་ཅན་གྱི་ཞེས་པ་ཅི་ཞེ་ན། བི་ཀྲུཏ། ཀྲུདྷ་ཁྲོ་བ་ལའོ། །རྣམ་པར་ཁྲོ་བོ་ཞེས་པས་ཀྭིཔྲའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གོ་ དུ་ཧཽ། འོ་ན་དང་པོ་བཞི་པ་ཉིད་དུ་བྱས་པ་ན། ད་དང་པོའི་ཧའི་གའོ་ཞེས་པའི་མདོ་བརྩམས་པའི་ནུས་པ་ལས་ག་ཉིད་དུ་འགྱུར་རོ་ཞེས་པས། ཅིའི་ཕྱིར་མ་བྱས་པ་དང་འདྲ་བ་སྨོས་ཤེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། མདོ་བརྩམས་པའི་ནུས་པ་ཉིད་ལས་ད་དང་པོའི་བྱིངས་དག་ གི་དང་པོ་བཞི་པ་ཉིད་དུ་མི་འགྱུར་བས་སོ། །ས་ཛུཥ་དང་ཨཱ་ཤཱིཥ་དག་གི་རའོ། །ས་ཛུཥ་དང་ཨཱ་ཤཱིཥ་ཞེས་པ་འདི་དག་གི་རེ་ཕར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །ཧ་ཤ་ཥ་ཚ་མཐའ་ཞེས་པས་ཌ་ཉིད་ཐོབ་པའོ། །ས་ཛཱུཿ། ས་ཛཱུ་རཱ་བྷྱཱཾ། ས་ཛུ་སྟྭཾ། ཨཱ་ཤཱིཿ། ཨཱ་ཤཱིརརྦྷཱཾ། ཨཱ་ཤཱིསྟྭཾ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ས་ཛུ་ཙཽ། ཨཱ་ཤཱི་ཥཽ། ཨཱ་ཤིར་སྒྲའི་ཨཱངའི་ཕ་རོལ་ནི་བ་ཏྱ་པ་བ་གཙོ་བོ་སྟེ། དེས་ན། མི་ཏྲ་ཤཱིཿ། ཨཱཪྻ་ཤཱིཿ། གྲོགས་པོ་སྟེན་པར་བྱེད་དོ། །འཕགས་པ་སྟེན་པར་བྱེད་དོ་ཞེས་པས་ ཀྭིཔ྄འོ། །ཨིར྄་ཨུར྄་དག་ནི་ཨཱིར་ཨཱུར་དག་གོ། །བྱིངས་ཀྱི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་ཨིར་དང་ཨུར་དག་གང་ཡིན་པ་དེ་ནི་གྲངས་ཇི་ལྟ་བ་བཞིན་དུ། ཨཱིར་དང་ཨཱུར་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །གཱིཿ། གཱིརྦྷྱཱཾ། གཱི་སྟྭཾ། དྷུཿ། དྷཱུ་རྦྷྱཱཾ། དྷཱུསྟྭཾ། གྲི་རྣམ་པར་གནོན་པ་ལའོ། །དྷུརྦཱི་འཚེ་བ་ལའོ། །གནོན་ནོ། །འཚེའོ་ཞེས་པས་ཀྲྀ་ཏྱ་དང་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པས་ཀྭིཔ྄འོ། །རཱྀཏ་མཐའི་ཨི་རའོ། །ར་ལས་དབྱི་བར་བྱ་བ་དག་གོ་ཞེས་པས་ཝ་དབྱིའོ། །བྱིངས་ཀྱི་ཞེས་པ་ཅི་ཞེ་ན། སཪྤིརྦྷྱཱཾ། དྷ་ནུརྦྷྱཱཾ། ཨིས་ཨུས་དོས་རྣམས་ཀྱི་ཞེས་པས་རའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གི་རཿ། དྷུ་རཿ། ཨ་ཧནའི་སའོ། །ཨ་ཧན་ཞེས་པ་འདིའི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ས་ཉིད་དུ་འགྱུར་རོ། །ཨ་ཧཿ། མ་ནིང་ལ་ 195-1-116a སི་ཨམྲ་དག་གི་ཞེས་པས་སི་དབྱིའོ། །ཨ་ཧོ་བྷིཿ། ཨ་ཧོ་བྷྱཱཾ། ཨ་ཧསྟྭཾ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨ་ཧཱ་ནཱི། བརྩེགས་པའི་མཐའ་དབྱིའོ། །བརྩེགས་པའི་མཐའ་ནི་བརྩེགས་མཐའ་འོ། །རྟགས་ཀྱི་བརྩེགས་པའི་མཐའ་གང་ཡིན་པ་དེ་ནི་རྫོགས་པ་དང་ གསལ་བྱེད་དང་པོ་རྣམས་ལ་དབྱི་བར་འགྱུར་རོ། །པུ་མཱན། པུཾ་བྷིཿ། པུཾ་བུ། ཡང་ན་ཞེས་པ་རྗེས་སུ་འཇུག་སྟེ་དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་འདིར་མི་འགྱུར་ཏེ། ཨཱུརྐ། ཨཱུརྒ྄་བྷྱཱཾ། ཨཱུརྫ་སྟོབས་ལའོ། །སྟོབས་ཞེས་པས་ཀྭིཔ྄འོ། །དེ་བཞིན་དུ། པུནྶའི་ཤིཊ་བོར་བའི་སྒྲ་མེད་པ་ཕ་རོལ་ལ་ཡང་ སྟེ། སྐྱེས་པ་ཡང་འདི་ཡིན་ལ་ཁུ་བྱུག་ཀྱང་འདི་ཡིན་པ་ནི། པུཾ་ས་ཀཽ་ཀི་ལཿ། དེ་བཞིན་དུ། པུཾཤྩ་ཀོ་རཿ། པུཾཥྚི་ཊྚི་བྷཿ། སྐྱེས་པའི་འབྲས་བུ་ནི། པུཾས་ཕལ་ནམྲ་ཤིཊ་བོར་བ་ཞེས་པ་ཅི་ཞེ་ན། སྐྱེས་པའི་མཚོ་ནི། པུཾ་ས་རཿ། སྒྲ་མེད་པ་ཞེས་པ་ཅི་ཞེ་ན། བྲན་ཕོ་ནི། པུཾ་དཱ་སཿ། བརྩེགས་པའི་དང་པོ་དྷུཊའིའོ། །བརྩེགས་པའི་དང་པོ་ནི་བརྩེགས་ པ་དང་པོའོ། །བརྩེགས་པའི་དང་པོའི་དྷུཊ་དབྱི་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་དག་ཕ་རོལ་ལའོ། །གོ་རཊ། གོ་རཌྦྷྱཱཾ། གོ་རཊ྄་ཏྭཾ། རཀྵ་བསྲུང་བ་ལའོ། །མཐོ་རིས་བསྲུངས་ཞེས་པས་ཀྭིཔ྄འོ། །འདིས་ཀ་ཡིག་དབྱིའོ། །ཧ་ཤ་ཥ་ཚ་མཐའ་ཞེས་པས་ཌའོ། །ཡུ་པ་ཏཊ྄། ཡུ་པ་ཏཌྦྷྱཱཾ། ཡུ་པ་ཏཊ་ཏྭཾ། ཏཀྵུ། ཏྭཀྵུ་པྲ་ མོར་བྱེད་པ་ལའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གོ་རཀྵཽ། རྟགས་མཐའི་ན་ཡིག་གོ། །རྟགས་ཀྱི་མཐའ་ནི་རྟགས་མཐའའོ། །དེ་ན་ལས་འཛིན་པའོ། །རྟགས་མཐའི་ན་ཡིག་ནི་རྫོགས་པ་དང་གསལ་བྱེད་དང་པོ་ལ་དབྱི་བར་འགྱུར་རོ། །རཱ་ཛཱ། རཱ་ཛཱ་བྷྱཱཾ། རཱ་ཛ་ཏྭཾ། རཱ་ཛི་གསལ་བ་ལའོ། །གསལ་ བའོ་ཞེས་པ། ཡུ་ཁྲྀ་ཥི་ཏཀྵི་རཱ་ཛི་དྷ་ནཱི་པྲ་ཏི་དི་བ་ཞེས་པས་ཀ་ནི་ནའོ་ཞེས་པས་ཀ་ནི་ནའོ། །རྟགས་སྨོས་པ་ཅི་ཞེ་ན། ཨ་ཧན྄། ཧན་འཚེ་བ་ལའོ། །ཧྱ་སྟྲ་ནཱིའི་དིའོ། །བྱིངས་ཀྱི་དང་པོར་ཨ་ཊའོ། །ཨན་བི་ཀ་ར་ཎའོ། །ཨང་སོགས་ལས་འཇིག་གོ། །གསལ་བྱེད་ལས་དི་སི་དག་གིའོ་ཞེས་པས་དི་དབྱིའོ། །རྟགས་ཀྱི་སྐབས་ སུ་སླར་ཡང་རྟགས་སྨོས་པ་ནི་ཕྱི་མར་བྱིངས་འབའ་ཞིག་གི་སྤང་བྱ་རྟོགས་པའི་དོན་དུའོ། །དེ་ནས་ལཛྫ་ཏི་བྷི་ཛྫ་ཏི་ཞེས་པ་ལ་སོགས་པ་གྲུབ་པོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། རཱ་ཛཱ་ནཽ། སམྦུདྡྷི་ལ་མ་ཡིན་ནོ། །རྟགས་མཐའི་ན་ཡིག་སཾ་བུདྡྷི་ཕ་རོལ་ལ་དབྱི་བར་མི་འགྱུར་རོ། །ཧེ་རཱ་ 195-1-116b ཛན། ཧེ་ཏཀྵན། དགག་པ་བསྟན་པ་ནི་རྟག་ཏུ་མ་ཡིན་ནོ། །དེས་ན་མ་ནིང་གི་རྟགས་ཀྱི་ན་ཡིག་སམྦུདྡྷི་ལ་ཡང་ན་དབྱི་བར་འགྱུར་རོ། །ཧེ་སཱ་མན྄། ཧེ་ས་མ། ཧེ་བརྨནྲ། ཧེ་བརྨ། རྟགས་མཐའི་ན་ཡིག་ནི་སམྦུདྡྷི་ལ་མ་ཡིན་ནོ་ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་དུའོ། ། ན་དང་བརྩེགས་པའི་མཐའ་དག་ཕྱིས་པ་ནི་མ་ཕྱིས་པ་བཞིན་ནོ། །བརྩེགས་པའི་མཐའ་ནི་བརྩེགས་མཐའའོ། །ན་དང་བརྩེགས་པའི་མཐའ་དག་ནི་ན་དང་བརྩེགས་མཐའ་དག་གོ། །དེ་དག་དབྱི་བ་ནི་ན་དང་བརྩེགས་མཐའ་དབྱི་བའོ། །ན་ཡིག་དང་བརྩེགས་པའི་མཐའ་དག་ཕྱིས་པ་གང་ཡིན་པ་དེ་ནི་མ་ ཕྱིས་པ་བཞིན་དུ་འགྱུར་རོ། །ཕྱིས་པ་གང་ལ་བྱ་བ་ཐོབ་པ་དེ་མི་འགྱུར་རོ་ཞེས་པའི་དོན་ཏོ། །རཱ་ཛ་བྷྱཱཾ། འདིར་ན་ཡིག་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བའི་ཕྱིར་ཨ་ཡིག་རིང་པོའོ་ཞེས་པས་རིང་པོར་མི་འགྱུར་རོ། །རཱ་ཛ་བྷིཿ། ཨཻས྄་སུ་མི་འགྱུར་རོ། །རཱ་ཛ་སུ། ཨེ་ཉིད་དུ་མི་འགྱུར་རོ། །གོ་མཱན྄། སུ་མཱན྄། བརྩེགས་པའི་ མཐའ་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་ན་དབྱི་བ་མེད་དོ། །མཚམས་སྦྱོར་གྱི་བྱ་བ་ཥ་ཉིད་ལ་བྱ་བ་ལ་མ་ཕྱིས་པ་དང་འདྲ་བའི་དངོས་པོར་གཞན་དག་འདོད་དེ། སྭཱ་མཱི། ཨཱི་ཤྭར། ཨ་དྷི་པ་ཏི་ཞེས་པ་དང་སཱ་དྷུ་ཀ་རི་རྣམས་ལ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཨིས྄་དང་ཨུས྄་དོས྄་ རྣམས་ཀྱི་སྒྲ་ལྡན་ལ་རའོ། །ཨིས྄་དང་ཨུས྄་དང་དོས྄་ཞེས་པ་འདི་རྣམས་ཀྱི་སྒྲ་ལྡན་ཕ་རོལ་ལ་རེ་ཕར་འགྱུར་རོ། །ཤ་ཉིད་འགེགས་པའོ། །སརྦིབྷྱཱཾ། དྷ་ནུརྦྷྱཱཾ། དོརྦྷྱཱཾ། སྒྲ་ལྡན་ལ་ཞེས་པ་ཅི་ཞེ་ན། སརྤིཿཥུ། དྷ་ནུཿཥུ། དོཿཥུ། དྷུཊ་རྣམས་ཀྱི་གསུམ་པའོ། །དྷུཊ་རྣམས་ཀྱི་སྒྲ་ལྡན་ཕ་རོལ་ལ་གསུམ་པར་འགྱུར་ རོ། །ཨགྣི་མདྦྷྱཱཾ། ཛྙཱ་ན་བྷུདྦྷྱཱཾ། མཛྫ་ཏི། ཌུ་མསྫོ་གསལ་བ་ལའོ། །ཝརྟ་མཱ་ནའི་ཏིའོ། །ཨན་བི་ཀ་ར་ཎའོ། །ལྀ་ཏུ་ལས་རྣམས་ཀྱི་སའོ་ཞེས་པས་ཡི་གེ་གནས་འདྲ་བའི་ཕྱིར་སའི་གསུམ་པ་དའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དའི་ཛའོ། །སྒྲ་ལྡན་ལ་ཞེས་པ་ཅི་ཞེ་ན། ཛ་གཏྶུ། སྒྲ་མེད་པ་ལ་དང་པོའོ། །དྷུཊ་ རྣམས་ཀྱི་ཞེས་པ་ཁོ་ནའོ། །དྷུཊ་རྣམས་ཀྱི་སྒྲ་མེད་ལ་ཕ་རོལ་ལ་དང་པོར་འགྱུར་རོ། །ཨགྣི་མཏྶུ། ཛྙཱན་བྷུཏྶུ། སྒྲ་མེད་ལ་ཞེས་པ་ཅི་ཞེ་ན། ཛྙཱ་བུདྡྷཽ། རྫོགས་པ་ལ་ཡང་ནའོ། །དྷུཊ་རྣམས་ཀྱི་རྫོགས་པ་ལ་སྟེ་མཐའ་འཇུག་བཞིན་པ་ལ་དང་པོར་ཡང་ན་འགྱུར་རོ། །གསུམ་པ་སྨོས་པ་རྗེས་སུ་འཇུག་པས་ 195-1-117a ཕྱོགས་གཅིག་ལ་གསུམ་པའོ། །ཛྙཱན་བྷུཏ། ཛྙཱན་བྷུཏ། ཨགྣི་མཏ྄། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཇི་སྐད་བསྟན་པའི་རེ་ཕ་དང་ས་ཡིག་དག་རྣམ་པར་གཅད་བྱར་འགྱུར་རོ། །གཱིཿ། དྷུཿ། ཡ་ཡཿ། པ་ཡོ་བྷིཿ། ཡ་ཤོ་བྷིཿ། རྫོགས་པ་དང་གསལ་བྱེད་དང་པོ་ལ་ བརྗོད་པ་ནི་མ་ནིང་ལས་སི་ཨམ་དག་ཕྱིས་པ་ལའང་ངོ་། །གང་རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་བརྗོད་པའི་བྱ་བ་དེ་མ་ནིང་ལས་ཕ་རོལ་གྱི་སི་ཨམྲ་དག་ཕྱིས་པ་བྱས་པར་གྱུར་པ་ལ་འགྱུར་རོ། །མ་ནིང་གི་ཉིད་དེ། ཉིན་མོ་གང་ལ་ཉི་མ་བཟང་པོ་ཡོད་པ་དེ་ནི། སུ་དྱུ། རུདྷུ། འདིར། དིཝ྄འི་ཨུ་ཉིད་དོ། །གྲོང་ཁྱེར་གང་ལ་ལམ་བཟང་པོ་ཡོད་པ་དེ་ནི། སུ་པ་ཐི། འདིར་ཡང་པནྠིའི་སྒྲའི་ན་དབྱིའོ། །སུ་སྨོས་པར་བྱ་བ་ལ་གསལ་བྱེད་སྨོས་པ་ནི་གསལ་བྱེད་སྒྲས་བརྗོད་པར་བྱས་པའི་བྱ་བ་སོ་སོར་རྟོགས་པའི་དོན་དུའོ། །དེས་ན། ཏད྄། ཡད྄་ཅེས་པ་འདིར་ཏད་ སོགས་ཀྱི་ཨ་ཉིད་དུ་མི་འགྱུར་རོ། །འོ་ན།གལ་ཏེ་ཨི་དཾ་ཀུ་ལཾ་ཞེས་པ་འདིར་གསལ་བྱེད་ལ་ཨཀ་མེད་པའི་ཨཏའོ་ཞེས་པས་ཨ་ཡིག་ཏུ་བསྒྱུར་བ་འཐོབ་བོ་ཞེ་ན། བདེན་ཏེ་ཡང་གི་སྒྲ་འདིར་བཀླག་པར་བྱའོ། །དེས་ན་མི་འགྱུར་རོ། །ཇོ་བོ་དྲག་འབྱོར་གྱིས་ མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་གསུམ་པ་རྫོགས་སོ།། །།འདི་ནི་མཁས་པའི་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་སྐད་གཉིས་སྨྲ་བའི་དབང་པོ་ཆོས་ཀྱི་རྗེ་དཔལ་ལྡན་བློ་གྲོས་བརྟན་པའི་ཞབས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལུང་ དང་རིག་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་ཤིང་། བརྡ་སྤྲོད་པའི་གཞུང་གི་ཚུལ་རིག་པ་སྐད་གཉིས་སྨྲ་བ་ཤཱཀྱའི་དགེ་སློང་བྱང་ཆུབ་རྩེ་མོ་ཞེས་བྱ་བས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་དང་། སྐྱེས་བུ་ཆེན་པོ་དཔོན་ཀུན་དགའ་རྡོ་རྗེ་པའི་གསུང་གི་བསྐུལ་ བ་དང་མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། ཡུལ་དབུས་ཀྱི་སྙིང་པོ་ཇོ་བོ་རིན་པོ་ཆེའི་བཞུགས་གནས་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཚལ་གོང་ཐང་གི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །། 195-1-117b ༄༅༅། །ཨོཾ་སྭསྟི། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མི་ཟད་པར་གྱུར་པ་ལས་ཨ་ཡིག་མཐའ་ལས་ལྔ་པ་མིན་པའི་རྣམ་དབྱེ་རྣམས་ཀྱི་ཨཾའོ། །མི་ཟད་པར་གྱུར་པ་ལས་ཨ་ཡིག་མཐའ་ལས་ཕ་རོལ་དུ་གནས་པའི་རྣམ་དབྱེ་རྣམས་ནི་ཨཾ་དུ་བསྒྱུར་བར་འགྱུར་ཏེ་ལྔ་པ་མིན་པ་སྟེ་ལྔ་ པའི་རྣམ་དབྱེ་དོར་བ་ཉིད་ནའོ། །ཉེ་བའི་བུམ་པའི་ཨུ་པ་ཀུཾ་བྷ་ཨཽ་ཨུ་པ་ཀུམྦྷ་ཏིཥྛ་ཏི། ཨུ་པ་ཀུ་བྷཾ་པ་ཤྱ། ཨུ་པ་ཀུམྦྷཾ་དོ་ཧེ། ཨུ་པ་ཀུམྦྷཾ་སྭམྲ། མི་ཟད་པར་གྱུར་པ་ལས་ཞེས་པ་ཅི་ཞེ་ན། རྒྱལ་པོའི་སྐྱེས་བུ་ནི། རཱ་ཛ་པུ་རུ་ཥཿ། ཨ་ཡིག་མཐའ་ལས་ཞེས་པ་ཅི་ཞེ་ན།ཉེ་བའི་བུ་མོ་ནི། ཨུ་པ་བ་དྷུ་ དབྱངས་ཐུང་ངུའོ་ཞེས་པ་ཐུང་ངུའོ། །གཞན་ལས་འཇིག་གོ་ཞེས་པས་དེའི་འཇིག་གོ། །རྣམ་དབྱེ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཉེ་བའི་བུམ་པའི་དངོས་པོ་ནི། ཨུ་པ་ཀུམྦྷ་ཏཱ། ལྔ་པ་མིན་པའི་ཞེས་པ་ཅི་ཞེ་ན། ཨུ་པ་ཀུ་མྦྷ་ཏཱ། གསུམ་པ་བདུན་པ་དག་གི་ཡང་ནའོ། །མི་ཟད་པར་གྱུར་པ་ ལས་ཨ་ཡིག་མཐའི་ལས་ཕྱི་མའི་གསུམ་པ་དང་བདུན་པ་དག་ཡང་ན་ཨཾ་དུ་བསྒྱུར་བར་འགྱུར་ཏེ། རྣམ་པར་བརྟག་པས་འཐོབ་བོ། །ཨུ་པ་ཀུཾ་བྷཾ་ཀྲྀ་ཏཾ། ཨུ་པ་ཀུཾ་བྷཾ་སྠ་པ་ཡ། ཨུ་པ་ཀུཾ་བྷེ་སྠ་པ་ཡ། གཞན་ལས་འཇིག་གོ། །མི་ཟད་པར་གྱུར་པ་ལས་ཨེ་ཡིག་མཐའ་ལས་གཞན་ ལས་ཕ་རོལ་གྱི་རྣམ་དབྱེ་རྣམས་འཇིག་པར་འགྱུར་རོ། །ཉེ་བའི་བུ་མོ་ནི། ཨུ་པ་བ་དྷུ། ཨུ་པ་བ་དྷུ་ཀྲྀ་ཏཾ། ཨུ་པ་བ་དྷུ་སྭ། ཕུན་སུམ་ཚོགས་པར་བྱེད་པ་པོ་རྣམས་ཀྱི། ཡུ་ཀ་ར་ཏྲྀ། སུ་ཀརྟི་ཏྲྀ་ཏཾ། སུ་ཀརྟི་སྭཾ། བུད་མེད་རྣམས་ལ་ཇི་ལྟར་འཇུག་སྟེ། ཨ་དྷི་སྟི། གཞན་ལས་ཞེས་ པ་ཅི་ཞེ་ན། ཨུ་པ་ཀུ་བྷེ་ན། ཨུ་པ་ཀུཾ་བྷེ། མི་ཟད་པ་ལས་ཀྱང་ངོ་། །མི་ཟད་པ་ལས་ཕྱི་མའི་རྣམ་དབྱེ་རྣམས་ནི་འཇིག་པར་འགྱུར་རོ། །ཙ། ཝཱ། ཧཱ། གལ་ཏེ་དེ་རྣམས་འཇིག་པར་བྱ་ན་དེ་རྣམས་སྐྱེས་པས་ཅིའི་ཕྱིར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཚིག་ནི་མིང་ཇི་ལྟར་བར་འགྱུར་བའི་ཕྱིར་རོ། ། ཝ་སྭ་ན་ས་ལ་སོགས་པ་དག་ལ་འགྱུར་བ་ཡོད་ན། གྲཱ་མ་ཤྩ་ཏེ་སྭཾ། ན་ག་རཉྩ་མེ་སྭཾ། གྲགས་པ་རྣམས་ཀྱི་མང་པོ་ཉིད་ལ་བུད་མེད་མིན་པའི་བུ་རྒྱུད་ཀྱིའོ། །བུ་རྒྱུད་ལ་རྐྱེན་ནི་བུ་རྒྱུད་རྐྱེན་ནོ། །རྒྱལ་པོ་གང་རྣམས་ཡུལ་གྱི་སྒྲས་བརྗོད་པ་དེ་རྣམས་ནི་གྲགས་པ་རྣམས་སོ། །གྲགས་པ་ 195-1-118a རྣམས་དང་འབྲེལ་པའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་འཇིག་པར་འགྱུར་ཏེ། བུད་མེད་མིན་པའི་སྟེ་བུད་མེད་ཀྱི་ཡུལ་དོར་བ་ཉིད་ནའོ། །ཨཾ་གི་བུ་རྒྱུད་མང་པོ་རྣམས་ནི། ཨཾ་གཱཿ། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །དེ་འཇིག་གོ། །འཇིག་གོའི་ས་ཕྱིས་པ་ལ་རྐྱེན་ གྱི་བྱ་བ་མེད་དོ་ཞེས་པས་འཕེལ་བ་མེད་དོ། །དེ་བཞིན་དུ། ཝད་གཱཿ། གྲགས་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། པུ་རུའི་བུ་རྒྱུད་མང་པོ་རྣམས་ནི་ས་ཽར་ཝཿཨཎའོ། །ཨུའི་ཡི་གེ་རྣམས་ནི་ཨོ་ཉིད་དུ་ཐོབ་པོ་ཞེས་པས་ཨོ་ཉིད་དོ། །མང་པོ་ཉིད་ལ་ཞེས་པས་ཅི་ཞེ་ན། ཨཾ་གའི་བུ་རྒྱུད་ནི། ཨཱཾ་གཿ། ཝཱཾ་གཿ བུད་མེད་མ་ཡིན་པའི་ཞེས་པ་ཅི་ཞེ་ན། ཨཾ་གའི་བུད་མེད་ཀྱི་བུ་རྒྱུད་རྣམས་ནི། ཨཱཾ་གྱཿཝཱཾ་གྱཿ། ཨཾ་ག་དང་ཝཾ་ག་དག་ལ་ཨཎའོ། །ཨ་ཎ་དང་ཨེ་ཡ་ཎ་དང་ཨི་ཀ་ཎ་ལས་ཞེས་པས་ཨཱི་ཡིག་གོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ལས་ཨ་དབྱི་བར་བྱའོ། །ཛས྄་ཁོ། ཡ་ཉིད་དོ། །བུ་རྒྱུད་ ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། པཉྩ་ལ་པའི་སློབ་མ་འདི་རྣམས་ནི། པཱཉྩ་ལཱཿ། དེའི་འདི་ཞེས་པས་ཨཎའོ། །གརྒ་ཡསྐ་བི་ད་སོགས་རྣམས་ཀྱིའང་ངོ་། །ཟླས་དབྱེ་ཁོང་ན་ཡོད་པའི་འབྲུ་མང་པོ་པའོ། །གརྒ་སོགས་རྣམས་དང་། ཡསྐ་སོགས་རྣམས་དང་། བི་ད་སོགས་རྣམས་དང་། འབྲལ་ པའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་རྣམས་ཀྱང་འཇིག་པར་འགྱུར་ཏེ་བུད་མེད་མ་ཡིན་པའིའོ། །གྲགས་པ་མིན་པའི་དོན་བརྗོད་པའོ། །གརྒའི་བུ་རྒྱུད་མང་པོ་རྣམས་ནི། གརྒཿ། ཝསྶཱཿ། བ་ཛཱཿ། ཨརྒ་སོགས་ལས་ཎྱའོ་ཞེས་པས་ཎྱའོ། །དེ་འཇིག་གོ། །ཛས་སོ། །ཡསྐའི་བུ་རྒྱུད་ རྣམས་ནི། ཡསྐཿ། ལཛྫཿདྲུ་ཧྱཱཿ། ཨཎ་སྟེ་འཇིག་གོ། །བི་དའི་བུ་རྒྱུད་རྣམས་ནི། བི་དཱཿཨུར་ཝཿ། བྷ་རཱ་དྷྭ་ཛཱཿཨཎ་འཇིག་གོ། །མང་པོ་ཉིད་ཀྱི་ཞེས་པ་ཅི་ཞེ་ན། གརྒའི་བུ་རྒྱུད་ནི། གཱརྒྱཿ། དེ་བཞིན་དུ། ཡཱསྐཿ། བཻ་དཿ། བུད་མེད་མིན་པའི་ཞེས་པ་ཅི་ཞེ་ན། གརྒའི་བུད་མེད་ ཀྱི་བུ་རྒྱུད་རྣམས་ནི། གཱརྒྱཿ། གཱརྒའི་སྒྲ་ལས་ཎྱའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །ཎྱ་ལས་ཞེས་པ་ཨཱི་ཡིག་གོ། །བུ་རྒྱུད་ཀྱི་ཡའི་ཞེས་པས་ཡ་དབྱིའོ། །ཛས་སོ། །དེ་བཞིན་དུ། ཡཱ་སྐྱཿ། བཻ་རྱཿ། ཡསྐ་དང་བི་ད་དག་ལས་ཨ་ཎའོ། །ཨཎ་དང་ཨེ་ཡ་དང་ཨིཀ་ 195-1-118b ལས་ཞེས་པས་ཨཱི་ཡིག་གོ། །ཛས་སོ། །བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། གརྒའི་སློབ་མ་འདི་རྣམས་ནི། གཱརྒཱཿ། ཡཱསྐཱཿ། བཻ་དཱཿ། དེའི་འདི་ཞེས་པས་ཨཎའོ། །གརྒ་དང་། ཝནྶ་དང་། བཛྲ་དང་། སཾ་ཀྲྀ་ཏི་དང་། བྲཱ་མཱ་ཏ་དང་། བྱགྷྲ་པཱ་ཏ་དང་། ཨ་ཛ་དང་བེད་དང་བྷུ་མ་ཞེས་སོགས་ རྣམས་ནི་གརྒ་སོགས་རྣམས་སོ། །ཡསྐ་དང་། ལཛྫ་དང་། དྲུ་ཧ་དང་། ཨ་ཡ་སྠཱུ་ཎ་དང་། བྷ་ལན་དྷ་ར་ཞེས་པ་ལ་སོགས་པ་ཡསྐ་སོགས་རྣམས་སོ། །བི་ད་དང་། ཨུརྦ་དང་། བྷ་ར་དྷྭཱ་ཛ་དང་། ཀུརྦ་ཙཱ་ར་དང་། ཨུ་པ་མ་ནྱུ་ཀ་ཤྱ་པ་ཞེས་པ་ལ་སོགས་པ་རྣམས་ནི་བི་ད་སོགས་སོ། །བྷྲྀ་གུ། ཨ་ཏྲི། ཨཾ་གི་རས། ཀུཏྶ་བ་ཤིཥྛ། གོ་ཏམ་རྣམས་ལས་ཀྱང་ངོ་། །བྷྲྀ་གུ་དང་། ཨ་ཊི་དང་། ཨཾ་གི་ར་ས་དང་། ཀུཏྶ་དང་། བ་ཤིཥྛ་དང་། གོ་ཏམ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་བུད་མེད་མིན་པའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་འཇིག་པར་འགྱུར་རོ། །བྷྲྀ་གུའི་བུ་རྒྱུད་མང་པོ་ རྣམས་ནི། བྷྲྀ་ག་ཝཿ། ཨ་ཏྲ་ཡཿ། ཨཾ་གི་ར་ས། ཀུཏྤཱཿ། བ་ཤིཥྛཿ། གོ་ཏ་མཱཿ། ཨ་ཏིའི་སྒྲ་ལས་བུད་མེད་དང་ཨ་ཏྲི་སོགས་ལས་སོ་ཨེ་ཡ་ཎའོ་ཞེས་པས་ཨེ་ཡ་ཎའོ། །ལྷག་མ་རྣམས་ལས་བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །དེ་དག་འཇིག་གོ། །མང་པོ་ཉིད་ཀྱི་ཞེས་ པ་ཅི་ཞེ་ན། བྷྲྀ་གུའི་བུ་རྒྱུད་ནི། བྷཱརྒ་ཝཿ། ཨཱ་ཏྲེ་ཡཿ། ཨཾ་གི་ར་སཿ། ཀཽཏྶཿ། ཝཱ་ཤིཥྛཿ། གཽ་ཏ་མཿ། བུད་མེད་མ་ཡིན་པའི་ཞེས་པ་ཅི་ཞེ་ན། བྷྲྀ་གུའི་བུད་མེད་ཀྱི་བུ་རྒྱུད་རྣམས་ནི། བྷརྒ་བྱཿ། ཨཱ་ཏྲ་ཡྱཿ།ཨཱང་གི་ར་སྱཿ། ཀཽ་ཏ་སྱཿ། ཝཱ་ཤི་ཥྦྷྱཿ། གཽ་ཏ་མྱཿ། ཨེ་ཡཎ་དང་ཨཎ་ བྱས་པ་ལ་ཨཎ་དང་ཨེ་ཡ་དང་ཨིཀ་ལས་ཞེས་པས་ཨཱི་ཡིག་གོ། །ཛས་སོ། །བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། བྷྲྀ་གུའི་སློབ་མ་འདི་རྣམས་ནི། བྷྲརྒཝཱཿ། སྔ་མ་ལྟར་ཨཎའོ། །གང་ལས་འབྲལ་བའམ་འཇིགས་པའམ་ལེན་པ་དེ་ངེས་པར་ཀུན་སྦྱིན་པའོ། །འབྲལ་བ་ཞེས་པ་ཚིག་ གཉིས་ཏེ། དེ་བཞིན་དུ་ལེན་པ་ཞེས་པའང་ངོ་། །གང་ལས་འབྲལ་བ་སྟེ། གང་ལས་ཕྲལ་བ་ཐོབ་པ་དང་། གང་ལས་འཇིགས་པ་དང་གང་ལས་ལན་ཅིང་འཛིན་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་ཅན་དུ་འགྱུར་རོ། །གྲཱ་མཱ་དཱ་གཙྪ་ཏི། གྲཱ་མཱ་དཱ་ག་མི་ཥྱ་ཏི། ཨ་དྷརྨཱནྣི་ཝརྟྟ་ཏེ། ཨ་ཤྭཱ་ཏ་པ་ཏི་ཏཿ། 195-1-119a ཙཽ་རེ་བྷྱོ་བི་བྷེ་ཏི། ཨུ་པཱ་དྷྱ་ཡཱདྤི་དྱཱ་མཱ་དརྟེ། ཀོཥྛ་གཱ་རཱ་དྡྷ་ནྱ་གྲྀ་ཧྱ་ཏེ། འོ་ན། གྲཱ་མཱནྣཱ་གཙྪ་ཏི། ཞེས་པ་འདིར་ཅིའི་ཕྱིར་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཡིན་ཏེ། འདིར་ནི་ཕྲལ་བ་དགག་པར་བྱ་བའོ་ཞེ་ན། བདེན་ཏེ། ཇི་སྲིད་དུ་ཕྲལ་བ་བསྟན་པར་བྱ་བ་མ་ཡིན་པ་དེ་སྲིད་དུ་ནི་སུ་ ཞིག་དགག་པ་ཡོད། དེས་ན་ཕྲལ་བར་གྱུར་པ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཡོད་པ་དེ་ལ་དགག་པ་འབྲེལ་པ་མེད་དོ། །གང་ལས་འབྲེལ་བ་ཞེས་པ་འདིས་གྲུབ་པ་ཉིད་ལས་ལེན་པ། སྨོས་པ་ནི་སྤྲོས་པའི་དོན་ཏོ། །དེ་བཞིན་དུ་འཇིགས་ཞེས་སྨོས་པའང་སྟེ། དེ་ལྟར་ནི། ཙཽ་བོ་རེ་བྷྱོ་བི་བྷ་སྟི། ཞེས་པ་འདིར་གང་འཇིགས་པར་བྱེད་པ་ཆོམ་རྐུན་པ་སྟེ་དེ་ལས་ཕྲལ་བར་བྱ་བའོ། །ངེས་པར་ཀུན་སྦྱིན་པའི་མིང་གི་གང་དུ་དགོས་ཤེ་ན། ལྷག་མ་རྣམས་ལས་བྱེད་པ། ཡང་དག་པར་རབ་ཏུ་སྦྱིན་པ་ཞེས་པ་འདིར་འཆད་པར་འགྱུར་བའི་མིང་གིས་དེ་ཉིད་དུ་དགོས་སོ། །བསྲུང་བའི་དོན་རྣམས་ ཀྱིས་འདོད་པའང་ངོ་། །གང་རྣམས་ཀྱི་བསྲུང་བའི་དོན་གྱི་བྱིངས་དེ་རྣམས་ནི་བསྲུང་བའི་དོན་ཏོ། །ཐོས་ཤིང་རྗེས་སུ་དཔག་པས་བརྟགས་པས་མདོའི་དོན་ཡོངས་སུ་བརྟག་གོ་ཞེས་པའི་སྦྱོར་བའི་སྒྲ་བདུན་པའི་མཐའི་ཐ་སྙད་དུ་བྱའོ། །གང་འདོད་ཅིང་མངོན་པར་འདོད་པའི་བསྲུང་བའི་དོན་གྱི་བྱིངས་ རྣམས་ཀྱི་སྦྱོར་བར་གྱུར་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་ཅན་དུ་འགྱུར་ཏེ། འང་གི་སྒྲ་ལས་འདོད་པ་མ་ཡིན་པའི་ཡང་ངོ་། །ཡ་བེ་བྷྱོ་གཱཾ་རཀྵ་ཏི། ཏི་ལེ་བྷྱཿཀཱ་ཀཱ་ནྭཱ་ར་ཡ་ཏི། ཨ་ཧི་བྷྱཿསུ་ཏྲཾ་རཀྵ་ཏི། ཀུ་པཱནྡ་ནྡྷཾ་ཝ་ར་ཡ་ཏི། སྤྲོས་པའི་དོན་གྱི་སྦྱོར་བ་སྟེ་གང་ལས་འབྲལ་བ་ཞེས་པ་འདིས་གྲུབ་པ་ ཉིད་ལས་སོ། །ནས་ལ་སོགས་པ་རྣམས་ལས་བ་ལང་ལ་སོགས་ལ་ཕྲལ་བར་བྱ་བ་ཡོད་པས་སོ། །གང་གི་ཆེད་དུ་སྦྱིན་པར་འདོད་པའམ་སྲེད་པར་བྱེད་པའམ་འཛིན་དུ་འཇུག་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །གང་གི་ཆེད་དུ་སྦྱིན་པར་འདོད་ཅིང་ལེན་པར་འདོད་པ་དང་། གང་གི་ཆེད་དུ་ སྲེད་པར་བྱེད་པ་དང་གང་གི་ཆེད་དུ་འཛིན་དུ་འཇུག་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་ཅན་དུ་འགྱུར་རོ། །བི་པྲཱ་ཡ་བྷི་ཀྵཾ་ད་དཱ་ཏི། ཨུ་བཱ་དྷྱཱ་ཡཱ་ཡ་གཾ་ད་དཱ་ཏི། དེ་ཝ་ད་ཏྟཱ་ཡ་རོ་ཙ་ཏེ་མོ་ད་ཀཱཿ། ཡཛྙ་དཏྟཱ་ཡ་ཤ་ཏཾ་དྷཱ་ར་ཡ་ཏེ། སྦྱིན་པར་འདོད་པ་ཞེས་པ་ཅི་ཞེ་ན། རཛྙོ་དཎྜཾ་ད་དཱ་ཏི། དབང་དུ་གྱུར་པའི་ཡུལ་ལ་ 195-1-119b མིང་འདི་འདོད་དོ། །དེས་ན་གཞན་གྱི་རྗེ་བོ་ཉིད་དུ་གྱུར་པ་གང་ལ་སྦྱིན་པ་དེ་ལ་མིང་འདིའོ། །དེས་ན་འདིར་མི་འགྱུར་ཏེ། རཱ་ཛ་ཀ་སྱ་བསྟྲཾ་ད་དཱ་ཏི། གང་ཀུན་ནས་འཛིན་པ་དེ་གནས་གཞིའོ། །གང་ལ་རྣམ་པར་གནས་པ་འཛིན་པར་བྱེད་པ་དེ་ཀུན་འཛིན་པའོ། །ཨདྷི་ཨཱ་ཡནྱ་ཡོ་དྱོ་ཞེས་པས་ཚིག་ ཕྲད་ལ་གྷཉའོ། །གང་ཀུན་ནས་འཛིན་པ་དེ་གནས་གཞིའི་མིང་ཅན་དུ་འགྱུར་རོ། །དདྷྣི་གྷྲྀཏཾ། པྲ་ཡངྒེ་ཤེ་ཏེ། ཛ་ལ་མཱཏྶྱཿ། གང་ཡང་རྟེན་དང་བརྟེན་པའི་དངོས་པོ་འབྲེལ་པ་འཆད་པར་འདོད་པ་དེར་ཡང་མིང་དུ་འགྱུར་ཏེ། ཨངྒུ་ལྱ་གྲེ་ཧསྟི་ཡུ་ཐ་ཤ་ཏ་མ་སྟི། གང་གིས་བྱ་བ་དེ་བྱེད་པའོ། ། གང་གང་གིས་བྱ་བ་དེ་བྱེད་པའི་མིང་ཅན་དུ་འགྱུར་རོ། །དཱཏྲེ་ཎ་ལུ་ནཱ་ཏི། པ་ར་ཤུ་ནཱ་ཙྪི་ན་ཏི། གང་གི་ཚེ་སྤྱོད་པ་སོགས་ནི་སྐྱེས་བུའི་བྱ་བ་ལ་ལྟོས་པ་མེད་པ་དེའི་ཚེ་བྱེད་པ་ཉིད་དུ་མི་འགྱུར་ཏེ། དཱ་ཏྲཾ་ལུ་ནཱ་ཏི། གང་བྱ་བ་དེ་ལས་སོ། །གང་བྱ་བ་དེ་ལས་ཀྱི་མིང་ཅན་དུ་འགྱུར་རོ། །ཀ་ཊཾ་ཀ་རོ་ཏི། ཨོ་ད་ནཾ་པ་ཙ་ཏི། ཨཱ་དི་ཏྱཾ་པ་ཤྱ་ཏི། ཨདྷི་སྔ་མ་རྣམས་ཀྱི་ཤཱིང་དང་ཟ་དང་ཨཱསྟི་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་ཀུན་འཛིན་པའི་ལས་ཀྱི་མིང་ཅན་དུ་བཤད་པར་བྱ་སྟེ། གྲཱ་མ་མ་དྷི་ཤེ་ཏེ། གྲཱ་མ་མ་དྷི་ཏིཥྛ་ཏི། གྲཱ་མ་མ་བྷྱ་ཏེ། དུས་དང་དངོས་པོ་དང་ལམ་དང་ཡུལ་རྣམས་ཀྱི་ལས་མེད་པའི་བྱིངས་ དག་གི་སྦྱོར་བ་ལ་ལས་ཀྱི་མིང་ཅན་དུ་བཤད་པར་བྱ་སྟེ། དུས་ཀྱི་ནི། མཱ་ས་མ་སྟི། དངོས་པོའི་ནི། གོ་དོ་ཧ་མ་སྟི། ལམ་གྱི་ནི། ཀྲོ་ཤ་མ་སྟི། ཡུལ་གྱི་ནི། ཀུ་ཏུན་སྭ་བི་ཏི། བྱ་བའི་ཁྱད་པར་རྣམས་ཀྱིའང་སྟེ། སོ་བྷ་ནཾ་བ་ཙ་ཏི། གང་བྱེད་མཁན་དེ་བྱེད་པ་པོའོ། །གང་བྱེད་ མཁན་དེ་བྱེད་པ་པོའི་མིང་ཅན་དུ་འགྱུར་རོ། །རུ་དྲེ་ན་ཀྲི་ཏཾ། བིཥྞུ་ནཱ་ཀྲྀ་ཏམ། བྱེད་པ་པོའི་མིང་གིས་གང་དུ་དགོས་ཤེ་ན། བྱེད་པ་པོ་ལའང་ངོ་ཞེས་པ་ལ་སོགས་པ་རྣམས་སུའོ། །གང་བྱེད་དུ་འཇུག་པ་དེ་རྒྱུའང་ངོ་། །བྱེད་པ་པོ་སྨོས་པ་རྗེས་སུ་འབྲེལ་བར་བྱ་སྟེ། གང་བྱེད་པ་པོ་དང་ རྗེས་སུ་འཇུག་པ་དེ་རྒྱུའི་མིང་ཅན་དུ་འགྱུར་ཏེ། འང་གི་སྒྲ་ལས་བྱེད་པ་པོའི་མིང་ཅན་ཡང་ངོ་། །ཀཱ་ར་ཡ་ཏི། པཱ་ཋ་ཡ་ཏི། ཌུ་ཀྲྀཉ་བྱེད་པ་ལའོ། །པ་ཋ་ཀློག་པ་ལའོ། །བྱེད་དུ་འཇུག་པ་ལ་སྦྱོར་བར་བྱེད་དོ། །ཀློག་ཏུ་འཇུག་པ་ལ་སྦྱོར་བར་བྱེད་དོ་ཞེས་པ་དང་བྱིངས་ཀྱིའང་རྒྱུ་ལའོ་ཞེས་པས་ 195-1-120a ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོར་འགྱུར་རོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །རྒྱུའི་མིང་ཡོད་པ་དེ་ལ་རྒྱུའི་དོན་ལ་ཨིནའོ། །བྱེད་པ་པོའི་མིང་མེད་པ་ན་ཨིན་དང་ཉ་དང་ཡ་ཛ་སོགས་ལས་གཉི་གའོ་ཞེས་པས་པ་རསྨཻའི་ཚིག་གོ། ། རྒྱུའི་མིང་གིས་གང་དུ་དགོས་ཤེ་ན། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་འདིར་རོ། །དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལོ། །གཉིས་ཀ་དག་གི་ཐོབ་པ་ནི་གཉིས་ཀ་ཐོབ་པའོ། །གལ་ཏེ་ཡང་། ཨུ་བྷ་ཡའི་སྒྲ་ཚིག་སྡུད་ལ་ཐོབ་པ་དེ་ལྟ་ན་ཡང་ཨུ་བྷའི་སྒྲས་ཚིག་རྣམ་པར་སྦྱར་བར་བྱ་སྟེ། གཉིས་ཉིད་ཀྱི་ཡུལ་ལ་ཨུ་བྷ་ཡའི་སྒྲ་སྦྱོར་བ་མི་སྲིད་པས་སོ། །ཨུ་བྷ་ཡའི་སྒྲ་ནི་གཅིག་ཉིད་དང་མང་པོ་ཉིད་དག་ལ་རབ་ཏུ་སྦྱར་བར་བྱའོ། །ཨུ་བྷའི་སྒྲའི་གཉིས་ཉིད་ལའོ། །དེ་རྣམས་ཀྱི་སྟེ་ངེས་པར་ཀུན་སྦྱིན་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཀྱི་ནང་ནས་གཉིས་ཀ་དག་གི་སྟེ་བྱེད་པ་ཅན་ གཉིས་དག་ཡུལ་གཅིག་ལ་ཐོབ་པ་གང་ཡིན་པའི་ཕ་རོལ་ན་ཡོད་པའི་བྱེད་པ་ཅན་དེ་ཁོ་ནར་འགྱུར་རོ། །བྲྀཀྵཾ་ཏྱ་ཛ་ཏི་ཁ་གཿ འདིར་ཤིང་ལས་བྱ་ཕྲལ་བར་བྱའོ་ཞེས་བྲྀཀྵ་ལ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཐོབ་པ་ལ་ཤིང་དང་འབྲེལ་བཞིན་པ་ཉིད་ལས། ལས་སུ་འགྱུར་རོ་ཞེས་ལས་ཀྱི་ མིང་ཅན་ཡང་འགྱུར་བ་ལས་ཕ་རོལ་ཉིད་ཀྱི་ཕྱིར་ལས་ཀྱི་མིང་ཅན་ཁོ་ནར་འགྱུར་རོ། །ཏྱ་ཛ་ཏི་དཎྜཾ་དཎྜཱི་འདིར་དབྱུག་པ་ཅན་ལས་དབྱུག་པ་ཕྲལ་བར་བྱའོ་ཞེས་དཎྜི་ལ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཐོབ་པ་ལའོ། །དབྱུག་པ་ཅན་ལས་དབྱུག་པ་འབྲེལ་པ་ན་ཡང་བྱེད་པ་པོ་ཉིད་དུ་ཡོད་དོ་ཞེས་བྱེད་ པ་པོའི་མིང་ཅནའང་འགྱུར་མོད་ཕ་རོལ་ཉིད་ཀྱི་ཕྱིར་ལས་ཀྱི་མིང་ཅན་ཁོ་ནར་འགྱུར་རོ། །སྔར་བཤད་པ་དང་ཕྱིས་བརྗོད་པས་ཡོངས་སུ་བཤད་པ་ཉིད་ཀྱིས་གྲུབ་པ་ལས་སྦྱོར་བ་བརྩམས་པ་འདི་ལྟ་བུ་ནི་སྤྲོས་པའི་དོན་ཏོ། །རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །རྟགས་ཀྱི་དོན་ནི་ རྟགས་དོན་ནོ། །དེའི་ཚིག་ནི་རྟགས་ཀྱི་དོན་གྱི་ཚིག་གོ། །རྟགས་ཀྱི་དོན་གྱི་ཚིག་མངོན་པར་བརྗོད་པར་གྱུར་པ་ལ་རྟགས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལས་ཕ་རོལ་ཞེས་པ་འདིས་སི་ལ་སོགས་པ་རྣམས་གྲུབ་པ་ཉིད་ལས་འོན་ཀྱང་རབ་ཏུ་བྱེད་པ་འདི་ནི་འདི་ལྟ་བུའི་དོན་གྱི་ཚིག་ཅན་གྱི་དོན་ལ་ 195-1-120b བརྩམ་པར་བྱའོ། །བྲྀཀྵཿ། ཀུ་མཱ་རཱི། ཀུཎྜཾ། དྲོ་ཎཿ། ཨཱཊ་ཀཾ། རྟགས་ཀྱི་དོན་ལ་ཞེས་བྱ་བ་ལ་ཚིག་སྨོས་པ་ནི་གང་གཅིག་ཉིད་ལ་སོགས་པའི་དོན་རྣམས་ཀྱི་རང་བཞིན་བརྗོད་པ་དེ་ལ་ཡང་དང་པོ་འཇུག་པའི་དོན་ཏོ། །ཨེ་ཀཿ། དྭཽ། བ་ཧ་ཝ། འདིར་ཨེ་ཀའི་སྒྲས་གཅིག་ཉིད་བརྗོད་ཅིང་ དྭིའི་སྒྲས་གཉིས་ཉིད་དང་བ་ཧུའི་སྒྲས་མང་པོ་ཉིད་དོ། །རྣམ་དབྱེ་སྨོས་པ་ནི་དེ་ལྟར་དགོས་པ་ལྡན་པའོ་ཞེས་གསུང་ངོ་། །བོད་པ་ལ་ཡང་ངོ་། །བོད་པའི་དོན་ལ་རྟགས་ལས་རྣམ་དབྱེ་དང་པོར་འགྱུར་རོ། །ཧེ་ཤཾ་ཀ་ར། ཧེ་གྲྀཥྞ། ཧེ་བྲྀཀྵ། འོ་ན་སྔ་མས་གྲུབ་ཡོད་དོ་ཞེས་པས་ཅི་ལྟར་སྦྱོར་ བ་བརྩམས་ཤེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་འདིར་བོད་པ་ལྷག་པ་ནི་རྟགས་ཀྱི་དོན་དུ་རྟོགས་སོ་ཞེས་པས་རྟགས་ཀྱི་དོན་དགག་པ་མེད་པའི་ཕྱིར་མདོ་བྱས་པ་དོན་མེད་པ་མ་ཡིན་ནོ། །ལྷག་མ་རྣམས་ལས་བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ་ངེས་པར་ཀུན་སྦྱིན་པ་རྗེ་བོ་ལ་སོགས་པ་གཞི་ རྣམས་ལའོ། །སྒྲ་གང་རྣམས་ཀྱི་དང་པོ་རྗེ་བོ་ཡིན་པ་དེ་རྣམས་ནི་རྗེ་བོ་ལ་སོགས་པ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །རྗེ་བོ་ལ་སོགས་པའི་སྒྲས་སྦྱོར་བ་སྨོས་པ་ནི་དཀྱུས་མ་སྤོང་བ་ཡིན་ནོ། །ལྷག་མ་གཉིས་པ་ལ་སོགས་པའི་རྣམ་དབྱེ་རྣམས་ནི་ལས་བྱེད་པ་དང་ཡང་དག་པར་རབ་ཏུ་ སྦྱིན་པ་དང་ངེས་པར་ཀུན་སྦྱིན་པ་དང་རྗེ་བོ་ལ་སོགས་པའི་སྦྱོར་བ་དང་གཞི་རྣམས་ལས་འགྱུར་རོ། །ལས་ལ་གཉིས་པ་སྟེ།ཀ་ཊཾ་ཀ་རོ་ཏི། ལས་བརྗོད་པ་ལ་མི་འགྱུར་ཏེ་བརྗོད་པའི་དོན་རྣམས་ཀྱི་སྦྱོར་བ་ལ་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ། །ཀྲྀ་ཡ་ཏེ་ཀ་ཊཿ། འདིར་ཨཱཏྨ་ནེའི་ཚིག་ གིས་ལས་བརྗོད་པའི་ཕྱིར་རོ། །ཀྲྀ་ཏཿ། ཀ་ཊཿ། འདིར་ཡང་རྐྱེན་གྱིས་བརྗོད་པས་སོ། །བྱེད་པ་ལ་གསུམ་པ་སྟེ། པ་ར་ཤུ་ནཱཙྪི་ན་ཏི། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པ་སྟེ། ཨུ་པཱ་དྷྱཱ་ཡཱ་ཡ་གཱཾ་ད་དཱ་ཏི། ཞེས་པར་ཀུན་སྦྱིན་པ་ལ་ལྔ་པ་སྟེ། གྲཱ་མཱ་དཱ་ག་ཏཿ། རྗེ་བོ་ལ་སོགས་ པ་སྦྱོར་བ་ལ་དྲུག་པ་སྟེ། དེ་ཝ་དཏྟ་སྱ་སྭཱ་མི། ཡ་ཛྙཱ་དཏྟ་སྱ་སྭཱ་མཱི། ཙྪ་ཏྲཱ་ཎཱཾ་ས་མུ་ཧཱཿ། བཞི་ལ་བདུན་པ་སྟེ། ཀ་ཊེ་ཨཱ་ཏེ། ཨུ་བྷ་ཡ་དང་སརྦ་ཞེས་པ་འདི་དག་ལ་ཏས་སྦྱོར་བ་ལ་གཉིས་པ་བཤད་པར་བྱ་སྟེ། ཨུ་བྷ་ཡ་ཏེ་གྲཱ་མཾ་བ་ས་ཏི། སརྦ་ཏོ་ན་ག་རཾ་བ་ས་ཏི། གཉིས་ཀ་ 195-1-121a ལ་ཐམས་ཅད་ལ་ཞེས་ཨཱ་དི་སོགས་ལས་ཏས་སོ་ཞེས་པས་ཏས་སོ། །ཧ་དང་དྷི་ཀའི་སྒྲ་སྦྱོར་བ་ལའང་ངོ་། །ཧཱ་དེ་ཝ་དྲ་ཏྟི། ཧྲིགྡེཝ་དཏྟཾ། ཧའི་སྒྲ་སྦྱོར་བ་ལ་དང་པོ་ཡང་བལྟ་བར་བྱ་སྟེ། ཧཱ་དེ་ཝ་དཏྟཿ། ཨ་བྷི་ཏས་དང་ས་རི་ཏས་དང་ས་མ་ཡཱ་དང་ནི་ཀ་སཱ་ཞེས་ པ་འདི་རྣམས་ཀྱི་སྦྱོར་བ་ལ་ཡང་ངོ་། །ཨ་བྷི་ཏོ་གྲཱ་མཾ་ཝ་ས་ཏི། གྲོང་གཉིས་པོ་ཞེས་པའི་དོན་ཏོ། །པ་རི་ཏོ་ན་ག་རཾ་བ་ས་ཏི། །གྲོང་ཁྱེར་ཀུན་ཞེས་པའི་དོན་ཏོ། །ཨ་བྷི་དང་པ་རི་དག་ལས་གཉིས་ཀྱི་དོན་དང་ཐམས་ཅད་ཀྱི་དོན་ལ་ཏས་སོ། །ས་མ་ཡཱ་གྲཱ་མཾ། ས་མ་ཡ་དང་ནི་ཀཱ་སིའི་སྒྲ་དག་ ནི་ཉེ་བའི་ཚིག་གོ། །ཨནྟ་ར་དང་ཨནྟ་རེ་ཎ་ཞེས་པ་འདི་དག་གི་སྦྱོར་བ་ལ་ཡང་ངོ་། །ཨནྟ་ར་ཏྭཾ་ཙ་མཱཉྩ་གྷ་ཊ་ཨནྟ་ར་ནི་ནང་མ་ཞེས་པའི་དོན་ཏོ། །ཨནྟ་རེ་ཎ་པུ་རུ་ཥ་ཀཱཾ་རཾ་ཀིཉྩིད་པྲ་སྱ་ཏེ། སྐྱེས་བུའི་བྱེད་པ་མེད་པར་ཞེས་པའི་དོན་ཏོ། །པྲ་ཀྲྀ་ཏི་ལ་སོགས་པ་རྣམས་ལས་གསུམ་པ་བཤད་པར་ བྱ་སྟེ། པྲ་ཀྲྀ་ཏྱ་དཪྵ་ནཱི་ཡཿ། བྲཱ་ཡེ་ཎ་ཡཱ་ཛྙ་ཀཿ།གོ་ཏྲེ་ཎ་གཱ་རྒྱཿ། གང་པྲ་ཀྲྀ་ཏི་ལ་སོགས་པའི་སྒྲ་དེ་རྣམས་ཀྱི་བྱེད་པ་པོ་དང་། བྱེད་པ་དག་མ་གཏོགས་པ་ལ་གསུམ་པ་བལྟ་བར་བྱའོ། །པྲྀ་ཐ་ཀ་དང་བི་ནཱ་དང་། ནཱི་ནཱ་རྣམས་ཀྱི་སྦྱོར་བ་ལ་གཉིས་པ་དང་གསུམ་པ་དང་ལྔ་པ་བཤད་པར་བྱ་སྟེ། པྲྀ་ཐགྡེ་བ་དཏྟཾ། པྲྀ་ཐགྡེ་བ་དཏྟེ་ན། པྲྀ་ཐགྡེ་བ་དཏྟཱད། དེ་བཞིན་དུ་བི་ནཱ་དང་ནཱ་ནའི་སྒྲ་སྦྱོར་བ་དཔེར་བརྗོད་པར་བྱའོ། །ཤ་པའི་བྱིངས་ཀྱི་སྦྱོར་བ་ལ་བཞི་པ་བཤད་པར་བྱ་སྟེ། ངག་གིས་ལུས་ཀྱིས་དལ་བུའི་དོན་ལའོ། །དེ་བ་དཏྟཱ་ཡ་ཤ་པ་ཏེ། སྤྲྀ་ཧའི་སྦྱོར་བ་ལ་འདོད་པའི་དོན་ལའོ། ། རུ་དྲཱ་ཡ་སྤྲྀ་ཧ་ཡ་ཏི། ཏ་དརྠེ་ཡཱུ་པཱ་ཡ་དཱ་རུ། ཧི་ཏ་སྦྱོར་བ་ལ་ཏེ། དེ་བཱ་ཡ་ཧི་ཏཾ། ཡ་སའི་སྒྲའི་མཐའ་ཕྱིས་པ་ན་མས་དང་བཞི་དག་ལ་ལྔ་པ་བཤད་པར་བྱ་སྟེ། པྲཱ་སཱ་དཱ་ཡཱ་རུ་ཧྱ་པྲེཀྵ་ཏ། པྲཱ་སཱ་དཱཏྤྲེ་ཀྵ་ཏེ། ཨཱ་ས་ནེ་ཨུ་པ་བི་ཤྱ་བིཀྵེ་ཏེ། ཨཱ་ས་ནཱ་ཏ་བིཀྵ་ཏེ། རུ་ཧ་ས་བོན་ལའོ། །ཨཱང་ ལྔ་མའོ། །བི་ཤ་འཇུག་པ་ལའོ། །ཨུ་པ་ལྔ་མར་རོ། །བྱེད་པ་པོ་གཅིག་དག་གོ་ཞེས་པས་ཀྟའོ། །བསྡུ་བ་མ་འབྱུང་བ་ལ་ཞེས་པས་དེའི་ཡས་ཏུ་བསྒྱུར་རོ། །དབྱི་བར་བྱའོ་ཞེས་པས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་ཨ་རུ་ཧྱ་དང་ཨུ་པ་བི་ཤྱ་དག་གི་དབྱིའོ། །རྒྱུ་མཚན་ལས་ལས་ 195-1-121b ལ་སྦྱོར་བ་ལ་བདུན་པ་བཤད་པར་བྱ་སྟེ། ཙརྨ་ཎི་དྭི་པི་ནཾ་ཧནྟི། པགས་པའི་རྒྱུན་ལ་ཞེས་པའི་དོན་ཏོ། །དེ་བཞིན་དུ། དནྟ་ཡཏྟ་ནྟི་ཀུཉྫྭ་རཾ། ཀེ་ཤེཥུ་ཙ་མ་རཱི་ཧནྟི། སཱིམྣེ་པུཥྤ་ལ་ཀོ་ཧ་ཏཿ ཐམས་ཅད་པའི་མིང་ཅན་གྱི་རྒྱུ་མཚན་གྱི་སྦྱོར་བ་ལ་རྣམ་དབྱེ་ཐམས་ཅད་འདོད་དེ། ཀིནྣི་མིཏྟ་བ་བ་ཏི། ཀེ་ན་ནི་མིཏྟེ་ན། ཀསྨཻ་ནི་མིཏྟཱ་ཡ། ཀསྨཱནྣི་མི་ཏཱ་ཏ། ཀ་སྱ་ནི་མིཏྟ་སྱ། ཀསྨཱིནྣི་མིཏྟེ། རྒྱུ་མཚན་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། ཀིཾ་ཀཱ་ར་ཎ་ཝ་ས་ཏི། ཀོ་ཧེ་ཏུ་ར་ཝ་ས་ཏི།ཀེཾ་པྲ་ཡོ་ཛ་ནཾ་ཝ་ས་ཏི། ཞེས་པ་ལ་སོགས་པའི་འང་གནས་སོ། །པ་རི་ཨ་པ་ཨཱང་སྦྱོར་བ་ལ་ ལྔ་པའོ། །པ་རི་དང་ཨ་པ་དང་ཨཱང་སྟེ་དེ་རྣམས་ནི་པ་རི་ཨ་པ་ཨཱངའོ། །དེ་རྣམས་ཀྱི་སྦྱོར་བ་ནི་པ་རི་ཨ་པ་ཨཱང་སྦྱོར་བའོ། །པ་རི་དང་ཨ་པ་དང་ཨཱང་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་རྟགས་ལས་ལྔ་པར་འགྱུར་རོ། །ལས་རབ་ཏུ་བརྗོད་པ་རྣམས་ཀྱིས་ཀྱང་ངོ་ཞེས་པས་གཉིས་པ་ཐོབ་པ་ལའོ། ། པ་རི་ཤྲུ་གྷྣཱདྡེ་ཝོ་བྲྀཥྚཿ། ཨ་པ་ཀནྱ། ཀུབྫཱ་དྡེ་བོ་བྲྀཥྚཿ། ཨཱ་ཀུ་རུ་ཀྵེ་དེ་ཝོ་བྲྀཥྚཿ པ་རི་ཨ་པ་ཨཱང་ཞེས་བྱ་བ་ལ་སྦྱོར་བ་སྨོས་པ་ནི་ལས་རབ་ཏུ་བརྗོད་པ་རྣམས་ཀྱི་བཟུང་བའི་དོན་ཏོ། །ཉེར་བསྒྱུར་རྣམས་ཀྱི་མི་འགྱུར་རོ། །དེས་ན་འདིར་མི་འགྱུར་ཏེ། པ་རི་བྷྲ་མ་ཎཾ། ཨ་པ་ས་ར་ཎཾ། ཨཱ་ནཱ་ཡ་ནཾ། ཀྲྀ་ ཡའི་སྦྱོར་བར་གྱུར་པ་ལ་པ་རི་སོགས་རྣམས་ཉིད་ཀྱི་ཉེར་བསྒྱུར་ཉིད་དོ་ཞེས་གསུང་ངོ་། །འདིར། འོ་ན། བྲྀཀྵཾ་པ་རི་བི་དྱོ་ཏ་ཏེ་བིདྱུ་ཏ། ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཨ་པའི་སྒྲའི་བོར་བའི་དོན་ལ་ལས་རབ་ཏུ་བརྗོད་པར་བཤད་བྱ་སྟེ། དེའི་ཕྱིར་བོར་བའི་དོན་ཅན་དེ་དང་ ལྷན་ཅིག་སྤྱོད་པའི་ཕྱིར་པ་རིའི་སྒྲ་བོར་བའི་དོན་ཅན་གཟུང་ངོ་། །པ་རི་ཞེས་པ་འདིར་སྤང་པ་རིའི་སྒྲ་མཚན་ཉིད་ཀྱི་དོན་དུ་གསལ་བར་བྱེད་དེ། ལྗོན་ཤིང་གི་ནི་གློག་མཚོན་ནོ། །ཕྱོགས་ཨི་ཏ་ར། རྀ་ཏ། གཞན་པ་རྣམས་ཀྱིས་ཡང་ངོ་། །ཕྱོགས་ཀྱིས་སྒྲས་སྦྱོར་བ་དང་། ཨི་ཏ་ར་དང་། རྀ་ཏེ་དང་། གཞན་པ་ཞེས་པ་འདི་དག་གིའང་རྟགས་ལས་ལྔ་པར་འགྱུར་རོ། །པཱུརྦོ་གྲཱ་མཱཏ྄། དཀྵི་ཎི་ན་ག་རཱ་ཏ྄། ཨི་ཏ་རོ་དེ་ཝ་ད་ཏྟཱཏ། པཎྜི་ཏཿརྀ་ཏེ་ཤམྦྷོཿ། ཀུ་ཏོ་མོཀྵཱཏ། ཨནྱོ་དེ་ཝ་དཏྟཱཏ། གཞན་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། བི་ལཀྵ་ཎོ་དེ་ཝ་དཏྟཱ་ཏ། ཨརྠཱནྟ་རཾ་ཡ་ཛྙ་ད་ཏྟཱཏ། 195-1-122a ཨེ་ན་ཡིས་གཉིས་པའོ། །ཨེ་ནའི་རྐྱེན་མཐའི་སྒྲས་སྦྱོར་བ་ལ་རྟགས་ལས་གཉིས་པར་འགྱུར་རོ། །དཀྵི་ཎེ་ན་གྲཱ་མཾ་ཝ་ས་ཏི། ཨུཏྟ་རེ་ཎན་ག་རཾ་ཝ་ས་ཏི། ལྷོའི་ཕྱོགས་ན་བྱང་གི་ཕྱོགས་ན་ཞེས་པའོ། །པུ་ར་སྟཱཏ་སོགས་རྣམས་ཀྱང་ངོ་ཞེས་པས་ཚིག་ཕྲད་ལས་ཨེ་ནའི་རྐྱེན་ཏེ་ཨིའི་ ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །དྲུག་པ་ཡང་འདོད་དེ། དཀྵི་ཎེ་ན་གྲཱ་མ་སྱ་ཝ་ས་ཏི། ལས་རབ་ཏུ་བརྗོད་པ་རྣམས་ཀྱང་ངོ་། །ལས་རབ་ཏུ་བརྗོད་པ་ལས་ཨ་ནུ་ལ་སོགས་དེ་རྣམས་ཀྱི་སྦྱར་བ་ལ་རྟགས་ལས་གཉིས་པར་འགྱུར་རོ། །བྲྀཀྵ་མ་ནུ་བི་དྱོ་ཏ་དེ་བི་དྱུད། འགྲོ་བའི་དོན་གྱི་ལས་ལ་ལམ་མ་ཡིན་པ་ལ་གཉིས་པ་དང་བཞི་པ་དག་ སྟེ་གཡོ་བ་ལའོ། །གང་རྣམས་ཀྱི་འགྲོ་བའི་དོན་གྱི་བྱིངས་དེ་རྣམས་ནི་འགྲོ་བའི་དོན་ཏོ། །དེའི་ལས་ནི་འགྲོ་བའི་དོན་གྱི་ལས་སོ། །འགྲོ་བའི་དོན་གྱི་བྱིངས་ཀྱི་ལས་དེ་ལ་ལས་ལ་ལམ་མ་ཡིན་པ་སྟེ། ལམ་མ་གཏོགས་པ་ལ་གཉིས་པ་དང་བཞི་པ་དག་འགྱུར་ཏེ། གཡོ་བ་ནི་འགྲོ་བཞིན་པ་སྟེ་ ལུས་གཡོ་ཞིང་ཡོངས་སུ་རྒྱུག་པའོ། །ཏཱིརྠཾ་གཙྪ་ཏི། ཏཱིརྠཱ་ཡ་གཙྪ་ཏི། ཀུ་རུ་ཀྵེ་ཏྲཾ་བྲ་ཛ་ཏི། ཀུ་རུ་ཀྵེ་ཏྲ་ཡ་བྲ་ཛ་ཏི། འགྲོ་བའི་དོན་སྨོས་པ་ཅི་ཞེ་ན། ཨོ་ད་ནཾ་པ་ཙ་ཏི། ལས་ལ་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ན་བྲ་ཛ་ཏི། གཡོ་བ་ལ་ཞེས་པ་ཅི་ཞེ་ན། མཱ་ན་སཱ་ཝཱ་རཱ་ཎ་སཱི་གཙྪ་ཏི། ལམ་ མིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་བྷྭ་ནཾ་བྲ་ཛ་ཏི། ལམ་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། པནྠ་ནཾ་གཙྪ་ཏི། མཱརྒཾ་བྲ་ཛ་ཏི། གང་གི་ཚེ་ལམ་པོ་ཆེའི་ལམ་ཐོབ་པར་འདོད་པ་དེའི་ཚེ་ཨ་དྷྭ་ནེ་གཙྪ་ཏི་ཞེས་པར་ཡང་འགྱུར་རོ། །བཞི་པ་ལ་ཡང་ན་ཞེས་བྱ་བ་ལ་གཉིས་པ་སྨོས་པ་ནི་ དགག་པར་བྱ་བ་ལ་ཏེ་དྲུག་པའི་ཡུལ་ལའང་གཉིས་པ་བཞི་པ་དག་འཇུག་པའི་དོན་ཏོ། །དེས་ན་གང་དུ་བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་ཞེས་པས་དྲུག་པ་ཐོབ་པ་དེ་ལ་དེ་འགེགས་པ་ཉིད་-ཀྱིས་ན་གཉིས་པ་དང་བཞི་པ་ཉིད་འགྱུར་རོ། །གྲཱ་མཱཾ་གནྟཱ། གྲཱ་མཱ་ཡ་གནྟཱ། ག་མིའི་བྱིངས་ལ། ཝུཎ་ཏྲྀཙ་ དག་གོ་ཞེས་པས་ཏྲྀ་ཙའོ། །མ་ནྱའི་ལས་ལ་སྲོག་ཆགས་མ་ཡིན་པ་ལའང་སྟེ་མ་གུས་པ་ལའོ། །མ་ནྱ་ཏི་ཞེས་པ་འདིའི་ཕྱོགས་གཅིག་མ་ནྱའི་སྒྲ་གཟུང་བའོ། །མ་ནྱ་ཏིའི་ལས་ནི་མ་ནྱའི་ལས་སོ། །མ་ན་ཤེས་པ་ལའོ་ཞེས་པ་འདིའི་ལས་གང་དེ་ལ་སྲོག་ཆགས་མ་ཡིན་པ་སྟེ་སྲོག་ཆགས་དོར་ 195-1-122b བ་ན་ལས་ལ་གཉིས་པ་དང་བཞི་པ་དག་འགྱུར་ཏེ། མ་གུས་པ་རྟོགས་པར་བྱ་བ་ལའོ། མ་གུས་པ་ནི་ཁྱད་དུ་གསོད་པའོ། །ཏྲྀ་ཎ་མ་སི་ཏཱཾ་ན་མ་ནྱེ། འང་གི་སྒྲ་འདིར་བཀླགས་པ་དེའང་ཁྱད་པར་གསལ་བར་བྱེད་པའོ། །དེས་ན། ཡུཥྨཏ་ལ་བཞི་པར་མི་འགྱུར་རོ། །མ་ནྱ་ཞེས་པ་ཅི་ཞེ་ན། ཏྲྀ་ཎཾ་ཏྭཱཾ་ ཙནྟྲ་ཡཱ་མི། མ་ནྱ་ཞེས་ཡ་ཎའི་ས་ངེས་པར་བསྟན་པ་ནི་མ་ནུ་རྟོགས་པ་ལའོ་ཞེས་པ་འདིའི་མ་ནུ་ཏི་ལྡོག་པའི་དོན་ཏོ། །དེས་ན། ཏྲྀ་ཎཾ་ཏྭ་མ་ནུ་ཏེ། མ་གུས་པ་ལ་ཞེས་པ་ཅི་ཞེ་ན། སུ་བརྞྞཾ་ཏྭཱ་མ་ནྱེ། སྲོག་ཆགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཤྭ་ནཾ་ཏྭཱཾ་མ་ནྱ། ན་མཿསྭསྟི་སྭཱ་ཧཱ་སྭ་དྷཱ་ནུས་པ་བ་ཥཊ་སྦྱོར་བ་ལ་ བཞི་པའོ། །ན་མས་དང་སྭསྟི་དང་སྭཱ་ཧཱ་དང་སྭ་དྷཱ་ནུས་པ་དང་བ་ཥཊ་ཞེས་པ་འདི་རྣམས་སྦྱོར་བ་ལ་རྟགས་ལས་བཞི་པར་འགྱུར་རོ། །ན་མོ་རུ་དྲཱ་ཡ། སྭསྟི་པྲ་ཛཱ་བྷྱཱཿ། ཨགྣ་ཡེ་སྭཱ་ཧཱ། པི་ཏྲྀ་བྷྱཿསྭ་དྷཱ། ཨ་ལཾ་མ་ལློ་མ་ལླཱ་ཡ། བ་ཥ་ཌིནྡྲ་ཡ། ནུས་པ་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ ན་ས་མརྠོ་མལློ་མལླཱ་ཡ། ཤཀྟོ་མལློ་མལླཱ་ཡ། ན་མཿསྭསྟི་སྭཱ་ཧཱ་སྭ་དྷཱ་ནུས་པ་བ་ཥཊ་རྣམས་ཀྱིས་ཞེས་བྱ་བ་ལ་སྦྱོར་བ་སྨོས་པ་ནི་ཡོངས་སུ་རྫོགས་པའི་དོན་ཅན་གྱི་ཨ་ལཾ་གཟུང་བའི་དོན་དུའོ། །དེས་ན་བཟློག་པའི་དོན་གྱི་མི་འགྱུར་ཏེ། ཨ་ལཾ་རོད་ནེ་ན། ཉེ་བའི་ཚིག་གི་རྣམ་དབྱེ་བས་བྱེད་ པ་ཅན་གྱི་རྣམ་དབྱེ་ཤེས་སྟོབས་དང་ལྡན་པའོ་ཞེས་པའི་ཚིག་ལས་འདིར་མི་འགྱུར་ཏེ། ནཱ་རཱ་ཡ་ཎཾ་ན་མ་སྐྲྀ་ཏྱ། ཞེས་པའི་ན་མཿའི་སྒྲ་ནི་ཉེ་བའི་ཚིག་གི་རྣམ་དབྱེ་ལའོ། །ལས་ལ་སོགས་པའི་བྱེད་པ་ཅན་གང་ཡིན་པའི་རྣམ་དབྱེ་དེ་ནི་བྱེད་པ་ཅན་གྱི་རྣམ་དབྱེའོ། །ཏུ་མའི་དོན་ལས་ཀྱང་དངོས་ པོ་བརྗོད་པ་ལའོ། །ཏུཾའི་མཚུངས་པའི་དོན་ཏུཾའི་དོན་ཏོ། །དབྱི་བར་བྱའོ་ཞེས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས། ས་མཱ་ནའི་སྒྲ་དབྱིའོ། །དངོས་པོ་བརྗོད་པའོ་ཞེས་པས་དངོས་པོ་འཆད་པའོ། །ཝཙ྄་བརྗོད་པ་ལའོ། །མིང་ལ་རིགས་མ་ཡིན་པ་ལས་ཞེས་པས་ཎི་ནིའོ། །ཏུ་མའི་མཚུངས་ པའི་དོན་ཏེ་མཉམ་པའི་དོན་གང་ཡིན་པའི་རྐྱེན་དངོས་པོ་བརྗོད་པ་སྟེ་དངོས་པོ་བརྗོད་པ་ལ་ཞེས་པ་འདིས་སྒྲུབ་པ་དེའི་མཐའ་ལས་རྟགས་ལས་བཞི་པར་འགྱུར་རོ། །པཱ་ཀཱ་ཡ་བྲ་ཛ་ཏི། བཀྟུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། །ཀ་ར་ཎཱ་ཡ་བྲ་ཛ་ཏི། ཀཏྟུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། །པཾ་སྠི་ཏ་ཡེ་བྲ་ 195-1-123a ཛ་ཏི། སཾ་སྠཱ་ཏུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། །ཨ་ཤྲ་ཡཱ་ཡ་བྲ་ཛ་ཏི། ཨཱ་ཤྲ་ཡི་ཏུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། །ཏུ་མའི་དོན་ལས་ཞེས་པ་ཅི་ཞེ་ན། པ་ཙ་ནཾ་པཱ་ཀཿ། ཏྱ་ཛ་ནཾ་ཏྱ་གཿ། དངོས་པོ་བརྗོད་པ་ཅི་ཞེ་ན། ཀཱ་ར་ཀོ་བྲ་ཛ་ཏི། བྱ་བ་ལ་བྱ་བའི་དོན་ལ་ཝུ་ཎ་ཏུམ྄་ཎམ྄་དག་གོ་ ཞེས་པས་ཝུཎའོ། །ལྷན་ཅིག་སྦྱོར་བ་ལ་གསུམ་པའོ། །ལྷན་ཅིག་གི་སྦྱོར་བ་ནི་ལྷན་ཅིག་སྦྱོར་བའོ། །ལྷན་ཅིག་པའི་དོན་གྱི་སྦྱོར་བ་ལ་རྟགས་ལས་གསུམ་པར་འགྱུར་རོ། །པུ་ཏྲེ་ཎ་ས་ཧ་ཨཱ་ག་ཏཿ། པི་ཏཱ་པུ་ཏྲེ་ཎ་ས་ཧ་སྠུ་ལཿ། པུ་ཏྲེ་ཎ་ས་ཧ་གོ་མཱ་ན། འདིར་གཙོ་བོ་མ་ཡིན་པ་ལས་གསུམ་པ་ བཤད་པར་བྱའོ། །དེས་ན་པི་ཏྲྀ་སྒྲ་ལས་མི་འགྱུར་རོ། །ལྷན་ཅིག་ཅེས་པ་ནི་འདིར་དོན་འཛིན་པ་སྟེ། དེས་ན། པུ་ཏྲེ་ཎ་པ་ཀཾ་པ་ཋ་ཏི། པུ་ཏྲེ་ཎ་སཱ་མཾ་ཏྲཱ་ཡ་ཏི། པུ་ཏྲེ་ཎ་སཱ་དྷྭཾ་པཱུ་ཛ་ཡ་ཏི། ཏུ་ལྱའི་དོན་གྱི་སྒྲའི་རྟགས་ལས་དྲུག་པ་དང་གསུམ་པ་དག་བཤད་པར་བྱ་སྟེ། ཉེ་བར་འཇལ་བའི་མཉམ་པའོ་ཞེས་པའི་ཏུ་ལྱའི་ དོན་དོར་བ་ཉིད་ལའོ། །ཏུ་ལྱོ་དེ་བ་དཏྟ་སྱ། ཏུ་ལྱོ་དེ་བ་དཏྟེ་ན། ས་དྲྀ་ཤོ་དེ་བ་དཏྟ་སྱ། ས་དྲྀ་ཤོ་དེ་བ་དཏྟེ་ན། ཉེ་བར་འཇལ་བའི་ཏུ་མྱ་འོས་སྦྱོར་བ་ལ་དྲུག་པའང་ངོ་། །ཏུ་ལཱ་ཏུ་ཏྲ་སྱ་ནཱ་ཏྲི་ཨུ་པ་མཱ་ཀྲྀཥྞ་སྱ་ན་བི་དྱ་ཏེ། རྒྱུའི་དོན་ལའོ། །རྒྱུའང་འདི་ཡིན་ལ་དོན་ཡང་ཡིན་པ་ནི་རྒྱུའི་དོན་ཏོ། །འདིར་ གསུམ་པ་རྗེས་སུ་འཇུག་སྟེ། མདོ་ཕྱི་མ་གསུམ་རྣམས་ལའང་ངོ་། །འབྲས་བུ་སྒྲུབ་པ་དང་ལྡན་པའི་དངོས་པོ་ནི་རྒྱུའོ། །རྒྱུ་ལས་གསུམ་པར་འགྱུར་རོ། །བི་དྱ་ཡཱ་ཡ་ཤཿ། ཀ་ནྱ་ཡཱ་ཤོ་ཀཿ། རྒྱུ་ལའོ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །སྨད་པ་ལ་ཡན་ལག་ལའོ། །ཡན་ ལག་ལ་སྨད་ཅིང་སྨོད་པར་བྱེད་པ་ལ་གསུམ་པར་འགྱུར་རོ། །ཨཀྵྞཱ་ཀཱ་ཎཿ། ཤི་ར་སཱ་ཁལླི་ཊ། ནཱ་ས་ཡཱ་ཙི་པ་ཊཿ། སྨད་པ་ལ་ཞེས་པ་ཅི་ཞེ་ན། མུ་ཁེ་གཽ་རཿ། འདིར་གཙོ་བོ་མ་ཡིན་པ་ལས་གསུམ་པ་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཨཀྵི་ཀཱ་ཎ་དེ་བ་དཏྟ་སྱ། འདིར་ནི་ཨཀྵི་ གཙོ་བོའོ། །ཁྱད་པར་དུ་བྱེད་པ་ལའོ། །གང་གིས་ཁྱད་པར་དུ་བྱེད་པ་དེ་ཁྱད་པར་དུ་བྱེད་པའོ། །ཁྱད་པར་དུ་བྱེད་པ་ལ་གསུམ་པར་འགྱུར་རོ། །ཛ་ཊཱ་བྷི་སྟཱ་པ་ས་དྲྀཥྚཿ། ཁཌྒེ་ན་བྷ་ཊོ་དྲྀཥྚཿ། བྱེད་པ་པོ་ལའང་ངོ་། །བྱེད་པ་པོ་ལ་གསུམ་པར་འགྱུར་རོ། །རུ་དྲེ་ཎ་དགྡྷཾ་ཏྲྀ་པུ་རཾ། བིཥྞུ་ནཱ་བདྡྷོ་ 195-1-123b བེ་ལིཿ། དུས་དང་དངོས་པོ་དག་ལ་བདུན་པའོ། །དུས་དངོས་པོ་དག་ལ་བདུན་པར་འགྱུར་རོ། །རེ་ཞིག་དུས་ལ། ཤ་ར་དི་པུཥྤནྟི་པཔྟ་ཙྪ་དཿ། བཪྵ་སུ་པུཥྤ་པནྟི་ཀུནྡཱནི། དངོས་པོ་ལ་སྟེ་དངོས་པོ་ནི་ཡོད་པའོ། །དེ་ཝ་དཏྟེ་ག་ཏེ། ཡ་ཛྙ་དཏྟེ་བྷུཾཀྟེ། ཨགྣི་ཧོ་ཏྲེ་ཧྲི་ཡཱ་མཱ་ནེ་ག་ཏཿ དུས་དང་དངོས་ པོ་དག་ལས་གང་གི་ཚེ་གཞན་ཅུང་ཟད་མཚོན་པར་བྱེད་པ་དེའི་ཚེ་བདུན་པར་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཤ་རཏྟཿ། སཱ་དྷུ་དང་ཨ་སཱ་དྷུའི་སྒྲ་དག་གི་སྦྱོར་བ་ལ་བདུན་པ་བཤད་པར་བྱ་སྟེ། དྲུག་པ་འགེགས་པའོ། །ས་དྷུ་རིམཱ་ཏ་རི། ཨ་སཱ་དྷུཿབི་ཏ་རི་དཱ་ཏ་རི། སྭཱ་མི། ཨཱི་ཤྭ་ར། ཨདྷི་པ་ཏི། དཱ་ཡ་ད། སཱཀྵི། པྲ་ཏི་བྷུ། པྲ་སཱུ་ཏ་རྣམས་ཀྱི་དྲུག་པའང་ངོ་། །སྭཱ་མི་དང་། ཨཱི་ཤྭ་ར་དང་། ཨདྷི་པ་ཏི་དང་། དཱ་ཡཱ་ད་དང་། སཀྵི་དང་། པྲ་ཏི་བྷུ་དང་། བྲ་སཱུཏ་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་བདུན་པར་འགྱུར་ཏེ་དྲུག་པའང་ངོ་། །རྗེས་སུ་འབྲེལ་པ་ལའོ། །རྟག་ཏུ་དྲུག་ པ་ཐོབ་པ་ལའོ། །དྷ་ནེ་སྭཱ་མཱི། དྷ་ན་སྱ་སྭཱ་མི། དྷ་ནེ་ཨཱི་ཤྭ་རཿ། དྷ་ན་སྱ་ཨཱི་ཤྭ་རཿ། དེ་ཤེ་ཨ་དྷི་པ་ཏི། དེ་ཤ་སྱ་ཨཱ་དྷི་པ་ཏི། དྷ་ནེ་དཱ་ཡཱ་དཿ། དྷ་ན་སྱ་དཱ་ཡ་དཿ། དྷ་ནེ་སཱཀྵི། དྷ་ན་སྱ་སཱ་ཀྵི། དྷ་ནེ་པྲ་ཏི་བྷུཿ། དྷ་ན་སྱ་པྲ་ཏི་བྷཱུཿ། ག་ཝཱཾ་པྲ་སཱུ་ཏཿ། གོ་ཥུ་པྲ་སཱུ་ཏཿ། འོ་ན། སྭཱ་མི་དང་། ཨཱི་ཤྭ་ར་དང་། ཨ་དྷི་པ་ཏིའི་སྒྲ་རྣམས་ཀྱི་གཅིག་ཡོད་པ་དེ་ལའང་ཡོད་པས་སྭཱ་མི་ཁོ་ན་གཟུང་བར་བྱས་པས་དེ་བཞིན་དུ་དེས་ཨཱི་ཤྭ་ར་དང་ཨ་དྷི་པ་ཏིའི་སྒྲ་དག་གཟུང་བར་འགྱུར་རོ་ཞེས་པས་ཅིའི་དོན་དུ་ཨཱི་ཤྭ་ར་དང་ཨ་དྷི་པ་ཏི་དག་སྨོས་ཤེ་ན། བརྗོད་པར་བྱ་སྟེ། ཇི་ལྟར་ཨཱི་ཤྭ་ར་དང་ཨ་དྷི་པ་ཏིའི་སྒྲ་དག་བཟུང་བ་ དེ་བཞིན་དུ་པྲ་བྷུ་དང་། ཨེ་ཤ་ཞེས་པ་ལ་སོགས་པ་རྣམས་ཀྱིའང་འགྱུར་བའི་ཕྱིར་རོ། །ངེས་པར་བཀར་བ་ལའང་ངོ་། །དྷྲྀང་ངེས་པར་གནས་པ་ལའོ། །ནིར་སྔ་མར་རོ། །དེ་ཉིད་ཀྱི་ཕྱིར་ངེས་པར་བསྟན་པ་ལས་རང་གི་དོན་ལ་ཨིནའོ། །འཕེལ་བའོ། །ངེས་པར་དགར་བར་བྱ་ཞིང་ཐ་དད་པར་བྱའོ་ ཞེས་པ་ལ་ཀྲྀ་ཏྱ་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པས་ཡུཊའོ། །ཨ་ན་རུ་བསྒྱུར་རོ། །ཀཱ་རི་ཏ་དབྱེའོ། །དྲུག་པ་དང་བདུན་པ་དག་རྗེས་སུ་འབྲེལ་ལོ། །ངེས་པར་བཀར་བ་ལ་དྲུག་པ་དང་བདུན་པ་དག་འགྱུར་རོ། །རིགས་དང་ཡོན་ཏན་དང་བྱ་བ་རྣམས་ཀྱིས་ཚོགས་པ་ལས་ཕྱོགས་གཅིག་ཏུ་ཐ་དད་ཏུ་བྱེད་པ་ 195-1-124a ནི་ངེས་པར་བཀར་བ་སྟེ་པུ་རུ་ཥཱ་ཎཱཾ་ཀྵ་ཏྲི་ཡཿཤུ་རཿ། ཡང་ན། པུ་རུ་ཥེ་ཥུ། ཤྱ་མཱ་ནཱ་རཱི་ཎཱཾ་དཪྵ་ནཱི་ཡ། ཡང་ན། ནཱ་རཱི་ཥུ། དྷ་ཝནྟོ་དྷ་གཱ་ནཱཾ་ཤྲཱི་གྷྲ་གཱཿ། ཡང་ན། ཨདྷྭ་གེ་ཥུ། ཧེ་ཏུ་སྦྱོར་བ་ལ་དྲུག་པའོ། །ཧེ་ཏུའི་སྦྱོར་བ་ནི་ཧེ་ཏུ་སྦྱོར་བའོ། །ཧེ་ཏུའི་སྒྲའི་སྦྱོར་བ་བརྗོད་པར་གྱུར་པ་ ལ་རྟགས་ལས་དྲུག་པར་འགྱུར་རོ། །རྒྱུའི་དོན་ལའོ་ཞེས་པས་གསུམ་པ་ཐོབ་པ་ལའོ། །བིདྱཱ་ཡཱ་ཧེ་ཏོརྦ་ས་ཏི། ཨནྣ་སྱ་ཧེ་ཏོ་རྦས་ཏི། དྲན་པའི་དོན་གྱི་ལས་ལའོ། །བྱིངས་རྣམས་ཀྱི་དོན་དྲན་པ་ཡིན་པ་དེ་རྣམས་དྲན་པའི་དོན་ཏོ། །དེ་རྣམས་ཀྱི་ལས་ནི་དྲན་པའི་དོན་གྱི་ལས་སོ། །དྲན་པའི་དོན་ རྣམས་ཀྱི་ལས་གང་ཡིན་པ་དེ་ལ་ལས་ལ་དྲུག་པར་འགྱུར་རོ། །བི་ཏུཿསྨཱ་ར་ཏི། མཱ་ཏུ་ར་དྷྱ་ཡ་ཏི། ཡང་ན་ཞེས་བཤད་པར་བྱ་སྟེ། དེས་ན་གཉིས་པ་ཡང་འགྱུར་ཏེ། པི་ཏ་རཾ་སྨ་ར་ཏི། དྲན་པའི་དོན་ཅན་རྣམས་ཀྱིས་ཞེས་པ་ཅི་ཞེ་ན། ཨོ་ད་ནཾ་པ་ཙ་ཏི། ཀ་རོ་ཏིའི་འབད་པ་ལའོ། །ཡོད་པའི་ཡོན་ ཏན་བར་མ་ཆད་དུ་འབྱུང་བ་དེ་ནི་འབད་པའོ། །ཀ་རོ་ཏིའི་ལས་གང་ཡིན་པའི་ལས་དེ་ལ་དྲུག་པར་འགྱུར་ཏེ་འབད་དུ་འགྲོ་བཞིན་པ་ལའོ། །ཨེ་དྷོ་ད་ཀ་སྲོ་བ་སཾ་སྐུ་རུ་ཏེ། ཨ་ཤི་པ་དྲ་སྱོ་བ་སྐུ་རུ་ཏེ། ཡང་ན་ཞེས་བཤད་པར་བྱ་སྟེ། དེས་ན། ཨེ་དྷོ་ད་ཀ་མུ་པ་ཀུ་རུ་སྟེ། འཚེ་བའི་དོན་རྣམས་ ཀྱིས་ཛྭ་ར་མ་ཡིན་པ་ལའོ། །འཚེ་བའི་དོན་ནི་སྲོག་ཆགས་ཉེ་བར་འཇོམས་པའོ། །འཚེ་བའི་དོན་རྣམས་ཀྱི་ལས་གང་ཡིན་པ་དེ་ལ་དྲུག་པར་འགྱུར་ཏེ། ཛྭ་ར་མ་ཡིན་པ་སྟེ། ཛྭ་ར་ནད་ལའོ་ཞེས་པ་འདི་དང་འབྲེལ་བའི་ལས་གང་ཡིན་པ་དེ་དོར་བ་ཉིད་ནའོ། །ཙཽ་ར་སྱ་རུ་ཛ་ཏི་རོ་གཿ། ཙཽ་ར་སྱ་ལ་ཡ་ཏི་ཏོ་ དཿ། ཕྱི་མར་རྟག་ཏུ་སྨོས་པའི་ཕྱིར་འདིར་རྣམ་པར་བརྟག་པའོ། །དེས་ན། ཙཽ་རཾ་རུ་ཛ་ཏི། འཚེ་བའི་དོན་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨེ་ཏི་ཛཱི་བནྟཿ། མཱ་ནནྡཿ། ཛྭ་ར་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཙཽ་རཾ་ཛྭ་ར་ཡ་ཏི་ཛྭ་རཿ། སཾ་སྔ་མ་ཅན་གྱི་ཏ་པ་ཡོངས་སུ་གདུང་བ་ལའོ་ཞེས་པ་འདིའི་ཨིནའི་ མཐའ་ཅན་གྱི་སྦྱོར་བ་ལས་ལ་དྲུག་པ་མི་འདོད་དེ། ཙཽ་རཾ་སཾ་ཏཱ་པ་ཡ་ཏི་ཏཱ་པཿ། གང་གི་ཚེ་འཚེ་བའི་དོན་ཅན་རྣམས་ཀྱིས་དངོས་པོ་ལ་ཨདྱ་དང་པོའི་རྐྱེན་བརྗོད་པར་བྱ་བ་བྱེད་པ་པོར་འགྱུར་བ་དེའི་ཚེ་དྲུག་པ་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཝཱ་ཡུཿཔུ་རུ་ཥཾ་ཧི་ན་ཏི། འདིར་འཚེ་བའི་དོན་གྱི་ཝཱ་ 195-1-124b ཡུ་བྱེད་པ་པོའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་རྟག་ཏུའོ། །རྟག་ཏུ་ཞེས་པ་བྱ་བའི་ཁྱད་པར་ཉིད་ལས་སོ། །གཉིས་པའི་མཐའི་མ་ནིང་འང་དེའོ། །བྱེད་པ་པོ་དང་ལས་ལའང་རྟག་ཏུ་དྲུག་པར་འགྱུར་ཏེ། ཀྲྀཏ་ལ་སྟེ་ཀྲྀ་ཏའི་རྐྱེན་གྱི་མཐའི་སྒྲ་སྦྱོར་བཞིན་པར་གྱུར་པ་ལའོ། །རེ་ཞིག་བྱེད་པ་པོ་ལ། བྷ་ཝ་ཏ་ཨ་སཱི་ཀཱ། བྷ་ཝ་ཏོ་གྲཱ་གཱ་མི་ཀཱ། ཨས་སྡོད་པ། གམླྀ་འགྲོ་བ། ཨ་གྲ་སྔ་མརའོ། །བརྒྱུད་རིམ་འོས་པ་བུ་ལོན་ཞེས་པས་བུཉའོ། །ཡུ་ཝུ་ཛྙའི་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །བུད་མེད་ལས་ཨ་ལས་ཨཱ་པའོ། །ཀའི་རྐྱེན་ལ་ཞེས་པས་ཨ་ཉིད་དོ། །ལས་ལ། བཛྲ་སྱ་ བྷརྟྟཱ། བྷུ་ཝ་ན་སྱ་རཀྵི་ཏཱ། ཌུ་བྷྲྀ་ཉ་འཛིན། རཀྵ་བསྲུང་བ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙའོ། །ཨིཊའོ། །ཡ་ཝཱ་ནཱཾ་ལ་བ་ཀཿ། སཀྟཱུ་ནཱཾ་བ་ཡ་ཀཿ། ལཱུཉ་གཅོད་པ་ལའོ། །པཱ་འཐུང་བ་ལའོ། །ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། ། ཨཱཏ་མཐའི་ཨི་ཙ་ལ་ཨཱ་ཡིའོ་ཞེས་པས་ཨཱ་ཡིའོ། །བྱེད་པ་པོ་དང་ལས་དག་ལ་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ན་གནྟཱ། ག་མི་ལས་ཏྲྀ་ཙའོ། །ཀྲྀ་ཏྱའི་རྐྱེན་མཐའི་སྒྲའི་སྦྱོར་བ་ལ་བྱེད་པ་པོ་ཡང་དྲུག་པ་མང་ནི་བཤད་པར་བྱ་སྟེ། བྷ་མཏཿ། ཀཊཿ། ཀ་རཏྟ་བྱཿ། བྷ་བ་ཏོ་གྲཱ་མོ་གམྱཿ། བྷ་བ་ཏཱ་གྲཱ་མོ་ག་ མྱཿག་མྱཿ། གཉིས་ཀ་ཐོབ་པ་ལ་ལས་ཁོ་ནའི་བྱས་པ་ནི་མདོ་སྡེའི་རྣམ་པ་སྣ་ཚོགས་པ་སྟེ། སློབ་དཔོན་སརྦ་ཝརྨ་ངག་གི་འདོད་པ་འཇོ་བ་ངག་སྐྱོང་བས་མཛད་པའོ། །ནིཥྛ་སོགས་རྣམས་ལ་མ་ཡིན་ནོ། །ནིཥྛ་དང་། ཀྭནྶུ་དང་། ཀཱན་དང་། ཤནྟྲིང་དང་། ཨཱན་ཤ་དང་། ཀི་དང་། ཨུ་དང་། ཨུ་ཀཉ་དང་། ཨིཥྞུ་དང་། ཀྟྭ་དང་། ཁལ་དང་། ཡུ་དང་། ཤཱ་ནང་དང་། ཏྲིན་དང་། ཝུ་ཎ་དང་། ཎིན་ཞེས་པ་འདི་རྣམས་ཀྱིས་ནིཥྛ་ལ་སོགས་པའི་སྦྱོར་བ་ཡོད་པར་གྱུར་པ་རྣམས་ལ་ནི་བྱེད་པ་པོ་དང་ལས་དག་ལ་དྲུག་པ་མི་འགྱུར་རོ། །མདོ་སྔ་མས་ཐོབ་པ་ལའོ། །ནིཥྛའི། དེ་ཝ་དཏྟེ་ན་ བྷུཀྟཿ། ཡོ་ད་ནཾ་བྷུཀྟཾ་ཝཱན། བྷུ་ཛ་སྐྱོང་བ། ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཙ་སྡེའི་ཀིའོ། །ཀྭནྶུའི། ཨོ་ད་ནཾ་པེ་ཙི་ཝཱན། ཌུ་པ་ཙཥ་འཚེད་པ་ལའོ། །ཀྭནྶུ་དག་ལ་ཞེས་པས་ཀྭནྶུའོ། །པ་རོཀྵ་དང་འདྲ་བར་འགྱུར་བའི་ཕྱིར་གཉིས་བརྗོད་དོ། །གསལ་བྱེད་གཅིག་པུ་པའི་དབུས་ན་ 195-1-125a ཡོད་པའི་མ་བསྒྱུར་བའི་ཞེས་པས་ཨ་བྷྱ་ས་དབྱིའོ། །ཨརྟི་ཨིཎ་གྷས་དབྱངས་གཅིག་པ། ཨཱཏ་རྣམས་ཀྱི་ཞེས་པས་ཨིཊའོ། །ཨོ་ད་ནཾ་པེ་ཙཱ་ནཿ། ཀྭནྶུ་ཀཱན་དག་ཅེས་པས་ཀཱནའོ། །གཞན་སྔ་མ་དང་འདྲའོ། །ཤནྟྲྀངའི། ཨོ་ད་ནཾ་པ་ཙ་ན། ད་ལྟར་བ་ལ་ཤྲནྟྲྀང་ཞེས་པས་ ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེས་དབྱིའོ། །ཨ་དྷཱི་ཡན་པཱ་རཱ་ཡ་ཎཾ། ཨ་དྷི་སྔ་མརའོ། །ཨིང་དྷཱ་རི་དག་ལས་ཤནྟྲྀང་ཞེས་པས་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །དབྱངས་དང་པོ་ལ་ཨིའི་ཡི་གེ་ཞེས་པས་ཨི་ཡའོ། །ཨཱ་ནཤ྄འི། ཨོ་ད་ནཾ་པ་ཙ་མཱ་ནཿ། བརྟ་མཱ་ན་ལ་ཤནྟྲྀང་ཞེས་པས་ཨཱ་ན་ཤའོ། །ཨན་བི་ཀ་ར་ཎའོ། །ཨ་ལས་ཨཱ་ན་ལ་མ་མཐའ་འོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ཀའི། ད་དི་གཱཿ། ཌུ་དཱཉ་སྦྱིན། ཨཱཏ་ཨིའི་ཡི་གེ་ཨུ་པ་དྷ་ཞེས་པས་ཀིའོ། །གཉིས་དག་ཀྱང་ངོ་ཞེས་པའི་ཚིག་ལས་ལན་གཉིས་ བརྗོད་དོ། །ཐུང་ངུའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པས་ཨ་དབྱིའོ། །གཱ་ཞེས་པ་འདིར་གོ་སྒྲའི་ཨམ་ཤས་དག་ལ་ཨཱའོ་ཞེས་པས་ཨཱ་ཉིད་དོ། །ཨུའི། ཨོ་ད་ནཾ་བུ་བྷུཀྵུཿ བྷུ་ཛ་སྐྱོང་བ་ལའོ། །བྱིངས་ཀྱི་ལས་ལ་ཡང་ན་ཞེས་པས་ས་ནའོ། །ཙཎ་པ་རོཀྵ་ཞེས་པས་ ལན་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་བྷའི་བའོ། །ཙ་སྡེའི་ཀིའོ། །ཉ་ཤ་ཉིད་དོ། །སན་མཐའ་དང་ཨཱ་ཤཾ་སི་ཞེས་པས་ཨུའི་རྐྱེན་ནོ། །ཨའི་ང་དབྱིའོ། །ཨུ་ཀཉའི། ཨཱ་གཱ་མུ་ཀོ་གྲཱ་མཾ་དེ་ཝ་དཏྟཿ། གམླི་འགྲོ་བ་ལའོ། །ཤྲཱི་ཀམ་གམ་ཧན་ཞེས་པས་ཨུ་ཀཉའོ། ། ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཨིཥྞུའི། ཀ་ནྱཱ་མ་ལཾ་ཀ་རི་ཥྞུཿ། ཌུ་ཀྲྀ་ཉ་བྱེད་པ། ཨ་ལཾ་སྔ་མརའོ། །ཨ་ལཾ་ནི་རབ་ཏུ་ཐོབ་པ་དང་། ཟློག་པ་དང་། རྒྱན་རྣམས་ལའོ། །བྷྲ་ཛི་ཨ་ལཾ་ཀྲྀཉ་ཞེས་པས་ཨིཥྞུའོ། །ཡོན་ཏན་ནོ། །ཀྟྭའི། ཀ་ཊཾ་ཀྲྀ་ཏྭཱ། བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྵཱའོ། ། ཁལའི། ཨཱི་ཥ་དྱ་ཌྷྱ་བྷ་བཾ་བྷ་བ་ཏཱ། བྷཱུ་ཡོད་པ་ལའོ། །ཨཱི་ཥཏ་སྔ་མརའོ། །བྱེད་པ་པོ་དང་ལ་དག་ལ་འང་བྷཱུ་ཀྲྀཉ་དག་གིའོ་ཞེས་པས་ཁལའོ། །ཡུའི། ཨཱི་ཥ་ཏསྠ་ནཾ་བྷ་ཝ་ཏཱ། ཥྛ་འགྲོ་བ་ལྡོག་པ་ལའོ། །ཨཱ་ཏ་རྣམས་ལས་ད་རི་དྲ་ཏི་མ་ཡིན་པ་ལས་ཡུའོ་ཞེས་པས་ཡུའོ། །ཡུ་ཝུ་ཛྷ་རྣམས་ཀྱི་ 195-1-125b ཞེས་པས་ཨ་ན་རུ་བསྒྱུར་རོ། །ཤ་ནངའི། སོ་མཾ་པ་བ་མཱ་ནཿ། པཱུང་དག་པར་བྱེད་པར་བྱེད་པ་ལའོ། །པུང་ཡ་ཛ་དག་གི་ཤཱ་ནངའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །ཨ་ལས་ཨཱ་ན་ལས་མ་མཐའ་འོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ཏྲྀ་ཎའི། ཀརྟྟཱ་ཀ་ཊཾ། ཏྲྀ་ནའོ་ཞེས་པས་ཏྲྀནའོ། །ཝུ་ཎའི། ཀ་ཊཾ་ཀཱ་ར་ཀོ་བྲ་ཛ་ཏི། ཌུ་ཀྲྀཉ་བྱེད་པ། བྱ་བ་ལ་བྱ་བའི་དོན་ལ་ཝུཎ་ཏུམ་དག་གོ་ཞེས་པས་ཝུཎའོ། །ཎིནའི། ཤ་ཏཾ་དཱ་ཡཱི། ཌུ་དཱཉ་སྦྱིན། གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཎིནའོ་ཞེས་པས་ཎིནའོ། །ཨི་ཙ་ལ་ཨཱ་ཡི་ཞེས་པས་ཨཱ་ཡི་རུ་བསྒྱུར་རོ། །ད་ལྟར་བའི་དུས་ལ་ཀྟའི་རྐྱེན་གྱིས་ སྦྱོར་བ་གང་ཡིན་པ་དེ་ལ་དགག་པ་མི་འདོད་དེ། རཱ་ཛྙཱཾ་ཛྙཱཾ་ཏཿ། ཉ་རྗེས་སུ་འབྲེལ་བ་དང་ཞེས་པས་ད་ལྟར་བ་ལ་ཀྟའོ། །ལས་ལ། ཨུཀཉའི་རྐྱེན་གྱིས་སྦྱོར་བ་གང་ཡིན་པ་དེ་ལ་ཡང་ངོ་། །དཱ་སྱཱཿཀཱ་མུ་ཀཿ། ཝུཎའི་རྐྱེན་འབྱུང་འགྱུར་གྱི་དུས་ལ་བྱས་པའི་ཝུཎ་ཏུམ་དག་ཅེས་པས་འདིས་བྱས་པ་གཟུང་བར་ བྱའོ། །དེས་ན་འདིར་དགག་པ་མི་འགྱུར་ཏེ། ཡ་བཱ་ནཱཾ་ལཱ་བ་ཀཿ། སཀྟཱུ་ནཱཾ་པ་ཝ་ཀཿ། ཥ་ཌའི་ན་ལ་ཎའོ། །ཥ་ཌ་ཞེས་པའི་མཐའི་ཎ་ཉིད་དུ་འགྱུར་ཏེ་ན་ཡིག་ཕ་རོལ་ལའང་ངོ་། །ཥཎྞཱམ྄། དྲུག་གིས་ལྷག་པའི་དགུ་བཅུ་ནི། ཥཎྞ་ཝ་ཏི། གྲོང་ཁྱེར་དྲུག་རྣམས་ཀྱི་ནི། ཥཎྞ་ག་རཱི། ན་ཡིག་ལ་ ཞེས་པ་ཅི་ཞེ་ན། ཥཌྦྷིཿ། མ་ན་དག་གི་དྷུ་ཊ་ལ་རྗེས་སུ་ང་རོའོ། །མ་ཡིག་དང་ན་ཡིག་དག་ནི་དྷུཊ་ཕ་རོལ་ལ་རྗེས་སུ་ང་རོ་རུ་འགྱུར་རོ། །མ་ཡིག་ཚིག་མཐའ་མ་ཡིན་པའི་དོན་གཟུང་སྟེ། ཚིག་མཐའ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་དང་ལྷན་ཅིག་སྤྱོད་པའི་ཕྱིར་ན་ཡིག་གིའང་ཚིག་མཐའ་མ་ཡིན་པའི་དོན་གཟུང་ ངོ་། །དེ་བཞིན་དུ་ཕྱི་མར་ཡང་ངོ་། །ཨཱ་ཀྲྀ་སྱ་ཏི། རཾ་སྱ་ཏེ། ཀྲ་མུ་རྐང་པ། ར་མ་རྩེ་བ། སྱ་ཏེའོ། །འདིས་རྗེས་སུ་ང་རོའོ། །སརྦཱིཥི། དྷ་ནུཾ་ཥི། ཡ་ཤཱཾ་སི། དྷུཊ་ལ་ཞེས་པ་ཅི་ཞེ་ན། གམྱ་ཏེ། སྡེ་པ་ལ་སྡེ་པའི་མཐའོ། །མ་ཡིག་དང་ན་ཡིག་དག་ནི་སྡེ་པ་ཕ་རོལ་ལ་སྡེ་པའི་མཐར་འགྱུར་ རོ། །སྔ་མས་རྗེས་སུ་ང་རོ་ཐོབ་པ་ལའོ། །ཤཱནྟཿ། ཤཱནྟ་ཝཱན། ཤ་མུ་ཉེ་བར་ཞི་བ་ལའོ། །འགྲོ་བའི་དོན་དང་ལས་མ་ཡིན་པ་ལ་ཞེས་པས་ཀྟའོ། །ནིཥྛའོ་ཞེས་པས་ཀྟ་ཝནྟུའོ། །བཉྩ་མི་ཨུ་བདྷཱ་ཞེས་པས་རིང་པོའོ། །ཤཱནྟཿཤཱནྟ་ཝཱན། ཤངྐི་ཏཱ། ཝངྐི་ཏཱ། ཤ་ཀི་དོགས་པ་ 195-1-126a ལའོ། །ཝ་ཀི་འཁྱོག་པ། ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཡིག་ཨཱ་ག་མའོ། །ཏཱའོ། །ཨིཊའོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ། །ཏའི་སྡེ་པ་ནི་ཏ་སྡེའོ། །ཙ་དང་ཊ་ནི་ཙ་ཊའོ། ། ཙ་དང་ཊ་དག་གི་སྡེ་པ་ནི་ཙ་ཊའི་སྡེའོ། །དེ་དག་གི་སྦྱོར་བ་ནི་ཙ་ཊའི་སྦྱོར་བའོ། །ཏ་སྡེའི་ནི་ཙ་སྡེ་སྦྱོར་བ་དང་། ཊ་སྡེའི་སྦྱོར་བར་གྱུར་པ་ལ་ཙ་སྡེ་དང་ཊ་སྡེར་བསྒྱུར་བ་འཐོབ་སྟེ། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལའོ། །རཱ་ཛྙཿ། བྷྲྀཛྫ་ཏི། བྷྲསྫ་སྨིན་པ་ལའོ། །ཏི་ཨན་བི་ཀ་ར་ཎའོ། །གྲ་ཧི་ཛྱཱ་ཝ་ཡི་ཞེས་པས་སཾ་ པྲ་སཱ་ར་ཎའོ། །དྷུ་ཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་དའོ། །འདིས་དའི་ཛའོ། །ཡཱ་ཙྙཱ། ཊུ་ཡཱ་ཙ་རི་སློང་བ་ལའོ། །ཡཱ་ཙཾ་བིཙྪ་པྲཙྪ་ཞེས་པས་ནའི་འོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལའོ། །ཨཱིཊྚེ། ཨཱིཌ་བསྟོད་པ་ལའོ། །ཏེའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། ། སྒྲ་མེད་པ་ལ་དང་པོ་ཞེས་པས་ཌའི་ཊའོ། །ཨཊ་འགྲོ་བ་ལ་ལའོ། །ཏི་དང་ཏའོ། །ཨཊྚི། ཨཊྚཱ། ཨཊྚ་ཨ་བྷིཿཥཎྞ། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ཉིད་ལའོ་ཞེས་བྱ་བ་ལ་ལྗི་བའི་མདོའི་བྱེད་པ་ལས་ཁ་ཅིག་ཏུ་མི་འགྱུར་ཏེ། མ་དྷུ་ལིཊྟྲ། མ་དྷུ་ལིཊྟ་རཿ། མ་དྷུ་ལིཊྟ་མཿ། ནཱ་མི་དང་ཀ་དང་ར་ལས་ ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་སྟེ་ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་ཀྱང་ངོ་། །ནཱ་མི་དང་ཀ་དང་ར་ནི་ནཱ་མི་ཀ་རའོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ནི་ནཱ་མི་ཀ་ར་ཕ་རོལ་ལོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་དང་དེ་རྣམས་ནི་རྐྱེན་རྣམ་འགྱུར་ཨཱ་ག་མའོ། །དེ་རྣམས་ལ་ གནས་པའི་ཞེས་པ་ནི་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའོ། །མིང་ལ་སྠ་ལས་ཀྱང་ངོ་ཞེས་པས་ཏིཥྛ་ཏི་ལས་ཀའི་རྐྱེན་ནོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཡང་འདི་ཡིན་ལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའང་འདི་ཡིན་པ་ཞེས་ལས་འཛིན་པའོ། །ནུ་དང་རྣམ་པར་གཅད་བྱ་དང་ཥ་དང་དེ་ རྣམས་ནི་ནུ་དང་རྣམ་པར་གཅད་བྱ་དང་ཥ་སྟེ་གང་གི་བར་ན་དེ་རྣམས་ཡོད་པ་ཞེས་འབྲུ་མང་པོ་པའོ། །ནཱ་མི་དང་ཀ་དང་ར་ལས་ཀྱང་ཕ་རོལ་གྱི་རྐྱེན་ལ་གནས་པ་དང་རྣམ་འགྱུར་ལ་གནས་པ་དང་ཨཱ་ག་མ་གནས་པའི་ས་ཡིག་ནི་ཥ་ཉིད་དུ་འགྱུར་ཏེ། ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་ཀྱང་སྟེ། ནུ་དང་རྣམ་ 195-1-126b པར་གཅད་བྱ་དང་ཥ་ཞེས་པ་འདི་རྣམས་བར་ན་ཡོད་པ་ལའང་ངོ་། །སི་ཡིག་ལས་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །རེ་ཞིག་ནཱ་མི་ལས། ཨགྣི་ཥུ། ཝཱ་ཡུ་ཥུ། ཀ་ལས། ཝཱཀྵུ། ཏྭཀྵུ། ར་ལས། གཱིཪྵུ། དྷཱུཪྵ། འདི་རྣམས་རྐྱེན་ལ་གནས་པའི་ས་ཡིག་གོ། །རྣམ་འགྱུར་གྱི་ས་ཡིག་ནི། ཨེ་ཥཿ། ཨཱ་ག་མའི་ས་ཡིག་ནི། ཨེ་ཥཱ། ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་པ་ནི། སཪྤཱིཾ་ཥི། དྷ་ནཱུཾ་ཥི་སཪྤིཿཥུ། དྷ་ནུཿཥུ། དསཪྤིཥྵུ། དྷནུཥྵུ། འོ་ན་ཕ་རོལ་གྱི་ས་ཡིག་ཥ་ཉིད་དུ་བྱས་པ་ན་ཕ་རོལ་གྱི་གཟུགས་སུ་རྣམ་པར་བརྟག་པར་གྱུར་པའི། སཪྤིཿཥུ། སཪྤིཥྵུ། ཞེས་པའི་ གཟུགས་གཉིས་ནི་རྣམ་པར་གཅད་བྱ་གཟུང་བ་བྱས་པ་ཉིད་ཀྱིས་གྲུབ་པ་ཁོ་ནའོ་ཞེས་པས་ཅིའི་ཕྱིར་ཥ་སྨོས་ཤེ་ན་བརྗོད་པར་བྱ་སྟེ་རྣམ་པར་གཅད་བྱ་བཀག་པ་རྗེས་སུ་འཇུག་སྟེ། གཱིཪྵུ། ས་ཛུཪྵུ། ཞེས་སོགས་དང་འདྲ་བར་སཪྤིས྄་ཀྱི་ཡང་རྣམ་པར་གཅད་བྱ་འཇུག་པའི་ཕྱོགས་ལ་སའི་ཥ་ཉིད་དུ་བྱས་ མོད། དེ་བཀག་པར་གྱུར་པ་ན་ཕ་རོལ་གྱི་ས་ཡིག་ནི་ཥ་ཉིད་དུ་མི་འགྲུབ་པོ་ཞེས་པས་ཥ་ཉིད་སྨོས་སོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཞེས་པ་ཅི་ཞེ་ན། ཨ་སཽ། རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ཞེས་པ་ཅི་ཞེ་ན། པུ་སི་སཽ། པི་སྲྀ། པི་སྲྀ་འགྲོ་བ་ལའོ། །མཛེས་པར་འགྲོ་བར་བྱེད་ དོ་ཞེས་པས་ཀྭིཔའོ། །སཱཏའི་རྐྱེན་གྱི་ཥ་ཉིད་དུ་མི་འདོད་དེ། ཨགྣི་སཱཏ། ད་དྷི་སཱཏ། ལྕགས་ཐམས་ཅད་ལས་མེ་འབྱུང་ངོ་། །འོ་མ་ཐམས་ཅད་ཞོར་འགྱུར་རོ་ཞེས་པས་ཏ་མ་ལ་སོགས་པ་ཉིད་ལས་སོགས་པས་ཏའི་རྐྱེན་ནོ། །ར་ཥ་རྀའི་ཡི་གེ་རྣམས་ལས་མཐའ་མ་ཡིན་པའི་ནའི་ཎ་སྟེ་དབྱངས་དང་ ཧ་དང་མ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོ་། །ར་དང་ཥ་དང་རིའི་ཡི་གེ་ཞེས་ཟླས་དབྱེ་བའོ། །མཐའི་དངོས་པོ་ནི་མཐའའོ། །མཐའ་མ་ཡིན་པ་ནི་མཐའ་མ་ཡིན་ནོ། །ཀའི་སྡེ་པ་ནི་ཀ་སྡེའོ། །དེ་བཞིན་དུ་པ་སྡེའི་འང་ངོ་། །དབྱངས་དང་ཧ་ཡ་ཝ་དང་ཀ་སྡེ་པ་སྡེ་བར་ན་ཡོད་པ་ཅན་ཞེས་ཟླས་དབྱེ་ བའི་ཁོང་ན་ཡོད་པའི་འབྲུ་མང་པོ་པའོ། །རེ་ཕ་དང་ཥ་ཡིག་དང་རྀའི་ཡི་གེ་རྣམས་ལས་ཕ་རོལ་མཐའ་མ་ཡིན་པ་སྟེ་ཚིག་གི་མཐའ་མ་ཡིན་པའི་ན་ཡིག་ནི་ཎ་ཡིག་ཏུ་འགྱུར་ཏེ། དབྱངས་དང་ཧ་དང་ཝ་དང་ཀ་སྡེ་དང་པ་སྡེ་ཞེས་པ་འདི་རྣམས་བར་ན་ཡོད་པ་ལ་ཡང་ངོ་། །རེ་ཞིག་ར་ལས། ཙ་ཏུརྞྞཱཾ། ཥ་ལས། 195-1-127a ཥཱུ་ཎཱཾ། རྀའི་ཡི་གེ་ལས། ཏྲི་སྲྀ་ཎཱཾ། བི་ཏྲྀ་ཎཱཾ། དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་པ་ལས་ནི། པུ་རུ་ཥེ་ཎ། ཨརྡྷེ་ཎ། ཨཧེ་ཎ། ཨཪྻེ་ཎ། སརྦེ་ཎ། ཨརྐེ་ཎ། མཱུཪྻེ་ཎ། བརྒེ་ཎ། ཨརྒེ་ཎ། དཪྦེ་ཎ། རེ་ཕེ་ཎ། དརྦྷེ་ཎ། དྷརྨེ་ཎ། ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ཅི་ཞེ་ན། བ་ནམྲ། མཐའ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། བྲྀཀྵཱན། བི་ཏྲཱྀན། གི་རཱིན། ར་ཥ་རྀའི་ཡི་གེ་རྣམས་ལས་ན་ཡིག་འང་གང་གི་ཚེ་ཚིག་ཕྲད་དུ་གནས་པ་དེའི་ཚེ་ཎ་ཉིད་དུ་མི་འདོད་དེ། དེས་ན། ཨགྷི་ར་ན་བྷ་ཝ་ཏི། རྣམ་པར་གཅད་བྱ་ལྕེ་རྩ་ཅན་དང་མཆུ་དང་ ཉེ་བ་ཅན་གྱི་གནས་ལ་ཡང་ན་མི་འདོད་དོ། །ཨུ་རཿཀེ་ན། ཨུ་རཿཔེ་ན། ཨུ་རཿཀེ་ཎཿ། ཨུ་རཿཔེ་ཎ། ཀཻ་ག་སྒྲ་ལའོ། །པཱ་འཐུང་བ་ལའོ། །ཨུ་རས་སྔ་མར་རོ། །བྲང་གིས་སྒྲོགས་པར་བྱེད་དོ། །བྲང་གིས་འཐུང་བར་བྱེད་དོ་ཞེས་པས་ཉེར་བསྒྱུར་མེད་པའི་ཨཱཏ་ལས་ཀའོ། །ཁ་ཅིག་ཏུ་རྣམ་ པར་བརྟག་པ་ཎ་ཉིད་དུ་བལྟ་སྟེ། ཀྵིར་པེ་ནམ྄། གི་རི་ན་དཱི། ཝ་ད་རཱི་བ་ནམ། ཝ་ད་རཱི་བ་ཎམ྄། ཁ་ཅིག་ཏུ་ནི་མ་ཡིན་པ་ཉིད་དེ། དེ་བ་དཱ་རུ་བ་ནཾ། བྷ་དྲ་དཱ་རུ་བ་ནཾ། ཉེར་བསྒྱུར་ལ་གནས་པའི་ར་ཥ་རྀའི་ཡི་གེ་ལས་ཕ་རོལ་གྱི་བྱིངས་ཀྱི་དང་པོའི་ཎ་ཡིག་གང་། ན་ཡིག་ཡིན་པ་དེ་ཎ་ཡིག་ཏུ་འདོད་དེ། པྲ་ཎ་ཡ་ཏི། པྲ་ཎ་མ་ཏི། ཎཱིཉ་ཐོབ་པ་ལའོ། །ཎམྲ་རབ་ཏུ་བྱེད་པ་ལའོ། །དང་པོའི་ཎ་ཡིག་ཅེས་པ་ཅི་ཞེ་ན། པྲ་ནནྡ་ཏི། ཊུ་ན་དི་ཡང་དག་པར་རྟོགས་པ་ལའོ། །བུད་མེད་ལ་ཨ་ལས་ཨཱཔ྄འོ། །ཨ་ལ་སྟེ་ཨ་ཡིག་མཐའ་ཅན་གྱི་རྟགས་བུད་མེད་ལ་འཇུག་བཞིན་པར་གྱུར་པ་ལས་ཨཱ་པྲའི་རྐྱེན་ དུ་འགྱུར་རོ། །བ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །དེ་ཝ་དཏྟཱ། ཡཱ། སཱ་ཌཀཱ། བུད་མེད་ལ་ཞེས་པ་ཅི་ཞེ་ན། དེ་ཝ་དཏྟཿ། ཨ་ལས་ཞེས་པ་ཅི་ཞེ་ན། མ་ཏི། ན་ད་སོགས་དང་། ཨཉྩ། བ་ཧ། ཨུ། ཨཱི། ཨནྶི། ཨནྟ་རཾ། ས་ཁི། ན་མཐའ་རྣམས་ལས་ཨཱིའོ། །གང་རྣམས་ ཀྱི་དང་པོ་ན་དའི་སྒྲ་ཡིན་པ་དེ་རྣམས་ནི་ན་དཱ་སོགས་རྣམས་སོ། །གང་རྣམས་ཀྱི་མཐའ་ན་ཡིག་ཡིན་པ་དེ་རྣམས་ནི་ན་མཐའ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །བུད་མེད་ལ་ཞེས་པ་ཁོ་ནའོ། །ན་ད་སོགས་རྣམས་དང་། ཨཉྩ་དང་། ཝཱ་ཧ་དང་། ཨུ་དང་། ཨནྶི་དང་། ཨནྟ་དང་། རྀ་དང་། 195-1-127b ས་ཁི་དང་། ན་མཐའ་ཞེས་པ་འདི་རྣམས་བུད་མེད་ལ་འཇུག་བཞིན་པར་གྱུར་པ་ལས་ཨཱིའི་རྐྱེན་དུ་འགྱུར་རོ། །རེ་ཞིག་ན་ད་སོགས་རྣམས་ལས། ན་དཱི། མ་ཧཱི། ཀི་སོ་རཱི། ཨནྩུ་ལས། པྲཱ་ཙཱི། པྲ་ཏཱི་ཙི། ཨཉྩུ་འགྲོ་བ་ལའོ། །ཀྭིཔྲའོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པའི་ཞེས་པས་ན་ དབྱིའོ། །ཨཉྩིའི་ཨ་དབྱི་བ་དང་སྔ་མའི་འང་རིང་པོའོ། །བཱ་ཧ་ལས། པྲཥྚཽ་ཧཱི། བ་ཧ་ཐོབ་པ་ལའོ། །བ་ཧའི་འང་ངོ་ཞེས་པས་ཨིཎའོ། །ཨུ་པ་དྷཱའི་ཨ་ཞེས་པས་རིང་པོའོ། །བཱ་ཧཱིའི་བཱ་སྒྲའི་ཨཽ་ཉིད་དོ། །ཨུའི། པ་ཊྭཱི། མྲྀ་དྭཱི། ཨབྶིའི། བི་དུ་ཥྭི། བི་དྭནྶ་དང་། བི་ཙི་ཝནྶའི་ནི། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་ཞེས་པས་ཨུ་ཉིད་དོ། །ཨནྟ་ལས། གོ་མ་ཏཱི། དྷ་ན་ཝ་ཏཱི། ས་ཀ་ར་ཏྲཱི། ས་ཁིའི། ས་ཁཱི། ན་མཐའ་ལས། དཎྜི་ནཱི། པདྨི་ནཱི། གལ་ཏེ་ཡང་ཨཉྩུ་ལ་སོགས་པ་དེ་རྣམས་ནི་ན་ད་སོགས་ཀྱི་ཚིགས་སུ་རྣམ་པར་བྱས་པའི་ཕྱིར་ན་ད་ལ་ སོགས་པ་ཉིད་ལས་ཨཱིའི་རྐྱེན་གྲུབ་པས་ཉེ་བར་བླངས་པས་ཅི་བྱ་ཞེ་ན། བདེན་ཏེ། སྤྲོས་པའི་དོན་ཏོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ལས་ཨ་དབྱི་བར་བྱའོ། །བུད་མེད་ལ་བྱས་པ་ནི་བུད་མེད་དུ་བྱས་པའོ། །དབྱི་བ་ཐོབ་པ་ནི་དབྱི་བར་བྱ་བའོ། །ཨའང་འདི་ཡིན་ལ་དབྱི་བར་བྱ་བའང་ཡིན་པ་ནི་ཨ་དབྱི་བར་ བྱ་བའོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ཕ་རོལ་ལ་ཨ་ཡིག་དབྱི་བར་བྱ་བར་འགྱུར་རོ། །དེ་ཝཱི། ན་དཱི། ཨཱི་ཡིག་ལ་ཞེས་པ་ཅི་ཞེ་ན། ཡུ་བ་ཏིཿ། ན་ཚོད་ལྡན་པ་མོ་ལ་ཡུ་བ་ལས་ཏིའོ་ཞེས་པས་ཏིའི་རྐྱེན་ནོ། །བུད་མེད་དུ་བྱས་པ་ཞེས་པ་ཅི་ཞེ་ན། ཀུཎྜེ། ཨཽཨཱིའོ། །མ་ནིང་ལ་དབྱངས་ཐུང་ངུའོ། ། གང་མ་ནིང་གི་ཡུལ་ལ་རྟགས་མཐའི་དབྱངས་དེ་ནི་ཐུང་ངུར་འགྱུར་རོ། །སེ་ནཱ་ནི་ཀུ་ལཾ། ཡ་བ་ལུ་ཀུ་ལཾ། སྡེ་ལས་འདྲེན་པར་བྱེད་དོ། །ནས་ལས་གཅོད་པར་བྱེད་དོ་ཞེས་པས་ཀྭིཔའོ། །འདིས་ཐུང་ངུའོ། །ཨ་ཏི་རི་ཀུ་ལཾམ྄། ཨ་ཏི་ནུ་ཛ་ལཾ། རིམ་པ་འདས་པའི་ནོར་ལ། རིམ་པ་འདས་པའི་གྲུ་ལ་ ཞེས་པའི་དོན་ཏོ། །འདིས་ཐུང་ངུ་སྟེ་ཨཻ་ཡིག་གི་ཨི་དང་། ཨཽ་ཡིག་གི་ཨུའོ། །མ་ནིང་ལ་ཞེས་པ་ཅི་ཞེ་ན། གཽཿ སྦྱོར་བ་འདི་རྣམ་པར་དབྱེ་བར་བྱ་སྟེ། དབྱངས་ཐུང་ངུའོ་ཞེས་པས་སྦྱོར་བ་གཅིག་གོ། །དེས་ན་མ་ཡིན་པ་ལའང་ཁ་ཅིག་ཏུ་ཐུང་ངུའོ། །ཁྲི་ལྔས་ཉོས་པ་ནི། ཀྲཱི་ཏཿཔཉྩ་ཁ་ཊྭཿ། 195-1-128a མའི་མཛོད་འདས་པ་ནི། ནི་སྐོ་ཤཱམྤིཿ། གང་གི་བ་ལང་ཁྲ་བོ་ཡིན་པ་དེ། ཙིཏྲ་གུཿ། དབྱངས་སྨོས་པ་ནི་མཐའི་ཐུང་ངུའི་དོན་ཏོ། །འདིར་མི་འགྱུར་ཏེ། སུ་ཝཱ་ཀ་ཀུ་ལཾ་ཞེས་པའོ། །གལ་ཏེ་ཡི་གེའི་མཐའི་ཡོངས་སུ་བཤད་པ་ནི་མཐའ་ཉིད་ཀྱི་འགྱུར་རོ་ཞེས་པ་ཅི་ཞེ་ན། དེ་ལྟར་ནི་ རྣམ་པ་གསལ་བའི་དོན་ཏོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་བཞི་པ་རྫོགས་སོ།། །།མིང་རྣམས་སྦྱོར་བའི་དོན་བསྡུ་བའོ། །མིང་ནི་མིང་སྟེ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་རྟགས་དང་རྣམ་དབྱེའི་མཐའ་ཅན་ལ་བྱས་པའོ། །སྦྱོར་བའང་ འདི་ཡིན་ལ་དོན་ཡང་ཡིན་པ་ནི་སྦྱོར་བའི་དོན་ཏོ། །གང་མིང་རྣམས་སྦྱོར་བའི་དོན་དེ་ནི་བསྡུ་བའི་མིང་ཅན་དུ་འགྱུར་རོ། །ངོ་བོའམ་ཚུལ་གཅིག་ཉིད་དུ་གྱུར་པའི་དོན་དེ་སྦྱོར་བའི་དོན་དེས་བརྗོད་པར་བྱའོ། །ནཱི་ལོཏྤ་ལཾ། རཱ་ཛ་བུ་རུ་ཥཿ། སྦྱོར་བའི་དོན་སྨོས་པ་ཅི་ཞེ་ན། བསྟྲཾ་ནཱི་ལཾ། ཨུདྤ་ལཾ། ཝཪྵ་ སུ་པུ་ཥྱ་ཏི། བྷཱཪྻཱ་རཱ་ཛྙཿ། པུ་རུ་ཥཱོ་དེ་ཝ་དཏྟ་སྱ། བསྡུ་བའི་མིང་གིས་གང་དུ་དགོས་ཤེ་ན། བསྡུ་བའི་མཐར་གྱུར་པ་རྣམས་ཀྱིས་ཞེས་པ་ལ་སོགས་པ་རྣམས་སུའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །དེ་ལ་གནས་པ་ཞེས་པ་ནི་དེར་གནས་པ་སྟེ་མིང་ལས་ཀྱང་སྠ་ལའང་ངོ་ཞེས་པས་ཀའོ། ། དབྱི་བར་འོས་པ་ཞེས་པས་དབྱི་བར་བྱ་བའོ། །དེར་ལེགས་པ་ལའང་ཡའོ་ཞེས་པའི་འང་གི་སྒྲ་ལས་དབྱི་བར་འོས་པའི་དོན་ལ་ཡའོ། །དེར་སྨོས་པས་ཚིག་སྡུད་ལ་སྙེག་གོ། །ཚིག་སྡུད་ཀྱི་དོན་གྱི་ངག་ཀྱང་ཚིག་སྡུད་ཀྱི་སྒྲས་བརྗོད་པར་བྱ་སྟེ། དབང་པོའི་དོན་གནས་པ་དབང་པོའི་སྒྲས་བཞིན་ནོ། །དེས་ན་ གང་ཚིག་སྡུད་ཀྱི་དོན་གྱི་ངག་ལ་གནས་པའི་རྣམ་དབྱེ་དེ་རྣམས་དབྱི་བར་བྱ་བར་འགྱུར་རོ། །རཱ་ཛྙཱ་པུ་རུ་ཥཿ། རཱ་ཛ་པུ་རུ་ཥཿ། སཾ་ཀུ་ལཱ་ཡ་ཁཎྜཿ། སཾ་ཀུ་ལ་ཁཎྜཿ། དབྱི་བར་བྱའོ་ཞེས་པས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་སྦྱོར་བའི་དབང་གིས་གཞན་གྱི་འང་དབྱི་བར་འོས་པ་རྣམས་དབྱི་བར་བྱའོ། ། གང་གི་ཞལ་ཏའི་ཞལ་དང་འདྲ་བ་དེ་ནི། དེ་ཝ་མུ་ཁཿ། མར་གྱིས་གང་བའི་རྫ་མ་ནི། གྷྲྀ་ཏ་གྷ་ཊཿ། གང་ལ་སྡིག་པ་ཡོད་པ་མ་ཡིན་པ་དེ་ནི། ཨ་པཱ་པཾ། ཨི་བ་དང་། པཱུརྞ་དང་། བིདྱ་མཱ་ན་རྣམས་ཀྱིས་དབྱིའོ། །གསུམ་པ་དང་བདུན་པ་དག་ལ་ཡང་ནའོ་ཞེས་པས་འདིའི་ཡང་ན་ཞེས་པ་འཇུག་སྟེ། 195-1-128b དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་ཁ་ཅིག་ཏུ་རྣམ་དབྱེ་དབྱི་བར་མི་འགྱུར་ཏེ། གང་གི་མགྲིན་པ་ལ་ནག་པོ་ཡོད་པ་དེ། ཀཎྛ་ཀཱ་ལཿ། གང་གི་བྲང་ལ་སྤུ་ཡོད་པ་དེ་ནི། ཨུ་ར་སི་ལོ་མཱ། དེ་བཞིན་དུ་ཨཱཏྨ་ནའི་སྒྲ་ལས་ཕ་རོལ་གྱི་གསུམ་པ་ནི། རྫོགས་པའི་རྐྱེན་གྱི་མཐའ་ ཅན་གྱི་ཚིག་ཕ་རོལ་ལ་དབྱི་བར་མི་འགྱུར་ཏེ། ཨདྨ་ནཱ་པཉྩ་མཿ། གསུམ་པ་ལས་ཞེས་པ་ཅི་ཞེ་ན། ཛཱ་ནཱ་རྡ་ན་སྟྭཱཏྨ་ཙ་ཏུརྠ། ཞེས་པ་འདིར་གང་གི་བདག་ཉིད་བཞི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དབྱངས་མཐའི་རང་བཞིན་འང་ངོ་། །རྣམ་དབྱེ་སྨོས་པ་རྗེས་སུ་འཇུག་ཅིང་འོས་པའི་རྐྱེན་དང་ བྲལ་བ་དང་དབྱི་བ་སྨོས་པའང་ངོ་། །དེའི་དོན་གྱི་དབང་ལས་བདུན་པའི་མཐའི་ཤེས་པར་བྱ་བའོ། །དབྱངས་མཐའི་སྒྲའི་ཚིག་སྡུད་བྱས་པ་ལ་ནི་རྣམ་དབྱེ་ཕྱིས་པར་གྱུར་པ་ལ་རང་བཞིན་ཏེ་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །རྐྱེན་གྱི་མཚན་ཉིད་ཀྱི་ཐོབ་པའི་བྱ་བ་འགེགས་པའོ། །མཱ་ཏ་རི་ཎི་སུ་ ཎཿ། མ་ཏྲྀ་ནི་པུ་ཎཿ། བི་ཏ་རི་སཱ་དྷུ། པི་ཏྲྀ་སཱ་དྷུཿ། ངི་ལ་ཨརའོ་ཞེས་པས་ཨར་དུ་བསྒྱུར་བ་མེད་དོ། །སཱ་ཁཱ་ཨཾ་པྲཱ་པྟཿ། སཱ་ཁི་པྲཱཔྟཿ། གྷུཊ་ལ་ནི་ཨཻའོ་ཞེས་པས་ཨཻ་ཉིད་དུ་མི་འགྱུར་རོ། །རྣམ་དབྱེའི་རྒྱུ་མཚན་གྱི་བྱ་བའི་རང་བཞིན་དུ་གྱུར་པ་དེས་གཞན་བཟློག་པ་མ་ཡིན་ཏེ། སྭ་རཱནྟ་སྱ་ཞེས་ པའི་མཚུངས་པའི་རིང་པོར་མཛད་པས་སོ། །དེ་ན། ཡ་བཱ་ནཱ་མཱ་ཊ་ཀཾ། ཡ་ཝཱ་ཊ་ཀཾ། ཞེས་པ་འདིར་མཚུངས་པའི་རིང་པོར་གྲུབ་བོ། །གསལ་བྱེད་མཐའི་གང་སུ་བྷ་དག་ལའོ། །རྣམ་དབྱེ་དབྱི་བ་སྨོས་པ་རྗེས་སུ་འཇུག་གོ། །གང་སུ་ཡིག་དང་བྷ་ཡིག་ཕ་རོལ་ལ་གང་བརྗོད་པའི་བྱ་བ་དེ་ནི་གསལ་ བྱེད་མཐའ་ཅན་གྱི་སྒྲ་ལ་ཚིག་སྡུད་བྱས་ཤིང་རྣམ་དབྱེ་ཕྱིས་པར་གྱུར་པ་ལའང་འགྱུར་རོ། །མཁས་པའི་དོན་ནི། པི་དྭ་དརྠཿ། ཨ་ནུ་ཥཾ་ག་དབྱི་བ་དང་ད་ཉིད་དུའང་འགྱུར་རོ། །རྒྱལ་པོའི་དོན་ནི། རཱ་ཛཱརྦཿ། འདིར་ཡང་ན་དབྱིའོ། །དེ་བཾ་ག་ཏཿ། དྱུ་ག་ཏཿ། དི་ཝའི་ཨུ་ཉིད་དོ། །ཥཎྞཱ་མཱ་ཤྲ་ ཡཿ། ཥ་ཌཱ་ཤྲ་ཡཿ། ཌ་ཉིད་དོ། །སུ་བྷ་དག་ཅིག་ཅར་བརྗོད་པ་ལ་བསྒྲུབ་པར་བྱ་བ་སྟེ། བྷ་ཡིག་འབའ་ཞིག་པ་གང་ཡིན་པ་དེ་ལ་མ་ཡིན་ནོ། །དེས་ན། ཨ་སཱམྲ་བྷཱ་རཿ། ཨ་བ་བྷཱ་རཿ། ཞེས་པ་འདིར་ཨཔ྄་རྣམས་ཀྱི་བྷ་ལ་དའོ་ཞེས་བྷ་ཡིག་ཕ་རོལ་ལ་ད་ཉིད་དུ་བརྗོད་པར་མི་འགྱུར་རོ་ཏེ། 195-1-129a སྦྷྲ་དག་ལའོ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པ་ལས་སོ། །གཞི་མཐུན་པའི་ཚིག་དག་ནི། ལས་འཛིན་བྱེད་པར་རྣམ་ཤེས་བྱ། །ཚིག་དང་པོ་ནི་དང་པོའི་ཚིག་གི་མཐའ་ཅན་ནོ། །གང་དག་གི་གཞི་མཐུན་པའི་ཚིག་དེ་དག་ནི་གཞི་མཐུན་ནོ། །ཚིག་སྡུད་ཅེས་པ་རྗེས་སུ་འཇུག་སྟེ་ གང་སྨོས་པའང་ངོ་། །དེའང་དོན་གཉིས་ཀྱི་དབང་ལས་བདུན་པའི་མཐའ་ཤེས་པར་བྱ་བའོ། །དེས་ན་ཚིག་སྡུད་གང་དུ་ཚིག་གཉིས་གཞི་མཐུན་པ་སྟེ། མཐུན་པ་ལ་བརྟེན་པའི་རྫས་གཅིག་གི་ཡུལ་དུ་གྱུར་པའི་ཚིག་སྡུད་དེ་ནི། ལས་འཛིན་པའི་མིང་ཅན་དུ་ཤེས་པར་བྱ་ཞིང་རྟོགས་པར་བྱའོ། །བྲམ་ ཟེའང་འདི་ཡིན་ལ་དཱ་རི་ཀའང་ཡིན་པ་ནི། བྲཱཧྨ་ཎ་དཱ་རི་ཀཱ། ལས་འཛིན་པའི་མིང་ལས་ནི་ཞེས་པས་ཚིག་སྔ་མ་སྐྱེས་པ་དང་འདྲ་བར་འགྱུར་རོ། །སྔོན་པོའང་འདི་ཡིན་ལ། ཨུཏྤ་ལའང་འདི་ཡིན་པ་ནི། ནཱི་ལོཏྤ་ལ་མ། དེ་བཞིན་དུ་སྣཱ་ཏཱ་ནུ་ལིཔྟཿ གཞི་མཐུན་པ་ཞེས་པ་ཅི་ཞེ་ན། དགེ་མའི་བུ་ མོ་ནི། ཀ་ལྱ་ཎཱི་དུ་ཧི་ཏཱ། ར་མོ་ཛཱ་མ་དགྷྱཿ། བྱཱ་སཿསཱ་རཱ་སརྠཿ། ཨརྫུ་ནཿརརྟྟ་བཱིཪྻ། ཞེས་པ་འདིར་ཚིག་སྡུད་དུ་མི་འགྱུར་ཏེ། མངོན་པར་བརྗོད་པ་མེད་པ་ལས་ཏེ་སྒྲ་མེད་པ་ལས་ཞེས་པའི་དོན་ཏོ། །ལས་འཛིན་པའི་མིང་གིས་གང་དུ་དགོས་ཤེ་ན། ལས་འཛིན་པ་ཡི་མིང་ལ་ནི། ། ཞེས་པ་འདིར་རོ། །གྲངས་སྔ་མ་ཅན་བ་གཉིས་ཞེས། ཤེས་པར་བྱའོ། །གྲངས་སྔ་མའི་བསྡུ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །གྲངས་སྔ་མ་ཅན་གྱི་ཚིག་སྡུད་ནི་བ་གཉིས་པའི་མིང་ཅན་དུ་འགྱུར་རོ། །ཇི་ལྟར་དེ་ཕན་རྣམས་ཀྱི་དོན་དེ་རྣམས་ལ་བ་གཉིས་པ་བཤད་པར་བྱ་བ་དེ་བཞིན་དུ་ཚོགས་ པའི་དོན་ལའོ། །ཚིག་ཕྱི་མ་ལའང་ངོ་། །རེ་ཞིག་དེ་ཕན་གྱི་དོན་ལ། ཐོད་པ་ལྔ་རྣམས་ལེགས་པར་འདུས་བྱས་པ་ནི། པཉྩ་ཀ་པཱ་ལཿ། ལེགས་པར་འདུས་བྱས་པའི་དོན་ལ། འདི་ལྟ་སོགས་ཀྱི་ཨ་ཎར་འདོད་ཅེས་པས་ཨཎའོ། །དེ་བ་གཉིས་པ་ལ་འཇིག་སྟེ། བུ་རྒྱུད་མ་ཡིན་པ་ཞེས་པའི་འཇིག་ རྟེན་གྱི་ཉེ་བར་སྤྱོད་པ་ལས་འཇིག་གོ། །དེ་བཞིན་དུ་ཐོད་པ་ལྔ་རྣམས་ཀྱི་འདི། པཉྩ་ཀ་པཱ་ལཾ། དེའི་འདི་ཞེས་པས་ཨཎའོ། །སྔ་མ་ལྟར་འཇིག་གོ། །ཚོགས་པ་ལ། ཆུ་བོ་ལྔ་རྣམས་ཀྱི་ཚོགས་པ་ནི། པཉྩ་ནཱ་དམྲ། བ་ལང་ལྔ་རྣམས་ཀྱི་ཚོགས་པ་ནི། པཉྩ་ག་བཾ། བསྡུ་བའི་མཐར་གྱུར་པ་ 195-1-129b ཞེས་པས་ཚིག་སྡུད་ཀྱི་མཐའ་ལ་ཨ་ཡིག་གོ། །དེ་བཞིན་དུ། པཉྩ་བྲཱཧྨ་ཎཱི། ད་ཤ་གྲཱ་མི། བ་གཉིས་པ་ཞེས་པས་ཚིག་ཕྱི་མ་ལ་ཨཱི་ཡིག་གོ། །གང་གི་ནོར་བ་ལང་ལྔ་ཡིན་པ་དེ། པཉྩ་ག་བ་དྷ་ནཿ། དྷ་ནའི་སྒྲ་ཚིག་ཕྱི་མ་ལ་ཏེ། པཉྩ་ག་བ་ཞེས་པ་འདི་བ་གཉིས་པའོ། །ཏིཥྛངྒུ། འབྲུ་མང་པོ་ པའོ། །གོ་སྒྲའི་བསྡུ་བའི་མཐའ་ལ་ཨ་ཡིག་གོ། །བ་གཉིས་པའི་མིང་གིས་གང་དུ་དགོས་ཤེ་ན། བ་གཉིས་པ་ཞེས་པ་ལ་སོགས་པ་རྣམས་སུའོ། །དེའི་སྐྱེས་བུ་གཉིས། གཉིས་ཀྱི་དོན་ནི་ལས་འཛིན་པ་དང་བ་གཉིས་པ་དེ་ནི་དེའི་སྐྱེས་བུའི་མིང་ཅན་དུ་འགྱུར་རོ། །སྨད་པ་ཡང་འདི་ཡིན་ལ་རྟ་ ཡང་ཡིན་པ་ནི། ཀ་ད་ཤྭཿཀ་དུཥྚཿ། འདིར་ལས་འཛིན་པ་ལ་དེའི་སྐྱེས་བུ་ལས་ཀུའི་ཀཏའོ་ཞེས་པས་ཀུའི་སྒྲ་ཀཏ་དུ་འགྱུར་རོ། །རྒྱལ་པོ་ལྔ་རྣམས་ཀྱི་ཚོགས་པ་ནི། པཉྩ་རཱ་ཛཱི། དེ་བཞིན་དུ་པཉྩ་ག་བཾ། འདིར་བ་གཉིས་པ་དེའི་སྐྱེས་བུ་ཉིད་ལས་བསྡུ་བའི་མཐའ་ལ་ཨ་ཡིག་གོ། །ས་ ཁི་དང་རཱ་ཛཱ་དང་གོ་སྒྲ་རྣམས་ལས་དེའི་སྐྱེས་བུར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །གཉིས་པ་ལ་སོགས་རྣམ་དབྱེ་རྣམས། །མིང་དང་ཕ་རོལ་ཚིག་གིས་ནི། །སྡུད་པར་བྱེད་པ་དེ་ཡང་དེའི། །སྐྱེས་བུའི་བསྡུ་བར་ཤེས་པར་བྱ། །སོགས་འབྱུང་བ་ནི་སོགས་པ་སྟེ་རྣམ་དབྱེ་གང་ རྣམས་ཀྱི་དང་པོ་གཉིས་པ་ཡིན་པ་དེ་ནི་གཉིས་པ་ལ་སོགས་པའོ། །བསྡུ་བ་གང་དུ་རྣམ་དབྱེ་གཉིས་པ་ལ་སོགས་པ་སྟེ་གཉིས་པ་ལ་སོགས་པའི་རྣམ་ད་བྱེའི་སྒྲའི་སྒྲ་ནི་མིང་དང་ཚིག་ཕ་རོལ་དང་བཅས་པས་སྡུད་པར་བྱེད་ཅིང་ངོ་བོ་གཅིག་ཏུ་གྱུར་པའི་ཚིག་སྡུད་དེ་ནི་དེའི་སྐྱེས་བུའི་མིང་ཅན་དུ་འགྱུར་ རོ། །གཉིས་པ་ནི། དྷ་རྨཾ་ཤྲི་ཏཿ། དྷརྨ་ཤྲི་ཏཿ། ཡུཀྐིངྒ་ཏཿ། ཡུཀྐཾ་ག་ཏཿ། གསུམ་པའི། ཥཊ་ཀུ་མ་ཡཱ་ཁཎྜཿ། ཥཊ྄་ཀུ་ལཱ་ཁཎྜཿ། དཎྜེ་ན་ཧ་ཏཿ། དཎྜ་ཧ་ཏཿ། བཞི་པ་ལ། ཡཱུ་པཱ་ཡ་དཱ་ཏུཿ། ཡཱུ་པཱ་དཱ་ཏུ། བཻ་ཤྲ་བ་ཎཱ་ཡ་བ་ལིཿ། བཻ་ཤྲ་བ་ཎ་བ་ལིཿ། ལྔ་པ་ནི། བྲྀ་ ཀེ་བྷྱོ་བྷ་ཡཾ། བྲྀ་ཀ་བྷ་ཡཾ། གྲཱ་མཱནྣིརྒ་ཏཿ། གྲཱ་མ་ནིརྒ་ཏཿ། དྲུག་པ་ནི། རཱ་ཛྙཱཿཔུ་རུ་ཥཿ། རཱ་ཛ་པུ་རུ་ཥ། བྲཱཧྨ་ཎཱ་ནཱཾ་ཡཱ་ཙ་ཀཿ། བྲཱཧྨ་ཎ་ཡཱ་ཙ་ཀཿ། བདུན་པ་ནི། ཨ་ཀྵེ་ཥུ་སཽཎྜཿ། ཨཀྵ་སཽཎྜཿ། ཏཱིརྠི་ཀཱ་ཀཿ། ཏིརྠ་ཀཱ་ཀཿ། ཕ་རོལ་ཚིག་གིས་ཞེས་པ་ཅི་ཞེ་ན། ག་ཏོ་གྲཱ་མཾ། ཁ་ཅིག་ 195-1-130a ཏུ་གཉིས་པ་ལ་སོགས་པའི་མཐའི་ཚིག་ཕ་རོལ་ནི་སྔ་མའི་ཚིག་དང་བཅས་པས་སྡུད་པར་བྱེད་དེ། བྲཱཔྟོ་ཛཱི་བི་ཀཱམ྄། པྲཔྟ་ཛཱི་བི་ཀཿ དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །དེ་བཞིན་དུ། ཨ་ཏི་ཀྲནྟཿཁ་ཊྭཱམ྄། ཨ་ཏི་ཁ་ཊྭཱཿ། གཉིས་པ་ལ་སོགས་པའི་མཐའི་བསྡུ་བ་ཡང་ཁ་ ཅིག་ཏུ་མེད་པར་བལྟ་སྟེ། རང་གི་བྱིངས་ལའོ། །སཱ་མི་བྷཀྟཾ། སྭ་མི་བྷཀྟཾ། ཕྱེད་ཟའོ་ཞེས་པའི་དོན་ཏོ། །དེའི་སྐྱེས་བུའི་མིང་གིས་གང་དུ་དགོས་ཤེ་ན། དེའི་སྐྱེས་བུ་ལ་ནའི་དབྱིའོ་ཞེས་པས་འདིར་རོ། །གལ་ཏེ་ཚིག་གཉིས་དག་གྱུར་ཏམ། གལ་ཏེ་མང་པོར་གྱུར་པའང་རུང་། དེ་རྣམས་ ཚིག་གཞན་དོན་ལ་ནི་འབྲུ་མང་སྟེ། ཚིག་སྡུད་གང་དུ་ཚིག་གཉིས་ཚིག་གཞན་གྱི་དོན་འཇུག་བཞིན་པར་སྡུད་པར་བྱེད་ཅིང་གཅིག་ཏུ་བྱེད་པའམ། ཚིག་མང་པོ་རྣམས་ཚིག་གཞན་དོན་ལ་འཇུག་བཞིན་པར་སྡུད་པར་བྱེད་པའི་ཚིག་སྡུད་ནི་འབྲུ་མང་པོ་པའི་མིང་ཅན་དུ་འགྱུར་རོ། །གང་དབྱུག་པ་དང་དབྱུག་ པས་འཁྲུག་པ་དེ། དཎྜཱ་དཎྜི། བསྡུ་བའི་མཐར་གྱུར་པ་ཞེས་པས་ཨི་ཡིག་གི་རྐྱེན་ནོ། །མ་ཧ་ཏའི་ཨཱའི་ཡི་གེར་ཞེས་པ་འདིར་བྱ་བ་སྨོས་པ་ལས་ཨཱ་ཉིད་དོ། །འདི་མི་ཟད་པའང་ངོ་། །གང་བུ་དང་བཅས་པས་འཇུག་པ་ནི། ས་པུ་ཏྲཿ། ས་པྷཱཪྻཿ། གང་གིས་མཆོད་པར་བྱས་པ་དེ། པི་ཧི་ཏ་པུ་ཛཿ། གང་གི་བ་ལང་ཁྲ་བོ་ཅན་ནི། ཙིཏྲ་གུཿ། དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །གང་གི་ཉེ་བ་བཅུ་རྣམས་ཡིན་པ་དེ་རྣམས་ནི། ཨུ་པ་ད་ཤཱཿ། བསྡུ་བའི་མཐའ་ལས་ཨ་ཡིག་གོ། །ངག་ནི་དོན་ལའང་འབྲུ་མང་པོ་པ་བཤད་པར་བྱ་སྟེ། ཏྲ་ཡོ་ཝཱ་ཙ་ཏྭཱ་རཿ། ཏྲི་ཙ་ཏུ་རཱཿ། དེ་བཞིན་དུ། དྭི་ཏྲཱཿ། བསྡུ་བའི་མཐའ་ལ་ཨ་ཡིག་གོ། །འདིར་སརྦ་དང་ཤཾ་པ་དག་གི་ངག་གི་དོན་ལ་ནི་རྣམ་པར་བརྟག་པའོ། །ཚིག་མང་པོ་རྣམས་ལ་ནི། གང་ལ་གླང་པོ་ཆེ་མྱོས་པ་མང་པོ་ཡོད་པའི་ནགས་དེ། མཱཏྟ་བ་ཧུ་མཱ་ཏཾ་གམ྄། ཉི་མའི་འོད་ཟེར་ཡོངས་སུ་འཕྲོས་པས་རྒྱས་པའི་པདྨ་རྣམས་རྫིང་བུའི་ཆུ་གང་ལ་ཡོད་པ་ དེ། ར་ཝི་ཀི་ར་ཎ་བ་རི་ཀ་ར་བི་ཀ་སི་ཏ་ན་ལི་ནཱི་ཝ་ནཾ། འོ་ནའང་གང་ལའོ་མ་ཡོད་པ་དེ། ཨསྟི་ཀྵཱི་ར། ཞེས་པ་འདིར་ཅི་ལྟར་བསྡུ་བའི་ཚིག་ཏུ་འགྱུར་ཏེ། མིང་རྣམས་ཞེས་པ་རྗེས་སུ་འཇུག་པས་སོ་ཞེ་ན། བདེན་ཏེ། ཨསྟིའི་སྒྲ་འདི་བཤད་པའི་ཚིག་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཚིག་ཕྲད་དང་ 195-1-130b འདྲ་བའོ། །འབྲུ་མང་པོ་པའི་མིང་གིས་གང་དུ་དགོས་ཤེ་ན། འབྲུ་མང་པོ་པ་ལའང་ངོ་ཞེས་པས་འདིར་དགོས་སོ། །ཕྱོགས་བྲལ་རྣམས་དེ་བཞིན། ཕྱོགས་བྲལ་ཞེས་པ་བདུན་པའི་གཅིག་གི་ཚིག་ཕྱིས་པའོ། །ཕྱོགས་བྲལ་ཏེ་བར་མཚམས་བརྗོད་པར་བྱ་བའི་ཕྱོགས་བརྗོད་པའི་ཚིག་སྡུད་གང་ཡིན་ པ་དེ་ནི་འབྲུ་མང་པོ་པའི་མིང་ཅན་དུ་འགྱུར་རོ། །ལྷོ་དང་ཤར་གྱི་ཕྱོགས་ཀྱི་བར་གང་ཡིན་པ་དེ་ཕྱོགས་བྲལ་ཏེ། དཀྵི་ཎ་པཱུརྦཱ། དེ་བཞིན་དུ། པཱུརྦོཏྟ་རཱ། སྐྱེས་པར་བཤད་པ་ཅན་སྐྱེས་པ་བཞིན་ཞེས་པའི་སྦྱོར་བ་ལས་པཱུརྦའི་ཚིག་སྐྱེས་པ་དང་འདྲ་བར་འགྱུར་རོ། །དབང་པོ་དང་ལུས་ངན་གྱི་ཕྱོགས་ དག་གི་ཕྱོགས་བྲལ་ཞེས་པ་འདིར་ཚིག་སྡུད་མངོན་པར་བརྗོད་པ་མེད་པ་ལས་སོ། །འོ་ན་སྔ་མས་གྲུབ་པ་ཉིད་ཀྱི་ཕྱིར་ཅི་ལྟར་སྦྱོར་བ་བརྩམ་སྟེ་དོན་མེད་དོ་ཞེ་ན། བརྗོད་པར་བྱ་སྟེ། ཕྱོགས་རྣམས་ཀྱི་ཡང་ནའོ་ཞེས་པ་འདིར་བྱས་པའི་མདོ་དེ་འབྲུ་མང་པོ་པར་གཟུང་བ་ལྟར་མདོ་སྔ་མ་བྱས་པས་མི་འགྱུར་ བས་སོ། །ཅི་སྟེ་འགྱུར་ན་ཤར་དང་བྱང་ཉིད་ཀྱི་མཚམས་གང་ཡིན་པ་དེ། པཱུརྦོཏྟ་རཱ། དེའི་ཆེད་དུ། པཱུརྦོཏྟ་རཱ་ཡཻ། ཞེས་པ་འདིར་ཐམས་ཅད་པའི་མིང་ཅན་གྱི་བྱ་བ་རྣམ་པར་བརྟག་པར་འགྱུར་བ་ལས་སོ། །དེའི་ཕྱིར་ཕྱོགས་བྲལ་བརྗོད་པ་གང་ཡིན་པའི་འབྲུ་མང་པོ་པ་དེ་ཕྱོགས་རྣམས་ཀྱི་ཡང་ནའོ་ ཞེས་པ་འདིར་ཡོངས་སུ་གཟུང་བར་འགྱུར་བ་ལྟར་དུ་གཞན་གྱི་མི་འགྱུར་རོ་ཞེས་པས་སྦྱོར་བ་བརྩམས་སོ། །མིང་དག་གིའམ་མང་པོའི་ཡང་། །གང་ཞིག་བསྡུས་པ་ཟླས་དབྱེར་འགྱུར། །ཚིག་སྡུད་གང་ལ་མིང་གཉིས་དག་གིས་འམ་མིང་མང་པོ་འདི་དང་འདི་ཞེས་ཚུལ་ཇི་ལྟ་བར་སྡུད་པར་བྱེད་པའི་ཚིག་སྡུད་དེ་ ཟླས་དབྱེ་བའི་མིང་ཅན་དུ་འགྱུར་རོ། །དེའང་དོན་གཉིས་དག་ལ་བཤད་པར་བྱ་སྟེ། ཅིག་ཤོས་དང་ཅིག་ཤོས་སྦྱོར་བ་དང་ཀུན་སྡུད་པ་ལའོ། །གང་དུ་ཡན་ལག་གཙོ་བོར་བྱས་པ་དེ་ཅིག་ཤོས་དང་ཅིག་ཤོས་སྦྱོར་བའོ། །གང་དུ་ཚོགས་པ་གཙོ་བོར་བྱས་པ་དེ་ཀུན་སྡུད་པའོ། །ཅིག་ ཤོས་དང་ཅིག་ཤོས་སྦྱོར་བ་ལ་ནི། ན་ར་ནཱ་རཱ་ཡ་ཎཽ། ཤ་ཀྲ་བྲྀ་ཧསྤ་ཏཱི། བྷི་མཱ་རྫུ་ན་བཱ་སུ་དེ་ཝཱཿ ཀུན་སྡུད་པ་ལ། སྲོག་ཆགས་དང་། རོལ་མོ་དང་། དཔུང་གི་ཡན་ལག་རྣམས་ཀྱི་ཟླས་ནི་ཀུན་སྡུད་པ་ཁོ་ནར་བཤད་པར་བྱ་སྟེ། པཱ་ཎི་པཱ་དཱཾ། མཱརྡཾ་གི་ཀ་པ་ཎ་བི་ཀཾ། ར་ཐི་ཀཱ་ཤྭ་རོ་ཧམ྄། རིགས་ 195-1-131a བརྗོད་པའི་སྲོག་ཆགས་མ་ཡིན་པ་རྣམས་ཀྱིའང་ངོ་། །པད་རཱ་མ་ལ་ཀཾ། སྲོག་ཆགས་མ་ཡིན་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྲཧྨ་ཎ་ཀྵ་ཏྲི་ཡཽ། སྲོག་ཆགས་ཕྲ་མོ་རྣམས་ཀྱིའང་ངོ་། །ཡུ་ཀཱ་ལིཀྵ། དཾ་ཤ་མ་ཤ་ཀཾ། གང་རྣམས་ཀྱི་རྟག་པ་ཅན་འགོག་པ་དེ་རྣམས་ཀྱིའང་ངོ་། ། ཨ་ཧི་ན་ཀུ་ལཾ། ལྗོན་པ་དང་རི་དགས་དང་རྩ་དང་འབྲུ་དང་བྱ་ན་དང་། ཕྱུགས་དང་བྱ་རྣམས་བརྗོད་པའི་སྒྲ་རྣམས་ཀྱི་ནི་ཀུན་སྡུད་པ་སྟེ་གཞན་དང་གཞན་སྦྱོར་བའང་ངོ་། །པླཀྵ་ནྱ་གྲོ་དྷམ྄། པླཀྵ་ནྱ་གྲོ་དྷཽ། ཧ་རི་ཎ་བ་རཱ་ཧཾ། ཧ་རི་ཎ་བ་རཱ་ཧ། ཧ་རི་ཎ་བ་རཱ་ཧཱཿ། ཀུ་ཤ་ཀཱ་ཤཾ། ཀུ་ཤ་ཀ་ཤཱཿ། ཡ་བ་མཱ་ཤཾ། ཡ་བ་མ་ཤཱཿ། ད་དྷི་གྷྲྀ་ཏམ྄། ད་དྷི་གྷྲྀ་ཏེ། གོ་མ་ཧི་ཥམ྄། གོ་མ་ཧི་ཥཽ། ཧཾ་ས་ཙཀྲ་ཝཱ་ཀཾ། ཧཾ་ས་ཙཀྲ་ཝ་ཀཱཿ། དེ་བཞིན་དུ་ཟླས་དབྱེ་ལ་ཀུན་སྡུད་པ་དང་ཅིག་ཤོས་དང་ཅིག་ཤོས་སྦྱོར་བ་ལའང་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེར་དབྱངས་རབ་ཉུང་སྔ་མར་ཏེ། །རྟགས་ གང་གི་དབྱངས་ཉུང་ངུ་དེ་དབྱངས་ཉུང་བའོ། །གང་འདི་དང་འདི་དག་གི་དབྱངས་ཤིན་ཏུ་ཉུང་བར་གྱུར་པ་དེ་དག་ནི་ཟླས་དབྱེ་བའི་མིང་གིས་གང་དུ་དགོས་ཤེ་ན། ཟླས་དབྱེ་གནས་པ་ལས་ཀྱང་ངོ་ཞེས་པས་འདིར་རོ། །དབྱངས་རབ་ཏུ་ཉུང་བའོ། །ཟླས་དབྱེ་བ་དེ་ལ་དབྱངས་རབ་ཏུ་ཉུང་བར་གྱུར་པ་དེ་སྔ་མ་ ཁོ་ནར་སྦྱར་བར་བྱའོ། །ཡ་བ་ཁ་དི་རཾ། པླཀྵ་ནྱ་གྲོ་དྷཾ། ཀཎྜི་ལཀྵི་ཎྛེ། ཨུ་ཏྲྀ་ཁ་ལ་མུ་ས་ལེ། །ཞེས་པ་ལ་སོགས་པ་རྣམས་ནི་བག་མེད་པ་ལས་སྐྱེས་པའི་སྦྱོར་བའོ། །དེར་སྨོས་པས་སྔ་མའི་ཡི་གེ་ཉུང་ངུ་ནི་ཚིག་ཏུ་འདོད་དེ། ཀུ་ཤ་ཀཱ་ཤཾ། གཉིས་ཀྱི་གང་གི་མཆོད་པ་ཡང་། །ཟླས་ དབྱེའི་ཚིག་སྡུད་ལ་མིང་གཉིས་དག་གི་ནང་ནས་གང་མཆོད་ཅིང་མཆོད་པར་བྱ་བའི་མིང་དེ་སྔ་མ་ཁོ་ནར་སྦྱར་བར་བྱའོ། །མཱ་ཏཱ་པི་ཏ་རཽ། མ་ཧ་ཏའི། ཨའི་ཡི་གེར་བྱ་བའོ་ཞེས་པའི་བྱ་བ་སྨོས་པ་ལ་མཱ་ཏྲྀའི་ཨཱ་ཉིད་དོ། །བཱ་སུ་དེ་ཝཱརྫུ་ནཽ། བྲཱཧྨ་ཎཀྵ་ཏྲྀ་ཡཽ། གཉིས་དག་གི་ཞེས་པ་ཅི་ཞེ་ན། བྷི་མཱ་རྫུ་ན་བཱ་སུ་དེ་ཝཿ། ཛ་ནའི་གྲངས་དང་ཟླས་དབྱེ་བ་ལ་སྔ་མ་ནི་བཱ་ཏ་ར་བཤད་པར་བྱ་སྟེ། ན་བ་ཏི་ཤ་ཏཾ། ཨགྣིའི་མིང་ཅན་གྱིའོ། །པ་ཊུ་གུཔྟོ། དབྱངས་དང་པོའི་ཨ་ཡིག་གི་མཐའ་འི་འོ། །ཨུཥྚ་ཁ་རམ྄། ཐམས་ཅད་པའི་མིང་ཅན་གྲངས་ཀྱི་ཁྱད་པར་དུ་གྱུར་པའི་བདུན་པའི་མཐའ་ 195-1-131b ཅན་གྱིའང་འབྲུ་མང་པོ་པ་ལའོ། །སརྦ་ཤྭེ་ཏཿ། དྭི་ཤུཀླ། ཙི་ཏྲ་གུཿ། ཀཎྛེ་ཀཱ་ལཿ། པྲྀ་ཡའི་ཡང་ན་འབྲུ་མང་པོ་པ་ལའོ། །པྲི་ཡ་རུ་བྲཿ། ཀཱ་ཀ་མ་ཡུ་རཽ། ཤ་ཤི་བྷསྐ་རཽ། ཞེས་པ་ལ་སོགས་པ་རྣམས་བག་མེད་པ་ལས་བྱུང་བའི་སྦྱོར་བའོ། །གང་གི་སྔ་མ་བརྗོད་བྱར་འགྱུར། །དེ་ནི་ མི་ཟད་གྱུར་པར་འདོད། །ཚིག་སྡུད་གང་གི་སྔ་མའི་སྒྲའི་ངོ་བོ་བརྗོད་བྱའི་གཙོ་བོར་གྱུར་པའི་ཚིག་སྡུད་མི་ཟད་པར་གྱུར་པའི་མིང་ཅན་དུ་འགྱུར་རོ། །ཉེ་བའི་བུམ་པ་ནི། ཨུ་པ་ཀུམྦྷ་མ྄། འདིར་ཉེ་བའི་དོན་གཙོ་བོའོ། །མ་ག་དྷཱ་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི། སུ་མ་ག་དྷཾ། སྡིག་པ་རྣམས་ཀྱི་ མེད་པ་ནི། ཨ་པཱ་བཱཾ། གྲང་བ་རྣམས་ཀྱི་འདས་པ་ནི། ཨ་ཏི་ཤཱི་ཏམ྄། ཤིང་རྟའི་རྗེས་སུ། ཨ་ནུ་ར་ཐམ། ནུས་པ་མ་འདས་པ་ནི། ཡ་ཐཱ་ཤཀྟི། ཡཱ་བདའི་སྒྲའི་ངེས་པར་འཛིན་པའི་དོན་ལ་ཚིག་སྡུད་དུ་འགྱུར་ཏེ། ཡཱ་ཝནྣཱ་མནྟྲཱ་ཎི། ཡཱ་ཝ་ད་མནྟྲ་མ྄། བྲཧྨ་ཎ་བྷྱོ་ཛྱནྟཾ། པ་རི་དང་ ཨ་པ་དང་བ་ཧིས་དང་ཨཉྩུ་ཞེས་པ་འདི་རྣམས་ལྔ་པའི་མཐའི་མིང་དང་ལྷན་ཅིག་སྡུད་པར་བྱེད་དོ། །ཨ་པ་སཱ་གི་ཏཱ་ཏ། ཨ་པ་སཱ་གེ་ཏཾ། པ་རི་ཀུ་རུ་ཀྵེ་ཏྲཱ་ཏ། པ་རི་ཀུ་རུ་ཀྵེ་ཏྲམ྄། བ་ཧིར་གྲཱ་མཱ་ཏ། བ་ཧིར་གྲཱ་མཾ། སྲག་གྲཱ་མཱ་ཏ། སྲག་གྲཱ་མཾ། དེ་བཞིན་དུ། པྲ་ཏྱག་གྲཱ་མཱཏ། པྲ་ཏྱག་ གྲཱ་མཾ། ཁྱབ་པ་དང་ལུགས་དག་གི་དོན་གྱི། ཨཱ་པ་ཊ་ལི་པུ་ཏྲཱ་ཏ། ཨཱ་པཱ་ཊ་ལི་པུ་ཏྲམ྄། པཱ་རེ་དང་མ་དྷྱེའི་སྒྲ་དག་གིའང་དྲུག་པའི་མཐའི་མིང་གིས་སྡུད་དེ། པཱ་རེ་ཡ་མུ་ན་ཡཱཿ། པཱ་རེ་ཡ་མུ་ནཾ། དབྱངས་ཐུང་ངོ་ཞེས་པས་ཐུང་ངུའོ། །ཚིག་སྔ་མའི་པྲ་ཏིའི་སྒྲས་ཆུང་བའི་དོན་ལ་སྡུད་པར་བྱེད་དོ། ། མི་ཟད་པར་གྱུར་པ་ཡང་ཡིན་ལ་བསྡུ་བ་ཡང་ཡིན་པ་དེའོ། །མཱུ་པ་སྱ་སྟོ་ཀཾ་པཱུ་པ་པྲ་ཏི། འདིར་ཐོབ་པ་མ་ཡིན་པ་མི་ཟད་པར་གྱུར་པ་འདོད་དོ། །མི་ཟད་པར་གྱུར་པའི་མིང་གིས་གང་དུ་དགོས་ཤེ་ན། མི་ཟད་པར་གྱུར་པ་ལས་ཨ་ཡིག་མཐའ་ལས་ཞེས་པ་འདིར་རོ། །དེ་ནི་མ་ནིང་རྟགས་སུ་འགྱུར། ། གང་གི་རྟགས་མ་ནིང་ཡིན་པ་དེ་ནི་མ་ནིང་གི་རྟགས་སོ། །དེ་ནི་སྟེ་མི་ཟད་པར་གྱུར་པའི་ཚིག་སྡུད་དེ་ནི་མ་ནིང་གི་རྟགས་སུ་འགྱུར་རོ། །དཔེར་བརྗོད་རྣམས་ནི་གོང་དུ་བཤད་ཟིན་ཏོ། །མི་ཟད་པར་གྱུར་པ་ནི་མི་ཟད་པའི་ཚིག་སྔ་མ་སྟེ་དེའང་གཙོ་བོའོ། །དེ་ཅུང་ཟད་ཀྱང་རྟགས་མ་ཡིན་ནོ་ཞེས་པས་ 195-1-132a རྟགས་ཀྱིས་སྟོང་པ་ལྟར་མི་ཟད་པར་གྱུར་པ་ལ་འགྱུར་རོ་ཞེས་པས་མ་ནིང་གི་རྟགས་ཉིད་དུ་བསྒྲུབ་པར་བྱའོ། །ཟླས་དབྱེ་དང་དེའི་སྐྱེས་བུའི་གང་ཕ་རོལ་གྱི་རྟགས་དེའི་མི་འདོད་དེ། ཀུཀྐུ་ཊ་མ་ཡཱུཪྻཱ་ཝི་མེ། མ་ཡཱུ་རཱི་ཀུཀྐུ་ཊ་བི་མཽ། དེའི་སྐྱེས་བུའི་པི་པི་ལིང་ཕྱེད་ལས། ཨརྡྷ་པི་བྱ་ལི་ཨི་ཡཾ། འདིར་ཡང་། ཕྱེད་ཀྱི་སྒྲ་གཙོ་བོའོ་ཞེས་པས་འདིའི་བསྡུ་བ་འདི་མ་ནིང་དུ་འཐོབ་བོ། །ཟླས་དབྱེ་ལའང་ཚིག་སྔ་མ་དང་ཚིག་ཕྱི་མ་དག་གཙོ་བོར་གྱུར་པ་ལས་རྣམ་གྲངས་ཀྱི་དེ་དག་གི་འབྲེལ་པ་ལས་རྟགས་འཐོབ་པའོ། །སེ་ནཱ་དང་། སུ་རཱ་དང་། ཎཱ་ཡཱ་དང་། སཱ་ལཱ་ཞེས་པ་ འདི་རྣམས་ཀྱི་མཐའ་ནི་དེའི་སྐྱེས་བུ་ལ་མ་ནིང་གི་རྟགས་སུ་ཡང་ན་བཤད་པར་བྱ་སྟེ། བྲཧྨ་ཎ་སེ་ནཾ། བྲཧྨ་ཎ་སེ་ནཱ། ཡ་ཝ་སུ་རཾ། ཡ་ཝ་སུ་རཱ། བྲྀཀྵ་ཙྪཱ་ཡཾ། བྲྀཀྵ་ཙྪཱ་ཡཱ། གོ་སཱ་ལཾ།གོ་སཱ་ལ། ཚ་ཡཱའི་མཐའ་དེ་སྐྱེས་བུ་མང་པོ་ལ་འཇུག་བཞིན་པ་ལ་རྟག་ཏུ་སྟེ། ས་ལ་བྷ་ཙྪཱ་ཡཾ། ས་བྷའི་མཐའ་དེའི་སྐྱེས་བུ་ལ་མང་པོ་ལ་སྟེ། ཨཱི་ཤྭ་ར་ས་བྷཾ། ཨི་ན་ས་བྷ་མ྄། རཀྵཿས་བྷཾ། པི་ཤཱ་ས་བྷཾ། བྲཧྨ་ཎ་ས་བྷམ྄། སྟྭཱི་ས་བྷམ། མང་པོ་ལ་སྨོས་པ་ལས་ལ་ལར་མི་འགྱུར་ཏེ། རཱ་ཛ་ས་བྷཱ། དེ་ཝ་དཏྟ་ས་བྷཱ། ཁ་ཅིག་ཏུ་མི་འཇུག་ཅིང་ཁ་ཅིག་ཏུ་འཇུག་གོ་ ཞེས་པས་དོན་གྱི་ཚུལ་དེ་ལྟར་མང་པོ་སྨོས་པས་རྟོགས་པར་བྱའོ། །བྱ་བའི་ཁྱད་པར་རྣམས་ཀྱི་མ་ནིང་དུ་འདོད་དེ། མྲྀ་དུ་བ་ཙ་ཏི། མ་ནིང་ལ་སི་ཨཾ་དག་གི་དབྱིའོ་ཞེས་པས་ཨཾ་དབྱིའོ། །ཟླས་དབྱེ་གཅིག །གང་ཟླས་དབྱེ་གཅིག་ཉིད་ཀྱིས་ཀུན་སྡུད་པ་དེ་མ་ནིང་གི་རྟགས་སུ་འགྱུར་རོ། །པཱ་ཎི་པཱ་ དམ྄། ར་ཐི་ཀཱ་ཤྭཱ་རོ་ཧམ྄། དེ་བཞིན་བ་གཉིས་ཞེས་པ། བ་གཉིས་པའི་ཚིག་སྡུད་ནི་མ་ནིང་དུ་འགྱུར་རོ། །དེ་བཞིན་ཏེ། དེ་ཁོ་ནའི་སྐབས་ཀྱི་མདོ་སྔ་མས་ཀུན་སྡུད་པ་མ་ནིང་ཉིད་དུ་འགྱུར་བ་དེ་བཞིན་དུ་འདིར་ཡང་ངོ་ཞེས་པའི་དོན་ཏོ། །པཉྩ་ག་ཝམ྄། ད་ཤ་ག་ཝམ། པཉྩ་ན་དཾ། གང་བ་གཉིས་པ་གཞན་ལ་ནི་དེ་མི་འགྱུར་ཏེ། ཐོད་པ་ལྔ་རྣམས་ལ་འདུས་བྱས་པ་ནི། པཉྩ་ཀཱ་པ་ལཿ། བ་གཉིས་པ་ཨ་ཡིག་གི་མཐའ་ཅན་གྱི་ཚིག་ཕྱི་མ་བུད་མེད་དུ་བཤད་པར་བྱ་སྟེ། པ་ཏྲ་ལ་སོགས་པའི་མཐའ་བོར་བ་ཉིད་ནའོ། །པཉྩ་བྲཱཧྨ་ཎི། ད་ཤ་པུཥྤི། འདིར་ནི་མི་འགྱུར་ཏེ། 195-1-132b ལྷུང་བཟེད་ལྔ་རྣམས་ཀྱི་ཚོགས་ནི། པཉྩ་པཱ་ཏྲཾ། དེ་བཞིན་དུ། ཏྲི་བྷུ་བ་ནཾ། པཱ་ཏྲ་སོགས་སུ་བྱས་པའི་ཚོགས་སོ། །སྐྱེས་པ་ཅན་བཤད་པ་ཨཱུང་མ་ཡིན་པ་ནི་བུད་མེད་ལ་གཞི་མཐུན་པའི་ཚིག་ལ་རྫོགས་པ་ལ་སོགས་པ་རྣམས་མ་ཡིན་པ་ལ་སྐྱེས་པ་བཞིན་ནོ། །སྐྱེས་པ་རྣམས་འདྲ་བ་ནི་ སྐྱེས་པ་བཞིན་ནོ། །སྐྱེས་པ་ཁོ་ནར་བཤད་པ་ནི་སྐྱེས་པ་ཅན་བཤད་པའོ། །གང་ལས་ཨཱུང་གི་རྐྱེན་ཡོད་པ་མ་ཡིན་པ་དེ་ནི་ཨཱུང་མེད་པའོ། །དེ་ནི་ལས་འཛིན་པའོ། །སྒྲ་གང་རྣམས་ཀྱི་དང་པོ་རྫོགས་པ་ཡིན་པ་དེ་རྣམས་ནི་རྫོགས་པ་ལ་སོགས་པའོ། །དེ་ནས་ན་ཉའི་བསྡུ་བའོ། །གཞི་ མཐུན་པ་ཅན་ཞེས་འབྲུ་མང་པོ་པའོ། །གང་སྐྱེས་པ་ཅན་བཤད་པ་ཅན་གྱི་སྒྲ་ངོ་བོ་གང་གིས་སྔར་སྐྱེས་པར་བཤད་པ་ད་ལྟ་བུད་མེ་ད་ལ་འཇུག་པ་ཨཱུང་མེད་པ་སྟེ་ཨཱུང་གི་རྐྱེན་དང་བྲལ་བ་དེ་སྐྱེས་པ་བཞིན་དུ་འགྱུར་ཏེ། རྫོགས་པ་ལ་སོགས་པ་བོར་བའི་བུད་མེད་ཀྱི་རྟགས་ཅན་ལ་གཞི་མཐུན་པ་སྟེ། རྫས་གཅིག་ཏུ་བྱེད་པའི་ཚིག་ཕ་རོལ་ལའོ། །གང་བུད་མེད་ཀྱི་རྟགས་རྫོགས་པའི་རྐྱེན་གྱི་མཐའ་ཅན་ཏེ་རྫོགས་པའི་སྒྲས་བརྗོད་དོ། །དཪྵ་ནཱི་ཡ་བྷཱཪྻཱཿ། འདིར་བྷཱཪྻདང་དཪྵ་ནི་ཡའི་སྒྲ་དག་ནི་གཞི་མཐུན་པ་ལ་ཚིག་ཕྱི་མ་ནི་དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །དེ་བཞིན་དུ། སུ་རཱུ་པ་བྷཱཪྻཿཀ་ལྱཱ་ཎ་ བྷཪྻཿ། སྐྱེས་པ་ཅན་བཤད་པ་ཞེས་པ་ཅི་ཞེ་ན། བ་ལཱ་ཀཱ་བྷཱཪྻཿ། ཨཱུང་མ་ཡིན་པ་ཞེས་པ་ཅི་ཞེ་ན། བྲཧྨ་བནྡྷུ་བྷཪྻཿ། ཨུཏ་ལས་ཨཱུངའོ་ཞེས་པས་བྲཧྨ་བནྡྷུའི་སྒྲ་ལས་ཨཱུངའོ། །ང་ཡིག་ནི་བརྗོད་པའི་དོན་ཏོ། །རྫོགས་པ་ལ་སོགས་པ་མ་ཡིན་པ་རྣམས་ལ་ཞེས་པ་ཅི་ཞེ་ན། གང་རྣམས་ དགེ་མ་ལྔ་རྣམས་ཡིན་པ་དེ། ཀ་ལྱཱ་ཎཱི་པཉྩ་མཱཿ། བསྡུ་བའི་མཐར་ཨ་ཡིག་གོ། །ལྔ་རྣམས་ནི་རྫོགས་པ་ནི། པཉྩ་མཱིཿ། ལས་རྫོགས་པ་ལ་ཞེས་པས་མའི་རྐྱེན་ནོ། །ན་ད་སོགས་ལས་ཨཱི་ཡིག་གོ། །སོགས་པ་སྨོས་པ་ལས་པྲི་ཡཱ་ལ་སོགས་པ་ཕ་རོལ་མི་འགྱུར་རོ། །གང་གི་དགེ་ མའི་དགའ་བ་དེ། ཀ་ལྱཱ་ཎཱི་པྲི་ཡཿ། པྲི་ཡཱ་དང་། མ་ནོ་ཛྙ་དང་། ཀ་ལྱཱ་ཎཱི་དང་། སུ་བྷ་གཱ་དང་། དུརྦྷ་གཱ་དང་ས་མཱི་དང་ཙ་པ་ལཱ་དང་སྭཱོ་དང་ས་ཙི་ཝཱ་དང་ཀཱནྟ་དང་བྷིཀྟ་ཞེས་པ་རྣམས་པྲིཡཱ་སོགས་སོ། །བུད་མེད་ལ་ཞེས་པ་ཅི་ཞེ་ན། གང་རྣམས་ཀྱི་དགེ་མའི་ཚད་མ་དེ་རྣམས་ནི། ཀ་ལྱཱ་ཎཱ་པྲ་མཱ་ཎཿ། གཞི་ 195-1-133a མཐུན་པ་ལ་ཞེས་པ་ཅི་ཞེ་ན། དགེ་མའི་བུ་མོ་ནི། ཀ་ལྱཱ་ཎཱདུ་ཧི་ཏཱ། སྐྱེས་པ་བཞིན་ནོ་ཞེས་པ་སྦྱོར་བ་གཅིག་ཏུ་བྱ་བ་བཞིན་ནོ། །དེས་ན་ཇི་ལྟར་བསྟན་པ་བཞིན་གཞན་ལ་ཡང་སྐྱེས་པ་བཞིན་འགྱུར་ཏེ། ཏ་སྱཱ་མྲ། ཏ་ཏྲ། ཏ་སྱཿ། ཏཏཿ། ཏྱད་སོགས་ཉིད་ལས་ཨའི་ རྐྱེན་དུ་གྱུར་པ་ལའང་། སྐྱེས་པ་བཞིན་དུ་འགྱུར་རོ། །མཆོག་ཏུ་བསྟན་པར་གྱུར་པ་ནི། དཪྵ་ནཱི་ཡ་ཏ་རཱ། དེ་བཞིན་དུ། དཪྵ་ནཱི་ཡ་ཏ་མཱ། ཅུང་ཟད་མ་རྫོགས་པར་བསྟན་པ་ལ་ནི། དཪྵ་ནཱི་ཡ་ཀ་ལྤཱ། སྨད་པའི་མཁས་མ་ནི། པ་ཊུ་པཱ་ཤཱ། ཏ་སྱཱཾ་བེ་ལཱ་ཏཱཾ། རབ་མཆོག་ཏུ་མཁས་ མ་དེ། པ་ཊུ་རཱུ་པཱ། ཡོན་ཏན་བརྗོད་པ་ལ་ཏ་དང་ཏྭ་དག་ཕ་རོལ་ལ་སྐྱེས་པ་བཞིན་འགྱུར་ཏེ། མཁས་པའི་དངོས་པོ་ནི། པ་ཊུ་ཏཱ། པ་ཊུ་ཏྭ། ཡོན་ཏན་བརྗོད་པ་ཞེས་པ་ཅི་ཞེ་ན། ཀ་ཐཱི་ཏཾ། ཀ་ཐཱི་ཏྭཾ། མང་པོ་དང་ཉུང་ངུའི་སྒྲའི་དོན་གྱི་ཤས་ཕ་རོལ་ལའོ། །མང་པོ་རྣམས་ལ་སློང་བ་ནི། བ་ཧུ་ ཤོ་དེ་ཧི། ཕྱུག་པོ་རྣམས་ལས་སློང་བ་ནི། པྲ་བྷུ་ཏ་ཤོ་དེ་ཧི། དེ་བཞིན་དུ། ཨལྤ་ཤོ་དེ་ཧི། སྟོ་ཀ་ཤོ་དེ་ཧི། ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པར་བྱ་བ་ལས་སོ། །དེས་ན། དྲོ་ཎི་བྷཱཪྻྱ། ཞེས་པ་ལ་སོགས་པའི་མི་འགྱུར་རོ། །མིང་དང་རྫོགས་པ་དང་ཀ་ ཨུ་པ་དྷཱ་རྣམས་ནི་མ་ཡིན་ནོ། །བུད་མེད་གང་གི་ཀའི་ཨུ་པ་དྷཱ་ཡིན་པ་དེ་ནི་ཀ་ཨུ་པ་དྷཱའོ། །དེ་ནས་ཟླས་དབྱེ་བའོ། །བུད་མེད་ཀྱི་མིང་དང་རྫོགས་པ་དང་ཀ་ཨུ་པ་དྷཱ་རྣམས་ནི་སྐྱེས་པའི་དངོས་པོ་བཞིན་དུ་མི་འགྱུར་རོ། །སྔ་མས་ཐོབ་པ་ལའོ། །གང་གི་ཆུང་མའི་མིང་དཏྟ་ཡིན་པ་དེ། དཏྟ་བྷཱཪྻཿ། དེ་བཞིན་དུ། པཉྩ་མཱི་བྷཱཪྻཿ། པཱ་ཙིཀཱ་བྷཱཪྻཿ། ན་ག་རི་ཀཱ་བྷཱཪྻཿ། ན་ག་རེ་བྷ་བཱ་ནཱ་གཱ་རི་ཀཱ། བཤད་བྱ་ལས་དེ་ཕན་གྱི་ཨི་ཀ་ཎའི་རྐྱེན་དང་། ཝུན་གྱི་རྐྱེན་བསྒྱུར་བའི་ཀ་གང་ཡིན་པ་དེའི་ཡང་འདིར་གཟུང་ངོ་། །དེས་ན་འདིར་དགག་པར་མི་འགྱུར་ཏེ། གང་གི་ཆུང་མ་འཚེ་བྱེད་མ་དེ། པཱ་ཀ་བྷཱཪྻཿ། གང་གི་ཆུང་མ་བྷེ་ཀཱི་དེ། བྷེ་ཀ་བྷཱཪྻཿ། པཱ་ཀ་དང་བྷེ་ཀའི་སྒྲ་དག་ལ་ཨུཎ་སོགས་ལས་ཀ་དག་གོ། །པཱ་ཀའི་སྒྲ་ནི་དང་པོའི་གཉིས་ཚིག་ལའོ། །བྷེ་ཀའི་སྒྲའི་དོན་ནི་བྷེ་ཏིའི་སྟེ་ཀའི་རྐྱེན་ནོ། །གཅིག་ལས་ཨ་ཛ་སོགས་ཉིད་ལས་ཨཱ་པའོ། །གཞན་ལས་ཀྱང་ཨཏ་མཐའ་ཉིད་ལས་སོ། ། 195-1-133b རིགས་ཀྱི་སྐྱེས་པའི་དངོས་པོ་ཉིད་དུ་མི་འདོད་དེ། བྲཧྨ་ཎཱི་བྷཱཪྻཿ། ལས་འཛིན་བྱེད་པའི་མིང་ལ་ནི། །སྐྱེས་པ་དང་འདྲའི་དངོས་གྲུབ་བྱ། །ཚིག་སྡུད་གང་གི་མིང་ལས་འཛིན་བྱེད་པ་ཞེས་པ་དེ་ནི་ལས་འཛིན་བྱེད་པའི་མིང་ངོ་། །སྐྱེས་པ་དང་འདྲ་བ་ནི་སྐྱེས་པ་བཞིན་ནོ། །འདི་སྐྱེས་པ་དང་འདྲ་བའི་དངོས་པོའོ། ། མིང་དང་རྫོགས་པ་དང་ཀ་ཨུ་པ་དྷཱ་ཞེས་པ་འཇུག་གོ། །མིང་དང་རྫོགས་པ་དང་ཀ་ཨུ་པ་དྷཱ་རྣམས་ཀྱི་ནི་ལས་འཛིན་པའི་ཚིག་སྡུད་དུ་གྱུར་པ་ལ་སྐྱེས་པ་དང་འདྲ་བའི་དངོས་པོར་འགྱུར་རོ། །སྔ་མས་དགག་པ་ཐོབ་པ་ལའོ། །དེ་ནི་འབྲུ་མང་པོ་པའི་ཡུལ་ལའོ། །དཏྟ་ཡང་མིང་ལ་བྲྀནྡྷཱ་རི་ཀ་ཡང་ ཡིན་པ་ནི། དཏྟ་བྲྀནྡྷཱ་རི་ཀཱ། དེ་བཞིན་དུ། པཉྩ་མ་བྲྀནྡྷཱ་རི་ཀཱ། པཱ་ཙིཀ་བྲྀནྡྷཱ་རི་ཀ །གཞི་མཐུན་ཚིག་ལ་མ་ཧ་ཏའི་ཨཱའི་ཡི་གེར་བྱ་བའོ། །གཞི་མཐུན་པའི་ཚིག་ཕ་རོལ་ལ་མ་ཧ་ཏ་ཅེས་པ་འདིའི་ཨཱ་ཉིད་དུ་འགྱུར་རོ། །ཆེན་པོ་ཡང་འདི་ཡིན་ལ་ལྷ་ཡང་ཡིན་པ་ནི། མ་ཧཱ་དེ་བཿ། གང་གི་ ལུས་ཆེན་པོ་ཡིན་པ་དེ། མ་ཧཱ་ཀཱ་ཡཿ། ཨ་ནུ་ཥཾ་ག་ཕྱིས་པར་བྱས་པ་ལ་ཨཱ་ཉིད་དོ། །གཞི་མཐུན་པ་ལ་ཞེས་པ་ཅི་ཞེ་ན། བུ་ཆེན་པོ་ལས། མ་ཧ་ཏ་པུ་ཏྲཿ། བྱ་བ་སྨོས་པ་ལས་གཞན་གྱི་ཡང་ཇི་ལྟར་བསྟན་པ་བཞིན་ཨཱ་ཉིད་དོ། །དབྱུག་པ་དང་དབྱུག་པས་འཁྱུག་པ་གང་ཡིན་པ་དེ་དཎྜཱ་དཎྜི། གཅིག་དང་བཅུ་ནི་ཨེ་ཀཱ་ད་ཤ །དེ་བཞིན་དུ། དྭཱ་ད་ཤ །ཨཥྚ་དཤ །དྭཱ་བིཾ་ཤཏི། དྭཱི་ཏྲིཾ་ཤཏ། མཱ་ཏཱ་བི་ཏ་རཽ། ཞེས་པའོ། །དེའི་སྐྱེས་བུ་ལ་ནའི་དབྱིའོ། །ཚིག་སྨོས་པ་འདིར་རྗེས་སུ་འཇུག་སྟེ། དོན་གྱི་དབང་ལས་དྲུག་པའི་མཐའ་ཤེས་པར་བྱའོ། །དེའི་སྐྱེས་བུར་གྱུར་པ་ལ་ནའི་ ཚིག་གི་དབྱི་བར་འགྱུར་རོ། །ན་ཡིག་གི་དང་པོའི་ཡི་གེ་དབྱི་བར་བྱ་བ་ཉིད་དོ། །ད་རི་ཏྲཱ་ཏིའི་བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །བྲམ་ཟེ་མ་ཡིན་པ་ནི། ཨ་བྲཱཧྨ་ཎཿ། དམངས་རིགས་མ་ཡིན་པ་ནི། ཨ་བྲྀ་ཥ་ལཿ། ཚིག་གི་ཞེས་པ་ཅི་ཞེ་ན། ཝཱ་མ་ན་སྱ་སུ་ཏྲཿ། ཝ་མ་ན་སུ་ཏྲཿ། ན་ཡིག་གི་ཚིག་མ་ཡིན་པའི་མི་འགྱུར་རོ། །དེའི་སྐྱེས་བུ་སྨོས་པ་ནི་ཚིག་སྡུད་ཉེ་བར་མཚོན་པ་སྟེ་དེས་ན་འདིར་ཡང་དབྱིའོ། །ཨ་བྷ་བོ་མ་ཤ་ཀ་ནཾ། ཨ་མ་ཤ་ཀཾ། གང་གི་སྡིག་པ་ཡོད་པ་མ་ཡིན་པ་དེ། ཨ་པཱ་པཿ། དབྱངས་ལས་ཡི་གེ་བཟློག་པར་བྱའོ། །ཡི་གེ་དང་ཡི་ 195-1-134a གེའང་ཡི་གེ་ལ་ཡི་གེ་དག་བཟློག་པ་ནི་ཡི་གེ་བཟློག་པའོ། །གང་ནའི་ཚིག་དབྱངས་ཕ་རོལ་ལ་ཡི་གེ་སྟེ་ན་ཡིག་དང་ཨ་ཡིག་གཉིས་པོ་དེ་དག་བཟློག་པར་བྱ་བར་འགྱུར་རོ། །ན་ཨ་ཤྭཿ། ཨ་ན་ཤྭཿ། གང་གི་རྟ་ཡང་འདི་ཡིན་ལ་དེ་ཡོད་པའང་མ་ཡིན་པ་ནི་རྟ་མེད་པའོ། །དབྱངས་ལ་ ཨ་ནའོ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའོ། །ཀུའི་ཀཏ྄འོ། །ཀུའི་སྒྲ་དེའི་སྐྱེས་བུར་གྱུར་པའི་དབྱངས་ཕ་རོལ་ལ་ཀཏ྄་དུ་བསྒྱུར་བར་འགྱུར་རོ། །སྨད་པ་ཡང་འདི་ཡིན་ལ་རྟ་ཡང་ཡིན་པ་ནི། ཀ་ཤྭཿ། ཀ་དནྣཾ་དེའི་སྐྱེས་བུ་ཞེས་པ་ཅི་ཞེ་ན། ཡུལ་གང་ན་རྔ་མོ་ངན་པ་ཅན་དེ། ཀུཥྚཿ། དབྱངས་ ལ་ཞེས་པ་ཅི་ཞེ་ན། གྲོང་ངན་པ་ནི། ཀུ་གྲཱ་མཿ། ཏྲི་དང་ར་ཐ་དང་ཝ་ད་ཞེས་པ་འདི་རྣམས་ཕ་རོལ་ལ་ཀུའི་ཀཏ྄་ཏུ་བསྒྱུར་བར་བཤད་པར་བྱ་སྟེ། སྨད་པ་གསུམ་རྣམས་ནི། ཀཏྟཱ་ཡཿ། དེ་བཞིན་དུ་ཀ་ཏྲ་ཐཿ། ངན་པ་སྨྲ་བར་བྱེད་དོ་ཞེས་པས། ཀ་དྭ་དཿ། པ་ཙ་སོགས་རྣམས་ལས་ཨ་ཙའང་ངོ་ཞེས་ པས་ཝ་དི་ལ་ཨ་ཙའོ། །ཆུང་བའི་དོན་དང་ཨཀྵ་ལ་ནི་ཀཱའོ། །ཀུ་དང་དེའི་སྐྱེས་བུ་ཞེས་པ་འཇུག་སྟེ་དབྱངས་ལ་ཞེས་པ་ལྡོག་གོ། །ཀུའི་སྒྲ་དེའི་སྐྱེས་བུར་གྱུར་པ་ཅུང་ཟད་ཀྱི་དོན་དང་ཉུང་བ་ལ་འཇུག་བཞིན་པ་དང་ཨཀྵིའི་སྒྲ་ཕ་རོལ་ལའང་ཀཱ་རུ་བསྒྱུར་བར་འགྱུར་རོ། །ཆུང་བའི་དོན་དང་ཨཀྵའི་དོན་ མ་ཡིན་པ་གཟུང་བ་ལའོ། །ཅུང་ཟད་དང་ར་བ་ནི། ཀཱ་མ་དྷུ་རམ྄། དེ་བཞིན་དུ། ཀཱ་ལ་ཝ་ཎཾ། ཨམྶ་ཆུང་བ་ནི། ཀཱམླ། མིག་ངན་པ་ནི། ཀ་ཀྵཿ། པུ་རུ་ཥ་ལ་ནི་རྣམ་པར་བཤད་པར་བྱའོ། །ཀུའི་སྒྲ་དེའི་སྐྱེས་བུར་གྱུར་པ་པུ་རུ་ཥའི་སྒྲ་ཕ་རོལ་ལ་རྣམ་པར་བཤད་པར་བྱ་སྟེ། རྣམ་པར་ བརྟག་པས་ཀ་རུ་བསྒྱུར་བར་འགྱུར་རོ། །ངན་པ་ཡང་འདི་ཡིན་ལ་སྐྱེས་བུ་ཡང་ཡིན་པ་ན་པ་ནི། ཀཱ་པུ་རུ་ཥཿ། ཀུ་པུ་རུ་ཥཿ། ཨུཥྞའི་སྒྲ་ཕ་རོལ་ལ་ཀུ་ནི་ཀཏ྄་དང་ཀ་ཝ་དང་ཀ་ཞེས་པ་འདི་རྣམས་སུ་བསྒྱུར་བར་བཤད་པར་བྱ་བའོ། །ཅུང་ཟད་དྲོ་བ་ནི། ཀ་དུཥྞཾ། ཀ་ཝོཥྞཾ། ཀོཥྞཾ། ཨཱི་དང་ཨཱ་ ཡིག་བུད་མེད་དུ་བྱས་པ་དག་ལ་ལར་ཐུང་ངུའོ། །ཨཱི་དང་ཨཱ་ཡིག་ནི་ཨཱི་ཨཱ་ཡིག་གོ། །བུད་མེད་ལ་བྱས་པ་དག་ནི་བུད་མེད་དུ་བྱས་པ་དག་གོ། །ཚིག་ལ་ཞེས་པ་ཁོ་ནའོ། །ཨཱི་དང་ཨཱ་ཡིག་གང་ཡིན་པ་འདི་དག་བུད་མེད་དུ་བྱས་པ་ནི་ལ་ལར་ཐུང་ངུར་འགྱུར་ཏེ། ཐམས་ཅད་པ་མ་ཡིན་ 195-1-134b པའི་ཚིག་ཕ་རོལ་ལའོ། །གང་གི་བཤེས་གཉེན་རེ་ཝ་ཏཱི་ཡིན་པ་དེ་ནི། རེ་ཝ་ཏི་མི་ཏྲཿ། རོ་ཧཾ་ཎི་དཏྟཿ། རོ་ཧི་ཎི་དཏྟཿ། ཨཥྚ་ཀཱ་བྷི་ཤྩིཏྟཾ། ཨིཥྚ་ཀ་ཅིཏྟཾ། ཨི་ཥ་ཀཱ་ཡཱཿ། ཏུ་ལཾ། ཨི་ཥ་ཀ་ཏུ་ལཾ། འདིར་མི་འགྱུར་ཏེ། གཱརྒཱ་སུ་ཏྲཿ། མཱ་ལཱ་ཧསྟཿ། ཐུང་ངུའི་རིང་པོ་ཉིད་དོ། །ལ་ལར་ ཐུང་ངུའི་རིང་པོར་འགྱུར་རོ། །གང་གི་རྣ་བ་དག་ཉིས་འགྱུར་ཡིན་པ་དེ་ནི་དྭི་གུ་ཎཱ་ཀརྞཿ།དྭྱངྒུ་ལཱི་ཀརྞ། འདིར་ནི་མི་འགྱུར་ཏེ། ཤོ་བྷ་ན་ཀརྞཿ། ཙྪི་ཏྲ་ཀཿ། མི་ཟད་པ་མ་ཡིན་པའི་རྣམ་པར་གཅད་པ་ནི་ཀ་པའི་སྡེ་པ་དག་ལ་ས་ཡིག་གོ། །མི་ཟད་པ་མ་ཡིན་པ་ནི་མི་ཟད་པ་མ་ཡིན་པའོ། ། དེ་ནས་དྲུག་པའི་དེའི་སྐྱེས་བུའོ། །ཀ་དང་པ་ནི་ཀ་པ་དག་གོ། །ཀ་དང་པ་དག་གི་སྡེ་པ་དག་ནི་ཀ་པའི་སྡེ་པ་དག་གོ། །མི་ཟད་པ་མ་ཡིན་པའི་རྣམ་པར་གཅད་བྱ་ནི། ཀ་སྡེ་དང་པ་སྡེ་ཕ་རོལ་ལ་ས་ཡིག་ཏུ་འགྱུར་རོ། །ཨ་ཡིག་ལས་ཕ་རོལ་གྱི་རྣམ་པར་གཅད་བྱ་ཚིག་སྔ་མའི་གནས་ལ་ས་ཉིད་དུ་ བཤད་པར་བྱ་སྟེ། ཀྲྀ་དང་ཀ་མི་དང་ཀཾ་ས་དང་ཀུཾ་བྷ་དང་སཱ་ཏྲ་དང་ཀུ་པཱ་དང་ཀརྞ་རྣམས་ཕ་རོལ་ལའོ། །ཨ་ཡསྐཱ་རཿ། ཨ་ཡསྐཱམ྄། ཨ་ཡསྐཾ་སཿ། ཨ་ཡསྐུམྦྷཿ། ཨ་ཡསྤཱ་ཏྲཾ། ཨ་ཡསྐུ་བཱ། ཨ་ཡསྐརྞཿ། ཚིག་ཕྱི་མའི་གནས་ལ་ནི་མི་འགྱུར་ཏེ། པ་ར་མ་ས་ཡཿཔ་ཏྲཾ། ཨ་ཡིག་ ལས་ཀྱང་ཕ་རོལ་གྱི་ལ་ལར་ས་ཉིད་དུ་བཤད་པར་བྱ་སྟེ། བྷ་སྐ་རཿ། ཨིཿདང་ཨུཿཞེས་པ་འདི་དག་གི་རྣམ་པར་གཅད་པའང་ངོ་། །སརྦི་སྐོ་ར་ཏི། སརྦི་ཡི་བ་ཏི། དྷ་ནུ་སྐོ་ར་ཏི། དྷ་ནུ་ཡི་བ་ཏི། ཤི་རསྲའི་པད་ལའང་ངོ་། །ཤི་ར་ཡད། དེ་བཞིན་དུ་གནས་གཞན་ལའང་མཚན་ཉིད་ཀྱི་རྗེས་ སུ་འབྲངས་ནས་ས་ཉིད་དུ་རྟོགས་པར་བྱའོ། །མི་ཟད་པ་མ་ཡིན་པའི་རྣམ་པར་གཅད་པ་ཞེས་པ་ཅི་ཞེ་ན། པུ་ནཿ། ཀ་རོ་ཏི་པུ་ནཿ། བི་བ་ཏི། ནིའི་སྒྲ་ལས་འདིར་ལ་ལར་མི་ཟད་པའི་རྣམ་པར་གཅད་པའང་སྟེ། ན་མ་སྐོ་ར་ཏི། པུ་ན་སྐེ་ར་ཏི། ནིསྐྲྀ་ཏམ྄། དུསྐྲྀཏམྲ། དུཥྤ་ཏིཿ། དུཥྵཱཏྲཿ། མི་ཟད་པ་མ་ཡིན་པའི་རྣམ་པར་གཅད་པ་ཡང་ལ་ལར་མི་འགྱུར་ཏེ། པ་ཡཿཔི་ཝ་ཏི། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་ལྔ་པ་རྫོགས་སོ།། །།བུ་རྒྱུད་ལ་ཨཎ་ཡང་ནའོ། །རྟགས་ལས་བུ་རྒྱུད་མངོན་པར་བརྗོད་པ་ལ་ཨཎའི་ 195-1-135a རྐྱེན་ཡང་ན་འགྱུར་རོ། །དྲང་སྲོང་དང་། ཨནྡྷ་ཀ་དང་། བྲྀཥྞི་དང་། ཀུ་རུ་རྣམས་བརྗོད་པ་ལས་རྐྱེན་འདི་བཤད་པར་བྱའོ། །གནས་མཆོག་གི་བུ་རྒྱུད་ནི། བཱ་ཤིཥྛཿ། བཻ་ཤྭཱ་མི་ཏྲཿ། ཤྭཱ་པལྐཿ། ཨངྒི་ར་སཿ། བ་སུ་དེ་བཿ། ནཱ་ཀུ་ལཿ། བིད་སོགས་རྣམས་ལས་ ཀྱང་ངོ་། །བཻ་དཿ། ཨཽརྦཿ། བྷྲ་ར་དྷཱ་ཛ། དེ་བཞིན་དུ། ཡཱ་མུ་ནཿ། ཙེནྟི་ཏཿ། དེ་བཞིན་དུ་གཞན་གྱི་ཡང་ཉེ་བར་མཚོན་བྱེད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །གྲངས་དང་སཾ་དང་བྷ་དྲ་ཞེས་པ་འདི་རྣམས་དང་པོ་ལས་མཱ་ཏྲྀ་ཕ་རོལ་གྱི་མཐའ་ཨུར་དུ་བསྒྱུར་བར་བཤད་པར་བྱ་སྟེ། ཨ་ཏྲྀའི་བུ་རྒྱུད་གཉིས་དག་གི། དྭཻ་མཱ་ཏུ་རཿ། བྷཱ་ཏྲ་མཱ་ཏུ་རཿ། ཀནྱའི་སྒྲ་ནི་ཨ་ནི་ཕ་རོལ་ལ་ཀ་ནཱི་ན་རུ་བསྒྱུར་བར་འདོད་དེ། ཀནྱའི་བུ་རྒྱུད་ནི། ཀཱ་ནཱི་ན། གརྒ་སོགས་ལས་ཎྱའོ། །ཡང་ན་སྨོས་པ་རྗེས་སུ་འཇུག་སྟེ། བསྡུ་བའི་མཐར་གྱུར་པ་ཞེས་པ་འདི་ལས་གོང་དུའོ། །ཨརྒ་ལ་སོགས་ པའི་ཚོགས་ལ་བུ་རྒྱུད་ཀྱི་དོན་ལ་ཎའི་རྐྱེན་ཡང་ན་འགྱུར་རོ། །གཱརྒྱཿ། ཝཱ་ཏ་སྱཿ། ཕྱོགས་གཅིག་ལ་གརྒའི་བུ་རྒྱུད་དོ་ཞེས་པ་ལ་སོགས་པའི་ངག་ལ་འགྱུར་རོ། །གང་བུའི་བུ་རྒྱུད་ལ་སོགས་པའི་བུ་རྒྱུད་ལ་རྐྱེན་འདི་བཤད་པར་བྱའོ། །བར་མ་ཆད་ཀྱི་བུ་རྒྱུད་ལ་ནི་མིན་ནོ། །ཛ་མ་དགྣི་དང་། པ་ར་ས་རའི་སྒྲ་དག་ལས་ནི་བར་མ་ཆད་ཀྱི་བུ་རྒྱུད་ཁོ་ནའོ། །རཱ་མོ་ཛཱ་མ་དགྣྱཿ། བྱ་སཱཿ། པཱརཱ་སཪྻཿ། བུ་རྒྱུད་ཀྱི་རྒྱུན་ལ་རབ་ཏུ་འཇུག་གོ། །གང་གརྒ་ལ་སོགས་པ་རྣམས་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་དེ་རྣམས་ལས་རྐྱེན་འདི་འདོད་དོ། །དེས་ན་འདིར་མི་འགྱུར་ཏེ། ཁ་ཅིག་མིང་གརྒ་ཡིན་ པའི་བུ་རྒྱུད་ལ།གཱརྒེཿ། ཁྱད་པར་འདི་བཱ་ཧུ་སོགས་ཇི་སྙེད་པ་ལ་རྟོགས་པར་བྱའོ། །དི་ཏི་དང་ཨ་དི་ཏིའི་སྒྲ་དག་ལས་དང་། པ་ཏིའི་སྒྲའི་མཐའ་ལ་བུ་རྒྱུད་ཀྱི་དོན་ལ་ཎྱའི་རྐྱེན་འདོད་དེ། དི་ཏིའི་བུ་རྒྱུད་ནི། དེེ་ཏྱཿ། ཨཱ་དི་ཏྱཿ། བྲཱ་ཛ་པཏྱཿ། ཝཱརྟ་པཏྱཿ། འོ་ན་གང་གརྒའི་བུ་རྒྱུད་ནི། གཱརྒྱཿ། གཱརྒྻཱ་བུ་རྒྱུད་ནི། གཱརྒྻཱ་ཡ་ཎ་ཞེས་པ་ཇི་ལྟ་བར་འགྱུར་བ་དེ་ལྟར་གཱརྒྻཱ་ཡ་ཎའི་བུ་རྒྱུད་ནི། གཱརྒྻཱ་ཡ་ཎཱ་ཡི་ནིཿ། དེའི་བུ་རྒྱུད་ནི། གཱརྒྻཱ་ཡཱ་ནཱ་ཡ་ནཿ། སླར་ཡང་དེའི་བུ་རྒྱུད་ཅེས་པ་ལ་སོགས་པའི་ངག་རྒྱུད་མ་ཡོད་པའི་རྐྱེན་གྱི་ཕྲེང་བ་འཇུག་པའི། གརྒྱཡ་ཎཱ་ཡ་ནི། ཞེས་པ་ལ་ 195-1-135b སོགས་པའི་འང་ཐོབ་པ་དེ་ལ་ཅི་ལྟར་རྣམ་པར་གཞག་པ་འདི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གང་བུའི་བུ་ལ་སོགས་པའི་བུ་རྒྱུད་དེ་ལ། ཅིག་ཉིད་ཀྱི་རྐྱེན་དུ་འགྱུར་བ་སོགས་ཀྱི་བདག་ཉིད་ལས་སོ། །ཎྱའི་རྐྱེན་གྱི་མཐའ་ལས་ཨཱ་ཡ་ནཎ་འགྱུར་བ་ཉིད་དེས་གཱརྒྻ་ཡ་ནའི་བུ་རྒྱུད་ཅེས་པ་སོགས་ཚིག་རྣམ་ པར་སྦྱར་བར་བྱས་པ་ལ་གརྒའི་སྒྲ་ལས་གང་བྱས་པའི་རྐྱེན་དེ་ཉིད་འགྱུར་རོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ངོ་། །འོ་ན་གང་གརྒྻཱ་ཡ་ཎའི་བུ་རྒྱུད་ཅེས་ཅི་ལྟར་གརྒའི་བུ་རྒྱུད་དུ་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཇི་ལྟར་སྐྱོད་པ་པོའི་བུ་རྒྱུད་དེས་སྦྱར་བར་བྱ་བ་དེ་ལྟར་བུ་རྒྱུད་ཀྱི་རྒྱུན་གྱི་འཇུག་པ་པོ་ཡང་ངོ་། ། གང་གིས་དམྱལ་བར་ལྟུང་བ་མིན་པའི་བུ་རྒྱུད་ཀྱི་དེ་ཕན་བརྗོད་པར་བྱའོ། །ཀུཉྫ་སོགས་ལས་ཨཱ་ཡ་ནཎ་བཤད་དོ། །བུ་རྒྱུད་ཀྱི་དོན་ལ་ཀུཉྫ་སོགས་ཀྱི་ཚོགས་ལས་ཨཱ་ཡ་ནཎ་ཡང་ན་འགྱུར་རོ། །བཤད་པ་སྨོས་པ་ནི་ཨཱ་ཡ་ནཎེའི་མཐའ་ལ་ཎྱའི་རྐྱེན་འཇུག་པའི་དོན་ཏེ། དེའང་རང་གི་དོན་ལ་ བཤད་དོ། །འདི་བུད་མེད་ཀྱི་ཡུལ་དང་མང་པོ་ཉིད་ལ་མི་འདོད་དོ། །ན་ཌ་ལ་སོགས་པ་རྣམས་ཀྱི་མཐའ་ལས་ཀྱང་ཨཱ་ཡ་ནཎའོ། །ཀཽཉྫཱ་ཡ་ནྱཿ། ཀཽཉྫཱ་ཡ་ནཱཽ། བྲཱདྷྣཱ་ཡ་ནྱཿ། བྲཱདྷྣཱ་ཡ་ནྱཽ། ཀཽཉྫཱ་ཡ་ནཱི། ཀཽཉྫཱ་ཡ་ནཱཿ། ནཱ་ཌཱ་ཡ་ནཱཿ། ཙཱ་ར་ཡ་ཎཿ། བུའི་བུ་ལ་སོགས་པའི་བུ་རྒྱུད་ལ་ རྐྱེན་འདི་འདོད་དོ། །བར་མ་ཆད་ཀྱི་བུ་རྒྱུད་ལ་ནི་མ་ཡིན་ནོ། །དེས་ན་དེ་ལ། ཀཽཉྫཿ། ཞེས་པ་ལ་སོགས་པར་འགྱུར་རོ། །ཎའི་རྐྱེན་མཐའ་ཀུཉྫའི་དབུས་མ་བཀླག་པར་བྱའོ། །དེ་ནས་གཱརྒྱའི་བུ་རྒྱུད་ལ་གཱརྒྱ་ཡ་ནཿ། ཀུཉྫ་དང་བྲ་དྷྣ་དང་ག་ཎ་དང་ན་ཌ་དང་ཙ་ར་དང་ལི་གུ་དང་ལོ་ཧི་ཏ་ཞེས་པ་ལ་ སོགས་པ་རྣམས་ནི་ཀུཉྫ་ལ་སོགས་པ་རྣམས་སོ། །བུད་མེད་དང་ཨ་ཏྲི་སོགས་ལ་ཨེ་ཡཎའོ། །བུད་མེད་དང་ཨ་ཏྲི་སོགས་ཀྱི་ཞེས་འབྲུ་མང་པོ་པ་ཁོང་ན་ཡོད་པའི་ཀུན་སྡུད་པའི་ཟླས་དབྱེའོ། །བུད་མེད་ཀྱི་རྐྱེན་གྱི་མཐའ་རྣམས་དང་ཨ་ཏྲི་སོགས་རྣམས་ལ་བུ་རྒྱུད་ཀྱི་དོན་ལ་ཡང་ན་ཨེ་ཡཎ་ཏུ་ འགྱུར་རོ། །སུ་པྲརྞྱའི་བུ་རྒྱུད་ལ། སོོ་བརྞེ་ཡཿ། བཻ་ན་ཏེ་ཡཿ། ནདྱའི་བུ་རྒྱུད་ནི། ནཱ་དེ་ཡཿ། མཱ་ཧིའི་བུ་རྒྱུད་ལ། མཱ་ཧེ་ཡཿ། ཨ་ཏྲིའི་བུ་རྒྱུད་ལ། ཨཱ་ཏྲེ་ཡཿ། ནཻ་དྷེ་ཡཿ། སཽ་བྷེ་ཡཿ། བུད་མེད་སྨོས་པས་བུད་མེད་ཀྱི་རྐྱེན་གྱི་མཐའི་སྒྲ་གཟུང་བར་བྱའོ། །དེས་ན་བུད་མེད་ 195-1-136a བརྗོད་པ་ཁ་ཅིག་ལ་མ་ཡིན་ནོ། །དེས་ན། ཨཱ་བྷིཿ། ལ་སོགས་པ་རྣམས་ལ་རྐྱེན་མེད་དོ། །བུད་མེད་ཀྱི་རྐྱེན་གཟུང་བར་བྱས་པའི་ཉེ་བ་གང་ལས་བུད་མེད་ལ་ཞེས་པ་འདིར་བྱེད་པ་ལ་བྱས་པའི་བུད་མེད་ལ་ཀྟིའོ་ཞེས་པ་འདིར་ནི་མིན་ནོ། །ཨ་ཏྲི་དང་ནི་དྷི་དང་སུ་བྷ་དང་བིཥྚ་ དང་པུ་ར་དང་ཀྲྀ་ཀི་ལཱ་ས་ཏི་དང་ཏི་རི་ཞེས་པ་ལ་སོགས་པ་རྣམས་ནི་ཨ་ཏྲི་ལ་སོགས་པ་རྣམས་སོ། །ཀ་ལྱཱ་ཎཱི་དང་སུ་བྷ་གཱ་དང་དུཪྦ་གཱའི་སྒྲ་རྣམས་ཀྱི་ཨེ་ཡ་ཎ་ཕ་རོལ་ལ་མཐའ་ཨིན་དུ་བསྒྱུར་བར་འདོད་དེ། ཀཱ་ལྱཱ་ཎི་ནེ་ཡཿ། སཽ་བྷ་གི་ནེ་ཡཿ། དཽརྦྷ་གི་ནེ་ཡཿ། ཨཏ་ལས་ཨི་ཎའོ། །ཨཏ་ལས་ཏེ་ ཨ་ཡིག་གི་མཐའ་ལས་བུ་རྒྱུད་ཀྱི་དོན་ལ་ཨིཎ་ཡང་ན་འགྱུར་རོ། །དཱཀྵིཿ། དཻ་བ་དཏྟིཿ།ཨིའི་རྐྱེན་གྱི་མཐའ་ལས་ཨ་ཡ་ནཎ་བཤད་པར་བྱ་སྟེ། དཱཀྵཱ་ཡ་ཎཿ། རིགས་དང་གྲངས་དང་ཐམས་ཅད་པའི་མིང་ཅན་རྣམས་ལ་ཨིན་མི་འདོད་དེ། ཀཱ་ཀ་སྱ་པ་ཏྱཾ། ཨེ་ཀ་སྱཱ་པ་ཏྱཾ། སརྦ་སྱཱ་པ་ཏྱཾ། ཨ་ཎའང་མི་འགྱུར་ ཏེ་མངོན་པར་བརྗོད་པ་མེད་པ་ལས་སོ། །ཀུ་ཏཤྩ་ར་ཏི། མཱ་ཡཱུ་རིཿ། ཀེ་ནེ་ཀཱ་པིཉྩ་ལིཿ། ཀྲྀཥ་ཞེས་པ་ལ་སོགས་པ་ནི་བག་མེད་པ་ལས་སྐྱེས་པའི་སྦྱོར་བའོ། །བཱ་ཧུ་སོགས་ལས་ཀྱང་བསྒྲུབ་པར་བྱའོ། །ཨིཎ་ཞེས་པ་ཁོ་ནའོ། །བཱ་ཧུ་ལ་སོགས་པའི་ཚོགས་ལས་བུ་རྒྱུད་ཀྱི་དོན་ལས་ཨིཎ་དུ་འགྱུར་རོ། །བཱ་ཧའི་བུ་རྒྱུད་ནི། བཱ་ཧ་ཝིཿ། ཨཽ་ པ་བིནྡ་ཝིཿ། ཨཽ་པ་བཱ་ཧ་ཝིཿ། སུ་དྷཱ་ཏྲིའི་སྒྲ་ལས་ཨིཎ་བཤད་པར་བྱ་ཞིང་མཐའ་ཡང་ཨཀ་ཏུ་བསྒྱུར་ཏེ། སུདྷཱ་ཏྲྀའི་བུ་རྒྱུད། སཽ་དྷཱ་ཏ་ཀིཿ། བཱ་ཧུ་དང་། ཨུ་པ་བིནྡུ་དང་། ཨུ་པ་བཱ་ཧུ་དང་། ཝ་ལཱ་ཀཱ་དང་། སུ་མི་ཏྲ་དང་། ས་ར་ལོ་མ་ཎ་དང་། པཉྩ་ན་དང་། སཔྟན་དང་། པུསྐ་ར་དང་། པ་ད་དང་། ཛཾ་ག་དེ་ཝ་ཤརྨཾ་ཞེས་པ་ལ་སོགས་པ་ནི་བཱ་ཧུ་ལ་སོགས་པ་རྣམས་སོ། །ཚོས་དང་སྐར་མ་ལྡན་ལས་ཀྱང་། །ཚོགས་པ་ལས་ཏེ་འདི་ཡི་ལྷ། །དེ་རིག་དེར་བརྗོད་དེ་ཡི་འདི། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད། །ཏད་ནི་གཉིས་པའི་གཅིག་ཚིག་གི་མཐའ་ཅན་ནོ། །ཨ་དྷི་ཨི་ཏེ་ཞེས་ པ་ཚིག་གཉིས་ལའོ། །གང་གིས་བཙོས་པར་བྱེད་པ་དེ་ཚོས་ཏེ། གསལ་བྱེད་ཀྱི་མཐའ་ལས་ཀྱང་ངོ་ཞེས་པས་གྷཉའོ། །སྐར་ཆས་སྦྱོར་བ་ནི་སྐར་མ་སྦྱོར་བའོ། །དོན་གང་གི་ཚོགས་འདི་ལྟ་སོགས་ཡིན་པ་དེ་འདི་ལྟ་སོགས་ཏེ། ཚོགས་པ་ལས་འདི་ལྟ་སོགས་ཞེས་པའང་ངོ་། །ལྔ་པ་བདུན་ 195-1-136b པའི་གནས་ལའོ་ཞེས་གསུང་ངོ་། །ཚོས་ལས་ཨ་ཎའི་རྐྱེན་དུ་འགྱུར་རོ། །འདིར་དེས་བཙོས་སོ་ཞེས་པའི་དོན་ཏོ། །འདིའང་དོན་གྱི་ཐ་སྙད་དུ་བྱའོ། །སྐར་མ་སྦྱོར་བ་ལས་ཨ་ཎར་འགྱུར་ཞིང་འདིར་སྐར་མས་སྦྱོར་བའི་དུས་ལའོ་ཞེས་པའི་དོན་ཏོ། །སྐར་མ་སྦྱོར་བ་ལས་ཞེས་པ་གལ་ཏེ་ཡང་ལྟས་ ཡིན་པ་དེ་ལྟ་ནའང་སྐར་མ་ལས་རྐྱེན་འདིའོ། །གཞན་ལས་བྱས་པའི་རྐྱེན་སྐར་མས་སྦྱོར་བའི་དུས་ལ་མི་འགྱུར་རོ། །ཏཏ་ལས་ཚོགས་པའི་དོན་དང་འདིར་དེ་འདིའི་ལྷ་ཞེས་པའི་དོན་དང་རེ་ཞིག་དེ་བརྗོད་ཅེས་པའི་དོན་དག་དང་འདིར་དེའི་འདི་ཞེས་པའི་དོན་དང་འདི་ལྟ་སོགས་གཞན་གྱིའང་དོན་ལ་ཨ་ཎར་ འགྱུར་རོ། །རེ་ཞིག་ཚོས་ལས། གུར་ཀུམ་གྱིས་བཙོས་པ་ནི། ཀཽངྐུ་མཾ་ཧཱ་རི་ཏཱ་ལཾ། འོ་ན་ཧ་རི་དྲོ་ཀུཾ་ཀུ་ཊ་སྱ་པཱ་དཽ་ཞེས་པ་ཅི་ལྟར་ཡིན་ཏེ། འདིར་ཧ་རི་དྲས་བཙོས་པ་ཉིད་བརྟག་པར་བྱ་བ་མ་ཡིན་ནོ་ཞེ་ན། བདེན་ཏེ། ཧ་རི་དྲ་དང་འདྲ་བ་ནི་ཧ་རི་དྲ་དག་གོ་ཞེས་ཉེ་བར་འཇལ་བ་ལས་སྦྱོར་བ་འདིའོ། །ཀོ་པེ་ ན་རཀྟཾ་མུ་ཁཾ་མ་རུ་པེ་ཎ། རཀྟཿ། ཀནྟཱ་ཡཱཿ། ཞེས་པ་འདིར་མི་འགྱུར་ཏེ་མངོན་པར་བརྗོད་པ་མེད་པ་ལས་སོ། །ལཱཀྵ་དང་། རོ་ཙ་ནཱ་དང་བ་ཀ་ལ་དང་ཀ་ར་ད་མ་རྣམས་ལས་ཨི་ཀ་ཎ་བཤད་པར་བྱའོ། །རྒྱ་སྐྱེགས་ཀྱིས་བཙོས་པ་ནི། ལཱཀྵི་ཀམ྄། དེ་བཞིན་དུ། རཽ་ཙ་ནི་ཀམ྄། ས་ཀི་ལི་ཀཾ་ ཀཱརྟ་མི་ཀམ྄། ནཱི་ལའི་སྒྲ་ལས་ཨཎ་འཇིག་པར་བཤད་པར་བྱ་སྟེ། སྔོན་པོས་བཙོས་པ་ནི། པཱི་ཏ་ཀཾ། སྐར་མ་སྦྱོར་བ་ལས། རྒྱལ་གྱི་སྦྱོར་བ་ནི། པཽ་རྵཿ། ཡ་དབྱི་སྟེ་བཤད་པ་ལས་སོ། །མཆུའི་སྦྱོར་བ་ནི། མཱ་གྷཿ། གང་གི་ཚེ་རྒྱལ་ལ་སོགས་པས་དུས་ཀྱི་སྤྱི་ལ་སྦྱོར་བ་དེའི་ཚེ་ རྐྱེན་འཇིག་པར་བཤད་དོ། །གང་གི་ཚེ་ནི་ཉིན་མོ་སོགས་ཀྱི་ཚོགས་ཀྱི་དུས་ཀྱི་ཁྱད་པར་ལ་སྦྱོར་བ་དེའི་ཚེ་པཽ་ཥ་ཞེས་སོགས་སུ་འགྱུར་རོ། །ཚོགས་པ་ལ་ངང་པ་རྣམས་ནི། ཧཱཾ་སཾ། མཱ་ཡཱུ་རཾ། གྲཱ་མ། ཛ་ན། བནྡྷུ། ག་ཛ། ས་ཧཱ་ཡ་རྣམས་ལ་ཏཱའི་རྐྱེན་བཤད་པར་བྱའོ། །གྲོང་རྣམས་ ཀྱི་ཚོགས་ནི། གྲཱ་མ་ཏཱ། ཛ་ན་ཏཱ། བནྡུ་ཏཱ། ག་ཛ་ཏཱ། ཨུཀྠཱན། ཨུཥྚ། ཨུ་ར་བྷྲ། རཱ་ཛན྄། རཱ་ཛ་ནྱ། ར་ཛ་པུ་ཏྲ། པཏྶ། མ་ནུཥྱ། ཨ་ཛ་ཞེས་པ་འདི་རྣམས་ལས་ཨ་ཀཎ་བཤད་པར་བྱའོ། །ཨུཀྵ་ཎ་རྣམས་ཀྱི་ཚོགས་པ་ནི། ཨཽཀྵ་ཀཾ། ན་ནི་འགའ་ཞིག་ 195-1-137a ཏུའོ་ཞེས་པས་ན་དབྱིའོ། །དེ་བཞིན་དུ། ཨཽཥྚ་ཀམ྄། ཨཽ་ར་བྷྲ་ཀཾ། རཱ་ཛ་ཀཾ། ར་ཛ་ནྱ་ཀཾ། རཱ་ཛ་པུ་ཏྲ་ཀཾ། ཝཱཏྶ་ཀཾ། མཱ་ནུ་ཥྱ་ཀཾ། ཨཱ་ཛ་ཀཾ། ཀེ་བཱ་ར་ལས་ཡ་ཎ་ཡང་ན་བཤད་པར་བྱའོ། །ཀེ་ད་ར་རྣམས་ཀྱི་ཚོགས་པ་ནི། ཀཽ་དཱཪྻཾ། ཀཽ་དཱ་ར་ཀཾ། ཀ་ཝ་ཙི་ནའི་སྒྲ་ལས་ཨི་ཀ་ཎ་བཤད་པར་བྱའོ། །ཀ་ཝ་ ཅི་ན་རྣམས་ཀྱི་ཚོགས་ནི། ཀཱ་ཝ་ཅི་ཀཾ། དྲཱ་ཧྨ་ཎ་དང་མཱ་ཎ་ཝ་དང་ཝཌ་ཝ་རྣམས་ལས་ཡའི་རྐྱེན་བཤད་པར་བྱ་སྟེ། བྲམ་ཟེ་རྣམས་ཀྱི་ཚོགས་པ་ནི། བྲཧྨ་ཎྱཾ། མཱ་ཎ་ཝྱཾ། ཝཱཌ་སྱཾ། བེ་ན་ཎུའི་སྒྲ་ལས་ཀ་ཎ་བཤད་པར་བྱའོ། །བེ་ཎུ་རྣམས་ཀྱི་ཚོགས་པ་ནི། བཻ་ཎུ་ཀཾ། སེམས་མེད་པ་དང་ཧ་ ཏིའི་སྒྲ་ལས་ཨི་ཀ་ཎ་བཤད་པར་བྱ་སྟེ། མེད་པའི་ཚོགས་པ་ནི། ཨཱ་སཱུ་པི་ཀཾ། གླང་པོ་རྣམས་ཀྱི་ཚོགས་པ་ནི། ཧ་སྟི་ཀམ྄། སྔ་མ་བཞིན་དུ་ན་དབྱིའོ། །ཨིའི་ཡི་གེ་དང་ཨ་ཡིག་དག་དབྱིའོ། །ཝཱ་ཏ་ལས་ཡའི་རྐྱེན་བཤད་པར་བྱ་སྟེ། ཝ་ཏ་རྣམས་ཀྱི་ཚོགས་པ་ནི། ཝ་ཏྱ། དེ་ འདིའི་ལྷ་ལ། འདིའི་ལྷ་ཞི་བ་ནི། ཤེ་བཿ། བཻཥྵཱ་བཿ། ཨུའི་ཡི་གེ་རྣམས་ནི་ཨོ་ཉིད་དུ་ཐོབ་པར་བྱའོ་ཞེས་པས་ཨོ་ཉིད་དོ། །མ་ཧེནྡྲ་ལ་སོགས་པ་ལས་ཡའི་རྐྱེན་བཤད་པར་བྱ་སྟེ། རྀ་ཏ་བྱཿ། ཝཱ་ལ་བྱཿ། ཨགྣིའི་སྒྲ་ལས་ཨེ་ཡ་ཎ་བཤད་པར་བྱ་སྟེ། ཨཱགྣེ་ཡཿ། དེ་རིག་པ་དང་དེ་རྗོད་ པ་ལ་སྡེབ་སྦྱོར་རིག་པའམ་རྗོད་པ་ནི། ཙྪནྡ་སཿ། དེ་བཞིན་དུ། བཻ་ཡཱ་ཀ་ར་ཎཿ། ཡ་ཐ་ཚིག་དང་པོ་དག་གི་མ་ཡིན་ཞིང་ཞེས་པས་ཨཻ་ཡིག་ཨཱ་ག་མའོ། །ཀྲ་མ་དང་པ་ད་དང་ཤིཀྵ་དང་སཱ་མཾ་དང་མཱི་མཾ་པཱའི་སྒྲ་རྣམས་ལས་ཨ་ཀའི་རྐྱེན་བཤད་པར་བྱའོ། །རིམ་པ་རིག་པའམ་རྗོད་པ་ནི། ཀྲ་ མ་ཀཿ། པ་ད་ཀཿ། ཤིཀྵ་ཀཿ། མཱི་མཱཾ་ས་ཀཿ། ལོ་ཀཱ་ཡ་ཏའི་སྒྲ་ལས་དེ་བཞིན་ཁོ་ནར་ཨི་ཀ་ཎ་བཤད་པར་བྱའོ། །འཇིག་རྟེན་རྒྱང་འཕན་རིག་པའམ་རྗོད་པ་ནི་ལཽ་ཀཱ་ཡ་ཏི་ཀཿ། པཱུ་ཏྲའི་མཐའ་ལའང་ངོ་། །མདོ་འགྲེལ་རིག་པའམ་རྗོད་པ་ནི། ཝཱརྟེ་སཽ་ཏྲི་ཀཿ། དེའི་འདི་ལ་འདི་རི་ དགས་ཀྱི་ཡིན་པ་ནི། མཱརྒམྲ། ཛ་ན་དང་པ་ར་དང་དེ་ཝ་དང་རཱ་ཛ་རྣམས་ལས་ཀཱི་ཡའི་རྐྱེན་བཤད་པར་བྱའོ། །སྐྱེ་བ་རྣམས་ཀྱི་འདི་ཡིན་པ་ནི། ཛ་ན་ཀཱི་ཡཾ། དེ་བཞིན་དུ། པ་ར་ཀཱི་ཡཾ། དེ་ཝ་ཀཱི་ཡཾ། རཱ་ཛ་ཀི་ཡཾ། འདི་ལྟ་སོགས་ལ། ངེས་པར་གནས་པའི་དོན་ལ་ཨཎའོ། །གང་ 195-1-137b ལ་ངེས་པར་གནས་པ་དེ་ནི་ནཻ་ཝཱ་སཿ། མ་ཐུང་ལ་གནས་པ་གང་ཡིན་པ་དེ། མཱ་ཐུརཿ། དེ་ལས་འོངས་པ་ལའོ། །བཅོམ་བརླག་ལས་འོངས་པ་ནི། མཱ་ཐུརཿ། དེར་སྐྱེས་པ་ལའོ། །བཅོམ་བརླག་ཏུ་སྐྱེས་པ་ནི། མཱ་ཐུརཿ། དེས་རྫོགས་པ་ལའོ། །རྒྱ་མཚོས་རྫོགས་པ་ནི། སཱ་ག་རཿ། དེ་ བཞིན་དུ་དོན་གཞན་ལ་ཡང་སྦྱོར་བ་ཇི་ལྟ་བར་ཨཎ་བཤད་པར་བྱའོ། །དེ་ཡིས་རྩེའོ་ཡང་དག་བསྲེས། །སྒྲེལ་ལོ་སྤྱོད་འང་ཨི་ཀ་ཎ། །ཟོང་དང་བཟོ་དང་ངེས་སྦྱོར་ལས། །ཉོས་པ་སོགས་ལས་མཚོན་ལས་ཀྱང་། །གང་ལ་ངེས་པར་སྦྱོར་བ་དེ་ནི་ངེས་སྦྱོར་རོ། །གསལ་བྱེད་མཐའ་ལས་ཀྱང་ངོ་ ཞེས་པས་གྷཉའོ། །དེ་ཡིས་ཞེས་པའི་ཚིག་འདི་རྩེའོ་ཡང་དག་པར་བསྲེའོ་སྒྲོལ་ལོ་སྤྱོད་དོ་ཉོས་སོ་ཉོས་པ་འདི་རྣམས་ལ་རྗེས་སུ་འབྲེལ་ལོ། །ཉོས་པ་ལ་སོགས་ལས་ཞེས་པ་ནི་བདུན་པའི་གནས་ལ་ལྔ་པའོ། །རྟགས་ལས་དེའི་རྩེའོ་དེས་ཡང་དག་པར་བསྲེའོ་དེས་སྒྲོལ་ལོ་དེས་སྤྱོད་དོ་ ཞེས་པ་འདི་རྣམས་ཀྱི་དོན་ཨི་ཀ་ཎར་འགྱུར་རོ། །ཟོང་ལས་ཏེ་འདིར་དེ་འདིའི་ཟོང་ནི་ཞེས་པའི་དོན་དང་།བཟོ་ལས་ཏེ་དེ་འདིའི་བཟོ་བོ་ཞེས་པའི་དོན་དང་། ངེས་སྦྱོར་ལས་ཏེ་འདིར་དེ་ལ་ངེས་པར་སྦྱོར་རོ་ཞེས་པའི་དོན་དང་། ཉོས་པ་ལ་སོགས་པའི་དོན་དང་། མཚོན་ཆ་ལས་ཏེ་འདིར་དེ་དེའི་མཚོན་ཞེས་ པའི་དོན་ལ་རྟགས་ལས་ཨི་ཀཎ་དུ་འགྱུར་རོ། །དེས་རྩེ་འོ་ལ་ཆོ་ལོས་རྩེ་བ་ནི། ཨཱཀྵི་ཀཿ། སཱ་ལཱ་ཀི་ཀཿ། དེས་ཡང་དག་པར་བསྲེ་བ་ལ་ཞོས་ཡང་དག་པར་བསྲེ་བ་ནི། ད་དྷི་ཀམ྄། ལ་ཝ་ཎ་ལས་ཨི་ཀཎ་འཇིག་པར་བཤད་པར་བྱ་སྟེ། ལན་ཚྭས་ཡང་དག་པར་བསྲེ་བ་ནི། ལ་ཝ་ཎམ྄། ཙཱུརྞྞ་ལས་ཨི་ཀཎ་བཤད་པར་བྱ་སྟེ། ཕྱེ་མས་ཡང་དག་པར་བསྲེས་པ་ནི། ཙཱུརྞྞ་ཀྱོ་དྷཱ་ནཱཿ། མུངྒ་ལས་ཨ་ཎ་བཤད་པར་བྱ་སྟེ། སྲན་མས་ཡང་དག་པར་བསྲེ་བ་ནི། མཽངྒཾ། དེས་སྒྲོལ་ལོ་ལ་བ་ཎུ་བྷཱ་རས་སྒྲོལ་བ་ནི་བཻ་ནུ་བྷ་རི་ཀཿ། དབྱངས་གཉིས་པ་ལས་ཨི་ཀཎའི་རྐྱེན་བཤད་པར་བྱའོ། །གྷ་ ཊས་སྒྲོལ་བ་ནི་གྷཊི་ཀཿ། དེ་ཡིས་སྤྱོད་དོ་ལ་ཟ་བ་དང་འགྲོ་བའི་དོན་དག་ལ་འཇུག་པ་ནི་སྤྱོད་པའོ། །སྲྀངྒ་བེ་རས་སྤྱོད་པ་ནི། བྷཀྵ་ཡ་ཏི་སཱངྒ་ཝེ་རི་ཀཿ། ཤིང་རྟས་སྤྱོད་དུ་འགྲོ་བ་ནི། སཱ་ཀ་ཊི་ཀཿ། ཟོང་ལས་འདིའི་ཟོང་སྤོས་ཡིན་པ་ནི། གཱནྡྷི་ཀཿ། བཟོ་བོ་ལས། རྔ་བཟོ་བའི་བཟོ་བོ་གང་ 195-1-138a ཡིན་པ། མཱ་རྔངྒི་ཀཿ། དེ་ཕན་གྱི་མཐའི་མྲྀ་དཾ་གིའི་སྒྲ་ནི། རང་བཞིན་ལས་རྔའི་རྡུང་བ་པོ་ལ་འཇུག་གོ། །ངེས་སྦྱོར་ལས་སྒོ་ལ་ངེས་པར་སྦྱོར་བ་ནི། དཽ་ཝཱ་རི་ཀཿ། ཡ་ཝ་ཚིག་དང་པོ་དག་གི་མིན་ཞིང་ཞེས་པས་ཨཽ་ཡིག་ཨཱ་ག་མའོ། །ཨ་གཱ་རའི་སྒྲའི་མཐའ་ལ་ངེས་ སྦྱོར་ལས་ཨི་ཀ་ཎའི་རྐྱེན་བཤད་པར་བྱའོ། །ལྷའི་ཁང་པ་ལ་ངེས་པར་སྦྱོར་བ་དཻ་བཱ་གཱ་རི་ཀཿ། དེ་བཞིན་དུ། ཀཽཥྛ་གཱ་རི་ཀཿ། དེས་ཉོས་པ་ལ་བདུན་ཅུས་ཉོས་པ། སཱཔྟ་ཏི་ཀམ། བརྒྱད་ཅུས་མྱོས་པ། ཨཱ་ཤཱི་ཏི་ཀམ། རྐྱེན་འདི་ནི་བྱེད་པ་ཉིད་ལས་བཤད་པར་བྱའི་བྱེད་པ་པོ་ལ་ནི་མ་ཡིན་ནོ། ། དེས་ན་འདིར་མི་འགྱུར་ཏེ། ལྷས་བྱིན་གྱིས་ཉོས་པ་ནི། དཻ་བ་དིཏྟ་ཀམྲ། ཤཏའི་སྒྲ་ལས་ཉོས་པའི་དོན་ལ་ཡ་དང་ཨི་ཀ་ཞེས་པ་འདི་དག་བཤད་པར་བྱའོ། །བ་ཏྱས་ཉོས་པ་ནི། ཤ་ཏྱམ྄་ཤ་ཏི་ཀམ྄། ས་ཧ་སྲ་དང་བ་ས་ན་དག་ལས་ཨཎ་བཤད་པར་བྱའོ། །སྟོང་གིས་ཉོས་པ་སཱ་ཧ་སྲཾ་ཝཱ་ས་ནཾ། སོགས་པ་སྨོས་པས་དོན་གཞན་ལ་ཡང་ཨི་ཀཎ་སྟེ་དེ་ལ་འདིའི་ཚད་ཅེས་པའི་དོན་ལ་སྟེ། སྲ་སྠ། འདིའི་ཚད་ཡིན་པ་ནི། སྲཱ་སྠི་ཀོ་རཱ་ཤིཿ། དེས་རྐོས་སོ་ལ་སྟེ། ཏོག་ཙེས་བརྐོས་ལ། ཀཽ་དྭོ་ལི་ཀཿ། དེས་འཚོའོ་ལ། བཻ་ཏ་ནི་ཀཿ། ཨཱ་ཡུ་དྷི་ཀཿ། སྐྱེད་དོ་ལའོ། །མཆོད་སྦྱིན་པ་ རྣམས་བསྐྱེད་དོ། །ཝཱ་ད་རི་ཀཿ། སྒྲ་ལས་བྱེད་པ་པོའི་དོན་ལའོ། །སྒྲ་བྱེད་པ་པོ་ནི། ཤཱབྡི་ཀཿ། བཻ་ཡཱ་ཀ་ར་ཎཿ། དེ་བཞིན་དུ་གཞན་ཡང་སྟེ། དྷརྨའི་སྒྲ་ལས་འདིར་སྤྱོད་དོ་ཞེས་པའི་དོན་ལའོ། །ཆོས་སྤྱོད་ནི། དྷཱརྨི་ཀཿ། ཨོ་ཛས་དང་། པ་ཧས་དང་། ཨམ་བྷ་ས་ཞེས་པ་འདི་ རྣམས་ལས་དེའི་ས་འདི་ལ་འཇུག་གོ་ཞེས་པའི་དོན་ལའོ། །གཟི་བརྗིད་ཀྱིས་འཇུག་པ་ནི། ཨཽ་ཛ་སི་ཀཿཤཱུ་རཿ། བཱ་ཧ་སི་ཀ་ཙཽ་རཿ། ཨཱམྦྷ་སི་ཀོ་མ་ཏ་སྱཿ། དྷུ་རའི་སྒྲ་ལས་འབབ་བོ་ཞེས་པའི་དོན་ལ་འདིར་ཡ་དང་ཨེ་ཡ་ཎ་ཞེས་པ་འདི་དག་བཤད་པར་བྱའོ། །དྷུ་ར་འབབ་པ་ནི། དྷུཪྻཿ། དྷཽ་རེ་ ཡཿ། སརྦ་དྷུ་རའི་སྒྲ་ལས་དེ་ཉིད་ཀྱི་དོན་ལ་ཨཱཎའི་རྐྱེན་བཤད་པར་བྱ་སྟེ། དྷུ་ར་ཐམས་ཅད་འབབ་པ་ནི། སརྦ་དྷུ་རཱི་ཎཿ། ཨསྟི་དང་ནསྟིའི་སྒྲ་དག་ལས་འདིར་དེའི་བློ་གྲོས་ཞེས་པའི་དོན་ལ་ཨི་ཀ་ཎའོ། །འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་པ་འདིའི་བློ་གྲོས་ཡིན་པ་ནི། ཨཱསྟི་ཀཿ། དེ་བཞིན་དུ། 195-1-138b ནཱསྟི་ཀཿ། འཇིག་རྟེན་ཕ་རོལ་གྱི་བྱེད་པ་པོ་ལ་ཡིད་ཆེས་པའི་དོན་དང་། རབ་ཏུ་སྦྱོར་བ་མེད་པ་ལ་དེ་དག་བཤད་དོ། །མཚོན་ཆ་ལས། འདིའི་མཚོན་ཆ་འཁོར་ལོ་ཡིན་པ་ནི། ཙཀྲྀ་ཀཿ། དྷ་ནུས་ཀྱི་སྒྲ་ལས་ཨ་ཀ་ཎ་བཤད་པར་བྱའོ། །འདིའི་མཚོན་ཆ་གཞུ་ཡིན་པ་ནི། དྷཱནུ་སྐཿ། ཤཀྟི་དང་། ཡཥྚི་དག་ལས་ཨི་ཀཎ་བཤད་པར་བྱའོ། །འདིའི་མཚོན་ཆ་ཤཀྟི་ཡིན་པ་ནི། ཤཱཀྟྭི་ཀཿ། ཡཱཥྚིཀཿ། ནཽ་ལས་བསྒྲལ་བྱ་དང་བི་ཥ་ལས་གསད་བྱ་དང་ཏུ་ལ་ལས་གཞལ་བྱ་དང་དེར་ལེགས་པའང་ཡའོ། །ནཽའི་སྒྲ་ལས་བསྒྲལ་བྱའི་དོན་དང་བི་ཥའི་སྒྲ་ལས་གསད་བྱའི་དོན་དང་། ཏུ་ལའི་སྒྲ་ལས་ གཞལ་བ་སྟེ། ཡོངས་སུ་བཅད་པའི་དོན་དང་། རྟགས་ལས་དེར་ལེགས་པ་ཞེས་པ་འདིའི་དོན་ལ་ཡའི་རྐྱེན་དུ་འགྱུར་རོ། །གྲུས་བསྒྲལ་བར་བྱ་བ་ནི་ནཱ་བྱམ། དུག་གིས་གསད་པར་བྱ་བ་ནི་བིཥྱ། ཞོ་ཆས་གཞལ་བ་ནི། ཏུ་ལྱམ྄། མདུན་མ་ལེགས་པ་ནི། ས་བྷྱཿ། ཀརྨ་ཎྱཿ། བྷཀྟ་ ལས་ཎའི་རྐྱེན་བཤད་པར་བྱ་སྟེ། འབྲས་ཀྱི་ཟས་ལེགས་པ་ནི། བྷཱཀྟཿ། བ་ཏི་དང་ཨ་ཏི་ཐི་དག་ལས་ཨེ་ཡ་ན་བཤད་པར་བྱ་སྟེ། ལམ་ལེགས་པ་ནི། པཱ་ཐེ་ཡམྲ། ཨཱ་ཏེ་ཐེ་ཡཾ། འང་གི་སྒྲ་ལས་འོས་པའི་དོན་ལ་ཡའི་རྐྱེན་འདོད་དེ། གསད་པར་འོས་པ་ནི། བདྷྱཿ། དེ་བཞིན་དུ། ད་ཎ་བྷྱཿ། དྷརྨ་དང་། པ་ཐི་དང་། ཨརྠ། ནྱཱ་ཡ་རྣམས་ལས་མ་བྲལ་བའི་དོན་ལའོ། །ཆོས་ལས་མ་བྲལ་ཞིང་མི་གཡོ་བ་ནི། དྷརྨྱམྲ། དེ་བཞིན་དུ། པ་ཐྱམ྄། ཨརྠྱམ྄། ནྱཡམ྄། དྷརྨའི་སྒྲ་ལས་ཐོབ་པར་བྱ་བའི་དོན་ལའང་ངོ་། །ཆོས་ཀྱིས་ཐོབ་པར་བྱ་བ་ནི། དྷརྨྱམྲ། ཧྲྀ་ད་ཡ་ལས་འདིར་དེའི་དགའ་བ་ཞེས་པའི་དོན་ལའོ། །སྙིང་གི་དགའ་བ་ནི། ཧྲྀ་དྱམ྄། ཧྲྀ་དར་བསྒྱུར་བར་བྱའོ། །ཨཱི་ཡ་ནི་ཕན་པ་ལའོ། །རྟགས་ལས་ཕན་པའི་དོན་ལ་ཨི་ཡའི་རྐྱེན་དུ་འགྱུར་རོ། །རྟ་རྣམས་ལ་ཕན་པ་ནི། ཨ་ཤྭཱི་ཡཾ། ཀ་ར་བྷཱི་ཡཾ། ནིའི་སྒྲ་ལས་ལུས་ཀྱི་ཡན་ལག་ ལས་ཡའི་རྐྱེན་འདོད་དེ། སོ་རྣམས་ལ་ཕན་པ་ནི། དན་ཏྱམ྄། གང་གི་ཚེ་རྟགས་དང་འབྲེལ་པའི་དབྱངས་གང་ཡིན་པ་དེ་རྣམས་ཀྱི་ཐོག་མ་ཨཱ་ཨཻ་ཨཽ་ཞེས་པའི་དབྱངས་འདི་རྣམས་སུ་གྱུར་པ་དེའི་ཚེ་དང་པོའི་དོན་ལ་ཨི་ཡའི་རྐྱེན་བཤད་པར་བྱའོ། །སཱ་ལའི་དངོས་པོ་ནི། སཱ་ལི་ཡཱཿ། མཱ་ཧིཥ་ 195-1-139a ཏིའི་དངོས་པོ་ནི། མཱ་ཧིཥྨ་ཏཱི་ཡཿ། ཨཽ་པ་ག་ཝཱི་ཡཿ། འདིར་དེའི་འདི་ཞེས་པའི་དོན་ལའང་ངོ་། །འདི་སཱ་ལའི་འདི་ཡིན་པ་ནི། སཱ་ལི་ཡཱཿ། དེ་བཞིན་དུ། དཔེར་བརྗོད་པ་གཞན་རྣམས་ཀྱང་བརྗོད་པར་བྱའོ། །བྷ་བཏ་ཀྱི་སྒྲ་ལས་འདིར་དེའི་འདི་ཞེས་པའི་དོན་ལ་ཀ་ཎ་དང་ ཨི་ཡ་ཞེས་འདི་དག་འདོད་དེ། འདི་ཁྱོད་ཀྱི་ཡིན་པ་ནི། བྷ་ཝ་ཏ་ཀཾ། དེ་བཞིན་དུ། བྷ་ཝ་དཱི་ཡཾ། སྭ་སྲ་དང་བྷྲ་ཏྲྀ་དག་ལས་བུ་རྒྱུད་ཀྱི་དོན་ལ་ཨཱི་ཡ་བཤད་པར་བྱའོ། །སྭ་སྲྀའི་བུ་རྒྱུད་ནི། སྭ་སྲི་ཡཿ། བྷྲ་ཏྲི་ཡཿ། ཨཱཏྨ་ནའི་སྒྲ་ལས་ཕན་པའི་དོན་ལ་ཨ་ཎའི་རྐྱེན་འདོད་དེ། བདག་ ལ་ཕན་པ་ནི་ཨཱཏྨམ྄། ཨུ་དང་གོ་སོགས་ལས་ཡཏའོ། །གང་གི་ཚོགས་ཀྱི་དང་པོ་གོ་སྒྲ་ཡིན་པ་དེ་ནི་གོ་ལ་སོགས་པའོ། །དེ་ནས་ཀུན་སྡུད་པའི་ཟླས་དབྱེ་བའོ། །ཨུ་ཡིག་མཐའ་ཅན་གྱི་རྟགས་དང་གོ་སོགས་རྣམས་ལས་ཕན་པའི་དོན་ལ་ཡཏ་དུ་འགྱུར་རོ། །ཏ་ཡིག་ནི་རྣམ་པ་སྣ་ཚོགས་ པའི་དོན་ཏོ། །ཨུ་ཡིག་མཐའ་ལས། ཤཾ་ཀུ་རྣམས་ལས་ཕན་པ་བཞི། ཤཾ་ཀ་བྱཾ། པ་ར་ཤ་བྱཾ། དབྱངས་ནི་འདྲ་བའི་ཡི་གེ་འཛིན་པའོ་ཞེས་པས་ཨུ་ཡིག་གིས་ཨཱུ་ཡིག་ཀྱང་གཟུང་བར་བྱའོ། །དེས་ན། བུ་མོ་རྣམས་ལ་ཕན་པ་ནི། བ་དྷ་བྱཾ། གོ་ལ་སོགས་པ་རྣམས་ལས་སོ། ། གོ་ལ་ཕན་པ་ནི། ག་བྱཾ། ཧ་བེ་ཥྱཾ། ཡཏའོ་ཞེས་སྦྱོར་བ་གཅིག་བྱས་པ་དེས་ན། དིཤྲ། གརྒ། པནྠི། པཀྵ། ཨ་དི། ཨནྟ། ཝནྶ། སུ་ཁ། ནྱཱ་ཡ། པྲ་ཐ། ར་ཎ་ཞེས་པ་འདི་རྣམས་ལས་བྷ་ཝའི་དོན་ལ་ཡའི་རྐྱེན་ནོ། །ཕྱོགས་ལ་འབྱུང་བ་ནི། དི་ཤྱཾ། དེ་བཞིན་དུ། གརྒྷཾ་ཞེས་སོགས་ད་པེར་བརྗོད་པར་བྱའོ། །རཱ་ཛ་ནའི་སྒྲ་ལས་རྒྱལ་རིགས་དང་རྒྱལ་བ་དག་བརྗོད་པའོ། །རཱ་ཛ་ནྱཿ། ཤྭ་སུ་རའི་སྒྲ་ལས་བུ་རྒྱུད་ཀྱི་དོན་ལའོ། །ཤྭ་སུ་རའི་བུ་རྒྱུད་ནི། ཤྭ་སུཪྻཿ། རྗེས་སུ་འབྲེལ་པའི་སྒྲ་ལས་རྐྱེན་འདིའོ། །གང་འགའ་ཞིག་གི་མིང་ཤྭ་སུ་ར་ཡིན་པ་དེའི་ནི་བུ་རྒྱུད་ ལ། ཤྭཱ་སུ་རིཿ། གོ་དང་ཧ་ཝིས་དང་མེ་དྷཱ་དང་ད་ར་དང་སླ་ད་དང་ཀྵ་ར་དང་ཤྭཾ་ཞེས་པ་འདི་ལྟ་སོགས་ནི་གོ་ལ་སོགས་པ་རྣམས་སོ། །ཉེ་བར་འཇལ་བ་ལ་ཝ་ཏིའོ། །གང་གི་ཉེ་བར་འཇལ་བ་དེ་ཉེ་བར་འཇལ་བའོ། །རྟགས་ལས་ཉེ་བར་འཇལ་བའི་དོན་ལ་ཝ་ཏིའི་རྐྱེན་དུ་འགྱུར་རོ། །བྲམ་ཟེ་བཞིན་དུ་ 195-1-139b བརྗོད་པ་ནི། བྲཱཧྨ་ཎ་ཝཏ། མ་ཐུ་རཱ་འདྲ་བ་ནི་མ་ཐུ་རཱ་ཝཏ། དངོས་པོ་ལ་ཏཏྭ་དག་གོ། །རྟགས་ལས་དངོས་པོའི་དོན་ལ་ཏ་དང་ཏྭ་དག་འགྱུར་རོ། །རང་གི་བདག་ཉིད་མངོན་པར་བརྗོད་པའི་རྐྱེན་དུ་འགྱུར་རོ་ཞེས་པའོ། །གང་གི་ཡོན་ཏན་དང་ལྷན་ཅིག་དངོས་པོའི་སྒྲ་གནས་པ་དེ་མངོན་པར་བརྗོད་པ་ ལ་ཏ་ཏྭ་དག་འགྱུར་རོ། །སྒྲ་རབ་ཏུ་འཇུག་པའི་རྒྱུ་མཚན་ནི་དངོས་པོའི་སྒྲས་བརྗོད་དོ། །གོའི་དངོས་པོ་ནི། གོ་ཏཱ། གོ་ཏྭཾ། བྲཧྨ་ཎ་ཏཱ། བྲཧྨ་ཎ་ཏྭཾ། དེ་ཝའི་སྒྲ་ལས་རང་གི་དོན་དང་རང་བཞིན་གྱི་དོན་ལ་ཏྭའི་རྐྱེན་བཤད་པར་བྱའོ། །ལྷ་ཉིད་ནི། དེ་ཝཏཱ། ཡ་ཎའང་སྟེ་རབ་ཏུ་གྲགས་པ་ལས་ སོ། །རྟགས་ལས་དངོས་པོའི་དོན་ལ་ཡཎ་དུ་འགྱུར་རོ། །དཀར་པོའི་དངོས་པོ་ནི། །ཤོོཀླྱ་མ། ཀཱཥྞྱ། ཛཱ་ཌྱཾ། བྲཱཧྨ་ཎྱཾ། རབ་ཏུ་གྲགས་པ་སྨོས་པ་ལས་ལས་ཀྱི་དོན་ལའང་ཡཎ་བཤད་པར་བྱའོ། །བྲམ་ཟེའི་ལས་ནི། བྲཱཧྨ་ཎྱཾམྲ། ཛཱ་ཌྱམ། དངོས་པོ་དང་ལས་དག་གི་དོན་ལ་བསྟན་ པ་ཇི་ལྟ་བར་ཨ་ཎའང་བལྟའོ། །ལང་ཚོའི་དངོས་པོའམ་ལས་ནི།ཡཽཝ་ནཾ། མུ་ནི། མཽ་ནཾ། ལ་གྷུ། ལཱ་གྷ་ཝཾ། གུ་རུ། གཽ་ར་ཝཾ། པཽ་རུ་ཥཾ། ཀཽ་ཤ་ལཾ། ནཻ་པུ་ཎཾ། ཀཻ་ཏུ་ཧ་ལཾ། མྲྀ་དུ། མཱ་ར་དང་ཝཾ། པྲྀ་ཐུ་དང་མྲྀ་དུ་དང་ལ་གྷུ་དང་གུ་རུ་རྣམས་ལས་དངོས་པོའི་དོན་ལ་ ཨི་མནའི་རྐྱེན་ཡང་འདོད་དེ། པྲྀ་ཐུའི་དངོས་པོ་ནི། པྲ་ཐི་མཱ། མྲ་དི་མཱ། ལ་གྷི་མཱ། ག་རི་མཱ། ཨི་མནའི་རྐྱེན་ལས་ཨིའི་ཡི་གེ་དང་ཨའི་ཡི་གེ་དག་གི་དབྱངས་དང་ཞེས་པ་འདིར་རིམ་པས་བཀླག་པར་བྱ་བ་ལས་ཨུའི་ཡི་གེ་དབྱིའོ། །རབ་ཏུ་གྲགས་པ་སྨོས་པ་ལས་པྲྀ་ཐུ་མྲྀ་དུའི་སྒྲ་དག་གི་ ར་ཉིད་དོ། །གུ་རུའི་འང་གར་དུ་བསྒྱུར་རོ། །དེ་འདིའི་ཡོད་པ་ཞེས་པས་མནྟུ་སོགས་སོ། །སོགས་པ་ལ་འགྱུར་བ་ནི་སོགས་པའོ། །དེ་ནས་འབྲུ་མང་པོ་པའོ། །དེ་འདིའི་ཡོད་པ་ཞེས་པ་འདིའི་དོན་ལ་རྟགས་ལས་མནྟུ་སོགས་རྣམས་ཏེ། མནྟཱུ། ཝནྟུ། ཝིན། ཨིན་ཞེས་སོགས་འགྱུར་ རོ། །མནྟུ་ལ། གང་ལ་བ་ལང་ཡོད་པ་དེ་ནི་གོ་མཱ་ན། ཝནྟུའི་ཨའི་ཡི་གེའི་མཐའ་ཅན་ལས་དང་། ཨའི་ཡི་གེ་ཨུ་པ་དྷཱ་ཡིན་པ་ལས་དང་མ་ཡིག་མཐའ་ཅན་ལས་དང་། མ་ཡིག་ཨུ་པ་དྷཱ་ཡིན་པ་ལས་དང་། ཤིཊ་བོར་བ་ཉིད་ཀྱི་དྷུཊ་མཐའ་ཅན་ལས་ཀྱང་ཝནྟུ་བཤད་པར་བྱ་སྟེ། ཡཱ་ཝན་བོར་བ་ 195-1-140a ཉིད་ནའོ། །བྲྀཀྵ་ཝཱན། མཱ་ལཱ་ཝཱན། སུ་ག་ཎྭཱན། པྲ་ཤ་ནྭཱན། སུ་གཎ་དང་པྲ་ཤན་ཞེས་པ་འདི་དག་ཀྭིཔའི་མཐའ་ཅན་ནོ། །ཀིམྲ་ཝཱན། དཱ་ཌི་མཱི་ཝཱན་བི་དྱུད་ཝཱན། མ་ཧ་ཏྭཱན། ཤིཊའི་མཐའ་དང་ཡ་ཝན་སོགས་རྣམས་ལས་ཝནྟུ་མི་འགྱུར་ཏེ། ཨཱ་ཡུཥྨཱན། ཡ་ཝ་ མཱན། ཨུརྨི་མཱན། ཝིནའི་ཨཔ་མཐའི་རྟགས་ལས་དང་མཱ་ཡཱ་དང་མེ་དྷཱ་དང་པྲ་ཛ་ཞེས་པ་འདི་རྣམས་ལས་ཀྱང་ཝིན་བཤད་པར་བྱའོ། །ཡ་ཤ་སྭཱི། ཏེ་ཛ་སྭཱི་མཱ་ཡཱ་ཝཱི། མེ་དྷཱ་ཝཱི། པྲ་གྲི། འདི་རྣམས་ལས་ཝནྟུ་ཡང་འདོད་ཨིནའི། དཎྜཱི། མུ་ཤ་ལཱི། ཤི་ཁཱ། མཱ་ཡཱ། མཱ་ཡཱི། དེ་རྣམས་ལས་ཝནྟུ་ཡང་བ་ལྟའོ་ཞེས་པའི་སྒྲ་ལས་འདིར་དེ་ལ་ཡོད་པ་ཞེས་པའི་དོན་ལ་ཡང་ཝནྟུ་སོགས་རྣམས་སུ་འགྱུར་ཏེ། གང་ལ་སཱ་ལ་ཡོད་པ་དེ། སཱ་ལི་མཱན། ཡོན་ཏན་བརྗོད་པ་ལ་མནྟུ་སོགས་རྣམས་མི་འདོད་དོ། །གང་གི་ཡོན་ཏན་དཀར་པོ་ཡོད་པ་དེ་ཤུཀླ་པ་ཊཿ། གང་ལ་ཡོན་ ཏན་དང་ཡོན་ཏན་མ་ཡིན་ཙམ་ལྡན་པའི་རྫས་ལའང་འཇུག་གོ། །འདིར་ཡོན་ཏན་དང་ཡོན་ཏན་མ་ཡིན་པ་གཟུང་ཞིང་འཛིན་པས་ནི་དུས་ཐམས་ཅད་དུ་ཡོན་ཏན་ཙམ་བརྗོད་པའི་རཱུ་པ་སོགས་རྣམས་སོ། །དེས་ན་དེ་རྣམས་ལས་ཝནྟུ་སོགས་རྣམས་འགྱུར་རོ། །པྲཛྙཱ་དང་ར་ཛས་དག་ལ་ གྲངས་ཇི་ལྟ་བ་བཞིན་དུ། ཨན་དང་བ་ལཱ་དག་བཤད་པར་བྱ་སྟེ། གང་ལ་ཤེས་རབ་ཡོད་པ་དེ། པྲཛྙཿ། གང་ལ་རྡུལ་ཡོད་པ་དེ། ར་ཛ་སྭ་ལཱ། ཏ་པ་ས་དང་། ས་ཧ་སྲ་དག་ལ་ཨཎ་འདོད་དེ། གང་ལ་དཀའ་ཐུབ་ཡོད་པ་དེ་ཏཔ་སཱཿ། སཱ་ཧ་སྲཿ། མ་ལའི་སྒྲ་ལས་ཨི་ན་དང་ཨཱི་ མ་ས་ཞེས་པ་འདི་དག་འདོད་དེ། གང་ལ་དྲི་མ་ཡོད་པ་དེ། མ་ལི་ནཿ། མ་ལཱི་མ་སཿ། ཏུནྡ་། ཨུ་ད་ར་དག་ལས་ཨི་ལ་འདོད་དེ། ཏུནྡི་ལ། ཨུ་ད་རི་ལཿ། སིངྒ་ལས་ཨ་ཡིག་གི་རྐྱེན་དང་ཡའི་རྐྱེནའང་འདོད་དོ། །སངྒིཿ། སིདྷྱཿ། གང་ལ་མཚན་ཉིད་ཡོད་པ་དེ། ལཀྵ་ཎྱཿ། ཡོན་ ཏན་གང་ལ་ཡོད་པ་དེ། གུཎྱཿ། ཁ་བ་གང་ལ་ཡོད་པ་དེ། ཧི་མྱཿ། བཤད་པའི་ཡུལ་ལ་ཇི་ལྟར་ཐོབ་པར་ཡང་མནྟུ་སོགས་རྣམས་འདོད་དེ། སུ་ཁ་སོགས་རྣམས་ལས་ནི་ཨིན་ཁོ་ན་བལྟ་བར་བྱ་བའི་རྐྱེན་གཞན་མ་ཡིན་ནོ། །སུ་ཁཱི། དུཿཁཱི། སུ་ཁ། ཀྲིཙྪ། ཨཱ་མ། ཨལྟི་ཀ ། 195-1-140b པྲ་ཏཱི་པ། ཀ་རུ་ཎ། ཀྲི་པ་ཎ་ཞེས་སུ་ཁ་སོགས་རྣམས་སོ། །ཧསྟ། དནྟ། ཀ་ར་རྣམས་ལས་རིགས་ཀྱི་དོན་ལའོ། །ཧསྟཱི། དནྟཱི། ཀ་རཱི། རིགས་ལ་ཞེས་པ་ཅི་ཞེ་ན། ཧསྟ་ཝཱན། དནྟ་ཝཱན། ཀ་ར་ཝཱན། པདྨ་དང་ཀ་མ་ལ་དང་ན་ལ་དང་པུཥྐར་རྣམས་ལས་ཡུལ་གྱི་ཁྱད་པར་ གྱི་ཁྱད་པར་བརྗོད་པ་ལའོ། །པདྨི་ནཱི། ཀ་མ་ལི་ནཱི། ན་ལི་ནཱི། པུཥྐ་རི་ཎཱི། སློང་བ་བརྗོད་པའི་ཨརྠའི་སྒྲ་ལས་སོ། །ཨརྠི་སློང་བ་བརྗོད་ཅེས་པའི་དོན་ཏོ། །སློང་བ་བརྗོད་པ་ཞེས་པ་ཅི་ཞེ་ན། ཨརྠ་ཝཱན། ནོར་ལྡན་ཞེས་པའི་དོན་ཏོ། །རྫོགས་པའི་རྐྱེན་གྱི་མཐའ་ལས་ན་ཚོད་ལ་འཇུག་བཞིན་ པ་ལའོ། །གང་ལ་ཟླ་བ་ལྔ་ཡོད་པ་དེ། པཉྩ་མཱི་བཱ་ལ། ད་ཤ་མཱི། མཐོན་པོ་ཉིད་ཀྱི་ཁྱད་པར་ལ་འཇུག་པའི་དནྟའི་སྒྲ་དག་ལས་ཨུ་རའི་རྐྱེན་འདོད་ཏེ། གང་ལ་སོ་ཏོ་བ་ཡོད་པ་དེ། དནྟུ་རཿ། ཝཱ་ཙ་ལས་མཆོད་པ་ལ་སྨིན་འདོད་དེ། གང་གིས་ངག་མཆོད་པར་འོས་པ་དེ། ཝཱགྨཱི། ཝ་ཙ་ལས་ སྨད་པ་ལ་འཇུག་བཞིན་པའི་མང་པོ་བཤད་པའི་དོན་ལ་ཨཱ་ལ་དང་ཨ་ཊ་ཞེས་པ་འདི་དག་འདོད་དེ། གང་མང་པོ་བཤད་པ་སྨད་པ་དེ། ཝཱ་ཙཱ་ལཿ། ཝ་ཙཱ་ཊཿ། འདི་ལྟར་སོགས་གཞན་རྣམས་ཀྱང་རྐྱེན་ཇི་ལྟར་བསྟན་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །གྲངས་ལས་རྫོགས་པ་ལ་ ཌ་མ་དག་གོ། །གྲངས་ལས་རྫོགས་པའི་དོན་ལ་ཌ་དང་མ་དག་འགྱུར་རོ། །གཅིག་དང་བཅུ་རྣམས་ཀྱི་རྫོགས་པ་ནི། ཨེ་ཀཱ་ད་ཤཿ། གྲངས་གང་གི་རྫོགས་པ་དེ། ཨེ་ཀཱ་ད་ཤཿ། ཞེས་པས་བརྗོད་པར་བྱའོ། །དེ་བཞིན་དུ། དྭཱ་ད་ཤཿ། ལྔ་རྣམས་ཀྱི་རྫོགས་པ་ནི། པཉྩ་མཿ། སཔྟ་མཿ། ད་ཤ་མཿ། ན་མཐའ་ཅན་གྱི་གྲངས་ལས་གྲངས་དང་པོ་མིན་པ་ལས་མའི་རྐྱེན་བཤད་པར་བྱའོ། །ལྷག་མ་རྣམས་ལ་ནི་ཌའོ། །དྭི་ལས་ཏཱི་ཡའོ། །དྭིའི་སྒྲ་ལས་རྫོགས་པའི་དོན་ལ་ཏཱི་ཡའི་རྐྱེན་དུ་འགྱུར་རོ། །གཉིས་དག་གིས་རྫོགས་པ་ནི། དྭི་ཏཱི་ཡཿ། ཏྲིའི་ཏྲིའང་ངོ་། །ཏྲིའི་སྒྲ་ལས་རྫོགས་པའི་དོན་ལ་ཏཱི་ ཡའི་རྐྱེན་དུ་འགྱུར་ཏེ། ཏྲིའི་འང་ཏྲྀ་ཞེས་པ་འདི་བསྒྱུར་རོ། །གསུམ་རྣམས་ཀྱིས་རྫོགས་པ་ནི། ཏྲྀ་ཏཱི་ཡཿ། རཥ་དག་གི་མཐའ་ཌལ་ཐའོ། །གྲངས་ལས་ཞེས་པ་ཁོ་ནའོ། །གྲངས་རེ་ཕའི་མཐའ་ཅན་དང་། ཥ་ཡིག་གི་མཐའ་ཅན་ལས་ཌའི་རྐྱེན་ཕ་རོལ་ལ་ཐ་ཡིག་ཨཱ་ག་མར་འགྱུར་རོ། ། 195-1-141a མཐའི་སྒྲ་ནི་ཨཱ་ག་མ་ཉིད་གསལ་བར་བྱེད་པའོ་ཞེས་གསུངས་སོ། །བཞི་རྣམས་ཀྱི་རྫོགས་པ་ནི། ཙ་ཏུརྠཿ། ཐ་ཡིག་ཨཱ་ག་མའི་སྒྲུབ་པའི་ནུས་པ་ལས་ཐ་ཡིག་ཨཱ་ག་མ་བྱས་པ་ན་མཐའི་དབྱངས་དང་པོ་དབྱི་བར་འགྱུར་རོ། །ཐ་ཡིག་ཨཱ་ག་མ་ལས་གོང་དུ་མཐའི་དབྱངས་ དང་པོ་དབྱི་བར་མི་འགྱུར་ཏེ། དེ་ལྟར་གྱུར་ན་འབྲས་བུ་དང་བྲལ་བར་གྱུར་པའི་སྦྱོར་བ་བརྩམས་པར་འགྱུར་བའི་ཕྱིར་རོ། །ཀ་ཏི་པ་ཡ་དང་ཀ་ཏི་ལས་སོ། །ཐ་ཞེས་པ་ཁོ་ན་སྟེ་མཐའ་སྨོས་པ་ནི་ལྡོག་གོ། །ཀ་ཏི་པ་ཡ་དང་ཀ་ཏིའི་སྒྲ་ལས་ཀྱང་རྫོགས་པའི་དོན་ལ་ཐའི་རྐྱེན་དུ་འགྱུར་རོ། །ཆུང་ངུ་རྣམས་ཀྱི་ རྫོགས་པ་ནི། ཀ་ཏི་པ་ཡ་ཐཿ། ཀ་ཏི་ཐཿ། བིཾ་ཤ་ཏི་སོགས་ལས་ཏ་མ་ཊའོ། །བིཾ་ཤ་ཏི་སོགས་ཀྱི་གྲངས་ལས་རྫོགས་པའི་དོན་ལ་ཏ་མཊ་འགྱུར་རོ། །ཉི་ཤུས་རྫོགས་པ་ནི། བིཾ་ཤ་ཏི་ཏ་མཿ། བིཾ་ཤ་ཏི་ཏ་མཱི། ཥཊ་རྗེས་སུ་འབྲེལ་བ་ལས་ཞེས་པས་ཨིའི་རྐྱེན་ནོ། །གཅིག་གིས་ལྷག་ པའི་ཉི་ཤུ་ནི། ཨེ་ཀ་བིཾ་ཤ་ཏི། དེས་རྫོགས་པ་ནི། ཨེ་ཀ་བིཾ་ཤ་ཏི་ཏ་མཿ། སུམ་ཅུས་རྫོགས་པ་ནི། ཏྲིཾ་ཤཏྟ་མཿ། ཙ་ཏྭཱ་རིཾ་ཤཏྟ་མཿ པཉྩ་ཤཏྟ། ཕྱི་མ་ལ་རྟག་ཏུ་སྨོས་པའི་ཕྱིར་འདིར་རྣམ་པར་བརྟག་པས་སོ། །དེས་ན་ཌའི་རྐྱེན་ཡང་འགྱུར་ཏེ། ཉི་ཤུས་རྫོགས་པ་ནི། བིཾ་ཤ། བིཾ་ཤ་ཏིའི་འང་ངོ་ཞེས་པས་ཏིའི་སྒྲ་དབྱིའོ། །དེ་བཞིན་ཁོ་ནར། བིཾ་ཤཿ། བིཾ་ཤ་ཏི་དང་ཏྲིཾ་ཤ་ཏ་དང་ཙ་ཏྭཱ་རིཾ་ཤཏ་དང་པཉྩ་ཤ་ཏ་དང་ཥཥྛི་དང་སཔྟ་ཏི་དང་ཨཱ་ཤཱི་ཏི་དང་ན་བ་ཏི་ཞེས་པ་ནི་བིཾ་ཤ་ཏི་སོགས་རྣམས་སོ། །ཤ་ཏ་སོགས་ལས་རྟག་ཏུའོ། །ཤ་ཏ་སོགས་ཀྱི་གྲངས་ལས་རྫོགས་པའི་དོན་ལ་རྟག་ ཏུ་ཏ་མཊ་འགྱུར་རོ། །བརྒྱས་རྫོགས་པ་ནི། ཤ་ཏ་ཏ་མཿ། ས་ཧ་སྲཏ་མཿ། ཀོ་ཊི་ཏ་མཿའོ། །མདོ་ཕྱི་མས་ཤ་ཏ་སོགས་ལས་ཏ་མཊ་གྲུབ་པའོ་ཞེས་པས་སྦྱོར་བ་སྨོས་པ་དོན་མེད་དོ་ཞེ་ན། དེའི་ཕ་རོལ་མ་ཡིན་པ་ལ་ཞེས་པའི་དགག་པ་འདི་འདིར་རྗེས་སུ་འབྲེལ་ལོ། །དེས་ན་གང་གི་ཚེ་ཤ་ཏ་ སོགས་གྲངས་ལས་ཕ་རོལ་ཡིན་པ་དེའི་ཚེ་ཡང་འདིས་རྟག་ཏུ་ཏ་མཊ་འགྱུར་རོ། །ཨེ་ཀ་ཤ་ཏ་ཏ་མཿ། མ་སཱ་དང་ཨརྡྷ་མཱ་ས་དང་། སཾ་པཪྶ་ར་ལས་ཏ་མཊ་འགྱུར་རོ། །ཟླ་བའི་རྫོགས་པ། མ་ས་ཏ་མོ་དི་ཝ་སཿ། ཨརྡྷ་མ་ས་ཏ་མཿ། ཥཥྛི་སོགས་དེའི་ཕ་རོལ་མ་ཡིན་པ་ལས་སོ། །གྲངས་ 195-1-141b སྒྲ་གང་གིས་དང་པོ་ཥཥྛའི་སྒྲ་ཡིན་པ་དེ་ནི་ཥཥྛི་སོགས་སོ། །དེའི་ཕ་རོལ་ནི་དེའི་ཕ་རོལ་ལོ། །དེའི་ཕ་རོལ་མ་ཡིན་པ་ནི་དེའི་ཕ་རོལ་མ་ཡིན་པའོ། །ཥཥྛི་སོགས་ཀྱང་འདི་ཡིན་ལ་དེའི་ཕ་རོལ་མ་ཡིན་པ་ཡང་ཡིན་པ་ནི་ཥཥྛི་སོགས་དེའི་ཕ་རོལ་མ་ཡིན་པའོ། །ཥཥྛི་སོགས་ཀྱི་གྲངས་ཀྱི་སྒྲ་ལས་དེའི་ཕ་རོལ་ མ་ཡིན་པ་དེ་གང་གི་ཚེ་གྲངས་དེའི་ཕ་རོལ་མ་ཡིན་པར་གྱུར་པ་དེའི་ཚེ་རྫོགས་པའི་དོན་ལ་རྟག་ཏུ་ཏ་མཊ་འགྱུར་རོ། །བིཾ་ཤ་ཏི་སོགས་ལས་ཏ་མཊའོ་ཞེས་པས་རྣམ་པར་བརྟག་པ་ཐོབ་པ་ལའོ། །དྲུག་ཅུས་རྫོགས་པ་ནི་ཥཥྛི་ཏ་མཿ། སཔྟ་ཏི་ཏ་མཿ། ཨ་ཤཱི་ཏི་ཏ་མཿ། ན་ཝ་ཏི་ཏམཿ། དེའི་ཕ་རོལ་མ་ཡིན་ པ་ལ་ཞེས་པ་ཅི་ཞེ་ན། ཨེ་ཀ་ཥཥྛི་ཏ་མཿ། ཨེ་ཀ་ཥཥྛཿ། ཕྱོགས་གཅིག་ལ་བིཾ་ཤ་ཏི་སོགས་ལས་ཏ་མ་ཊའོ་ཞེས་པས་ཏ་མ་ཊའོ། །ཕྱོགས་གཅིག་ལ་གྲངས་ལས་རྫོགས་པ་ལ་ཞེས་པས་ཌའོ། །འདི་ལས་ཕྱི་མར་འཆད་པ་གང་། །རྣམ་དབྱེའི་མིང་དུ་ཤེས་བྱ་སྟེ། །དྭི་སོགས་མིན་པའི་ སརྦིའི་མིང་། །ཀིམ་པ་ཧུ་ལས་ཕ་རོལ་བཤད། །རྐྱེན་གང་རྣམས་ཀྱི་མིང་རྣམ་དབྱེ། །ཞེས་པ་ཡིན་པ་དེ་རྣམས་ནི་རྣམ་དབྱེའི་མིང་ངོ་། །དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །གང་གི་ཚོགས་ཀྱི་དང་པོ་དྭིའི་སྒྲ་ཡིན་པ་དེ་དྭི་སོགས་རྣམས་སོ། །དྭི་ལ་སོགས་པ་མ་ཡིན་པ་ནི་དྭི་སོགས་མིན་ པའོ། །ཀིམ་བ་ཧུ་ཞེས་པ་ཀུན་སྡུད་པའི་ཟླས་དབྱེ་བའོ། །འདི་ལས་ཏེ་མདོ་འདི་ལས་ཕྱི་མར་བར་མ་ཆད་དུ་ཏས་ལ་སོགས་པ་གང་ཡིན་པའི་རྐྱེན་འཆད་པར་འགྱུར་བ་དེ་རྣམས་རྣམ་དབྱེའི་མིང་ཅན་དུ་ཤེས་པར་བྱ་ཞིང་རྟོགས་པར་བྱ་སྟེ་དེའང་དྭི་སོགས་མིན་པ་སྟེ་དྭི་སོགས་སྤངས་པ་ཉིད་ལས་སོ། ། ཐམས་ཅད་པའི་མིང་ཅན་དང་ཀིམ་དང་བ་ཧུ་ལས་ཀྱང་ཕ་རོལ་དུ་འགྱུར་རོ། །དྭི་སོགས་མ་ཡིན་པ་ཞེས་པས་དགག་པ་ཐོབ་པ་ལའོ། །ཀིམའི་སྒྲ་ཐམས་ཅད་པའི་མིང་ཅན་ལས་གཞན་དུ་ཡང་ཉེ་བར་བླང་ངོ་། །རྣམ་དབྱེའི་མིང་གིས་གང་དུ་དགོས་ཤེ་ན། ཏྱད་སོགས་རྣམས་ཀྱི་རྣམ་དབྱེ་ལ་ཨའོ་ཞེས་ པ་ལ་སོགས་རྣམས་སུའོ། །དེ་ལས། ཏ་ཏཿ། དེ་ལ། ཏ་ཏྲ། རྣམ་ད་བྱེའི་མིང་ཡོད་པ་ན་ཏད་སོགས་ཀྱི་ཨ་ཉིད་དོ། །ཀིམ་དང་བ་ཧུ་ལས། ཅི་ལས། ཀུ་ཏ། ཅི་ལ། ཀུ་ཏྲ། མང་པོ་རྣམས་ལས། བ་ཧུ་ཏཿ། མང་པོ་རྣམས་ལ། བ་ཧུ་ཏྲ། དྭི་སོགས་མིན་པའི་ཞེས་པ་ཅི་ཞེ་ན། 195-1-142a དྭཱ་བྷྱམ྄། དྭ་ཡོཿ། ཏས་དང་ཏྲ་ཞེས་པ་འདི་དག་མི་འགྱུར་རོ། །ཐམས་ཅད་པའི་མིང་ཅན་ཞེས་པ་ཅི་ཞེ་ན། བྲྀ་ཀྵ་ཏ། བྲྀ་ཀྵེ། ཐམས་ཅད་པའི་མིང་ཅན་གྱི་བྱ་བ་ཁོ་ན་བྱས་པའི་ཏས་སོགས་རྣམས་ཀྱི་རྣམ་དབྱེའི་མིང་ཅན་དུ་བཤད་པར་བྱ་བའི་བྱ་བ་བཞིན་མ་ཡིན་ནོ། །དེས་ ན། ཏ་དཱ་ཏ། ཀ་དཱ། ཞེས་པ་འདིར་ཀ་ཡིག་རིང་པོའོ་ཞེས་པས་རིང་པོར་མི་འགྱུར་རོ། །དྭི་ཡུཥྨཏ། ཨསྨཏ། བྷ་ཝནྟ། ཀིམ་ཞེས་པ་དྭི་སོགས་སོ། །དེ་ལ་ཨི་དམའི་ཨིའོ། །དེ་ལ་ཨི་དམའི་སྒྲ་ནི་དེ་ལས་ཏེ་རྣམ་དབྱེའི་མིང་ཅན་དེ་རྣམས་ཕ་རོལ་ལ་ཨི་ཡིག་ཏུ་བསྒྱུར་བར་འགྱུར་རོ། ། ཁ་ཅིག་ཏུ་སྡམ་དང་ཕྱི་མ་དག་ཅེས་པས་ཐམས་ཅད་ཀྱིའོ། །འདི་ལས།ཨི་ཏཿ། ཨི་ཧ། ཨི་དམ་ལས་ཧའོ་ཞེས་པས་ཧའི་རྐྱེན་ནོ། །ར་ཐ་དག་ལས་ཨེཏ་དང་ཨིཏའོ། །ཨི་དམའི་སྒྲ་ནི་རེ་ཕ་དང་པོ་དང་ཐ་ཡིག་དང་པོའི་རྐྱེན་ཕ་རོལ་ལ་གྲངས་ཇི་ལྟ་བ་བཞིན་དུ། ཨེཏ་དང་ཨིཏ་ཅེས་པ་འདི་ དག་ཏུ་བསྒྱུར་བར་འགྱུར་རོ། །དུས་འདི་ལ། ཨེཏ་རྷི་ཨི་དམ་ལས་ཧི་དང་ཨ་དྷུ་ནཱ་དཱ་ནཱི་མའོ་ཞེས་པས་རྷིའི་རྐྱེན་ནོ། །རྣམ་པ་འདིས། ཨིཏྠཾ། ཨི་དམ་ཀིམ་དག་ལས་ཐ་མུ་ཞེས་པས་ཐ་མུའོ། །དེ་རྣམས་ལས་ཨེ་ཏད་ཨ་ཡིག་ཉིད་དོ། །ཨེ་ཏདའི་སྒྲ་ནི་རྣམ་དབྱེའི་མིང་ཅན་དེ་རྣམས་ཕ་ རོལ་ལ་ཨ་ཡིག་ཏུ་འཐོབ་བོ། །དེ་ལས། ཨ་ཏཿ། དེ་ལ། ཨ་ཏྲ། ལྔ་པ་ལས་ཏ་སའོ། །དྭི་སོགས་མིན་པའི་སརྦིའི་མིང་། །ཀིམ་བ་ཧུ་ལས་ཞེས་པ་རྗེས་སུ་འཇུག་སྟེ་ཕྱི་མར་འང་ངོ་། །ཀིམ་དང་བ་ཧུ་དང་ཐམས་ཅད་པའི་མིང་ཅན་སྟེ་འདི་རྣམས་ལས་ལྔ་པའི་མཐའ་རྣམས་ལས་ཏསའི་རྐྱེན་དུ་ འགྱུར་ཏེ། དྭི་སོགས་དོར་བ་ཉིད་ནའོ། །ཐམས་ཅད་ལས། སརྦ་ཏཿ། གང་ལས། ཡ་ཏཿ། འདི་ལས། ཨ་མུ་ཏཿ། ཅི་ལས། ཀུ་ཏཿ། མང་པོ་རྣམས་ལས། བ་ཧུ་ཏཿ། དྭི་སོགས་མིན་པ་ཅི་ཞེ་ན། དྭཱ་བྷྱཱམ྄་བྷ་ཝ་ཏཿ། ཡུཥྨཏ་ཨསྨཱ་ཏ་དག་ལ་ནི་ཏས་བཤད་པར་བྱའོ། །ཁྱོད་ལས། ཏྭཏྟ། བདག་ལས། མཏྟཿ། ཁྱོད་ལས། ཡུཥྨཏྟཿ། བདག་ལས། ཨསྨཏྟཿ། ཐམས་ཅད་པའི་མིང་ཅན་མ་ཡིན་པ་ལས་ཀྱང་། ལྔ་པའི་མཐའ་ལས་ཏས་འདོད་དོ། །ཨོ་ཧཱག་དང་རུ་ཧི་ཞེས་པ་འདི་དག་གི་སྦྱོར་བ་སྤངས་པ་ཉིད་ནའོ། །གྲོང་ལས། གྲཱ་མ་ཏཿ། དྷརྨ་ཏཿ། ནྱཱ་ཡ་ཏཿ། 195-1-142b འདིར་ནི་མི་འགྱུར་ཏེ། སཱརྠཱརྡྷཱི་ཡ་ཏེ། ན་པཱ་ད་ཝ་རོ་ཧ་ཏི། ཨཱ་དི་སོགས་རྣམས་ལས་བདུན་པའི་མཐའ་ལས་ཏས་བཤད་པར་བྱའོ། །དང་པོ་ལ། ཨཱ་དིཏཿ། དེ་བཞིན་དུ། མ་དྷྱ་ཏཿ། པཱཪྴཱ་ཏཿ། ཡ་སྨཱ་ཏ། ལས་བདུན་པའི་མཐའ་ལས་ཏས་བལྟ་ཞིང་བཤད་པར་བྱའོ། །ཨཱ་དི་སོགས་ ལས་ཤསའོ། །པ་རི་ཨ་བྷི་དག་ལས་གྲངས་ཇི་ལྟ་བར་ཐམས་ཅད་ལས་ཐམས་ཅད་དང་གཉིས་ཀའི་དོན་ལའོ། །ཐམས་ཅད་ལས། པ་རི་ཏཿ། ཐམས་ཅད་ལས་ཞེས་པའི་དོན་ཏོ། །གཉི་ག་ལས། ཨ་བྷི་ཏཿ། གཉིས་ཀ་ལས་ཞེས་པའི་དོན་ཏོ། །བདུན་པ་ལ་ཏྲའོ། །ཀིམ་དང་ བ་ཧུ་དང་ཐམས་ཅད་པའི་མིང་ཅན་ཏེ་འདི་རྣམས་ལས་བདུན་པའི་མཐའ་ལས་ཏྲའི་རྐྱེན་འགྱུར་ཏེ། དྭི་སོགས་དོར་བ་ཉིད་ནའོ། །ཐམས་ཅད་ལ། སརྦ་ཏྲ། གང་ལ། ཡ་ཏྲ། འདི་ལ། ཨ་མུ་ཏྲ། ཅི་ལ། ཀུ་ཏྲ། མང་པོ་ལ། བ་ཧུ་ཏྲ། ཐམས་ཅད་པའི་མིང་ཅན་ལ་ཞེས་པ་ཅི་ཞེ་ན། བྲྀ་ཀྵེ། དྭི་སོགས་མིན་པ་ཞེས་པ་ཅི་ཞེ་ན། དྭ་ཡོཿ། ཏྭ་ཡི། མ་ཡི། བྷ་ཝ་ཏི། ཨི་དམ་ལ་ཧའོ། །ཨི་དམ་ལས་བདུན་པའི་མཐའ་ལས་ཧའི་རྐྱེན་དུ་འགྱུར་རོ། །འདི་ལ། ཨི་ཧ། ཀིམ་ལས་སོ། །ཀིམ་ལས་བདུན་པའི་མཐའ་ལས་ཧའི་རྐྱེན་དུ་འགྱུར་རོ། །ཅི་ལ། ཀུ་ཧ། འདིར་ སྡེབ་སྦྱོར་ཁོ་ནའི་སྦྱོར་བ་ལའོ་ཞེས་སྨྲའོ། །ཨཏ་དང་ཀྭའང་ངོ་། །ཀིམ་ཞེས་པ་ཁོ་ནའོ། །ཀིམ་ལས་བདུན་པའི་མཐའ་ལས་ཨ་ཏའི་རྐྱེན་དུ་འགྱུར་ཏེ། ཀིམའི་འང་ཀྭཏ་ཅེས་པ་འདིར་བསྒྱུར་རོ། །ཏ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཡུལ་ཅི་ལ། ཀྭ། ཏ་ཧ་དག་ལསཀུའོ། ། ཀིམའི་ཏ་ཡིག་དང་ཧ་ཡིག་གི་རྐྱེན་ཕ་རོལ་ལ་ཀུ་རུ་བསྒྱུར་བར་འགྱུར་རོ། །ཀུ་ཏཿ། ཀུ་ཧ། ཀིམ། སརྦ། ཡད། ཨེ་ཀ །ཨནྱ་རྣམས་ཉིད་ལས་དུས་ལ་དཱའོ། །ཀིམ་དང་སརྦ་དང་ཡད་དང་ཨེ་ཀ་དང་ཨནྱ་ཞེས་པ་འདི་རྣམས་ལས་བདུན་པའི་མཐའ་ལས་དུས་ཀྱི་ཡུལ་ལ་དཱའི་རྐྱེན་དུ་ འགྱུར་རོ། །ཅིའི་དུས་ལ། ཀ་དཱ། དེ་བཞིན་དུ། སརྦ་དཱ། ཨེ་ཀ་དཱ།ཨནྱ་དཱ། དུས་ལ་ཞེས་པ་ཅི་ཞེ་ན། ཡུལ་ཐམས་ཅད་ལ། སརྦ་ཏྲ་ཉིད་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །སརྦའི་སྒྲའི་དཱའི་རྐྱེན་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་བར་ཡང་ན་བཤད་པར་བྱ་སྟེ། ས་དཱ། 195-1-143a སརྦ་དཱ། ཨི་དམ་ལས་རྷི་ཨ་དྷུ་ནཱ་དཱ་ནཱི་མའོ། །ཨི་དམ་ལས་བདུན་པའི་མཐའ་ལས་དུས་ཀྱི་ཡུལ་ལ་རྷི་དང་། ཨ་དྷུ་ནཱ་དང་དཱ་ནཱི་མ་སྟེ་རྐྱེན་འདི་རྣམས་འགྱུར་རོ། །དུས་འདི་ལ། ཨེ་ཏ་རྷི། དེ་བཞིན་དུ། ཨ་ཨི་ད་ནི་མ། ཨ་དྷུ་ནཱ་ཞེས་པ་འདིར་དེ་ལ་ཨི་དམའི་ཨིའི་ཞེས་ པས་ཨི་ཉིད་དོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །དུས་ལ་ཞེས་པ་ཅི་ཞེ་ན། ཡུལ་འདི་ལ། ཨི་ཧ། ཏད་ལས་དཱ། དཱ་ནི་མ་དག་བཤད་དོ། །ཏད་ལས་བདུན་པའི་མཐའ་ལས་དུས་ཀྱི་ཡུལ་ལ་དཱ་དང་དཱ་ནི་མ་ཞེས་པའི་རྐྱེན་འདི་དག་འགྱུར་རོ། །དུས་དེ་ལ་ཏ་དཱ། ཏ་དཱ་ནིམ། དུས་ལ་ཞེས་པ་ཅི་ཞེ་ན། ཡུལ་དེ་ལ། ཏད། ཐམས་ཅད་པའི་མིང་ཅན་ལས་ཇི་ལྟར་བསྟན་པར་རྷིའི་རྐྱེན་ཡང་བཤད་པར་བྱའོ། །དུས་ཅི་ལ། ཀ་རྷི། ཏ་རྷི། ཕྱོགས་གཅིག་ལ། ཀ་དཱ། ཏ་དཱ། ས་དྱཿ། སོགས་རྣམས་ཚིག་ཕྲད་དོ། །སོགས་འགྱུར་བ་ནི་སོགས་སོ། །གང་ རྣམས་ཀྱི་དང་པོ་སངྻཿའི་སྒྲ་ཡིན་པ་དེ་རྣམས་ནི་སངྻཿསོགས་སོ། །ཡངྻཿསོགས་ཀྱི་སྒྲ་ཚིག་ཕྲད་དོ། །ལེགས་པ་ཉིད་ཀྱི་བརྗོད་པ། སངྻཿ། ས་མ་ནིའི་སྒྲའི་དྨ་སའི་རྐྱེན་ཚིག་ཕྲད་དེ། ས་ཡིག་ཏུ་བསྒྱུར་བའང་ངོ་། །ཉིན་མོ་ལ་མཚུངས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །པུརྦ་དང་། བུརྦ་ ཏ་རའི་སྒྲ་དག་ལས་ཨུ་ཏ་དང་ཨཱརི་ཞེས་པ་འདི་དག་ཚིག་ཕྲད་དེ། པ་ར་ཞེས་པ་འདི་བསྒྱུར་བའང་ངོ་། །པུ་རུ་ད། པ་རཱ་རི། སྔ་མ་འདི་ལ་ཞེས་པ་ངག་གོ། །པ་རའི་སྒྲ་ལས་ཨརྱ་བི། ཚིག་ཕྲད་དེ། པ་རེ་ཏྱ་བི། ཉི་མ་ཕྱི་མ་ལ་ཞེས་པ་ངག་གོ། །ཨི་དམའི་སྒྲའི་ཏྱའི་ཚིག་ཕྲད་དེ། ཨ་ཡིག་ ཏུ་བསྒྱུར་བའང་ངོ་། །ཨ་ཏྱ། ཉིན་མོ་འདི་ལ་ཞེས་པ་ངག་གོ། །པུརྦེ་དྷུཿ། ཨནྱ་ཏ་རེ་དྷུཿ། ཨུ་བྷ་ཡེ་དྷུཿ། ཨུཏྟ་རེ་དྷུཿ། ཉི་མ་སྔ་མ་ལ་ཞེས་སོགས་ཀྱི་ངག་བྱའོ། །ཨེ་ཏྱུ་ས་ཚིག་ཕྲད་དོ། །པུ་ར་སྟཱཏ་སོགས་རྣམས་ཀྱང་ངོ་། །པཱུ་ར་སྟཏ་ཀྱི་སྒྲ་སོགས་ངག་ཡིན་པ་དེ་རྣམས་ཀྱང་ཚིག་ཕྲད་དོ། །པཱུ་རཱ་ དང་ཨ་དྷ་ར་དང་ཨ་ཝ་ར་ཞེས་པ་འདི་རྣམས་ཕྱོགས་དང་ཡུལ་དང་དུས་ལ་འཇུག་པར་གྱུར་པ་ལས་བདུན་པ་དང་ལྔ་པ་དང་དང་པོ་རྣམས་ལས་ཨསྟ་ཏའི་རྐྱེན་ཚིག་ཕྲད་དེ། པུ་ར། ཨུ་དྷ་། ཨ་བ་ཞེས་པ་འདི་རྣམས་སུའང་བསྒྱུར་རོ། །པུ་ར་སྟཱཏ། ཨ་དྷ་སྟཏ། ཨ་དྷ་སྟཏ་ཕྱོགས་སྔ་མ་ལ། ཡུལ་སྔ་མ་ལ། 195-1-143b དུས་སྔ་མ་ལ། ཕྱོགས་སྔ་མ་ལས། ཡུལ་སྔ་མ་ལས། དུས་སྔ་མ་ལས། ཕྱོགས་སྔ་མ། ཡུལ་སྔ་མ། དུས་སྔ་མ་ཞེས་པ་ལ་སོགས་པ་ཐམས་ཅད་ལ་ཚིག་རྣམ་པར་སྦྱར་རོ། །པཱུརྦ། ཨ་དྷ་ར། ཨ་ཝ་ར་སྟེ་འདི་རྣམས་ལས་ཨ་སའི་རྐྱེན་ཚིག་ཕྲད་དེ། སུ་རཿ། ཨ་དྷཿ། ཨ་ཝཿ། གཞན་ཐམས་ཅད་སྔ་མ་བཞིན་ནོ། །ཨ་དྷའི་སྒྲའི་རི་དང་རིཥྚཱ་འདི་དག་ཚིག་ཕྲད་དེ། ཨུ་བ་ཞེས་པ་རའང་བསྒྱུར་རོ། །ཨུ་པ་རི། ཨུ་པ་རིཥྚཱཏ་སྟེང་གི་ཕྱོགས་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཨུཏྟ་ར་དང་ཨ་དྷ་ར་དང་དཀྵི་ཎ་རྣམས་ལས་ཨེ་ན་ཚིག་ཕྲད་དེ། ཨུཏྟ་རེ་ཎ། ཨ་དྷི་རེ་ཎ། དཀྵི་ཎེ་ ན། བྱང་གི་ཕྱོགས་ལ། ཕྱི་མའི་ཡུལ་ལ། ཕྱི་མའི་དུས་ལ་ཞེས་སོགས་ངག་གོ། །རྣམ་པ་བརྗོད་པ་ལ་ནི་ཐའོ། །ཐམས་ཅད་པའི་མིང་ཅན་ལས་རྣམ་པ་བརྗོད་ཅིང་མངོན་པར་བརྗོད་པ་ལ་ཐའི་རྐྱེན་དུ་འགྱུར་རོ། །ཐམས་ཅད་ཀྱི་རྣམ་པས། སརྦ་ཐཱ། ཏ་ཐཱ། ཡ་ཐཱ། གྲངས་ལས་ དྷའི་རྐྱེན་བཤད་པར་བྱའོ། །གཅིག་གི་རྣམ་པས། ཨེ་ཀ་དྷཱ། དྭི་དྷཱ། ཏྲི་དྷཱ། ཙ་ཏུརྡྷཱ། ཨེ་ཀའི་སྒྲ་ལས་དྷྱ་མུ་ཎ་ཡང་འདོད་དེ། གཅིག་གི་རྣམ་པས། ཨཻ་ཀ་དྷྱཾ། དྭི་ཏྲི་དག་ལས་ཨེ་དྷཱ་དྷ་མུཎ་དག་ཀྱང་བཤད་པར་བྱའོ། །གཉིས་དག་གི་རྣམ་པས། དྭེ་དྷཱ། ཏྲེ་དྷཱ། དྭཻ་དྷཱཾ། ཏྲཻ་དྷཱཾ། ཨི་དམ་ཀིམ་དག་ལས་ཐ་མུ་བྱའོ། །ཨི་དམ་དང་ཀིམ་ཞེས་པ་འདི་དག་ལས་རྣམ་པ་བརྗོད་པར་གྱུར་པ་ལ་ཐ་མུའི་རྐྱེན་དུ་འགྱུར་རོ། །ཨུ་ཡིག་ནི་བརྗོད་པའི་དོན་ཏོ། །འདིའི་རྣམ་པས་ཨིཏྠཾ། དེ་བཞིན་དུ། ཀ་ཐཾ། གང་ཏས་ལ་སོགས་པ་ནས་ཐ་མུའི་བར་གྱི་རྐྱེན་གྱི་སྒྲ་དེ་རྣམས་ཀྱི་མཐའ་མི་ཟད་པ་ ཞེས་པས་གྲགས་སོ། །ཨཱ་ཁྱཱ་ཏ་ལས་ཀྱང་ཏ་མ་སོགས་རྣམས་སོ། །རྟགས་ལས་ཏ་མ་སོགས་ཀྱི་རྐྱེན་རྣམས་འགྱུར་རོ། །ཨ་ཁྱཱ་ཏ་ལས་ཀྱང་ངོ་། །འདི་རྣམས་ཀྱི་ཕྱུག་པའི་ཤིན་ཏུ་མཆོག་ཏུ་གྱུར་པ་ནི། ཨཱཌྷྱ་ཏམཿ། འདི་འདི་དག་ནི་ཕྱུག་པའི་ཤིན་ཏུ་མཆོག་ཏུ་གྱུར་པ་ནི། ཨཱ་ཌྷྱ་ཏ་རཿ། འདི་འདི་ རྣམས་ཀྱི་མཁས་པའི་མཆོག་ཏུ་གྱུར་པ་ནི། པ་ཊིཥྛཿའདི་འདི་དག་གི་མཁས་པའི་མཆོག་ཏུ་གྱུར་པ་ནི། པ་ཊཱི་ཡཱན། དེ་བཞིན་དུ། ལ་གྷིཥྛཿ། མ་གྷཱི་ཡཱན། ཉི་ཤུ་མཆོག་གི་དོན་ལ། ཏ་མ། ཏ་ར། ཨཥྛ། ཨཱི་ཡནྶ་ཞེས་པ་འདི་རྣམས་བཤད་པར་བྱའོ། །དེ་ལ་མང་པོ་རྣམས་ཀྱི་ནང་ནས་ 195-1-144a གཅིག་ཤིན་ཏུ་མཆོག་ཏུ་གྱུར་པ་ལ། ཏམ། ཨིཥྛ་ཞེས་པ་འདི་དག་འགྱུར་རོ། །གཉིས་དག་གི་ནང་ནས་གཅིག་མཆོག་ཏུ་གྱུར་པ་ལ་ཏ་ར། ཨི་ཡནྶ་ཞེས་པ་འདི་དག་གོ། །ཨིཥྛ། ཨཱི་ཡནྶ་དག་གི་ཡོན་ཏན་བརྗོད་པ་ཁོ་ན་ལ་བལྟ་བར་བྱ་སྟེ། བྲ་ཤ་སྱ། ཨནྟི་ཀ །ཨལྤ་ ཞེས་པ་འདི་རྣམས་ལས་ཀྱང་ངོ་། །འདི་འདི་རྣམས་ཀྱི་བསྟོད་པའི་མཆོག་ཏུ་གྱུར་པ། ཤྲེཥྛཿ། འདི་འདི་དག་གི་བསྟོད་པའི་མཆོག་ཏུ་གྱུར་པ་ནི། ཤྲེ་ཡཱནྶ་། དེ་བཞིན་དུ། ཛྱེཥྛཿ། ཛྱཱ་ཡཱན། པྲ་ཤྲ་སྱའི་ཤྲ་དང་ཛྱའོ་ཞེས་པས་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་པྲ་ཤ་སྱའི་ཤྲ་དང་ཛྱ་ཞེས་ པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཛྱའི་ཨིཥྛ་ཨཱི་ཡནྶ་དག་ཕ་རོལ་ལས་ཨཱི་ཡན་ལ་ཞེས་པས་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་ཛྱ་ཡཱན་ཞེས་པ་འདིར་ཨཱི་ཡིག་གི་ཨཱ་ཉིད་དོ། །འདི་འདི་རྣམས་ཉི་ཤུ་ཉེ་བར་གྱུར་པ། ནེ་དིཥྛཿ། འདི་འདི་དག་གི་ཉི་ཤུ་ཉེ་བར་གྱུར་པ། ནེ་དཱི་ཡཱན། ཨནྟི་ཀ །བཱ་ཌྷ་ དག་གི་ནེ་ད་སཱ་དྷ་དག་གོ་ཞེས་པས་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་ཨནྟི་ཀའི་སྒྲ་ནེ་ད་དུ་བསྒྱུར་རོ། །འདི་འདི་རྣམས་ཀྱི་ཤིན་ཏུ་ཆུང་བ་ནི། ཀ་ནིཥྛཿ། འདི་འདི་དག་གི་ཤིན་ཏུ་ཆུང་བ་ནི། ཀ་ནཱི་ཡཱན། ཡུ་ཝཱ་ཨལྤ་དག་གི་ཀ་ནའོ་ཞེས་པས་འཛིན་པའི་ཉེ་བར་སྤྱོད་པ་ལས་ཨལྤའི་ཀན་དུ་བསྒྱུར་ཏེ། དེའང་ཡང་ན་བཤད་པར་བྱའོ། །དེས་ན། ཨལྤིཥྛཿ། ཨལྤཱི་ཡཱན། ཨ་ཁྱཱ་ཏ་ལས་ཀྱང་། འདི་འདི་རྣམས་ཀྱི་མཆོད་པའི་མཆོག་ཏུ་གྱུར་པ་ནི། པ་ཙ་ཏི་ཏམཿ། འདི་འདི་དག་གི་འཚེད་པའི་མཆོག་ཏུ་གྱུར་པ་ནི། པ་ཙ་ཏི་ཏ་རཿ། ཀིམ་དང་ཨེ་ཡིག་མཐའི་སྒྲ་དང་མི་ཟད་པ་དང་ཨ་ཁྱཱ་ཏ་ལས་ཀྱང་ ཤིན་དུ་བའི་དོན་ལ། ཏ་མཱཾ། ཏ་རཾ་ཞེས་པ་འདི་དག་ཀྱང་འགྱུར་རོ། །འདི་འདི་རྣམས་ཀྱི་གང་ཤིན་ཏུ་མཆོག་ཡིན་པ། ཀིནྟ་མཱཾ། འདི་གཉིས་དག་གི་གཅིག་ཤིན་ཏུ་མཆོག་ཡིན་པ། ཀིནྟ་རཾ། འདི་འདི་རྣམས་ཀྱི་ཉིན་མོ་ཤིན་ཏུ་སྔ་མར་གྱུར་པ་ནི། པཱུརྦཱ་ཧྞེ་ཏ་མཾ། འདི་འདི་རྣམས་ཀྱི་མཐོ་ བའི་མཆོག་ཏུ་གྱུར་པ་ནི། ཨུཙྩཻ་ཏ་མཱཾ། ཨུཙྩཻ་ཏ་རཱཾ། པ་ཙ་ཏི་ཏ་མཱཾ། པ་ཙ་ཏི་ཏ་རཱཾ། རྟགས་ལས་ཅུང་ཟད་མ་རྫོགས་པར་ཡོད་པ་ལ་ཀལྤ་དང་དེ་ཤྱ་དང་དེ་ཤྭི་ཡ་ཞེས་པ་འདི་རྣམས་འདོད་དོ། །མཁས་པ་ཅུང་ཟད་མ་རྫོགས་པ་ནི། པ་ཊུ་ཀལྤཿ། པ་ཊུ་དེ་ཤྱཿ། པ་ཊུ་དེ་ཤི་ཡཿ། སྡོད་པའི་ 195-1-144b དོན་ལ་བསྡུ་བ་འདོད་དོ། །སྡོད་པའི་སྐྱེས་བུ་ནི། པུ་རུ་ཤ་རཱུ་པཿ། འབྱུང་བ་སྔོན་མའི་དོན་ལ་ཙ་ར་འདོད་དེ། ཕྱུག་པོ་འབྱུང་བ་སྔོན་མ་ནི།ཨཱ་ཌྷྱ་ཙ་རཿ། ལྷན་ཅིག་མ་ཡིན་པར་བརྗོད་པའི་དོན་ལ་ཨེ་ཀའི་སྒྲ་ལས་ཀ་དང་ཨ་ཀིན་ཞེས་པ་འདི་དག་འདོད་དེ། ཨེ་ཀ་ཀཿ། ཨེ་ཀཱ་ཀཱི་ཀཿ། འདིར་དེའི་ བརྗོད་པ་ཞེས་པའི་དོན་ལ་ཙུཉྩ་དང་ཙ་ན་དག་འདོད་དེ། སྐྲ་ལས་བརྗོད་པ་ནི། ཀེ་ས་ཙུཉྩཿ། ཀེ་ས་ཙ་ཎཿ། སྨད་པ་ལ་བ་ཤའི་རྐྱེན་འདོད་དེ། སྐྱེས་བུ་སྨད་པ། པུ་རུ་ཥ་ཤཱ་ཤཿ། ཏ་ར་ཀ་ལ་སོགས་པ་རྣམས་ལས་ཡང་དག་པར་སྐྱེས་པ་ཞེས་པའི་དོན་ལ་འདིར་ཨི་ཏའི་རྐྱེན་འདོད་དེ། སྐར་ མ་ཡང་དག་པར་སྐྱེས་པ་དེ་འདིའི། ཏཱ་ར་ཀི་ཏ་ར་ན་བྷཿ། བདེ་བ་ཡང་དག་པར་སྐྱེས་པ་དེ་འདིའི། སུ་ཁི་ཏཿ། ཏ་ར་ཀ་དང་། སུ་ཁ་དང་། དུཿཁ་དང་། པུ་ཤྱ་དང་། བི་ཙཱ་ར་དང་། ཀུཊྨ་ལ་དང་། སྟ་བ་ཀ་དང་། མུ་ཀུ་ལ་དང་། ཀུ་སུ་ལ་དང་། ལ་ཀི་ས་ལ་ཡ་དང་། ནི་དྲཱ་དང་། ཏནྟྲ་དང་། བུ་བྷུ་དང་། ཀྵ་དང་། པི་པཱ་ཤཱ་དང་། ཨཾ་ཏྲ་དང་། རོ་ག་དང་། ཨུཏྐཎྛ་དང་། ཤྲ་དྷཱ་དང་། བྱཱ་དྷི་དང་། བྲ་ཎ་དང་། གརྦ་དང་། ཀཎྛ་དང་། བེ་ཀ་སྟེ་འདི་རྣམས་ཏཱ་ར་ཀ་ལ་སོགས་པ་རྣམས་སོ། །ཚད་ཀྱི་དོན་ལ། དགྷྣ་དང་། དྭ་ཡ་ས་དང་། མཱ་ཏྲཊ་ཅེས་པ་འདི་ རྣམས་འདོད་དོ། །ཆུ་འདིའི་རླའི་ཚད་ནི། ཨུ་རུ་དགྷྣཾ། ཨཱུ་རུ་དགྷྣཾ། ཨཱུ་རུ་དྭ་ཡ་སཾ། ཨཱུ་རུ་མཱ་ཏྲ། པུ་རུ་ཥ་དང་ཧསྟི་དག་ལས་ཨ་ཎའི་རྐྱེན་འང་འདོད་དེ། སྐྱེས་བུ་འདིའི་ཚད་ནི། པཽ་རུ་ཥཾ། དེ་བཞིན་དུ། ཧཱསྟི་ནཾ། འང་གི་སྒྲས། པུ་རུ་ཥ་དགྷྣཾ། ཞེས་སོགས་ཀྱང་འགྱུར་རོ། ། ཚད་ཀྱི་དོན་ལ། ཡད་ཏད་ཨེ་ཏད་རྣམས་ལས་ཝནྟུ་འདོད་དེ། ཨ་ཡིག་ཏུའང་བསྒྱུར་རོ། །གང་གི་ཚད། ཡཱ་ཝཱན། ཏཱ་ཝཱན། ཨེ་ཏཱ་ཝཱན། ཨི་དམའི་སྒྲ་ལས་ཨི་ཡན་ཏུ་འདོད་དེ། ཨི་ཡིག་ཏུ་བསྒྱུར་བ་ཡང་ངོ་། །འདི་ཡོངས་སུ་གཞལ་བ་ནི། ཨི་ཡཱན། ཨི་ཡིག་ཏུ་བསྒྱུར་བར་བྱས་ པ་ན། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །ཀིམ་སྒྲ་ལས་ཨི་ཡནྟུ་འདོད་དེ། འདི་ཅིའི་ཚད། ཀི་ཡན། ཆ་ཤས་ལ་འཇུག་བཞིན་པའི་གྲངས་ལ་ཏ་ཡ་འདོད་དེ། ལྔའི་ཆ་ཤས་གང་ཡིན་པ་འདིའི། པཉྩ་ཏ་ཡཾ། ཙ་ཏུཥྚ་ཡཾ། དྭི་ཏྲི་དག་ལས་ཨ་ཡ་ཡང་ན་འདོད་དེ། གང་གཉིས་ 195-1-145a དག་གི་ཆ་ཤས་འདི་དྭ་ཡཾ། ཏྲ་ཡཾ་ཕྱོགས་གཅིག་ལ་ཏ་ཡའི་རྐྱེན་ཏེ། དྭི་ཏ་ཡཾ། ཏྲི་ཏ་ཡཾ། ཨུ་བྷའི་སྒྲ་ལས་ཨ་ཡའི་རྐྱེན་བཤད་པར་བྱ་སྟེ། གཉིས་ཀ་དག་གི་ཆ་ཤས་གང་ཡིན་པ་དེའི། ཨུ་བྷ་ཡཾ། གྲངས་འདྲི་བའི་དོན་ལ་ཀིམ་ལས་ཨ་ཏི་འདོད་དེ། བྲམ་ཟེ་འདི་ རྣམས་ཀྱི་གྲངས་ཅི་ཡིན། ཀ་ཏི་བྲཧྨ་ཎཿ། མང་བ་དང་ཉུང་བའི་དོན་ལ་ཤས་བཤད་པར་བྱའོ། །མང་པོ་སྟེར་བ་བྱེད་དོ་ནི། བ་ཧུ་ཤོ་ད་དཱ་ཏི། དེ་བཞིན་དུ། བྷུ་རི་ཤོ་ད་དཱ་ཏི། ཨལྤ་ཤོ་ད་དཱ་ཏི། སྟོ་ཀ་ཤོ་ད་དཱ་ཏི། གྲངས་དང་གཅིག་པ་བརྗོད་པའི་མཐའ་ལས་ཐོབ་པར་འདོད་བཞིན་པ་ལའོ། ། གཉིས་གཉིས་སྟེར་བྱེད་དོ། །དྭི་ཤོ་ད་དཱ་ཏི། རྐང་པ་རྐང་པ་སྟེར་བ། པ་དཱ་ཤོ་ད་དཱ་ཏི། མ་བྱུང་བ་དེ་བྱུང་བ་ལ། ཀྲི། བྷུ། ཨསྟི་རྣམས་དང་ལྡན་པ་ལས་ཙཱི་འདོད་དོ། །དཀར་པོ་མིན་པ་དཀར་པོར་བྱེད་པ། ཤུ་ཀླཱི་ཀ་རི་ཏི། དེ་བཞིན་དུ། ཤུ་ཀླི་བྷ་བ་ཏི། ཤུཀླཱི་སྱཱ་ཏ། དཱི་ཧཱི་བྷ་བ་ ཏི། ཞེས་པའི་ཤེས་པར་བྱེད་པ་ལས་ཨའི་ཡི་གེའི་ཨཱི་ཉིད་དོ། །ཙཱི་དབྱིའོ། །མཐའ་དག་རྟོགས་པར་འགྱུར་བ་ལ་སཱ་ཏའི་རྐྱེན་འདོད་དེ། ཞོ་མཐའ་དག་འོ་མ་ལས་འབྱུང་བ་ནི། དདྷི་སཱ་ཏ། དེའི་དབང་དུ་གྱུར་པའི་དོན་ལའང་ངོ་། །བྲམ་ཟེའི་དབང་དུ་བྱེད་པ་ནི། བི་པྲ་སཱ་ཏ་ཀ་རོ་ཏི། ལན་ གྲངས་ཀྱི་དོན་ལ་ཀྲྀ་ཏྭས་འདོད་དོ། །ལན་ལྔ་སྟེར་བར་བྱེད་པ། པཉྩ་ཀྲྀ་ཏྭོ་ད་དཱ་ཏི། དེ་བཞིན་དུ། རྭི་ཏྲི་ཙ་ཏུར་རྣམས་ལས་སུ་འདོད་དོ། །ཨུ་ཡིག་བརྗོད་པའི་དོན་ཏོ། །ལན་གཉིས་དག་ཟ་བ། དྭིར་བྷུང་ཀྟེ། ཏྲིར་བྷུང་ཀྟེ། ཨེ་ཀའི་ས་ཀྲིཏ་འང་ངོ་ཞེས་པས་ཨེ་ཀའི་སྒྲ་ལས་སུའི་རྐྱེན་དུ་འགྱུར་ ཏེ། ས་ཀྲིཏ་ཅེས་པ་འདིར་བསྒྱུར་བའང་ངོ་། །ས་ཀྲྀཏ་བྷུང་ཀྟེ། ཏ་མཱ་མ། ཏ་རཱ་མ། ཏ་ཤ་སི། ཙྭི། ཀྲྀ་ཏྭས། སུ་ཞེས་པ་འདི་རྣམས་ཀྱི་མཐའ་མི་ཟད་པར་རབ་ཏུ་གྲགས་སོ། །འདི་ལྟ་བུ་སོགས་ཏ་མ་སོགས་རྣམས་ཏེ་གཞན་ཡང་མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །བསྡུ་ བའི་མཐར་གྱུར་པ་རཱ་ཛ་སོགས་རྣམས་ཀྱི་ཨཏ་མཐའ་ཉིད་ཡང་ནའོ། །བསྡུ་བའི་མཐའ་ནི་བསྡུ་མཐའོ། །བསྡུ་བའི་མཐར་གྱུར་པ་ནི་བསྡུ་མཐར་གྱུར་པའོ། །ཨཏ་ཀྱང་འདི་ཡིན་ལ་མཐའ་ཡང་ཡིན་པ་ནི་ཨཏ་མཐའ་སྟེ་དེའི་དངོས་པོ་ནི་ཨཏ་མཐའ་ཉིད་དོ། །བསྡུ་བའི་མཐར་གྱུར་པ་རྣམས་ཀྱི་སྟེ་ 195-1-145b བསྡུ་བའི་མཐའི་ཡུལ་གྱི་གནས་སུ་རཱ་ཛན་སོགས་རྣམས་ཀྱི་ཨཏ་མཐའ་ཉིད་དེ། ཨ་ཡིག་གི་མཐའ་ཉིད་དུ་འགྱུར་ཏེ། ཨ་ཡིག་གི་རྐྱེན་ཡང་ན་འགྱུར་རོ་ཞེས་པའི་དོན་ཏོ། །མ་ཧཱ་རཱ་ཛཿ། ཚིག་སྡུད་བྱས་པ་ན། ན་ནི་འགའ་ཞིག་ཏུའོ་ཞེས་པས་ན་དབྱིའོ། །མཆོག་ཀྱང་འདི་ཡིན་ལ་ཉི་མ་ཡང་ཡིན་པ་ ནི། པཱ་ར་མཱ་ཧཿ། སྐྱེས་པའི་རྟགས་ལ་ཉིད་ལས་བཤད་པར་བྱའོ། །བྲམ་ཟེ་རྣམས་ཀྱི་གྲོགས་པོ་ནི། བི་པྲ་ས་ཁཿ། རཱ་ཛ་ཨ་ཧས་ས་ཁི་རྣམས་ལས་དེའི་སྐྱེས་བུ་ཉིད་ལ་ཨ་ཡིག་བཤད་པར་བྱའོ། །དེས་འདིར་མི་འགྱུར་ཏེ། གང་གི་རྒྱལ་པོ་ཆེན་པོ་ཡིན་པ་དེ། མ་ཧཱ་རཱ་ཛཱ། གོའི་སྒྲ་ལས་ཀྱང་དེའི་སྐྱེས་བུ་ཉིད་ལའོ། །བ་ལང་ལྔ་རྣམས་ཀྱི་ཚོགས་པ་ནི། པཉྩ་ག་ཝཾ། དེའི་སྐྱེས་བུ་གཉིས་པ་འདིས་འདིར་དེའི་སྐྱེས་བུའི་མིང་ཅན་ནོ། །གྲངས་དང་མི་ཟད་པ་གཉིས་ཀྱི་ཨཾ་གུ་ལིའི་སྒྲའིའོ། །སོར་མོ་གཉིས་དག་གི་ཚད་འདིའི། དྭྱཾ་གུ་ལཾ། སོར་མོ་རྣམས་དང་བྲལ་བ་ནི། ནི་རཾ་གུ་ལཾ། ཨ་ཧས་དང་སརྦ་དག་ལས་རཱ་ཏྲི་ལས་སོ། །ཉིན་མོ་དང་མཚན་མོ་དང་ནི། ཨ་ཧོ་རཱ་ཏྲཾ། ཨ་ཧནའི་སྒྲའི་ས་ཉིད་དོ། །ཐམས་ཅད་ཀྱང་འདི་ཡིན་ལ་མཚན་མོ་ཡང་ཡིན་པ་ནི། སརྦ་རཱ་ཏྲཿ། ཟླས་དབྱེའི་བསྡུ་བ་ལ་ཙ་སྡེའི་འང་ད་ཡིག་དང་ས་ཡིག་དང་ཧ་ཡིག་མཐའ་རྣམས་ཀྱིའོ། །པྲཀྟཱ་ ཙམྲ། ཤྲཱི་བྲ་ཛམྲ། ལཱ་གྲཱྀ་ཥ་དཾ། ཝཱ་གྲྀ་ཥ་དཾ། ཝཱ་གྲྀ་པྲུ་ཥཾ། ཙྪ་ཏྲོ་པཱ་ཎ་ཧཾ། འདི་ནི་ཀུན་སྡུད་པ་ཁོ་ནའི་སྒྲུབ་པའོ། །དེས་ན་འདིར་མི་འགྱུར་ཏེ། སློབ་མ་དང་ཨུ་པཱ་ན་དང་ནི། ཙྪ་ཏྲོ་པཱ་ན་ཧཽ། དྭི་ཏི་དག་ལས་ཨུརྡྷ་སྒྲའི་འབྲུ་མང་པོ་པ་ལའོ། །གང་གི་མགོ་གཉིས་དག་ཡིན་པ་ནི། དྭི་མཱུརྡྷཿ། དེ་བཞིན་དུ། ཏྲི་མཱུརྡྷ། བུད་མེད་དང་སྐྱེས་པ་ནི། སྟཱི་བུཾ་སཽ། འདི་ནི་ཟླས་དབྱེ་ཁོ་ནའི་སྒྲུབ་པའོ། །དེས་ན་འདིར་མི་འགྱུར་ཏེ། བུད་མེད་ཀྱི་སྐྱེས་པ་ནི། སྟྲཱི་པུ་མཱན། ངག་དང་ཡིད་ནི། ཝཪྨ་ན་སཱི། མིག་དང་སྨིན་མ་དག་ནི། ཨཀྵི་བྷྲུ་ཝཾ། ཨུ་བར་བསྒྱུར་བར་བརྗོད་དོ། །དཱ་ར་སྔ་མ་ ལས་ཀྱང་གོའི་ཨ་ཡིག་ཏུ་བཤད་པར་བྱ་སྟེ། དར་དང་བ་ལང་དག་དཱ་རཱ་ག་ཝཾ། ནཀྟཾ་དང་སྣང་བ། ནཀྟཾ་དི་ཝཾ། ཉིན་མོ་དང་སྣང་བ་ཨ་ཧ་རྡི་ཝཾ། ཉིན་མོ་དང་ཉིན་མོ་ལ་ཞེས་པའི་དོན་ཏོ། །སྐྱེས་བུའི་ཚེ། པུ་རུ་ཥ་ཡུ་ཥཾ། ཉིན་མོའི་སྔ་ཆ། པཱུརྦཱ་ཧྞཿ། དེ་བཞིན་དུ། མདྷྱ་ཧྞཿ། ཨ་ 195-1-146a པ་རཱ་ཧྞཿ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཨ་ཡིག་དབྱིའོ། །མཚན་མོ་དང་ཉིན་མོ་རཱ་ཏྲི་ནྡི་ཝཾ། ཚིག་སྔ་མར་མ་ཡིག་ཨཱ་ག་མར་བཤད་པར་བྱའོ། །ན་ཉ་དུས་སུ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་པྲ་ཛཱ་དང་མི་དྷ་སྒྲ་དག་ལས་བསྡུ་བའི་མཐའ་ལ་ཨས་བཤད་ པར་བྱའོ། །གང་གི་སྐྱེ་དགུ་ཡོད་པ་མ་ཡིན་པ་དེ། ཨ་པྲ་ཛ་སཽ། ཨ་པྲ་ཛ་སཿ། གང་གི་སྐྱེ་དགུ་སྡུག་པ་དེ། དུཥྤ་ཛཿ། གང་གི་སྐྱེ་དགུ་བཟང་པོ་ཡིན་པ་དེ། སུ་པྲ་ཛཱཿ། དེ་བཞིན་དུ། ཨ་མེ་དྷཱཿ།དུཪྨེ་དྷཱཿ། སུ་མེ་དྷཱཿ། ཨནྟུ་དང་ཨ་ས་མཐའི་འང་ཞེས་པ་རིང་པོའོ། །འབྲུ་མང་པོ་པའི་ ཡུལ་ཏེ་སྒྲུབ་པ་གཞན་ལ་མ་ཡིན་ནོ། །ཧསྟི་སོགས་བོར་བ་ཉིད་ལས་ཉེ་བར་འཇལ་བ་ལས་ཕ་རོལ་གྱི་པཱ་དའི་སྒྲའི་འབྲུ་མང་པོ་པའི་ཡུལ་ལ་མཐའ་དབྱི་བར་འདོད་དོ། །གང་གི་རྐང་པ་དག་སྟག་གི་འདྲ་བ་དེ། བྱཱ་གྷྲ་བཱ་ད། ཧསྟི་སོགས་བོར་བ་ཉིད་ལས་ཞེས་པ་ཅི་ཞེ་ན། གང་གི་རྐང་པ་དག་གླང་པོའི་འདྲ་ བ་དེ། ཧསྟི་པཱ་དཿ། གྲངས་དང་སུ་སྒྲ་དག་ལས་ཀྱང་ཕ་རོལ་གྱིའོ། །གང་གི་རྐང་པ་དག་གཉིས་པ་དེ། དྭི་པཱ་ད། དེ་བཞིན་དུ། སུ་པཱ་ད། ཉེ་བར་འཇལ་བ་ལས་སུ་དང་། སུ་ར་བྷི་དག་ལས་ཕ་རོལ་གྱི་གནྡྷའི་སྒྲའི་ཨི་ཡིག་ཏུ་བཤད་པར་བྱའོ། །གང་གི་དྲི་ཙནྡན་གྱི་འདྲ་བ་དེ། ཙནྡན་གནྡིཿ། གང་གི་དྲི་བཟང་པོ་ང་ཡིན་པ་དེ། སུ་གནྡྷིཿ། ན་དི་དང་ད་རི་ཡིག་མཐའ་ལས་ཀའི་རྐྱེན་འདོད་དེ། གང་གི་གཞོན་ནུ་མ་རྣམས་མང་པོ་ཡིན་པ་དེ། བ་ཧུ་ཀུ་མཱ་རཱི་ཀཿ། བ་ཧུ་ཝ་དྷཱུ་ཀཿ། བ་ཧུ་གརྚིཀཿ། ན་དཱི་མ་ཡིན་པ་དང་། རྀ་ཡིག་གི་མཐའ་མ་ཡིན་པ་ལས་ཀྱང་རྣམ་པར་བརྟག་པ་སྟེ། གང་གི་ཕྲེང་བ་ མང་པོ་ཡིན་པ་དེ། བ་ཧུ་མཱ་ལཿ། བ་ཧུ་མཱ་ལ་ཀཿ། དེ་བཞིན་དུ་གཞན་ཡང་བསྡུ་བའི་མཐའ་མཚོན་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ཡང་ནའི་སྒྲ་འདིར་རྣམ་པར་གཞག་པ་རྣམ་པར་བཤད་པ་བརྗོད་པའོ། །དེ་ནས་མཆོད་པ་ལ་འཇུག་བཞིན་པའི་སུ་ཨ་ཏི་ཞེས་པ་འདི་དག་གང་གི་ཚེ་ བསྡུ་བའི་སྔ་མར་གྱུར་པ་དེའི་ཚེ་ཁ་ཅིག་ཏུ་བསྡུ་བའི་མཐའ་ལ་མི་འགྱུར་ཏེ། བཟང་པོ་ཡང་འདི་ཡིན་ལ་རྒྱལ་པོ་ཡང་ཡིན་པ་ནི། སུ་རཱ་ཛཱ། ཨ་ཏི་རཱ་ཛཱ། དེ་བཞིན་དུ། སུ་ས་ཁཱ། ཨ་ཏི་ས་ཁཱ། སྨད་པའི་དོན་ལ་གང་ཀི་མ་སྔ་མའི་བསྡུ་བ་དེ་ཡང་མི་འགྱུར་ཏེ། རྒྱལ་པོ་ངན་པ་ནི། ཀིཾ་རཱ་ 195-1-146b ཛཱ། དེ་བཞིན་དུ། ཀིཾ་ས་ཁཱ། ན་ཉ་ལས།དེའི་སྐྱེས་བུ་ལ་ཡང་སྟེ། ཨ་རཱ་ཛཱ། ཨ་ས་ཁཱ། གང་ལ་དོན་ཡོད་པ་མ་ཡིན་པ་དེ། ཨ་ནརྠ་ཀཿ། ཡ་ནརྠཿ། ཌ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ། །ཆ་ཤས་གང་གི་མཐའ་དབྱངས་དང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། ། ཡང་ན་ཞེས་པ་ལྡོག་གོ། །ཌ་རྗེས་སུ་འབྲེལ་པའི་རྐྱེན་ཕ་རོལ་ལ་མཐའི་དབྱངས་ལ་སོགས་པ་དབྱི་བར་འགྱུར་རོ། །ཨེ་ཀ་ད་ཤཿ། དྭཱ་ད་ཤཿ། གྲངས་ལས་རྫོགས་པ་ཞེས་པས་ཌའོ། །ས་ར་སི་ཛཱ་ཏམྲ། ས་ར་སི་ཛཾ། བདུན་པ་དང་ལྔ་པ་མཐའ་ལ་ཛ་ནི་ལས་ཌའོ། །བིཾ་ཤ་ཏིའི་ཏིའི་འང་ངོ་། ། བིཾ་ཤ་ཏིའི་སྒྲའི་ཏི་གང་ཡིན་པ་དེའི་ཌ་རྗེས་སུ་འབྲེལ་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཉི་ཤུས་རྫོགས་པ་ནི། བིཾ་ཤཿ། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་ནི་དབྱངས་དང་པོ་དང་ཡའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་ཏྲིའི་ བུ་རྒྱུད་ནི། ཨཱ་ཏྲེ་ཡཿ། ནཱ་དེ་ཡཿ། དཀྵིཿ། བཱ་ལ་ཀཿ། བཱ་ལེ་ཡཿ། གརྒྱཿ། ཞོ་ཆས་གཞལ་བ་ནི། ཏུ་ལྱཾ། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་ཕན་ཚུན་བཀླགས་པའི་རིམ་པ་ལས་ཡི་གེ་གཞན་ཡང་ཁ་ཅིག་ཏུ་དབྱི་བར་བྱ་སྟེ། བ་ཊིཥྛཿ། པ་ཊཱི་ཡཱན། པི་ཏྲྀ་ཥྭ་སྭད་གྱི་བུ་རྒྱུད་ནི། བཻ་ཏྲྀ་ཤྭ་སེ་ཡཿ། དེ་བཞིན་དུ། མཱ་ཏྲྀ་ཥྭ་སེ་ཡཿ། ཨིཥྛ་དང་ཨཱི་ཡནྶ་དག་ཕ་རོལ་ལ་དབྱངས་གཅིག་པའི་ཨའི་ཡི་གེ་དབྱི་བར་མི་འདོད་དེ། ཤྲེ་ཥྛཿ། ཛྱེཥྛཿ། ཤྲེ་ཡཱན། ན་ནི་འགའ་ཞིག་ཏུའོ། །ན་ཡིག་ནི་དབྱངས་དང་པོ་ཅན་དང་ཡའི་རྐྱེན་ཕ་རོལ་ལ་འགའ་ཞིག་ཏུ་དབྱི་བར་འགྱུར་རོ། ། དེ་ཝ་ཤརྨ་ནའི་བུ་རྒྱུད་ནི། དེ་བ་ཤརྨིཿ། དེ་བཞིན་དུ། ཨཱགྣི་ཤརྨིཿ། བ་ཧུ་སོགས་ལས་ཀྱང་བསྒྲུབ་པར་བྱའོ་ཞེས་པས་ཨིཎའོ། །རྒྱལ་པོའི་དངོས་པོ་ནི། རཱ་ཛྱམྲ། འདིར་ནི་མི་འགྱུར་ཏེ་སཱ་མན་ལེགས་པ་འདི།སཱ་མ་ནྱེཿ། ཨུའི་ཡེ་གེ་རྣམས་ནི་ཨོ་ཉིད་དུ་ཐོབ་པར་བྱའོ། །ཨུའི་ཡི་གེ་རྣམས་ ནི་དབྱངས་དང་པོ་ཅན་དང་ཨ་ཡིག་གི་རྐྱེན་ཕ་རོལ་ལ་ཨོ་ཉིད་དུ་འགྱུར་རོ། །ཨཽ་པ་ག་ཝཿ། བུ་མོ་རྣམས་ལ་ཕན་པ་ནི། བ་དྷ་བྱཾ། སྭ་ཡཾ་བྷཱུའི་འང་ཕ་རོལ་ལ་ཨོ་ཉིད་དུ་མི་འདོད་དེ། རང་བྱུང་གི་བུ་རྒྱུད་ནི། སྭཱ་ཡཾ་བྷུ་བཿ། ཨེ་ཡ་ལ་ཀ་དྲུ་མིན་པའི་དབྱི་བར་བྱའོ། །ཨུའི་ཡི་གེ་ནི་ཨེ་ཡ་ཎའི་ 195-1-147a རྐྱེན་ཕ་རོལ་ལ་དབྱི་བར་བྱ་སྟེ། ཀ་དྲུ་མིན་པ་སྟེ། ཀ་དྲུའི་སྒྲ་དོར་བ་ཉིད་ནའོ། །མ་ཏྲ་བཱ་ཧུའི་བུ་རྒྱུད་ནི། མཱ་ཏྲ་བཱ་ཧེ་ཡ། ཛམྦུའི་བུ་རྒྱུད་ནི། ཛཱམཱི་ཡ། ཀ་དྲུ་མིན་པ་ཞེས་པ་ཅི་ཞེ་ན། ཀ་དྲུའི་བུ་རྒྱུད་ནི། ཀཱ་དྲ་བེ་ཡཿ། ཨོ་ཡིག་དང་ཨཽ་ཡིག་དག་གིའང་ཨ་ཝ་ཨཱ་ཝ་ རུ་བསྒྱུར་བ་དག་བྱའོ། །ཨོ་ཡིག་དང་ཨཽ་ཡིག་དག་ནི། ཡ་ཡིག་གི་རྐྱེན་ཕ་རོལ་ལ་གྲངས་ཇི་ལྟ་བར་ཨ་ཝ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །བ་ལང་རྣམས་ལ་ཕན་པ་ནི་ཝྱཾ། གྲུས་བསྒྲལ་བ་ནི། ནཱ་བྱཾ། ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ། །གང་ཎ་ཡིག་དང་ལྷན་ཅིག་འཇུག་པའི་ རྐྱེན་དེ་ནི་ཎ་དང་བཅས་པའོ། །ལྷན་ཅིག་གི་སྒྲ་ནི་ལྷན་ཅིག་འབྱུང་བ་ལྟར་ངེས་པར་སྟོན་པ་ལས་སོ། །དབྱངས་ཞེས་པ་འཇུག་སྟེ། དེའང་དོན་གྱི་དབང་ལས་དྲུག་པའི་མཐའ་ཤེས་པར་བྱའོ། །ཎ་ཡིག་དང་བཅས་པའི་རྐྱེན་ཕ་རོལ་ལ་རྟགས་ཀྱི་དབྱངས་དང་པོ་གང་ཡིན་པ་དེ་འཕེལ་བར་འགྱུར་རོ། ། ཆོ་ལོས་རྩེ་བ་ནི། ཨཱཀྵི་ཀཿ། བི་ན་ཏའི་བུ་རྒྱུད་ནི། བཻ་ན་ཏེ་ན། གོ་པུཙྪས་སྒྲོལ་བ་ནི། གཽ་པཱུ་ཙྪི་ཀཿ། ཀྲྀ་པ་ཎའི་དངོས་པོ་ནི། ཀཱརྦ་ཎྱཾ། འོ་ན་ཨཱར་དང་ཕྱི་མ་དག་ཅེས་པ་འདིར་ཨཱར་དང་ཨཻ་ཨཽ་ཞེས་པ་འདི་དག་འཕེལ་བའི་མིང་ཅན་ཡིན་མོད། ཨ་ཡིག་འདི་ཅིའི་ཕྱིར་འཕེལ་བའི་མིང་ཅན་ དུ་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། གང་དག་གང་གི་བུ་རྒྱུད་ཅེས་པ་འདིར་ཨ་ཡིག་འཕེལ་བ་ཨ་ཡིག་ཏུ་བྱས་པའི་ཤེས་པར་བྱེད་པ་ལས་སོ། །འགའ་ཞིག་ཏུ་ཚིག་སྔ་མ་དང་ཚིག་ཕྱི་མ་ཅིག་ཅར་འཕེལ་བ་འདོད་དོ། །སུ་ཧྲྀ་དའི་དངོས་པོ་ནི། ས་ཽཧཱ་རྡཾ། རབ་ཏུ་གྲགས་པ་སྨོས་པ་ནི་ལས་ལ་ཨན་ བྱས་པའོ། །ཧྲྀ་ད་ཡིའི་ཧྲྀ་ད་རུ་བསྒྱུར་རོ། །སྐལ་བཟང་གི་དངོས་པོ་ནི། སཽ་བྷཱ་གྱཾ། དེ་བཞིན་དུ། དཽརྦྷཱཾ་གྱཾ། འཇིག་རྟེན་འདིར་འབྱུང་བ་ནི། ཨཻ་ཧ་ལཽ་ཀི་ཀི་ཀཾ། དེ་བཞིན་དུ། པ་ར་ལཽ་ཀི་ཀཾ། ཡ་ཝ་ཚིག་དང་པོ་དག་གི་མ་ཡིན་ཞིང་འཕེལ་བ་ཨཱ་ག་མའོ། །ཚིག་གི་དང་པོ་ནི་ཚིག་དང་ པོའོ། །མདོ་སྔ་མ་རྗེས་སུ་འཇུག་གོ། །མདོའི་སྒྲ་ནི་ཉེ་བར་བརྗོད་པའོ། །དེས་ན་ཡ་ཝ་དག་སྟེ་ཡ་ཡིག་དང་ཝ་ཡིག་གང་ཡིན་པ་འདི་དག་ཚིག་གི་དང་པོར་ཉེ་བར་གྱུར་པའི་དབྱངས་གང་ཡིན་པ་དེའི་འཕེལ་བར་མི་འགྱུར་ཏེ། ཎ་ཡིག་དང་བཅས་པའི་རྐྱེན་ཕ་རོལ་ལའོ། །ཡ་ཝ་དག་གི་དང་པོར་ 195-1-147b འཕེལ་བ་ཨཱ་ག་མར་འགྱུར་རོ། །གནས་ཅན་གྱི་རིམ་པ་ལྡན་པའི་ཞེས་པའི་ཚིག་ལས་རྐན་ལས་བྱུང་བའི་ཨཻ་ཨཱ་ག་མའོ། །མཆུ་དང་པོ་ལས་ཀྱང་བྱུང་བའི་ཝ་ཡིག་ལ་མཆུ་ལས་བྱུང་བའི་ཨཽ་ཨཱ་ག་མའོ། །བྱས་ནའི་དངོས་པོ་ནི། བཻ་ཡ་ས་ནཾ། ཨཎའི་རྐྱེནའོ། །འདིར་བྱས་ནའི་སྒྲ་ལས་གང་རྐྱེན་ གྱི་མཚན་ཉིད་ཀྱི་མཐའི་རྣམ་དབྱེ་འཇུག་པ་མེད་དོ་ཞེས་པའི་ཚིག་དེའི་ཡ་ཡིག་དང་པོ་གང་ཡིན་པ་དེ་ལས་ཕ་རོལ་གྱི་འཕེལ་བར་མི་འགྱུར་ཞིང་། ཨ་ཡིག་ལས་སྔ་མར་ཨཻ་ཡིག་ཨཱ་ག་མའོ། །དེ་བཞིན་དུ་བརྡ་སྤྲོད་པ་བརྗོད་པ་ནི། བཻ་ཡཱ་ཀ་ར་ཎཿ། བཟང་པོ་ཡང་ཡིན་ལ་རྟ་ཡང་ཡིན་པ་དེ་ནི་རྟ་བཟངས་ བཟངས་ཏེ། དེའི་བུ་རྒྱུད་ནི། སཽ་ཝ། ཤྭིཿ། ཡ་ཝ་དག་གི་ཞེས་པ་ཅི་ཞེ་ན། དེའི་དོན་ཏེ་དེའི་བུ་རྒྱུད་ནི་འདིར་ཨཱརྠཿ། འོ་ན་ཨཱ་ག་མ་ཅན་གྱི་འཕེལ་བ་དག་བྱས་པ་ལ་དབྱངས་བསྒྱུར་བ་ཡོངས་སུ་བཤད་པའི་ཡ་ཝ་དག་གི་གནས་ཅན་དང་འདྲ་བའི་དངོས་པོ་ལས་ཅིའི་ཕྱིར་ཡ་ཝ་དག་ལ་ཨེ་ཡིག་ དང་ཨཽ་ཡིག་དག་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། གང་དབྱངས་ཀྱི་དམིགས་བསལ་ལས་སྔ་མ་དེའི་བྱ་བ་བྱས་པ་ལ་གནས་ཅན་དང་འདྲ་བའི་དངོས་པོར་བཤད་པའི་ཕྱིར་རོ། །ཡ་ཝ་དག་ལ་ཨེ་ཡིག་དང་ཨོ་ཡིག་དག་མི་འགྱུར་ཞེ་ན། ཡ་ཝ་དག་གིའང་དབྱངས་ལས་བསྟན་པ་ལས་དབྱངས་སྔ་ མའི་ཨེ་ཨོ་དག་ཏུ་འགྱུར་རོ་ཞེས་པའི་ཚིག་དེ་དག་གི་བྱ་བ་བྱས་པ་ལ་ཡ་ཝ་དག་གི་གནས་ཅན་དང་འདྲ་བའི་དངོས་པོར་འགྱུར་བས་སོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པ་དྲུག་པ་རྫོགས་སོ།། །།ཨེ་ཆོས་འབྱུང་བའི་གཙུག་ལག་ཁང་ དུ་སྐད་གཉིས་སྨྲ་བ་དགེ་སློང་བྱང་ཆུབ་རྩེ་མོས་བསྒྱུར་བའོ།། །།བུད་མེད་ལའོ། །འདི་ནི་སྤྱིར་བཏང་བ་སྟེ། གང་འདི་ནས་ཕྱི་མར་རིམ་པས་རྗེས་སུ་བསྟན་པར་བྱ་བའི་རྐྱེན་དེ་རྣམས་ནི། བུད་མེད་ལ་འཇུག་བཞིན་པའི་རྟགས་ལས་འགྱུར་རོ་ཞེས་རིག་པར་བྱའོ། །འདི་ནི་རྐང་པ་ཀུན་ཡོངས་ སུ་རྫོགས་པ་ལ་སྤྱིར་བཏང་བའོ། །ཨ་ཛ་སོ་ནས་དང་ཨཏ་མཐའ་ལས་ཨཔའོ། །གང་གི་ཚོགས་ཀྱི་དང་པོ་ཨ་ཛའི་སྒྲ་ཡིན་པ་དེ་ཨ་ཛ་སོགས་སོ། །རྟགས་གང་གི་མཐའ་ཨཏ་ཡིན་པ་དེ་ཨཏ་མཐའོ། །དེ་ནས་ཟླས་དབྱེ་བའོ། །ཛ་ས་སོགས་ཀྱི་ཚོགས་དང་ཨཏ་མཐའ་སྟེ། ཨ་ཡིག་མཐའ་ 195-1-148a ཅན་གྱི་རྟགས་ལས་ཨཔྲའི་རྐྱེན་དུ་འགྱུར་རོ། །པ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨ་ཛཱ། ཨེ་ཌ་ཀཱ། ཙ་ཌ་ཀཿ། ཨ་ཤྭཱ། ཏྲི་ཕ་ལཱ། དཾཥྚ། དྲུ་དྷ། ཨུཥྞི་ཧ྄། ཨུཥྞཱི་ཧཱ། དེ་བ་བི་སཱ། བཱ་ལཱ། ཝཏྶཱ། ཛྱོཥྛ། ཀ་ནིཥྛ། མ་དྷྱམ྄། ཀོ་ཀི་ལཱ། ཨཏ་མཐའ་ལས། དེ་བ་རཏྟ། འོ་ན་ཨ་ཛ་སོགས་རྣམས་ཨ་ཡིག་མཐའ་ཅན་ཡིན་པས་དེ་རྣམས་དེ་ལས་ཐམས་ཅད་དུ་བླངས་པ་དོན་མེད་དོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་ཨ་ཛི་སོགས་ཀྱི་ཚོགས་དེ་རྣམས་ཨ་ཡིག་མཐའ་ཅན་དཀྱུས་མར་བཀླག་པར་མི་བྱ་བས་དེ་རྣམས་ཨཏ་མཐའ་ སྨོས་པར་ཇི་ལྟར་འགྲུབ་པར་འགྱུར། གང་དེ་རྣམས་ནི་ཨ་ཡིག་མཐའ་ཅན་ལས་ཐམས་ཅད་དུ་ཉེ་བར་བླངས་པ་ནི་གནོད་པ་ཅན་དང་གནོད་པ་བྱེད་པའི་དོན་ནོ། །དེ་ལ་ཨཱ་ཛ་དང་ཨེ་ཌ་ཀཱ་ཞེས་སོགས་རྣམས་ནི་རིགས་བརྗོད་པ་སྟེ། རིགས་ལས་ཡཱ་ཨུ་པ་དྷཱ་མིན་པ་ལས་ཞེས་པས་ཨི་ཡིག་གི་རྐྱེན་ཐོབ་པ་ དེ་འགེགས་པ་སྟེ། ཏྲི་ཕ་ལཱའི་སྒྲ་ལ་བ་གཉིས་པ་ཞེས་པས་ཨཱི་ཐོབ་པ་དང་། དཾཥྚྲཱའི་སྒྲ་ལ་ཥ་དང་ཌ་རྗེས་སུ་འབྲེལ་བ་ལ་ཞེས་པ་འདིས་དང་། བ་ལ་དང་ཝནྲ་དག་ལ་ན་ཚོད་དང་པོ་ལས་ཞེས་པ་འདིས་དང་། ཛྱོཥྛ་དང་ཀ་ནིཥྛ་དང་མ་དྷྱ་མ་རྣམས་ལས་སྐྱེས་པ་སྦྱོར་བའི་མཐས་གལ་ཏེ་བརྗོད་ན་ཞེས་ པ་འདིས་ཐོབ་པའོ། །མ་ཧ་ཏ་སྔ་མ་ཅན་མིན་པའི་སུ་ཏྲའི་སྒྲ་ལས་རིགས་བརྗོད་པ་ལ་ཨཱས་བརྗོད་དེ། སུ་ཏྲཱ་རིགས་ལས་ཡ་ཨུ་པ་དྷཱ་མིན་པ་ལ་ཞེས་པས་ཨི་ཡིག་ཐོབ་པ་ལའོ། །རིགས་བརྗོད་པ་ཅི་ཞེ་ན། ཤུ་ཏྲ་ས་བྷཱཪྻ། ཤུ་ཏྲི་སྐྱེས་པ་སྦྱོར་བའི་མཐའི་ཞེས་པས་ཨཱི་ཡིག་གོ། །མ་ཧཏ་སྔ་ མ་ཅན་མིན་པ་ཅི་ཞེ་ན། མ་ཧཱ་ཤུ་ཏྲི། མ་ཧཱ་ཤུ་ཏྲའི་སྒྲ་འདི་ཨཱ་བྷི་རའི་རིགས་བརྗོད་པའོ། །རྀཏ་དང་ན་མཐའ་རྣམས་ལས་ནི་ཨཱིའོ། །རྀཏ་དང་ན་ནི་རྀཏ་ན་སྟེ། རྀ་ཡིག་གི་མཐའ་ཅན་རྣམས་དང་། ན་ཡིག་མཐའ་ཅན་རྣམས་ལས་ཨི་ཡིག་གི་རྐྱེན་དུ་འགྱུར་རོ། །ཀརྟི། པདྨི་ནི། ཝནའི་ རའང་ངོ་། །ཝནའི་རྟགས་ལས་ཨཱི་རྐྱེན་དུ་འགྱུར་ཏེ། མཐའི་རེ་ཕར་བསྒྱུར་རོ། །དྷཱི་ཝན། དྷཱི་ཝ་རཱི། པཱི་ཝན། པཱི་ཝ་རཱི། གྲངས་ལས་མ་ཡིན་ནོ། །གྲངས་བརྗོད་པ་ལས་ཨཱི་རྐྱེན་དུ་མི་འགྱུར་ཏེ། རྀཏ་དང་ན་རྣམས་ལ་ཞེས་པས་ཐོབ་པ་ལའོ། །ཏྲི་སྲཿ། ཙ་ཏ་སྲཿ། པཉྩ་བྲཧྨ་ 195-1-148b ཎྱཿ། དུ་ཥ་བྲཱཧྨ་ཎྱཿ། མ་ཡིན་ནོ་ཞེས་སྦྱོར་བ་སོ་སོ་བྱས་པ་དེས་ན། འདིར་མི་འགྱུར་ཏེ། མཱ་ཏཱ། སྭ་སཱ། དུ་ཧི་ཏཱ། ན་ནཱནྡ། མན་ལས་སོ། །མན་མཐའ་རྟགས་ལས་ཨཱི་རྐྱེན་མི་འགྱུར་རོ། །དཱ་མཱ། དཱ་མན། ས་མཱ། སི་མཱ་ནོ། །འབྲུ་མང་པོ་པའི་ཨན་མཐའ་ལས་ཀྱང་ ངོ་། །འབྲུ་མང་པོ་པའི་ཨན་ལས་ཏེ། ཨན྄་མཐའ་ལས་ཨཱི་རྐྱེན་མི་འགྱུར་རོ། །གང་རྣམས་ཀྱི་སརྦ་བཟང་པོ་ཡིན་པ་དེ། སུ་སརྦཱ། སུ་སརྦཱ་ཎཽ། འབྲུ་མང་པོ་པའི་ཞེས་པ་ཅི་ཞེ་ན། རིམ་པ་ལས་འདས་པའི་རྒྱལ་པོ་ནི། ཨ་ཏི་རཱ་ཛྙཱི། འདི་ནི་དེའི་སྐྱེས་བུའོ། །དེ་དག་ལས་ཎི་ཌཱའོ། ། དེ་དག་ལ་སྟེ་མནའི་མཐའི་རྟགས་དང་འབྲུ་མང་པོ་པའི་ཨན་མཐའ་ལས་ཌཱའི་རྐྱེན་དུ་འགྱུར་རོ། །དཱ་མཱ། དཱ་མེ། དཱ་མཱཿ། སཱ་མཱཿ། སཱི་མེ། སཱི་མཱཿ། གང་གི་རྒྱལ་པོ་རྣམས་མང་པོ་ཡིན་པ་དེ། བ་ཧུ་རཱ་ཛཱ། ནིའི་སྒྲ་ནི་ཁྱད་པར་དུ་བརྗོད་པར་བྱ་སྟེ། དེས་ན་ཝན་ལས་དེའི་འབྲུ་མང་པོ་ལ་རཱིའི་ རྐྱེན་ཏེ། རེ་ཕ་དང་པོ་ཅན་ཡང་ན་འགྱུར་རོ། །གང་རྣམས་ཀྱི་བློ་གྲོས་ལྡན་པ་མང་པོ་ཡིན་པ་དེ། བ་ཧུ་དྷཱི་བ་རཱི། ཨུཏ་དང་རྀ་ཡིག་རྗེས་སུ་འབྲེལ་བ་ལས་ནི་ཨཱིའོ། །ཨུཏ་དང་རྀ་ཡིག་སྟེ། དེ་དག་ནི་ཨུཏ་རྀ་ཡིག་གོ། །རྐྱེན་གང་དེ་དག་རྗེས་སུ་འབྲེལ་བ་ཅན་ཞེས་ཚིག་རྣམ་པར་སྦྱར་རོ། ། ཨུ་ཡིག་རྗེས་སུ་འབྲེལ་བའི་རྐྱེན་གྱི་མཐའ་ཅན་དང་། རྀ་ཡིག་རྗེས་སུ་འབྲེལ་བའི་རྐྱེན་སའི་མཐའ་ཅན་གྱི་རྟགས་ལས་ཨཱིའི་རྐྱེན་འགྱུར་རོ། །གོ་མ་ཏཱི། བྷ་བ་ཏཱི། བྷ་བནྟུའི་སྒྲ་ནི་ཨུཏ་རྗེས་སུ་འབྲེལ་བ་ཐམས་ཅད་པའི་མིང་ཅན་དབུས་མ་བཀླག་པར་བྱའོ། །རི་ཡིག་རྗེས་སུ་འབྲེལ་བ་ ལས་པ་ཋནྟཱི། ཡ་ཛནྟཱི། ད་ལྟར་བ་ལ་ཤནྟྲིངའོ། །པཱ་དི་ལས་ཡང་ནའོ། །པད་ཅེས་པ་པཱ་དིའི་སྒྲའི་ཨ་ཡིག་འཇིག་པ་གཟུང་བར་བྱའོ། །པཱཏ྄འི་སྒྲ་ལས་ཨིའི་རྐྱེན་ཡང་ན་འགྱུར་རོ། །གང་གི་རྐང་པ་དག་གཉིས་ཡིན་པ་དེ་ནི། དྭི་པ་དཱི། ཏྲི་པ་དཱི། པཱ་དའི་པད྄་བསྡུ་བའི་མཐའིའོ་ ཞེས་པས་པད་དུ་བསྒྱུར་རོ། །ཕྱོགས་གཅིག་ལ། དྭི་པཱཏ྄། ཏྲི་པཱཏ། དམིགས་བསལ་མེད་པ་ལས་སོ། །གོང་དང་འོག་ཏུ་རིམ་པས་འཆད་པའི་ཨི་གང་ཡིན་པ་འདི་ནི་སྤྱིར་བཏང་བ་སྟེ། དམིགས་བསལ་མེད་པ་གཙོ་བོ་ལས་དེ་རིག་པར་བྱའོ། །འབྲུ་མང་པོ་པ་ཞེས་པ་འདི་ལས་གོང་དུ་འདི་ 195-1-149a སྤྱིར་བཏང་བའོ། །དམིགས་བསལ་ཅན་ནི་གཙོ་བོ་མ་ཡིན་ནོ། །གང་དེ་ལས་གཞན་པ་ནི་གཙོ་བོ་སྟེ་དམིགས་བསལ་མེད་པའོ། །ནཱ་རི་ན་རིའི་སྒྲ་ནི་ཚིག་ཕྲད་དེ། ནྲིའི་སྒྲ་ལས་ཨིའི་རྐྱེན་བྱས་པ་ལ་ཨཱར་དུ་བསྒྱུར་བའོ། །ཡུ་བན་ལས་ཏིའོ། །ཡུ་བནའི་སྒྲ་ལས་ ཏིའི་རྐྱེན་དུ་འགྱུར་རོ། །རྀཏ་དང་ན་རྣམས་ལས་ཞེས་པས་ཨཱི་ཡིག་ཐོབ་པ་ལའོ། །ཡུ་བ་ཏི། རྟགས་མཐའི་ན་ཡིག་དབྱིའོ། །དམིགས་བསལ་མེད་པ་ལས་ཞེས་པ་ཅི་ཞེ་ན། གང་གི་ལང་ཚོ་མང་པོ་ཅན་ལ་དེ་ནི། བ་ཧུ་ཡུ་བཱ། ཨཎ་ཨེ་ཡཎྲ་ཨི་ཀཎྲ་ལས་སོ། །ཁྱད་པར་བསྟན་ པ་ནི་དཀྱུས་མ་འགོག་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་ཨཱི་ཡིག་འཇུག་གི་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །རྟགས་ཨཎ་མཐའ་ཅན་དང་། ཨེ་ཡཎ་མཐའ་དང་། ཨི་ཀཎ་མཐའ་ཅན་ལས་ཀྱང་ཨཱིའི་རྐྱེན་འགྱུར་རོ། །གནས་འཇོག་གི་བུ་རྒྱུད་ཀྱི་བུད་མེད་ནི། སྟི་བ་ཤིཥྛི། ཀུམྦྷ་ཀཱ་རཱི། བུམ་པ་བྱེད་ཅེས་ལས་ལ་ ཨཎའོ། །བི་ན་ཏཱའི་བུ་རྒྱུད་ཀྱི་བུད་མེད་ནི། བཻནྟེ་ཡཱི། མིག་གིས་གསལ་བར་བྱེད་མ་ནི། ཨཱཀྵི་ཀཱི། དམིགས་བསལ་མེད་པ་ལས་ཞེས་པ་ཅི་ཞེ་ན། གང་གནས་འཇོག་མང་པོ་ཡིན་པ་དེ་རྣམས་ནི། བ་ཧུ་བཱ་ཤིཥྛ།ཎྱ་ལས་སོ། །རྟགས་ཎྱའི་མཐའ་ལས་ཨིའི་རྐྱེན་འགྱུར་རོ། ། གརྒའི་བུ་རྒྱུད་ཀྱི་བུད་མེད་ནི། གཱརྒི། བཱནྶྔི། གང་གི་བུ་རྒྱུད་ཀྱི་ཡའི་ཞེས་པས་ཡ་དབྱིའོ། །སྦྱོར་བ་བརྩམ་པ་ནི་ཕྱི་མའི་དོན་ཏོ། །སྔོན་རྣམས་ཀྱི་ཨཱ་ཡན་ཨཱ་ག་མའོ། །རྟགས་ཎྱའི་མཐའ་ཅན་ལས་བུད་མེད་ལ་འཇུག་བཞིན་པའི་ཨི་ཕ་རོལ་ལ་ཨཱ་ཡན་ཨཱ་ག་མ་འགྱུར་རོ། །སྔོན་རྣམས་ཀྱི་ སྟེ་སྔོན་གྱི་དེ་ས་བརྟི་ཞེས་བྱ་བའི་སློབ་དཔོན་རྣམས་ཀྱིས་བཞེད་པའོ། །གརྒཱའི་བུད་མེད་ཀྱི་བུ་རྒྱུད་ནི། གཱརྒྱི་ཡ་ཎི། བཱནྡྱ་ཡ་ནཱི། སྔོན་གྱི་སློབ་དཔོན་གང་དག་ནི་མི་མྲ་ཏེ། དེ་རྣམས་ཀྱི་བཞེད་པ་ནི། གཱརྒཱི། བཱནྶཱི། ཀཽ་ར་བྱ་ཨཱ་སུ་རི་མཎྜུ་ཀ་ལས་སོ། །ག་ཀཽ་ར་བྱ་དང་། ཨཱ་སུ་རི་དང་། མནྜུ་ཀ་རྣམས་ལས་བུད་མེད་ལ་འཇུག་བཞིན་པ་རྣམས་ལས་ཨཱ་ཡཎ་ཨཱ་ག་མ་ཕ་རོལ་དུ་འགྱུར་རོ། །ཀུ་རུའི་བུ་རྒྱུད་མ་ནི། ཀཽ་ར་བྱ་ཡ་ནཱི། ལྷ་མིན་གྱི་བུ་རྒྱུད་ཀྱི་བུད་མེད་ནི། ཨཱ་སུ་རཱ་ཡ་ཎཱི། མཾ་ཌུ་ཀའི་བུ་རྒྱུད་ཀྱི་བུད་མེད་ནི། མཱཾ་ཌུ་ཀཱ་ཡ་ནཱི། སྔོན་རྣམས་ཀྱི་ཞེས་པ་འདི་ལས་ 195-1-149b ལྡོག་སྟེ། ཀཽ་ར་བྱའི་སྒྲ་ལོགས་སུ་ཉེ་བར་བླངས་པ་ལས་སོ། །ལོ་ཧི་ཏ་སོགས་ཀཏ྄་མཐའ་ལས་སོ། །ཚོགས་གང་རྣམས་ཀྱི་དང་པོ་ལོ་ཧི་ཏའི་སྒྲ་ཡིན་པ་དེ་ནི་ལོ་ཧི་ཏ་སོགས་རྣམས་སོ། །གང་གི་མཐའ་ཀཏ་ཡིན་པ་དེ་ནི་ཀཏ་མཐའོ། །ཤ་ཀནྡཱུ་སོགས་ཀྱི་ཕྱིར་ཕ་རོལ་དབྱིའོ། །དེ་ནས་ལས་འཛིན་ པའོ། །ཨཱ་ཡ་ན་འཇུག་ཅིང་ཎྱ་ལས་ཞེས་པའང་ངོ་། །ལོ་ཧི་ཏ་སོགས་རྣམས་དང་། ཀ་ཏ་མཐའ་རྣམས་ལས་ཏེ་ཀཏའི་སྒྲའི་མཐར་ཐུག་པ་རྣམས་ལས་ཎྱའི་རྐྱེན་གྱི་མཐའ་ལས་བུད་མེད་ལ་འཇུག་པ་བཞིན་པ་རྣམས་ལས་ཨཱ་ཡཎ་ཨཱ་ག་མ་ཕ་རོལ་དུ་འགྱུར་རོ། །ལོ་ཧི་ཏའི་བུ་རྒྱུད་ཀྱི་བུད་མེད་ནི། ལོ་ཧི་ ཏྱ་ཡ་ནཱི། སམ྄་སི་ཏའི། སཱཾ་སི་ཏྱཱ་ཡ་ནཱི། བ་བྷྲུའི། བཱ་བྷྲ་བྱཱ་ཡ་ནཱི། ཀ་ཏའི་ཀཱ་ཏྱ་ཡ་ནཱི། ཐམས་ཅད་ལ་གརྒ་སོགས་ལས་ཎྱའོ་ཞེས་པས་ཎྱའོ། །ཨཱ་བ་ཊྱ་ལས་ཨཱ་པའོ། །ཨཱ་བ་ཊྱའི་སྒྲ་ལས་ཨཔ྄འི་རྐྱེན་དུ་འགྱུར། པ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨ་བ་ཏའི་བུ་རྒྱུད་ཀྱི་ བུད་མེད་ནི། ཨཱ་བ་ཏྱ། གརྒ་སོགས་ཉིད་ལས་ཎྱའི་རྐྱེན་གྱི་མཐར། ཨཱ་བ་ཏྱའི་སྒྲ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཞེད་པའོ། །ཨཱ་བ་ཊྱའི་སྒྲ་ལས་ཨི་ཡིག་འདོད་དེ། ཨཱ་ཡ་ན་ཨཱ་ག་མའོ། །ཨཱ་བ་ཊྱ་ཡ་ནཱི་བ་ཏཎྜཱིའང་ངོ་། །སྒྲ་འདི་ནི་ཚིག་ཕྲད་དོ། །བ་ཏཎྜའི་བུ་རྒྱུད་ཀྱི་བུད་མེད་ནི། བ་ ཏཎྜི། བ་ཏཎྜའི་སྒྲ་ལས་གརྒ་སོགས་ཉིད་ལས་ཎྱ་དང་ཨཱི་ཡིག་གོ། །བུ་རྒྱུད་ཀྱི་ཡའོ་ཞེས་པས་ཡ་དབྱིའོ། །བའི་སྒྲ་ཐུང་ངུ་འཇུག་པའོ། །ན་ཚོད་ལ་དང་པོ་ལའོ། །ཨ་ཛཱ་སོགས་ཀྱི་ཨཏ་མཐའ་ལས་ཞེས་པའི་ཨཏ་མཐའ་ལ་འཇུག་གོ། །ཨ་ཡིག་མཐའ་ཅན་གྱི་རྟགས་གང་ཞིག་དང་ པོའི་ན་ཚོད་ལ་འཇུག་པ་དེ་ལས་ཨིའི་རྐྱེན་འགྱུར་རོ། །ཀུ་མཱ་རཱི། ཀི་སོ་རི། བརྱུ་ཊི། དང་པོ་ལ་ཞེས་པ་ཅི་ཞེ་ན། བྲྀདྡྷ། སྠ་བི་ར། ཨ་ཡིག་མཐའ་ལས་ཞེས་པ་ཅི་ཞེ་ན། ཤི་ཤུཿ། པཱད་ལས་ཡང་ན་ཞེས་པའི་ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་རྣམ་པར་ བཤད་པ་ལས་སོ། །དེས་ན་འདིར་མི་འགྱུར་ཏེ། ཀནྱ། འོ་ན། བྲྀདྡྷ་ཀུ་མཱ་རི། ཅི་ལྟར་ཡིན་ཏེ། འདིར་དང་པོའི་ན་ཚོད་ཡོད་པ་མ་ཡིན་ནོ་ཞེ་ན། བདེན་ཏེ། ཀུ་མཱ་རཱིའི་སྒྲ་དང་པོར་འདུས་བྱས་ནས་ཕྱི་ནས་བྲྀདྡྷའི་སྒྲ་ལས་འཛིན་པར་འགྱུར་རོ། །བ་གཉིས་པའིའོ། །བ་གཉིས་པའི་ 195-1-150a ཚིག་སྡུད་ལས་ཨིའི་རྐྱེན་འགྱུར་རོ། །བྲམ་ཟེ་མ་ལྔ་རྣམས་ཀྱི་ཀུན་སྡུད་པ་ལ། པཉྩ་བྲཧྨ་ཎཱི། ད་ཤ་གྲ་གཱི། ཥ་ཊ་དག་རྗེས་སུ་འབྲེལ་བ་ལས་ནི་ཨཱིའོ། །ཥ་དང་ཊ་ནི་ཥ་ཊ་དག་གོ། །རྐྱེན་གང་ལ་དེ་དག་རྗེས་སུ་འབྲེལ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྟགས་ཤ་ཡིག་རྗེས་སུ་འབྲེལ་བའི་རྐྱེན་གྱི་མཐའ་ཅན་དང་། ཊ་ ཡིག་རྗེས་སུ་འབྲེལ་པའི་རྐྱེན་གྱི་མཐའ་ཅན་ལས་ཀྱང་ཨཱིའི་རྐྱེན་འགྱུར་རོ། །ནརྟ་ཀཱི། ནྲི་ཏཱི་ལུས་ཀྱི་རྣམ་འགྱུར་ལའོ། །གར་བཟོ་བ་མ་འདིའོ་ཞེས་ལ་བཟོ་བོ་ལ་བུཥའོ་ཞེས་པས་བུཥའོ། །ཥ་ཡིག་འདིའི་དོན་ཏོ། །ཡུ་བུཛྙ་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །ཨུ་པ་དྷཱ་ནཱ་མི་ཅན་གྱི་ཡང་ངོ་ཞེས་ པས་ཡོན་ཏན་ནོ། །འདིས་ཨཱི་ཡིག་གོ། །ཀུ་རུ་ཙ་རཱི། ཨ་བྷྲ་བ་བྷྲ་མ་བྷྲ་ཙ་ར་རྣམས་འགྲོ་བའི་དོན་ཏོ། །ཀུ་རུ་སྔོན་དུའོ། །ཀུ་རུ་རྣམས་ལ་རྒྱུ་བར་བྱེད་དོ་ཞེས་པ་ཙ་རི་ལས་ཊའོ་ཞེས་པས་ཊའོ། །ཊ་ཡིག་འདིའི་དོན་ཏོ། །གཽ་ར་སོགས་ལས་སོ། །གཽ་ར་སོགས་ཀྱི་ཚོགས་ལས་ཨཱིའི་རྐྱེན་འགྱུར་ རོ། །གཽ་རཱི། མཏྶཱི། བཤད་པ་ལས་མཏྶྱའི་ཡ་དབྱིའོ། །གཽ་ར། མཏྶྱ། མ་ནུ་ཥྱ། ག་བ་ཡ། ཧ་ཡ། མུ་ཀ་ཡའི་ཚོགས་འདི་བྱས་པའོ། །འབྲུ་མང་པོ་པ་ལས་ཨཱུ་དྷ་སའི་ནའང་ངོ་། །འབྲུ་མང་པོ་ཞེས་པ་ལྔ་པ་ཕྱིས་པ་ཅན་ནོ། །འབྲུ་མང་པོ་པ་ལས་ཨཱུ་དྷཱ་སྲའི་སྟེ་ཨཱུ་དྷ་ས྄འི་སྒྲ་ ལས་ཨཱིའི་རྐྱེན་འགྱུར་ཏེ། ནའང་སྟེ་ན་ཡིག་གི་མཐའ་ཅན་དུའང་འགྱུར་རོ། །གང་གི་ཨཱུ་དྷས྄་ཀུཎྜ་ལྟ་བུ་དེ་ནི། ཀུཎྜོ་དྷྣཱི། དེ་བཞིན་དུ། གྷ་ཊོ་དྷཱི། ན་ཉིད་དུ་བྱས་པ་ན། ཨའི་ཝ་མ་བརྩེགས་པ་ཞེས་པས་ཨ་ཡིག་དབྱིའོ། །འབྲུ་མང་པོ་པ་ལ་ཞེས་པ་ཅི་ཞེ་ན། ཨཱུ་དྷས྄་ཐོབ་པ་ནི། པྲཔྟོ་ དྷཱཿ། འདི་དེའི་སྐྱེས་བུའོ། །ཨནྟུ་དང་ཨས་མཐའི་ཞེས་པས་རིང་པོའོ། །རང་གི་ཡན་ལག་ལས་ཨུ་པ་དྷཱ་བརྩེགས་པ་མ་ཡིན་པ་ལས་ཡང་ནའོ། །ཡན་ལག་གང་གི་ཨུ་པ་དྷཱ་བརྩེགས་པ་ཡིན་པ་དེ་ནི་ཨུ་པ་དྷཱ་བརྩེགས་པའོ། །དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །དེ་ནས་ན་ཉའི་བསྡུ་ བའོ། །ཡན་ལག་གང་གི་ཨུ་པ་དྷཱ་བརྩེགས་པ་མ་ཡིན་པ་དེ་ལས་ཨཱིའི་རྐྱེན་ཡང་ན་འགྱུར་རོ། །གང་གི་གདོང་བ་ལ་ཟླ་བ་ལྟ་བུ་ཡིན་པ་དེ་ནི། ཙནྡྲ་མུ་ཁཱི། ཙནྡྲ་མུ་ཁཱ། དེ་བཞིན་དུ། ཤ་ཤི་མུ་ཁཱི། ཤ་ཤི་མུ་ཁཱ།རིམ་པའམ་རྐང་པ་ལས་འདས་པའི་སྒྲ་ནི། ཨ་ཏི་ཀེ་སཱི། ཨ་ 195-1-150b ཏི་ཀེ་སཱ། ཨུ་པ་དྷཱ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། སུ་པཪྴ། རང་གི་ཡན་ལག་ལས་ཞེས་པ་ཅི་ཞེ་ན། བ་ཧུ་དྷཱ་ནཱ། ཨངྒ་དང་ག་ཏའི་སྒྲ་ལ་ཨཱི་ཡིག་ཡང་ན་བཤད་པར་བྱ་སྟེ། གང་གི་ཡན་ལག་འཇམ་པ་དེ་ནི། མྲྀ་དྭ་ངྒཱི། སུ་གཱ་ཏྲ། སུ་གཱ་ཏྲི། ཅི་སྟེ་རང་གི་ཡན་ལག་ཏུ་ཇི་ལྟར་ བརྗོད་པར་བྱ་ཞེ་ན། སྨྲས་པ། ཨ་དྲ་བཾ། མཱུརྟི་མཏ྄། སྭཱངྒ། པྲཱ་ཎི་སྠམ྄། ཨ་བི་ཀ་ར་ཛམ྄། ཨ་ཏད྄་སྠཾ། ཏཏྲ། དྲྀཥྚཾ་ཙ། ཏེ་ན་ཙེ་ཏ་ད་ཏད྄། ཏ་ཐཱ། ཡུ་ཏམ྄། རྣམས་སྲོག་ཆགས་ཀྱི་གནས་ལ་རང་གི་ཡན་ལག་ཅི་འདྲ་བའོ། །ཨ་དྲ་བཾ། གཤེར་བ་ལས་བྱུང་བའོ། ། དེས་ན། བ་ཧུ་ཀ་ཧཱ་ཞེས་པ་འདིར་ཨཱིའི་རྐྱེན་མི་འགྱུར་རོ། །གཞན་ལས་ཀྱང་ཅི་འདྲ་བའོ། །མཱུརྟི། མུརྟིཿ། ཀ་ཐི་ནྱམྲ། ནི་སྲ་བ་སྟེ། དེ་གང་ལ་ཡོད་པ་དེ་ནི། མཱུརྟི་མཏ྄། དེས་ན། བ་ཧུ་ཛྙཱ་ན་ཞེས་པ་འདིར་མི་འགྱུར་རོ། །སྲོག་ཆགས་ཀྱི་གནས་ལའང་རང་གི་ཡན་ལག་གཞན་མ་ ཡིན་པ་ཉིད་དེ། དེས་ན། དིརྒྷ་མུ་ཁཱ་སཱ་ལཱཿ། ཞེས་པས་འདིར་མི་འགྱུར་རོ། །གཞན་ལའང་ཅི་འདྲ་བའོ། །ཨ་བི་ཀཱ་ར་ཛམ྄་ནི། རྣམ་པར་འགྱུར་བ་དང་ལྡན་པ་ལས། བཻ་ཥ་མྱཾ་ལ་སོགས་པ་རྣམས་ཀྱི་དེ་ལས་སྐྱེ་བ་ནི་རྣམ་འགྱུར་སྐྱེས་སོ། །རྣམ་འགྱུར་སྐྱེས་པ་མ་ཡིན་པ་ནི། ཨ་བི་ཀཱ་ར་ ཛམའོ། །གང་གི་ཀཱཎྜ་ལས་སྐྱེས་པ་དེ་ནི་རང་གི་ཡན་ལག་གོ། །དེས་ན། བ་ཧུ་སོ་ཐཱ་ཞེས་པ་འདིར་མི་འགྱུར་རོ། །སོ་ཐཱ་ནི་སོ་ཡ་རུ་བརྗོད་དོ། །ཚིགས་སུ་བཅད་པ་གཞན་གྱི་སྲོག་ཆགས་མ་ཡིན་པའི་གནས་ལ་ཡང་རང་གི་ཡན་ལག་འདོད་དོ། །ཨ་ཏ་དསྠ་ཏྲ་དྲིཥྚཾ་ཙ་ཞེས་པ་འདིའི་དོན་ཏ་ ཏྲ་སྲོག་ཆགས་ཀྱི་གནས་སུ་ངེས་པ་མ་ཡིན་པ་དེར་ཡང་སྔོན་མ་དང་དྲིཥྚཾ་ལས་དེ་ཡང་རང་གི་ཡན་ལག་གོ། །དེས་ན།དཱིརྒྷ་ཀ་སཱི་ར་ཐྱ་ཞེས་པ་འདིར་ཨཱིའི་རྐྱེན་ཏེ་སྲོག་ཆ་གས་ཀྱི་སྒྲ་ནི་མཐོང་བ་རྣམས་ར་ཐྱཱ་དང་འདྲ་བ་རུ་བལྟའོ། །ཏེ་ན་ཙེཏ྄་ཏད྄་ཏ་ཐཱ་ཡུ་ཏམ་ཞེས་པ་འདི་དང་འདི་ཡང་དོན་ནི་སྟེ་ན་རང་ གི་ཡན་ལག་གི་སྲོག་ཆགས་ཀྱི་ལས་མ་ཡིན་པ་དེ་ལྟར་གལ་ཏེ་ཡུ་ཏམ་དང་འབྲེལ་པའི་སྐབས་དེས། ཇི་ལྟར་སྲོག་ཆགས་ཀྱི་རྫས་དེ་ལྟར་དེ་ཡང་རང་གི་ཡན་ལག་ཏུ་འགྱུར་རོ། །དེས་ན། དཱིརྒྷ་མུ་ཁི་པྲ་ཏི་མཱ། མུ་ཁ་ནི་པྲ་ཏི་མའི་ས་སྲོག་ཆགས་ཀྱི་རྫས་བཞིན་འབྲེལ་ལོ། །ཨརྭ་ལས་འང་ 195-1-151a ཨ་ཕྱིས་པ་དང་ཀརྞ་ལས་སོ། །ཨ་ཕྱིས་པ་ཞེས་པ་ལྔ་པ་ཕྱིས་པའོ། །ཨ་ལས་ཕྱིས་པ་ནི་ཨ་ཕྱིས་པ་སྟེ། གང་དང་གང་ལ་དེ་ཡོད་པ་དེ་དང་དེའི་ཞེས་པ་ཨིནའོ། །ཨན་ལས་ཏེ་ཨན་མཐའ་ཅན་གྱི་རྟགས་ཨ་ཕྱིས་པ་སྟེ་ཨ་ཡིག་ཕྱིས་པར་གྱུར་པ་དང་། ཀརྞ་སྟེ་ཨ་ ཀརྞའི་སྒྲའི་མཐའ་ཅན་ལས་ཀྱང་ཨཱིའི་རྐྱེན་ཡང་ན་འགྱུར་རོ། །གང་གི་རྒྱལ་པོ་མང་པོ་ཡིན་པ་དེ་ནི། བ་ཧུ་ར་ཛྙཱི། བ་ཧུ་རཱ་ཛཱ། དེ་དག་ལས་ནི་ཌཱའོ་ཞེས་པས་ཌཱའོ། །ཙཱ་ཏུ་ཀརྞཱི། ཙཏུ་ཀརྞཱ། ཨ་ཕྱིས་པ་སྨོས་པ་ཅི་ཞེ་ན། སུ་སརྦཱ། ནཱ་སི་ཀཱ། ཨུ་ད་ར་ཀཎྛ། ཨནྟྲ་ཛི་གྷཱ་དནྟ་ཨོཥྛ། ཤྲིངྒ་ལས་སོ། །ནཱ་སི་ཀཱ་དང་ཨུ་ད་ར་དང་། ཀཎྛ་དང་ཨནྟྲ་དང་ཛཾ་གྷཱ་དང་དནྟ་དང་ཨོཥྛ་དང་ཤྲིངྒ་ཞེས་པ་འདི་རྣམས་ཀྱི་མཐའ་ལས་ཨཱིའི་རྐྱེན་ཡང་ན་འགྱུར་རོ། །ནཱ་སི་ཀཱ་དང་ཨུ་དར་དག་ལས་དབྱངས་མང་པོ་ལས་ཀྲོ་ཌ་སོགས་ཞེས་པས་དགག་པ་ཐོབ་པ་ལའོ། །ཀཎྛ་སོགས་ལས་རང་ གི་ཡན་ལག་ལས་ཨུ་པ་དྷཱ་བརྩེགས་པ་མ་ཡིན་པ་ལ་ཞེས་པས་དགག་པ་ཐོབ་པ་ལའོ། །གང་གི་སྣ་ཏུ་ག་ཡིན་པ་ནི། ཏུཾ་ག་ནཱ་སི་ཀཱི། ཏུཾ་ག་ན་སི་ཀཱ། སྐྱེས་པ་བཤད་པ་ནི་སྐྱེས་པ་བཞིན་ནོ་ཞེས་པས་སྔ་མའི་ཚིག་སྐྱེས་པ་བཞིན་འགྱུར་རོ། །ནམྣོ་ད་རཱི། ནིམྣོ་ད་རཱ། རཀྟ་ཀཎྵཱི། རཀྟ་ ཀཎྛ། ཀལྤཱནྟྲི། ཀལྤཱནྟྲ། བྲྀཏྟ་ཛདྒྷཱི། བྲྀཏྟ་ཛདྒྷ།སི་དཏ་དནྟཱི། སི་ཏ་དནྟཱ། ནིམྦོོ་ཥྛཱི། ནིམྦོོཥྛཱ། ཏཱིཀྵྞ་ཤྲིདྒཱི། ཏིཀྵྞ་ཤྲིདྒཱ། པུཙྪའི་མཐའ་ལས་ཨི་ཡིག་ཡང་ན་འདོད་ཏེ། ཀ་ལེ་ཎ་པུཙྪཱི། ཀ་ལེ་ཎ་པུཙྪཱ། ཀ་བ་ར་དང་མ་ཎི་དང་བི་ཥ་དང་ཤ་ར་རྣམས་ལས་ཚད་ལས་ རྡུལ་ཕྲན་ལ་པུཙྪ་ལ་རྟག་ཏུ་འདོད་དེ། གང་གི་མཇུག་མ་ཀ་བ་ར་ཡིན་པ་མ་དེ་ནི་ཀ་བ་ར་པུཙྪ། དེ་བཞིན་དུ། མི་ན་པུཙྪ། བི་ཥ་པུཙྪ། ཤ་ར་པུཙྪི། ས་དང་བིདྱ་མཱ་ན་དང་ན་ཉ་དང་དེ་རྣམས་ནི་ས་བིདྱ་མཱ་ན་ན་ཉའོ། །རང་གི་ཡན་ལག་གང་ལས་དེ་རྣམས་སྔོན་མ་ཅན་ཞེས་ཚིག་རྣམ་པར་ སྦྱར་རོ། །ས་དང་བིདྱ་མཱ་ན་དང་ན་ཉི་དེ་རྣམས་སྔོན་མ་ཅན་གྱི་རང་གི་ཡན་ལག་ལས་ཨཱིའི་རྐྱེན་མི་འགྱུར་རོ། །རང་གི་ཡན་ལག་ལས་ཨུ་པ་དྷཱ་བརྩེགས་པ་མ་ཡིན་པ་ལས་ཞེས་སོགས་ཀྱི་རྣམ་པར་བརྟག་པ་ཐོབ་པ་ལའོ། །གང་སྒྲ་དང་ལྷན་ཅིག་འཇུག་པ་དེ་ནི། ས་ཀེཤས་ས་རའི་དབྱངས་ 195-1-151b དང་ཞེས་པ་ལ་སོགས་པའི་ཤེས་པར་བྱེད་པ་ལས་ཧའི་སྒྲ་སའི་དངོས་པོའོ། །བིདྱ་མཱ་ན་ཀེ་ཤཱ། འདི་འབྲུ་མང་པོ་པའོ། །གང་ལ་སྐྲ་ཡོད་པ་མ་ཡིན་པ་དེ་ནི་ཨ་ཀེ་ཤཱ། དེ་བཞིན་དུ། ས་ནཱ་སི་ཀཿ། བིདྱ་མཱ་ན་ནཱ་སི་ཀཱ། ཨ་ནཱ་སི་ཀཱ། ཀྲོ་ཌ་སོགས་དབྱངས་མང་པོ་ལས་སོ། །གང་གི་ དབྱངས་མང་པོ་ཡིན་པ་དེ་ནི་དབྱངས་མང་པོའོ། །དེ་ནས་ཟླས་དབྱེ་བའོ། །ཀྲོ་ཌ་སོགས་ཀྱི་མཐའ་དང་དབྱངས་མང་པོའི་མཐའ་ལས་ཀྱང་ཨཱིའི་རྐྱེན་མི་འགྱུར་རོ། །གང་གི་རོལ་སྒེག་དགེ་བ་ཡིན་པ་དེ་ནི་ཀ་ལྱ་ཎ་ཀྲོ་ཌཱ། ཤོ་བྷ་ན་ཁུ་རཱ། བིསྟཱི་རྞ་བ་ཐཱ། དབྱངས་མང་པོའི་མཐའ་ལས། གང་ གི་ཚངས་ར་ཡངས་པ་མ་ཡིན་པ་དེ་ནི། པྲྀ་ཐུ་ཛ་གྷ་ནཱ། ཤ་ཤི་བ་ད་ནཱ། གྲོ་ཌ་ཁུ་ར་ས་ཐུ་གུ་ཌ། ག་ལ། འདི་རྣམས་ཀྱི་ཚོགས་ཀྲོ་ཌ་སོགས་སོ། །གལ་ཏེ་དེ་ལྟ་ན་དབྱངས་མང་པོ་སྨོས་པ་དོན་མེད་དོ་ཞེ་ན། བདེན་མོད། རབ་ཏུ་སྤྲོས་པའི་དོན་དུའོ། །ཨནྟ་རྦཏ་ལས་མངལ་དང་ ལྡན་པ་ལ་ནུའོ། །ཨནྟ་རྦཏ་ཞེས་པ་འདི་ལས་མངལ་དང་ལྡན་པའི་བུད་མེད་ལ་འཇུག་བཞིན་པ་ན་ཕ་རོལ་དུ་ནུ་ཨཱ་ག་མ་འགྱུར་རོ། །ཨུ་ཡིག་ནི་བརྗོད་པའི་དོན་ཏོ། །ཨནྟ་རྦཏྣི་གརྦཱ་ཎཱི། ཨནྟར་གྱི་སྒྲ་ལས་སྤྱིར་བཏང་བའི་ནུས་པ་གཙོ་བོ་ཉིད་ཀྱི་སྤྱིར་བཏང་བའི་རྐྱེན་བསྟན་པ་སྟོབས་དང་ལྡན་པ་ལས་ ཨུཏ་རྗེས་སུ་འབྲེལ་པ་ལས་ཞེས་པས་ཨཱིའི་རྐྱེན་ནོ། །མངལ་དང་ལྡན་པ་ལ་ཞེས་པ་ཅི་ཞེ་ན། གང་གི་ལན་བུ་བར་མེད་པ་ཡོད་པ་དེ་ནི། ཨནྟཿསཱ་ལཱ། པ་ཏི་བཏྣཱ་ལས་སྲོག་འདྲའི་ཆུང་མ་ལའོ། །གང་གི་སྲོག་དང་འདྲ་བའི་ཆུང་མ་དེ་ནི་སྲོག་འདྲའི་ཆུང་མའོ། །སྲོག་འདྲའི་ཆུང་མ་དེ་ལ་ བསྡུ་བའི་མཐར་གྱུར་པ་ཞེས་པས་ཀ་ཡིག་སྟེ། བསྡུ་བའི་མཐའ་ལས་ཨཏ་ངེས་པར་བསྟན་པ་ཉིད་བནྟུའི་རྐྱེན་འགྱུར་ཏེ། དེ་བཞིན་དུ་ཨཱིའི་རྐྱེན་འགྱུར་ཏེ། པ་ཏི་བཏ྄་ཅེས་པ་འདི་ལ་སྲོག་འདྲའི་ཆུང་མའི་བུད་མེད་ལ་འཇུག་བཞིན་པ་ན་ཕ་རོལ་ཏུ་ནུ་ཨཱ་ག་མ་འགྱུར་རོ། །པ་ཏི་བཏྣི་ཛཱི་བ་བརྟ་ཀཱ། པ་ཏིའི་སྒྲ་ལས་སྲོག་ འདྲའི་ཆུང་མའི་བུད་མེད་ལ་བནྟུའི་རྐྱེན་གང་བྱས་པ་ཉིད་ལས་པ་ཏི་བཏ་ཀྱི་སྒྲ་བརྗོད་པ་འཐོབ་བོ། །སྲོག་འདྲའི་ཆུང་མ་ཞེས་པ་ཅི་ཞེ་ན། པ་ཏི་མ་ཏཱི་མ་ཐུ་དཱ། པ་ཏིའི་ནའང་ངོ་། །པ་ཏིའི་སྒྲ་ལས་ཨཱིའི་རྐྱེན་འགྱུར་ཏེ། དེའི་ན་ཡིག་ཏུ་བསྒྱུར་བའང་ངོ་། །པཏྣཱི། ཨུཌྷཱ་ལ་བུད་མེད་ 195-1-152a ལ་སྒྲུབ་པ་འདིའོ། །དེས་ན་འདིར་མི་འགྱུར་ཏེ། གྲཱ་སྱ་ས་ཏི་རི་པཾ། ས་མཱ་ན་སོགས་ལས་སོ། །གང་གི་ཚོགས་ཀྱི་དང་པོ་ས་མཱ་ནའི་སྒྲ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ས་མཱ་ན་སོགས་ཀྱི་ཚོགས་ལས་ཕ་རོལ་གྱི་པ་ཏིའི་སྒྲ་གང་ཡིན་པ་དེ་ལས་ཨཱིའི་རྐྱེན་འགྱུར་ཞིང་ ན་ཡིག་ཏུ་བསྒྱུར་བའང་ངོ་། །གང་གི་བདག་པོ་ཐུན་མོང་བ་ཡིན་མ་དེ་ནི། ས་པཏྣཱི། ཏྲྀ་ཀ་ཏྲྀ་ཤ་ཏྲྀཀྵ་རྣམས་ལས་ས་མཱ་ནའི་སའོ་ཞེས་སྦྱོར་བ་རྣམ་པར་གཞག་པ་ལས་ས་མཱ་ནའི་སྒྲ་སའི་དངོས་པོའོ། །མཱ་ན་སོགས་ཀྱི་ཚོགས་ལས་གཞན་པའི་སྒྲ་ གང་ཡིན་པ་དེ་ནི་སྔ་མ་ལས་པ་ཏིའི་སྒྲ་ལས་སྤྱིར་བཏང་བ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཨཱིའི་རྐྱེན་ཡང་ན་འགྱུར་ཞིང་ཕྱོགས་གཅིག་ལ་ཨཱི་ཡིག་ན་ཡིག་ཏུ་བསྒྱུར་བའང་ངོ་། །བྲྀདྡྷཱ་པཏྣི། བྲྀདྡྷ་པཏྣིཿ། སྠཱུ་ལ་པཏྣཱིཿ། སྠཱུ་ལ་པཏྣཱིཿ། སྤྱིར་བཏང་བ་ལ་ཞེས་པ་ཅི་ཞེ་ན། གྲཱ་མ་སྱ་པ་ཏི་ར་ཡམ྄། ཀཱ་ མུ་ལས་འཁྲིག་པ་འདོད་པ་ལའོ། །འཁྲིག་པ་ལ་དགའ་བ་ནི་འཁྲིག་པ་འདོད་ལའོ། །ཀཱ་མུའི་སྒྲ་ལས་འཁྲིག་པ་འདོད་པ་རྟོགས་པར་བྱ་བཞིན་པ་ལ་ཨཱིའི་རྐྱེན་འགྱུར་རོ། །ཀཱ་མུ་ཀཱི། འཁྲིག་པ་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཀཱ་མུ་ཀཱ། དངོས་པོ་ཅུང་ཟད་འདོད་དོ་ཞེས་པའི་དོན་ཏོ། །ནག་ ལས་སྦོམ་པ་ལའོ། །ན་གའི་སྒྲ་ལས་སྦོམ་པོའི་དོན་ལ་ཨཱིའི་རྐྱེན་འགྱུར་རོ། །ནཱ་གཱི། སྦོམ་པོ་ཞེས་པ་ཅི་ཞེ་ན། ནཱ་གཱ། ན་གིའི་སྒྲ་གང་ཡིན་པ་ནི་རིགས་བརྗོད་པའོ། །དེའི་ཕྱིར་རིགས་ལས་ཨུ་པ་དྷཱ་ལས་ཞེས་པ་འདིའི་ཨཱི་གང་ཡིན་པའོ། །ནཱ་གཱི། སྠ་ལ་ལས་མ་བཅོས་པ་ ལའོ། །སྠ་ལིའི་སྒྲ་ལས་མ་བཅོས་པའི་དོན་ལ་ཨཱིའི་རྐྱེན་དུ་འགྱུར་རོ། །སྠལཱི། མ་བཅོས་པ་ལ་ཞེས་པ་ཅི་ཞེ་ན། སྠ་ལཱ། གོ་ཎ་ལས་གླང་ཁལ་ལའོ། །གོ་ཎའི་སྒྲ་ལས་གླང་ཁལ་གྱི་དོན་ལ་ཨཱིའི་རྐྱེན་འགྱུར་རོ། །གླང་ཁལ་ནི་གང་དུ་འབྲུ་ལ་སོགས་པ་སྐྱེད་པའོ། །གོ་ཎཱི། གླང་ཁལ་ལ་ཞེས་པ་ཅི་ཞེ་ན། པིཎྜི་ལས་ཟས་ ལའོ། །པིཎྜའི་སྒྲ་ལས་ཟས་ལ་ཨཱིའི་རྐྱེན་འགྱུར་རོ། །པིཎྜཱི། ཟས་ལ་ཞེས་པ་ཅི་ཞེ་ན། པིཎྜཿ ཀུཎྜ་ལས་སྣོད་ལའོ། །ཀུཎྜིའི་སྒྲ་ལས་སྣོད་ཀྱི་དོན་ལ་ཨཱིའི་རྐྱེན་འགྱུར་རོ། །སྣོད་ནི་ཟས་ཀྱི་སྣོད་དོ། །ཀུཎྜི། སྣོད་ལ་ཞེས་པ་ཅི་ཞེ་ན། ཀུཎྜཱ། གྷ་ཊི་ལས་བཟོ་བྱེད་པ་ལའོ། ། 195-1-152b བཟོ་བོས་བྱེད་པ་ནི་བཟོ་བྱེད་པའོ། །གྷ་ཊིའི་སྒྲ་ལས་བཟོ་བྱེད་པའི་དོན་ལ་ཨཱིའི་རྐྱེན་འགྱུར་རོ། །གྷ་ཊཱི། བཟོ་བྱེད་པ་ཞེས་པ་ཅི་ཞེ་ན། གྷ་ཊཱ། ཀུཾ་བྷ་ལས་སོ། །ཀུཾ་བྷའི་སྒྲ་ལས་བཟོ་བྱེད་པའི་དོན་ལ་ཨཱིའི་རྐྱེན་འགྱུར་རོ། །ཀུམྦཱི། བཟོ་བྱེད་པ་ཞེས་པ་ཅི་ཞེ་ན། ཀུམྦྷ། སིཏ་སོགས་ མ་ཡིན་པའི་ཁ་དོག་ལས་སོ། །གང་གི་ཚོགས་ཀྱི་དང་པོ་སིཏ་ཡིན་པ་དེ་ནི་སིཏ་སོགས་སོ། །ཁ་དོག་ལས་ཏེ། ཁ་དོག་བརྗོད་པའི་རྟགས་ལས་ཨཱིའི་རྐྱེན་འགྱུར་ཏེ། སིཏ་སོགས་མ་ཡིན་པ་སྟེ། སིཏ་སོགས་ཀྱི་ཚོགས་དོར་ནས་སོ། །ཤ་བ་ལཱི། ཀལྨ་སཱི། སིཏ་སོགས་མ་ཡིན་པ་ལ་ ཞེས་པ་ཅི་ཞེ་ན། སི་ཏཱ་ས་ལིཏཱ། ཤུཀྨཱ། ནཱི་ལའི་སྒྲ་ལས་སྨན་གྱི་དོན་ལ་ཨཱི་ཡིག་འདོད་ཏེ། ནཱི་ལཱི་ནཱ་མ་ཨོ་ཥ་དྷིཿ། ཀ་བ་རའི་སྒྲ་ལས་སྐྲ་ཆས་ཀྱི་དོན་ལའོ། །ཀ་བ་རཱི། དྷམྨི་ལ་མུ་ཙེ་ཏེ། ཏ་ཨུ་པ་དྷཱ་ལས་ཡང་ན་ཏེ་ཏའིའང་ན་ཡིག་གོ། །ཁ་དོག་ལས་ཞེས་པ་ཁོ་ནའོ། །ཏ་ཨུ་པ་ དྷཱ་ལས་ཏེ་ཏ་ཡིག་ཨུ་པ་དྷཱ་ཅན་ཁ་དོག་བརྗོད་པ་ལས་ཨཱིའི་རྐྱེན་ཡང་ན་འགྱུར་ཞིང་གང་གི་ཚེ་ཨཱི་རྐྱེན་ཡིན་པ་དེའི་ཚེ་ཏ་ཡིག་གི་ན་ཉིད་དོ། །ཨེ་ནཱི། ཨེ་ཏཱ། ཤྱེ་ནཱི། ཤྱེ་ཏཱ། ཧ་རི་ཎཱི། ཧ་རི་ཏཱ། ཁ་དོག་ལས་ཞེས་པ་ཅི་ཞེ་ན། སྲ་ཀྲྀ་ཏཱ། ཏ་ཨུ་པ་དྷཱ་ལས་ཞེས་པ་ཅི་ཞེ་ན། ཤ་བ་ལཱི། འདིར་ཨཱིའི་རྐྱེན་རྟག་ཏུ་འགྱུར་རོ། །ཨུཏ་མཐའ་ལས་ཡོན་ཏན་བརྗོད་པ་ལས་སོ། །ཡོན་ཏན་སྨྲའོ་ཞེས་པ་ནི་ཡོན་ཏན་བརྗོད་པའོ། །མ་སྐྱེས་པའི་མིང་ལ་དེའི་ངང་ཚུལ་ལ་ཎི་ནི་ཞེས་པས་ཎི་ནིའོ། །ཡང་ན་ཞེས་པ་ཁོ་ནའོ། །ཨུཏ་མཐའ་ལས་ཏེ་ཨུ་ཡིག་གི་མཐའ་ཅན་ལས་ཡོན་ཏན་ བརྗོད་པ་སྟེ། ཡོན་ཏན་རྟོགས་པར་བྱེད་པ་ལས་ཨཱིའི་རྐྱེན་ཡང་ན་འགྱུར་རོ། །པ་ཊྭཱི། པ་ཊུཿ། མྲྀ་དྭཱི། མྲྀ་དུཿ། ཨུཏ་མཐའ་ལས་ཞེས་པ་ཅི་ཞེ་ན། ཤུཀླཱ། ཏ་ཕ་རོལ་ཏུ་བྱེད་པ་ནི་ཐེ་ཚོམ་མེད་པའི་དོན་དུའོ། །ཡོན་ཏན་བརྗོད་པ་ལས་ཞེས་པ་ཅི་ཞེ་ན། ཨཱ་ཁི་ར་ཡམྲ། ཁ་ཏུའི་སྒྲ་ ལས་ཡོན་ཏན་བརྗོད་པ་དང་། ཨུ་པ་དྷཱ་བརྩེགས་པ་ལས་ཀྱང་། ཨི་ཡིག་མི་འདོད་དེ། ཁ་ཏུ་རི་མམ྄། པ་ཎྱ་རི་ཡཾ། བ་ཧུ་སོགས་རྣམས་ལས་ཀྱང་ངོ་། །བ་ཧུ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ལས་ཨཱིའི་རྐྱེན་ཡང་ན་འགྱུར་རོ། །བ་ཧྭཱ། བ་ཧུཿ། ཀ་ལྱཱ་ཎཱི། ཀ་ལྱཱ་ཎཱ། 195-1-153a ཨུ་དཱ་རི། ཨུ་དཱ་ར། ཨི་ཡིག་གི་མཐའ་ཅན་གྱི་རྟགས་ལས་ཨཱི་ཡིག་ཡང་ན་འདོད་དེ། རཱ་ཏྲི། ར་ཏྲཱིཿ། ཤཀྟཱི། ཤཀྟིཿ། དྷུ་ལཱི། དྷུ་ལིཿ། བ་ཧུ་དང་ཨུ་ད་ར་དང་ཀ་ལྱཱ་ཎ་དང་། པུ་རཱ་ཎ་དང་། ཀྲྀ་པ་ཎ་དང་བི་ཤ་ལ་ཞེས་པ་འདི་རྣམས་བ་ཧུ་སོགས་རྣམས་ སོ། །བྷུ་བ་ལས་རྟག་ཏུའོ། །བྷུ་བ་ཞེས་པ་འདིར་བྷུའི་སྒྲ་སྨོས་པ་ནི། ཨགྣིའི་བྱ་བ་མི་འགྱུར་བར་ངེས་པར་བསྟན་པའི་ཕྱིར་ཨཏ་ཉིད་ཀྱི་རྒྱུ་ལས་ཨུ་བར་བསྒྱུར་བའོ། །བྷུ་ཞེས་པ་འདི་ལྟ་བུའི་རྟགས་ཀྱི་མཐའ་ལས་ཨཱིའི་རྐྱེན་རྟག་ཏུའོ། །བི་བྷུཿ། བི་བྷཱི། པྲ་བྷུཿ། པྲ་བྷི། བྷུའི་ སྒྲ་སྨོས་པ་ལས་འདིར་མི་འགྱུར་ཏེ། སྭ་ཡཾ་བྷཱུ་རི་ཡམ྄། ས་ཁི་ཨ་སི་ཤུ་དག་ལས་ཀྱང་ངོ་། །ས་ཁི་དང་ཨ་སི་ཤུའི་སྒྲ་དག་ལས་ཨཱིའི་རྐྱེན་འགྱུར་རོ། །ས་ཁཱི། ཨ་སི་ཤྭི། གང་ལ་བུ་ཚ་ཡོད་པ་མིན་པ་ཅན་མ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐྱེས་པ་དང་ལྡན་པ་ལས་གལ་ཏེ་དེའི་ བཤད་པ་ལས་སོ། །སྐྱེས་པ་དང་ལྡན་པ་ནི་སྐྱེས་པ་དང་འབྲེལ་པའོ། །སྐྱེས་པ་དང་ལྡན་པ་ལས་ཏེ། གང་སྐྱེས་བུ་དང་འབྲེལ་བའི་རྒྱུ་གང་ཡིན་པའི་སྒྲ་བུད་མེད་ལ་འཇུག་པ་དེ་ལས་ཨཱིའི་རྐྱེན་འགྱུར་ཏེ། གལ་ཏེ་སྐྱེས་པའི་སྒྲ་དེས་བཤད་པ་སྟེ་བསྟན་པར་གྱུར་པ་ནའོ། །སྨད་འཚོང་མའི་ བུད་མེད་ནི། ག་ཎ་ཀཱི། དེ་བཞིན་དུ། མ་ཧཱ་མཱ་ཏྲི། འདིར་སྨད་འཚོང་མས་སྐྱེས་བུ་དང་འབྲེལ་པ་ཉིད་ཀྱི་ཕྱིར་བུད་མེད་ཀྱི་ཚོགས་ཀྱི་སྒྲ་ལ་འཇུག་སྟེ། དེས་ན་སྨད་འཚོང་གི་སྒྲས་སྐྱེས་བུ་ཡང་བཤད་པའོ། །སྐྱེས་པ་དང་ལྡན་པ་ཅི་ཞེ་ན། དེ་བ་དཏྟཱ། སྒྲ་འདི་སྐྱེས་བུ་དང་འབྲེལ་ པ་ལས་བུད་མེད་ལ་འཇུག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་མིང་གི་སྒྲའོ། །གལ་ཏེ་དེའི་བཤད་པ་ལས་ཞེས་པ་ཅི་ཞེ་ན། པྲ་སཱུ་ཏཿ། སྒྲ་འདི་སྐྱེས་བུ་དང་འབྲེལ་པས་བུད་མེད་ལ་འཇུག་མོད་སྐྱེས་བུ་བཤད་པ་ནི་མ་ཡིན་ནོ། །གང་མངལ་གྲོལ་བ་རབ་ཏུ་བཙའ་བ་ཉིད་མ་ཡིན་པ་དེ་ནི་སྐྱེས་ བུར་འགྱུར་རོ། །གོ་བ་ལ་ཀ་སོགས་རྣམས་ཀྱི་ཨི་ཡིག་མི་འདོད་དེ། བ་ལང་སྐྱོང་བའི་བུད་མེད་ནི། གོ་པཱ་ལི་ཀཱ། ཨ་ཤྭ་པཱ་ལི་ཀཱ། ཨ་ཤྭ་ཀ་བའི་སྒྲའི་མཐའ་གོ་པཱ་ལ་ཀ་སོགས་པ་རྣམས་སོ་ཞེས་གསུང་ངོ་། །སཱུཪྻ་ལས་ལྷ་ཉིད་ཀྱི་དོན་ལའོ། །ཉི་མའི་བུད་མེད་ནི། སཱུཪྻ། ལྷ་ཉིད་ 195-1-153b ལ་ཞེས་པ་ཅི་ཞེ་ན། སཱུཪྻ་ཞེས་པ་འགའ་ཞིག་གི་མིང་སྟེ། དེའི་བུད་མེད་ནི། སཱུ་རི། བུ་རྒྱུད་ཀྱི་དབྱངས་སྔ་མ་མིན་པའི་ཡའི་ཞེས་སྦྱོར་བ་རྣམ་པར་གཞག་པ་ལས་ཡ་དབྱིའོ། །ཨིནྡྲ་དང་བ་རུ་ཎ་བྷ་བ་དང་ཤརྦ་རུ་དྲ་དང་རྣམས་ཀྱི་ཨཱི་ཡིག་བྱས་པ་ལ། ཨ་ནུ་ཨཱ་ག་མ་བཤད་པར་བྱ་སྟེ། དབང་པོའི་བུད་མེད་ནི། ཨིནྡྲཱ་ཎཱི། དེ་བཞིན་དུ། བ་རུ་ཎཱ་ནཱི། བྷ་བཱ་ནི། ཤརྦཱ་ཎི། རུ་དྲཱ་ཎཱི། ཧི་མ་དང་ཨ་ར་ཎྱ་དག་ལས་ཆེན་པོ་ཉིད་ཀྱི་དོན་ལ་ཨི་ཡིག་འདོད་ཏེ། ཨཱ་ནུ་ཨཱ་ག་མའང་ངོ་། །གང་ཆེན་མོ་ནི། ཧི་མཱ་ནཱི། ཨ་ར་ཎྱ་ཆེན་མོ་ནི། ཨ་ར་ཎྱ་ནཱི། ཨ་ཏྱ་དང་ཀྵ་ཏྲི་ཡ་དང་ ཨུ་པ་དྷཱ་ཡ་དང་མ་མཱ་ཏུ་ལ་རྣམས་ཀྱི་ཨཱི་ཡིག་ཕ་རོལ་ལ་ཨ་ནུ་ཨཱ་ག་མ་ཡང་ན་བཤད་པར་བྱའོ། །འཕགས་པའི་བུད་མེད་ནི། ཨཱཪྻཱ་ཎཱ། ཨཱཪྻཱི། དེ་བཞིན་དུ། ཀྵ་ཏྲི་ཡཱི་ཎི། ཨུ་བཱ་དྷྱཱ་ཡཱི། ཨུ་པཱ་དྷྱཱ་ཡཱི། པཱ་དྷྱཱ་ཡཱི་ན། མཱ་ཏུ་ལཱ་ནཱི། མཱ་ཏུ་ལཱ་ནཱི། མ་ཏུ་ལཱི། ཀྲཱྀཏ་ལས་རྒྱུ་ སྔོན་མ་ལས་སོ། །ཉོས་པ་གང་ལས་རྒྱུ་སྔོན་མ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཀྲཱྀ་ཏིའི་སྒྲ་ལས་རྒྱུ་སྔོན་མ་ལས་ཨཱིའི་རྐྱེན་འགྱུར་རོ། །གོས་ཀྱིས་ཉོས་པ་ནི། བ་སྟྲཱ་ཀྲཱྀ་ཏི། དྷཱ་ན་ཀྲཱྀ་ཏཱི། རྒྱུ་སྔོན་མ་ལས་ཞེས་པ་ཅི་ཞེ་ན། བདེ་བར་ཉོས་པ་ནི། སུ་ཁ་ཀྲཱྀ་ཏཱ། བདེ་བའི་སྒྲ་ནི་བྱ་ བའི་ཁྱད་པར་ལས་སོ། །ངག་ལ་ནི་མི་འདོད་དེ། ཨ་ཤྭེ་ན་ཀྲཱྀ་ཏཱི། སཱུ་ཏ་ཀྲ་ཏུ་མ་ནུ་ལས་ཨཻའང་ངོ་། །སཱུ་ར་སཱུ་ཏ་ཀྲ་ཏུ་དང་མ་ནུ་ལས་ཞེས་ཀུན་སྡུད་པའི་ཟླས་དབྱེའོ། སཱུ་ཏ་ཀྲ་ཏུ་མ་ནུའི་སྒྲ་རྣམས་ལས་ཨཱིའི་རྐྱེན་འགྱུར་ཞིང་དེ་དག་གི་ཨེ་ཡིག་ཏུ་བསྒྱུར་བའང་ངོ་། །སཱུ་ཏ་ཀྲ་ཏུའི་བུད་མེད་ནི། སཱུ་ཏ་ཀྲ་ཏཱའི། མ་ནུ་ལས་ཨོ་ཡིག་ཏུ་བསྒྱུར་བ་ཡང་འདོད་དེ། མ་ནཱ་བཱི། ཕྱོགས་གཅིག་ལ། མ་ནཱ་མཱི། ཨཻ་ཡིག་ཏུ་བསྒྱུར་བ་ཡང་ན་འདོད་དོ། །དེས་ན། མ་ནུཿ། སཱུ་ཏ་ཀྲ་ཏུ་དང་མ་ནུའི་སྒྲ་གང་གི་ཚེ། སྐྱེས་པ་དང་སྦྱོར་བའི་རྒྱུ་ལས་བུད་མེད་ལ་འཇུག་པ་དེའི་ཚེ་ཆོ་ག་འདིའོ། ། དེས་ན་འདིར་མི་འགྱུར་ཏེ། གང་གི་ཀྲ་ཏུ་ལ་བ་ཡིན་པ་དེ་ནི། སཱུ་ཏ་ཀ་ཏུཿ། དེ་བཞིན་དུ་མདོ་ཕྱི་མ་ལ་ཡང་ངོ་། །ཀུ་པི་ཏ་ཨགྣི་བྲྀཀྵ་ཀ་སི་ལས་སོ། །ཀུ་པི་ཏ་དང་ཨགྣི་དང་བྲྀཀྵ་ཀ་སི་ཞེས་པ་འདི་རྣམས་ལས་ཨཱིའི་རྐྱེན་འགྱུར་ཞིང་། དེ་རྣམས་ཀྱི་ཨཻ་ཡིག་ཏུ་བསྒྱུར་བ་ཡང་ངོ་། །སྨད་པའི་བུད་ 195-1-154a མེད་ནི། ཀུ་སི་ཏཱ་ཡཱི། དེ་བཞིན་དུ། ཨཱ་གྣི་ཡཱི། བྲྀཀྵཱ་ཀ་སཱ་ཡཱི། བྲཧྨ་སཱུ་ཏ་བྷོ་ཛ་ཨུ་གྲ་རཱ་ཛཱན྄་ལས་དུ་ཧི་ཏྲྀ་པུ་ཏྲོ་ཡང་ནའོ། །བྲཧྨ་སོགས་རྣམས་ཀྱི་ཀུན་སྡུད་པའི་ཟླས་དབྱེ་བའོ། །བྲཧྨ་དང་སཱུ་ཏ་དང་བྷོ་ཛ་དང་ཨུ་གྲ་དང་རཱ་ཛཱན་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་དུ་ཧི་ཏྲྀའི་སྒྲ་ ལས་ཨཱིའི་རྐྱེན་ཡང་ན་འགྱུར་ཞིང་། ཨཱིའི་རྐྱེན་གྱི་ཕྱོགས་ལ་དུ་ཧི་ཏྲྀའི་སྒྲ་པུ་ཏྲ་རུ་བསྒྱུར་བའོ། །ཚངས་པའི་བུ་མོ་ནི། བྲཧྨ་པུ་ཏྲཱི། དེ་བཞིན་དུ། སཱུ་ཏ་བུ་ཏྲཱི། སཱུ་ཏ་དུ་ཧི་ཏཱ། བྷོ་ཛ་པུ་ཏྲཱི། བྷོ་ཛ་དུ་ཧི་ཏཱ། ཨུ་གྲ་པུ་ཏྲཱི། ཨུ་གྲ་དུ་ཧི་ཏཱ། རཱ་ཛ་པུ་ཏཱི། རཱ་ཛ་དུ་ཧི་ཏ། བུད་མེད་མིན་ པ་ལས་ཡ་ཨུ་པ་དྷཱ་མིན་པའི་རིགས་ལས་སོ། །རྟགས་གང་གི་ཨུ་པ་དྷཱ་ཡ་ཡིག་ཡིན་པ་དེ་ནི་ཡ་ཨུ་པ་དྷཱའོ། །དེ་ནས་དགག་པའི་བསྡུ་བའོ། །བུད་མེད་མ་ཡིན་པ་ནི་བུད་མེད་མ་ཡིན་པ་ལ་སྟེ་ཨ་དྷི་སོགས་ཉིད་ཀྱི་ཕྱིར་ཏ་སྲའོ། །ཐ་དད་པའི་དོན་རྣམས་ལའམ། ཐ་དད་པའི་དངོས་པོ་རྣམས་ལ་སྒྲ་རྣམ་པ་ གཅིག་པ་ཅན་གྱི་ཤེས་པ་སྐྱེ་བ་དེ་ནི་རིགས་སོ། །རིགས་བརྗོད་པའི་རྟགས་གང་ཞིག་ཡ་ཨུ་པ་དྷཱ་མ་ཡིན་པ་དང་དེ་བཞིན་དུ་བུད་མེད་མ་ཡིན་པ་ཁོ་ན་ལ་གང་འཇུག་པ་དེ་ལས་ཨཱིའི་རྐྱེན་འགྱུར་རོ། །རིགས་སྨོས་པ་ལས་རྟགས་ཀྱི་རིགས་ཐམས་ཅད་བསྟན་པ་ནི་མ་ཡིན་ཏེ། ཅིག་ཅར་དུ་བཤད་ པ་དཔྱད་པར་བྱ་བ། གོ་ཏྲའང་རིགས་ཞེས་པའི་ལྷན་ཅིག་སྤྱོད་པའི་འོ། །ཀུཀྐུ་ཊཱི། བྲཱཧྨ་ཎཱི། ནཱ་ཌཱ་ད་སྤ་ནཱི། ཀ་བཱི། རིགས་ལས་ཞེས་པ་ཅི་ཞེ་ན། མཎྜ་སྤ། ཨུ་པ་དྷཱ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཀྵ་ཏྲི་ཡཱ་བུད་མེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བ་ལཱ་ཀཱ། པཱ་ཀ་སོགས་ ཀྱི་མཐའ་ལས་ད་ལྟ་བ་ཉིད་འང་ངོ་། །གང་རྣམས་ཀྱི་དང་པོ་པཱ་ཀའི་སྒྲ་ཡིན་པ་དེ་ནི་བཱ་ཀ་སོགས་རྣམས་སོ། །གང་གི་མཐའ་དེ་རྣམས་ཡིན་པ་དེ་ནི་པཱ་ཀ་སོགས་ཀྱི་མཐའོ། །རིགས་ལས་ཞེས་པ་ཁོ་ནའོ། །རིགས་རྫོགས་པའི་རྟགས་པཱ་ཀ་སོགས་ཀྱི་མཐའ་གང་ཡིན་པ་དེ་ལས་ཨཱིའི་རྐྱེན་ འགྱུར་རོ། །བུད་མེད་མིན་པ་ལ་ཞེས་པས་དགག་པ་ཐོབ་པ་ལའོ། །ཨོ་ད་ན་པཱ་ཀཱི། སཾ་ཀུ་ཀརྞཱི། པཱ་ཀ །ཀརྞ། པཎྜི། པུཥྤ། ཕ་ལ། མཱུ་ལ། པཱ་ལ། ཞེས་པ་འདི་རྣམས་པཱ་ཀ་སོགས་རྣམས་སོ། །ཨི་ཎ་ལས་སོ། །ཨིཎ་ལས་ནི་ཨིཎ་ལས་སོ། །འདོད་པའི་དབང་ལས་ 195-1-154b ཏས་སོ། །ཨིཎའི་མཐའ་ལས་ཨཱིའི་རྐྱེན་འགྱུར་རོ། །མཁས་པའི་བུད་མེད་ཀྱི་བུ་རྒྱུད་ནི། དཱཀྵཱི། དེ་བཞིན་དུ། པླཱཀྵཱི། ཨཏ་ལས་ཨིཎའོ་ཞེས་པས་ཨིཎ་བྱས་པ་ལ་ཨཱིའི་རྐྱེན་ནོ། །མིའི་རིགས་ལས་སོ། །མིའི་རིགས་ནི་མི་རིགས་སོ། །མིའི་རིགས་བརྗོད་པའི་རྟགས་ཨི་ཡིག་གི་ མཐའ་ཅན་ལས་ཕ་རོལ་ཏུ་ཨཱིའི་རྐྱེན་འགྱུར་རོ། །ཨ་བནྟཱི་ཀུནྟི་མིའི་རིགས་ལ་ཞེས་པ་ཅི་ཞེ་ན། དིཏྟ་རིཿ། འདི་འདབ་ཆགས་ཀྱི་རིགས་སོ། །ཨི་ལས་ཞེས་པ་ཅི་ཞེ་ན། ཨུ་ད་རམ྄། ཨུཏ་ལས་ཨཱུད྄འོ། །ཨུཏ་ལས་ཏེ་ཨཱུ་ཡིག་གི་མཐའ་ལས་མིའི་རིགས་བརྗོད་པ་ལས་ཨཱུངའི་རྐྱེན་འགྱུར་ རོ། །ང་ཡིག་ནི་སྐྱེས་པར་བཤད་པ་ཅན་ནི་སྐྱེས་པ་བཞིན་ཞེས་པའི་དོན་ཏོ། །ཀུ་རུཿ། བྲཧྨ་བནྡྷུཿ། མིའི་རིགས་ལས་ཞེས་པ་ཅི་ཞེ་ན། ཀྲྀ་ཀ་བཱ་ཀུཿ། པངྒུ་ཀ་དྲུ་ལས་སོ། །པངྒུ་དང་ཀ་དྲུའི་སྒྲ་དག་ལས་ཨཱུང་འགྱུར་རོ། །མིའི་རིགས་ཀྱི་དོན་བརྗོད་པ་མ་ཡིན་ནོ། །པངྒུཿ། ཀ་དྲུཿ། ས་ཧ་ལཀྵྨཎ། བ་མ་དང་པོ་ཅན་ལས་ཨཱུ་ཏུ་ལས་སོ། །ས་ཧ་དང་ལཀྵྨཎ་དང་བཱ་མ་དང་པོ་ཅན་ལས་ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །ས་ཧ་དང་ལཀྵྨཎ་དང་བཱ་མ་དང་པོ་ཅན་ལས་ཨཱུ་ཏུའི་སྒྲ་ལས་ཨཱུང་འགྱུར་རོ། །མིའི་རིགས་ཀྱི་དོན་བརྗོད་པ་མ་ཡིན་ནོ། །གང་ཨུ་རུ་དང་ལྷན་ཅིག་པ་དེ་ནི། ས་ ཧོ་རུཿ། དེ་བཞིན་དུ་ལཀྵྨ་ཎུ་ཏུཿ། བཱ་མོ་རུཿ། ས་ཧ་སི་ཧི་ཏ་ས་ཧི་ཏ་དང་པོ་ཅན་ལས་ཀྱང་ཨཱུ་རུ་ཉིད་དུ་བཤད་པར་བྱའོ། །ས་ཧོ་རུཿ། སཾ་ཧི་ཏོ་རུཿ། ས་ཧི་ཏོ་རུཿ། དཔེ་དང་བཅས་པ་ལས་སོ། །ཉེ་བར་འཇལ་བར་བྱེད་པའི་དངོས་པོ་ནི་དཔེའོ། །དེ་དང་ལྷན་ཅིག་སྦྱར་བར་གྱུར་པ་ནི་དཔེ་དང་ལྷན་ཅིག་པའོ། །དཔེ་དང་བཅས་པའི་ཨཱུ་རུ་ལས་ཨཱུང་འགྱུར་ རོ། །གང་གི་བརླ་རྟ་མོ་འདྲ་བ་དེ་ནི། ཀ་ར་བྷོ་རུཿཀ་ད་ལཱི་སྟ་བྷོ་རུཿ། བ་ཧུའི་མཐའ་ལས་ཀྱང་མིང་ཉིད་ལའོ། །བ་ཧུའི་སྒྲའི་མཐའ་ལས་མིང་ཉིད་ཀྱི་ཡུལ་ལ་ཨཱུང་འགྱུར་རོ། །བྷ་ཏྲོ་བཱ་ཧུཿ། མ་ཏྲ་བཱ་ཧུཿ། མིང་ལ་ཞེས་པ་ཅི་ཞེ་ན། བྲྀཏྟ་བཱ་ཧུ་རི་ཡཾ། ཤྭ་སུ་རིའི་འང་ཨུ་ཨ་དབྱི་བ་དག་ གོ། །ཨུ་དང་ཨ་ནི་ཨུ་ཨ་དག་གོ། །གང་གི་ཨུ་ཨ་ཕྱིས་པ་ནི་ཨུ་ཨ་ཕྱིས་པས་སོ། །ཤྭ་སུ་རའི་སྒྲ་ལས་ཨཱུང་འགྱུར་ཞིང་ཨུ་ཡིག་དང་ཨ་ཡིག་གིའང་དབྱིའོ། །ཤྭ་ཤྲུཿ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་སྐབས་སུ་རྐང་པ་བདུན་རྫོགས་སོ།། །། 195-1-155a འདི་ནི་ཆོས་ཀྱི་རྗེ་སྐད་གཉིས་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཐུབ་པའི་དབང་པོ་དང་མཁྱེན་རབ་མི་གཉིས་པ། དཔལ་ལྡན་བློ་གྲོས་བརྟན་པའི་བཀའ་དྲིན་ལས་བདེ་བར་གཤེགས་པའི་གསུང་རབ་དང་ཐ་སྙད་ཀྱི་གཙུག་ལག་རྣམས་ལ་བློ་གྲོས་རྒྱ་ཆེར་ཐོབ་པ། གངས་ཅན་གྱི་ཁྲོད་དུ་ སྐད་གཉིས་པར་སྨྲ་བ་ཤཱཀྱའི་དགེ་སློང་བྱང་ཆུབ་རྩེ་མོས་དྭགས་པོ་རྫམ་ཡུལ་དུ་བསྒྱུར་བ་རེ་ཞིག་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་པ་པར་སྨེའི་ཚིག་རྣམས་སོ། །འདི་ནི་སྤྱིར་བཏང་བ་སྟེ། བརྟ་མཱ་ནཱ། ཏི་ཏས། ཨནྟི་ཞེས་པ་ལ་སོགས་པ་རྣམས་ ལ་ཉེ་བར་གནས་ཤིང་དྲུག་གི་དང་པོ་རྣམས་བྱིངས་ཐམས་ཅད་པའོ་ཞེས་པ་འདི་ལས་གོང་དུ་སྤྱིར་བཏང་བ་འདིའོ། །ཨ་ཐའི་སྒྲ་ནི་བཀྲ་ཤིས་པའི་དོན་ཏོ། །ཕྱི་མ་དགུ་རྣམས་ཨཱཏྨ་ནེའོ། །ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་དང་པོའི་མང་པོའི་ཚིག་གི་མཐའ་ཅན་ཏེ། དང་པོ་དབྱི་བའང་ཞེས་པས་ཚིག་ རྣམས་སོ་ཞེས་པ་འདི་དབྱིའོ། །འདི་ཡང་སྤྱིར་བཏང་བ་སྟེ། བརྟ་མཱ་ནཱའི་ཏེ། ཨཱ་ཏེ། ཨནྟེ་ཞེས་པ་ལ་སོགས་པ་རྣམས་ལ་ཉེ་བར་གནས་ཏེ་རྣམ་པ་འདི་ནི་སྔར་བརྗོད་པ་ཁོ་ནའོ། །གསུམ་གསུམ་རྣམས་དང་པོ་དབུས་མ་ཕྱི་མ་རྣམས་སོ། །པ་རསྨཻའི་ཚིག་རྣམས་ཀྱི་ཚིག་གསུམ་གསུམ་རྣམས་ རྣམ་གྲངས་ཇི་ལྟ་བ་བཞིན་དུ་དང་པོ་དང་། དབུས་མ་དང་། ཕྱི་མའི་མིང་ཅན་རྣམས་སུ་འགྱུར་རོ། །ཏི། ཏས། ཨནྟི་ཞེས་པ་དང་པོའོ། །སི། ཐས། ཐ་ཞེས་པས་དབུས་མའོ། །མི། བས། མས་ཞེས་པ་ཕྱི་མའོ། །ཨཱཏྨ་ནེའི་ཚིག་རྣམས་ཀྱི་ཡང་འདི་ལྟ་སྟེ། ཏེ། ཨཱ་ཏེ། ཨནྟེ་ཞེས་པ་དང་ པོའོ། །སེ། ཨཱ་ཐེ། དྷྭེ་ཞེས་པ་དབུས་མའོ། །ཨེ། བ་ཧེ། མ་ཧེ་ཞེས་པ་ཕྱི་མའོ། །དང་པོ་དང་དབུས་མ་དང་ཕྱི་མའི་མིང་རྣམས་ཀྱིས་གང་དུ་དགོས་ཤེ་ན། མིང་ལ་རབ་ཏུ་སྦྱོར་བ་ལའང་དང་པོའོ། །ཁྱེད་ལ་དབུས་མའོ། །ངེད་ལ་ཕྱི་མའོ་ཞེས་པ་འདིརའོ། །ས་པ་ཙ་ཏི། ཏྭཾ་པ་ ཙ་སི། ཨ་ཧཾ་པ་ཙཱ་མི། དང་པོ་དང་། དབུས་མ་དང་། ཕྱི་མའི་མིང་ཅན་རྣམས་ནི་སྐྱེས་བུའི་མིང་ཅན་དུའང་རྟོགས་པར་བྱ་སྟེ། ཅིག་ཅར་བརྗོད་པ་ལ་སྐྱེས་བུ་རྣམས་ཀྱི་ཕ་རོལ་ལོ་ཞེས་སྐྱེས་བུ་སྨོས་པའི་ཕྱིར་རོ་ཅིག་ཅར་བརྗོད་པ་ལ་སྐྱེས་བུ་རྣམས་ཕ་རོལ་ལོ། །ཅིག་ཅར་བརྗོད་པ་ 195-1-155b ནི་ཅིག་ཅར་བརྗོད་པ་ཞེས་པ་དེའི་སྐྱེས་བུའོ། །འདི་ནི་ཡོངས་སུ་བཤད་པའོ། །སྐྱེས་བུ་རྣམས་ཀྱི་སྟེ་དང་པོ་དང་། དབུས་མ་དང་། ཕྱི་མ་རྣམས་ཀྱི་ཅིག་ཅར་བརྗོད་པ་ལ་སྟེ། དུས་མཚུངས་པར་བརྗོད་པར་གྱུར་པ་ན། གང་ཕ་རོལ་གྱི་སྐྱེས་བུ་དེ་ཁོ་ན་བྱིངས་ལས་འགྱུར་རོ་ཞེས་ཡོངས་ སུ་བཤད་པར་བྱའོ། །བྱིངས་ཀྱི་དོན་གཅིག་ལ་གང་གི་ཚེ་མིང་ཉེ་བར་གྱུར་པ་དང་། ཡུཥྨཏ། ཨསྨད་དག་ཀྱང་ཡིན་པ་དེའི་ཚེ། དང་པོ་དང་། དབུས་མ་དང་། ཕྱི་མ་རྣམས་ངེས་པ་མེད་པར་ཐོབ་པར་འགྱུར་རོ་ཞེས་པས་ངེས་པ་བྱའོ། །ས་ཙ། ཏྭཾ་ཙ། ཨ་ཧཾ་ཙ། པ་ཙཱ་མཿ། འདིར་ རིམ་པས། དང་པོ་དང་། དབུས་མ་དང་། ཕྱི་མ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་པས་མདོ་རྩོམ་པ་སྟེ་དེས་ན་ཕྱི་མ་ཁོ་ནར་འགྱུར་རོ། །ཌུ་པ་ཙ་ཥ། བརྟ་མཱ་ནཱའི་མྲས། ཨ་ན་བི། ཨའི་བ་མ་དག་ལ་རིང་པོའོ་ཞེས་པས་རིང་པོའོ། །སྐྱེས་བུ་རྣམས་ཀྱི་ཞེས་པའི་མང་པོའི་ཚིག་ནི་གཙོ་བོ་ མ་ཡིན་ཏེ། དེས་ན་འདི་ལ་ཡང་ཕ་རོལ་གྱི་སྐྱེས་བུར་འགྱུར་རོ། །པ་ཙ་ཏྭཾ་ཙ། པ་ཙ་ཐཿ།ཏྭ་ཙ་ཨ་ཧཾ་ཙ། པ་ཙཱ་བ། སྔ་མ་བཞིན་བི་ཀ་ར་ཎའི་རིང་པོའོ། །སྔར་བཤད་པ་དང་ཕྱི་མར་འཆད་པའི་ཡོངས་སུ་བཤད་པ་གྲུབ་པ་ཉིད་ཀྱི་ཕྱིར་སྦྱོར་བ་རྩོམ་པ་ནི་ཡོངས་སུ་བཤད་པ་དེ་ཁོ་ནའི་སྤྲོས་ པའི་དོན་ཏོ་ཞེས་གསུང་ངོ་། །མིང་ལ་རབ་ཏུ་སྦྱོར་བ་ལའང་དང་པོའོ། །མིང་ལ་རབ་ཏུ་སྦྱོར་བར་གྱུར་པ་ན་བྱིངས་ལས་དང་པོར་འགྱུར་རོ། །འང་གི་སྒྲ་ལས་རབ་ཏུ་སྦྱོར་བ་མ་ཡིན་པ་ན་ཡང་ངོ་། །ས་པ་ཙ་ཏི་ཏཽ། པ་ཙ་ཏཿ། ཏེ་པ་ཙནྟི། རབ་ཏུ་སྦྱོར་བ་མ་ཡིན་པ་ལ། པ་ཙ་ཏི། པ་ཙ་ཏཿ། པ་ཙནྟི། ཏི། ཏས། ཨནྟི། ཨན་བི། ཨ་དང་མཚམས་སྦྱོར་གྱི་ཡི་གེ་ཞེས་པས་དབྱིའོ། །འོ་ན་རབ་ཏུ་སྨོས་པ་ཅིའི་དོན་ཡིན་ཏེ། མིང་ལ་རབ་ཏུ་སྦྱོར་བ་ལའང་དང་པོའོ་ཞེས་བྱ་བ་ན་སྦྱོར་བ་ལ་ནི་བྱིངས་དང་འབྲེལ་བཞིན་པའོ་ཞེས་པའི་དོན་རྣམ་པར་ཤེས་པས་སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། རབ་ཏུ་ཞེས་སྨོས་པའི་རབ་ཏུ་གྱུར་པར་རྟོགས་པའི་དོན་དུའོ། །དེས་ན་རབ་ཏུ་གྱུར་པའི་གཞི་མཐུན་པ་ཉིད་ཀྱིས་གང་གི་ཚེ་མིང་བྱིངས་ཀྱི་རྣམ་པར་འབྱེད་ཅིང་དེ་དང་འབྲེལ་པ་དེའི་ཚེ་དང་པོའོ། །དེས་ན་འདིར་མི་འགྱུར་ཏེ། དེ་བ་དཏྟེ་ན་པཱུ་ཛྱ་སེ་ཏྭམ། འདིར་དེ་བ་དཏྟ་ནི། བྱེད་པ་པོ་དང་བྱིངས་ཀྱི་ 195-1-156a དོན་ནི་ལས་ཀྱི་ཡུལ་ཅན་ཏེ། དེས་ན་མིང་ནི་བྱིངས་དང་གཞི་མཐུན་པ་ཉིད་མེད་དོ། །པཱུ་ཛ་མཆོད་པ་ལའོ། །ཙུ་ར་སོགས་ལས་ཀྱང་ཞེས་པས་ཨིན྄འོ། །བརྟ་མཱ་ནཱའི་སེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །ཎ་ཡིག་ནི་ནཎ་ཏུ་བྱེད་པའི་དོན་ལའོ། །ཀཱ་རི་ཏའི་ཨཱ་མ་ ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལའོ་ཞེས་པས་ཀ་རི་ཏཱ་དབྱིའོ། །ཁྱེད་ལ་དབུས་མའོ། །ཁྱེད་ལ་ཞེས་པ་ཁོ་ནར་ངེས་པར་བསྟན་པའི་ཕྱིར་མཚན་ཉིད་མེད་དེ། དེ་བཞིན་དུ་མདོ་ཕྱི་མ་ལའང་ངོ་། །རབ་ཏུ་སྦྱོར་བ་ལ་ཞེས་པ་འདི་ལ་རྗེས་སུ་འཇུག་སྟེ་ཕྱི་མ་ལའང་ངོ་། །ཁྱེད་རབ་ཏུ་སྦྱོར་བར་གྱུར་པ་ལ་བྱིངས་ ལས་དབུས་མར་འགྱུར་ཏེ། འང་གི་སྒྲ་ལས་རབ་ཏུ་སྦྱོར་བ་མ་ཡིན་པ་ལའང་ངོ་། །ཏྭཾ་པ་ཙ་སི། ཡུ་བཱཾ་པ་ཙ་ཐཿ། ཡཱུ་ཡཾ་པ་ཙ་ཐ། རབ་ཏུ་སྦྱོར་བ་མ་ཡིན་པ་ལ། པ་ཙ་སི། པ་ཙ་ཐཿ། པ་ཙ་ཐ། ངེད་ལ་ཕྱི་མའོ། །ངེད་རབ་ཏུ་སྦྱོར་བར་གྱུར་པ་ན་བྱིངས་ལས་ཕྱི་མར་འགྱུར་ཏེ། འང་གི་སྒྲ་ ལས་རབ་ཏུ་སྦྱོར་བ་མ་ཡིན་པ་ལའང་ངོ་། །ཨ་ཧཾ་པ་ཙཱ་མི། ཨཱ་བཱཾ་པ་ཙཱ་བཿ། བ་ཡཾ་པ་ཙཱ་མཿ། རབ་ཏུ་སྦྱོར་བ་མ་ཡིན་པ་ལ། པ་ཙཱ་མི། པ་ཙཱ་བཿ། པ་ཙཱ་མཿ། ཨའི་བ་མ་དག་ལ་རིང་པོའོ། །དཱཔ་མིན་པའི་དྷ་དྷཱ་དག་དག་དཱའོ། །དཱཔ་གཅོད་པ་ལའོ། །དཻཔ྄་དག་པ་ལའོ། །འདི་དག་གི་ཐུན་མོང་ བ་གང་ཡིན་པ་དཱཔ྄་ཞེས་པའི་གཟུགས་དེ་འདིར་གཟུང་བར་བྱ་ཞིང་དཱཔ྄་མ་ཡིན་པའོ། །དཱ་དང་དྷཱ་ནི་དཱ་དྷ་དག་གོ། །ཌུ་དཱ་ཉ་སྦྱིན་པ་ལའོ། །དཱ་ཎ་སྦྱིན་པ་ལའོ། །དེང་བསྲུང་བ་ལའོ། །དོ་དུམ་བུར་བྱེད་པ་ལའོ་ཞེས་པ་འདི་རྣམས་ཀྱི་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཨཱའོ་ཞེས་པས་ཨཱ་རུ་ རྣམ་པར་འགྱུར་བ་ན་ཐུན་མོང་བ་གང་ཡིན་པ་དཱ་ཞེས་པའི་གཟུགས་དེ་དཱ་སྨོས་པས་གཟུང་བར་བྱའོ། །ཌུ་དྷཱཉ་འཛིན་པ་ལའོ། །དྷེཊ་སྐྱོང་བ་ལའོ་ཞེས་པ་འདི་དག་གི་ཡང་དྷཱ་ཞེས་པའི་གཟུགས་གང་ཡིན་པ་དེ་དྷ་སྨོས་པས་སོ། །དཱ་དྷཱ་ཞེས་པའི་གཟུགས་འདི་དག་ནི་དྷཱའི་མིང་ཅན་དུ་འགྱུར་ཞིང་། དཱཔ྄་ མ་ཡིན་པ་སྟེ་དཱཔ྄་དང་དཻཔ་ཞེས་པ་འདི་དག་མ་གཏོགས་པའོ། །དཱའི་མིང་གང་དུ་དགོས་ཤེ་ན། དཱ་མཱ་གཱ་ཡ་ཏི། ཞེས་པ་ལ་སོགས་པ་རྣམས་སུའོ། །དཱི་ཡ་ཏེ། དྷཱི་ཡ་ཏེ། དཱ་དྷཱ་ཞེས་པ་འདི་དག་ལས་བརྟ་མཱ་ནཱའི་ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །དཱའི་མིང་ཡོད་པ་ན་དཱ་མཱ་གཱ་ཡ་ཏི་ཞེས་ 195-1-156b པས་ཨཱི་ཉིད་དོ། །དཱཔ་མ་ཡིན་པ་ཞེས་པ་ཅི་ཞེ་ན། དཱ་ཡནྟེ་བྲིཧ་ཡཿ། དཱཔ྄་གཅོད་པ་ལའོ། །དཱ་ཡནྟེ་བྲ་ཛ་ནཱ་ནི། བཻཔ྄་དག་པར་བྱེད་པ་ལའོ། །དཱའི་མིང་ཡོད་ན་ཨི་ཉིད་དུ་འགྱུར་རོ། །དཱཔ་དང་དཻཔ྄འི་པ་ཡིག་ནི་དཱཔ྄་མ་ཡིན་པ་ཞེས་པ་འདིར་ཁྱད་པར་གྱི་དོན་ནོ། །བྱ་བ་རྟོགས་བྱེད་ནི་བྱིངས་ སོ། །བྷ་བ་ཏི་ཨིན྄འི་མཐའ་ཅན་ལ་བྱ་བ་རྟོགས་པར་བྱེད་དོ་ཞེས་པས་ལས་ལ་ཨཎའོ། །ཀཱ་རིཏ་དབྱིའོ། །སྒྲ་གང་ཞིག་བྱ་བ་རྟོགས་པར་བྱེད་ཅིང་སོ་སོར་རྟོགས་པར་བྱེད་པ་དེ་བྱིངས་ཀྱི་མིང་ཅན་དུ་འགྱུར་རོ། །བྱ་བར་བྱའོ་ཞེས་པས་བྱ་བ་སྟེ་ལས་ཁོ་ནའོ་ཞེས་པའི་དོན་ཏོ། །བྷ་བ་ཏི། བྷུ་ཡོད་ པ་ཉིད་ལའོ། །བརྟ་མཱ་ནཱིའི་ཏིའོ། །ཨན་བི་ཀ་ར་ཎའོ། །ནཱ་མི་མཐའི་ཞེས་པས་ཡོན་ཏན་ནོ། །ཨཏྟི། ཨད྄་ཟད་པ་ལའོ། །བརྟ་མཱ་ནཱའི་ཏིའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ་ཞེས་པས་དཱའི་ཏའོ། ། ཛུ་ཧོ་ཏི། ཧུ་སྦྱིན་པ་དང་ལེན་པ་དག་ལའོ། །བརྟ་མཱ་ནཱའི་ཏིའོ། །ཨན་བི་ཀ་ར་ཎའོ། །ཛུ་ཧོ་ཏི་ལ་སོགས་པ་ལས་ཀྱང་ངོ་ཞེས་པས་འཇིག་གོ། །ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་གཉིས་བརྗོད་དོ། །ཧའི་ཛའོ། །ནཱ་མི་མཐའི་ཞེས་པས་ཡོན་ཏན་ནོ། ། བྷཱུ་ལ་སོགས་པའི་སྒྲ་རྣམས་ལས་བྱིངས་ཀྱི་མིང་ཡོད་པ་ན་ཏི་ལ་སོགས་པ་རྣམས་སུ་འགྱུར་རོ། །སྔོན་གྱི་སློབ་དཔོན་གྱིས་མིང་གི་ཡན་ལག་ཏུ་བྱས་པ་བྱིངས་ཀློག་པ་ན། བཀླགས་པ། བྱ་བ་རྗོད་པར་བྱེད་པ་རྣམས་བྱིངས་ཀྱི་མིང་གི་དོན་ཡིན་ནོ། །དེས་ན་ཉེ་བསྒྱུར་དང་བཅས་པ་ཚོགས་པ་རྣམས་ཀྱིར་མི་འགྱུར་ ཏེ། གལ་ཏེ་འགྱུར་ན། པྲ་བྷ་བཏ་ཅེས་པ་འདི་ལ་པྲའི་སྒྲ་ལས་སྔ་མར་ཨ་ཡིག་ཨཱ་ག་མར་འགྱུར་རོ། །བྷཱུ་ཡོད་པ་ལའོ། །བྲ་སྔོན་དུའོ། །ཧྱསྟ་ནཱིའི་དིའོ། །ཨི་ཡིག་གསལ་བྱེད་ལས་དི་སི་དག་གིའོ་ཞེས་པའི་དོན་ཏོ། །ཨཊ་བྱིངས་ཀྱི་དང་པོར་རོ། །ཨན་བི་ཀ་ར་ཎའོ། །ནཱ་མིའི་མཐའ་ དག་གི་ཞེས་པས་ཡོན་ཏན་ནོ། །མདོ་ལས་བྱུང་བ་རྣམས་ལ་བྱིངས་ཀྱི་མིང་བརྗོད་པར་བྱའོ། །སྟནྦྷུ། སྟནྦྷོ་ཏི། སྐནྦྷུ། སྐནྦྷོ་ཏི། བརྟ་མཱ་ནཱའི་ཏིའོ། །ནུ་བརྗོད་པར་བྱའོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །བྱ་བ་རྟོགས་བྱེད་ཅེས་པ་ཅི་ཞེ་ན། བྷཱུ་ 195-1-157a ཝཱ། བྷཱུའི་སྒྲ་ནི་ས་གཞི་རྗོད་པར་བྱེད་པར་བྱའོ། །ཝཱའི་སྒྲ་ནི་ཚིག་ཕྲད་དོ། །བྱིངས་ཀྱི་མིང་གང་དུ་དགོས་ཤེ་ན། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །དུས་ལའོ། །འདི་ནི་སྤྱིར་བཏང་བ་སྟེ་འདི་ལས་ཕྱི་མར་གང་འཆད་པ་དེ་དུས་ལའོ་ཞེས་པ་འདི་ཉེ་ བར་གནས་སོ། །དེ་རྣམས་ཀྱི་རང་མིང་གི་ཞེས་པས་འདི་ལས་གོང་དུ་འདི་སྤྱིར་བཏང་བའོ། །ད་ལྟར་བ་ལ་བརྟ་མཱ་ནཱའོ། །སཾ་སྲི་ཏིའི་སྒྲ་ནི་ཚིག་ཕྲད་ཚོགས་པའི་མི་ཟད་པའོ། །ད་ལྟར་གྱི་དུས་ལ་སྟེ་འཇུག་བཞིན་པའི་དུས་ལ་བྱིངས་ལས་བརྟ་མཱ་ནཱའི་རྣམ་དབྱེར་འགྱུར་རོ། །པ་ཋ་ཏི། ཡ་ཛ་ཏི། བརྟ་མཱ་ནཱའི་ཏིའོ། །ཨན་བི་ཀ་ར་ཎའོ། །སྨ་ཡིས་འདས་པ་ལའོ། །སྦྱོར་བའི་སྒྲ་བདུན་པའི་མཐའ་ཅན་དགུག་པར་བྱའོ། །སྨ་ཡིས་ཏེ་སྨའི་སྒྲས་སྦྱོར་བར་གྱུར་པ་ན་བྱིངས་ལས་འདས་པའི་དུས་ལ་བརྟ་མཱ་ནཱ་འགྱུར་ཞིང་། ཧྱསྟ་ནཱི་དང་ཨ་དྱ་ཏ་ནཱི་དང་པ་རོ྅ཀྵ་རྣམས་འགོག་པ་ལའོ། །ཨི་ཏི་སྨ་ མཱ་ཏཱ་བྲ་བཱི་མི། །བྲུ་ཉ་གསལ་བར་སྨྲ་བ་ལའོ། །བརྟ་མཱ་ནཱའི་མིའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །བྲུ་བ་ལས་ཨཱིཊ་ཚིག་དང་པོ་ཞེས་པས་ཨཱིཊའོ། །ཊ་ཡིག་ནི་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པའི་དོན་ཏོ། །ཡོན་ཏན་ནོ། །ཨི་ཏི་སྨཱ་ཨུ་པཱ་དྷྱ་ཡཿ། ཀ་ཐ་ཡ་ཏི། ཀ་ཐ་ཚིག་གི་རྒྱུན་ལའོ། །ཙུ་ར་ལ་སོགས་པ་ལས་ཀྱང་ངོ་ཞེས་པས་ཨི་ནཱའོ། །ཨའི་ཡང་དབྱིའོ་ཞེས་པས་ཐའི་ཨ་ཡིག་དབྱིའོ། །དེའི་དབྱངས་བསྒྱུར་བ་ཕ་རོལ་གྱི་རྒྱུ་མཚན་ཅན་ནོ་ཞེས་པས་གནས་ཅན་བཞིན་དུ་འགྱུར་བས་ཨུ་པ་དྷཱ་མ་ཡིན་པ་ཉིད་ཀྱི་ཕྱིར་ཨུ་པ་དྷཱའི་ཨ་ཞེས་པས་ཀ་རིང་པོར་ མི་འགྱུར་རོ། །ཀ་ཋི་ཞེས་གནས་པ་ལ་བརྟ་མཱ་ནཱའི་ཏིའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །འདི་ནི་ན་ནུའི་སྒྲ་ཉེ་བའི་ཚིག་ཏུ་ཡོད་ན་འདས་པའི་དུས་ལ་སྨཱ་སྦྱོར་བ་ཡོད་ནའང་བྱིངས་ལས་བརྟ་མཱ་ནཱ་བཤད་པར་བྱ་སྟེ་དྲིས་པའི་ལན་རྟོགས་པར་བྱ་བ་ལའོ། །ཨ་ཀཱཪྵཱིཏ྄་ཀ་ཊཾ་དེ་བ་དཏྟཿ། ན་ནུ་ཀ་རོ་མི་ བྷོཿ། ངས་བྱས་ཟིན་ཞེས་པའི་དོན་ཏོ། །བ་རོ྅ཀྵའོ། །འདས་པ་ལའོ་ཞེས་པ་ཁོ་ན་སྟེ། སྨ་ཡིས་ཞེས་པ་ལས་སོ། །འདས་པའི་དུས་ལ་བྱིངས་ལས་པ་རོ྅ཀྵར་འགྱུར་རོ། །ཙ་ཀཱ་ར་བཱ་མ་ནཾ་རཱུ་པཾ། ཛ་ཧཱ་ར་པྲི་ཐི་བི་མྭ་ལེཿ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཌུའི་སྒྲ་ནི་ཌུ་རྗེས་ 195-1-157b སུ་འབྲེལ་པ་ལས་ཀྲྀ་མ་ཀ་ཞེས་པའི་དོན་ཏོ། །པ་རོ྅ཀྵའི་ཨཊའོ། །ཙ་ཎ་པ་རོ྅ཀྵ་ཞེས་པས་གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ་ཞེས་པས་རྀ་ཡིག་གི་ཨ་ཡིག་གོ། །ཀ་སྡེའི་ཙ་སྡེའོ། །ཧའི་ཛའོ། །ཨུ་པ་དྷཱའི་ཨ་ཞེས་པས་འཕེལ་བ་སྟེ་ཨཱརའོ། །བྱུང་བའི་བྱེད་པ་དང་ལྡན་པ་རྣམས་ཀྱང་ ངོ་། །བྱིངས་ཀྱི་དང་པོར་ཨཊ་ཞེས་པ་འདིའི་མདོས་ཨ་ཡིག་ཨཱ་ག་མ་བྱས་པ་ནི་བྱུང་བའི་བྱེད་པའི་སྒྲས་བརྗོད་པར་བྱའོ་ཞེས་གསུངས་སོ། །གང་རྣམས་ལས་བྱུང་བའི་བྱེད་པ་ཡོད་པ་དེ་རྣམས་ནི་བྱུང་བའི་བྱེད་པ་ལྡན་པ་རྣམས་ཏེ། དེ་འདི་ལ་ཡོད་པ་ཞེས་པས་བནྟུའོ། །ཨཱུཌ་རང་རྀ་ཡིག་ཞེས་པས་ ཨཱིའི་རྐྱེན་ནོ། །འདས་པ་ལའོ་ཞེས་པ་ཁོ་ན་སྟེ་བྱིངས་ལས་འདས་པའི་དུས་ལ་བྱུང་བའི་བྱེད་པ་དང་ལྡན་པའི་རྣམ་དབྱེ་ཧྱསྟ་ནཱི་དང་ཨ་ཏྱ་ཏ་ནཱི་དང་བྱ་བ་ཤོར་བ་རྣམས་འགྱུར་རོ། །རེ་ཞིག །ཧྱསྟ་ནཱི། ཨ་ཀ་རོ་ཏ། ཌུ་ཀྲྀཉ་བྱེད། ཧྱསྟ་ནཱིའི་དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཏན་སོགས་ ལས་ཨུའོ། །ཀ་རོ་ཏིའིའོ་ཞེས་པས་ཡོན་ཏན་ནོ། །ནཱ་མི་མཐའི་ཞེས་པས་བི་ཀ་ར་ཎའི་ཡོན་ཏན་ནོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དའི་ཏའོ། །ཨ་ཧ་རཏ། ཧྲྀ་ཉ་འཕྲོག་པ་ལ་ཧྱསྟ་ནཱིའི་དིའོ། །ཨན་བི། ཡོན་ཏན་ནོ། །ཨ་དྱ་ཏ་ནཱིའི་ཨ་ཀཱཪྵཱི་ཏ། ཨ་ཧཱཪྵཱི་ཏ། ཌུ་ཀྲྀ་ཉ་བྱེད། ཧྲྀཉ་ འཕྲོག །ཨ་དྱ་ཏ་ནཱིའི་དིའོ། །ཨ་དྱ་ཏ་ནཱི་ལ་སི་ཙའོ། །ཨི་ཡིག་དང་ཙ་ཡིག་དག་ནི་སི་ཙ་ལ་པ་རསྨཻའི་ལའོ་ཞེས་པའི་དོན་ཏོ། །སི་ཙ་ལ་པ་རསྨཻའི་ལའོ་ཞེས་པས་འཕེལ་བ་སྟེ་ཨཱརའོ། །སི་ཙ་ལས་སོ་ཞེས་པས་ཨིཊའོ། །བྱ་བ་ཤོར་བ་ནི། ཨ་ཀ་རི་ཥྱཏ། ཨ་ཧ་རི་ཥྱ་ཏ། ཌུ་ཀྲྀ་ཉ་བྱེད། ཧྲྀཉ་འཕྲོག །བྱ་བ་ཤོར་བའི་སྱཏའོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ་ཞེས་པས་ཨིཊའོ། །ཡོན་ཏན་ནོ། །འབྱུང་འགྱུར་ལ་བྷ་བི་ཥྱཾ་ཏི་དང་ཨཱ་ཤཱི་ཥ་དང་ཤྭསྟ་ནཱིའོ། །བྷ་བི་ཥྱ་ཏི་དང་ཨ་ཤཱི་ཥ་དང་ཤྭསྟ་ནཱི་ཞེས་པ་ཟླས་དབྱེ་བའོ། །ཨཱ་ཤཱི་ཥ་ཞེས་པ་འདིའི་ས་ཛུཥ་དང་ཨཱ་ཤཱི་ཥ་དག་གི་རའོ་ ཞེས་པས་ར་ཉིད་དོ། །ཨིར་ཨུར་དག་གི་ཨཱི་ཨཱུར་རོ་དག་གོ། །འབྱུང་འགྱུར་གྱི་དུས་ལ་བྱིངས་ལས་བྷ་བི་ཥྱཾ་ཏཱི་དང་ཨཱ་ཤཱི་དང་ཤྭསྟ་ནི་སྟེ་རྣམ་དབྱེ་འདི་རྣམས་འགྱུར་རོ། །རེ་ཞིག་བྷ་ཥྱཾ་ཏིའི་ནི། བྷ་བི་ཥྱ་ཏི། བྷཱུ་ཡོད་པ། བྷ་བི་ཥྱཾ་ཏིའི་སྱ་ཏིའོ། །བྱིངས་ཐམས་ཅད་པ་མ་ཡིན་པའི་ཨིཊ་ཨཱ་ག་ 195-1-158a མའོ་ཞེས་པའོ། །ཡོན་ཏན་ནོ། །དེ་བཞིན་དུ། ཧ་ནི་ཥྱ་ཏི། ཧན་འཚེ་བ་ལའོ། །སྱ་ཏིའོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ་ཞེས་པས་ཨིཊའོ། །ཨཱ་ཤཱི་ཥའི་ནི། བྷཱུ་ཡཱཏ། བྷ་བཱ་ནི་རཀྟ། བྷཱུ་ཡོད་པ་ཉིད། ཨཱ་ཤཱི་ཥའི་ཡཱ་ཏ། ཤྭསྟ་ནཱིའི་ནི། པ་ཋི་ཏཱ། པ་ཋི་ཏཱ་ རཽ། པ་ཋ་ངག་ལའོ། །ཤྭསྟ་ནཱིའི་ཏ་དང་ཏཱ་རཽའོ། །ཨིཊའོ། །དེ་རྣམས་ཀྱི་རང་མིང་རྣམས་ཀྱིས་དུས་ཀྱི་ཁྱད་པར་རོ། །རང་རྣམས་ཀྱང་ཡིན་ལ་དེ་རྣམས་མིང་རྣམས་ཏེ་རང་ཉིད་དོ། །སྐྱེས་པར་བཤད་པ་ཅན་གྱི་སྐྱེས་པ་བཞིན་ཞེས་པས་སྭ་སྒྲའི་སྐྱེས་པ་དང་འདྲ་བར་འགྱུར་རོ། །དེ་རྣམས་ཀྱི་ཞེས་ པ་ནི་པ་རོ྅ཀྵ་ལ་སོགས་པ་རྣམས་ལ་བསྙེག་གི། དེ་མ་ཐག་པ་གསུམ་པོ་རྣམས་ཁོ་ན་ལ་མ་ཡིན་ཏེ། དེ་སྨོས་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །ཨཊ་ལ་སོགས་པ་རྣམ་དབྱེ་དེ་རྣམས་ཀྱི་གང་རང་སྟེ་བདག་གི་བའི་མིང་གྱུར་པ་ལ་སོགས་པ་རྣམས་སོ། །མིང་དེ་རྣམས་ཀྱི་རྒྱུས་དུས་འདས་པ་ལ་སོགས་ པའི་ཁྱད་པར་དུ་འགྱུར་རོ། །ལྐོག་གྱུར་ལ་སོགས་པ་རྣམས་ཀྱི་མིང་ལྐོག་གྱུར་ཉིད་ལ་སོགས་པའི་ཁྱད་པར་གང་ཡོད་པ་དེ་དང་ལྷན་ཅིག་པའི་དུས་ལ་པ་རོ྅ཀྵ་ལ་སོགས་པ་རྣམས་སུ་འགྱུར་གྱི་དུས་ཐུན་མོང་བ་ལ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །བརྟ་མཱ་ནཱ་ནི་འདིར་རྗེས་སུ་འཇུག་པ་མ་ཡིན་ཏེ། འཇུག་ བཞིན་པའི་དུས་ལ་བརྟ་མཱ་ནཱའི་རྣམ་དབྱེ་དང་འབྲེལ་པའི་བརྟ་མཱ་ནཱ་ཉིད་ཀྱིས་དེ་དང་ལྡན་པ་ཡོད་པའམ་མེད་པ་ན་ཡང་ཁྱད་པར་མེད་པའི་ཕྱིར་རོ། །འདས་པ་ལྐོག་ཏུ་གྱུར་པ་ལས་རོ྅ཀྵ་ཡིན་གྱི་འདས་པའི་སྤྱི་ལ་ནི་མ་ཡིན་ནོ། །ཨཀྵ་རྣམས་ལས་ཏེ་དབང་པོ་རྣམས་ལས་ཕ་རོལ་ནི་ལྐོག་གྱུར་རོ། །ཏྲི་པུ་རཾ་ ད་དཱ་ཧ་ཏུ་ཏྲཿ། ད་ཧ་ཐལ་བར་བྱེད་པ་ལའོ། །པ་རོ྅ཀྵའི་ཨཊའོ། །ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་བརྗོད་དོ། །ཨ་བྷྱཱ་སའི་གསལ་བྱེད་དང་པོ་ཞེས་པས་ཧ་དབྱིའོ། །ཨུ་པ་དྷཱའི་ཨ་ཞེས་པས་རིང་པོའོ། །གང་ཡང་སེམས་རྣམ་པར་གཡེང་བས་བྱས་པ་དེ་ཡང་ལྐོག་གྱུར་རོ། །མཏྟོ་ཧཾ་པི་ལ་ལཱ་ པ། ར་ས་ལ་པ་པི་སྔོན་དུའོ། །པ་རོ྅ཀྵའི་ཕྱི་མའི་གཅིག་གི་ཚིག་ཨཊའོ། །ཙཎ་པ་རོ྅ཀྵ་ཞེས་པས་ལན་གཉིས་སོ། །ཨ་བྷྱཱ་སའི་གསལ་བྱེད་དང་པོ་སྔ་མ་བཞིན་དུ་རིང་པོའོ། །ཤིན་ཏུ་བསྙོན་དོར་འདེབས་པ་ལ་ཡང་པ་རོ྅ཀྵ་བརྗོད་པར་བྱ་སྟེ། ནི་ཧཾ་ས་ཏི་ཏི་ཏཻཿ། ས་ཧ་པ་པཱ་ཐཿ། ནཱ་ཧཾ་ཤུ་ 195-1-158b ཏྲཱ་ནྣཾ་བུ་བྷུ་ཛེ། པ་ཐ་གསལ་བ་ལའོ། །བྷུ་ཛ་སྐྱོང་བ་ལའོ། །ཨཊ་དང་ཨེའོ། །ཙཎ་པ་རོ྅ཀྵ་ཞེས་པས་གཉིས་བརྗོད་དོ། །གཉིས་པ་བཞི་པས་བྷའི་བའོ། །ཨུ་པ་དྷཱའི་ཨ་ཞེས་པས་རིང་པོའོ། །ཁ་སང་གྱུར་པའི་འདས་པ་ལ་ཧྱསྟ་ནཱི་ཡིན་གྱི་འདས་པ་ཙམ་ལ་ནི་མ་ཡིན་ནོ། །ཧྱཿཔཱ་པ་མ་ཧ་ རཏ། ཧྲྀཉ་འཕྲོག །ཧྱསྟ་ནཱིའི་དིའོ། །ཨན་བི་ཡོན་ཏན་ནོ། །ཨ་དྱ་ཏ་ནཱི་ནི་འདས་པ་ཙམ་ལ་སྟེ་འདས་པའི་ཁྱད་པར་ལ་ནི་མ་ཡིན་ནོ། །འདས་པ་གང་ལ་བྱ་བ་ཤོར་བ་དེ་ལ་བྱ་བར་ཤོར་བའོ། །ཨ་བྷོ་ཀྵྱ་ཏ་བྷ་བཱནྟེ་ན། ཡ་དི་མཏྶ་མི་ས་ཨ་སི་ཤྱཏ། བྷུ་ཛ་སྐྱོང་བ་ལའོ། །བྱ་བ་ཤོར་བའི་སྱཏའོ། ། ཨུ་པ་དྷཱ་ན་མིནའི་ཞེས་པས་ཡོན་ཏན་ནོ། །ཙ་སྡེའི་ཀའོ་ཞེས་པ་སྟེ་ཥ་ཉིད་དོ། །ཨས་སྡོད་པ་ལའོ། །སྱཏའོ། །ཨིཊའོ། །ཨའི་ཡི་གེའི་ཨ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་གོ། །བྷ་བི་ཥྱཾ་ཏི་ནི་འབྱུང་འགྱུར་སྤྱི་ལ་སྟེ་འབྱུང་བར་འགྱུར་བའི་བྱེ་བྲག་ལ་ནི་མ་ཡིན་ནོ་སྟེ་བྱེ་བྲག་འགའ་ཡང་ མེད་པའི་ཕྱིར་རོ། །སྨོན་པ་དང་ལྡན་པའི་འབྱུང་འགྱུར་གྱི་དུས་ལ་ཨཱ་ཤཱི་ཥ་སྟེ་འབྱུང་བར་འགྱུར་བའི་སྤྱི་ལ་ནི་མ་ཡིན་ནོ། །ཛྲི་བྱཱད་བྷ་བཱན། ཛཱི་བ་སྲོག་གི་རྒྱུན་ལའོ། །ཨཱ་ཤཱི་ཥའིཡཱཏའོ། །ནང་པར་གྱུར་པའི་འབྱུང་བར་འགྱུར་བའི་དུས་ལ་ཤྭསྟ་ནཱིའོ། །ཤཱ་དྷི་ཏཱ། ཨིང་ཀློག་པ་ལའོ། ། ང་ཡིག་ནི་ཨཱཏྨ་ནེའི་ཚིག་གི་དོན་ཏོ། །ཨ་དྷི་སྔོན་དུའོ། །ཤྭསྟ་ནཱིའི་ཏཱའོ། །ཡོན་ཏན་ནོ། །ཤཱ་ག་མི་ཥྱ་ཏི་ཞེས་པ་འདི་ལ་ནི་ག་མི་ཥྱ་ཏི་ཞེས་པའི་ཚིག་འདི་འབྱུང་བར་འགྱུར་བ་སྤྱི་ལ་འདུས་བྱས་ནས་ཕྱི་ནས་ཤྭས་ཀྱི་སྒྲས་འབྲེལ་པའོ། །གམླི་འགྲོ་བ་ལའོ། །སྱ་ཏིའོ། །སྱ་ལ་གམྲའི་པ་རསྨཻ་ ལའོ་ཞེས་པས་ཨིཊའོ། །རབ་ཏུ་སྦྱོར་བ་ལས་ཀྱང་ངོ་། །དེ་རྣམས་ཀྱི་ཞེས་པ་ཁོ་ན་སྟེ། དུས་ཀྱི་ཁྱད་པར་རོ་ཞེས་ཀྱང་ངོ་། །གལ་ཏེ་ཡང་སྔ་མ་ལ་དུས་ཀྱི་ཁྱད་པར་རོ་ཞེས་པ་དེའི་སྐྱེས་བུར་གྱུར་པ་དེ་ལྟ་ནའང་འདིར་དོན་གྱི་དབང་ལས་འཛིན་པར་རྟོགས་པར་བྱའོ། །བརྟ་མཱ་ནཱ་ཡང་འདིར་འབྲེལ་པར་ བྱའོ། །རབ་ཏུ་སྦྱོར་བ་ནི་མཆོག་གི་སྦྱོར་བ་སྟེ། མཆོག་གི་སྦྱོར་བ་དེ་ལས་བརྟ་མཱ་ནཱ་ལ་སོགས་པའི་རྣམ་དབྱེ་རྣམས་ཀྱི་དུས་ཀྱི་ཁྱད་པར་དུ་འགྱུར་ཞིང་ཁྱད་པར་ཅན་གྱི་དུས་སུ་འགྱུར་ཏེ། དུས་གཞན་ལ་ཡང་མཆོག་གི་སྦྱོར་བ་ལས་བརྟ་མཱ་ནཱ་ལ་སོགས་པ་རྣམས་འགྱུར་རོ་ཞེས་པའི་དོན་ཏོ། །ཡཱ་བཏྦྷུདྐྟེ། ཡཱ་བཏ་ 195-1-159a དང་སུ་རའི་སྒྲ་དག་འདིར་ཚིག་ཕྲད་དེ། དེ་དག་སྦྱོར་བ་ན་འབྱུང་འགྱུར་གྱི་དུས་ལ་བརྟ་མཱ་ནཱའོ། །བྷུ་ཛ་སྐྱོང་བ་ལའོ། །ཏེའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །རུ་དྷ་ལ་སོགས་པའི་བི་ཀ་ར་ཎའི་མཐའ་དབྱིའོ་ཞེས་པས་ན་སྒྲའི་ཨ་དབྱིའོ། །ཙ་སྡེའི་ཀིའོ་ ཞེས་པས་ཛའི་ཀའོ། །སྡེ་པ་ལ་སྡེ་པའི་མཐའ་འོ། །གང་གི་ཚེ་ཡཱ་བཏ་དང་སུ་རའི་སྒྲ་དག་ནི་པཱ་ཏ་ཡིན་པ་དེའི་ཚེ་འབྱུང་བར་འགྱུར་བའི་དུས་ལ་བརྟ་མཱ་ནཱའོ། །གང་གི་ཚེ་ནཱི་པཱ་ཏ་མ་ཡིན་པ་དེའི་ཚེ་ནི་རང་གི་དུས་ལ་སྟེ་བྷ་བི་ཥྱཾ་ཏི་ཁོ་ནའོ། །ཡཱ་བདྷཱ་སྱ་ཏི། ཏཱ་བཏ་བྷྱོ་ཥྱ་ཏེ། ཨ་ན་ཡཱ་སུ་རཱ་བྲ་ཛི་ཥྱ་ ཏི་ཞེས་པའོ། །ཌུ་དཱ་ཉ་སྦྱིན། བྲ་ཛ་འགྲོ་བ་ལའོ། །སྱ་ཏིའོ། །བྲ་ཛ་ལས་ཨིཏའོ། །ཀ་དཱ་དང་ཀར་ཧི་དག་སྦྱོར་བ་ན་འབྱུང་བར་འགྱུར་བའི་དུས་ལ་བརྟ་མཱ་ནཱ་རྣམ་པར་བརྟག་པས་བཤད་པར་བྱའོ། །ཀ་དཱ་བྷུདྐྟེ། ཀརྡི་བྷོ་ཀྵྱེ་ཏེ། བྷུ་ཛ་སྐྱོང་བ་ལའོ། །བྷ་བི་ཥྱཾ་ཏིའི་སྱ་ཏེའོ། །ནཱ་མིནའི་ ཡང་ཨུ་པ་དྷཱའི་འོ་ཞེས་པས་ཡོན་ཏན་ནོ། །ཙ་སྡེའི་ཀིའོ། །ཥ་ཉིད་དོ། །རྗེས་སུ་འདོད་པ་ལ་པཉྩ་མཱིའོ། །རྗེས་སུ་འདོད་པ་ནི་ཁས་ལེན་པ་སྟེ་རྗེས་སུ་འདོད་པའི་དོན་ལ་བྱིངས་ལས་པཉྩ་མཱི་རུ་འགྱུར་རོ། །ཨེ་བ་མསྟུ། ཨེ་བཾ་བྷ་བ་ཏུ། ཨས་ཡོད་པ་ལའོ། །བྷུ་ཡོད་པ་ལའོ། །པཉྩ་མིའི་ ཏུའོ། །ཨན་བི་ཀ་ར་ཎའོ། །ཨས་ཏི་ལས། ཨད་སོགས་ལས་འཇིག་གོ། །ནཱ་མི་མཐའི་ཞེས་པས་ཡོན་ཏན་ནོ། །ཨེ་བཾ་ཀུ་རུ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧིའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའི་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ ཨ་ཡིག་གི་ཨུ་ཡིག་གོ། །ཨུ་ཡིག་ལས་ཀྱང་ངོ་ཞེས་པས་ཧི་དབྱིའོ། །ཏུ་ཧི་ཞེས་པ་འདི་དག་ནི་སྨོན་པ་རྟོགས་པར་བྱ་བཞིན་པ་ན་ཏཱ་ཏ་ཎ་ཡང་ན་བཤད་པར་བྱའོ། །ཛཱི་བ་ཏཱད་བྷ་བཱན། ཛཱི་བྷ་ཏུ་བྷ་བཱན། ཛཱི་བ་ཏཏྟྭཾ། ཛཱི་བ་ཏྭཾ། ཛཱི་བ་སྲོག་འཛིན་པ་ལའོ། །པཉྩ་མཱིའི་ཏུ་དང་ཧིའོ། །དེ་དག་ གི་གནས་སུ་ཡང་ན་ཏཱ་ཏ་ཎ་བཤད་དོ། །ཎ་ཡིག་ནི་ཎ་རྗེས་སུ་འབྲེལ་པ་དང་། ཙེ་ཀྲི་ཡི་ཏ་དག་ལ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཏ་ཡིག་ལས་ཨ་ཡིག་ནི་བརྗོད་པའི་དོན་ཏོ། །ཨན་བི་ཀ་ར་ཎའོ། །གང་གི་ཚེ་ཧི་བསྒྱུར་བ་མེད་པ་དེའི་ཚེ་ཧིའི་ཨ་ཡིག་ལས་ཞེས་པ་དེ་དབྱིའོ། །ནུས་པ་དང་སྨོན་ 195-1-159b པ་ལའང་ངོ་། །ནུས་པ་དང་སྨོན་པ་དེ་དག་ནི་ནུས་པ་དང་སྨོན་པ་དག་གོ། །ནུས་པ་དང་སྨོན་པ་ལ་བྱིངས་པཉྩ་མཱི་རུ་འགྱུར་རོ། །གཞན་རྣམས་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་པའི་ལས་ལ་ལྷག་པར་གནས་པ་ནི་ནུས་པའོ། །མ་ཐོབ་པའི་དགའ་བ་ལ་ཐོབ་པར་འདོད་པའི་སྨོན་པའོ། །ནུས་པ་ལ་ནི་ རེ་ཞིག །ས་མུ་དྲ་མ་པཱི་པེ་བཱ་ནི། པ་འཐུང་བ་ལའོ། །པཉྩ་མཱིའི་ཨཱ་ནིའོ། །ཨན་བི་ཀ་ར་ཎའོ། །པཱའི་པི་བའོ་ཞེས་པས་པི་བ་རུ་བསྒྱུར་བའོ། །དེ་བཞིན་དུ། པརྦ་ཏ་མ་པི་ཤི་ར་སཱ་དྷཱ་ར་ཡཱ་ཎི། དྷྲཱྀཉ་འཛིན་པ་ལའོ། །བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་ པས་འཕེལ་བ་སྟེ་ཨཱརའོ། །ཨཱ་ནིའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །ཨ་ཡའོ། །སྨོན་པ་ལ་ཡང་། ཙི་རན་ཛཱི་པ་ཏུ། ཙི་རནྣ་ན་ད་ཏུ། ཛི་བ་སྲོག་འཛིན་པ་ལའོ། །ཌུ་ན་དི་ཨི་ཡིག་ནི་ནུ་ཡིག་ཨཱ་ག་མའི་དོན་དུའོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་པའི་ཤེས་ པར་བྱེད་པ་ལས་ནུ་ཨཱ་ག་མའོ། །ཏུའོ། །ཨན་བི། ཁ་ཅིག་ནུས་པར་བྱེད་པ་ལ་སཔྟ་མཱིའང་འདོད་དེ། དེས་ན། པརྦ་ཏ་མ་པི་ཤི་ར་སཱ་བྷིནྷྱཱ་ཏ། བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨི་ཡིག་དང་རེ་ཕ་དག་ཅིར་རྗེས་སུ་འབྲེལ་པ་ནི་རྣམ་པར་བརྟག་པས་ཨཎའི་དོན་དག་གོ། །སཔྟ་མཱིའི་ ཡཱ་ཏའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །རུ་དྷ་སོགས་ལས་བི་ཀ་ར་ཎའི་མཐའ་དབྱིའོ། །སྒྲུབ་པ་ལ་སོགས་པ་རྣམས་ལ་སཔྟ་མཱིའང་ངོ་། །སྒྲུབ་པའི་དོན་རྣམས་ཀྱི་དང་པོ་གང་ཡིན་པ་དེ་རྣམས་ཀྱི་སྒྲུབ་པ་ལ་སོགས་པ་རྣམས་སོ། །སྒྲུབ་པ་ལ་སོགས་པ་ཡོད་པ་རྣམས་ལ་ པཉྩ་མཱིར་འགྱུར་ཞིང་སཔྟ་མིའང་ངོ་། །སྒྲུབ་པ་དང་ངེས་པར་བོད་པ་དང་ཀུན་དུ་བོད་པ་དང་གསོལ་བ་གདབ་པ་དང་ཡང་དག་པར་དྲི་བ་དང་དོན་དུ་གཉེར་བ་ཞེས་པ་བསྟན་བཅོས་གཞན་དུ་རབ་ཏུ་གྲགས་པའི་སྒྲུབ་པ་ལ་སོགས་པ་འདི་རྣམས་གཟུང་བར་བྱའོ། །སྒྲུབ་པ་ནི་མི་ཤེས་པ་ཤེས་པར་བྱེད་ པའམ་སྤྲིང་བསྐུལ་ལོ། །བསྲེག་བྱ་དང་མཚུན་ལ་སྟེར་བ་བསྟན་པས་བྲམ་ཟེ་རྣམས་ལ་བསྔགས་པ་ནི་ངེས་པར་བདེ་བའོ། །ཀུན་དུ་བོད་པ་ནི་འགུགས་པར་བྱེད་པའོ། །མཆོད་པ་སྔོན་མ་ཅན་གྱི་བྱ་བ་ནི་གསོལ་བ་གདབ་པའོ། །ཡང་དག་པར་དྲི་བ་ནི་ཡང་དག་པར་ངེས་སུ་གཞུག་པ་སྟེ་རྣམ་པར་ 195-1-160a དཔྱོད་པ་ཞེས་པའི་དོན་ཏོ། །དོན་དུ་གཉེར་བ་ནི་སློང་བའོ། །རེ་ཞིག་སྒྲུབ་པ་ལ་ནི། ཧའི་ཛའོ། །ཀ་ཊཾ་ཀ་རོ་ཏུ་བྷ་བཱན། ཌུ་ཀྲྀཉ་བྱེད་པ་ལའོ། །པཉྩ་མཱིའི་ཏུའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའི་འོ་ཞེས་པས་ཡོན་ཏན་ནོ། །ནཱ་མིནའི་མཐའི་ཞེས་པས་ཨུ་ ཡིག་གི་ཡོན་ཏན་ནོ། །ཀ་ཊཾ་ཀུཪྻཱཏ་བྷ་བཱན། ཌུ་ཀྲྀཉ་བྱེད་པ་ལའོ། །ཡཱཏའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའི་འོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་ཅེས་པས་ཨུ་ཉིད་དོ། །སཔྟ་མཱི་ལའོ་ཞེས་པས་ཨུ་དབྱིའོ། །ངེས་པར་བོད་པ་ལ།བྷུདྐྟཱཾ་བྷ་བཱན། བྷུ་ཛ་སྐྱོང་བ་དང་ ཐ་སྙད་ལའོ། །པཉྩ་མཱིའི་ཏཱམ། སཔྟ་མཱིའི་ཨཱིཏ། རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །ཀུན་དུ་བོད་པ་ལ། ཨཱ་གཙྪ་ཏུ་བྷ་བཱན། ཨཱ་གཙྪི་ད་བྷ་བན། གམླི་འགྲོ་བ་ལའོ། །ཨ་སྔོན་དུའོ། །ཏུ་དང་ཨཱཏའོ། ། ཨན་བི། གམ་ཨིཥྞ་ཡམ་རྣམས་ཀྱི་ཚའོ་ཞེས་པས་མའི་ཚའོ། །གཉིས་སུ་འགྱུར་རོ། །ཡ་སྒྲའི་ཡང་སཔྟ་མི་ལ་ཞེས་པས་ཨི་ཉིད་དོ། །གསོལ་བ་གདབ་པ་ལ། མཱ་ན་བ་ཀ་མུ་པ་ན་ཡ་ཏཱཾ། ཨུ་པ་ན་ཡི་ཏ། ཡང་ནའོ། ཎཱིཉ་ཐོབ་པ་ལའོ། །ཎའི་ནའོ། །ཨུ་པ་སྔོན་དུའོ། །ཏཱམ་ དང་ཨིཏའོ། །ཨཱབི། ནཱ་མིའི་མཐའ་ཅན་དག་གི་ཞེས་པས་ཡོན་ཏན་ནོ། །ཨ་ཡའོ། །ཡང་དག་པར་དྲི་བ་ལ། ཀིཾ་བྱཱ་ཀ་ར་ཎ་མ་དྷྱ་བཻ་ཨུ་ཏཙྪནྡོ་མ་དྷྱ་ཡཻ། ཀིཾ་ལོ་ཀཱ་ཡ་ཏ་མ་དྷཱི་ཡཱི་ཡ་ཨུ་ཏ་བ་དེ་མ་དྷཱི་ཡཱི་ཡ། ཨིང་ཀློག་པ་ལའོ། །ཨ་དྷི་སྔོན་དུའོ། །སཔྟ་མཱིའི་ཨཱི་ཡ་དང་པཉྩ་མཱིའི་ཨཻའོ། ། ཨན་བི། ཨད་སོགས་ལས་འཇིག་གོ། །ནཱ་མིའི་མཐའ་དག་གི་ཞེས་པས་ཡོན་ཏན་ནོ། །ཐམས་ཅད་ཀྱི་ཨཱཏྨ་ནེ་ལ་ཞེས་པས་སཔྟ་མི་ལ་ཡོན་ཏན་མེད་དོ། །དབྱངས་དང་པོ་ཅན་ལ་ཨིའི་ཡི་གེ་ཞེས་པས་ཨི་ཡའོ། །དོན་དུ་གཉེར་བ་ལ། པྲ་ཡཙྪ་ཏུ་བྷ་བཱན། པྲ་ཡཙྪི་ཏེ་ཡང་ནའོ། །དཱ་ན་ སྦྱིན་པ་ལའོ། །ཎ་ཡིག་ནི་དཱ་ཎའི་ཡཙྪའོ་ཞེས་པའི་དོན་ཏོ། །པྲ་སྔོན་དུའོ། །ཏུ་དང་ཡཱ་ཏའོ། །ཨན་བི། དཱ་ཎའི་ཡཙྪའོ་ཞེས་པས་ཡཙྪའོ། །སྔ་མ་བཞིན་དུ་ཡ་སྒྲའི་ཨི་ཉིད་དོ། །བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་དུས་ཐམས་ཅད་དུ་པཉྩ་མཱིའི་དབུས་མའི་གཅིག་ཚིག་གོ། ། 195-1-160b བྱ་བ་རྣམས་ཀྱི་མངོན་པར་ཡང་དག་པར་སྡུད་པ་ནི་བྱ་བ་མངོན་པར་ཡང་དག་པར་སྡུད་པའོ། །ཐམས་ཅད་ཀྱང་དེ་རྣམས་ཡིན་ལ་དུས་རྣམས་ཀྱང་ཡིན་པ་ནི་དུས་ཐམས་ཅད་དོ། །དབུས་མའི་གཅིག་གི་ཚིག་ནི་བར་མའི་གཅིག་གི་ཚིག་གོ། །བྱ་བ་ཡང་དག་པར་མངོན་པར་སྡུད་པ་ནི་ཡང་ཡང་ཉིད་དམ་ ཤིན་དུ་པའི་དོན་ཏོ། །བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་འཇུག་བཞིན་པའི་བྱིངས་ལས་དུས་རྣམས་ཐམས་ཅད་ལ་སྟེ་ད་ལྟར་བ་དང་བྱུང་བ་དང་འབྱུང་བར་འགྱུར་བ་ལའང་པཉྩ་མཱི་དང་འབྲེལ་པ་ཅན་གྱི་སྐྱེས་བུ་དབུས་མའི་གཅིག་གི་ཚིག་ཏུ་འགྱུར་རོ། །ལུ་ནཱི་ཧི་ལུ་ནཱི་ཧཱི་ཏྱེ་བཱ་ཡཾ་ལུ་ནཱི་ཏི། ལུ་ནཱི་ ཧི་ལུ་ནཱི་ཧི་ཏྱེ་བ་ཨི་མཽ་ལུ་ནཱི་ཏཿ། ལུ་ནཱི་ཧི་ལུ་ནཱི་ཧཱི་ཏྱེ་བ་ཨི་མེ་ལུ་ནནྟི། ལུ་ནཱི་ཧཱི་ལུ་ནཱི་ཧཱི་ཏྱེ་བཱ་ཡམྦྷ་བི་ཥྱ་ཏི། ལཱུཉ་གཅོད་པ་ལའོ། །པཉྩ་མཱིའི་ཧིའོ། །ཀྲཱི་སོགས་ལས་ནཱའོ། །སུ་སོགས་རྣམས་ཀྱི་ཐུང་ངུའོ་ཞེས་པ་ཐུང་ངུའོ། །གཉིས་ཀ་རྣམས་ཀྱི་ཨི་ཡིག་ཅེས་པས་ཨཱི་ཉིད་དོ། །ཡང་ ཡང་ལ་ཎམ྄་སྟེ་ཚིག་ཀྱང་གཉིས་སོ་ཞེས་པས་ལུ་ནཱི་ཧི་ཞེས་པ་འདི་གཉིས་བརྗོད་དོ། །ཨཪྷཱི་ཥ། ཨ་དྷཱི་ཥྭེ་ཏྱེ་བཱ་མ་མ་དྷཱི་ཏེ། ཨ་དྷཱི་ཥྭ་ཨ་དྷཱི་ཥྭེ་ཏྱ་བ་ཨི་མཱ་བ་དྷཱི་ཡཱ་ཏེ། ཨ་དྷཱི་ཥྭ་ཨ་དྷཱི་ཥྭེ་ཏྱེ་བ་ཨི་མེ་ཨ་དྷཱི་ཡ་ཏེ། ཨ་དྷཱི་ཥྭ་ཨ་དྷཱི་ཥྭེ་ཏྱེ་བ་ཡ་མ་དྷཱི་ཥ་ཨ་དྷཱི་ཥ། ཨ་དྷི་ཥྭེ་ཏྱེ་བཱ་ཡ་མ་དྷེ་ཥྱ་ཏེ། ཨིང་ ཀློག་པ་ལའོ། །ཨ་དྷི་སྔོན་དུའོ། །པཉྩ་མཱིའི་སྭའོ། །ཨན་བི། ཨད་སོགས་ལས་འཇིག་གོ། །ཧི་དང་སྭ་དག་གི་ཡུལ་ལ་ཏ་དང་དྷྭམ་ཀྱང་འདོད་དེ། ལུ་ནཱི་ཏ་ལུ་ནཱི་ཏེ་ཏྱེ་བ་ཡུ་ཡཾ་ལུ་ནཱི་དྷཱཾ། ལཱུཉ་གཅོད། པཉྩ་མཱིའི་ཏའོ། །ཀྲྀ་སོགས་ལས་ནའོ། །སུ་སོགས་རྣམས་ཀྱི་ཐུང་ངུའོ། ། གཉིས་ཀ་རྣམས་ཀྱི་ཨཱི་ཡིག་གོ། །ཨ་དྷཱི་དྷྭ་མ་དྷི་དྷྭ་མི་ཏེ་བ་ཡུ་ཡཱ་མ་དྷཱི་དྷྭཾ། ཨིང་ཀློག་པ། ཨ་དྷི་སྔོན་མའོ། །པཉྩ་མཱིའི་དྷྭ་མའོ། །ཨན་བི། ཨད་སོགས་ལས་འཇིག་གོ། །མ་སྦྱོར་བ་ལ་ཨ་དྱ་ཏ་ནཱིའོ། །མའི་སྒྲ་དང་སྦྱོར་བ་ནི་མཱ་སྦྱོར་བའོ། །མཱའི་སྒྲ་དང་སྦྱོར་བར་གྱུར་པ་ན་བྱིངས་ ལས་ཨ་དྱ་ཏ་ནཱིར་འགྱུར་རོ། །མཱའི་སྒྲ་ནི་དགག་པ་རྗོད་པར་བྱེད་པ་སྟེ་དགག་པའང་ད་ལྟར་བ་དང་འབྱུང་བར་འགྱུར་བའི་ཡུལ་ལའོ་ཞེས་པས་ད་ལྟར་བ་དང་འབྱུང་འགྱུར་གྱི་དུས་ལ་བྱས་པའི་རྐྱེན་རྣམས་ཐོབ་པོ། །མཱ་ཀཱཪྵི་ཏ། མཱ་ཧཱཪྵཱི་ཏ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །མཱ་སྦྱོར་ 195-1-161a བ་སྟེ། ཨ་དྱ་ཏ་ནཱིའི་དིའོ། །ཨ་དྱ་ཏ་ནཱི་ལས་སི་ཙའོ་ཞེས་པས་སི་ཙའོ། །སི་ཙ་ལས་པ་རསྨཻ་ལའོ་ཞེས་པས་འཕེལ་བའི་སི་ཙ་ལས་སོ་ཞེས་པས་ཨཱི་ཊའོ། །བྱིངས་ཀྱི་དང་པོ་ཨཊ་ཐོབ་པ་ནི། མཱ་དང་མཱསྨཱ་སྦྱོར་བ་དག་ལ་མ་ཡིན་ནོ་ཞེས་པས་བཀག་གོ། །མཱ་ལཱ་བཱི་ཏ། མཱ་བཱ་ བཱི་ཏ། ལཱུཉ་གཅོད། པཱུཉ་འཁྱུད་པ་ལའོ། །མཱ་སྦྱོར་རོ། །དིའོ། །སི་ཙའོ། །ཨི་ཊའོ། །ཨཱི་ཊའོ། །ཨིཊ་ལས་ཀྱང་ཨིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །སྔ་མ་བཞིན་དུ་འཕེལ་བའོ། །སྦྱོར་བ་སྨོས་པས་ནི་དགག་པ་བྱེད་པའི་སྒྲ་ཡོངས་སུ་འཛིན་པའི་དོན་དུའོ། །དེས་ན་གཉིས་པའི་ མཐའི་མཱའི་སྒྲའི་མཱ་གང་ཡིན་པ་བསྒྱུར་བ་དེ་དང་སྦྱོར་བ་ལ་འགྱུར་བ་མ་ཡིན་ནོ། །དེའོ་དོ་ཏྟོ་མཱ་ཨ་པ་ཤྱ་ཏ། དྲྀ་ཤིར་ལྟ་བ་ལའོ། །ཧྱསྟ་ནཱིའི་དིའོ། །ཨན་བི། དྲྀ་ཤིའི་པ་ཤྱའོ། །མཱསྨ་སྦྱོར་བ་ལ་ཧྱསྟ་ནི་སྤང་ངོ་། །མཱསྨའི་སྒྲ་དང་སྦྱོར་བ་ལ་བྱིངས་ལས་ཨ་དྱ་ཏ་ནཱིར་འགྱུར་ཏེ། ཧྱསྟ་ནཱི་སྤང་ ངོ་། །རེ་ཞིག་སྱཏ་ནཱི། མཱསྨཱ་ཀཱཪྵཱིཏ། མཱསྨ་པཱཀྵཱིཏ། ཌུ་ཀྲིཉ་བྱེད་པ་ལའོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། །མཱསྨཱ་སྦྱོར་རོ། །ཨ་དྱ་ཏ་ནཱིའི་དིའོ། །ཨ་དྱ་ཏ་ནཱི་ལས་སི་ཙའོ་ཞེས་པས་སི་ཙའོ། །སི་ཙ་ལས་ཞེས་པས་ཨཱིཊའོ། །སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་འཕེལ་བ་ལ་སྟེ་ཨ་ཡང་རིང་ པོའོ། །ཙ་སྡེའི་ཀིའོ། །མཱ་དང་མཱསྨཱ་སྦྱོར་བ་ལ་མ་ཡིན་ནོ་ཞེས་བཀག་པའི་ཕྱིར་རོ། །ཨ་ཡིག་ཨཱ་ག་མ་མེད་དོ། །ཧྱསྟ་ནཱིའི་དི། མཱསྨཱ་ཀ་རོ་ཏ། མཱསྨ་པ་ཙ་ཏ། ཧསྟ་ནཱིའི་དིའོ། །ཏན་སོགས་ལས་ཨུའོ། །ཨན་བེ། ཀ་རོ་ཏིའི་འོ་ཞེས་པས་ཡོན་ཏན་ནོ། །བརྟ་མཱ་ནཱ་རྣམས་ནི། ཏི། ཏསྲ། ཨནྟི། སི། ཐས། ཐ། མི། བསྲ། མསྲ། ཏེ། ཨཱཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ་ཞེས་པ་འདིའི་མཐའ་རྣམས་ལ་ཟླས་དབྱེ་བ་བྱས་ནས་ཛས་སོ། །དང་པོར་དབྱིའོ་ཞེས་པས་དབྱིའོ། །དེ་བཞིན་དུ་ཐམས་ཅད་ལའོ། །ཏི་ལ་ སོགས་པ་རྣམས་ནི་བརྟ་མཱ་ནཱའི་མིང་ཅན་དུ་འགྱུར་རོ། །བརྟ་མཱ་ནཱའི་མིང་གང་དུ་དགོས་ཤེ་ན། ད་ལྟར་བ་ལ་བརྟ་མཱ་ནཱའོ་ཞེས་པ་འདིར་རོ། །བྷ་བ་ཏི། བྷ་བ་ཏཿ། བྷ་བནྟི། བྷཱུ་ཡོད་པ་ལའོ། །བརྟ་མཱ་ནཱའི་ཏི་ཏས་ཨནྟིའོ། །ཨནྦི། ན་མིན་མཐའི་ཞེས་པས་ཡོན་ཏན་ནོ། །ཨ་དང་ 195-1-161b མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །པ་རསྨཻའི་ཚིག་དང་ཨཱཏྨ་ནེའི་ཚིག་གི་མིང་དག་འདིར་ཉེ་བར་གནས་ཤིང་ཕ་རོལ་དགུ་རྣམས་ཞེས་པའི་ཚིག་གི་ཕྱིར་དང་། པ་རསྨཻའི་ཚིག་ཤུགས་ལས་སྔ་མ་དགུ་རྣམས་རྣམ་པར་ཤེས་པར་བྱ་སྟེ། དེས་ནི་ཏི་སོགས་རྣམས་ཀྱི་གང་སྔ་མའི་ཚིག་དགུ་པོ་དེ་རྣམས་ལ་ པ་རསྨཻའི་ཚིག་གི་མིང་ཅན་དང་གང་ཕྱི་མ་དེ་རྣམས་ནི་ཨཏྨ་ནེའི་ཚིག་གི་མིང་ཅན་ནོ། །སཔྟ་མཱི་རྣམས་ནི། ཡཱཏ། ཡཱ་ཏམ྄། ཡུསྲ། ཡཱསྲ། ཡཱ་ཏམ། ཡཱ་ཏ། ཡཱམ྄། ཡཱ་བ། ཡཱ་མ། ཨཱིཏ། ཨཱི་ཡཱ་ཏཱམ྄། ཨཱི་རཎ། ཨཱི་ཐཱསྲ། ཨཱི་ཡཱ་ཐཱམ། ཨི་དྷྭ་མ། ཨཱི་ཡ། ཨི་བ་ ཧི། ཨཱི་མ་ཧིའོ། །ཡཱཏ་ལ་སོགས་པ་རྣམས་སཔྟ་མིའི་མིང་ཅན་དུ་འགྱུར་རོ། །སཔྟ་མཱིའི་མིང་ཅན་གང་དུ་དགོས་ཤེ་ན། སཔྟ་མཱི་ལའང་ཡ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཀུཪྻཱཏ྄། ཀུཪྻཱ་ཏཱཾ། ཀུཪྻུཿ། ཌུ་ཀྲྀཉ་བྱེད་པ་ལའོ། །སཔྟ་མཱིའི་ཡཱ་ཏ། ཡ་ཏཱམ྄། ཡུསྲའོ། །ཏན་ སོགས་ལས་ཨུའོ། །ཀ་རོ་ཏིའི་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་ཞེས་པས་ཨུ་ཉིད་དོ། །སཔྟ་མི་ལའང་ཡ་ལའོ་ཞེས་པ་ཨུ་ཡིག་དབྱིའོ། །པཉྩ་མིའི་རྣམས་ནི། ཏུ། ཏཱམྲ། ཨནྟུ། ཧི། ཏམ྄། ཏ། ཨཱ་ནི། ཨཱ་བི། ཨཱ་མ། ཏཱམ྄། ཨཱ་ཏཱམ། ཨནྟཱམ། སྭ། ཨཱ་ ཐཱམ྄། དྷྭཱམ། ཨཻ། ཨཱ་བ་ཧཻ། ཨཱ་མ་ཧཻའོ། །ཏུ་ལ་སོགས་པ་རྣམས་པཉྩ་མཱིའི་མིང་ཅན་དུ་འགྱུར་རོ། །པཉྩ་མིའི་མིང་གང་དུ་དགོས་ཤེ་ན། ཁས་ལེན་པ་ལ་པཉྩ་མཱིའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཀ་རོ་ཏུ། ཀུ་རུ་ཏཱཾ། ཀུརྦནྟུ། ཌུ་ཀྲྀཉ་བྱེད་པ་ལའོ། །ཏུ་ཏམྲ་ཨནྟུའོ། ། ཏན་སོགས་ལས་ཨུའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ་ཞེས་པས་ཨུ་ཉིད་དོ། །ནཱ་མིན་མཐའ་དག་གི་ཞེས་པས་གཅིག་ཉིད་ལ་ཡོན་ཏན་ནོ། །གཞན་ལ་ནི་གཉིས་ཉིད་དང་མང་པོ་ཉིད་དག་ལའང་པ་རསྨཻ་ལའོ་ཞེས་པས་བཀག་གོ། །ཧྱསྟ་ནཱི་རྣམས་ནི། དི། ཏཱམ྄། ཨན྄། སི། ཏམ། ཏ། ཨམ྄། བ། མ། ཏ། ཨ་ཏཱམ྄། ཨནྟ། ཐཱསྲ། ཨ་ཐཱམ྄། དྷྭམྲ། ཨི། བ་ཏི། མ་ཧིའོ། །དི་ལ་སོགས་པ་རྣམས་ཧྱསྟ་ནཱིའི་མིང་ཅན་དུ་འགྱུར་རོ། །ཧྱསྟ་ནཱིའི་མིང་གང་དུ་དགོས་ཤེ་ན། ཧྱསྟ་ནཱིའི་དི་ལ་སའི་ཏའོ་ཞེས་པ་ལ་སོགས་པ་རྣམས་སུའོ། ། 195-1-162a ཨ་ཙ་ཀཱ། ཙ་ཀཱ་སྲྀ་གསལ་བ་ལའོ། །རྀ་ཡིག་ནི་ཤསྲ་དང་རྀཏ་རྗེས་སུ་འབྲེལ་བའི་མ་ཡིན་ཞེས་པའི་དོན་ཏོ། །ཧྱསྟ་ནཱིའི་དིའོ། །ཨན྄་བི། ཨད་སོགས་ལས་འཇིག་གོ། །གསལ་བྱེད་ལས་དི་སི་དག་གིའོ་ཞེས་པས་དི་དབྱིའོ། །ཧྱསྟ་ནཱིའི་དི་ལ་སའི་ཏའོ་ཞེས་པས་སའི་ ཏའོ། །འདི་ལྟ་ཁོ་ནར་ཨདྱ་ཏ་ནཱིའོ། །འདི་ལ་སོགས་པ་རྣམས་འདི་ལྟ་ཁོ་ནར་ཏེ་ཀློག་པའི་རིམ་པ་འདི་ཁོ་ནས་ཨདྱ་ཏ་ནཱིའི་མིང་ཅན་དུ་འགྱུར་རོ། །ཨདྱ་ཏ་ནིའི་མིང་གང་དུ་དགོས་ཤེ་ན། ཨདྱ་ཏ་ནཱི་དང་ཨཱ་ཤཱི་ཥ་དག་ལའང་ཨཱཏྨ་ནེ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨ་བྷི་ཏྟ། ཨ་བྷི་ ཏྶ་ཏཱ། ཨ་བྷི་ཏྶ་ཏ། བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨདྱ་ཏ་ནཱིའི་ཏ་ཨཱ་ཏཱཾ་ཨནྟའོ། །ཨདྱ་ཏ་ནཱི་ལ་སི་ཙའོ་ཞེས་པས་སི་ཙའོ། །དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་སི་ཙ་དབྱིའོ། །ཨཱཏྨ་ནེ་ལའང་ཨ་ཡིག་མ་ཡིན་པ་ལས་སོ་ཞེས་པས་ན་དབྱིའོ། །ཨདྱ་ཏ་ནཱི་དང་ཨཱ་ཤཱི་ཥ་དག་ལ་ཡང་ ཨཱཏྨ་ནེ་ལའོ་ཞེས་པས་ཡོན་ཏན་མེད་དོ། །པ་རོ྅ཀྵ་རྣམས་ནི། ཨཊ྄། ཨ་ཏུས྄། ཨུས྄། ཐལ྄། ཨ་ཐུས། ཨ། ཨཊ྄། བ། མ། ཨེ། ཨཱཏེ། ཨི་རེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །ཨད་ལ་སོགས་པ་རྣམས་ནི་པ་རོ྅ཀྵའི་མིང་ཅན་དུ་འགྱུར་རོ། །པ་རོ྅ཀྵའི་ མིང་གང་དུ་དགོས་ཤེ་ན། པ་རོ྅ཀྵ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །བི་བྷི་ད་དྷུཿ། བི་བྷི་དུཿ། བྷི་དིར་རྣམ་པར་འབྱེད་པ་ལའོ། །ཨ་ཏུས྄་དང་། ཨུསྲའོ། །ཙཎ་པ་རོ྅ཀྵཱ་ཞེས་པ་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་བྷའི་བའོ། །པ་རོ྅ཀྵ་ལའང་ངོ་ཞེས་ པས་ཡོན་ཏན་མེད་དོ། །ཤྭསྟ་ནཱིའི་རྣམས་ནི། ཏ། ཏཱ་རཽ། ཏཱ་རས྄། ཏཱ་སི། ཏཱསྠས྄། ཏཱསྠ། ཏཱསྨི། ཏསྺས྄། ཏཱསྨས྄། ཏཱ། ཏཱ་རཽ། ཏཱ་རས། ཏཱ་སེ། ཏཱ་སཱ་ཐེ། ཏ་དྷྭེ། ཏཱ་ཧེ། ཏསྭ་ཧེ། ཏསྨ་ཧེའོ། །ཏ་ལ་སོགས་པ་རྣམས་ཤྭསྟ་ནིའི་མིང་ཅན་དུ་འགྱུར་རོ། །ཤྭསྟ་ ནིའི་མིང་ཅན་གང་དུ་དགོས་ཤེ་ན། འབྱུང་འགྱུར་ལ་བྷ་བི་ཥྱཾ་ཏི་དང་ཨཱ་ཤཱི་ཥ་དང་ཤྭསྟ་ནཱི་རྣམས་སོ་ཞེས་པ་འདིར་རོ། །ཀཪྟཱ། ཨཱ་ཤཱི་ཤ་རྣམས་ནི། ཡཱཏ྄། ཡཱསྟཱམ྄། ཡཱ་སུསྲ། ཡཱས། ཡཱསྟམ། ཡཱསྟ། ཡཱ་སམྲ། ཡཱ་སྭ། ཡཱསྨ། སཱིཥྚ། སཱི་ཡཱསྟཱམ། སཱི་ར྄་ཎ། སཱི་ཥྛཱས། 195-1-162b སཱི་ཡཱསྠཱམ྄། སཱི་དྷཾ། སཱི་ཡ། སཱི་བ་ཧི། སཱི་མ་ཧིའོ། །ཡཱཏ་ལ་སོགས་པ་རྣམས་ཨཱ་ཤཱི་ཤའི་མིང་ཅན་དུ་འགྱུར་རོ། །ཨཱ་ཤཱི་ཥའི་མིང་གང་དུ་དགོས་ཤེ་ན། ཨཱ་ཤཱི་ཥ་ལའང་པ་རསྨཻ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ནཱི་ཡཱཏ། ནཱི་ཡཱ་ཏཱམ། ནཱི་ཡཱ་སུཿ།ཎཱིཉྲ་ཐོབ་པ་ལའོ། ། ཡཱཏ྄། ཡཱསྟཱམྲ། ཡཱ་སུསའོ། །ཨཱ་ཤཱི་ཥ་ལའང་པ་རསྨཻ་ལའོ་ཞེས་པས་ཡོན་ཏན་མེད་དོ། །སྱ་དང་ལྷན་ཅིག་པའི་ཏི་སོགས་རྣམས་བྷོ་པི་ཥྱཾ་ཏིའོ། །སྱ་ཏི། སྱ་ཏསྲ། སྱཱནྟི། སྱ་སི། སྱ་ཐསྲ། སྱ་ཐ། སྱཱ་མི། སྱཱ་བསྲ། སྱཱ་མསྲ། སྱ་ཏེ། སྱེ་ཏེ། སྱནྟེ། སྱ་སེ། སྱེ་ཐེ། སྱདྷེ། སྱཻ། སྱཱ་བ་ཧེ། སྱ་མ་ཧེའོ། །སྱ་དང་ལྷན་ཅིག་པ་སྟེ་ལྡན་པའི་ཏི་ལ་སོགས་པའི་ཚིག་རྣམས་ཏེ། ཏི་ཏསྲ་ཨནྟི་ཞེས་པ་ལ་སོགས་པ་རྣམས་ནི་བྷ་བི་ཥྱཾ་ཏིའི་མིང་ཅན་དུ་འགྱུར་རོ། །སྱའི་སྒྲ་དང་སྦྱོར་བ་ནི་ཕྱི་མ་ལའང་འགྱུར་ཏེ། དེ་མི་འགྱུར་རོ་ཞེས་པས། སྱ་ཏི། སྱ་ ཏསྲ། སྱནྟི་ལ་སོགས་པ་བཀླག་པར་བྱའོ། །བྷ་བི་ཥྱནྟིའི་མིང་གང་དུ་དགོས་ཤེ་ན། འབྱུང་འགྱུར་ལ་བྷ་བི་ཥྱནྟི་དང་ཨ་ཤཱི་ཥ་ཞེས་པ་འདིར་འགྱུར་རོ། །ཀ་རི་ཥྱ་ཏི། ཀ་རི་ཥྱ་ཏཿ། ཀ་རི་ཥྱནྟི། ཌུ་ཀྲྀཉ་བྱེད་པ་ལའོ། །སྱ་ཏི། སྱ་ཏསྲ། སྱནྟྲི། ཧ་ན་དང་རྀཏ་མཐའ་ལས་སྱ་ལའོ་ ཞེས་པས་ཨི་ཊའོ། །ཡོན་ཏན་ནོ། །དི་སོགས་རྣམས་བྱ་བ་ཤོར་བའོ། །སྱཏ། སྱ་ཏཱམ། སྱན྄། སྱ་སི། སྱ་ཏམ྄། སྱ་ཏ། སྱམ྄། སྱ་བ། སྱཱ་མ། སྱ་ཏ། སྱཱ་ཏཱམ། སྱནྟ། སྱ་ཐཱས། སྱེ་ཐཱམ། སྱ་དྷྭམ། སྱེ། སྱཱ་བ་ཧི། སྱཱ་མ་ཧིའོ། །སྱ་དང་ ལྷན་ཅིག་པ་རྣམས་ཞེས་པ་ཁོ་ནའོ། །སྱ་དང་ལྷན་ཅིག་པའི་དི་ལ་སོགས་པའི་ཚིག་རྣམས་ཏེ། དི་ཏཱམྲ་ཨན྄་ཞེས་པ་ལ་སོགས་པ་རྣམས་བྱ་བ་ཤོར་བའི་མིང་ཅན་དུ་འགྱུར་རོ། །བྱ་བ་ཤོར་བའི་མིང་གིས་གང་དུ་དགོས་ཤེ་ན། བྱིངས་ཀྱི་དང་པོར་ཧྱསྟ་ནཱི་དང་ཨདྱ་ཏ་ནཱི་དང་བྱ་བ་ཤོར་བ་རྣམས་ ལ་ཨཊའོ་ཞེས་པ་འདིར་རོ། །ཨ་པ་ཀྵྱཏ། ཨ་པཀྵ་ཏཱམ྄། ཨ་པ་ཀྵྱན྄། ཌུ་པ་ཙ་ཥ་འཚེད་པ་ལའོ། །སྱཏ་སྱ་ཏཱ་མ་སྱནའོ། །བྱིངས་ཀྱི་དང་པོར་ཨེཊའོ། །ཙ་སྡེའི་ཀིའོ། །ཥ་ཉིད་དོ། །དྲུག་གི་དང་པོ་རྣམས་བྱིངས་ཐམས་ཅད་པའོ། །ཐོག་མ་ལ་ཡོད་པ་ནི་དང་པོའོ། །དྲུག་རྣམས་ 195-1-163a ཀྱི་དང་པོ་ནི་དྲུག་གི་དང་པོའོ། །རྣམ་དབྱེ་དྲུག་རྣམས་ཀྱི་དང་པོར་ཡོད་པའི་བརྟ་མཱ་ནཱ་དང་། སཔྟ་མཱི་དང་། པཉྩ་མཱི་དང་། ཧྱསྟ་ནཱི་རྣམས་ནི་བྱིངས་ཐམས་ཅད་པའི་མིང་ཅན་དུ་འགྱུར་རོ། །བྱིངས་ཐམས་ཅད་པའི་མིང་གིས་གང་དུ་དགོས་ཤེ་ན། ཛུ་ཧོ་ཏི་ལ་སོགས་པ་ རྣམས་ཀྱིས་བྱིངས་ཐམས་ཅད་པ་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཛུ་ཧོ་ཏི། ཛུ་ཧུ་ཡཱཏ། ཛུ་ཧུ་ཏུ། ཛུ་ཧོཏ། ཧུ་སྦྱིན་པ་ལའོ། །བརྟ་མཱ་ནཱའི་ཏི་དང་སཔྟ་མཱིའི་ཡཏ྄་དང་པཉྩ་མཱིའི་ཏུ་དང་ཧྱསྟ་ནཱའི་དིའོ། །ཨན་བི། ཛུ་ཧོ་ཏི་ལ་སོགས་པ་ལས་ཀྱང་ཞེས་པས་འཇིག་གོ། །ཛུ་ཧི་ ཏི་ལ་སོགས་པ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ལན་གཉིས་བརྗོད་དོ། །ཧའི་ཛའོ། །ནཱ་མིན་མཐའ་དག་གི་ཞེས་པས་ཡོན་ཏན་ནོ། །ཡཱཏའི་རྐྱེན་ལ་ནི་སཔྟ་མཱི་ལའང་ངོ་ཞེས་པས་ཡོན་ཏན་མེད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དའི་ཏ་ཉིད་དོ། །ཇོ་བོ་དྲག་འབྱོར་གྱིས་མཛད་ པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་རབ་ཏུ་བྱེད་པ་ལ་རྐང་པ་དང་པོ་རྫོགས་སོ།། །།རྐྱེན་ཕ་རོལ་ལོ། །འདི་ནི་ཡོངས་སུ་བཤད་པའོ། །བསྟན་བཅོས་ལས་འབྱུང་བའི་རྐྱེན་བཤད་ཟིན་པ་དང་འཆད་པར་འགྱུར་བ་དེ་རང་བཞིན་ལས་ཕ་རོལ་དུ་འགྱུར་རོ་ཞེས་ཡོངས་ སུ་བཤད་པར་བྱའོ། །གང་གིས་དོན་རྟོགས་པར་བྱ་བ་དང་ཤེས་པར་བྱ་བ་དེ་རྐྱེན་ནོ། །བྲྀཀྵཱཿ། ཨཽ་པ་ག་ཝཿ། ཨུ་པ་གུའི་སྒྲ་ལས་བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །ཨུའི་ཡི་གེ་ནི་ཨོ་ཉིད་དོ་ཞེས་པས་ཨོ་ཉིད་དོ། །ཀུ་མཱ་རཱི། ན་ཚོད་ལ་ཐོག་མ་ལའོ་ཞེས་པས་ཨཱི་ཡིག་གོ། ། ཛུ་གུཔྶ་ཏེ། ཀརྟ་བྱམ྄། ཀ་ར་ཎཱི་ཡམ྄། ཌུ་ཀྲྀཉ་བྱེད། ཏ་བྱ་དང་ཨ་ནཱི་ཡ་དག་གོ་ཞེས་པས་ཏ་བྱ་ཨ་ནཱི་ཡ་དག་གོ། །ཡོན་ཏན་ནོ། །གུཔ྄་ཏི་ཛ་ཀིཏ་རྣམས་ལས་སནའོ། །གུཔ་སྦེད་པ་ལའོ། །ཏི་ཛ་རྣོ་བ་ལའོ། །ཀིཏ་སྡོད་པ་ལའོ། །འདི་རྣམས་ལས་སནའི་རྐྱེན་དུ་འགྱུར་རོ། །ན་ ཡིག་ནི་སན་ལ་ཨའི་ཡི་གེའོ་ཞེས་པའི་དོན་ཏོ། །ཛུ་གུཔྶ་ཏེ། ཏི་ཏི་ཀྵ་ཏེ། ཙ་ཀིཏྶ་ཏེ། སན྄འོ། །ཨུའི་ཡི་གེ་དང་གུཔ྄་སོགས་རྣམས་ལས་ཀྱང་ངོ་ཞེས་པས་ཨཊ་མེད་དོ། །ཙ་ཎ་དང་པ་རོ྅ཀྵ་ཞེས་པས་གཉིས་བརྗོད་དོ། །ཨ་བྷྱ་སའི་གསལ་བྱེད་དང་པོ་ལྷག་མར་བྱའོ། །ཀ་སྡེའི་ཙ་ 195-1-163b སྡེའོ་ཞེས་པས་གའི་ཛ་དང་ཀའི་ཙའོ། །ཏི་ཛིའི་ཙ་སྡེའི་ཀིའོ། །བརྟ་མཱ་ནཱའི་ཏེ་དང་ཏིའོ། །ཨན་བི། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །གུཔ྄་ཏི་ཛི་ཀིཏ྄་རྣམས་ལས་གྲངས་ཇི་ལྟ་བ་བཞིན་དུ་སྨོད་པ་དང་བཟོད་པ་དང་། ནད་སེལ་བར་བྱེད་པའི་དོན་རྣམས་ལ་སན་འདོད་དོ། །དེས་ན་ འདིར་མི་འགྱུར་ཏེ། གུཔྟི། ཨུཏྟེ་ཛ་ནཾ། སཾ་སྔོན་དུའོ། །སངྐེ་ཏེཿ། བུད་མེད་ལ་ཀྟིའོ། །ཡུཊ་འང་སྟེ་ཡུཊྲ་ལའོ། །དངོས་པོ་ལ་གྷཉའོ་ཞེས་པའི་རྐྱེན་འདི་རྣམས་སོ། །ཨོཾ་སྭསྟི། མཱན྄། བདྷ། དཱན྄། ཤཱན་རྣམས་ལས་ཨ་བྷྱཱ་སའི་རིང་པོ་ཡང་ངོ་། །སན་ལ་ཞེས་པ་ཁོ་ནའོ། ། མ྄ན་མཆོད་པ་ལའོ། །བ་དྷ་འཆིང་བ་ལའོ། །དཱན་དུམ་བུར་བྱེད་པ་ལའོ། །ཤཱན་རྣ་བ་ལའོ་འདི་རྣམས་ལས་སན་འགྱུར་ཏེ། འདི་རྣམས་ཀྱི་ཨ་བྷྱ་སའི་རིང་པོ་ཡང་ངོ་། །མཱ་ནའི་རྣམ་པར་གཅོད་པའི་དོན་ལ་འདོད་ཅིང་། མཆོག་རྣམས་ལ་ནི་རང་གི་དོན་ལའོ། །རང་གི་དོན་ནི་རང་བཞིན་གྱི་དོན་ ཏོ། །མཱི་མཱཾ་ས་ཏེ། བི་བྷཏྶ་ཏེ། དཱི་དཱནྶ་ཏི། ཤི་ཤཱནྶ་ཏི། སན྄འོ། །སྔ་མ་བཞིན་དུ་གཉིས་བརྗོད་དོ། །ཐུང་ངུའོ། །སན་ལ་ཨའི་ཡི་གེའོ་ཞེས་པ་ཨི་ཉིད་དོ། །དེ་འདིས་རིང་པོའོ། །བདྷའི་བ་དང་པོའི་གྷ་ཌྷ་དྷ་བྷ་མཐའི་ཞེས་པས་བའི་བྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ རྣམས་ཀྱི་དང་པོའོ་ཞེས་པས་དྷའི་ཏའོ། །མ་ན་དག་གི་རྗེས་སུ་ང་རོའོ། །ཏེ་དང་ཏིའོ། །ཨན་བི། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །མཱ་ནའི་རྣམ་པར་གཅོད་པ་ལས་གཞན་ལ་ནི་སན྄་མི་འགྱུར་ཏེ། སམྨཱ་ན་ནཾ། མཱན་སྔ་མར་སམྲའོ། །ཡུཊ་འང་ངོ་ཞེས་པས་ཡུཊའོ། །འོ་ན་མཱན་ དང་དཱན་ཤན་རྣམས་ཀྱི་ཨ་བྷྱ་ས་དེའི་ཁྱད་པར་རིང་པོར་བྱས་བཞིན་པས་སྤྱི་བྱས་པས་ཐུང་ངུ་ཨི་ཡིག་ཉིད་དགག་པའང་བྱས་པ་ཉིད་དུ་འགྱུར་ཞིང་བདྷའི་ནི་ཨ་ཡིག་ཏུ་ཐོབ་པས་ཅིའི་ཕྱིར་ཨ་ཡིག་རིང་པོའི་དགོས་པ་ཡོད། དེ་ཐུང་ངུའི་ཨི་ཉིད་ཀྱང་མི་འཇུག་པས་སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཨ་བྷྱ་ སའི་རྣམ་འགྱུར་ལ་དམིགས་བསལ་གྱིས་སྤྱིར་བཏང་ལ་གནོད་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་དམིགས་བསལ་གྱི་རིང་པོས་ཐུང་ངུ་ཨི་ཉིད་ལ་གནོད་པ་མ་ཡིན་ནོ། །དེས་ན་ཐུང་ངུ་ཉིད་བྱས་ནས་ཡིན་ལ་ཨའི་ཡི་གེའི་ཨིའོ་ཞེས་པས་ཨི་ཉིད་དོ། །དེས་ན་རིང་པོའོ། །ཏུམ྄་མཐའི་བྱིངས་ལས་ 195-1-164a ལས་དང་འདོད་པ་དང་བྱེད་པ་པོ་གཅིག་ཅན་ལས་ཡང་ནའོ། །གང་གི་མཐའ་ཏུ་མ་ཡིན་པ་དེ་ཏུམ྄་མཐའོ། །གང་གི་བྱེད་པ་པོ་གཅིག་ཡིན་པ་དེ་ནི་བྱེད་པ་པོ་གཅིག་ཅན་ཏེ། བསྡུ་བའི་མཐར་གྱུར་པ་ཞེས་པས་བསྡུ་བའི་མཐའ་ལ་ཨ་ཡིག་གོ། །ཏུམྲའི་མཐའི་བྱིངས་ལས་ལས་ འདོད་པ་དང་བྱེད་པ་པོ་གཅིག་ཅན་དང་བཅས་པ་ལ་ཡན་ཡང་ན་འགྱུར་རོ། །བྷོཀྟུ་མིཙྪ་ཏི། བུ་བྷུཀྵ་ཏེ། བྷུ་ཛ་སྐྱོང་བ་དང་ཟ་བ་ལའོ། །འདོད་པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་རྣམས་ལ་ཏུམྲའོ་ཞེས་པས་ཏུམའོ། །ཨུ་པ་དྷཱ་ནཱ་མིནའི་འང་ཡང་བའི་འོ་ཞེས་པས་ཡོན་ཏན་ནོ། །ཙ་སྡེའི་ ཀིའོ། །འདིས་ཏུ་མའི་མཐའ་ལྲས་སནའོ། །དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཏུམྲ་མི་འཇུག་གོ། །མི་འཇུག་པ་དེ་ལ་རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་དོ་ཞེས་པས་ཡོན་ཏན་ལ་སོགས་པའི་བྱ་བ་ཡང་མི་འཇུག་གོ། །དེས་ན་བྷུ་ཛ་ལ་སནའོ་ཞེས་ གནས་སོ། །ཙཎ་པ་རོ྅ཀྵ་ཞེས་པ་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་ཅེས་པས་བྷའི་བའོ། །ཙ་སྡེའི་ཀིའོ། །ཥ་ཉིད་དོ། །ཕྱོགས་གཅིག་ལ། བྷིཀྟུ་མི་ཙྪ་ཏི་ཞེས་པ་ལ་སོགས་པར་འགྱུར་རོ། །འདིར་འདོད་པ་བྱ་བ་དང་ཟ་བ་ལས་ལ་བྱེད་པ་པོ་གཅིག་ཡོད་པའོ། །འདི་ལྟར་ གང་ཁོ་ན་འདོད་པ་དེ་ཁོ་ན་ཟ་བའོ། །དེ་བཞིན་དུ། ཀཪྟུ་མི་ཙྪ་ཏི། ཙི་ཀཱིཪྵ་ཏི། ཌུ་ཀྲྀཉ་བྱེད་པ་ལའོ། །སྔ་མ་བཞིན་དུ་ཏུམ་སོགས་ཀྱི་བྱ་བའོ། །དེ་ནས་སན྄འོ། །ཐམས་ཅད་དུ་སྔ་མ་བཞིན་དུ་ཏུམ་མི་འཇུག་གོ། །དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །རྀཏ་ མཐའི་ཡོན་ཏན་མེད་པ་ལ་ཨི་རའོ་ཞེས་པས་ཨིརའོ། །ནཱ་མིནའི་ར་བ་དག་ལ་ཞེས་པས་རིང་པོའོ། །གཉིས་བརྗོད་དོ། །ཀ་སྡེའི་ཙ་སྡེའོ། །ཥ་ཉིད་དོ། །དྲྀཥྚུ་མིཙྪ་ཏི། དི་དྲྀཀྵ་ཏེ། དྲྀ་ཤིང་ལྟ་བ་ལའོ། །ཏུམྲའོ། །བྲྀ་ཛི་དང་དྲྀ་ཤ་དག་གི་ཨཱ་ག་མ་ཞེས་པས་ཨ་ཡིག་ཨཱ་ག་ མའོ། །ར་ཉིད་དོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་ཉིད་དོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཞེས་པས་ཏའི་ཊའོ། །ཏུམའི་མཐའ་ལ་ཡནའོ། །སྔ་མ་བཞིན་དུ་ཏུམ྄་ལྡོག་ཅིང་ལོག་པ་དེ་ལ་ཨ་ཡིག་ཨཱ་ག་མ་སོགས་ཀྱང་ལྡོག་གོ། །གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། ། 195-1-164b སན་ལ་ཨའི་ཡི་གེ་ཞེས་པས་ཨི་ཡིག་གོ། །ཚ་ཤ་དག་གོའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །དྲྀ་ཤ་ལས་སན་མཐའ་ལ་རུ་ཙ་སོགས་ཉིད་ཀྱི་ཕྱིར་ཨཱཏྨ་ནེའི་ཚིག་གོ། །ལས་ལ་ཞེས་པ་ཅི་ཞེ་ན། ག་མ་ནེ་ནེ་ཙྪ་ཏི།གལ་ཏེ་ཏུམ྄འི་མཐའ་མེད་པའི་ཕྱིར་ འདིར་མི་འགྱུར་རོ་ཞེ་ན། འོན་ཀྱང་ཕྱི་མའི་དོན་དུ་ལས་སྨོས་སོ། །ཏུམའི་མཐའ་ལས་ཞེས་པ་ཅི་ཞེ་ན། བྷོ་ཛ་ན་མོ་ཙྪ་ཏི། འདོད་པ་ཞེས་པ་ཅི་ཞེ་ན། པ་ཋི་ཏུཾ་ཛཱ་ནཱ་ཏི། ས་ཀ་བྲྀ་ཥ་ཞེས་པས་ཏུམའོ། །འདོད་པ་ལ་ཞེས་བྱ་བ་ལ་བྱེད་པ་པོ་གཅིག་ཅན་སྨོས་པ་ནི་རྣམ་པ་གསལ་བའི་དོན་ ཏོ། །དེ་བ་དཏྟ་སྱ་བྷོ་ཛ་ན་མི་ཙྪཱ་ཏི། ཡཛྙ་དཏྟཿ། ཞེས་པ་འདིར་ཏུམའི་མཐའ་ཉིད་མེད་པས་བྷུ་ཛ་ལ་སནའི་རྐྱེན་མེད་དོ། །འདོད་པ་ལ་སན་མཐའ་ལས་སན་མི་འདོད་དེ། ཨཱིཪྵི་ཏུ་མི་ཙྪ་ཏི། གཞན་ལ་ནི་སན་མཐའ་ལས་འགྱུར་བ་སྟེ། ཛུ་གུཔྶི་ཏུ་མིཙྪ་ཏི། ཛུ་གུཔྶི་ཥ་ཏེ། ཛུ་གུ་པའི་ སྒྲ་ལས། བྱིངས་ལས་ཡང་ན་ལས་ལ་ཞེས་པས་སནའོ། །ཨིཊའོ། །ཨའི་འང་དབྱིའོ་ཞེས་པས་དམ་ཡིག་དབྱིའོ། །སྔ་མ་བཞིན་དུ་སན་མཐའ་ལས་ཞེས་པས་ཨཱཏྨ་ནེའི་ཚིག་གོ། །དོགས་པ་ལ་སན་ཡང་ན་བཤད་པར་བྱ་སྟེ། ཀུ་ཀཱུ་ལ་པ་ཏི་ཥྱ་ཏཱི་ཏྱེ་བ་མ་ཧྱ་མཱ་ཤཾ་ཀེ་ཀཱུ་ལཾ་ སི་ས་ཏི་ཤ་ཏི། པ་ཏིའི་ལི་ག་ནི་པུཥ་སོགས་དྱུཏ་ཞེས་པའི་དོན་ཏོ། །སན་སྟེ་བཤད་པ་ལས་སོ། །གཉིས་བརྗོད་དོ། །སན་ལ་ཨའི་ཡི་གེའིའོ་ཞེས་པས་ཨི་ཉིད་དོ། །ཨིཊའོ། །ཤྭཱ་མ་རཱི་ཥྱ་ཏི་ཏྱེ་བ་མ་ཧྱ་མཱ་ཤཾ་ཀེ །ཤྭཱ་མུ་མཱུཪྵ་ཏི། མིང་སྲོག་གཅོད་པ་ལའོ། །སནའོ། །དབྱངས་ མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་པོའོ། །མཆུར་གྱུར་ཨུ་པ་དྷཱའི་ཞེས་པས་ཨུརའོ། །ནཱ་མིནའི་ར་བ་དག་ལ་ཞེས་པས་རིང་པོའོ། །གཉིས་བརྗོད་དོ། །ཐུང་ངུའོ། །མིང་ལས་བདག་ཉིད་འདོད་པ་ལ་ཡིན་ནོ། །མིང་ལས་ཏེ་རྟགས་ལས་ལས་ལ་བདག་ཉིད་འདོད་པའི་དོན་ལ་ ཡིན྄་ཡང་ན་འགྱུར་རོ། །ཕུ་ཏྲི་ཡ་ཏི། པ་ཊཱི་ཡ་ཏི། བུ་འདོད་པའི་བདག་ཉིད་དོ། །སྣམ་བུ་འདོད་པའི་བདག་ཉིད་དོ་ཞེས་པས་ཡིནའོ། །ཨ་ཡིག་དང་ན་ཡིག་དག་ནི་ཡིན་ལ་ཨའི་ཡི་གེའི་ཞེས་པའི་དོན་ཏོ། །ཡིན་ལ་ཨའི་ཡི་གེའི་ཨཱི་ཉིད་དོ། །བརྟ་མཱ་ནཱའི་ཏིའོ། །ཨན྄་བི། 195-1-165a ཕྱོགས་གཅིག་ལ། པུ་ཏྲ་མིཙྪ་ཏྱཏྨ་ནཿ། ཞེས་སོགས་ཀྱི་ངག་གོ། །མིང་ལ་ཞེས་པ་ཅི་ཞེ་ན། བྱིངས་ལས་མི་འགྱུར་ཏེ། ཨཱཏྨ་ནཿཔཀྟུ་མིཙྪ་ཏི། ལས་སྨོས་པ་ཅི་ཞེ་ན། ཨཱཏྨ་ནཿཔུ་ཏྲོ་ཎེ་ཙྪ་ཏི། ཅི་སྟེ། རཱ་ཛ་སུ་ཏྲ་མིཙྪ་ཏི་ཞེས་པ་འདིར་ཅིའི་ཕྱིར་མི་འགྱུར་ཏེ། འདིར་ བདག་ཉིད་འདོད་པ་ཡོད་པས་སོ་ཞེ་ན། བརྗོད་པར་བྱ་སྟེ། འདིར་བདག་ཉིད་གཟུང་བར་བྱ་བ་མ་ཡིན་ཏེ། འདོད་པའི་བདག་ཉིད་ཁོ་ན་ནི་སྲིད་དོ། །དེས་ན་བདག་ཉིད་གཟུང་བའི་ནུས་པ་ལས་གང་གི་ཚེ་བདག་ཉིད་ཀྱི་དོན་ཅུང་ཟད་འདོད་པ་དེའི་ཚེ་རྐྱེན་ནོ། །དེས་ན། རཱ་ཛྙཿ། པུ་ཏྲ་ མིཙྪ་ཏི། ཞེས་པ་འདིར་མི་འགྱུར་རོ། །མ་མཐའ་དང་མི་ཟད་པ་དག་ལས་མི་འདོད་དེ། ཨི་ད་མིཙྪ་ཏྱཱཏྨ་ནཿ། ཨུཙྪེ་རིཙྪ་ཏྱཱཏྨ་ནཿ། ན་མ་སྲ་ལས་མཆོད་པའི་དོན་ལ་ཡིན྄་བཤད་པར་བྱ་སྟེ། ན་མསྱ་ཏི་ཏྲི་ནེ་ཏྲཾ། བ་རི་བས་ལས་ཡོངས་སུ་དཔྱོད་པ་ལའོ། །བ་རི་བསྱ་ཏི་ཏུ་ཏྲཾ། ཙི་ཏྲང་ངོ་མཚར་བ་ལའོ། །ང་ཡིག་ནི་ཨཱཏྨ་ནེའི་ཚིག་གི་དོན་ཏོ། །ཙི་ཏྲི་ཡ་ཏོ་ཡིན་ལ་ཨའི་ཡི་གེ་ཞེས་པས་ཨཱི་ཉིད་དོ། །ཨ་ཤྭ་དང་བྲྀ་ཥ་དག་འཁྲིག་པ་འདོད་པ་ཅན་ལ་ས་ཡིག་ཨཱ་ག་མ་དང་པོ་ཅན་གྱི་ཡིན་བཤད་པར་བྱའོ། །ཀྵི་ར་དང་ལ་བ་ཎ་དག་ནི་འདོད་པ་ལའོ། །འདོད་པ་ནི་ཤིན་ཏུ་ མངོན་པར་འདོད་པའོ། །ཨ་ཤྭ་སྱ་ཏི་བ་ཌ་བཱ་བྲྀ་ཥ་སྱ་ཏི་གཽཿ། འདིར་ཨི་ཉིད་མེད་པར་བཤད་པར་བྱའོ། །ཀྵི་ར་སྱ་ཏི་མཱ་ན་བ་ཀཿ། ལ་བ་ཎ་སྱ་ཏི་ཨུཥྚཿ། མིང་ལས་འདོད་པ་ལ་ས་ཡིག་ཨཱ་ག་མ་དང་པོ་ཅན་གྱི་ཡིན་བཤད་པར་བྱ་སྟེ། ཞོ་འདོད་པ་ནི། ད་དྷྱ་སྱ་ཏི། ས་ཨཱ་ག་མ་ དང་པོའོ་ཞེས་པས་གཞན་ལ་ནི་ཞོ་འདོད་དོ། །ད་དྷི་ཥྱ་ཏི། ཀཱ་མྱའང་ངོ་། །མིང་ལ་བདག་ཉིད་འདོད་པ་ལ་ཞེས་པ་འཇུག་གོ། །མིང་ལས་ལས་ལ་བདག་ཉིད་འདོད་པའི་དོན་ལ་ཀཱ་མྱའི་རྐྱེན་དུ་འགྱུར་རོ། །བུ་འདོད་པའི་བདག་ཉིད་ནི། པུ་ཏྲ་ཀཱ་མྱ་ཏི། ཤུ་བྷ་ཀཱ་མྱ་ཏི། ལས་ལ་ ཞེས་པ་ཅི་ཞེ་ན། ཨཱཏྨནཿཔུ་ཏྲེ་ཎེ་ཙྪ་ཏི། ཉེ་བར་འཇལ་བ་ལ་ཀུན་སྤྱོད་ལའོ། །རུས་སྦལ་འབར་བའི་རིགས་པས་ཡིན་རྗེས་སུ་འཇུག་གོ། །ཀཱ་མེ་ནི་མ་ཡིན་ནོ། །གང་གིས་ཉེ་བར་འཇལ་བ་དེ་ནི་ཉེ་བར་འཇལ་བའོ། །མིང་ལས་ཉེ་བར་འཇལ་བ་ལས་ལས་ལ་ཀུན་སྤྱོད་པའི་དོན་ལ་ཡིན་ 195-1-165b ཡང་ན་འགྱུར་རོ། །བུ་མ་ཡིན་པ་བུ་བཞིན་དུ་ཀུན་དུ་སྤྱོད་པ་ནི། པུ་ཏྲཱི་ཡ་ཏི། ཤིང་རྟ་མིན་པ་ཤིང་རྟ་བཞིན་དུ་ཀུན་དུ་སྤྱོད་པ་ནི། ར་ཐཱི་ཡ་ཏི། ཉེ་བར་འཇལ་བ་ཞེས་པ་ཅི་ཞེ་ན། དྷརྨ་མཱ་ཙ་ར་ཏི། ཀུན་དུ་ཞེས་པ་ཅི་ཞེ་ན། ཨུ་སུ་ཏྲཾ་པུ་ཏྲ། མི་བས་ཤྱ་ཏི། ལས་ལ་ཞེས་པ་ཅི་ཞེ་ན། ཨུ་པ་ཏྲེ་ཎ་པུ་ཏྲེ་ཎེ་བ་ཙ་ར་ཏི། གཞི་ལ་ཡིན་བཤད་པར་བྱའོ། །ཁང་ཆུང་ལ་ཁང་བཟངས་བཞིན་དུ་སྤྱོད་པ་ནི་ཀུ་ཊཱི་ཡ་ཏི། བྱེད་པ་པོ་ལ་ཨཱ་ཡི་སྟེ་ས་དབྱི་བའང་ངོ་། །མིང་ལས་ཉེ་བར་འཇལ་བ་ལས་བྱེད་པ་པོ་ལ་ཀུན་སྤྱོད་པའི་དོན་ལ་ཨ་ཡི་ཡང་འགྱུར་ཞིང་ས་ཡིག་ཡང་ན་དབྱིའོ། །འང་ གི་སྒྲ་ནི་འདིར་སྡུད་པ་ལའོ། །ཇི་ལྟར་སློང་མོ་པས་ཕྱུག་པོ་ཡང་འདྲེན་པ་བཞིན་ནོ། །དེས་ན་ཕྱིས་དེ་མི་སྲིད་པ་ལ་ཡང་ཨ་ཡི་རྐྱེན་ཏེ། ཀཱ་ཀཱ་ཤྱེ་ན་ཨི་བཱ་ཙ་ར་ཏི། ཤྱེ་ནཱ་ཡ་ཏེ། བྲྀ་ཥ་མོ་བྲཱཧྨ་ཎ་ཨི་ཙར་ཏི། བྲཱཧྨ་ཎཱ། འདིས་ཨཱ་དབྱིའོ། །ཨི་ཡིག་ནི་ཨ་ཡིའི་མཐའ་ལས་ཀྱང་ངོ་ཞེས་ པའི་དོན་ཏོ། །ཨ་ཡི་མཐའ་ལས་ཀྱང་ངོ་ཞེས་པས་ཨཱཏྨ་ནེའི་ཚིག་སྟེའོ། །ཨན་བི། ཨུ་ད་ཀཾ་ས་ཡ་ཨི་བཱ་ཙ་ར་ཏི། པ་ཡཱ་ཡ་ཏེ། ཨཱ་ཡི་རྐྱེན་ཏེ་སྲ་ཕྱིས་པའོ། །ཕྱོགས་གཅིག་ལ་པ་ཡ་སྱ་ཏེ། ནཱ་མིན་དང་གསལ་བྱེད་མཐའ་ལས་ཞེས་པས་ཨཱ་ཡིའི་ཨ་དབྱིའོ། །ཨོ་ཛསྲ་ དང་ཨཔྶ་རས་དག་གི་རྟག་ཏུ་ས་དབྱི་བར་འདོད་དེ། ཨོ་ཛས་བཞིན་དུ་ཀུན་དུ་སྤྱོད་པ་ནི། ཨོ་ཛཱ་ཡ་ཏེ། ཨཔྶ་ར་སཱ་ཨི་བ་ཙ་ར་ཏི། ཨཔྶ་རཱ་ཡ་ཏེ། གང་གིས་སྒྲུབ་པ་དེའི་མཐའིའོ་ཞེས་པས་འདིའི་སྲ་ཡིག་དབྱིའོ། །དེས་ན་འདིར་མི་འགྱུར་ཏེ། ཧཾ་སཱ་ཡ་ཏེ། རྟགས་ལས་ཀུན་དུ་སྤྱོད་ པའི་དོན་ལ་བིའི་རྐྱེན་ཡང་འདོད། རྟ་བཞིན་དུ་ཀུན་དུ་སྤྱོད་པ་ནི་ཨ་ཤྭ་ཏི། བ་ཡིག་དབྱི་བར་བཤད་པར་བྱ་སྟེ། བའི་དབྱིའོ་ཞེས་པ་འདིར་ནི་བྱ་བ་སྨོས་པ་འཆད་འགྱུར་དང་བཅས་པའོ། །ཨཱུསྨཱ་དང་པཱཥྶ་ཕེ་ན་རྣམས་ལས་འགྱུར་བའི་དོན་ལ་ཨ་ཡི་འདོད་དེ། ཏྲོ་བ་འཕེལ་བ་ནི། ཨཱུསྨཱ་ཡ་ ཏེ། དེ་བཞིན་དུ། བཱཥྶ་ཡ་ཏེ། ཕེ་ནཱ་ཡ་ཏེ། ཀཎྜུ་ལ་སོགས་པ་རྣམས་ལས་ཡ་ཎ་བཤད་པར་བྱ་སྟེ། ཎ་ཡིག་ནི་ཎ་རྗེས་སུ་འབྲེལ་ཞེས་པས་ཡོན་ཏན་བགེགས་པའོ། །ཀཎྜུ་ལ་སོགས་པ་རྣམས་ནི་བྱིངས་ཀྱི་ཐ་སྙད་འོས་པ་རྣམས་སོ་ཞེས་པའི་གསུང་ལས་སོ། །ཀུཎྜུཉ། ཀཎྜུ་ཡ་ 195-1-166a ཏེ། ཉ་ཡིག་རྗེས་སུ་འབྲེལ་པའི་ནུས་པ་ལས། ཨིན་དང་ཉ་དང་ཡ་ཛ་སོགས་ལས་ཞེས་ཚིག་གཉི་གའོ། །ཨ་སཱུ་ཡ་ཏི། ཨ་སུའི་སྒྲ་ལས་ཨཎའོ། །ནཱ་མིའི་མཐའ་རྣམས་ཀྱིས་ཡ་ཎ་ཨ་ཡི་ཞེས་པས་རིང་པོའོ། །མ་ཧཱིང་། མ་ཧཱི་ཡ་ཏེ། བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ ཏའོ། །མིང་ལས་ཞེས་པ་ཁོ་ནའོ། །མིང་ལས་བྱིངས་ཀྱི་དོན་སྒྲུབ་པར་གྱུར་པ་ལ་ཨིན་འགྱུར་ཏེ། དེའང་ཀཱ་རི་ཏའི་མིང་ཅན་ནོ། །བྱ་བ་ནི་བྱིངས་དོན་ཏོ། །བསྟཾ་ཀ་རོ་ཏི། བསྟ་ཡ་ཏི། དེ་བཞིན་དུ། ལ་བ་ཎ་ཡ་ཏི། བྱེད་དོ་ཞེས་པ་འདིར་བྱིངས་དོན་ལ་ཨིཎའོ། །ན་ཡིག་ནི་ ཨིན་ལ་རྟགས་ཀྱི་ཞེས་པའི་དོན་ཏོ། །ཨིན་ལ་རྟགས་ཀྱི་ཞེས་པས་མཐའི་དབྱངས་སོགས་དབྱིའོ། །བརྟ་མཱ་ནཱིའི་ཏིའོ། །ཨན྄་བི་ཡོན་ཏན་ནོ། །བྲ་ཏ་ལས་ཟས་ལ་དང་དེ་མེ་ཡིན་པ་དག་ལའང་ཨིན྄་འདོད་དེ། པ་ཡོ་བྲ་ཏ་ཡ་ཏི། ཟོས་སོ་ཞེས་པའི་དོན་ཏོ། །སི་ཏ་ཏནྣཾ་བྲ་ཏ་ཡ་ ཏི། ཟ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཨཪྠ་དང་བེ་ད་དང་སྱ་ཏྱ་རྣམས་ལས་ཨི་ནའི་རྐྱེན་ལ་ཨཱས་སུ་ཨཱ་ག་མ་དང་པོར་བཤད་པར་བྱའོ། །ཨུ་ཡིག་ནི་བརྗོད་པའི་དོན་ཏོ། །ཨཪྠཾ་བཤད་པ་ལ། ཨཪྠཱ་ས་ཡ་ཏི། དེ་བཞིན་དུ། བ་དཱ་ས་ཡ་ཏི། ས་ཏྱཱ་ས་ཡ་ཏི། ཀཱ་རི་ཏའི་མིང་ གིས་གང་དུ་དགོས་ཤེ་ན། ཀཱ་རི་ཏ་ལའང་སན་དང་ཙཎ་དག་ལའོ་ཞེས་པ་འདིར་རོ། །བྱིངས་ལས་ཀྱང་རྒྱུ་ལའོ། །བྱིངས་ལས་རྒྱུའི་དོན་ལ་ཨིན་འགྱུར་རོ། །ཀཱ་རི་ཏའི་མིང་ཅན་འང་ངོ་། །པཱ་ཋ་ཡ་ཏི། ཀཱ་ར་ཡ་ཏི། ཀློག་ཏུ་འཇུག་པ་ལ་སྦྱོར་རོ། །བྱེད་དུ་འཇུག་པ་ལ་སྦྱོར་རོ་ཞེས་པས་ ཨིན྄འོ། །ཨཱའི་ཨུ་པ་དྷཱ་ཞེས་པས་རིང་པོ་དང་འཕེལ་བའང་ངོ་། །བརྟ་མཱ་ནའི་ཏིའོ། །ཨན྄་བི། ཡོན་ཏན་ནོ། །དེ་བཞིན་དུ། ཀཱི་རཱ་ཥོ་དྷྱ་ས་ཡ་ཏི། ཨིང་ཀློག་པ་ལའོ། །ཨ་དྷི་སྔ་མར་རོ། །ལྷག་པར་ཀློག་ཏུ་འཇུག་གོ་ཞེས་ལ་ཨིནའོ། །སྨི་ཛི་ཀྲི་ཨིད྄་རྣམས་ལ་ཨིན་ལའོ་ཞེས་ པས་ཨཱ་ཉིད་དོ། །ཨཏྟི། ཧྲིཙྨི་ཞེས་པས་པ་ཡིག་ཨཱ་ག་མའོ། །འོ་ན། ཨ་ཙེ་ཏ་ན་བཱ་ལས། ཀཱ་རཱི་ཥཿ། ཅི་ལྟར་རྒྱུའི་དོན་དུ་འགྱུར་ཞེ་ན། འདི་ནི་ཡོད་མོད། འོན་ཀྱང་རབ་ཏུ་སྦྱོར་བའི་བྱ་བ་གྲུབ་པས། ཀཱ་རཱི་ཥ་ཡཏྟ། ཞེས་པ་འདི་རྒྱུ་ཅིའི་ཕྱིར་མི་འགྱུར། ཙུ་ར་སོགས་ལས་ 195-1-166b ཀྱང་ངོ་། །རྒྱུའི་དོན་ལ་ཞེས་པ་ལྡོག་གོ། །སྦྱོར་བ་གཞན་བརྩམས་པ་ལས་སོ། །ཙུ་ར་ལ་སོགས་པའི་ཚོགས་ལས་ཨིན་འགྱུར་ཞིང་ཀཱ་རི་ཏའི་མིང་ཅན་ཡང་ངོ་། །ཙོ་ར་ཡ་ཏི། ཙིནྟ་ཡ་ཏི། ལཀྵ་ཡ་ཏི། ཙུ་ར་རྐུབ་ལའོ། །ཙེ་ཏི་དྲན་པ་ལའོ། །ལཀྵ་མཐོང་བ་དང་མཚན་མ་ལའོ། ། ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ྄་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཡིག་ཨཱ་ག་མའོ། །ཨིནའོ། །ནཱ་མིནའི་ཡང་ཨུ་པ་དྷཱའིའོ་ཞེས་པས་ཙུ་ར་སོགས་ཀྱི་ཡོན་ཏན་ནོ། །བརྟ་མཱ་ནིའིཏིའོ། །ཨན་བི། ཡོན་ཏན་ནོ། །ག་ཎ་ཡ་ཏི། སྤྲྀཧ་ཡ་ ཏི། ཀ་ཐ་ཡ་ཏི། ག་ཎ་བགྲང་བ་ལའོ། །སྤྲྀ་ཧ་འདོད་པ་ལའོ། །ཀ་ཐ་དག་དང་འབྲེལ་བ་ལའོ། །ཨི་ནཱའོ། །ཨའིའང་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །དེའི་དབྱངས་བསྒྱུར་བ་ནི་ཕ་རོལ་རྒྱུ་མཚན་ཅན་ནོ་ཞེས་པས་གནས་ཅན་དང་འདྲ་བའི་ཚོགས་ལ་ཀ་ཐའི་རིང་པོ་མེད་ཅིང་། སྤྲྀཧའི་ཡོན་ཏན་མེད་དོ། །ཨིན་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་སོགས་དབྱིའོ། །གང་གི་ཡི་གེ་མ་ཡིན་པ་དེ་ནི་གཅིག་མིན་ཏེ། འགྱུར་བ་མེད་ཅིང་གཡོ་བ་མེད་པ་ནི་ཕ་རོལ་དུ་རྗེས་སུ་འགྲོ་བ་མེད་དོ་ཞེས་པ་གཞན་གྱི་བརྗོད་པ་ལས་ཡི་གེའི་སྒྲས་དབྱངས་བརྗོད་དོ། ། མཐའ་ན་ཡོད་པ་ནི་མཐའ་སྟེ། ཆ་ཤས་གང་གི་དབྱངས་དང་པོ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཡི་གེ་གཅིག་མ་ཡིན་པ་ཏེ་དབྱངས་གཅིག་མ་ཡིན་པའི་རྟགས་ཀྱི་ཆ་ཤས་མཐའི་དབྱངས་སོགས་དེ་ནི། ཨིན྄་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་ཏི་ཧསྟ་ཡི་ཏ། ཨུ་པ་བཱི་ཎ་ཡ་ ཏི། ཨ་ཏི་ཧསྟིན྄་དང་ཨུ་པ་བཱི་ཎཱ་དག་གླང་པོའི་ཤིན་ཏུ་སྐྱོད་དོ། །བཱི་ཎཱ་ས་ཉེ་བར་འགྲོའོ་ཞེས་བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པས་ཨིཎའོ། །འདིས་མཐའི་བྱིངས་དབྱིའོ། །འོ་ན་བཱི་ཎཱའི་སྒྲའི་མཐའ་དབྱངས་མ་ཡིན་པ་ཅུང་ཟད་ཀྱང་མེད་པས་སོགས་དབྱིའོ་ཞེས་ཅིའི་ཕྱིར་འགྱུར་ ཞེ་ན། བརྗོད་པར་བྱ་སྟེ། མཐའི་དང་པོ་བཞིན་གཅིག་ལ་ཞེས་པའི་ཚིག་ལས་འགྱུར་རོ། །རྟགས་ཀྱི་ཞེས་པ་ཅི་ཞེ་ན། ཙ་ཀཱ་ས་ཡ་ཏི། ཙ་ཀཱ་སྲྀ་གསལ་བ་ལའོ། །གསལ་བར་གྱུར་པ་ལ་སྦྱོར་རོ། །བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན྄འོ། །ཡི་གེ་གཅིག་མིན་ 195-1-167a པའི་ཞེས་པ་ཅི་ཞེ་ན། ཏྭ་ཙཾ་གྲྀཧྞ་ཏི། ཏྭ་ཙ་ཡ་ཏི། ཨིན་ཏེ་ཀ་རི་ཏའང་ཞེས་པས་ཨིནའོ། །དབྱངས་གཅིག་མ་ཡིན་པའི་ཞེས་བྱ་བ་ལ་ཡི་གེ་གཅིག་མ་ཡིན་པ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །འོ་ན་གོང་དུ་ཨིན་སྨོས་པའི་དོན་གྱི་དབང་ལས་རྣམ་དབྱེ་ ཡོངས་ས་སུ་གྱུར་པའོ་ཞེས་པས་བདུན་པའི་མཐའ་ཤེས་པར་བྱེད་པས་དེ་དང་དེའི་དོན་གྲུབ་པས་སླར་ཡང་ཅིའི་ཕྱིར་ཨིན་སྨོས་ཤེ་ན། བརྗོད་པར་བྱ་སྟེ། བྱ་བ་གཞན་གསལ་བའི་དོན་དུའོ། །དེས་ན་ཐུ་ལ་དང་དུ་ར་དང་ཡུ་བཱན་དང་ཧྲ་སྭ་དང་ཀྵི་པྲ་དང་ཀྵུ་ཏྲ་རྣམས་ཀྱི་ཕ་རོལ་གྱི་མཐར་གནས་ སོགས་ཀྱི་ཆ་ཤས་ཨིན་ཕ་རོལ་ལ་དབྱི་བར་འགྱུར་རོ། །ནཱ་མི་རྣམས་ཀྱིའང་ཡོན་ཏན་ནོ། །སྠཱུ་ལཾ་བཤད་པ་ལ་ཀ་རོ་ཏི། ཡང་ན་སྠ་བ་ཡ་ཏི། ཨིན་ཏེ་ཀཱ་རི་ཏ་འང་ངོ་ཞེས་པས་ཨིནའོ། །དེ་བཞིན་དུ། དུར། ད་བ་ཡ་ཏི། ཡུ་བ་ན་ཡ་བ་ཡ་ཏི། ཧྲ་སྭ་ཡ་ཏི། ཀྵི་པྲ། ཀྵེ་བ་ཡ་ཏི། ཀྵུ་ཏྲ། ཀྵོ་ད་ཡ་ཏི། ཕ་རོལ་གྱི་ཞེས་པ་ཅི་ཞེ་ན། ཧྲ་སྭ་ཡ་ཏི། ཞེས་པ་འདིར་རེ་ཕ་དང་པོའི་ཆ་ཤས་མི་འགྱུར་རོ། །གསལ་བྱེད་དང་པོ་ཅན་རྀཏ་ཡང་བའི་ར་སྒྲའོ། །རྀ་ཡིག་གང་གི་དང་པོ་གསལ་བྱེད་ཡིན་པ་དེ་ནི་གསལ་བྱེད་དང་པོ་ཅན་ནོ། །ཨིན་ལ་ཞེས་པ་ཁོ་ནའོ། །མཐའི་དབྱངས་དང་ པོ་དབྱིའོ་ཞེས་པའང་ངོ་། །གསལ་བྱེད་དང་པོ་ཅན་ཡང་བའི་རྀ་ཡིག་ནི་ཨིན྄་ཕ་རོལ་ལ་ར་སྒྲ་ཉིད་དུ་བསྒྱུར་བར་འགྱུར་ཏེ། མཐའི་དབྱངས་ལ་སོགས་པའང་དབྱིའོ། །པྲྀ་ཐུ་བཤད་པ་ལ་ཀ་རོ་ཏིའོ། །ཡང་ན། པྲ་ཐ་ཡ་ཏི། དེ་བཞིན་དུ། མྲྀ་དུ། མྲ་ད་ཡ་ཏི། བྷྲྀ་ཤ །བྷྲ་ ཤ་ཡ་ཏི། ཀྭྀ་པའི། ཀྲ་པ་ཡ་ཏི། ཏྲྀ་ཌྷའི། ཏྲ་ཌྷ་ཡ་ཏི། པ་རི་བྲི་ཌྷའི། པ་རི་བྲ་ཌྷ་ཡ་ཏི། དབྱངས་དང་བཅས་པའི་རེ་ཕ་ཇི་ལྟ་བ་བཞིན་དུ་འགྱུར་ཞེས་པས་སྒྲ་སྨོས་སོ། །ཡང་བའི་ཞེས་པ་ཅི་ཞེ་ན། རྀཏ་མཐའི། ཤིང་བྱེད་དོ་ཞེས། པྲྀ་ཀྵ་ཡ་ཏི། བརྩེགས་པ་ལ་ ལྗིའོ་ཞེས་པས་རྀ་ཡིག་ལྗི་བའོ། །གསལ་བྱེད་དང་པོ་ཅན་གྱི་ཞེས་པ་ཅི་ཞེ་ན། རྀ་ཏཾ་ཀ་རོ་ཏི། རྀ་ཏ་ཡ་ཏི། པྲྀ་ཐུ་སོགས་རྣམས་ཁོ་ནའི་ར་སྒྲ་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། དམངས་རིགས་འཆད་པ་ལ། པྲྀ་ཥ་ལ་ཡ་ཏི། དབྱངས་གཅིག་པའི་བྱིངས་ལས་བྱ་ 195-1-167b བ་ཡང་དག་པར་མངོན་པར་སྡུད་པ་ལ་ཡ་སྒྲ་སྦྱར་ཏེ་ཙེ་ཀྲཱི་ཡི་ཏོའོ། །བྱིངས་གང་གི་དབྱངས་གཅིག་ཡིན་པ་དེ་ནི་དབྱངས་གཅིག་པའིའོ། །གསལ་བྱེད་དང་པོ་ཅན་ཞེས་པ་ཁོ་ནའོ། །དབྱངས་གཅིག་པ་གསལ་བྱེད་དང་པོ་ཅན་གྱིས་བྱིངས་ལས་བྱ་བ་ཡང་དག་པར་མངོན་པར་སྡུད་པར་འཇུག་ བཞིན་པ་ལ་ཡ་སྒྲ་འགྱུར་ཏེ། དེའང་ཙེ་ཀྲི་ཡི་ཏའི་མིང་ཅན་ནོ། །ཡང་ཡང་ངམ་ཤིན་ཏུ་མཆོད་པར་བྱེད་པའི་དོན་ལ། ཡཱ་ཡ་ཛྱ་ཏེ། དེ་བཞིན་དུ། པཱ་པ་ཐྱ་ཏེ། ཤིན་དུ་འབོར་ནི། ཛཱ་ཛལྱ་ཏེ། ཡ་ཛ་ལྷ་མཆོད་པ་ལའོ། །བ་ཋ་ཀློག་པ་ལའོ། །ཛྭ་ལ་འབར་བ་ལའོ། །ཡ་སྒྲའོ། །ཙཎ་ པ་རོ྅ཀྵ་ཞེས་པས་གཉིས་བརྗོད་པའོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །ཙེ་ཀྲཱྀ་ཡི་ཏའི་མཐའ་ལས་སོ་ཞེས་པས་ཨཱཏྨ་ནེའི་ཚིག་སྟེ། བརྟ་མཱ་ནཱའི་ཏེའོ། །ཨན྄་བི། ཨེ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །དབྱངས་གཅིག་པ་ཞེས་པ་ཅི་ཞེ་ན། པུ་ན། པུ་ ནརྫཱ་གཏྟི། གསལ་བྱེད་དང་པོ་ཅན་ཞེས་པ་ཅི་ཞེ་ན། བྷྲྀ་ཤཾ་ཨཱིཀྵ་ཏེ། བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་ཞེས་པ་ཅི་ཞེ་ན། ས་ཀྲྀཏྤ་ཋ་ཏི། ཤུ་བྷི་དང་རུ་ཙི་དག་ལས་མི་འདོད་དོ། །བྷྲྀ་ཤཾ་ཤ་བྷ་ཏེ། བྷྲྀ་ཤཾ་རོ་ཙ་ཏི། ཤུ་བྷ་མཛེས་པ་ལའོ། །རུ་ཙ་གསལ་བ་ལའོ། །སྒྲ་ སྨོས་པ་ལས། སཱུ་ཙི་དང་སཱུ་ཏྲི་དང་མཱུ་ཏྲི་དང་ཨ་ཊི་དང་རྀ་དང་ཨ་ཤུ་དང་ཨཱུཏྞུཉ་རྣམས་ལས་ཀྱང་ཡ་སྒྲ་འདོད་དོ། །སཱུ་ཙི། སཱུ་ཏི་མཱུ་ཏི་རྣམས་ཀྱི་བྱིངས་གཅིག་པ་མ་ཡིན་པའི་ཨིན྄འི་མཐའ་ལས་ཐོབ་པ་མ་ཡིན་པ་ལའོ། །ལྷག་མ་རྣམས་ཀྱི་དབྱངས་དང་པོ་ཅན་ཉིད་ལས་སོ། །སོ་སུ་ཙྱ་ཏི། སོ་ སཱུ་ཏྲྱ་ཏེ། མོ་མཱུ་ཏྱ་ཏེ། སུ་ཙཱ་ཕྲ་མ། སཱུ་ཏྲི་གསལ་བ་ལའོ། །མཱུ་ཏྲི་བཙའ་བ་ལའོ། །ཙུ་ར་སོགས་ཉིད་ལས་ཨིནའོ། །ཤིན་དུ་བའི་དོན་ལ་ཕྲ་མ་བྱེད་དོ། །གསལ་བར་བྱེད་དོ། །སྐྱེ་བར་བྱེད་དོ་ཞེས་པས་ཡ་སྒྲའོ། །ཀཱ་རི་ཏའི་ཨམྲ་ཨིཊ་བི་ཀ་ར་ཎ་ཞེས་པས་ཀཱ་རི་ཏ་དབྱིའོ། །གཉིས་ བརྗོད་དོ། །ཙེ་ཀྲི་ཡི་ཏ་ལ་ཡོན་ཏན་ནོ། །ཨ་ཌཱ་ཌྱ་ཏེ། ཨ་རཱ་ཏྱ་ཏེ། ཨ་ཤ་ཤྱ་ཏེ། ཨ་ཊ་པ་ཊ་འགྲོ་བ་ལའོ། །རྀ་འགྲོ་བ་ལའོ། །ཨ་ཤཱུ་ཁྱབ་པ་ལའོ། །དེ་བཞིན་དུ། འཁྱོག་པོར། ཨ་ཊ་ཏི། རིཙྪ་ཏི། ཤིན་དུ་བའི་དོན་ལ་གྱུར་པ་དེ་རྣམས་ལ་ཡ་སྒྲའོ། ཙེ་ཀྲཱི་ཡི་ཏ་ལའོ་ 195-1-168a ཞེས་པས་ཀཏྟི་ཞེས་པས་ཡོན་ཏན་ནོ། །ཨ་ཊྱ་ཨཏྨ་ཨ་ཤྱ་ཞེས་གནས་པ་ལ། དབྱངས་དང་པོ་ལས་གཉིས་པའི་འོ་ཞེས་པས་ཊྱ་དང་ཏྱ་དང་ཤ་རྣམས་ཀྱི་གཉིས་བརྗོད་དོ། །ཨ་བྷྱསའི་གསལ་བྱེད་དང་པོ་ཞེས་པས་ཡ་དབྱིའོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་ པས་རིང་པོའོ། །པྲོརྞོ་ནུ་ཡ་ཏེ། ཨུརྞུཉ་སྒྲིབ་པ་ལའོ། །པྲ་སྔ་མར་རོ། །ཤིན་དུ་བའི་དོན་ལ་རབ་ཏུ་སྒྲིབ་པར་བྱེད་དོ་ཞེས་པས་ཡ་སྒྲའོ། །སྔ་མ་བཞིན་དུ་གཉིས་བརྗོད་དོ། །ན་བ་ད་ར་རྣམས་མ་ཡིན་ནོ་ཞེས་བཀག་པ་ལས་ར་ཡིག་མ་ཡིན་ནོ། །ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ནཱ་མིནའི་ མཐའ་རྣམས་ཀྱི་ཡཎ་ཨ་ཡི་ཞེས་པས་རིང་པོའོ། །འགྲོ་བའི་དོན་ལ་འཁྱོག་པོ་ཉིད་ལ་ཡ་སྒྲ་བཤད་པར་བྱ་སྟེ། ཙཾ་ཀྲ་མྱ་ཏེ། དནྟྲ་མྱ་ཏེ། ཀྲ་མུ་རྐང་པ་བསྐྱོད་པ་ལའོ། །ཏྲ་མ་ཏ་ཡ། འཁྱོག་པོར། ཀྲ་མ་ཏི། དེ་བཞིན་དུ། ཏྲ་མ་ཏི་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། ། ཨཏ་མཐའ་རྣམས་ཀྱི་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །ལུསྲ། ཙར། སད། ཛས། ཛ་བྷ། ད་ཧ། དནྴ། ཏྲི་རྣམས་ལས་སྨད་པའི་ངོ་བོ་ལའོ། །སྨད་པའི་བྱིངས་དོན་ནི་སྨད་པའི་ངོ་བོ་སྟེ་སྨད་པའོ། །སྨད་བྱ་འདྲེག་གོ་ཞེས། ལོ་ལུ་སྱ་ཏེ། སྣད་པ་འཇུག་ གོ། །སཱ་ས་བྱ་ཏེ། ལུསླི་གཅོད་པ་ལའོ། །སདླི་འཇུག །ཡ་སྒྲའོ། །ལན་གཉིས་བརྗོད་དོ། །ལུ་སའི་ཙེ་ཀྲཱྀ་ཡི་ཏ་ལ་ཡོན་ཏན་ནོ། །སཏའི་ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །ཙ་ཙཱུཪྻཱ་ཏེ། ཨ་བྷྲ། བ་བྷྲ། མ་བྷྲ། ཙ་ར་རྣམས་འགྲོ་བ་ལའོ། །སྨད་པ། ཙ་ ར་ཏི། ཡ་སྒྲའོ། །ཙ་ར་ཕ་ལ་དག་གི་སྟེ་ཕ་རོལ་གྱི་ཨའི་ཨུཏ་འང་ངོ་ཞེས་པས་ཨབྷྱ་སའི་རྗེས་སུ་ང་རོ་ཨཱ་ག་མ་དང་། བྱིངས་ཨ་ཡིག་གོའང་ཨུཏ་ཉིད་དོ། །ནཱ་མིནའི་ར་བ་དག་ཅེས་པས་རིང་པོའོ། །ཛཾ་ཛ་སྱ་ཏེ། ཛཾ་ཛ་བྷྱ་ཏེ། དཾ་ད་བྷྱ་ཏཻ། དཾ་ད་ཤྱ་ཏེ། སྨད་པར་འགྲོའོ། ། སྙེང་ངོ་། །སྲེག་པར་བྱེད་དོ། །ཟ་བར་བྱེད་དོ་ཞེས་ཡ་སྒྲའོ། །ལན་གཉིས་བརྗོད་དོ། །ཛབ་ཡོགས་རྣམས་ཀྱིའང་ངོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །དཾ་ཤའི་ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པས་ན་དབྱིའོ། །ནི་ཛེ་གི་ལྱ་ཏེ། གྲྀ་གསལ་བ་ལའོ། །ནི་སྔ་མར་རོ། །སྨད་པ་ནི། གི་ 195-1-168b ར་ཏི། ཡ་སྒྲའོ། །རྀཏ་མཐའི་ཨི་རའོ། །གི་ར་ཏིའི་ཙེ་ཀྲཱི་ཡི་ཏ་ལའོ་ཞེས་པས་ལ་ཉིད་དོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏའི་མིང་གང་དུ་དགོས་ཤེ་ན། ཙེ་ཀྲཱི་ཡི་ཏཱི་མཐའ་རྣམས་ཀྱི་ཡ་ཛི་ཛ་སི་ཞེས་པ་ལ་སོགས་པ་རྣམས་སུའོ། །གུ་པཱུ། དྷཱུ་པ། བིཙྪ། པ་ཎི། པ་ནི་ལས་ཨཱ་ཡའོ། །གུ་པུ་བསྲུང་། དྷཱུ་པ་བདུག་སྤོས། བིཙྪཱ་འགྲོ་བ་ལའོ། །པ་ཎ་ཐ་སྙད་ལ་སྟེ་བསྟོད་པ་ལའང་ངོ་། །པན་བསྟོད། འདི་རྣམས་ལས་ཨཱ་ཡའི་རྐྱེན་དུ་འགྱུར་རོ། །གོ་པཱ་ཡ་ཏི། དྷཱུ་པཱ་ཡ་ཏི། བིཙྪཱ་ཡ་ཏི། པ་ཎཱ་ཡ་ཏི། བསྟོད་པའི་དོན་གྱི་པན་ནི་དང་ལྷན་ཅིག་པའི་པ་ཎི་བསྟོད་པའི་དོན་དུ་གཟུང་བར་བྱའི། ཐ་སྙད་ཀྱི་དོན་ནི་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། ཤ་ཏ་སྱ་པཎ་ཏེ། ཞེས་ཏེ་པཎ་བསྟོད་པའི་དོན་ཅན་ཇི་ལྟར་ཤེས་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། པཎ་ཐ་སྙད་ལ་སྟེ་བསྟོད་པ་ལའང་ངོ་ཞེས་ཐ་སྙད་དུ་ཀློག་པ་ལས་སོ། །འོ་ན་ཇི་ལྟར། ཤ་ཏ་སྱ་པཎ་ཏཿ། ཞེས་པ་ འདིར་པཎའི་ཨ་ཡིག་གིས་ཨ་ནུ་དཱཏྟས་ཡིན་ཞིང་རྗེས་སུ་འབྲེལ་པས་མ་ཡིན་པར་སྦྱར་བ་ཉིད་དུ་ཙ་སོགས་ཉིད་ཀྱི་ཕྱིར་ཨཱཏྨཱ་ནེའི་ཚིག་འབྱུང་བ་དེ་ལྟར། པ་ཎཱ་ཡ་ཏི། ཞེས་པ་འདིར་ཡང་པ་ཎཱ་ཡའི་སྒྲ་ལས་ཅིའི་ཕྱིར་མི་འགྱུར། ཆ་ཤས་སམ་ཡན་ལག་ལ་བྱས་པའི་རྟགས་ནི་ཚོགས་ པའམ་ཡན་ལག་ཅན་གྱི་ཁྱད་པར་ཅན་དུ་འགྱུར་ཏེ། དཔེར་ན་བ་ལང་གི་རྣ་བ་ལས་བྱས་པའི་རྟགས་ནི་ཚོགས་པའམ་ཡན་ལག་ཅན་གྱི་ཁྱད་པར་ཅན་དུ་འགྱུར་བ་བཞིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཆ་ཤས་རྣམས་ལས་གང་ཨ་ཡིག་ལ་བྱས་པའི་རྟགས་ཏེ་པཎ་ཞེས་པ་ འདིའི་ཚོགས་པའི་ཁྱད་པར་ཅན་དུ་མི་འཁྲུལ་པའི་ཕྱིར་དང་། པ་ཎཱ་ཡའི་སྒྲ་ལས་འཁྲུལ་ཏེ་གང་གི་ཕྱིར་པ་ཎཱའི་སྒྲ་ཨཱ་ཡའི་རྐྱེན་གྱིའོ། །དེ་ལྟར་ཡང་གང་བ་ལང་ལས་བྱས་པའི་རྟགས་དེ་བ་ལང་ཁོ་ནའི་ཁྱད་པར་ཅན་ཏེ། བ་ལང་གི་འཁོར་གྱི་མ་ཡིན་ནོ། །དེའི་ཕྱིར། པ་ཎཱ་ཡ་ཏི། ཞེས་ པ་འདིར་ཨཱཏྨ་ནེའི་ཚིག་མི་འགྱུར་རོ། །རྀཏ་ལས་ཎཱི་ཡང་བཤད་པར་བྱ་སྟེ། རྀཏ་མདོའི། རྀ་ཏཱི་ཡ་ཏེ། ཎཱི་ཡང་ངོ་། །ཎ་ཡིག་ནི་ཎ་རྗེས་སུ་འབྲེལ་བ་ཞེས་པའི་དོན་ཏོ། །ང་ཡིག་ནི་ཨཱཏྨ་ནེའི་ཚིག་གི་དོན་ཏོ། །ཀ་མི་ལས་ཨི་ཎིང་བཤད་པར་བྱ་སྟེ། ཀཱ་རི་ཏའི་མིང་ཅན་ཡང་ངོ་། །ཀཱ་ 195-1-169a མ་ཡ་ཏེ། ཀ་མུ་མཛེས་པ་ལའོ། །ང་ཡིག་ཨཱཏྨ་ནེའི་ཚིག་གི་དོན་ཏོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ་ཞེས་པས་ཐུང་ངུ་ཐོབ་པ་ལ། ཨིཊ་དང་བཅས་པ་ཨམ་མཐའི་ཝ་མི་ཀའི་ཙམ་ཡིན་པ་རྣམས་ཀྱི་མ་ཡིན་ནོ་ཞེས་པས་བཀག་གོ། ། ཏེའོ། །ཨན་བི། ཡོན་ཏན། ཨཱ་ཡ་དང་། ཎཱི་ཡང་དང་། ཨི་ཎིང་། འདི་རྣམས་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཡང་ན་བཤད་པར་བྱ་སྟེ། ཨཱ་ཡ་ལས། གོ་པཱ་ཡི་ཏཱ། གོཔྟ། ཤྭསྟ་ནིའི་ཏཱའོ། །ཨིཊའོ། །ཨའི་ཡང་དབྱིའོ། །གོཔྷཱ་ཞེས་པ་འདིར། སྭ་ར་ ཏི་སཱུ་ཏི། ཞེས་པས་ཨིཊ་ཡང་ནའོ། །རྀ་ཏི་ཡི་ཏཱ། ཨཏྟི་ཏཱ། ཀ་མི་ཏཱ། དེ་རྣམས་བྱིངས་སོ། །སན་ལ་སོགས་པའི་བྱིངས་ཀྱི་ཚོགས་དེ་རྣམས་ཀྱི་མཐའ་ནི་བྱིངས་ཀྱི་མིང་ཅན་དུ་འགྱུར་རོ། །ཛུ་གུཔྶ་ཏེ། གུཔ྄་ཏི་ཛ་ཀིཏ྄་རྣམས་ལས་ས་ནའོ། །མངྒ་ལཱི་ཡ་ཏི། མིང་ལས་བདག་ཉིད་ འདོད་པ་ལས་ཞེས་པས་ཡིནའོ། །ཤུ་བྷ་ཀཱ་མྱ་ཏེ། ཀཱ་མྱའང་ངོ་ཞེས་པས་ཀཱ་མྱའོ། །ཤྱེ་ན་ཡ་ཏེ། བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །ལ་བ་ན་ཡ་ཏི། ཨིནྲ་ཏེ་ཀ་རི་ཏའང་ངོ་ཞེས་པས་ཨིནའོ། །སཱ་པ་ཙྱ་ཏེ། བྱིངས་དབྱངས་གཅིག་པ་ལས་ཞེས་པས་ཡ་སྒྲའོ། །གོ་པཱ་ཡ་ཏི། གུ་བཱུ་དྷུ་པ་ཞེས་པས་ཨཱ་ཡའོ། །དེ་བཞིན་དུ། རྟ་བཞིན་དུ་ཀུན་དུ་སྤྱོད་པ་ནི། ཨ་ཤྭ་ཏི། བཤད་པར་བྱ་བའི་དོན་ལའོ། །ཛུ་གུ་པ་ལ་སོགས་པ་རྣམས་ཀྱི་བྱིངས་ཉིད་ལ་ཏེ་དང་ཏི་ལ་སོགས་པ་རྣམས་སོ། །ཙ་ཀཱསྲ་དང་ཀཱས་དང་རྐྱེན་གྱི་མཐའ་རྣམས་ལས་པ་རོ྅ཀྵ་ལ་ཨཱམ྄འོ། །གང་རྣམས་ཀྱི་ མཐའ་རྐྱེན་ཡིན་པ་དེ་ནི་རྐྱེན་གྱི་མཐའ་རྣམས་ལས་པ་རོ྅ཀྵ་ཕ་རོལ་ལ་ཨཱམ྄་རྐྱེན་དུ་འགྱུར་རོ། །ཙ་ཀཱ་སཱཾ་ཀཱ་ར། ཀཱ་སཾ་ཙ་ཀྲེ། པ་རོ྅ཀྵའི་ཨཊ་དང་ཨེའོ། །འདིས་ཨཱམའོ། །དེས་ན་པ་རོ྅ཀྵ་ལ་བྱས་པ་ཉིད་ཀྱི་ཕྱིར་གཉིས་བརྗོད་པ་མེད་དོ། །ཨཱམྲའི་ཀྲྀཉ་རྗེས་སུ་སྦྱར་བར་བྱ་ཞེས་པས་ ཀྲྀཉ་རྗེས་སུ་སྦྱོར་རོ། །དེའི་གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །ཀ་སྡེའི་ཙ་སྡེའོ། །ཨཊ་ལ་ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །གཞན་ལ་ར་ཉིད་དོ། །རྐྱེན་གྱི་མཐའ་རྣམས་ལས། ཛུ་གུབྶཱཾ་ཙ་ཀྲེ། ཛུ་གུཔྶའི་སྒྲ་ལས་པ་རོ྅ཀྵའི་ཨེའོ། །ཨཱམ྄འོ། །ཨའི་ཡང་ 195-1-169b དབྱིའོ། །ཨཱམྲའི་ཀྲྀཉ་ཞེས་པས་ཀྲིཉའོ། །བུ་ཏྲཱི་ཡཱཾ་ཙ་ཀཱ་ར། འདི་བུ་འདོད་པའི་བདག་ཉིད་དེ། མིང་ལས་བདག་ཉིད་འདོད་པ་ལ་ཡིན་ནོ། །ཨཊའོ། །འདིས་ཨཱམྲའོ། ཨཱམྲ་ལས་ཀྲྀཉ་རྗེས་སུའོ། །པུ་ཏྲ་ཀཱ་མྱཾ་ཙ་ཀ་ར། བུ་འདོད་པའི་བདག་ཉིད་དེ། ཀཱམྱའི་རྐྱེན་ནོ། །ཤྱེ་ནཱ་ཡཱཾ་ཙ་ ཀྲེ། བོང་ཁྲ་བཞིན་དུ་ཀུན་དུ་སྤྱོད་པར་བྱེད་དོ་ཞེས་པས་ཨཱའི་རྐྱེན་ནོ། །ཨ་ཏི་ཧསྟ་ཡཱཾ་ཙ་ཀཱ་ར། ལག་པ་ལྡན་པར་བྱེད་དོ་ཞེས་ཧསྟིའི་སྒྲ་ལས་ཨིན྄་ཏེ་ཀཱ་རི་ཏའང་ངོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་མཐའི་དབྱངས་དང་པོ་དབྱིའོ། །ཨཊ་ཨཱིའོ། །ཡོན་ཏན་ནོ། །སཱ་བ་ཐཱཾ་ཙ་ཀྲེ། ཤིན་ དུ་བའི་དོན་ལ་ཀློག་ལའོ། །དབྱིངས་དབྱངས་གཅིག་པ་ཞེས་པས་ཡ་སྒྲའོ། །པ་རོ྅ཀྵའི་ཨའོ། །ཨཱམའོ། །ཨའིའང་དབྱིའོ། །ཡའི་ཨན་མེད་པ་ལའོ་ཞེས་པས་ཡ་དབྱིའོ། །གོ་པཱ་ཡཱཾ་ཙ་ཀཱ་ར། གུཔ་ལས། གུ་པཱུ་དྷཱུ་པ་ཞེས་པས་ཨཱ་ཡའོ། །ཨཊའོ། །ཨཱམའོ། །པ་རོ྅ཀྵ་ལ་ཞེས་ པ་ཅི་ཞེ་ན། ཙ་ཀཱ་སྟི། ཙ་ཀཱ་སྲྀ་གསལ། བརྟ་མཱ་ནའི་ཏིའོ། །ཨན་བི། ཨད་སོགས་ལས་འཇིག་གོ། །ནཱ་མི་དང་པོ་ལྗི་བ་ལྡན་པ་རིཙྪ་མ་ཡིན་པ་ལས་སོ། །གང་གི་དང་པོ་ནཱ་མི་ཡིན་པ་དེ་ནི་ནཱ་མི་དང་པོའོ། །གང་ལ་ལྗི་བ་ཡོད་པ་དེ་ནི་ལྗི་བ་ལྡན་པ་ལའོ། །རྀཙྪ་མིན་པ་ནི་རིཙྪ་མ་ཡིན་པའོ། ། པ་རོ྅ཀྵ་ལ་ཨཱམ྄་ཞེས་པ་རྗེས་སུ་འཇུག་སྟེ་ཨཱམྲའི་ཀྲྀཉ་ཞེས་པ་འདི་ལས་གོང་དུའོ། །བྱིངས་ནཱ་མི་དང་པོ་ཅན་ལྗི་བ་ལྡན་པ་ལས། རྀཙྪ་དབང་པོ་དང་འཇིག་པ་དང་མུཪྟི་དངོས་པོ་དག་ལའོ་ཞེས་པ་འདི་དོར་བ་ལས་པ་རོ྅ཀྵ་ལ་ཨཱམ྄་དུ་འགྱུར་རོ། །ཨཱི་ཀྵཾ་ཙ་ཀྲེ། ཨཱུ་ཧཱཾ་ཙ་ཀྲེ། ཨཱི་ཀྵ་ལྟ་བ། ཧུ་ཨུཏ་ རྣམ་པར་རྟོག་པ་ལའོ། །པ་རོ྅ཀྵའི་ཨེའོ། །འདིས་ཨཱམྲའོ། །ཨཱམྲ་ལས་ཀྲྀཉ་ཞེས་པས་ཀྲྀཉའོ། །ཨུབྫཾ་ཙ་ཀཱ་ར། ཨུབྫ་ཀུན་ནས་ཉེད་པ་ལའོ། །ཨཊའོ། །ཨཱམྲའོ། ནཱ་མི་དང་པོ་ཞེས་པ་ཅི་ཞེ་ན། ར་རཀྵ། ལྕི་བ་ཉིད་ནི་དེར་བརྩེགས་པ་ལ་ལྗི་བའོ་ཞེས་པའི་ཚིག་ལས་སོ། །ལྗི་བ་ ལྡན་པ་ཞེས་པ་ཅི་ཞེ་ན། ཨ་ཧ་མི་ཡ་ཛ། ཡ་ཛི་ལ་ཕྱི་མའི་གཅིག་ཚིག་ཨཊའོ། །གཉིས་བརྗོད་དོ། །ཨ་བྷྱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །འོ་ན་འདིར་ཨཊ་ལ་ཕྱོགས་གཅིག་ལ་ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །མིང་སྔ་མ་ཅན་གྱི་སྒྲུབ་པ་མི་རྟག་ཅེས་པའི་ཚིག་ལས་ 195-1-170a སོ། །འདིར་ཅིའི་ཕྱིར་མི་འགྱུར། ཨི་ཡེ་ཥ། ཨི་ཥུ་འདོད་པ་ལའོ། །ཨཊའོ། །གཉིས་བརྗོད་དོ། །ནཱ་མིའི་འང་ཨུ་པ་དྷཱའི་ཞེས་པས་ཡོན་ཏན་ནོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པའི་ཞེས་པས་ཨི་ཡའོ་ཞེ་ན། འདིར་བརྗོད་པར་བྱའོ། །ཉེ་བར་ལྷུང་བའི་ མཚན་ཉིད་ཀྱིས་སྒྲུབ་པའི་རྒྱུ་མཚན་དེ་མི་རྟག་གོ་ཞེས་པའི་ཚིག་ལས་མི་འགྱུར་རོ། །རྐྱེན་དང་འབྲེལ་པ་ཅན་གྱི་གང་ཉེ་བར་ལྷུང་པས་བར་མ་ཆད་དུ་བྱིངས་ཀྱི་ཡོན་ཏན་བྱས་པ་ལ་ལྗི་བ་ཉིད་ཐོབ་པ་ལ་དེའང་ཐོབ་པ་མ་ཡིན་ཏེ། ཨཱཾ་གྱི་རྐྱེན་བྱས་ནས་བྱིངས་ཀྱི་རྐྱེན་བར་མ་ཆད་དུ་བྱས་པའི་ཕྱིར་རོ། །རྀཙྪ་མ་ ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་ནཪྩྪ། ཨཱ་ནཪྩྪ་ཏུ། རྀཙྪའི་ཨིན་འགྲོ་བ་ལའོ། །ཨཊ་དང་ཨ་ཏུསའོ། །ལན་གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །རྀ་ཡིག་ལའང་ངོ་ཞེས་པས་ན་ཨཱ་ག་མའོ། །རྀཙྪའི་རྀཏའི་འོ་ཞེས་པས་ཡོན་ཏན་ ནོ། །ཨཱུཪྞོ་ཏིའི་དགག་པ་བཤད་པར་བྱ་སྟེ། བྲོརྞུ་ནཱ་བ། ཨུརྞུཉ་འགེབས་པ་ལའོ། །བྲ་སྔ་མར་རོ། །ཨཊ྄འོ། །ཙ་ཎ་པ་རོ྅ཀྵ་ཞེས་པས་ནུ་གཉིས་བརྗོད་དོ། །ན་བ་ད་ར་རྣམས་ཞེས་པས་རེ་ཕའི་མིན་ནོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཨཱ་སི། ད་ཡི། ཨ་ཡི། ད་རི་དྲ་ རྣམས་ལས་ཀྱང་ངོ་། །ཨཱས་སྡོད་པ་ལའོ། །ད་ཡ་སྟེར་དུ་འགྲོ་བ་ལའོ། །ཨ་ཡ་འགྲོ་བ་ལའོ། །ད་རི་དྲ་འགྲོ་བ་ངན་པ་ལའོ། །འདི་རྣམས་ལས་པ་རོ྅ཀྵ་ལ་ཨཱམྲ་འགྱུར་རོ། །ཨཱ་སཱཾ་ཙ་ཀྲེ། བ་ལ་ཡཱཾ་ཙ་ཀྲེ། ཨ་ཡིའི་པ་ར་སྔ་མར་རོ། །པ་རོ྅ཀྵའི་ཨེའོ། །འདིས་ཨཱམྲའོ། །ཨཱམྲ་ ལས་ཀྲྀཉ་རྗེས་སུའོ། །ཨཱ་ཡི་ཏ་ལ་ཉེར་བསྒྱུར་གྱི་ཞེས་པས་པ་རིའི་སྒྲ་ལ་ཉིད་དོ། །ད་རི་དྲཾ་ཙ་ཀཱ་ར། ཨཊའོ། །ཨཱམའོ། །རིང་པོ་ལས་ཕ་རོལ་དབྱིའོ། །ཨུཥ་བིད་ཛཱ་གྀ་རྣམས་ལས་ཡང་ནའོ་ཞེས་པའི་ཡང་ན་རྗེས་སུ་འབྲེལ་ཏེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པར་བྱ་བ་ ལས་སོ། །དེས་ན་ད་རི་དྲཱ་ལ་རྗེས་སུ་འབྲེལ་ཏེ། ད་ད་རི་དྲཽ། ད་རི་དྲཱ་སྤྲང་བ་ལའོ། །ཨཊ་ལའོ། །གཉིས་བརྗོད་དོ། །ཨ་ཡིག་ལས་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལ་ཞེས་པས་ཨཱ་དབྱིའོ། །ཨུཥ་བིད་ཛ་གྲྀ་རྣམས་ལས་ཡང་ནའོ། །ཨུཥ་བསྲེག་པ་ལའོ། །བིད་ཤེས་པ་ 195-1-170b ལའོ། །ཛཱ་གྲྀ་མི་ཉལ་བ་བོ། །འདི་རྣམས་ལས་པ་རོ྅ཀྵ་ལས་ཨཱམྲ་ཡང་ན་འགྱུར་རོ། །ཨཾ་ཥཱཾ་ཙ་ཀཱ་ར། བི་དཱཾ་ཙ་ཀཱ་ར། ཛཱ་ག་རཱཾ་ཙ་ཀཱ་ར། ཨཊའོ། །ཨཱམྲ་ལ་བིད་ཉིད་ཀྱི་ཞེས་པས་བིདའི་ཡོན་ཏན་མེད་དོ། །ཨཱམ྄འི་ཀྲྀཉ་རྗེས་སུའོ། །ཕྱོགས་གཅིག་ལ། ཨུ་བོ་ཥ། བི་བེ་ད། ཛ་ཛཱ་ གཱ་ར། ཨཊའོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཨུབའོ། །ཨའི་ཨུ་པ་དྷཱ་ཞེས་པས་ཛཱ་གྲྀའི་འཕེལ་བའོ། །ཨད་སོགས་ཅན་གྱི་བིད་ཤེས་པའི་དོན་གཟུང་བར་བྱ་སྟེ། ཛཱ་གྲྀ་ཨད་སོགས་ཅན་དང་ལྷན་ཅིག་སྤྱོད་པ་ལས་སོ། །བྷཱི་ཧྲཱི་བྷྲི་ཧུ་རྣམས་ཀྱི་ བྱིངས་ཐམས་ཅད་པ་བཞིན་ནོ། །ཉི་བྷི་འཇིག་པ་ལའོ། །ཧྲཱི་ངོ་ཚ་བ་ལའོ། །ཌུ་བྷྲྀཉ་འཛིན་པ་དང་རྒྱས་པར་བྱེད་པ་དག་ལའོ། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ། །འདི་རྣམས་ལས་པ་རོ྅ཀྵ་ལ་ཨཱམ྄་ཡང་ན་འགྱུར་ཞིང་། དེའང་ཨཱང་གི་རྐྱེན་ལ་བྱིངས་ཐམས་ཅད་པ་བཞིན་ཏེ། བྱིངས་ཐམས་ ཅད་པ་ལ་གང་བཤད་པའི་ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ། །བྷྲྀཉ་ཧང་མདྲ་རྣམས་ཀྱི་ཨིཊའོ་ཞེས་པ་དེ་ཨཱ་མའི་རྐྱེན་ལའང་འགྱུར་རོ་ཞེས་པའི་དོན་ཏོ། །བི་བྷ་ཡཱཾ་ཙ་ཀཱ་ར། ཛི་ཧྲ་ཡཱཾ་ཙ་ཀཱ་ར། བི་བྷ་རཱཾ་ཙ་ཀཱ་ར། ཛུ་ཧ་བཾ་ཙ་ཀཱ་ར། ཨཊའོ། །ཨཱམྲའོ། །བྱིངས་ ཐམས་ཅད་པ་བཞིན་དུ་འགྱུར་བས་ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལ་ཞེས་པས་ལན་གཉིས་བརྗོད་དོ། །ཐུང་ངུའོ། །གཉིས་པ་བཞི་པ་དག་གི་ཞེས་པས་བྷའི་བའོ། །བྷྲྀཉ་ཧང་མཱང་རྣམས་ཀྱི་ཨིཏའོ་ཞེས་པས་ཨི་ཉིད་དོ། །ཨཱམ྄འི་ཀྲྀཉའོ། །ཕྱོགས་གཅིག་ལ། བི་བྷཱ་ ཡ། ཛི་ཧྲཱ་ཡ། བ་བྷཱ་ར། ཛུ་ཧཱ་བ། ཨཊའོ། །གཉིས་བརྗོད་དོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཨཱམྲའི་ཀྲྀཉ་རྗེས་སུ་སྦྱར་བར་བྱའོ། །ཨཱམྲ་མཐའི་རྗེས་སུ་ཀྲྀཉའི་བྱིངས་སྦྱར་བར་བྱའོ། །ཕྱིས་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །ཉ་རྗེས་སུ་འབྲེལ་བ་ནི་བྱིངས་ཉིད་རབ་ཏུ་ རྟོགས་པའི་དོན་དུའོ། །དཔེར་བརྗོད་པ་རྣམས་ནི་གོང་དུ་བྱས་ཟིན་པ་རྣམས་སོ། །ཨསྲ་བྷཱུ་དག་ཀྱང་སྟེ་པ་རསྨཻའོ། །པ་རསྨཻའི་ཚིག་ཅེས་པ་འདིའི་དང་པོ་དབྱི་བ་ཞེས་པས་དབྱིའོ། །ཨཱམ་མཐའི་སྒྲའི་རྗེས་སུ་བྱིངས་ཨསྲ་དང་བྷཱུ་ཞེས་པ་འདི་དག་སྦྱར་བར་བྱ་ཞིང་ཨཱཏྨ་ནེའི་ཚིག་གིའང་གནས་ 195-1-171a ལ་པ་རསྨཻའི་ཚིག་ཏུ་བསྒྱུར་རོ། །འདིར་ཨཱཏྨ་ནེའི་ཚིག་ཅེས་པ་དེ་དབྱི་བར་བལྟ་བར་བྱའོ་ཞེས་སྨྲའོ། །རྣམ་པར་བཤད་པ་ལས་ཀྱང་དེ་དབྱི་བར་བྱའོ། །ཨཱི་ཀྵམཱ་ས། ཨཱི་ཀྵཾ་བ་བྷུ་བ། ཨཱི་ཀྵ་ལྟ་བ་ལའོ། །རུ་ཙ་ལ་སོགས་པ་ཉིད་ལས་ཨཱཏྨནེའི་ཚིག་སྟེ། པ་རོ྅ཀྵའི་ཨེའོ། ། ནཱ་མི་དང་པོ་ལྗི་བ་ལྡན་པ་ཞེས་པས་ཨམྲའོ། །འདིས་ཨས་དང་བྷུ་དག་རྗེས་སུ་སྦྱར་བར་བྱའོ། །ཨཱཏྨ་ནེའི་ཚིག་ཨེ་ཡིག་པ་རསྨཻའི་ཚིག་ཏུ་བསྒྱུར་ཏེ། ཨ་ཊ་རུའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །བྷ་བ་ཏིའི་ཨའོ། །གཉིས་པ་བཞི་པ་དག་གི་ཞེས་ པས་བྷའི་བའོ། །ཨ་དྷིའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །རིང་པོ་ལས་ཕ་རོལ་དབྱིའོ། །བྷཱུའི་མཐའི་ཞེས་པས་བ་ཡིག་ཨཱ་ག་མའོ། །ཨསྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་བྷཱུའོ་ཞེས་པས་ཨསྟི་བྷཱུ་རུ་བསྒྱུར་བར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ཨསྟི་གཟུང་བ་དོན་མེད་པར་འགྱུར་རོ། །ཀྱང་ གི་སྒྲ་ནི་པ་རསྨཻའི་བར་མ་ཆད་རྟོགས་པར་བྱའོ། །དེའང་རྗེས་སུ་ཐོབ་པ་ལས་སོ། །དེས་ན་གང་ཡང་པ་རསྨཻའི་ཚིག་ཏུ་བསྒྱུར་བ་མེད་པ་དེ་ལ་ཡང་ཨསྲ་དང་བྷཱུ་དང་རྗེས་སུ་སྦྱར་རོ། །ཙ་ཀཱ་སཱ་མཱ་ས། ཙ་ཀཱ་སཱཾ་བ་བྷུ་བ། ཙ་ཀཱ་སྲྀ་གསལ་བ་ལའོ། །ཨཊའོ། །ཙ་ཀཱསྲ་དང་ཀས་ཞེས་པས་ཨཱམའོ། ། ཨསྲ་དང་བྷཱུ་དག་རྗེས་སུ་སྦྱར་བར་བྱའོ། །གཞན་སྔ་མ་བཞིན་ནོ། །ཨུཏ་བིད་ཛཱ་གྲྀ་རྣམས་ལས་ཡང་ནའོ་ཞེས་པས་ཡང་ན་འཇུག་སྟེ་དེ་ཡང་རྣམ་པར་བཤད་པ་ལའོ། །དེས་ན་དངོས་པོ་དང་ལས་དག་གི་ཨཱཏྨ་ནེའི་ཚིག་གི་པ་རསྨཻའི་ཚིག་ཏུ་མི་འགྱུར་ཏེ། ཨཱི་ཀྵ་མཱ་སེ། ཨཱི་ཀྵཾ་བ་བྷུ་བེ། ཨ་དྱ་ཏ་བིད་ ཛ་གྲྀ་ལ་སི་ཙའོ། །བྱིངས་ལས་ཨ་དྱ་ཏཱ་ནི་ཕ་རོལ་ལ་སི་ཙའི་རྐྱེན་དུ་འགྱུར་རོ། །ཨི་ཡིག་དང་ཙ་ཡིག་དག་ནི་སི་ཙ་ལ་པ་རསྨཻ་ལའོ་ཞེས་པའི་དོན་ཏོ། །ཨ་ཀཱཪྵ་ཏི། ཨ་ཧཱཪྵཱི་ཏ། ཨ་ཙཻ་ཥ་ཏི། ཨ་ནཻ་ཥི་ཏ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཙིཉ་སོགས་པ་ལའོ། །ཎིཉ་ཐོབ་པ་ ལའོ། །ཨ་དྱ་ཏཱ་ནིའི་དིའོ། །འདིས་སི་ཙའོ། །སི་ཙ་ལ་པ་རསྨཻའི་ལའོ་ཞེས་པས་འཕེལ་བ་སྟེ་ཨཱར་དང་ཨཻའོ། །སི་ཙ་ལས་ཞེས་པས་ཨཱིཊའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དའི་ཏའོ། །ཨ་བྷཻ་ཏྶཱིཏ། ཨཙྪཻ་ཏྶཱིཏ། བི་དིར་རྣམ་པར་འབྱེད་པ་ལའོ། །ཙྪི་དིར་གཉིས་སུ་བྱེད། 195-1-171b སི་ཙའོ། །གསལ་བྱེད་མཐའ་རྣམས་ཀྱི་ཨིཊ་མེད་པའི་ཞེས་པས་འཕེལ་བའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ་ཞེས་པས་དའི་ཏའོ། །ཨ་ཀྲྀ་ཏ། ཨ་ཧྲི་ཏ། ཨ་དྱ་ཏ་ནཱི་ཏའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་སི་ཙ་དབྱིའོ། །ཨིཊ་མེད་པ་ཤིཊ་མཐའ་ནཱ་མི་ཨུ་པ་དྷཱ་ཅན་ དྲྀ་ཤ་མ་ཡིན་པ་ལས་སཎའོ། །བྱིངས་གང་ལ་ཨིཊ་ཡོད་པ་མ་ཡིན་པ་དེ་ནི་ཨིཊ་མེད་པའོ། །གང་གི་མཐའ་ཤིཊ་ཡིན་པ་དེ་ནི་ཤིཊ་མཐའོ། །གང་གི་ཨུ་པ་དྷཱ་ནཱ་མི་ཡིན་པ་དེ་ནི་ནཱ་མི་ཨུ་པ་དྷཱ་ཅན་ཏེ། དྲྀ་ཤ་མ་ཡིན་པའིའོ། །བྱིངས་ཨིཊ་མེད་ཅིང་ཤིཊ་མཐའ་ནཱ་མི་ཨུ་པ་དྷཱ་ཅན་དྲྀ་ཤ་མ་ཡིན་པ་སྟེ་དྲྀ་ ཤ་དོར་བ་ལས་ཨ་དྱ་ཏ་ནཱི་ཕ་རོལ་ལ་སན་འགྱུར་རོ། །སི་ཙ་འགེགས་པའོ། །ཨ་བི་ཀྵཏ྄། ཨ་ཀྲྀ་ཀྵཏ྄། ཨུ་དྷུ་ཀྵཏ྄། བི་ཤ་རབ་ཏུ་འཇུག་པ་ལའོ། །ཀྲྀཥྭ་རྐོ་བ་ལའོ། །དུ་ཧ་འཇོ་བ་ལའོ། །དིའོ། །རི་ཤི། ཏུ་ཤི། ཏྭི་ཥི། སུ་ཥྱ་ཏི། ད་ཧི་ཞེས་པས་ཨིཊ་མེད་དོ། །སཎའོ། །ཎ་ཡིག་ ནི། ཎ་རྗེས་སུ་འབྲེལ་བ་ལ་མ་ཡིན་ཞེས་པའི་དོན་ཏོ། །བི་ཤ་ལ་ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །དུ་ཧའི། ད་དང་པོའི་གྷའོ། །གསུམ་པ་དང་པོའི་གྷའོ་ཞེས་པས་དའི་དྷཱའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ཞེས་པས་གྷའི་ཀ་ཉིད་དོ། །ཥ་ཉིད་དོ། །ཨ་རུ་ཀྵཏ྄། ཨ་ལི་ཀྵཏ། རུ་ཧ་བཱིཛ་སྣལ་མའི་རྒྱུན་ལའོ། །ལི་ཧ་རོ་མྱང་བ་ལའོ། །དིའོ། །སཎའོ། །ཧའི་དྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཀོ་ཥཱི་ཏ། ཀུ་ཤ་གནས་པ་ལའོ། །དིའོ། །སི་ཙའོ། །ཨིཊའི་ཨཱིཊའོ། །ཨིཊ་ལས་ཀྱང་ཨཱིཊ་ལ་ ཞེས་པས་སི་ཙ་དབྱིའོ། །ནཱ་མིའིའང་ཨུ་པ་དྷཱའིའོ་ཞེས་པས་ཡོན་ཏན་ནོ། །ཤིཊ་མཐའ་ལས་ཞེས་པ་ཅི་ཞེ་ན། ཨ་བྷཏྶཱ་ཏི། ནཱ་མི་ཨུ་པ་དྷཱ་ཅན་ལས་ཞེས་པ་ཅི་ཞེ་ན།ཨ་དྷཱ་ཀྵིཏ། ད་ཧ་ཐལ་བར་བྱེད་པ་ལའོ། །དིའོ། །ས་ཙའོ། །ཨའི་ག་རིང་པོའོ། །ད་དང་པོའི་གྷའོ། །གསུམ་པ་ དང་པོའི་གྷ་ཌྷ་དྷ་བྷ་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ཞེས་པས་ཀའོ། །ཨཱིཊའོ། །དྲྀ་ཤ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨ་དྲཱ་ཀྵི་ཏ། དྲྀ་ཤིར་ལྟ་བ་ལའོ། །དིའོ། །སིཙའོ། །སྲྀ་ཛི་དྲྀ་ཤ་དག་གི་ཨཱ་ག་མའོ་ཞེས་པས་ཨ་ཡིག་ཨཱ་ག་མའོ། །ར་ཉིད་དོ། །ཨའི་ 195-1-172a འང་རིང་པོའོ། །ཆ་ཤ་དག་གིས་འང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །གུ་ཧིའི་ཨིཊ་མེད་པའི་ཕྱོགས་ལས་སན་བཤད་པར་བྱ་སྟེ། ཨུད་རྗེས་སུ་འབྲེལ་པ་ཉིད་ལས་འདིའི་རྣམ་པར་བརྟག་པས་ཨིཊ་ཡོད་དོ་ཞེས་པས་ཐོབ་པ་མ་ཡིན་པ་ལའོ། ། ཨ་གྷུཀྵཏ། གུ་ཧུ་ཡང་དག་པར་སྒྲིབ་པ་ལའོ། །དིའོ། །ས་ཎ་ཏེ་བཤད་པ་ལས་སོ། །ཧའི་ཌྷའོ། །གསུམ་པ་དང་པོའི་གྷ་ཌྷ་བྷ་མཐའི་ཞེས་པས་གའི་གྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །ཨཱ་ཤླི་ཥའི་འཁྱུད་པའི་དོན་ལ་སཎ་བཤད་པར་བྱ་སྟེ། པུཥ་སོགས་ལས་ཨཎ་ ཐོབ་པ་ལའོ། །ཨཱ་ཤཱི་ཀྵནྣཱ་ཡི་ཀཱ་དེ་བ་དཏྟ། ཤླི་ཥ་ཀུན་དུ་མེད་པ་ལའོ། །ཨཱང་སྔ་མར་རོ། །ང་ཡིག་ནི་པ་རི་ཨ་པ་ཨང་སྦྱོར་བ་ལ་ཞེས་པའི་དོན་ཏོ། །ཥ་ཌྷ་དག་གི་ཀའོ། །འཁྱུད་པ་ཞེས་པ་ཅི་ཞེ་ན། ས་མཱ་ཤླི་ཥ་ཛྫ་ཏུ་ཀཱ་ཥྚཉྩ། སཾ་ཨཱང་སྔ་མར་རོ། །ཤླི་ཥའི་པུ་ཥ་སོགས་ཀྱི་མདོས་ ཨཎའོ། །སྤྲྀ་ཤི་དང་མྲྀ་ཥི་ཀྲྀ་ཥ་རྣམས་ལས་ས་ཎ་ཡང་ན་བཤད་པར་བྱ་སྟེ། ཨ་སྤྲྀ་ཀྵཏ། སྤྲྀཀྵ་རེག་པ་ལའོ། །སཎའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ཀའོ། །ཥ་ཉིད་དོ། །ཕྱོགས་གཅིག་ལ་སི་ཙ་སྟེ། ཨ་སྤྲཱ་ཀྵིཏ། ཨ་སྤྭཱཪྵཱི་ར། སི་ཙའོ། །བཤད་པ་ལས་ ཡང་ན་ཨ་ཡིག་ཨཱ་ག་མའོ། །ཨའི་འང་རིང་པོའོ། །ར་ཉིད་དོ། །ཕྱོགས་གཅིག་ལ་ཨཱ་གམྲ་མེད་ཅིང་གསལ་བྱེད་མཐའ་རྣམས་ཀྱི་ཨིཊ་མེད་པའི་ཞེས་པས་འཕེལ་བའོ། །སི་ཙ་ལ་ཞེས་པས་ཨཱིཊའོ། །སྔ་མ་བཞིན་དུ་ཥ་ཉིད་དང་ཀ་ཉིད་དག་གོ། །ཨ་མྲྀཀྵཏ། ཨ་མྲཱ་ཀྵིཏ། ཨ་མཱ་ཪྐཱིཏ། ཨ་ཀྲྀ་ཀྵཏ། ཨ་ཀྲཱཀྵིཏ། མྲྀཥ་བཟོད་པ་ལའོ། །ཀྲྀཥ་འབྲི་བ་ལའོ། །དིའོ། །སཎའོ། །གང་ལ་ཨི་ཡིག་ཡོད་པ་དེ་ལ་སི་ཙའོ། །སི་ཙའི་ཕྱོགས་ལ་བཤད་པ་ལས་ཨ་ཡིག་ཨཱ་ག་མའོ། །ཥ་ཉིད་དོ། །སྔ་མ་བཞིན་དུ་ཥའོ། །དེ་བཞིན་དུ་རིང་པོ་འཕེལ་བའོ། །ཕྱོགས་གཅིག་ལ་ ཨཱ་ག་མ་མེད་དོ། །དུ་ཧི་དང་དི་ཧི་དང་ལི་ཧི་དང་གུ་ཧི་རྣམས་ལས་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ཅན་དང་པོ་ཕ་རོལ་ལ་སཎ་ཡང་ན་འཇིག་པར་བཤད་པར་བྱའོ། །ཨ་དུགྡྷ། ཨ་དྷུ་ཀྵཏ། ཨ་དིགྡྷ། ཨ་དྷིཀྵཏ། དུ་ཧ་འཇོ་བ་ལའོ། །དི་ཧ་སོགས་པ་ལའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེ་ལ་སཎ་ཡང་ 195-1-172b ན་འཇིག་གོ། །ད་དང་པོའི་གྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷ་འོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གྷའི་གའོ། །འཇིག་པ་མ་ཡིན་པའི་ཕྱོགས་ལ་གསུམ་པ་དང་པོའི་གྷ་ཌྷ་དྷ་བྷ་མཐའི་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ཞེས་པས་གྷའི་ཀའོ། །ཥ་ཉིད་དོ། ། ཨའི་ཌྷ། ཨ་ལིཀྵཏ། ལི་ཧ་ཟ་བ་ལའོ། །དིའོ། །སཎ་ཡང་ན་འཇིག་པ་མ་ཡིན་ནོ། །ཧའི་ཌྷའོ་ཞེས་པས་ཧའི་ཌྷའོ། །སྔ་མ་བཞིན་ཏའི་དྷའོ། །ཥ་དང་ཊ་སྡེའི་ཏ་སྡེ་ཞེས་པས་དྷའི་ཌྷའོ། །ཌྷའི་ཌྷ་ལ་ཕྱིས་པ་ན་ཨུ་པ་དྷཱ་རིང་པོ་ཡང་ངོ་། །འཇིག་པ་མ་ཡིན་པའི་ཕྱོགས་ལ་ཧའི་ཌྷའོ། ། ཥ་དྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །དེ་བཞིན་དུ། ཨ་གཱུ་ཌྷ། ཨ་གྷུཀྵ་ཏ། གུ་ཧུ་ཡང་དག་པར་སྒྲིབ་པ་ལའོ། །གསུམ་པ་དང་པོའི་གྷ་ཌྷ་དྷ་བྷ་མཐའི་ཞེས་པས་གའི་གྷའོ། ཤྲི་དྲུ་སྲུ་ཀ་མི་ཀ་རི་ཏའི་མཐའ་རྣམས་ལས་བྱེད་པ་པོ་ལ་ཙ་ཎའོ། །གང་རྣམས་ཀྱི་མཐའ་ཀཱ་རི་ཏ་ཡིན་པ་དེ་ རྣམས་ནི་ཀ་རི་ཏའི་མཐའོ། །ཟླས་དབྱེ་བའོ། །ཤྲིཉ་བསྟེན་པ་ལའོ། །དྲུ་འགྲོ་བ་ལའོ། །སྲུ་འགྲོ་བ་ལའོ། །ཀ་མུ་མཛེས་པ་ལའོ། །བྱིངས་འདི་རྣམས་དང་ཀཱ་རི་ཏའི་མཐའ་ལས་ཀྱང་བྱེད་པ་པོ་བརྗོད་པའི་ཨ་དྱ་ཏ་ནཱི་ཕ་རོལ་ལ་ཙཎ་འགྱུར་རོ། །སིཙ་འགོག་པའོ། །ཨ་ཤི་ཤྲི་ཡ་ཏ། ཨ་དུ་ དྲུ་བཏ྄། ཨ་སུ་སྲུ་བ་ཏ྄། ཨ་དྱ་ཏ་ནཱིའི་དིའོ། །འདིས་ཙཎའོ། །ཎ་ཡིག་ནི་སྭཱ་པིའི་ཙཎ་ལ་ཞེས་པའི་དོན་ཏོ། །ཙ་ཡིག་ནི་ཙཎ་པ་རོ྅ཀྵ་ཞེས་པའི་དོན་ཏོ། །གཉིས་བརྗོད་པའོ། །བྱིངས་ཀྱི་དབྱངས་དང་པོ་ལ་ཨའི་ཡི་གེ་ཞེས་པས་ཨི་ཡ་ཨུ་པ་དག་གོ། །ཨ་ཙ་ཀ་མ་ཏ། ཀ་མུ་མཛེས་པ་ ལའོ། །ཨུ་ཡིག་ནི་ཨུཏ་རྗེས་སུ་འབྲེལ་པ་ཨུང་ཞེས་པའི་དོན་ཏོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏའོ། །གཉིས་བརྗོད་དོ། །ཀ་རི་ཏའི་མཐའ་རྣམས་ལས། ཨ་ཙིཀ་རཏ྄། ཨ་ཛཱི་ཧ་རཏ྄། ཨ་པཱི་པ་ཋཏ྄། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །པཋ་ཀློག་པ་ལའོ། །བྱེད་དུ་ འཇུག་པ་ལ་སྦྱོར་རོ། །འཕྲོག་ཏུ་འཇུག་པ་ལ་སྦྱོར་རོ། །ཀློག་ཏུ་འཇུག་པ་ལ་སྦྱོར་རོ། །བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན྄འོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོའོ། །ཨ་དྱ་ཏ་ནཱིའི་དིའོ། །ཙཎའོ། །ཀཱ་རི་ཏའི་ཨཱམ྄་ཨིཊ་བི་ཀཱ་ར་ཎ་ཞེས་པས་ཀ་རི་ཏ་དབྱིའོ། །ཨིན་དང་ 195-1-173a ཙཎ་ལ་ཞེས་ཐུང་ངུའོ། །གཉིས་བརྗོད་པར་བྱའོ། །རྀའི་ཡི་གེ་ཨ་ཡིག་གོ། །ཀ་སྡེའི་ཙ་སྡེའོ། །ཧའི་ཛའོ། །མཚུངས་པ་མ་ཕྱིས་ན་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ་ཞེས་པས་རིང་པོའོ། །ཨ་ཙིཀ་མ་ཏ། ཀ་མུ་མཛེས། ཨིན་ཏེ་བཤད་པ་ལས་སོ། ། ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཐམས་ཅད་སྔོན་བཞིན་ནོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨ་རཱ་ཀ་རཱི་ཤཱ་ཏཾ། ཀ་ཊོ་དེ་བ་དཏྟེ་ན། འདིར་ཀ་ཊ་དག་ལ་བྱ་བ་ཉིད་ལས་ལས་ཉིད་དོ། །ཌུ་ཀྲྀཉ་བྱེད། ཨི་ནཱའོ། །འཕེལ་བའོ། ། ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ཨཱ་ཏཱམ྄འོ། །སི་ཙའོ། །ཨིཊའོ། །ཡོན་ཏན་ནོ། །ཤྭི་དང་དྷེ་ཊ་དག་ལས་ཙཎ་ཡང་ན་བཤད་པར་བྱ་སྟེ། ཨ་ཤི་ཤྭི་ཡ་ཏ། ཌུ་ཡིག་ནི་ཌུ་རྗེས་སུ་འབྲེལ་པ་ལས་ཨ་ཐུའོ་ཞེས་པའི་དོན་ཏོ། །ཨོ་ཡིག་ནི་ལཱུ་སོགས་དང་ཨོ་རྗེས་སུ་འབྲེལ་པ་ཞེས་པའི་དོན་ཏོ། ། དིའོ། །ཙཎ་སྟེ་བཤད་པ་ལས་སོ། །གཉིས་བརྗོད་དོ། །དབྱངས་དང་པོ་ལ་ཨིའི་ཡི་གེ་ཨི་ཡའོ། །ཕྱོགས་གཅིག་ལ་སི་ཙ་སྟེ། ཨ་ཤྭ་ཡཱིཏ། དིའོ། །སི་ཙའོ། །ཨཱིཊའོ། །ཨིཊ་ལས་ཀྱང་ཨཱིཊ་ལ་ཞེས་པས་སི་ཙའོ་དབྱིའོ། །ཤྭ་ཛཱ་གྲཾ་དག་གི་ཡོན་ཏན་ནོ། །འདི་ལས་འགྱུར་ ཏེ། སྭ་ད་ཏི་ལས་ཨཎ་ཕ་རོལ་ལ་ཞེས་པས་དི་ཉིད་ཕ་རོལ་ལ་སྟེ་ཨ་ཡིག་བསྒྱུར་བ་བྱས་པ་ལས་སོ། །ཨ་ཤྭཏྲ། དིའོ། །ཨ་ཤྭ་ཡ་ཏི་ཨཎ་ལ་ཞེས་པས་ཨ་ཡིག་ཏུ་བསྒྱུར་རོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །ངེས་པར་དྷེ་ཊ་ལ་ཡང་ན་ཏེ། ཨ་ད་དྷ་ཏ། དྷེ་ཊ་འཐུང་བ་ལའོ། ། ཊ་ཡིག་ནི་དྷེཊ་དང་དྲྀ་ཤི་དག་ཅེས་པའི་དོན་ཏོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཨ་ཡིག་ཅེས་པས་ཨཱ་ཉིད་དོ། །དིའོ། །ཙ་ཎའོ། །གཉིས་བརྗོད་དོ། །ཐུང་ངུའོ། །གཉིས་པ་བཞི་པ་དག་གི་ཞེས་དྷཱའི་དའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པས་ཨ་ དབྱིའོ། །ཕྱོགས་གཅིག་ལ་སི་ཙ་ཏེ། ཨ་དྷཱི་སཱིཏ྄། དིའོ། །སི་ཙའོ། །ཡ་མིར་མིན་མི་ཨཱཏ་མཐའ་རྣམས་ཀྱི་ཞེས་པས་ཨིཊའོ། །ས་ཡིག་ཨཱ་ག་མའང་སྔ་མར་རོ། །སི་ཙ་དང་ཨིཊ་སྔ་མ་བཞིན་ཏེ་སི་ཙ་དབྱིའོ། །དྷེཊ་ལས་ཕ་རོལ་གྱི་སི་ཙ་འཇིག་པར་འདོད་དེ། ཨ་དྷཱ་ཏ། ཨ་སུ་བ་ཙི་ 195-1-173b ཁྱཱ་ཏི་ལི་པི་ས་ཙི་དྭཱ་ལས་ཨཎའོ། །ཀུན་སྡུད་པའི་ཟླས་དབྱེའོ། །དབྱངས་ཐུང་ངུའོ་ཞེས་པས་ཧ་སྒྲའི་ཐུང་ངུར་འགྱུར་ཏེ། ངེས་པར་བསྟན་པའི་ནུས་པ་ལས་སོ། །བྱེད་པ་པོ་ལ་ཞེས་པ་རྗེས་སུ་འཇུག་སྟེ་དངོས་པོ་དང་ལས་དག་ལའང་ངོ་ཞེས་པ་འདི་ལས་གོང་དུའོ། །ཨ་སུ་འཕེན་ལའོ། །ཝ་ཙ་ བརྗོད་པ་ལའོ། །ཡང་ན་བྲུའི་ཝ་ཙིའོ། །ཁྱཱ་ག་ཏམ་པ་ལའོ། །ཙཀྵིང་ཁྱཱཉ་རུ་བསྒྱུར་བ་ཡང་ནའོ། །ལིཔྲ་ཉེ་བར་གདུང་བ་ལའོ། །སི་ཙ་འཛག་པ་ལའོ། །ཧྭེཉ་འགྲན་པ་ལའོ། །འདི་རྣམས་ལས་བྱེད་པ་པོ་བརྗོད་པ་ལས་ཕ་རོལ་དུ་ཨཎ་འགྱུར་རོ། །ཎ་ཡིག་ནི་ཎ་རྗེས་སུ་འབྲེལ་པ་ལ་མ་ ཡིན་ཞེས་པའི་དོན་ཏོ། །སི་ཙ་འགེགས་པའོ། །ཨ་སྱ་ཏིའི་པུཥ་ལ་སོགས་པ་ཉིད་ལས་ཨཎ་གྲུབ་པ་ལ་འདིར་ཡང་ཉེ་བར་བླངས་པ་ནི་ཨཱཏྨ་ནེའི་ཚིག་གི་དོན་ཏོ། །ཉེར་བསྒྱུར་སྔ་མ་ཅན་གྱི་ཨ་སུ་ལས་ཨཱཏྨ་ནེའི་ཚིག་རྣམ་པར་བརྟག་པས་བཤད་པར་བྱའོ། །པཪྻཱ་སྠ་ཏ། པཪྻཱ་སྠེ་ཏཱཾ། པཪྻཱསྠནྟ། ཨ་སུ་འཕེན་པ་ལའོ། །པ་རི་སྔོན་དུའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག །ཏ། ཨཱ་ཏཱམ྄། ཨནཱའོ། །ཨ་སྱ་ཏིའི་ཐ་མཐའ་འོ་ཞེས་པས་ཐ་ཡིག་ཨཱ་ག་མའོ། །ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་གོ། །ཨ་ལས་ཨཱ་ཏཱ་མ྄་ཨ་ཐམ྄འི་དང་པོའི་ཨའོ་ཞེས་ པས་ཨཱ་ཡིག་གི་ཨི་ཉིད་དོ། །ཨ་བོ་ཙཏ། ཨ་བོ་ཙ་ཏཱམྲ། ཨ་བོ་ཙ་ན། བ་ཙ་བརྗོད་པ་ལའོ། །ཡང་ན་བྲུའི་བ་ཙིའོ་ཞེས་པས་བྲུཉའི་བ་ཙིར་བསྒྱུར་རོ། །དི་དང་ཏཱམྲ་དང་ཨནའོ། །ཨ་ཎའོ། །ཨཎ་ལ་བ་ཙིའི་ཨུ་པ་དྷཱའི་ཞེས་པས་ཨོ་ཉིད་དོ། །ཨཱ་ཁྱ་ཏ། ཨཱ་ཁྱ་ཏཱ་མྲ། ཨཱ་ཁྱན། ཁྱ་སྨྲ་བ་ལའོ། །ཡང་ན་ཙཀྵིངའི་ཁྱཉ་ཞེས་པས་ཁྱཱཉ་རུ་བསྒྱུར་བའོ། །དི་དང་ཏཱམྲ་དང་ཨནའོ། །ཨཱདྲ་སྔ་མར་རོ། །ཨ་ཎའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཨ་ལི་པཏ྄། ཨ་སི་ཙཏ། ཨ་ཧྭཏ། ཧྭེན་འགྲན་པ་ལའོ། །ཨཱདྲ་སྔ་མར་རོ། ། སྔ་མ་བཞིན་ཨཱ་དབྱིའོ། །ཨ་སུ་ཞེས་པའི་ཨུཏ་རྗེས་སུ་འབྲེལ་པའི་བྱེད་པ་ལས་ཨས་ཡོད་པ་ལའོ་ཞེས་པ་འདིར་མི་འགྱུར་རོ། །གལ་ཏེ་ཡང་འདིར་ཨ་ཏིའི་བྷུའོ་ཞེས་པས་བྷུ་རུ་བསྒྱུར་བ་ཡོད་པ་དེ་ལྟ་ན་ཡང་གནས་ཙན་བཞིན་བསྒྱུར་བའོ་ཞེས་པའི་ཚིག་ལས་ཐོབ་སྟེ། ཨ་བྷུཏ྄། 195-1-174a ཨས་ཡོད་པ་ལའོ། །ཨསྟིའི་བྷུའོ་ཞེས་པས་བྷུ་རུ་བསྒྱུར་རོ། །དིའོ། །སི་ཙའོ། །ཨིཎ་སྠཱ་དང་པ་བ་ཏེ་བྷུ་རྣམས་ལས་ཞེས་པས་སི་ཙ་འཇིག་གོ། །ལི་པི་སི་ཙཧྭཱ་ལས་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ལ་ཨཎ་ཡང་ན་བཤད་པར་བྱ་སྟེ། ཨ་ལ་པི་ཏ། ཨ་སི་ཙ་ཏ། ཨཱ་ཧྭཏ། ཨ་དྱ་ཏ་ནཱིའི་ཨཏྨ་ནེའི་ཚིག་ཏའོ། །ཨཎའོ། །སྔ་མ་བཞིན་ཨཱ་དབྱིའོ། ཕྱོགས་གཅིག་ལ། ཨ་ལིཔྟ། ཨ་སིཀྟ། ཨཱ་ཧྭསྟ། སི་ཙ་ལ་དྷུཊའི་ཡང་དྷུཊ་ལ་དབྱིའོ། །ཙ་སྡེའི་ཀིའོ། །པུ་ཥ་སོགས་དྱུ་ཏ་སོགས་ལྀ་ཡིག་རྗེས་སུ་འབྲེལ་པ་ཨརྟི་སརྟི་ཤསྟི་རྣམས་ ལས་ཀྱང་པ་རསྨཻ་ལའོ། །གང་རྣམས་ཀྱི་དང་པོ་པུཥ་ཡིན་པ་དེ་ནི་པུཥ་སོགས་རྣམས་སོ། །དེ་བཞིན་དུ་དྱུ་ཏ་སོགས་རྣམས་སོ། །དེ་ལྟར་ལྀ་ཡིག་རྗེས་སུ་འབྲེལ་པ་རྣམས་སོ། །ཨརྟི་ཞེས་པ་ནི་རྀ་འགྲོ་བ་དང་ཐོབ་པ་དག་ལའོ། །རྀ་སྲི འགྲོ་བ་ལའོ་ཞེས་པ་གཉིས་གཟུང་བར་བྱ་སྟེ། རྣམ་འགྱུར་གྱི་དངོས་པོ་ཉིད་ཉེ་བར་བསྟན་པ་ལས་སོ། །དེ་བཞིན་དུ་སརྟི་ཞེས་པ་ནི་སྲྀ་འགྲོ་བ་ལའོ། །རྀ་སྲྀ་འགྲོ་བ་ལའོ་ཞེས་པ་གཟུང་ངོ་། །ཤཱསྟི་ཞེས་པ་ཤ་སུ་རྗེས་སུ་སྟོན་པ་ལའོ། །པུཥ་སོགས་རྣམས་དང་དྱུ་ཏ་སོགས་རྣམས་དང་ལྀ་ཡིག་རྗེས་སུ་འབྲེལ་པ་རྣམས་དང་ཨརྟ་སརྟི་ ཤསྟི་ཞེས་ཟླས་དབྱེའོ། །པ་རསྨཻའི་ཚིག་ཅེས་པའི་ཚིག་ཕྱིས་པར་བལྟ་བར་བྱའོ། །པུཥ་སོགས་རྣམས་དང་དྱུ་ཏ་སོགས་རྣམས་དང་ལྀ་ཡིག་རྗེས་སུ་འབྲེལ་པ་རྣམས་དང་ཨརྟི་དང་སརྟི་དང་ཤསྟིའི་བྱིངས་རྣམས་ལས་ཨཎ་འགྱུར་ཏེ་བྱེད་པ་པོ་བརྗོད་པའི་ཨདྱ་ཏ་ནཱིའི་པ་རསྨཻའི་ཚིག་ཕ་རོལ་ ལའོ། །སི་ཙ་དང་སཎ་ཙཎ་འགེགས་པའོ། །དི་བ་སོགས་ཅན་གྱི་པུ་ཥ་གཟུང་བར་བྱའོ། །བྷུ་ལ་སོགས་པ་ཅན་མ་ཡིན་ཏེ། དྱུ་ཏ་སོགས་ལས་ཐ་དད་དུ་སྨོས་པ་ལས་སོ། །དྱུ་ཏ་སོགས་རྣམས་ནི་བྷུ་སོགས་ཅན་གྱི་པུཥ་སོགས་ཀྱི་ནང་གི་ཡན་ལག་ཉིད་དོ། །པུཥ་སོགས་རྣམས་ལས། ཨ་པུ་ཥཏ། ཨ་ཏུ་ཥཏ། ཤུཥ་སྐམས། ཏུཥ་དགའ་བ། དིའོ། །ཨ་ཎའོ། དྱུ་ཏ་སོགས་རྣམས་ལས། ཨ་དྱུ་ཏ་ཏ། ཨ་རུ་ཙ་ཏ། དྱུ་ཏ་གསལ་བ་ལའོ། །རུ་ཙ་གསལ་བ་ལའོ། །དྱུ་ཏ་སོགས་རྣམས་ལས་ཨཱཏྨ་ནེའི་ཚིག་རྣམས་ལས་ཨ་དྱ་ཏ་ནཱིའི་པ་རསྨཻའི་ཚིག་ཡང་ན་ 195-1-174b བཤད་པར་བྱ་སྟེ། དེས་ན། ཨ་དྱ་ཏ་ནཱིའི་ཏ་དང་དང་དིའོ། །ཨཎའོ། །ལྀ་ཡིག་རྗེས་སུ་འབྲེལ་པ་རྣམས་ལས། ཨ་ག་མཏ྄། ཨ་གྷ་སཏ། གམླྀ་འགྲོ་བ་ལའོ། །ཨདྲ་ཟ་བ་ལའོ། །དིའོ། །ཨ་དིའི་སན྄་ཨ་དྱ་ཏ་ནཱི་དག་ལ་གྷསླྀའོ་ཞེས་པས་ཨ་དིའི་གྷསླྀའོ། །ལྀ་ཡིག་འདིའི་དོན་ཏོ། ། ཨཱ་རཏ྄། ཨ་ས་རཏ྄། རྀ་སྲི་འགྲོ་བ་ལའོ། །དིའོ། །ཨཎའོ། །ཨརྟི་སརྟི་དག་གི་ཨཎ་ལའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཡི་གེའི་ཨཱ་ཡིག་གོ། །ཨཊ་བྱིངས་ཀྱི་དང་པོར་རོ། །ཨ་ཤི་ཥཏ། རྗེས་སུ་སྟོན་པ་ལའོ། ཤཱ་སིའི་ཨུ་པ་དྷཱའི་ཨཎ་ལ་ཞེས་པས་ཨི་ཉིད་དོ། །ཤཱ་སི་ ཝ་སི་ཞེས་པས་ཥའོ། །ཏྲྀ་པི་དག་ལས་ཨཎ་ཡང་ན་བཤད་པར་བྱ་སྟེ། ཨ་ཏྲྀ་པཏ། ཨ་ཏྲྀ་པཏྲ། ཏྲྀཔ་དགའ་བ། ཏྲྀཔ྄་ཚིམ་པ། ཕྱོགས་གཅིག་ལ་སི་ཙ་སྟེ། ཨ་ཏྲཱཔྶཱི་ཏ། ཨ་ཏཪྶཱི་ཏ། ཨ་ཏྲཔྶཱིཏ། ཨ་དཏྶཱིཏ། དིའོ། །སི་ཙའོ། །རདྷ་སོགས་ཉིད་ལས་འདི་དག་ལ་ཨིཊ་ རྣམ་པར་བརྟག་པ་དག་གོ། །བཤད་པ་ལས་ཡང་ན་ཨ་ཡིག་ཨཱ་ག་མའོ། །འདིར་འཕེལ་བ་དང་རིང་པོ་དག་བཤད་པར་བྱའོ། །ཨིཏ་རྗེས་སུ་འབྲེལ་པ་རྣམས་ལས་ཨ་དྱ་ཏ་ནཱི་པ་རསྨཻ་ལ་ཨ་ཡང་ན་བཤད་པར་བྱ་སྟེ། ཨ་རུ་དྷ་ཏཱ། ཨ་བྷི་དཏ྄། རུ་དྷིར་ཀུན་དུ་ཉེད་པ་ལའོ། །བྷི་དིར་རྣམ་ པར་འཇོམས་པ་ལའོ། །ཨི་དང་ར་ཡིག་དག་ཅིག་ཅར་འབྲེལ་པ་ནི་རྣམ་པར་བརྟག་པས་ཨཎའི་དོན་དུའོ། །དི་དང་ཨཎའོ། །ཕྱོགས་གཅིག་ལ་སི་ཙ་ཏེ། ཨ་བྷཻ་ཏྶཱིཏ། ཨ་རཽཏྶཱིཏ། གསལ་བྱེད་མཐའ་རྣམས་ཀྱི་ཨིཊ་མེད་པའི་ཞེས་པས་འཕེལ་བའོ། །པ་རསྨཻ་ལ་ཞེས་པ་ཅི་ཞེ་ན། བྱ་ཏྱ་སུཀྵ་ཏ། པུ་ཥ་རྒྱས་པ་ལའོ། །བི་དང་ཨ་ཏི་སྔོན་དུའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏའོ། །ཨིཊ་མེད་པ་ཞེས་པས་སཎའོ། །ཁ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །ཥ་ཉིད་དོ། །བྱོ་དྱ་ཏིཥྚ། དྱུཏ་གསལ་བ་ལའོ། །བི་སྔོན་དུའོ། །ཨ་དྱ་ཏ་ནཱིའི་ཏའོ། །སི་ཙའོ། །ཨིཊའོ། ། ཡོན་ཏན་ནོ། །ཥ་ཉིད་དོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཞེས་པས་ཏའི་ཊའོ། །པ་དི་ལས་ཨཱཏྨ་ནེའི་དང་པོའི་གཅིག་ཚིག་ལ་ཨིཙ྄འོ། །ཨཱཏྨ་ནེའི་ཚིག་ཅེས་པའི་ཚིག་ཕྱིས་པར་བལྟའོ། །པ་དི་ལས་ཏེ་པད་འགྲོ་བ་ལའོ་ཞེས་པས་འདི་ལས་ཨིཙ་འགྱུར་ཏེ། བྱེད་པ་པོ་བརྗོད་པའི་ཨ་དྱ་ཏ་ 195-1-175a ནཱིའི་ཚིག་སྐྱེས་བུ་དང་པོའི་གཅིག་ཚིག་ཕ་རོལ་ལའོ། །སི་ཙ་འགེགས་པ་ལའོ། །ཨུ་ད་པཱ་དི། ས་མ་པཱ་དི། པ་ད་འགྲོ་བ་ལའོ། །ཨུད་དང་སཾ་དག་སྔོན་དུའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ཏའོ། །ཙ་ཡིག་ནི་ཨིཙ་ལས་ཏ་དབྱི་བའི་དོན་ཏོ། །ཨི་ཙ་ལས་ཏ་དབྱིའོ་ ཞེས་པས་ཏ་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །དང་པོའི་ཞེས་པ་ཅི་ཞེ་ན། ཨུ་ད་པཏྠཱཿ། པད་འགྲོ་བ། ཨ་དྱ་ཏ་ནཱིའི་ཐཱསའོ། །སི་ཙའོ། །དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་སི་ཙ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པ་ཞེས་པས་དའི་ཏའོ། །གཅིག་ཚིག་ ཅེས་པ་ཅི་ཞེ་ན། ཨུ་ད་པཏྶཱུ་ཏྵམ྄། ཨུ་དྲ་པཏྶ་ཏ། ཨ་དྱ་ཏ་ནཱིའི་ཨཱ་ཏཱཾ་དང་ཨནྟའོ། །ཨ་ཡིག་མ་ཡིན་པ་ལས་ཨཱཏྨ་ནེ་ལ་ཡང་ངོ་ཞེས་པས་ན་དབྱིའོ། །དངོས་པོ་དང་ལས་དག་ལའང་ངོ་། །མདོ་སྔ་མ་རྗེས་སུ་འཇུག་སྟེ་པ་དི་ལས་ཞེས་པ་ནི་ལྡོག་གོ། །དངོས་པོ་དང་ལས་ཀྱི་དོན་བརྗོད་ པའི་བྱིངས་ལས་ཨི་ཙ་འགྱུར་ཏེ། ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་སྐྱེས་བུ་དང་པོའི་གཅིག་ཚིག་ཕ་རོལ་ལའོ། །རེ་ཞིག་དངོས་པོ་ལ། དངོས་པོ་ནི་བྱིངས་ཀྱི་དོན་ནོ། །ཨ་ཤཱ་ཡི་བྷ་བ་ཏཱ། ཤིང་ཉལ་བ་ལའོ། །ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ལ་ཏའོ། །འདིས་ཨི་ཙའོ། །ཨི་ཙ་ལས་ཏ་དབྱིའོ། ། ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཨཱ་སི་བྷ་བ་ཏཱ། ཨཱས་སྡོད་པ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །ཨི་ཙའོ། །ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨའི་ཡི་གེའི་ཨཱ་ཡིག་གོ། །ལས་ལ། ཨ་ཀཱ་རི་ཀ་ཊོ་བྷ་བ་ཏཱ། ཨ་སཱ་ཙི་ཨོ་ད་ནོ་བྷ་བ་ཏཱ། ཌུ་ཀྲྀཉ་བྱེད་པ་ལའོ། །ཌུ་པ་ཙ་ ཥ་འཚེད་པ་ལའོ། །ཌུའི་སྒྲ་ནི་ཌུ་རྗེས་སུ་འབྲེལ་པ་ལ་དེའི་ཚར་བ་ལ་ཏྲྀ་མཀྲའོ་ཞེས་པའི་དོན་ནོ། །ཥ་ཡིག་ནི་ཥ་རྗེས་སུ་འབྲེལ་པ་དང་བྷིཏ་སོགས་རྣམས་ལས་ཞེས་པའི་དོན་ཏོ། །ཨ་དྱ་ཏ་ནཱིའི་ཏའོ། །ཨིཙའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །རིང་པོའོ། །དབྱངས་ མཐའ་ལས་བྱེད་པ་པོ་ལ་ཨི་ཙ་བཞིན་དུ་ཡང་ན་བཤད་པར་བྱ་སྟེ། ཨ་ཀཱ་རི་ཀ་ཊཿ། སྭ་ཡ་མེ་ཝ། ཨ་ཀྲྀ་ཏ་ཀ་ཊཿ། སྭ་ཡ་མེ་ཝ། བྱས་སོ་ཞེས་འདིར་སི་ཙའོ། །ཐུང་ངུ་ལས་ཀྱང་འདིར་ཨིཊ་མེད་པའི་ཞེས་པས་སི་ཙ་དབྱིའོ། །ཨ་ལཱ་བི་ཀེ་དཱ་རཿསྭ་ཡ་མེ་ཝཿ། ལུཉ་གཅོད་པ་ 195-1-175b ལའོ། །ཏ་དང་སི་ཙའོ། །ཨི་ཙ་ལས་ཏ་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཨ་ལ་བིཥྚ་ཀེ་དཱ་རཿསྭ་ཡ་མེ་ཝ། སི་ཙ་དང་ཨི་ཊའོ། །ཡོན་ཏན་ནོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །བྱིངས་ལས་དངོས་པོ་དང་ལས་ལ་བྱས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡ་ཎ་ འགྱུར་རོ། །དངོས་པོ་ལ། ཨཱ་སྱ་ཏེ་བྷ་བ་ཏཱ་ཤ་ཡྱ་ཏེ་བྷ་བ་ཏཱ། ཨས་སྡོད་པ་ལའོ། །ཤཱིང་ཉལ་བ་ལའོ། །བརྟ་མཱ་ནཱའི་ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །ཎ་ཡིག་ནི་ཎ་རྗེས་སུ་འབྲེལ་ཞེས་པའི་དོན་ཏོ། །ཤཱིང྄འི་ཡ་ལ་ཨི་ནི་ཨ་ཡ་ཞེས་པས་ཨ་ཡའོ། །ལས་ལ། ཀྲི་ཡ་ཏེ་ཀ་ཊཿ། ཧྲི་ཡ་ཏེ་བྷ་རཿ།ཡཎའོ། །ཡཎ་ཨཱ་ཤཱིཥ་དག་ལ་ཡ་ལ་ཞེས་པས་ཨི་ཡིག་ཨཱ་ག་མའོ། །བྱེད་པ་པོ་ལ་ཨན་ཏེ་བི་ཀ་ར་ཎའོ། །བྱིངས་ཐམས་ཅད་པ་ཞེས་པ་རྗེས་སུ་འཇུག་སྟེ། གསལ་བྱེད་མཐའ་ལས་ཨི་ཧི་ལ་ཨཱ་ནའོ་ཞེས་པས་འདི་ལས་ གོང་དུའོ། །བྱིངས་ལས་བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཨན྄་འགྱུར་རོ། །དེའང་བི་ཀ་ར་ཎའི་མིང་ཅན་ནོ། །ན་ཡིག་ནི་བི་ཀ་ར་ཎ་ལའང་ཨན་ཉིད་ལའོ་ཞེས་པའི་དོན་ཏོ། །བྷ་བ་ཏི། གཙྪ་ཏི། བྷཱུ་ཡོད་པ། གམླྀ་འགྲོ་བ། བརྟ་མཱ་ནའི་ཏིའོ། །ཨན་བི་ ཀ་ར་ཎའོ། །གམ྄་ཨི་ཥུ་ཡམ྄་རྣམས་ཀྱི་ཚའོ་ཞེས་པས་མའི་ཚའོ། །བྷ་བ་ཏེ། ཨ་བྷ་བ་ཏ། སཔྟ་མིའི་ཡཱཏ྄་དང་པཉྩ་མཱིའི་ཏུ་དང་ཧྱསྟ་ནཱིའི་དིའོ། །ཨཊ་ཉིད་དང་པོར་རོ། །ཨནྟི། སཔྟ་མཱིའི། ཡཱ་སྒྲའི་འང་ངོ་ཞེས་པས་ཨི་ཉིད་དོ། །བྱིངས་ཐམས་ཅད་པ་ལ་ཅི་ ཞེ་ན། བྷ་བི་ཏཱ། ཤྭ་སྟ་ནཱིའི་ཏའོ། །ཨིཊའོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། པ་ཋྱ་ཏ་བེ་ད། བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །བི་ཀ་ར་ཎའི་མིང་གིས་གང་དུ་དགོས་ཤེ་ན། ཨནྟི་ཀ་ར་ཎ་ཉིད་ལའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །དིབ་སོགས་ལས་ ཡནའོ། །དིབ་སོགས་ཀྱི་ཚོགས་ལས་བྱེད་པ་པོ་ལ་བྱས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡན་འགྱུར་ཏེ་དེའང་བི་ཀ་ར་ཎའི་མིང་ཅན་ནོ། །ཨན་འགེགས་པའོ། །དཱི་བྱ་ཏི། དཱི་བྱེ་ཏ྄། དཱི་བྱ་ཏུ། ཨ་དཱི་བྱ་ཏ། སཱི་བྱ་ཏི། ཎྲྀ་ཏྱ་ཏི། དི་བུ་བརྩེ་བ་ལའོ། །ཥི་བུ་སྣལ་མའི་རྒྱུན་ 195-1-176a ལའོ། །ནྲྀ་ཏཱི་ལུས་རྣམ་པར་གཡོ་བ་ལའོ། །ཏི་དང་ཡཱཏ་དང་ཏུ་དང་དིའོ། །ཡནའོ། །ན་ཡིག་ནི་ཡན་ལ་ཨ་ཡིག་གོ་ཞེས་པའི་དོན་ཏོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །ཡ་སྒྲའི་ཡང་ཨི་ཉིད་དོ། །བྷཱ་སི། བྷྲླཱ་སི། བྷྲ་མི། ཀྲ་མི། ཀླ་མི། ཏྲ་སི། ཏྲུ་ ཊི། ལ་ཥི། ཡ་སི། སཾ་ཡ་སི་རྣམས་ལས་ཡན་ཡང་ན་བཤད་པར་བྱ་སྟེ།བྷྲཱ་སྱ་ཏེ། བྷྲཱ་ས་ཏེ། བྷྲླཱ་སྱ་ཏ། བྷྲླཱ་ས་ཏེ། བྷྲཱ་ཛི་ཌུ་བྷྲཱ་སྲྀ། ཌུ་བྷྲཱ་སྲྀ་གསལ་བ་ལའོ། །ཡན་ཡང་ན་སྟེ་བཤད་པ་ལས་སོ། །ཕྱོགས་གཅིག་ལ་ཨནཱིའོ། །བྷྲཱ་མྱ་ཏི། བྷྲ་མྱ་ཏི། བྷྲ་མུ་མི་གནས་པ་ལའོ། ། བྷྲ་མུ་གཡོ་བ་ལའོ་ཞེས་པས་ཡང་ནའོ། །ཤམྲ་སོགས་རྣམས་ཀྱི་ཡན་ཕ་རོལ་ལ་རིང་པོའོ། །བྷྲ་མུ་གཡོ་བ་ལའོ་ཞེས་པའི་ནི་མི་འགྱུར་ཏེ། ཤམ྄་སོགས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཀྲ་མྱ་ཏི། ཀྲཱ་མ་ཏི། ཀྲ་མུ་རྐང་པ་བསྐྱོད་པའོ། །ཀྲཱམ་ལས་པ་རསྨཻ་ལའོ་ཞེས་པས་རིང་པོ་སྟེ་ ཡན་ལ་ནི་བཤད་པར་བྱའོ། །ཀླཱ་མྱ་ཏི། ཀླ་མུ་ཐང་ཆད་པ་ལའོ། །ཡན་ཕ་རོལ་ཤམ་སོགས་ཉིད་ལས་རིང་པོའོ། །ཨན་ལ་ནི། ཥྛི་བུ། ཀླ་མུ། ཨཱ་ཙམ་རྣམས་ཀྱི་ཨན་ལའོ་ཞེས་པས་སོ། །ཏྲ་སྱ་ཏི། ཏྲ་ས་ཏི། ཏྲ་སཱི་སྐྱོ་བ་ལའོ། །ཏྲུ་རྱ་ཏི། ཏྲུ་ཊ་ཏི། ཏྲུཊ་གཅོད་པ་ལའོ། ། ལ་ཥྱ་ཏི། ལ་ཥ་ཏི། ལ་ཥ་མཛེས་པ་ལའོ། །ཡ་སྱ་ཏི། ཡ་ས་ཏི། ཡ་སུ་འབད་པ་ལའོ། །སཾ་ཡ་སྱ་ཏི། སཾ་ཡ་ས་ཏི་དེ་ལས་སཾ་སྔོན་དུའོ། །ཉེར་བསྒྱུར་གཞན་སྔ་མ་ཅན་ལ་ནི་ཡན་རྟག་ཏུ་སྟེ། ཨཱ་ཡ་སྱ་ཏི། སུ་སོགས་ལས་ནུའོ། །བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་སུ་ སོགས་ཀྱི་ཚོགས་ལས་ནུ་འགྱུར་ཏེ། བི་ཀ་ར་ཎའི་མིང་ཅན་ཡང་ངོ་། །ཨན་འགོག་པའོ། །སུ་ནོ་ཏི། ཙི་ནོ་ཏི། ཥུ་ཉ་མངོན་པར་སྐྱེ་བ་ལའོ། །ཙིཉ་སོགས་པ་ལའོ། །འདིས་ནུའོ། ཨནྦི་ཀ་ར་ཎ་ཉིད་ལ་ཞེས་པའི་ངེས་པ་ལས་བྱིངས་ཀྱི་ཡོན་ཏན་མེད་དོ། །སུ་ནུ་ཏཿ། སུ་ནྭ་ནྟི། ཏསྲ་ དང་ཨནྟིའོ། །བི་ཀ་ར་ཎའི་ནུའི་བ་ཡིག་གི་ཞེས་པས་བ་ཉིད་དོ། །དེ་བཞིན་དུ། སུ་ནུ་ཡཱཏ། སུ་ནོ་ཏུ། ཨ་སུ་ནོཏ། བྱིངས་ཐམས་ཅད་པ་ལ་ཞེས་པས་ཤེ་ན། སོ་ཏཱ། ཥུ་ཉ་མངོན་པར་སྐྱེ་བ་ལའོ། ཤྭསྟ་ནཱིའི་ཏཱའོ། །ཡོན་ཏན་ནོ། །ཨཀྵི་ལས་ཡང་ན་བལྟ་བར་བྱ་ 195-1-176b སྟེ། ཨགྷྣོ་ཏི། ཨཀྵོ་ཏི། ཨཀྵཱུ་ཁྱབ་པ་ལའོ། །ཨཱུ་ཡིག་ནི་སྭ་ར་ཏི་སཱུཏི་ཞེས་པས་ཨིཊ་རྣམ་པར་བརྟག་པའི་དོན་ཏོ། །ཕྱོགས་གཅིག་ལ་ཨན་བིའོ། །ཏཀྵི་ལས་འཇོག་པར་བྱེད་པའི་དོན་ལ་ཡནའོ། །ཏཀྵྞོ་ཏི། ཏཀྵ་ཏི། ཏཀྵུ་ཏྭ། ཀྵཱུ་པྲ། འཇོག་པར་བྱེད་པ་ཞེས་པ་ཅི་ ཞེ་ན། སཾ་ཏཀྵ་ཏི། ངག་རྣམས་ཀྱི། འོ་ན་ཏཀྵ་འཇོག་པར་བྱེད་པ་ཉིད་ནི་འཇོག་པར་བྱེད་པ་སྨོས་པས་བཀླགས་སོ་ཞེ་ན། བདེན་ཏེ། དུ་མའི་དོན་ཅན་ཉིད་དེ། གང་གི་བྱིངས་རྣམས་དོན་གཞན་ལ་འཇུག་པ་དེའི་ཚེ་མི་འགྱུར་རོ། །ཤུའི་ཤྲྀ་ཡང་ངོ་། །ཤྲུ་ཉན་པ་ལའོ་ཞེས་པ་འདི་ ལས་བྱེད་པ་མ་བརྗོད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ནུ་འགྱུར་ཏེ། དེའང་བི་ཀ་ར་ཎའི་མིང་ཅན་དང་ཤྲུའང་ཤྲི་རུ་བསྒྱུར་རོ། །ཨན་འགོག་པའོ། །ཤྲྀ་ཎོ་ཏི། ཤྲྀ་ཎུ་ཡཱཏ། ཤྲྀ་ནུ་ཏུ། ཨ་ཤྲྀ་ཎོཏ། ཤྲུ་ཐོབ་པ་ལའོ། །ཏི་དང་ཡཱཏ་དང་ཏུ་དང་དིའོ། །འདིས་ནུའོ། །ཤྲི་རུ་བསྒྱུར་རོ། །བྱིངས་ཐམས་ཅད་པ་ཞེས་ པ་ཅི་ཞེ་ན། ཤྲོ་ཏཱ། རུ་དྷ་སོགས་ཀྱི་དབྱངས་ལས་ཕ་རོལ་དུ་ན་སྒྲའོ། །རུ་དྷ་སོགས་ཀྱི་ཚོགས་ཀྱི་དབྱངས་གང་ཡིན་པ་དེ་ལས་ཕ་རོལ་དུ་ན་སྒྲའི་རྐྱེན་འགྱུར་ཏེ། བྱེད་པ་པོ་ལ་བྱས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལའོ། །དེའང་བི་ཀ་ར་ཎའི་མིང་ཅན་ཏེ། ཨན་འགེགས་པའོ། རུ་ཎདྡྷི། བྷི་ནཏྟི། ཙྪི་ནཏྟི། རུ་དྷིར་འགོག་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཙྪི་དིར་གཉིས་སུ་བྱེད་པ་ལའོ། །ཏིའོ། །འདིས་ན་སྒྲའོ། གྷ་ཌྷ་དྷ་བྷ་རྣམས་ལས་དྷཱ་མིན་པ་ལས་ཏ་ཐ་དག་གི་དྷའོ་ཞེས་པས་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཉིད་དོ། །བྷི་དི་ཚི་དི་ དག་གི་སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོ་ཞེས་པས་དའི་ཏའོ། །དེ་བཞིན་དུ། རུནྡྷྱཱཏྲ། རུ་ཎདྡྷུ། ཨ་རུ་ཎཏ། ཡཱཏྲ་དང་ཏུ་དང་དིའོ། །ན་སྒྲའོ། །སཔྟ་མཱི་ཞལ་རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །སྔ་མ་བཞིན་དུ་དྷ་ཉིད་དོ། །ད་ཉིད་དོ། །གསལ་བྱེད་ ལས་དི་སི་དག་གི་ཞེས་པས་དི་དབྱིའོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། རོ་ཌྷཱ། རུ་དྷི་ར་ཏཱའོ། །དྷ་ཉིད་དང་། ད་ཉིད་དག་སྔ་མ་བཞིན་ནོ། །སྒྲ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཏན་སོགས་ལས་ཨུའོ། །ཏན་སོགས་ལས་བྱེད་པ་པོ་ལ་བྱས་པའི་བྱིངས་ཐམས་ 195-1-177a ཅད་པ་ཕ་རོལ་ལ་ཨུ་རྐྱེན་དུ་འགྱུར་ཏེ། བི་ཀ་ར་ཎའི་མིང་ཅན་ནོ། །ཨན་འགེགས་པའོ། །ཏ་ནོ་ཏི། ཏ་ནུ་ཡཱཏ། ཏ་ནོ་ཏུ། ཨ་ཏ་ནོཏྲ། ཏནུ་རྒྱས་པ་ལའོ། །ཏི་དང་ཡཱཏ་དང་ཏུ་དང་དིའོ། །འདིས་ཨུའོ། །ནཱ་མིའི་མཐའ་དག་གི་ཡོན་ཏན་ཏེ་ཡཱཏའི་རྐྱེན་ལ་ནི་ སཔྟ་མི་ལའང་ངོ་ཞེས་པས་ཡོན་ཏན་མེད་དོ། །དེ་བཞིན་དུ། ས་ནོ་ཏི། ས་ནུ་ཏཿ། ཥ་ཎྱ་ལེན་པ་ལའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །དྷུཊ་ལ་ཁ་ནི་ས་ནི་ཞེས་པའི་ཤེས་པར་བྱེད་པ་ལས་ཎའི་ནའོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། ཏ་ནི་ཏཱ། དྷི་ནྭ་ཏཱ་དང་ཀྲྀ་ཎྭི་དག་ལས་ འདོད་དེ་མཐའི་དབྱངས་དབྱིའོ། །དྷི་ནོ་ཏི། ཀྲྀ་ཎོ་ཏི། ཨི་བ་བ་བི། དི་བི། དྷི་བི། ཚིམ་པའི་དོན་ནོ། །ཀྲྀ་བི་འཚེ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ནཱ་ཨཱ་ག་མའོ། །ཏིའོ། །བཤད་པ་ ལས་ཨུའོ། མཐའི་ཝ་ཡིག་དབྱིའོ། །ནཱ་མི་མཐའི་བྱིངས་ཞེས་པས་ཡོན་ཏན་ནོ། །ཀྲཱྀ་སོགས་ལས་ནཱའོ། །ཀྲཱྀ་སོགས་ཀྱི་ཚོགས་ལས་བྱེད་པ་པོ་ལ་བྱས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ནཱ་རྐྱེན་དུ་འགྱུར་ཏེ། བི་ཀ་ར་ཎའི་མིང་ཅན་ཡང་ངོ་། ཨན་འགོག་པའོ། །ཀྲཱི་ཎཱ་ཏི། ཀྲཱི་ཎི་ ཏཾ། ཀྲཱི་ཎཱི་ཏཿ། ཀྲཱི་ཎནྟི། ཌུ་ཀྲཱྀཉ་རྫས་བརྗེ་བ་ལའོ། །ཏི་དང་ཏས་དང་ཨནྟིའོ། །ནཱའི་རྐྱེན་ནོ། །གཉིས་ཀ་རྣམས་ཀྱི་ཨཱི་ཡིག་གོ་ཞེས་པས་ཨཱི་ཉིད་དོ། །ཀྲཱྀ་སོགས་རྣམས་ཀྱི་བི་ཀ་ར་ཎའི་ཞེས་པས་ཨཱ་དབྱིའོ། །དེ་བཞིན་དུ། ཀྲཱི་ཎི་ཡཱཏ། ཀྲཱི་ཎཱཏ། སྔ་མ་བཞིན་ཨཱི་ཉིད་དོ། ། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། ཀྲེ་ཏཱ། སྟ་ནཱ། སྟུནྦྷ། སྐནྦྷ། སྐུནྦྷ། སྐུ་རྣམས་ལས་ནཱ་དང་ནུའི་རྐྱེན་བཤད་པར་བྱའོ། །བཞི་པོ་དེ་རྣམས་མདོ་ནས་བྱུང་བའོ། །སྐུཉ་སྒྲ་ལའོ་ཞེས་པ་འདི་ནི་ཀྲཱྀ་སོགས་སུ་བཀླགས་སོ། །སྟབྷྣཱ་ཏི། སྟབྷྣོ་ཏི། སྟུབྷྣཱ་ཏི། སྟུབྷྣོ་ཏི། སྐབྷྣཱ་ཏ། སྐབྷྣོ་ཏི། སྐབྷྣ་ཏི། སྐུབྷྣོ་ཏི། སྐུ་ནཱ་ཏ། ཀུ་ནོ་ཏི། ཨིཏ་རྗེས་སུ་འབྲེལ་པ་མིན་པ་ཞེས་པས་ན་དབྱིའོ། །གསལ་བྱེད་མཐའ་ལས་ཧི་ལ་ཨཱ་ནའོ། །ཀྲཱྀ་ལ་སོགས་པ་རྣམས་ཀྱི་གསལ་བྱེད་མཐའ་ལས་ཧི་ལ་སྟེ་ཧིའི་རྐྱེན་ཕ་རོལ་ལ་ཨན་ 195-1-177b རྐྱེན་དུ་འགྱུར་ཏེ་བི་ཀ་ར་ཎའི་རྐྱེན་གྱི་མིང་ཅན་ཡང་ངོ་། ནཱའི་རྐྱེན་ཐོབ་པ་ལའོ། །པུ་ཥཱ་ཎ། མུ་ཥཱ་ཎ། གྲྀ་ཧཱ་ན། ཨ་ཤཱ་ན། བ་དྷཱ་ན། པུཥ་རྒྱས་པ། མུཥ་རྐུ་བ། ཨཤ་ཟ་བ། གྲ་ཧ་ཉེ་བར་ལེན་པ། བནྡྷ་འཆིང་བ། པཉྩ་མཱིའི་ཧིའི་ཧིའོ། །ཨཱནྲ་རྐྱེན་ནོ། །གྲ་ཧི་ཛྱ་བ་ཡི་ ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨིཊ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པས་ན་དབྱིའོ། །ཨ་ཡིག་ལས་ཧནྟི་མ་ཡིན་པའི་ཧིའི་འོ་ཞེས་པས་ཧི་དབྱིའོ། །གསལ་བྱེད་མཐའ་ལས་ཞེས་པ་ཅི་ཞེ་ན། ཀྲྀ་ཎཱི་ཧི། གཉི་ག་རྣམས་ཀྱི་ཞེས་པས་ཨཱི་ཡིག་གོ། །ཧི་ལ་ཞེས་པ་ཅི་ཞེ་ན། པུཧྞ་ཏི། དངོས་ པོ་དང་ལས་དག་ལ་ཨཱཏྨ་ནེའི་ཚིག་རྣམས་སོ། །བྱིངས་ལས་དངོས་པོ་དང་ལས་ཀྱི་དོན་ལ་ཨཱཏྨ་ནེའི་ཚིག་རྣམས་འགྱུར་རོ། དངོས་པོ་ལ། ཤཡྱ་ཏེ་བྷ་བ་ཏཱ། སུ་སྱ་ཏེ་བྷ་བ་ཏཱ། ཤཱིངྲ་ཉལ་བ་ལའོ། །ཉིཥྭ་པ་ཉ་ལ་བ་ལའོ། །ཉི་འི་སྒྲ་ནི་ཉི་རྗེས་སུ་འབྲེལ་པ་དང་འདོད་པ་ཞེས་པའི་ དོན་ཏོ། །ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །ཡ་ལ་ཨཱི་ནི་ཨ་ཡའོ་ཞེས་པས་ཤིངྲའི་ཨ་ཡའོ། །སྭ་པི་བ་ཙི་ཡཛ་སོགས་རྣམས་ཀྱི་ཞེས་པས་སྭ་པིའི་སསྤྲ་སཱ་ར་ཎའོ། །ལས་ལ། ཀྲྀ་ཡ་ཏེ་ཀ་ཏཿ། ཧྲི་ཡ་ཏེ་བྷ་ར། ལས་བྱེད་པ་པོ་ལས་བཞིན་ནོ། །ལས་ཀྱང་འདི་ ཡིན་ལ་བྱེད་པ་པོ་ཡང་ཡིན་པའི་ལས་བྱེད་པ་པོ་ནི་ལས་བཞིན་དུ་འགྱུར་རོ། །ལས་རྣམས་ལ་གང་བཤད་པའི་བྱ་བ་ཡཎ་དང་ཨཱཏྨ་ནེའི་ཚིག་དང་ཨི་ཙ་ཞེས་པ་འདི་རྣམས་ལས་བྱེད་པ་པོ་ལ་འགྱུར་རོ་ཞེས་པའི་དོན་ཏོ། །ལེགས་པར་བྱེད་པའི་འབྱུང་བ་གང་གི་ཚེ་བྱ་བཞིན་པ་ཉིད་ལས་ ལས་སུ་གྱུར་པའི་བྱེད་པོ་དེ་ལས་བྱེད་པོ་སྟེ་དཔེར་ན། ཞིང་རྔ་བཞིན་པ་ལས་སུ་གྱུར་པ་དེ་གང་གི་ཚེ་ཟོར་བས་རྩྭ་གཅོད་པར་སྨྲ་བའི་ཡོན་ཏན་གྱིས་ལྷན་ཅིག་པ་ལྟ་བུ་ཡིན་པ་དེའི་ཚེ་བྱེད་པ་པོར་འགྱུར་ཏེ། ལུ་ཡ་ཏེ་ཀེ་དརཿསྭ་ཡ་མེ་བ། སུ་ཡ་ཏེ་ཡ་བ་རཿ། སྭ་ཡ་མེ་ཝ བྷི་དྱ་ཏེ་ཀུ་ཥུ་ ལཿསྭ་ཡ་མེ་བ། ཙྪི་དྱ་ཏེ་རཛྫུཿསྭ་ཡ་མེ་བ། ལཱུཉ་གཅོད་པ་ལའོ། །བཱུཉ་འཐུང་བ་ལའོ། །བྷི་དིརྲ་རྣམ་པར་འཇོམས་པ་ལའོ། །ཙྪི་དིརྲ་གཉིས་སུ། ཨཱཏྨ་ནེའི་ཚིག་སོགས་ཏེ། དངོས་པོ་དང་ལས་དག་ལའོ་ཞེས་པས་ལས་བཞིན་ཏེ་དངོས་པོ་དང་ལས་དག་ལ་ཨཱཏྨ་ནེའི་ 195-1-178a ཚིག་ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །ཨ་བྷེ་དི་ཀུ་ཤུ་ལཿསྭ་ཡ་མེ་བ། ཨཙྪི་ད་ར་ཛྫུ། ཨ་དྱ་ཏ་ནིའི་ཨཱཏྨ་ནེའི་ཚིག་ཏའོ། །དངོས་པོ་དང་ལས་དག་ལའང་ངོ་ཞེས་པས་ཨི་ཙའོ། །ཨི་ཙ་ལས་ཏ་དབྱིའོ། །ཨུ་པ་དྷཱའི་ཡོན་ཏན་ནོ། །བྱེད་པ་པོ་ལ་ རུ་ཙ་སོགས་དང་ང་རྗེས་སུ་འབྲེལ་པ་རྣམས་ལས་སོ། །རུ་ཙ་དང་འདྲ་བ་ནི་རུ་ཙ་སོགས་རྣམས་སོ། །གང་རྣམས་ལ་ང་རྗེས་སུ་འབྲེལ་པ་དེ་རྣམས་ནི་ང་རྗེས་སུ་འབྲེལ་པ་རྣམས་སོ། །ཟླས་དབྱེ་བའོ། རུ་ཙ་སོགས་རྣམས་དང་ང་རྗེས་སུ་འབྲེལ་པ་རྣམས་ཀྱི་བྱིངས་ལས་བྱེད་པོའི་དོན་ལ་ཨཱཏྨ་ ནེའི་ཚིག་རྣམས་འགྱུར་རོ། །རུ་ཙི་རནྟུ་ད་དཱཏྟ་ཏེ། སོགས་པའི་སྒྲ་ནི་རྣམ་པ་ལ་སྟེ་རྣམ་པའང་འདྲ་བའོ། །དེས་ན་རུ་ཙ་སོགས་རྣམས་ཀྱི་གང་དུ་རུ་ཙ་དེ་དང་འདྲ་བའི་བྱིངས་ཨ་ནུ་དཏྟ་ཏེ་དེ་རྣམས་ལས་ཨཱཏྨ་ནེའི་ཚིག་འགྱུར་རོ། རུ་ཙ་སོགས་རྣམས་ལས། རོ་ཙ་ཏ། བརྟ་ཏེ། བརྡྷ་ཏེ། སྨཱ་རོ་ཏེ། མོ་ད་ཏེ། རུ་ཙ་གསལ་བ་ལའོ། །བྲྀ་ཏུ་འཇུག་པའོ། །བྲྀ་དྷུ་འཕེལ་བ་ལའོ། སྥུ་ར་ཚོགས་པ་ལའོ། །མུ་དཱི་དགའ་བ་ལའོ། །ཨཱཏྨ་ནེའི་ཚིག་ཏེའོ། །ཨནྦི། ཨུ་པ་དྷཱའི་ཡོན་ཏན་ནོ། །རུ་རུ་ཙེ། བ་བྲྀ་དྷེ། པུ་སྥུ་རེ། མུ་མུ་དེ། པ་རོ྅ཀྵའི་ཨེའོ། །ཐམས་ ཅད་དུ་ཨཱཏྨ་ནེ་ལའོ་ཞེས་པས་ཡོན་ཏན་མེད་དོ། །གཉིས་བརྗོད་དོ། །ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པའི་ཞེས་པས་པུ་སྥུ་རའི་ཕ་ཡིག་ལྷག་མར་བྱའོ། །ང་རྗེས་སུ་འབྲེལ་པ་རྣམས་ལ། ཤེ་ཏེ། སུཏེ། ཤཱིདྲ་ཉལ་བ་ལའོ། །ཥཱུ་སྲོག་ཆགས་སྐྱེ་བ་ལའོ། །ང་ཡིག་ནི་ཨཱཏྨ་ནེའི་ ཚིག་གི་དོན་ཏོ། །ཏེའོ། །ཨནྦི། ཨ་ད་སོགས་ལས་འཇིག་གོ། །ཤཱིདྲའི་བྱིངས་ཐམས་ཅད་པ་ཞེས་པས་ཡོན་ཏན་ནོ། །སཱུ་ཏེ་ཞེས་པ་འདིར་ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱཏྨ་ནེ་ལ་ཞེས་པས་ཡོན་ཏན་མེད་དོ། །ཤི་ཤྱེ། སུ་ཥུ་ཝེ། པ་རོ྅ཀྵའི་ཨེའོ། །གཉིས་ བརྗོད་དོ། །སྔ་མ་བརྩེགས་པ་མིན་པའི་ཨའི་ཡི་གེ་ཞེས་པས་ཡ་ཉིད་དོ། །བྱིངས་ཀྱི་ཨིའི་ཡི་གེ་ཞེས་པས་ཨུ་ཝའོ། །མི་མཱི་ཏེ། ཛི་ཧཱི་ཏེ། མཱངྲ་འཇལ། ཨོ་ཧཱངྲ་འགྲོ། ཏེའོ། །ཨནྦི། ཛུ་ཧོ་ཏི་སོགས་ལས་ཀྱང་ཞེས་པས་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་ 195-1-178b བྱིངས་ཐམས་ཅད་པ་ལའོ་ཞེས་པས་གཉིས་བརྗོད་དོ། །ཐུང་ངུའོ། །ཧའི་ཛའོ། །བྷྲྀཉ་ཧཱངྲ་མང་རྣམས་ཀྱི་ཨིཏའོ་ཞེས་པས་ཨི་ཉིད་དོ། །གཉི་ག་རྣམས་ཀྱི་ཨཱི་ཡིག་གོ། །མ་མེ། ཛ་ཧེ། པ་རོ྅ཀྵཱའི་ཨེའོ། །གཉིས་བརྗོད་དོ། །མཚམས་སྦྱོར་གྱི་ཡི་གེ་ལ་འང་ངོ་ཞེས་པས་ཨཱ་ དབྱིའོ། །ལས་ཀྱི་ཐ་སྙད་ལ་འཇུག་བཞིན་པའི་བྱིངས་ལས་བྱེད་པ་པོའི་དོན་ལ་ཨཱཏྨ་ནེའི་ཚིག་ཀྱང་བཤད་པར་བྱ་སྟེ། གང་ལ་ཨི་ཏ་ར་འབྲེལ་པ་ཅན་གྱི་བྱ་བ་གཞན་བྱེད་པ་དང་ཨ་ནྱ་དང་འབྲེལ་པ་ཅན་གྱི་ཡང་ཅིག་ཤོས་དེ་ལས་ཀྱི་ཐ་སྙད་དོ། །པ་ར་སྤ་ར་བྱེད་པར་རུང་སྟེ་ལས་ཀྱི་སྒྲ་ནི་ བྱ་བ་བརྗོད་པའོ། །བྱ་ཏི་ལུནྟེ། བྱ་ཏི་པུནྟེ། ལཱུཉ་གཅོད་པ་ལའོ། །པཱུཉ་འཐུང་བ་ལའོ། །པི་དང་ཨ་ཏི་སྔོན་དུའོ། །ཨནྟེའོ། །ཀྲྭི་ལ་སོགས་ལས་ནཱའོ། །པུ་སོགས་ཀྱི་ཐུང་ངུའོ། །ཀྲཱྀ་སོགས་རྣམས་ཀྱི་བི་ཀ་ར་ཎའི་ཞེས་པས་ཨ་དབྱིའོ། །བྱ་ཏིའི་སྒྲ་ལས་ཀྱི་ཐ་སྙད་གསལ་ བར་བྱེད་པ་ལའོ། །ཨ་ཡིག་མ་ཡིན་པ་ལས་ཨཱཏྨ་ན་ལ་ཡང་ཞེས་པས་ན་དབྱིའོ། །འགྲོ་བའི་དོན་དང་འཚེ་བའི་དོན་གྱི་བྱིངས་རྣམས་ལས་མི་འདོད་དེ། བྱ་ཏི་གཙྪ་ཏི། བྱ་ཏིགྷྣནྟི། གམླྀ་འགྲོ་བ་ལའོ། །ཧནྲ་འཚེ་བ་ལའོ། །བརྟ་མཱ་ནའི་ཨནྟིའོ། །ཨནྦི། ཨདྲ་སོགས་ལས་ འཇིག་གོ། །གམྲ་ཨི་ཥུ་ཡམྲ་རྣམས་ཀྱི་ཚའོ། །གམྲ་ཧནྲ་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའང་ཞེས་པས་ཧའི་གྷའོ། །ཧ་ར་ཏི་ལས་ནི་འཚེ་བ་ལ་ཨཱཏྨྲ་ནེའི་ཚིག་བཤད་པར་བྱ་སྟེ། སཾ་པྲ་ཧ་རནྟེ་རཱ་ཛཱ་ན། ཨི་ཏ་རེ་ཏ་རཾ་དང་། ཨ་ནྱཿཨ་ནྱ་ཏ་ར་དང་པ་ར་སྤ་རཾ་ཞེས་པ་ འདི་རྣམས་ཉེ་བའི་ཚིག་ལས་ཀྱང་མི་འདོད་དེ། ཨི་ཏ་རེ་ཏ་ར་སྱ་བྱ་ཏི་ལུ་ནནྟི། ནི་རའི་ཉེར་བསྒྱུར་ལས་ཕ་རོལ་གྱི་བི་ཤ་ལས་བྱེད་པ་པོ་ལ་ཨཱཏྨ་ནེའི་ཚིག་བཤད་པར་བྱ་སྟེ། ནིཪྦ་ཤ་ཏེ། ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། མ་དྷུ་ནི་བི་ཤཱནྟི། ནཱ་མི་ལས་དབྱངས་ལའོ་ཞེས་པས་ནུ་ཨཱ་ག་ མའོ། །པ་རི། བི། ཨ་བ་རྣམས་ལས་ཕ་རོལ་གྱི་གྱི་ཀྲཱྀཉ་ལས་སོ། །པ་རི་ཀྲཱྀ་ཎི་ཏེ། པི་ཀྲཱྀ་ཎིཏེ། ཨ་བ་ཀྲཱྀ་ཎཱི་ཏེ། ཌུཀྲཱྀཉ། ཏེའོ། །ཀྲཱྀ་སོགས་ལས་ནཱའོ། །གཉི་ག་རྣམས་ཀྱི་ཨཱི་ཡིག་གོ། །བི་དང་པ་རཱ་དག་ལས་ཕ་རོལ་གྱི་ཛི་རྒྱལ་བ་ལའོ་ཞེས་པས་འདི་ལས་སོ། །བི་ཛཱ་ཡ་ཏེ། 195-1-179a ཨཱདྲ་སྔོན་མ་ཅན་གྱི་དཉ་ལ་འདི་མིན་གསལ་བ་ཡིན་པའི་དོན་ལའོ། །བདྱཱ་མཱ་དཏྟེ། ཌཱུ་དཉ་སྦྱིན་པ་ལའོ། །ཨཱདྲསྔོན་དུའོ། །ཏེའོ། །ཨནྦི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ཞེས་པས་གཉིས་བརྗོད་དོ། །ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་ པས་ཨཱ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཏའོ། །འདི་མི་གསལ་བ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་སཱཾ་བྱཱ་དཱ་ཏཾ། ཌུདཱ་བི་དང་ཨཱང་སྔོན་དུའོ། །ཨ་ནུ། སཾ་པ་རི། ཨཱདྲ་རྣམས་ལས་ཕ་རོལ་གྱི་ཀྲཱྀ་ཌ་ལས་སོ། །ཨ་ནུ་ཀྲཱྀ་ཌ་ཏེ། སཾ་ཀྲཱྀ་ཌ་ཏེ། སྐྱེ་བ་དམན་ པ་མིན་པའི་སྒྲ་ལ་ནི་སཾ་ལས་མི་འགྱུར་ཏེ། སཾ་ཀྲཱྀ་ཌ་ནྟི། ས་ཀ་ཊ་ནི། སམྲ། ཨ་བ། པྲ་བི་རྣམས་ལས་སྠ་ལས་སོ། །སཾ་ཏིཥྛ་ཏེ། པྲ་ཏིཥྛ་ཏེ། བི་ཏིཥྛ་ཏེ། ཥྛཱ་གནས་པ་ལའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །སྠཱའི་ཏིཥྛའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཋའི་ཐའོ། ། ཨནྦི། སྠཱའི་ཏིཥྚའོཞེས་པས་ཏིཥྚའོ་ཞེས་པས་ཏིཥྛ་རུ་བསྒྱུར་རོ། །ནི། སམྲ། ཨུཔ། བི་རྣམས་ལས་ཕ་རོལ་གྱི་ཧྭེ་ཉ་ལས་སོ། །ནི་ཧྭ་ཡ་ཏེ། སཾ་ཧྭ་ཡ་ཏེ། ཨུ་པ་ཧྭ་ཡ་ཏེ། བི་ཧྭ་ཡ་ཏེ། འགྲན་པའི་དོན་ལ་ཨཾ་ལས་ཕ་རོལ་གྱིའོ། །མལློ་མལླ་མཱ་ཧྭ་ཡ་ཏེ། འགྲན་པ་ལ་ ཞེས་པ་ཅི་ཞེ་ན། དེ་བ་དཏྟ་མ་ཧྭ་ཡ་ཏི། གཞན་ལས་ཨཱཏྨ་ནེའི་ཚིག་འདོད་པའང་སྦྱོར་བའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། ཙེ་ཀྲཱི་ཡི་ཏའི་མཐའ་ལས་སོ། །བྱིངས་ལས་ཙེ་ཀྲཱི་ཡིཏའི་མཐའ་ལས་བྱེད་པའི་དོན་ལ་ཨཱཏྨ་ནེའི་ཚིག་རྣམ་པར་འགྱུར་རོ། །པཱ་པ་ཙྱ་ཏེ། པཱ་པ་ ཋྱ་ཏེ། ཤིན་དུ་བའི་དོན་ལ་འཚེད་པར་བྱེད། ཀློག་པར་བྱེད་དོ་ཞེས་དབྱངས་གཅིག་པའི་བྱིངས་ལས་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་ཞེས་པས་རིང་པོའོ། །ཏེའོ། །ཨནྦི། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ།ཨཱ་ཡིའི་མཐའ་ལས་ཀྱང་ངོ་། ། ཨཱ་ཡིའི་རྐྱེན་གྱི་མཐའ་ལས་བྱེད་པ་པོའི་དོན་ལ་ཨཱཏྨ་ནེའི་ཚིག་རྣམས་འགྱུར་རོ། །པཎྜི་ཏཱ་ཡ་ཏེ། བྲཧྨ་ཎཱ་ཡ་ཏེ། མཁས་པ་བཞིན་དུ་ཀུན་དུ་སྤྱོད་དོ། །བྲམ་ཟེ་བཞིན་དུ་ཀུན་དུ་སྤྱོད་དོ་ཞེས་བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །ཨི་ཡིག་འདིའི་དོན་ཏོ། །ཨིན་དང་ཉ་དང་ 195-1-179b ཡཛ་སོགས་ལས་གཉིས་ཀའོ། །ཡཛ་དང་འདྲ་བ་ནི་ཡཛ་སོགས་སོ། །དེ་ནས་ཟླས་དབྱེ་བའོ། ཨིནའི་མཐའ་དང་ཉ་ཡིག་རྗེས་སུ་འབྲེལ་པའི་མཐའ་དང་ཡཛ་སོགས་རྣམས་གཉིས་ཀ་སྟེ། པ་རསྨཻའི་ཚིག་དང་ཨཱཏྨ་ནེའི་ཚིག་ཀྱང་འགྱུར་ཏེ། བྱེད་པ་པོའི་དོན་ལ་ཡ་ཛི་སོགས་ ཏེ། སོགས་པའི་སྒྲ་ནི་རྣམ་པ་ལའོ། །རྣམ་པ་ནི་འདྲ་བའོ། །དེས་ན་ཡཛ་སོགས་རྣམས་ནི་ཡཛ་དང་འདྲ་བར་བརྗོད་པར་བྱའོ། །བྱིངས་དེ་རྣམས་ལས་གཉིས་ཀ་འགྱུར་རོ། །ཨིནའི་མཐའ་ལས། པཱ་ཋ་ཡ་ཏི། པཱ་ཋ་ཡ་ཏེ། བྷཱ་བ་ཡ་ཏི། བྷཱ་བ་ཡ་ཏེ། ཀློག་ཏུ་འཇུག་པ་པོ་ལ་ སྦྱོར་རོ། །དེ་བཞིན་དུ་ཡོད་པ་པོ་ལ་ཞེས་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོ་དང་འཕེལ་བ་ཡང་ངོ་། །འདིས་ཏི་དང་ཏེའོ། །ཨནྦི། ཡོན་ཏན་ནོ། །ཉ་རྗེས་སུ་འབྲེལ་པ་ལས། ཀ་རོ་ཏི། ཀུ་རུ་ཏེ། ཌུ་ཀྲྀཉ་བྱེད་པ་ལའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའི་འང་ངོ་ཞེས་པས་ ཡོན་ཏན་ནོ། །ཨའི་ཨུ་ཡིག་ཅེས་པས་ཨུ་ཉིད་དོ། །དེ་བཞིན་དུ། ཧ་ར་ཏི། ཧ་ར་ཏེ། ཧྲྀཉ་འཕྲོག །ཡཛ་སོགས་རྣམས་ལས། ཡ་ཛ་ཏི། ཡ་ཛ་ཏེ། བ་ཧ་ཏི། བ་ཧ་ཏེ། ཏུ་ད་ཏི། ཏུ་ད་ཏེ། ཡཛ་ལྷ་མཆོད་པ། བཧ་ཐོབ་པ། ཏུད་གདུང་བ། ཏུད་སོགས་ཀྱི་ཨན་ལ་ ཞེས་པས་ཡོན་ཏན་མེད་དོ། །ཀྲ་མི་ལས་ཉེར་བསྒྱུར་མེད་པ་ལས་གཉིས་ཀ་བཤད་པར་བྱ་སྟེ། ཀྲཱ་མ་ཏི། ཀྲཱ་མ་ཏེ། པ་རསྨཻ་ཞེས་པས་རིང་པོའོ། །ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། སཾ་ཀྲཱ་མ་ཏི།ཨཱཾ་ལས་ཕ་རོལ་འོད་ཟེར་འགྱེད་པའི་དོན་ལ་ཨཱཏྨ་ནེའི་ཚིག་བཤད་པར་བྱ་སྟེ། ཨཱ་ཀྲ་མ་ཏེ་ར་བི། འོད་ཟེར་འགྱེད་པའི་ཞེས་པ་ཅི་ཞེ་ན། ཨཱ་ཀྲཱ་མ་ཏི་དྷཱུ་མོ་ཧརྨྱ་ཏ་ལམྲ། ཁྱད་པར་འདི་ལྟ་བུའི་ཡུལ་དུ་གཉི་ག་བཤད་པར་བྱ་སྟེ། དེས་ན་གང་ལ་བདག་གི་དོན་གྱི་བྱ་བའི་འབྲས་བུ་དེ་ལ་ཨཱཏྨ་ནེའི་ཚིག་དང་གང་ལ་གཞན་གྱི་དོན་དེ་ལ་ནི་པ་རསྨེེའི་ཚིག་གོ། །དེས་ན། ཡ་ ཛ་ཏེ། ཡ་ཛ་མཱ་ནེཿ། ཡ་ཛནྟི། ཡཱ་ཛ་ཀཱ། ཞེས་པ་ལ་སོགས་པའི་སྦྱོར་བ་ངེས་པར་གྲུབ་བོ། ས་ནའི་མཐའ་ལས་སྔ་མ་བཞིན་ནོ། །སནའི་རྐྱེན་གྱི་མཐའ་ལས་སྔ་མ་བཞིན་ཨཱཏྨ་ནེའི་ཚིག་གམ་གཉིས་ཀ་འགྱུར་རོ། །སན་ལས་སྔ་མའི་བྱིངས་ལས་ཨཱཏྨ་ནེའི་ཚིག་སོགས་ 195-1-180a འབྱུང་བའི་རྒྱུ་མཚན་གང་ཡིན་པ་དེ་སན་མཐའི་ཡང་འདོད་དོ། །དེས་ན་ཇི་ལྟར་དུ་ཙ་སོགས་འབའ་ཞིག་རྣམས་ལས་ཨཱཏྨ་ནེའི་ཚིག་ཡིན་པ་དེ་ལྟར་སནྲ་མཐའ་རྣམས་ལས་ཀྱང་ངོ་། །རུ་རོ་ཙིཥ་ཏེ། རོ་ཙི་ཏུ་མིཙྪ་ཏི། ཏུ་མཐའི་བྱིངས་ལས་ལས་དང་འདོད་པ་དང་ཞེས་པས་ སནྲའོ། །ཨིཊའོ། །གཉིས་བརྗོད་དོ། །རུ་ཙ་སོགས་སནྲ་མཐའ་ལས་ཀྱང་ཨཱཏྨ་ནེའི་ཚིག་ཏེའོ། །ཤི་ཤ་ཡི་ཥ་ཏེ། ཤཱིངྲ་ཉལ་བ་ལའོ། །ཉལ་བར་འདོད་དོ་ཞེས་སནའོ། །གཉིས་བརྗོད་དོ། །ཡོན་ཏན་ནོ། །ང་རྗེས་སུ་འབྲེལ་པ་ཉིད་ལས་ཨཱཏྨ་ནེའི་ཚིག་གོ། །པཱ་པ་ཙིཥ་ཏེ། ཤིན་དུ་འཚེད་པར་འདོད་དོའི་དོན་ལ་བྱིངས་ལས་དབྱངས་གཅིག་པ་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་རིང་པོའོ། །སནྲའོ། །ཨིཊའོ། ཨའི་ད་དབྱིའོ། །ཡའི་ཨནྲ་མིན་པ་ལ་ཞེས་པས་ཡ་དབྱིའོ། །ཙེ་ཀྲཱི་ཡི་ཏའི་མཐའ་ལས་ཞེས་པས་སནྲ་མཐའ་ ལས་ཨཱཏྨ་ནེའི་ཚིག་གོ། །མྲྀང་སྲོག་གཏོང་བ་ལའོ་ཞེས་པས་འདི་སནྲ་མཐའི་སྔ་མ་བཞིན་མི་འདོད་དོ། །དེས་ན་ཨཱཏྨ་ནེའི་ཚིག་མི་འགྱུར་ཏེ། མུ་མུཪྵ་ཏི།གཅོད་པར་འདོད་དོ་ལ་སནའོ། །དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །མཆུར་གྱུར་པ་ཨུ་པ་དྷཱ་ ཞེས་པས་ཨུརྲའོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །གཉིས་བརྗོད་དོ། །ཐུང་ངུའོ། །ལྷག་མ་ལས་བྱེད་པ་པོ་ལ་པ་རསྨཻའི་ཚིག་གོ། །གང་གི་ཕྱིར་ཨཱཏྨ་ནེའི་ཚིག་སོགས་ཀྱིས་མ་བརྗོད་པ་དེ་ནི་ལྷག་མའོ། །དེའང་རྣམ་པ་གཉིས་སོ། །བྱིངས་ལྷག་མ་དང་རྐྱེན་ལྷག་མའོ། ། ལྷག་མ་ལས་བྱིངས་ལས་བྱེད་པ་པོའི་དོན་ལ་པ་རསྨཻའི་ཚིག་འགྱུར་རོ། །རེ་ཞིག་རྐྱེན་ལྷག་མ་རྣམས། པུ་ཏྲཱི་ཡ་ཏི། བྷ་བ་ཏི། ཡཱ་ཏི། ཝ་ཏི། བྷུ་ཡོད་པ་ལའོ། །ཡཱ་ཐོབ་པ་ལའོ། །ཝ་རྟོགས་པ་ལའོ། །ཏིའོ། །ཨནྦི། སད་སོགས་ལས་འཇིག་གོ། །བྷ་བྷུ་བ། ཡ་ ཡོོ། བ་བོོ། པ་རོ྅ཀྵའི་ཨཊའོ། །གཉིས་བརྗོད་དོ། །བྷ་བ་ཏིའི་བྷུའི་མཐའ་ལས་ཝའོ་ཞེས་པས་ཝ་ཡིག་ཨཱ་ག་མའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་ཞེས་པས་ཨཱ་དབྱིའོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ག་མྱ་ཏེ། གྲཱ་ 195-1-180b མཿ། བྷུ་ཛི་ལས་ཟས་ཀྱི་དོན་ལ་ཨཱཏྨ་ནེའི་ཚིག་བཤད་པར་བྱ་སྟེ། ཨ་བྷྱ་བ་ཧཱ་རོ་བྷོ་ཛ་ནཾ་བྷུཾ་ཀྵེ་པཱ་ཡ་སཾ། བྷུ་ཛ་སྐྱོང་བ་དང་ཟས་ལའོ། །རུ་དྷ་སོགས་ལས་དབྱངས་ལས་ཕ་རོལ་དུ་ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །སྐྱོང་བར་བྱེད་པ་ལ་ནི་པ་ རསྨཻའི་ཚིག་སྟེ། བྷུ་ནཀྟི་པྲྀ་ཐྭིམྲ། ཨ་ནུ་དང་པ་རཱ་དག་ལས་ཕ་རོལ་གྱི་ཀྲྀཉ་ལས་པ་རསྨཻ་ཁོ་ན་བཤད་པར་བྱའོ། །ཨ་ནུ་ཀ་རོ་ཏི། པ་རཱ་ཀ་རོ་ཏ་ཏི། ཉ་རྗེས་སུ་འབྲེལ་པ་ལས་གཉི་ག་ཐོབ་པ་ལའོ། །ཨ་དྷི། པྲ་ཏི། ཨ་དྷི། ཨ་བྷི་རྣམས་ལས་ཕ་རོལ་གྱི་ཀྵི་པ་ལས་སོ། །ཨ་དྷི་ཀྵི་པ་ཏི། པྲ་ཏི་ཀྵི་ པ་ཏི། ཡཛ་སོགས་ཉིད་ལས་གཉིས་ཀ་ཐོབ་པའོ། །པྲ་ལས་ཕ་རོལ་གྱི་བ་ཧི་ལས་སོ། །པྲ་བ་ཧ་ཏི། སྔར་བཞིན་གཉིས་ཀ་ཐོབ་པ་ལའོ། །པ་རི་ལས་ཕ་རོལ་གྱི་མྲྀཥ་ལས་སོ། །པ་རི་མྲྀ་ཥྱ་ཏི། འདིར་ཡང་གཉི་ག་ཐོབ་པ་ལའོ། །བི། ཨཱངྲ། པ་རི། ཨུ་པ་རྣམས་ལས་ཕ་ རོལ་གྱི་རམྲ་ལས་སོ། །བི་ར་མ་ཏི། པ་རི་ར་མ་ཏི། ཨཱ་ར་མ་ཏི། ཨུ་པ་ར་མ་ཏི། རུ་ཙ་སོགས་ཉིད་ལས་ཨཱཏྨ་ནེའི་ཚིག་ཐོབ་པ་ལའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་རབ་ཏུ་བྱེད་པ་གཉིས་པ་རྫོགས་སོ།། །། ཨ་བྷྱཱ་ས་མེད་པའི་དང་པོའི་དབྱངས་གཅིག་པའི་གཉིས་བརྗོད་དོ། །ལན་གཉིས་བརྗོད་པ་དག་ནི་གཉིས་དག་སྟེ། ཏ་མ་སོགས་ཉིད་ལས་རྒྱུའི་རྐྱེན་ནོ། །དེ་ནས་གཉིས་བརྗོད་པ་ནི་ལན་གཉིས་བརྗོད་པའོ་ཞེས་དེའི་སྐྱེས་བུའོ། གང་གི་ཨ་བྷྱཱ་ས་ཡོད་པ་མ་ཡིན་པ་དེ་ནི་ཨ་བྷྱཱ་ས་མེད་ པའོ། །གང་གི་དང་པོ་དབྱངས་གཅིག་ཡིན་པ་དེ་ནི་དབྱངས་གཅིག་པའོ། །ཨ་བྷྱཱ་ས་མེད་པའི་གང་དང་པོའི་དབྱངས་གཅིག་པའི་བྱིངས་དེའི་གཉིས་བརྗོད་པ་མ་བྱས་པ་གཉིས་བརྗོད་པར་འགྱུར་རོ་ཞེས་སྤྱིར་བཏང་བའོ། །ཙ་ཎ་པ་རོ྅ཀྵ་ཞེས་པ་དེར་འདི་རྣམས་ཉེ་བར་གནས་སོ། །ད་ད་རི་ དྲོོ། ད་རི་དྲ་དབུལ་པོ་ལའོ། །ཨཊའོ། །དང་པོ་དབྱངས་གཅིག་པའི་ཞེས་པས་འདིའི་ད་ལན་གཉིས་བརྗོད་པར་བྱའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ཞེས་པས་ཨ་དབྱིའོ། །ཛ་ཛཱ་གཱ་ར། ཛཱ་གྲྀ་གཉིད་སད་པ་ལའོ། །ཨཊའོ། །ཛ་ཞེས་པས་འདི་ 195-1-181a གཉིས་བརྗོད་དོ། །ཐུང་ངུའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཨི་ཡཱ་ཡཱ། ཨིཎ་འགྲོ་བ། གཉིས་བརྗོད་དོ། །ཨའི་ཨུ་པ་དྷཱ་འཕེལ་བའོ། །ཨཻ་ཨཱཡའོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཨིཡའོ། །འོ་ན་འདིར་ཨི་ཡིག་ལ་ དང་པོ་ཞེས་པ་མེད་པས་འདི་ཇི་ལྟར་གཉིས་བརྗོད་པར་འགྱུར་ཅེ་ན། བརྗོད་པར་བྱ་སྟེ་དང་པོ་དང་མཐའི་བཞིན་གཅིག་ལ་ཞེས་པའི་ཚིག་ལས་སོ། །དེ་བཞིན་དུ། ཨཱར། རྀ་འགྲོ་བ། ཨཊའོ། །གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་ པས་རིང་པོའོ། །ཨའི་ཨུ་པ་དྷཱའི་འཕེལ་བ་སྟེ་ཨཱརའོ། །རིང་པོ་ལས་ཕ་རོལ་དབྱིའོ། །ཨ་བྷྱཱ་ས་མེད་པའི་ཞེས་པ་ཅི་ཞེ་ན། ལོ་ལཱུ་ཡི་ཥ་ཏི། ཤིན་དུ་གཅོད་པར་འདོད་དོའི་དོན་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ཞེས་པས་ཡོན་ཏན་ནོ། །དེ་ནས་སནྲའོ། ཨིཊའོ། །ཨའི་འང་ དབྱིའོ། །སླར་སནྲ་ལ་གཉིས་བརྗོད་པ་མེད་དོ། །དབྱངས་དང་པོ་ལས་གཉིས་པའི་འོ། །ཨ་བྷྱཱ་ས་མེད་པའི་དང་པོའི་དབྱངས་གཅིག་པའི་གཉིས་བརྗོད་དོ་ཞེས་པས་འཇུག་གོ། །དབྱངས་དང་པོའི་བྱིངས་ལ་ཨ་བྷྱཱ་ས་མེད་པའི་གཉིས་པའི་དབྱངས་གཅིག་པ་དེའི་ཆ་ཤས་གཉིས་བརྗོད་པར་ འགྱུར་རོ་ཞེས་ཕྱིར་བཏང་བའོ། །སྔ་མས་དང་པོའི་གཉིས་བརྗོད་པ་ཐོབ་པ་ལའོ། འདི་ཡང་ཙཎ་པ་རོ྅ཀྵ་ཞེས་པས་འདིར་ཉེ་བར་གནས་སོ། །ཨཱ་ཤི་ཤཏྲ། ཨཱ་ཊི་ཊཏ། ཨ་ཤ་ཟ་བ་ལའོ། །ཨཊ་པཊ་འགྲོ་བ་ལའོ། །ཟ་རུ་འཇུག་པ་པོ་ལ་རབ་ཏུ་སྦྱོར་རོ། །བྱིངས་ལས་ཀྱང་རྒྱུ་ལའོ་ ཞེས་པས་ཨིནྲའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཨཱ་དྱ་ཏ་ནཱིའི་དིའོ། །ཤྲི་དྲུ་སྲུ་ཀ་མི་ཞེས་པས་ཙཎའོ། འདིས་ཤི་ཊི་གཉིས་བརྗོད་དོ། །ཀ་རི་ཏའི་ཨམྲ་ཞེས་པས་ཀཱ་རི་ཏ་དབྱིའོ། །ཨ་ཡིག་གི་ཨཱ་ཡིག་གོ་ཞེས་པས་ཨ་ཡིག་ཨཱ་ཡིག་གོ། །ཨ་ཤཱི་ཤི་ཥ་ཏི། ཨ་ཊི་ཊི་ཥ་ ཏི། ཟ་བར་འདོད་དོ། །འགྲོ་བར་འདོད་དོ་ལ་སནྲའོ། །ཨིཊའོ། །གཉིས་བརྗོད་དོ། །ཨ་བྷྱཱ་ས་མེད་པ་ཞེས་པ་ཅི་ཞེ་ན། ཨཱ་ཊ་ཊི་ཥ་ཏེ། ཨ་ཊ་བ་ཊ་འགྲོ་བ་ལའོ། །འཁྱོག་པོར་འགྲོ་བར་འདོད་ཅེས་པས་ཡ་སྒྲ་སྟེ་བཤད་པ་ལས་སོ། །ཊ་གཉིས་བརྗོད་དོ། །ཨ་བྷྱཱ་སའི་གསལ་བྱེད་ 195-1-181b དང་པོ་ལྷག་མར་བྱའོ། །ཨཱ་ག་མ་མེད་པའི་རིང་པོའོ། །སནའོ། །ཨིཊའོ། །ཨའིའང་དབྱིའོ། །ཨའི་ཨན་མེད་པ་ལ་ཞེས་པས་ཡ་དབྱིའོ། །གཉིས་པའི་དབྱངས་གཅིག་པའི་ཞེས་པ་ཅི་ཞེ་ན། ཨཱཊ་ཏུཿ། ཨཊ་པཊ་འགྲོ་བ་ལའོ། །ཨ་ཏུ་སྲའོ། གཉིས་བརྗོད་དོ། །དང་པོའི་ཨའི་ ཐམས་ཅད་དུའོ་ཞེས་པས་རིང་པོའོ། །ཨཱིཪྵྱའི་ཡི་སྒྲ་ལན་གཉིས་བརྗོད་པར་བཤད་པར་བྱ་སྟེ་སན་ཡང་ནའོ། །ཨཱཪྵྱི་ཡི་ཤ་ཏི། ཨཱཪྵྱི་ཡི་ཥི་ཥ་ཏི། ཥཱུརྐྵྱ་ཨཱཀྵ། ཨཱིརྐྵྱ་རྣམས་འདོད་པའི་དོན་ནོ། །སནྲའོ། །ཨིཊའོ། །ཪྵ་མེད་པའི་ཡི་སྒྲ་ལན་གཉིས་བརྗོད་དོ། །ཕྱོགས་གཅིག་ ལས་སནྲ་ལན་གཉིས་སོ། །ས་ཡིག་སྔ་མ་སནྲ་ལ་ཨའི་ཡི་གེའོ་ཞེས་པས་ཨི་ཉིད་དོ། །ཀཎྜཱུ་སོགས་རྣམས་ཀྱི་གསུམ་པའི་དབྱངས་གཅིག་པའོ། །ཀཎྜུ་ཡི་ཡི་ཥ་ཏི། ཀཎུའི་སྒྲ་ལས་ཡཎ་སྟེ་བཤད་པ་ལས་སོ། །དེས་ན་སནྲའོ། །ཨིཊའོ། །ཨིའིའང་དབྱིའོ། །ཡི་ སྒྲ་གཉིས་བརྗོད་དོ། །ལིང་གི་བྱིངས་ཀྱི་དང་པོའམ་གཉིས་པའམ་གསུམ་པ་སྟེ། པུ་པུ་ཏྲི་ཡི་ཥ་ཏི། པུ་ཏི་ཏྲི་ཡི་ཥ་ཏི། པུ་ཏྲའི་སྒྲ་ལས་མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ། །པུ་ཞེས་པ་འདི་གཉིས་བརྗོད་དོ། །ཕྱོགས་གཅིག་ལ་ཏྲི་སྒྲའོ། །ཕྱོགས་གཅིག་ལ་ཡིནའི་སྒྲའོ། ། སནྲ་ཡང་གཉིས་བརྗོད་དོ་ཞེས་གསུང་ངོ་། །པུ་ཏྲཱི་ཡི་ཥི་ཥ་ཏི། སནྲ་ལ་ཨའི་ཡི་གེའོ་ཞེས་པས་ཨི་ཉིད་དོ། །ན་བ་ད་ར་རྣམས་ལ་བརྩེགས་པའི་དང་པོ་རྣམས་ཡ་མ་ཡིན་པ་ལ་མ་ཡིན་ནོ། །བརྩེགས་པའི་དང་པོ་རྣམས་ནི་བརྩེགས་པ་དང་པོ་རྣམས་སོ། །གང་དབྱངས་དང་པོའི་བྱིངས་ལས་ གཉིས་པའི་དབྱངས་གཅིག་པ་ཆ་ཤས་དེ་ན་ཡིག་དང་བ་ཡིག་དང་ད་ཡིག་དང་ར་ཡིག་ལ་བརྩེགས་པའི་དང་པོ་གང་ཡིན་པ་གཉིས་བརྗོད་པ་མ་ཡིན་ཞིང་ཡ་མིན་པ་ལ་སྟེ་ཡ་ཡིག་ཕ་རོལ་ནི་གང་གི་ཚེ་བརྩེགས་པ་དེའི་ཚེ་གཉིས་བརྗོད་པ་ཉིད་དོ། །ཨུནྡི་དི་ཥ་ཏི། ཨུགྫི་ཛི་ཥ་ཏི། ཨཌྜི་ཌི་ཥ་ཏི། ཨརྩི་ཙི་ཥ་ཏི། ཨནྡི་རུལ་བ་ལའོ། ཨུབྫ་ལུགས་ལའོ། །ཨཌྜ་མངོན་པར་བརྩེན་པ་ལའོ། །ཨརྩ་མཆོད་པ་ལའོ། །རུལ་བ་འདོད་དོ། །ལུགས་འདོད་དོ། །ཟ་བར་འདོད་དོ། །མཆོད་པར་འདོད་དོ་ལ་སནའོ། །ཨིཊའོ། །ཙཎ་པ་རོཉཀྵ་ཞེས་པས་འདིས་དི་ཛི་ཌི་ཙིའི་གཉིས་ 195-1-182a བརྗོད་ཀྱི་ན་བ་ད་ར་རྣམས་ཀྱི་མ་ཡིན་ནོ། །ཙ་སྡེའི་ཊ་སྡེ་ཞེས་པས་དའི་ཌའོ། །ཨཽཎྜི་ད་ཏི། ཨཽནྫི་ཛཏ། ཨཱ་ནཌྜི་ཌཏ། རུལ་བར་བྱེད་པ་པོ་ལ་སྦྱོར་རོ། །ལུགས་བྱེད་པ་པོ་ལ་སྦྱོར་རོ། །འཕུར་བར་བྱེད་པ་པོ་ལ་སྦྱོར་རོ། །ཟ་བ་པོ་ལ་སྦྱོར་རོ། །མཆོད་པ་པོ་ལ་སྦྱོོར་རོོ་ཞེས་ པས་ཨིནྲའོ། །དིའོ། །ཤྲི་དྲུ་སྲུ་ཀ་མི་ཀཱ་རི་ཏའི་མཐའ་ལས་ཞེས་པས་ཙཎའོ། །གཉིས་བརྗོད་དོ། །ཀཱ་རི་ཏ་དབྱིའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨུ་ཡིག་འཕེལ་བའོ། །ཨ་ཡིག་གི་ཨ་ཡིག་གོ་ཞེས་པས་ཨཱ་ཡིག་གོ། །ན་བ་ད་ར་ཞེས་པ་ཅི་ཞེ་ན། ཨཱི་ ཙིཀྵིཥ་ཏི། ཨཱི་ཀྵ་མཐོང་བ་ལའོ། །སནྲ་དང་ཨི་ཊའོ། །ཀྵི་གཉིས་བརྗོད་དོ། །ཀ་སྡེའི་ཙ་སྡེའོ། །བརྩེགས་པ་དང་པོ་ཞེས་པ་ཅི་ཞེ་ན། ཨཱ་རི་རི་ཥ་རི། རྀ་འགྲོ་བ་ལའོ། །འགྲོ་བར་འདོད་དོ་ཞེས་སནྲའོ། །སྨིང་སུང་རྀ་ཨཉྫ་ཞེས་པས་ཨིཊའོ། །རི་གཉིས་བརྗོད་དོ། །ཡ་མིན་པ་ཞེས་ པ་ཅི་ཞེ་ན། ཨཱར་ཪྻ་ཏེ། རྀ་འགྲོ་བ་ལའོ། །འཁྱོག་པོར་འགྲོའོ་ཞེས་པས་ཡ་སྒྲ་སྟེ་བཤད་པ་ལས་སོ། །ཙ་ཀྲྀ་ཡི་ཏ་ལ་ཞེས་པ་ཡོན་ཏན་ནོ། །རྨ་གཉིས་བརྗོད་དོ། །ཨ་བྷྱཱ་སའི་གསལ་བྱེད་དང་པོ་ཞེས་པས་ཡ་དབྱིའོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །སྔ་མ་ཨ་བྷྱཱ་ སའོ། །གཉིས་བརྗོད་དོ་ཞེས་པས་རྗེས་འཇུག་གོ། །དེའང་དོན་གྱི་དབང་ལས་བདུན་པའི་མཐའ་སྦྲེལ་ལོ། །བྱིངས་གཉིས་བརྗོད་པ་བྱས་པ་ལ་སྔ་མའི་ཆ་ལ་བྷ་སའི་མིང་ཅན་དུ་འགྱུར་རོ། །པ་པཱ་ཙ། པ་པཱ་ཐ་ཨ་ཊ། གཉིས་བརྗོད་དོ། །ཨ་བྷྱཱ་སའི་མིང་ཡོད་པ་ན་ཨ་བྷྱཱ་སའི་གསལ་ བྱེད་དང་པོ་ཞེས་པས་ཙ་ཡིག་དང་ཐ་ཡིག་དབྱིའོ། །ཨུ་པ་དྷཱའི་ཨ་ཞེས་པས་རིང་པོའོ། །ཤི་ཤྲ་ཡ། དུ་དཱ་ཝ། ཤིཉ་བསྟེན་པ། དྲུ་འགྲོ་བ་ལའོ། །པ་རོ྅ཀྵའི་ཨཊའོ། །གཉིས་བརྗོད་དོ། །འཕེལ་བའོ། །ཨ་བྷྱཱ་སའི་མིང་གིས་གང་དུ་དགོས་ཤེ་ན། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ ཞེས་ལ་སོགས་པ་རྣམས་སུའོ། །གཉིས་པ་ཨ་བྷྱ་སྟའོ། །གཉིས་བརྗོད་དོ་ཞེས་པ་རྗེས་སུ་འཇུག་གོ། །བྱིངས་གཉིས་བརྗོད་པ་བྱས་པའི་གཉིས་པ་གང་ཡིན་པ་དེ་ཨ་བྷྱ་སྟའི་མིང་ཅན་དུ་འགྱུར་རོ། །ད་ད་ཏི། ད་ད་ཏུ། ད་དྷ་ཏི། ད་དྷ་ཏུ། ཌུ་དཱཉ། སྦྱིན་པ་ལའོ། །ཌུ་དྷཱཉ་འཛིན་པ་ལའོ། ། 195-1-182b བརྟ་མཱ་ནཱའི་ཨནྟི་དང་པཉྩ་མཱིའི་ཨཾ་ཏུའོ། །ཨ་རཱི། ཛུ་ཧོ་ཏི་སོགས་རྣམས་ཀྱི་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་གཉིས་བརྗོད་དོ། །ཐུང་ངུའོ། །གཉིས་པ་བཞི་པ་དག་གི་ཞེས་པས་དྷཱའི་དའོ། །ཨ་བྷྱསྟའི་མིང་ཡོད་པ་ན་ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཨ་ཡིག་དབྱིའོ། ། ཨ་བྷྱསྟ་ལས་ཨནྟིའི་ན་དབྱིའོ་ཞེས་པས་ན་ཡིག་དབྱིའོ། །ཛོ་ཧུ་ཡ་ཏེ། ཧྭེཉ་འགྲན་པ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཞེས་པས་ཨཱ་ཉིད་དོ། །ཤིན་དུ་འགྲན་པའི་དོན་ལ་བྱིངས་དབྱངས་གཅིག་པ་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། །ཨ་བྷྱསྟའིའང་ངོ་ཞེས་པས་ བྱིངས་ཨ་བྷྱསྟ་དག་གི་སཾ་པྲ་སཱ་ར་ཎའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཛཀྵ་སོགས་ཀྱང་ངོ་། །ཛཀྵ་སོགས་ཀྱི་ཚོགས་ལན་གཉིས་བརྗོད་པ་མིན་ཡང་ཨ་བྷྱསྟའི་མིང་ཅན་དུ་འགྱུར་རོ། །ཛཀྵ་ཟ་བ་དང་བཞད་པ་ དག་ལའོ། །ཛཱ་གྲྀ་སད་པ་ལའོ། །ད་རི་དྲཱ་འགྲོ་བ་ངན་པ་ལའོ། །ཙ་ཀཱ་སྲྀ་གསལ་བ་ལའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདི་རྣམས་ཛཀྵ་སོགས་སོ། །ཛ་ཀྵ་ཏི། ཛཱ་གྲ་ཏི། ད་རི་དྲ་ཏི། ཙ་ཀཱ་ས་ཏི། ཤཱ་ས་ཏི། ཨནྟིའོ། །ཨནྦ། ཨཏ་སོགས་ལས་འཇིག་གོ། །ཨ་བྷྱསྟ་ལས་ ཞེས་པས་ཨནྟིའི་ན་དབྱིའོ། །ད་རི་དྲའི་ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཨ་ཡིག་དབྱིའོ། །ཨ་བྷྱསྟའི་མིང་གིས་གང་དུ་དགོས་ཤེ་ན། ཨ་བྷྱསྟའིའང་ཞེས་པ་རྣམས་སུའོ། །ཙཎ་པ་རོ྅ཀྵ་ཙེ་ཀྲཱི་ཡི་ཏ་སན་མཐའ་རྣམས་ལའོ། །ཙེ་ཀྲཱི་ཡི་ཏ་དང་སན་དང་དེ་དག་ནི་ཙེ་ཀྲཱི་ཡི་ཏ་སན་ དག་གོ། །གང་གི་མཐའ་དེ་དག་ཡིན་པ་དེ་ནི་ཙེ་ཀྲཱི་ཡི་ཏ་སནྲ་མཐའ་འོ། །དེ་ནས་ཟླས་དབྱེ་བའོ། །ཙ་ཎ་ཕ་རོལ་ལ་དང་། པ་རོ྅ཀྵ་ཙེ་ཀྲཱི་ཡི་ཏའི་མཐའ་ལ་དང་སནྲ་སྒྲའི་མཐའ་ལ་གཉིས་བརྗོད་པར་འགྱུར་རོ། །ཙ་ཎ་ལ། ཨ་པཱི་པ་ཋ་ཏ། པ་ཋ་བརྗོད་པ་ལའོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། ། ཀློག་ཏུ་འཇུག་པ་ལ་སྦྱོར་རོ། །འཚེད་དུ་འཇུག་པ་ལ་སྦྱོར་རོ་ཞེས་ཨིནྲའོ། །ཨུ་པ་དྷཱ་རིང་པོའོ། །ཤྲི་དྲུ་སྲུ་ཀ་མི་ཞེས་པས་ཙཎའོ། །ཀཱ་རི་ཏའི་ཨམྲ་ཞེས་ཀཱ་རི་ཏ་དབྱིའོ། །ཨིནྲ་ལ་མཚུངས་པ་ཞེས་པས་ཐུང་ངུའོ། །གཉིས་བརྗོད་དོ། །མཚུངས་པ་མ་ཕྱིས་ན་ཞེས་པས་ཨི་ཉིད་དོ། ། 195-1-183a ཡང་བའི་རིང་པོའོ། །པ་རོ྅ཀྵལ། ཙ་ཀཱ་ར། པ་པཱ་ཋ། ཌུ་ཀྲྀཉ་བྱེད་པ། པ་ཋ་གསལ་བ། ཨཊའོ། །གཉིས་བརྗོད་དོ། །ཨུ་པ་དྷཱའི་ཨ་ཞེས་པས་འཕེལ་བ་དང་རིང་པོའོ། །ཙེ་ཀྲཱི་ཡི་ཏའི་མཐའ་ལ། ཨ་ཊཱ་ཏྱ་ཏེ། ཨ་ཤཱ་ཤྱ་ཏེ། ཨ་ཊ་པ་ཊ་འགྲོ་བ་ལའོ། །ཨ་ ཤཱུ་ཁྱབ་པ་ལའོ། །འཁྱོག་པར་འགྲོའོ། །ཤིན་དུ་ཁྱབ་པོའི་དོན་ལ་ཡ་སྒྲའོ། །ཌྱ་ཤྱ་ཞེས་པ་འདི་དག་གཉིས་བརྗོད་དོ། །ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་པར་ཞེས་པས་ཡ་དབྱིའོ། །ཨཱ་ག་མ་མེད་པའི་རིང་པོའོ། །སནྲ་མཐའ་ལ། པྲ་ཏཱི་ཥ་ཥ་ཏི། ཨིཎ་འགྲོ་བ། པྲ་ཏི་སྔོན་ དུའོ། །སོ་སོར་འགྲོ་བར་འདོད་དོ་ཞེས་སནའོ། །སནྲ་ལ་གཉིས་བརྗོད་དོ། །སནྲ་ལ་ཨའི་ཡི་གེ་ཞེས་པས་ཨི་ཉིད་དོ། །མཚུངས་པའི་རིང་པོའོ། །སནྲ་ལ་ཨིཎ་ལ་ཨིང་དག་གི་ག་མིའོ་ཞེས་པས་ག་མི་ཞེས་བསྒྱུར་བ་ཐོབ་པའོ། །རྟོགས་པའི་དོན་བཤད་པར་བྱ་བ་མ་ཡིན་ཏེ། དེ་ལྟར་ནི་ པ་པ་ཐི་ཥ་ཏེ། པ་ཋ་ལས་སནྲའོ། །གཉིས་བརྗོད་དོ། ཨིཊའོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་གཉིས་བརྗོད་པར་འགྱུར་རོ། །ཛུ་ཧོ་ཏི། བི་བྷེ་ཏི། ཛི་ཧྲེ་ཏེ། ཧུ་སྦྱིན་པ་དང་ལེན་པ། ཉི་བྷཱི་འཇིགས་ པ། ཧྲཱི་ངོ་ཚ་བ། ཨནའོ། །ཛུ་ཧོ་ཏི་སོགས་ལས་འཇིག་གོ། །འདིས་གཉིས་བརྗོད་དོ། །ཧའི་ཛའོ། །གཉིས་པ་བཞི་པ་ཞེས་པས་བྷའི་བའོ། །ནཱ་མའི་མཐའི་ཞེས་པས་ཡོན་ཏན་ནོ། །དེ་བཞིན་དུ། ད་དཱ་ཏི། ད་དྷཱ་ཏི། ཌུ་དཱཉ་སྦྱིན་པ། ཌུ་དྷཱཉ་འཛིན་པ་གཞན་སྔར་བཞིན་ནོ། ། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། ཧོ་ཏཱ། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་བྱའོ། །དང་པོ་ན་ཡོད་པའི་གསལ་བྱེད་ནི་གསལ་བྱེད་དང་པོ་སྟེ། དེ་ལྷག་མར་གནས་པར་འགྱུར་ཏེ། ཤུགས་ལས་གསལ་བྱེད་དང་པོ་མིན་པ་དབྱི་བར་བྱའོ། །ཡི་ཡ་ཀྵ་ཏི། པི་པ་ཀྵ་ཏི། ཡ་ ཛ་ལྷ་མཆོད་པ། ཌུ་པ་ཙ་ཥ་འཚེད་པ་ལའོ། མཆོད་པར་འདོད་དོ། །འཚེད་པར་འདོད་དོ་ཞེས་པས་སནྲའོ། །གཉིས་བརྗོད་དོ། །འདིས་ཛ་ཡིག་དང་ཙ་ཡིག་དབྱིའོ། །སནྲ་ལ་ཨའི་ཡི་གེ་ཞེས་པས་ཨི་ཉིད་དོ། །བྲྀ་ཛ་སོགས་ཀྱི་ཥ་ཞེས་པས་ཛའི་ཥའོ། །ཥ་ཌྷ་དག་གི་ཀ་ཞེས་ 195-1-183b པས་ཥའི་ཀའོ། །བཙ་ལས་ཙ་སྡེའི་ཀིའོ། །སུ་ཥཱ་པ། ཨི་ཡཱ་ཛ། ཨུ་ཝཱ་པ། ཉིཥྭ་པ་གནས་པ་ལའོ། །ཡ་ཛ་བྷ་མཆོད་པ། ཊུབ་པ་ས་བོན་ལའོ། །ཨཊའོ། །གཉིས་བརྗོད་དོ། །པ་རོ྅ཀྵ་ལ་ཨ་བྷྱཱ་སའི་ཞེས་པས་སཾ་པྲ་སཱ་ར་ཎའོ། །གསལ་བྱེད་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ དུའོ། །དེས་ན་དབྱངས་ཀྱི་ཡང་ལྷག་མར་བྱའོ། །ཨཱ་ཤ །ཨཱ་ཊ། ཨཤྲ་ཟ་བ་ལའོ། །ཨཊ་པ་ཊ་འགྲོ་བ་ལའོ། །ཨཊའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །ཨུ་པ་དྷཱའི་ཨ་ཞེས་པས་རིང་པོའོ། །རིང་པོ་ལས་ཕ་རོལ་དབྱིའོ། །འོ་ན་གསལ་ བྱེད་དང་པོ་དང་ལྡན་པའི་དབྱངས་ཀྱང་དབྱི་བ་ཐོབ་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བརྗོད་པར་བྱ་སྟེ། སནྲ་ལ་ཨའི་ཡི་གེ་ཞེས་པས་ཨའི་ཡི་གེའི་ཨི་ཉིད་བརྩམས་པའི་ཕྱིར་མི་འགྱུར་རོ། །ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པའོ། །ཤིཊ་ལས་ཕ་རོལ་ནི་ཤིཊ་ཕ་རོལ་ལོ། །ཨ་བྷྱཱ་སའི་ཞེས་པ་ འཇུག་སྟེ། འདི་ལས་དབྱིའོ་ཞེས་པའི་ཐ་ཚིག་གོ། །ཨ་བྷྱཱ་ས་གང་ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པ་དེ་ལྷག་མར་བྱའོ། །སྔ་མས་སྒྲ་མེད་པའི་དང་པོ་དབྱི་བ་ཐོབ་པ་མ་ཡིན་པ་ལའོ། །ཙུཤྩྱོ་ཏོ། །ཊིཥྛེ་ཝ ཙ་སྐནྡ། ཤྩྱུ་ཏིར་ཟག་པ་ལའོ། །ཥྛི་བུ། སྐནྡིར་དག་པ་ལའོ། །ཨཊའོ། །གཉིས་ བརྗོད་དོ། །འདིས་ཙ་ཡིག་དང་ཋ་ཡིག་དང་ཀ་ཡིག་ལྷག་མར་བྱའོ། །གཞན་རྣམས་ཀྱི་དབྱིའོ། །གཉིས་པ་བཞི་པ་ཞེས་པས་ཋའི་ཊའོ། །ཀ་སྡེའི་ཙ་སྡེའོ། །ཨུ་པ་དྷཱའི་ཡོན་ཏན་ནོ། །ཤིཊ་ལས་ཕ་རོལ་ཞེས་པ་ཅི་ཞེ་ན། པསྶོོ། པྶཱ་ཟ་བ་ལའོ། །ཨཊའོ། །གཉིས་བརྗོད་དོ། ། སྔ་མས་ས་དབྱིའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལ་ཞེས་པས་ཨཱ་དབྱིའོ། །སྒྲ་མེད་པ་ཞེས་པ་ཅི་ཞེ་ན། སསྣཽ། ཥྞ་དག་པ་ལའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །ག་ཏྲ་པུ་རུ་ཥ་ཡོཿ། སྣ་ཞེས་པའི་ཤེས་པར་བྱེད་པ་ལས་ཎའི་ནའོ། །གཞན་སྔ་མ་བཞིན་ནོ། ། གཉིས་པ་བཞི་པ་དག་གི་དང་པོ་གསུམ་པ་དག་གོ། །གང་ཨ་བྷྱཱ་སའི་གཉིས་པ་དང་བཞི་པ་དེ་དག་གྲངས་ཇི་ལྟ་བ་བཞིན་དུ་དང་པོ་དང་གསུམ་པ་རུ་བསྒྱུར་བར་འགྱུར་རོ།ཙ་ཁཱ་ན། བི་བྷེ་ད། ཁ་ནུ་ཡང་དག་པར་འཇོམས་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨཊའོ། །གཉིས་ 195-1-184a བརྗོད་དོ། །ཀ་སྡེའི་ཙ་སྡེའི་ཞེས་པས་ཁའི་ཚའོ། །འདིས་ཚའི་ཙའོ། །བྷའི་བའོ། །བ་བྷཱ་ར། བ་བྷཉྫ། ཌུ་བྷྲྀ་ཉ་འཛིན། བྷཉྫ་ཟ། ཨཊའོ། །གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། འདིས་བྷའི་བའོ། །ཧའི་ཛའོ། །ཨ་བྷྱཱ་སའི་ཧ་ཡིག་གང་ཡིན་པ་དེ་ ཛ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཛ་གྷཱ་ན། ཧ་ན་འཚེ་བ་ལའོ། །ཨཊའོ། །གཉིས་བརྗོད་དོ། །འདིས་ཧའི་ཛའོ། །ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་གྷ་ཉིད་དོ། །ཛ་ཧཽ། ཨོ་ཧཱ་ཀ་གཏོང་བ་ལའོ། །ཨོ་ཡིག་ནི་ཨུ་སོགས་དང་ཨོ་རྗེས་སུ་འབྲེལ་པ་ཞེས་པའི་དོན་ཏོ། །ཀ་ཡིག་ནི་ཧཱ་ལས་ དུས་དང་འབྲུ་དག་ལའོ་ཞེས་པའི་དོན་ཏོ། །ཨཊའོ། །གཉིས་བརྗོད་དོ། །ཧའི་ཛའོ། །སྔ་མ་བཞིན་དུ་ཨཽ་ཉིད་དང་ཨ་བྷྱཱ་ས་དབྱི་བ་འང་ངོ་། །ཛུ་ཧཱ་བ། ཧུ་སྦྱིན་པ་དང་ལེན་པ་ལའོ། ཀ་སྡེའི་ཙ་སྡེའོ། །ཨ་བྷྱཱ་ས་གང་ཡིན་པ་དེའི་ཀ་སྡེ་ཙ་སྡེ་རུ་འགྱུར་རོ། །ཙ་ཀཱ་ར། ཙ་ཁཱ་ན། ཛ་གཱ་མ་ ཛ་གྷཱ་ས། ཌུ་ཀྲཱྀཉ་བྱེད། ཁ་ནུ་ངེས་པ། གམླྀ་འགྲོ། ཨད་ཟ་བ། ཨཊའོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་ཨདྲའི་གྷསླྀའོ། །གཉིས་བརྗོད་དོ། །འདིས་ཙ་སྡེའོ། །གཉིས་པ་བཞི་པ་ཞེས་པས་ཚའི་ཙ་དང་ཛྷའི་ཛའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་སྟེ་རིང་པོའོ། །ཀ་བ་ ཏིའི་ཙེ་ཀྲཱི་ཡི་ཏ་ལ་མ་ཡིན་ནོ། །ཀ་བ་ཏིའི་སྟེ་ཀུང་སྒྲ་ལའོ་ཞེས་པས་འདིའི་ཨ་བྷྱཱ་ས་གང་ཡིན་པ་དེའི་ཙ་སྡེར་མི་འགྱུར་ཏེ། ཙེ་ཀྲཱྀ་ཡི་ཏའི་ཕ་རོལ་ལོ། །ཀོ་ཀུ་ཡ་ཏེ། ཤིན་དུ་བའི་དོན་ལ་ཀུང་ལ་ཡ་སྒྲའོ། །ཙེ་ཀྲཱྀ་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ ཨཱ་ཡི་ཞེས་པས་རིང་པོའོ། །ཙེ་ཀྲཱྀ་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ཙུ་ཀུ་ཥ་ཏེ། སྨྲ་བར་འདོད་དོ་ཞེས་པས་སནྲའོ། །དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །ཀ་བ་ཏི་ཞེས་རྣམ་འགྱུར་གྱིས་ངེས་པར་བསྟན་པ་ལས་ཨདྲ་ལ་སོགས་པ་ཅན་གྱི་ཀུ་སྒྲའོ་ཞེས་པ་འདི་ལྡོག་པའི་ དོན་དུའོ། །དེས་ན་དེའི་ཙ་སྡེ་རུ་འགྱུར་བ་ཉིད་དེ། ཙ་ཀུ་ཡ་ཏེ། ཡང་ཡང་དུ་སྨྲའོ། །ཐུང་ངུའོ། །རྗེས་སུ་འབྲེལ་བའི་སྒྲ་ཉིད་ལས་ཐུང་ངུའི་རིང་པོའི་གནས་འཕེན་པ་སྟེ། དེས་ན་ཨ་བྷྱཱ་སའི་རིང་པོ་གང་ཡིན་པ་དེ་ཐུང་ངུར་འགྱུར་རོ། །ད་དཽ། པ་པཽ། ཌུ་དཱཉ་སྦྱིན། བཱ་འཐུང་བ་ལའོ། ། 195-1-184b ཨཊའོ། །གཉིས་བརྗོད་དོ། །ཐུང་ངུའོ། །ཨ་ཡིག་ལས་ཨཊ་ཨཽའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་ཞེས་པས་ཨ་དབྱིའོ། །ཌུཌྷྲོོ་ཀྲཱྀ་འགྲོ་བའི་དོན་ཏོ། །ཀ་ཀི་སོགས་ཀྱི་ཞེས་རྗེས་སུ་བཀླགས་པའོ། །པ་རོ྅ཀྵའི་ཨེའོ། །གཉིས་བརྗོད་དོ། །ཐུང་ངུའོ་སྟེ་ཨཽ་ཡིག་གི་ཨུ་ཡིག་གོ། ། མཚམས་སྦྱོར་གྱི་ཡི་གེ་རྣམས་ཐུང་ངུར་བསྒྱུར་བ་ཨིཏ་ཨུཏྲ་དག་གོ་ཞེས་པའི་ཚིག་ལས་སོ། །གཉིས་པ་བཞི་པ་ཞེས་པའི་ཌྷའི་ཌའོ། །རྀ་ཡིག་གི་ཨ་ཡིག་གོ། །ཨ་བྷྱཱ་སའི་རྀ་ཡིག་གང་ཡིན་པ་དེ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །བ་བྲྀ་ཏེ། བ་བྲྀ་དྷེ། བྲྀ་ཏུ་འཇུག །བྲྀ་དྷུ་འཕེལ་བ་ ལའོ། །ཕ་རོལ་དུ་ཨེའོ། །གཉིས་བརྗོད་དོ། །འདིས་རྀ་ཡིག་གི་ཨ་ཡིག་གོ། །ཨཏྨ་ནེ་ལ་ཐམས་ཅད་ལའོ་ཞེས་པས་ཡོན་ཏན་མེད་དོ། །ཙ་ཀྲ་ཏུཿ། ཙ་ཀྲུཿ། ཌུ་ཀྲྀཉ་བྱེད། ཨ་ཏུསྲ་དང་། ཨུསྲའོ། །པ་རོ྅ཀྵ་ལའང་ངོ་ཞེས་པས་ཡོན་ཏན་མེད་དོ། །ཨི་ཎའི་པ་རོ྅ཀྵ་ལ་ཡོན་ཏན་ མེད་པ་ལ་རིང་པོའོ། །རྐྱེན་གང་ལ་ཡོན་ཏན་མེད་པ་མ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཨིཎ་འགྲོ་བ་ལའོ་ཞེས་པ་འདིའི་ཨ་བྷྱཱ་ས་གང་ཡིན་པ་དེ་པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ཕ་རོལ་གང་ཡིན་པ་དེ་ལ་རིང་པོར་འགྱུར་རོ། །ཨཱི་ཡ་ཏུཿ། ཨཱི་ཡུཿ། ཨིཎ་འགྲོ་བ། ཨ་ཏུསྲ་དང་ཨུསའོ། ། དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ་ཞེས་པའི་ཚིག་ལས་སྔ་མའི་གཉིས་བརྗོད་དོ། །འདིས་རིང་པོའོ། །ཨིཎའི་འང་ངོ་ཞེས་པས་ཡ་ཉིད་དོ། །པ་རོ྅ཀྵ་ལའང་ངོ་ཞེས་པས་ཡོན་ཏན་ཉིད་མེད་དོ། །ཡོན་ཏན་མེད་པ་ལ་ཞེས་པ་ཅི་ཞེ་ན། ཨི་ཡཱ་ཡ། ཨིཎ་འགྲོ། ཨཊའོ། ། གཉིས་བརྗོད་དོ། ཨའི་ཨུ་པ་དྷཱའི་ཞེས་པས་འཕེལ་བའོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་ཞེས་པས་ཨི་ཡའོ། །དང་པོའི་ཨའི་ཐམས་ཅད་དུའོ། །ཐམས་ཅད་དུ་ཞེས་པ་ཐམས་ཅད་རྣམས་ཀྱི་སྟེ་སརྦའི་སྒྲ་ལས་ཏྲའི་རྐྱེན་ནོ། །སྐྱེས་པ་དང་འདྲ་བར་བཤད་པ་ནི་སྐྱེས་པ་བཞིན་ནོ་ཞེས་ སྦྱོར་བ་རྣམ་པར་གཞག་པ་ལས་སྐྱེས་པ་དང་འདྲ་བའི་དངོས་པོའོ། །ཨ་བྷྱཱ་སའི་ཨ་ཡིག་དང་པོ་གང་ཡིན་པ་དེ་རིང་པོར་འགྱུར་ཏེ། པ་རོ྅ཀྵ་ལ་ཡོན་ཏན་དང་བཅས་པ་དང་ཡོན་ཏན་མེད་པ་ཕ་རོལ་ལའང་ཐམས་ཅད་དུའོ། །ཨཱ་ཊ། ཨཱ་ཊ་ཏུཿ། ཨ་ཊུཿ། ཨཱ་ཤཿ། ཨཱ་ཤ་ཏུ། ཨཱ་ཤུཿ། 195-1-185a ཨ་ཊ་པ་ཊ་འགྲོ་བ། ཨ་ཤ་ཟ་བ་ལའོ། །ཨ་ཊ། ཨ་ཏུས། ཨུསའོ། གཉིས་བརྗོད་དོ། །དེ་འདིས་རིང་པོའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །དང་པོའི་ཞེས་པས་ཅི་ཞེ་ན། པ་པཱ་ཋ། གལ་ཏེ་འདིར་རིང་པོར་འགྱུར་ན་ཐུང་ངུའོ་ཞེས་པས་ཐུང་ངུར་མི་འགྱུར་ ཏེ། རིང་པོར་སྒྲུབ་པའི་ཤུགས་ལས་སོ། གལ་ཏེ་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོའོ་ཞེས་པས་གྲུབ་པ་ཉིད་ལས་སྦྱོར་བ་བརྩམས་པ་ནི་ཕྱི་མ་ལ་དེ་ལས་སྨོས་པས་རིང་པོར་བྱས་པའི་ཨ་ཡིག་གི་དོན་དུ་སྦྱོར་བ་བརྩམས་པར་གྱུར་པ་སྟེ། དེ་ལས་སྨོས་པས་འགའ་ཞིག་ཏུ་མི་འགྱུར་ཏེ། འོ་ན་དེ་མི་བྱེད་དམ་ཞེ་ན། ད་ལྟར་བརྗོད་པ་ནི་དེ་ལྟར་བདེན་པ་མིན་ཏེ། ཨཱ་ཙ་ཙཀྵ། ཞེས་པ་འདིར་ཡང་ན་ཡིག་ཨ་ག་མར་འགྱུར་རོ། །ཙཀྵིངྲ་སྨྲ་བ་ལའོ། །ཨཱང་སྔ་མར་རོ། །ཕ་རོལ་དུ་ཨེའོ། །གཉིས་བརྗོད་དོ། །དེ་ལ་ཕ་རོལ་གྱི་དང་པོར་གལ་ཏེ་མཐའ་བརྩེགས་པ་ཡིན་ན་ན་ཨཱ་ག་ མའོ། །ཕ་རོལ་གྱི་དང་པོ་ནི་ཕ་རོལ་དང་པོའོ། །དེ་ལས་ཨ་ཡིག་རིང་པོར་བྱས་པ་དེ་ལས་ཕ་རོལ་གྱི་དང་པོར་ན་ཡིག་ཨཱ་ག་མར་འགྱུར་ཏེ། གལ་ཏེ་མཐའ་བརྩེགས་པར་གྱུར་ན་འོ། །ཨཱ་ནཉྫ་ཏུཿ། ཨཱ་ནཉྫུ། ཨཉྫུ་གསལ་བ་ལའོ། །ཨཊ་ཨ་ཏུས་ཨུས་རྣམས་སོ། །གཉིས་ བརྗོད་དོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །འདིས་ན་ཡིག་ཨཱ་ག་མའོ། །ཨ་ཡིག་ནི་བརྗོད་པའི་དོན་ཏོ། གཉིས་བརྗོད་པ་དང་། མང་པོ་བརྗོད་པ་དག་གི་ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་དབྱི་བར་མི་འགྱུར་ཏེ། ཨིནྡྷི་ཤྲནྠི་ གྲནྠ་ཞེས་པའི་ངེས་པ་ལས་སོ། །གལ་ཏེ་མཐའ་བརྩེགས་པ་ཡིན་ན་ཞེས་པ་ཅི་ཞེ་ན། ཨཱཊ། རྀ་ཡིག་ལའང་ངོ་། །དེ་ལས་ཏེ་ཨ་རིང་པོར་གྱུར་པ་ལས་ཕ་རོལ་རྀ་ཡིག་ལ་དང་པོར་ན་ཡིག་ཨཱ་ག་མར་འགྱུར་ཏེ། ཨཱནྲྀ་དྷ་ཏུཿ། ཨཱ་ཐྀ་དྷུཿ། ཕེལ་བ་ལའོ། །ཨ་ཏུསྲ་དང་ཨུསྲའོ། ། གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཞེས་པས་རིང་པོའོ། །འདིས་ན་ཨཱ་ག་མའོ། །ཨཱ་ནྲྀ་དྷེ། ཨཱ་ནྲྀ་དྷ་ཏེ། ལས་ལ་ཨཱཏྨ་ནེའི་ཚིག་ཨེ་དང་ཨཱ་ཏེའོ། །གཉིས་བརྗོད་དོ། །གཞན་སྔ་མ་བཞིན་ནོ། །འདིར་ཅིའི་ཕྱིར་མི་འགྱུར་ཏེ། ཨཱ་ར་ཏུཿ། ཨ་ཏུཿ། རི་འགྲོ། 195-1-185b ཨ་ཏུསྲ་དང་ཨུསའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཞེས་པས་རིང་པོའོ། །ར་ཉིད་དོ། །འདིར་ཨཱ་ག་མ་དང་བསྒྱུར་བ་དག་གི་ཨཱ་ག་མའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པའི་ཚིག་ལས་ཨཏ་དང་ར་ཉིད་བྱས་ནས་ན་ཡིག་ཨཱ་ག་མ་ཐོབ་པོ་ཞེ་ན། འདི་ནི་སྙིང་པོ་མེད་པ་སྟེ། ཨཱ་ག་མ་ལས་ དབྱངས་བསྒྱུར་བའི་ཆོ་ག་སྟོབས་དང་ལྡན་ནོ་ཞེས་སྔ་མའི་ར་ཉིད་འཇུག་གོ། །དེའི་ཕྱིར་རྀ་ཡིག་མེད་པའི་ཕྱིར་ན་ཨཱ་ག་མ་མེད་དོ། །ཨ་ཤྣོ་ཏིའི་འང་ངོ་། །དེ་ལས་ཏེ་ཨ་ཡིག་རིང་པོར་བྱས་པ་ལས་ཕ་རོལ་གྱི་ཨ་སུ་ཐོབ་པ་ལའོ་ཞེས་པས་འདིའི་དང་པོར་ན་ཡིག་ཨཱ་ག་མ་འགྱུར་རོ། །བྱཱ་ན་ཤེ ། བྱཱ་ན་ཤཱ་ཏེ། བྱ་ནཱ་ཤི་རེ། ཨ་ཤུ་ཁྱབ་པ་ལའོ། །བི་སྔ་མར་རོ། །ཨེ་དང་ཨཱ་ཏེ་ཨི་རེའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཞེས་པས་རིང་པོའོ། །འདིས་ན་ཨཱ་ག་མའོ། །རྣམ་འགྱུར་ངེས་པར་བསྟན་པ་ལས། ཨ་ཤ་ཟ་བ་ལའོ་ཞེས་པས་འདིའི་ཨ་ཤྣོ་ཏི་རུ་མི་འགྱུར་རོ། །ཨཱ་ཤ ། ཨཱ་ཤ་ཏུཿ། བྷ་བ་ཏིའི་ཨའོ། །བྷ་བ་ཏིའི་ཨ་བྷྱཱ་སའི་པ་རོ྅ཀྵ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །བ་བྷུ་བ། བ་བྷུ་བ་ཏུཿ། བ་བྷུ་བུཿ། བྷུ་ཡོད་པ་ལའོ། །ཨ་ཊ་ཨ་ཏུས་ཨུསའོ། །གཉིས་བརྗོད་དོ། །འདིས་ཨུ་ཡིག་གི་ཨ་ཡིག་གོ། །བྷུའི་མཐའ་པ་རོ྅ཀྵ་ཞེས་པས་པ་ཡིག་ ཨཱ་ག་མའོ། །དེ་བཞིན་དུ། ཨ་ནུ་བ་བྷུ་བེ་དེ་བ་དཏྟན། ལས་ལ་ཨཱཏྨ་ནེའི་ཚིག་ཨེའོ། །གཉིས་བརྗོད། གཞན་སྔ་མ་བཞིན་ནོ། །བྷུ་བ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པ་ལས་སོ། །ནི་ཛི་བི་ཛི་བིཥ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ། །ནི་ཛིརྲ་གཙང་བ། བི་ཛིརྲ་ དངོས་པོ་ཐ་དད་པ། བིཥླིཁྱབ་པ་ལའོ། །འདི་རྣམས་ཀྱི་ཨ་བྷྱཱ་སའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ནེ་ནེ་ཀྟི། ནེ་ནི་ཛྱཏྲ། ནེ་ནེཀྟུ། ཨ་ནེ་ནེ་ཀ །བེ་བེ་ཀྟི། བེ་བི་ཛྱཱཏྲ། བེ་བེཀྟུ། ཨ་བེ་བེཀྲ། བེ་བིཥྚཏྲ། བ་བེཥྜུ། ཨ་བེ་བེཊ། ཏི་དང་ཡཱཏ་དང་ཏུ་དང་ དང་དིའོ། །ཨནྲའོ། །ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱིས་གཉིས་བརྗོད་དོ། །འདིས་ཡོན་ཏན་ནོ། །ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་བྱིངས་ཀྱི་ཡོན་ཏན་ནོ། །ཡཱ་ཏའི་རྐྱེན་ལ་ནི་སཔྟ་མཱི་ལའང་ངོ་ཞེས་པས་ཡོན་ཏན་མེད་དོ། །ཙ་སྡེའི་ཀིའོ། །གསལ་བྱེད་ 195-1-186a ལས་དི་སི་དག་གི་ཞེས་པས་དི་དབྱིའོ།ཥ་དང་ཊ་སྡེ་ལས་ཞེས་པས་ཏའི་ཊའོ། །རྫོགས་པ་ལ་ཡང་ངོ་ཞེས་པས་ཀའི་ཊའོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། ནི་ནེ་ཛ། ཨཊའོ། །བྷྲྀཉ་ཧཱངྲ་མཱངྲ་རྣམས་ཀྱི་ཨིཏྲའོ། །ཌུ་བྷྲྀཉ་འཛིན་པ་དང་རྒྱས་པ་དག་ལའོ། ། ཨོ་ཧཱང་འགྲོ་བ། མཱངྲའཇལ་བ། འདི་རྣམས་ཀྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཨ་བྷྱཱ་སའི་ཨི་ཉིད་དུ་འགྱུར་རོ། །བི་བརྟི། བི་བྷྲྀ་ཡཏ། བི་བྷརྟུ། ཨ་བི་བྷཿ། ཏི་དང་ཡཱཏ་དང་ཏུ་དང་དིའོ། །ཨནྤི། སྔ་མ་བཞིན་དུ་གཉིས་བརྗོད་པ་ལ་འཇིག་གོ། །ཨ་བྷྱཱ་སའི་བྱ་བ་ལ་འདིས་ ཨི་ཉིད་དོ། །ཡོན་ཏན་ནོ། སྔ་མ་བཞིན་དི་དབྱིའོ། །ཛི་ཧཱི་ཏེ། ཨ་ཛི་ཧཱི་ཏ། ཛི་ཧཱི་ཏཱམྲ། ཨོ་ཧཱངྲ་ལ་བརྟ་མཱ་ནཱའི་ཏེ་དང་། སཔྟ་མཱིའི་ཨཱིཏ་དང་། པཉྩ་མཱིའི་ཏཱམྲ་དང་། ཧྱསྟ་ནཱིའི་ཏའོ། །སྔ་མ་བཞིན་ནོ། །སཔྟ་མཱི་ལ་ཨ་བྷྱ་སྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཨཱ་དབྱིའོ། ། གཞན་ལ་གཉིས་ཀ་རྣམས་ཀྱི་དཱ་མིན་པའི་ཞེས་པས་ཨཱི་ཉིད་དོ། མི་མཱི་ཏེ། མི་མཱི་ཏཱ། མི་མཱི་ཏམྲ། ཨ་མི་མཱི་ཏ། མཱངྲ་འཇལ་བ། གཞན་སྔ་མ་བཞིན་ནོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། བ་བྷཱ་ར། ཛ་ཧེ། མ་མེ། ཨ་ཊ། ཨེའོ། །མཚམས་སྦྱོར་ཞེས་པས་ དབྱིའོ། །ཨརྟི་པི་བརྟི་དག་གིའང་ངོ་། །ཨརྟི་ཞེས་པས་རྀ་འགྲོ་བ་ལའོ་ཞེས་པས་འདི་གཟུང་ངོ་། །དེ་ཉིད་ཀྱི་ནི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཨ་བྷྱཱ་ས་སྲིད་ཀྱི་རྀ་འགྲོ་བ་དང་ཐོབ་པ་དག་ལའོ་ཞེས་པས་འདི་ནི་མིན་ནོ། །རྀ་སྲྀ་འགྲོ་བ། པྲཱྀ་སྐྱོང་བ་དང་གང་བ་དག་ལའོ་ཞེས་པ་འདི་དག་གི་ ཨ་བྷྱཱ་སའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཨི་ཉིད་དུ་འགྱུར་རོ། །ཨི་ཡརྟི། ཨི་སྤྲྀ་ཡཱཏ། ཨི་ཡརྟུ། ཨཻ་ཡཿ། ཏི། ཡཱཏ། ཏུ། དིའི། ཨནྦི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་གཉིས་བརྗོད་དོ། །རྀ་ཡིག་གི་ཨ་ཡིག་གོ། །འདིས་ཨི་ཉིད་དོ། །ཨཱ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་ཨི་ཡའོ། །ཡོན་ཏན་ནོ། །གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་དབྱིའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་འཕེལ་བའོ། །པི་བརྟི། པི་པུཪྻཱཏ། པི་བརྟུ། ཨ་པིསཿ། པྲཱྀ་སྐྱོང་བ་དང་གང་བ་དག་ལའོ། ། 195-1-186b གཞན་སྔ་མ་བཞིན་ནོ། །མཆུར་གྱུར་ཨུ་པ་དྷཱའི་འང་ཨུར་འོ་ཞེས་པས་ཨུརའོ། །ནཱ་མིའི་ར་བ་དག་གསལ་བྱེད་ལ་ཞེས་པས་རིང་པོའོ། །བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། ཨཱར། པ་པཱར། ཨཊའོ། །གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཞེས་པས་རིང་ པོའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །སན་ལ་ཨའི་ཡི་གེའོ། །སན་གྱི་མཚན་པའི་ཨ་བྷྱཱ་སའི་ཨའི་ཡི་གེ་གང་ཡིན་པ་དེ་ཨི་ཉིད་དུ་འགྱུར་རོ། །པི་པཀྵ་ཏི། བི་བཀྵ་ཏི། ཌུ་པ་ཙ་ཥ་འཚེད། བཙ་བརྗོད་པ། འཚེད་པར་འདོད་དོ། །བརྗོད་པར་འདོད་དོ་ཞེས་པས་སནྲའོ། ། གཉིས་བརྗོད་དོ། །འདིས་ཨི་ཉིད་དོ། །ཙ་སྡེའི་ཀིའོ། །པི་པཱ་ས་ཏི། ཡི་ཡཱ་ས་ཏི། པ་འཐུང་བ། ཡཱ་ཐོབ་པ། འཐུང་བར་འདོད་དོ། །ཐོབ་པར་འདོད་དོ་ཞེས་པས་སནའོ། །ཨའི་ཡི་གེ་ཞེས་པ་ཅི་ཞེ་ན། བུ་བྷུ་ཥ་ཏི། སན་གྱི་མཚན་པའི་ཞེས་པ་ཅི་ཞེ་ན། པཱ་པ་ཙིཥ་ ཏེ། ཤིན་དུ་འཚེད་པར་འདོད་དོ་ཞེས་པས་ཡཱ་སྒྲའོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་རིང་པོ་ཞེས་པས་རིང་པོའོ། །དེ་ནས་སནའོ། །ཨིཊའོ། །ཨ་དབྱི་བའང་ངོ་། །ཡའི་ཨན་མེད་པ་ལའོ་ཞེས་པས་ཡ་དབྱིའོ། །ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་ཨཱ་ཡིག་ལ་ ཨུའི་ཡི་གེ་གོ། །ཛ་དང་མཐར་གནས་དང་པ་སྡེ་དང་དེ་རྣམས་ནི་ཛ་དང་མཐར་གནས་དང་པ་སྡེའོ། །དེ་རྣམས་ཕ་རོལ་ཏེ་ཨུ་ཡིག་གང་ལས་ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་དང་བཅས་པའི་སན་ལ་ཞེས་པ་ཁོ་ནའོ། །ཨ་བྷྱཱ་སའི་ཨུ་ཡིག་གང་ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཏེ། ཛ་ཕ་རོལ་དང་མཐར་གནས་ཕ་རོལ་དང་པ་སྡེ་ཕ་རོལ་དང་དེའི་སན་ཕ་རོལ་ལ་ཨི་ཉིད་དུ་འགྱུར་རོ། །ཨཱ་ཡིག་ལ་སྟེ་ཛ་དང་མཐར་གནས་དང་པ་སྡེ་རྣམས་ཀྱང་ཨའི་ཡི་གེ་ཕ་རོལ་དུ་གྱུར་པ་ནའོ། །ཛི་ཛི་བ་ཡི་ཥ་ཏི། ཡི་ཡཱ་བ་ཡི་ཥ་ཏི། རི་ར་བ་ཡི་ཥ་ཏི། ལི་ལཱ་བ་ཡི་ཥ་ཏི། པི་པཱ་བ་ཡི་ ཥ་ཏི། བི་བྷཱ་བ་ཡི་ཥ་ཏི། མི་མཱ་བ་ཡི་ཥ་ཏི། ཛུ་ཞེས་པ་མདོ་ལས་འབྱུང་བའི་བྱིངས་སོ། །ཡུ་བསྲེ་བ། རུ་སྒྲ། ལཱུ་ཉ་གཅོད་པ། པཱུ་ཉ་འཐུང་བ། བྷཱུ་ཡོད་པ། མཱུང་འཆིང་བར་བྱེད་པ་ལའོ། །མྱུར་དུ་སྐྱེ་བ་ལ་རབ་ཏུ་སྦྱོར་བར་འདོད་དོ། །དེ་བཞིན་བསྲེ་པར་བྱེད་དོ། །སྒྲ་བྱེད་དོ། ། 195-1-187a གཅོད་པར་བྱེད་དོ། །འཐུང་བར་བྱེད་དོ། །ཡོད་པར་སྦྱོར་རོ། །འཆིང་བ་ལ་སྦྱོར་རོ་ཞེས་ཚིག་རྣམ་པར་སྦྱོར་རོ། །བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །དེ་ནས་སནྲའོ། །ཨིཊའོ། །ཡོན་ཏན་ནོ། །ཨིན་ལ་བྱས་པ་ནི་ གནས་ཅན་དང་འདྲ་བར་འགྱུར་རོ་ཞེས་པས་གནས་ཅན་དང་འདྲ་བར་གྱུར་པའི་ཕྱིར། ཛུ། ཡུ། རུ། ལཱུ། པཱུ། བྷཱུ། མཱུ་ཞེས་པ་རྣམས་ལན་གཉིས་བརྗོད་དོ། །འདིས་ཨུའི་ཡི་གེའི་ཨི་ཉིད་དོ། །ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་ཞེས་པ་ཅི་ཞེ་ན། ཛུ་ཧཱ་བ་ཡི་ཥ་ཏི། ཧུ་ལེན་པ་ལའོ། །ལེན་པའི་རྒྱུ་ལ་སྦྱོར་བར་འདོད་དོ་ཞེས་ཨིནའོ། །འཕེལ་བའོ། །སནྲའོ། །ཨིཊའོ། །ཡོན་ཏན་ནོ། །ཨིན་ལ་བྱས་པ་ན་གནས་ཅན་དང་འདྲ་བར་འགྱུར་རོ་ཞེས་པས་ཧུ་ལན་གཉིས་བརྗོད་དོ། །ཨའི་ཡི་གེ་ལ་ཞེས་པ་ཅི་ཞེ་ན། ལུ་ལཱུ་ཥ་ཏི། གཅོད་པར་ འདོད་དོ་ཞེས་པས་སནའོ། །སནྲ་ལའོ་ཞེས་པ་ཁོ་ནའོ། །ལུ་ལཱ་བ། འོ་ན། ཛི་ཛཱ་བ་ཡི་ཥ་ཏི། ཞེས་པ་ལ་སོགས་པ་རྣམས་ལ་ཛཱ་ཞེས་པ་ལ་སོགས་པ་རྣམས་ཀྱི་གཉིས་བརྗོད་པ་བྱས་པ་ན་སྔ་མས་ཨི་ཉིད་གྲུབ་པོ་ཞེ་ན། འདི་ནི་སྙིང་པོ་མེད་པ་སྟེ། ཨིན་ལ་བྱས་པ་ནི་ གནས་ཅན་དང་འདྲའོ་ཞེས་པའི་ཚིག་ལས་ཇུ་ཞེས་པ་ལ་སོགས་པ་རྣམས་གཉིས་བརྗོད་པར་བྱ་སྟེ། ཅི་ལྟར་སྔ་མས་གྲུབ་པར་འགྱུར། ཤྲུ་སྲུ་དྲུ་པྲུ་ཙྱུ་རྣམས་ཀྱི་ཨ་བྷྱཱ་སའི་ཨུའི་ཡི་གེ་གང་ཡིན་པ་དེ་ཨའི་ཡི་གེ་ཕ་རོལ་མཐར་གནས་ལ་སནྲ་ཕ་རོལ་ལ་ཨི་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། ཤྲི་ཤྲབ་ཡི་ཥ་ཏི། ཤྲུ་ཤྲ་བ་ཡི་ཥ་ཏི། སྲི་སྲཱ་བ་ཡི་ཥ་ཏི། དི་དྲཱ་བ་ཡི་ཥ་ཏི། དུ་དྲཱ་བ་ཡི་ཥ་ཏི། དུ་དྲ་བ་ཡི་ཥ་ཏི། པི་པྲ་བ་ཡི་ཥ་ཏི། པུ་བྲཱ་བ་ཡི་ཥ་ཏི། པི་བླཱུ་བ་ཡི་ཥ་ཏི། ཙི་ཙྱཱ་བ་ཡི་ཥ་ཏི། ཙུ་ཙྱཱ་བ་ཡི་ཥ་ཏི། འདི་རྣམས་ཐམས་ཅད་འགྲོ་བའི་དོན་ནོ། །འགྲོ་བའི་རྒྱུ་ལ་སྦྱོར་བར་འདོད་དོ། ། དེ་བཞིན་དུ། ཐོས་པ་ལ། བྲོས་པ་ལ། འཆང་བ་ལ། འཆར་བ་ལ། འཕོས་པ་ལ་ཞེས་པས་ཨིནའོ། །འཕེལ་བའོ། །སནའོ། །ཨིཊའོ། །ཡོན་ཏན་ནོ། །ཨིན་ལ་བྱས་པ་གནས་ཅན་དང་འདྲའོ་ཞེས་པས་ཤྲུ་སྲུ་དྲུ་པྲུ་ཙྱཱ་ལན་གཉིས་བརྗོད་དོ། །བཤད་པ་ལས་ཨུ་ 195-1-187b ཡིག་ཡང་ན་ཨི་ཉིད་དོ། །ཨའི་ཡི་གེ་ཕ་རོལ་མཐར་གནས་པ་ལ་ཞེས་པ་ཅི་ཞེ་ན། ཤྲུ་སྲུ་ཥ་ཏི། དབྱངས་མཐའ་རྣམས་ཀྱི་སནྲ་ལའོ་ཞེས་པས་རིང་པོའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ། །ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཨ་བྷྱཱ་སའི་ཡོན་ཏན་དུ་འགྱུར་རོ། །ཙེ་ཙཱི་ཡ་ཏི། ནེ་ནཱི་ཡ་ཏེ། ཛོ་ཧཱུ་ཡ་ཏེ། ལོ་ལཱུ་ཡ་ཏེ། ཙི་ཉ་སོགས་པ། ཎཱི་ཉ་ཐོབ་པ། ཧུ་སྦྱིན་པ་དང་ལེན་པ། ལཱུཉ་གཅོད་པ་ལའོ། །ཤིན་དུ་སོག་གོ། །ཐོབ་བོ། །ལེན་ནོ། །གཅོད་དོ་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། །འདིས་ཡོན་ཏན་ནོ། ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཙེ་ཀྲཱི་ ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ཙི་ཙཱི་ཥ་ཏི། སནའོ། །དབྱངས་མཐའ་རྣམས་ཀྱི་སནྲ་ལའོ་ཞེས་པས་རིང་པོའོ། །ཨཱ་ག་མ་མེད་པའི་མཐའི་རིང་པོའོ། །ཨ་བྷྱཱ་ས་གང་གི་མཐའ་ཨཱ་ག་མ་ཡིན་པ་དེ་ནི་ཨཱ་ག་མའི་མཐའོ། །དེ་ནས་ན་ཉའི་ཚིག་སྡུད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ནི་མཚུངས་པ་མ་ ཕྱིས་པ་ཞེས་པ་འདི་ལས་གོང་དུ་འཇུག་གོ། ཨ་བྷྱཱ་ས་གང་གི་མཐའ་ཨཱ་ག་མ་མེད་པ་དེའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་རིང་པོར་འགྱུར་རོ། །པཱ་པ་ཋྱ་ཏེ། པཱ་པ་ཙྱོ་ཏེ། ཡ་སྒྲའོ། །ལན་གཉིས་བརྗོད་དོ། །འདིས་རིང་པོའོ། །ཨཱ་ག་མ་མེད་པའི་ཞེས་པ་ཅི་ཞེ་ན། ཡཾ་ཡ་མྱ་ཏེ། རཾར་མྱ་ཏེ། ཡ་མུ་ཉེ་བར་འཇིག་པ་ལའོ། །ར་མུ་རྩེ་བ་ལའོ། །ཤིན་དུ་འཇིག་གོ། །ཤིན་དུ་རྩེའོ་ཞེས་པས་ཡ་སྒྲའོ། །གཉིས་བརྗོད་དོ། །རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨཏ་མཐའི་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །འོ་ན་ཨཱ་ག་མས་ཁྱད་པར་དུ་བྱས་པས་མཚུངས་ པའི་རིང་པོ་ལ་གནོད་པར་འགྱུར་རོ་ཞེས་པས་ཨཱ་ག་མ་མེད་པའི་མཐའི་ཞེས་པ་དོན་མེད་དོ་ཞེ་ན། བདེན་མོད། ཨ་བྷྱཱ་སའི་ཡུལ་ལ་དམིགས་བསལ་ལ་སྤྱིར་བཏང་བས་གནོད་པའོ་ཞེས་པའི་ཚིག་ལས་ཨཱ་ག་མ་བྱས་པ་ལ་ཡང་རིང་པོར་འགྱུར་རོ་ཞེས་པས་ཨཱ་ག་མ་མེད་པའི་ མཐའ་གཟུང་བར་བྱའོ། །བཉྩི། སྲནྶི། བྷྲནྶི། དྷནྶི། ཀ་སི། པ་ཏི། པ་དི། སྐནྡ་རྣམས་ཀྱི་མཐའ་ནཱིའོ། །བཉྩུ་འགྲོ་བའི་དོན་ཏེ། འདིར་བཉྩུ་ཙནྩུ། ཞེས་པས་བཀླག་པར་བྱའོ། །སྲནྶུ། དྷྭ་ནྶུ། བྷྲནྶུ་འོག་ཏུ་ལྟུང་བ་ལའོ། །ཀ་ས་འགྲོ་བ་ལའོ། །པཏླྀ་ 195-1-188a འགྲོ་བ་ལའོ། །བ་ད་འགྲོ་བ་ལའོ། །སྐནྡིར་སྐེམས་པ་འདི་རྣམས་ཀྱི་ཨ་བྷྱཱ་སྲའི་ཙེ་ཀྲཱི་ཡི་ཏ་ལ་ཕ་རོལ་ལ་ནཱི་ཨཱ་ག་མར་འགྱུར་རོ། །མཐའི་སྒྲ་ཨཱ་ག་མ་ཉིད་གསལ་བར་བྱེད་པའོ། །པ་ནཱི་བ་ཙྱ་ཏེ། ས་ནཱི་སྲ་སྱ་ཏེ། ད་ནཱི་དྷྭ་སྱ་ཏེ། བ་ནཱི་བྷྲ་སྱ་ཏེ། ཙ་ནཱི་ཀ་སྱ་ཏེ། སཱ་ནཱི་ས་ཏྱ་ཏེ། ཙ་ནཱི་སྐ་ཏྱ་ཏེ། ཤིན་དུ་འཁྱོག་པོར་བགྲོད་དོ། །ཤིན་དུ་འོག་ཏུ་ལྟུང་བར་བྱེད་དོ།ལྟུང་ངོ་ལྟུང་བར་བྱེད། འཁྱོག་པོར་འགྲོའོ། །དེ་ལྟར་འགྲོ་བར་བྱེད། འགྲོ་བར་འགྱུར་རོ། །ཤིན་དུ་སྐེམས་པར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །ནི་ཨཱ་ག་མའོ། ། ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པས་ན་དབྱིའོ། །ཨཱ་ག་མ་བྱས་པ་ན་ཐུང་ངུར་མི་འགྱུར་ཏེ། རིང་པོ་བརྗོད་པའི་ཤུགས་ལས་སོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། བི་བཉྩི་ཥ་ཏི། རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨཏ་མཐའི་རྗེས་སུ་ང་རོའོ། །བྱིངས་རྗེས་སུ་སྣ་ལྡན་གྱི་མཐའ་ ཅན་གྱི་ཨ་བྷྱཱ་ས་དེའི་ཨཏ་མཐའ་སྟེ་ཨ་ཡིག་གི་མཐའི་རྗེས་སུ་ང་རོ་ཨཱ་ག་མ་འགྱུར་ཏེ། ཙེ་ཀྲཱི་ཡི་ཏ་ཕ་རོལ་ལའོ། །ཡཾ་ཡ་མྱ་ཏེ། ཏཾ་ཏ་ནྱ་ཏེ། བཾ་བྷཎྱ་ཏེ། ཡམ་ཉེ་བར་འཇིག །ཏ་ནུ་རྒྱས། བྷ་ཎ་སྒྲ། ཤིན་དུ་ཉེ་བར་འཇིག་གོ། །རྒྱས་སོ། །སྨྲའོ་ལ་ཡ་སྒྲའོ། །ལན་ གཉིས་བརྗོད་དོ། །རྗེས་སུ་ང་རོ་ཨཱ་ག་མའོ། །དེ་བཞིན་དུ། ཙ་ཀྲ་མྱ་ཏེ། དཾ་ཏྲ་ མྱ་ཏེ། ཀྲ་མུ་རྐང་པ། ཏྲ་མ་འགྲོ་བ་ལའོ། །འཁྱོག་པོར་བསྐྱོད་དོ། །འགྲོ་བར་བྱེད་དོ་ལ་བཤད་པ་ལས་ཡ་སྒྲའོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །ཨཏྲ་ཞེས་པ་ཅི་ཞེ་ན། ཏེ་ཏི་མྱ་ཏེ། ཏིམྲ་ཏཱིམྲ་ཥྚིམྲ། ཤིན་དུ་གཤེར་བར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་ཡོན་ཏན་ནོ། །མཚན་ཉིད་ཅན་གྱི་ཨ་ཡིག་མཐའ་ཅན་གྱི་མི་འགྱུར་ཏེ། མཚན་ཉིད་ལས་བྱུང་བ་སྒྲུབ་པ་བརྗོད་པ་དག་སྒྲུབ་པ་བརྗོད་ཟིན་པ་ཉིད་གཟུང་ངོ་ཞེས་པའི་ཚིག་ལས་སོ། ། བཱ་བྷཱ་མྱ་ཏེ། བྷཱ་མ་ཁྲོ་བ་ཤིན་དུ་ཁྲོ་བར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད། ཐུང་ངུའོ། །ཨཱ་ག་མ་མེད་པའི་རིང་པོའོ། །རྗེས་སུ་སྣ་ལྡན་མཐའི་ཞེས་པ་ཅི་ཞེ་ན། པཱ་པ་ཙྱ་ཏེ། ཛ་པ་སོགས་རྣམས་ཀྱི་འང་ངོ་། །ཛ་པ་སོགས་རྣམས་ཀྱི་ཨ་བྷྱཱ་སའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་རྗེས་སུ་ང་རོ་ཨཱ་ག་ 195-1-188b མར་འགྱུར་རོ། །ཛཔ་བཟླས་པ། ཛ་བྷ་ཛྲྀ་བྷི་ལུས་ཀྱི་རྣམ་འགྱུར་ལའོ། །དཧ་ཐལ་བར་བྱེད་པ་ལའོ། །དཾ་ཤ་ཟ་བ། བྷཉྫོ་ཀུན་དུ་ཉེད་པ་ལའོ། །པས་འགྲོ་བ་ལའོ། །འདི་རྣམས་ཛཔ་སོགས་རྣམས་ཏེ། བྱཱ་ཀ་ར་ཎའི་མཚོན་བྱའི་རྩ་བ་ཉིད་ལས་སོ། །ཛཾ་ཛ་བྱ་ཏེ། ཛཾ་ཛ་བྷྱ་ཏེ། དཾ་ད་ཧྱ་ ཏེ། ད་ནཱ་ནྱ་ཏེ། བཾ་བྷྱ་ཛྱ་ཏེ། པཾ་པ་སྱ་ཏེ། ཤུབ་བུས་བཟླས་སོ། །ལུས་འགྱུར་བར་བྱེད་དོ། །སྲེག་པར་བྱེད་དོ། །ཟ་བར་བྱེད་དོ། །ཤིན་དུ་ཉིད་དོ། །ཤིན་དུ་འཁྱོག་པོར་འགྲོ་བར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པས་ན་ དབྱིའོ། །ཙར་ཕལ་དག་གི་སྟེ་ཕ་རོལ་གྱི་ཨའི་ཨུཏ་འང་ངོ་། །ཙར་འགྲོ། ཕལ་རྫོགས། འདི་དག་གི་ཨ་བྷྱཱ་སའི་རྗེས་སུ་ང་རོ་ཨཱ་ག་མ་དང་ཕྱི་མའི་ཨ་ཡིག་ཨུ་ཡིག་ཏུ་བསྒྱུར་བར་འགྱུར་ཏེ། ཙེ་ཀྲཱི་ཡི་ཏ་ཕ་རོལ་ལའོ། །ཙཾ་ཙུཪྻ་ཏེ། པཾ་ཕུ་ལྱ་ཏེ། དལ་བུས་རྒྱུ་བར་བྱེད། ཤིན་ དུ་མཐར་ཕྱིན་ནོ་ལ་ཡ་སྒྲའོ། །གཉིས་པ་བཞི་པ་དག་གི་ཞེས་པས་ཕའི་པའོ། །འདིས་རྗེས་སུ་ང་རོའོ། །ཕྱི་མའི་ཨ་ཡིག་ཨུ་ཉིད་དོ། ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །ཙེ་ཀྲཱི་ཡི་ཏ་ལས་ཞེས་པ་ཅི་ཞེ་ན། ཙ་ཙཱ་ར། རྀ་ལྡན་པའི་རཱྀའོ། །གང་ལ་རྀ་ཡོད་པ་དེ་ནི་རྀ་ལྡན་པའོ། ། རྀ་ལྡན་པའི་བྱིངས་ཀྱི་ཨ་བྷྱཱ་སའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་རཱི་ཨཱ་ག་མར་འགྱུར་རོ། །ད་རཱི་དྲཱཾ་ཤྱ་ཏེ། ན་རཱི་ནྲཾ་ཏྱ་ཏེ། དྲྀ་ཤིར་ལྟ་བ། ནྲྀ་ཏཱི་ལུས་གཡོ་བ། ཤིན་དུ་ལྟ་བར་བྱེད། ཤིན་དུ་གར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །རཱྀ་ཨཱ་ག་མའོ། །མཚན་ཉིད་མིན་པའི་སྒྲུབ་པ་ བརྗོད་པ་ནི་མི་རྟག་སྟེ། ཡོངས་སུ་བཤད་པ་སྠཱ་དཱ་དག་གིའང་ངོ་ཞེས་མདོ་བརྩམས་པ་ལས་སོ། །དེས་ན་གང་ལ་རྀ་ཡིག་ཀྱང་མཚན་ཉིད་ལས་བྱུང་བ་དེ་ལ་ཨཱ་ག་མ་ཡང་སྟེ། ཛི་རི་གྲྀ་ཧྱ་ཏེ། གྲ་ཧ་ཉེ་བར་ལེན་པ་ལའོ། །ཤིན་དུ་ལེན་ནོ་ལ་ཡ་སྒྲའོ། །གཉིས་བརྗོད་དོ། །གྲ་ཧི་ཛྱ་ བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །རྀ་ལྡན་པ་ཞེས་པ་ཅི་ཞེ་ན། ཙེ་ཀྲཱི་ཡ་ཏེ། ཌུ་ཀྲཱྀཉ་བྱེད། ཡ་སྒྲའོ། །རྀཏྲའོ། །ཙའི་ཙེ་ཀྲཱི་ཡི་ཏ་ཞེས་པས་ཨི་ཡིག་ཨཱ་ག་མའོ། །ཙེ་ཀཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། བ་བྷྲྀ་དྷེ། འཇིག་པ་ལ་རི་རེ་ཕ་དག་ཀྱང་ངོ་། །ཙེ་ཀྲཱི་ཡི་ཏ་འཇིག་པར་གྱུར་པ་ལ་ 195-1-189a རྀ་ལྡན་པའི་བྱིངས་ཀྱི་ཨ་བྷྱཱ་སའི་རཱྀ་ཨཱ་ག་མར་འགྱུར་ཏེ། རི་དང་ར་ཡིག་དག་ཀྱང་ངོ་། ན་རཱི་ནརྟི། ན་རི་ནརྟི། ནཪྛརྟི། ནྲི་ཏི་ལུས་རྣམ་པར་གཡོ་བ་ལའོ། །ཡ་སྒྲའོ། །སྒྲུབ་པ་ཐམས་ཅད་རྣམས་ལས་དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པས་ཡོངས་སུ་ བཤད་པས་སྔ་མ་ལ་ཙེ་ཀྲཱི་ཡི་ཏ་ཡང་ན་འཇིག་གོ། །དེ་ནས་གང་རྐྱེན་ཕྱིས་པ་ལ་རྐྱེན་གྱི་མཚན་ཉིད་དོ་ཞེས་པའི་ཚིག་ལས་གཉིས་བརྗོད་དོ། འཇིག་གོ་ཡིས་ཕྱིས་པ་ན་རྐྱེན་གྱི་བྱ་བའོ་ཞེས་པས་འདིའི་འང་དབྱི་བ་གནས་སོ། །དགག་པ་བསྟན་པ་མི་རྟག་པའོ་ཞེས་པའི་ཚིག་ལས་གཉིས་ བརྗོད་པ་བྱས་པ་ན། རཱི་རིར་ཞེས་པ་འདིས་དེ་རྣམས་ཨཱ་ག་མའོ། །ར་ལས་ཨ་ཡིག་བརྗོད་པའི་དོན་ཏོ། བྱེད་པ་པོ་ལ་པ་རསྨཻའི་ཚིག་ཅེས་པས་བརྟ་མཱ་ནའི་ཏིའོ། །ཨནྦི། ཨད་སོགས་ལས་འཇིག་གོ། །ཨུ་པ་དྷ་ནཱ་མིའི་ཞེས་པས་ཡོན་ཏན་ནོ། །འདིར་ཎ་ཉིད་དུ་མི་འགྱུར་ཏེ་ ཀྱང་གི་སྒྲ་ལས་སོ། །རྀ་ལྡན་པ་ཞེས་པ་ཅི་ཞེ་ན། ཙཱ་ཀརྟི། ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཤིན་དུ་གཡེང་ངོ་ཞེས་པས་ཡ་སྒྲའོ། །སྔ་མ་བཞིན་དུ་འཇིག་གོ། །གཉིས་བརྗོད་ཐུང་ངུའོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །གཞན་སྔ་མ་བཞིན་ནོ། །མཚུངས་པ་མ་ ཕྱིས་པ་ན་ཡང་བ་ལ་ཨིན་ཙཎ་ཕ་རོལ་ལ་སན་བཞིན་ནོ། །མ་ཕྱིས་པ་ལ་སནྲ་དང་འདྲ་བའོ་ཞེས་སྦྲེལ་ལོ། །ཨིན་གང་ལས་ཙ་ཎ་ཕ་རོལ་ཡིན་པ་དེ་ནི་ཙ་ཎ་ཕ་རོལ་ལོ། །མཚུངས་པ་སྟེ་མཚུངས་པའི་མིང་ཅན་གྱི་ཡི་གེ་མ་ཕྱིས་པ་སྟེ་ཕྱིས་པ་མེད་པར་གྱུར་པ་ན། ཡང་བའི་ཡི་གེ་ཕ་རོལ་ལ་ཨ་བྷྱཱ་ སའི་སན་དང་འདྲ་བའི་བྱ་བར་འགྱུར་ཏེ། སན་ལ་གང་བརྗོད་པ་དེ་ཨིན་ཙཎ་ཕ་རོལ་ལ་འགྱུར་རོ་ཞེས་པའི་དོན་ཏོ། །ཨིན་གང་ལས་ཙཎ་ཕ་རོལ་ཡིན་པ་དེ་ལ་ཞེས་ཨིནའི་རྐྱེན་གཞན་གྱི་ཚིག་ཅན་གྱི་དོན་ཅན་གྱི་ཕ་རོལ་དུ་ཙཎ་སྲིད་པར་འགྱུར་རོ། །ཨ་ཙཱི་ཀ་ར་ཏ། ཨ་པཱི་པ་ཋཏྲ། ཌུ་ཀྲཱྀཉ་ བྱེད། པ་ཋ་གསལ་བྱེད་དུ་འཇུག་པ་ལ་སྦྱོར་རོ། །ཀློག་ཏུ་འཇུག་པ་ལ་སྦྱོར་ལ་ཡང་ཨིནྲའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོའོ། །ཤྲྀ་དྲུ་སྲུ་ཀ་མི་ཞེས་པས་ཙ་ཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པ་མིན་པ་ཞེས་པས་ཐུང་ངུའོ། །ཨིན་ལ་བྱས་པ་ 195-1-189b གནས་ཅན་བཞིན་ནོ་ཞེས་པས་ཀྲྀ་དང་པ་ཋ་དག་ལན་གཉིས་བརྗོད་དོ། །འདི་སན་དང་འདྲ་བའི་བྱ་བའོ། །དེས་ན་སནྲ་ལ་ཨའི་ཡི་གེ་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དའི་ཏའོ། །ཨ་ལཱི་མ་བཏྲ། ཨ་བཱི་བྷ་བཏ། ལུཉ་གཅོད། བྷུ་ཡོད་པ་ ལའོ། །གཅོད་དུ་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་ཡོད་དུ་འཇུག་གོ་ལ་སྦྱོར་རོ། འཕེལ་བའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །སྔ་མ་བཞིན་དུ་ཐུང་ངུའོ། །གནས་ཅན་དང་འདྲ་བར་འགྱུར་བས་ལཱུ་བྷུ་ཞེས་པ་ལན་གཉིས་བརྗོད་དོ། །ཐུང་ངུའོ། །སན་དང་འདྲ་བར་འགྱུར་བས་ཛ་ དང་མཐར་གནས་དང་པ་སྡེ་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །མཚུངས་པ་མ་ཕྱིས་པ་ན་ཞེས་པ་ཅི་ཞེ་ན། ཨ་ཙ་ཀ་ཐཏ། ཨ་ད་རི་ཥཏ། ཀ་ཐཱ་ཞེས་པ་དང་། དྲྀ་ཥད་ཅེས་པ་འདི་ལས་ཨིན་ཏེ་ཀཱ་རི་ཏའང་ངོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་ཡི་གེ་གཅིག་མ་ཡིན་པའི་ཞེས་ པས་མཐའི་དབྱངས་དང་པོ་དབྱིའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །གཉིས་བརྗོད། གང་ལ་ཨིན་ཕ་རོལ་ལ་ཨིན་ལ་དབྱི་བ་དེ་ལ་མཚུངས་པ་ཕྱིས་པ་ཉིད་ལས་སནྲ་བཞིན་དུ་འགྱུར་བ་ཐོབ་པ་མ་ཡིན་ནོ་ཞེས་བཤད་པར་བྱ་སྟེ། མདོ་ཕྱི་མ་ལ་ཡང་ངོ་། །ཨ་བཱི་བ་དཏ། བད་གསལ་ བར་སྨྲ་བ། སྨྲ་བ་ལ་སྦྱོར་དུ་འཇུག་གོ་ལ་ཨིནའོ། །རིང་པོའོ། །སྨྲ་རུ་འཇུག་པ་ལ་སྦྱོར་རོ་ལ་སླར་ཡང་ཨིནྲའོ། །ཀཱ་རི་ཏ་སྔ་མ་དབྱིའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། བཤད་པ་ལས་ཐུང་ངུའོ། །གཉིས་བརྗོད། བཤད་པ་ལས་ཨི་ཉིད་དོ། །རིང་པོའང་ངོ་། །ཡང་བ་ན་ ཞེས་པ་ཅི་ཞེ་ན། ཨ་ར་རཀྵཏྲ། རཀྵ་བསྲུང་བ་ལའོ། བསྲུང་དུ་འཇུག་པ་ལ་སྦྱོར་བ་ལ་ཨིནའོ། །དིའོ། །ཙཎའོ། །འདིར་བརྩེགས་པ་ལ་ལྗིའོ་ཞེས་པས་ཨ་ཡིག་ལྗི་བའོ། །ཙཎ་ཕ་རོལ་ལ་ཞེས་པ་ཅི་ཞེ་ན། ཨ་ཧཾ་པ་པཱ་ཋ། ཨ་ཧཾ་པ་པཱ་ཙ། གཅིག་ཚིག་ཨཊ་ཕྱི་མའོ། །ཡང་བའི་ རིང་པོའོ། །མདོ་སྔ་མ་རྗེས་སུ་འཇུག་སྟེ་མཚུངས་པ་མ་ཕྱིས་པར་གྱུར་པའི་ཙཎ་ཕ་རོལ་ལ་དང་ཨིན་ཕ་རོལ་ཅན་གྱི་ཡང་བ་ཕ་རོལ་གང་ཡིན་པ་དེ་ལ་ཨ་བྷྱཱ་སའི་ཡང་བ་སྟེ་ཡང་བའི་མཐའ་རིང་པོར་འགྱུར་རོ། །ཨ་ཡཱི་ཡ་ཛཏ། ཨ་བཱི་པ་ཙཏ་ཡང་བའི་ཞེས་པ་ཅི་ཞེ་ན། ཨ་ཏི་ཏྲ་པཏ། 195-1-190a དྲེེང་སྐྱོང་བ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་ཞེས་པས་ཨཱ་ཉིད་དོ། །སྐྱོང་དུ་འཇུག་པ་ལ་སྦྱོར་བ་ལ་ཨིནྲའོ། །ཨརྟི་ཧྲཱི་ཙླི་ཞེས་པས་པ་ཡིག་ཨཱ་ག་མའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། ཨིན་དང་ཙཎ་དང་མཚུངས་པ་ཞེས་པས་ཐུང་ངུའོ། །སྔ་མས་ཨི་ཉིད་ དོ། །ཡང་བ་ཞེས་པ་ཅི་ཞེ་ན། ཨ་ར་རཀྵཏྲ། མཚུངས་པ་མ་ཕྱིས་པ་ཞེས་པ་ཅི་ཞེ་ན། ཨ་ཙ་ཀ་ཙཾ་ཐཾ། ཏྭར་སོགས་རྣམས་ཀྱིའང་ཨའང་ཨའོ། །ཨའོ་ཞེས་པ་འདི་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །ཙཎ་ཕ་རོལ་ལ་ཞེས་པ་ཁོ་ནའོ། །ཏྭ་ལ་སོགས་པ་རྣམས་ཀྱི་ཨ་བྷྱཱ་སའི་མཐའ་ གང་ཡིན་པ་དེ་ཨིན་ལ་ཙཎ་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ས་ཡིག་གི་ཨ་ཡིག་ཏུ་སྒྲུབ་པ་ནི་སན་དང་འདྲ་བའི་ཨི་ཉིད་དང་རིང་པོ་ཉིད་ཀྱང་འགེགས་པའོ། །ཉི་ཏྭར་ཡང་དག་པར་གཡོ་བ་ལའོ། པྲཐ་གཏམ་པ་ལའོ། །མྲ་ད་ཉེད་པ་ལའོ། །སྨྲྀ་སེམས་པ། དྲྀང་མ་ གུས་པ། སྟྲྀཉ། སྤྲྀ་ཤ་གནོད་པ་ལའོ་ཞེས་པ་འདི་རྣམས་དྲར་ལ་སོགས་པ་རྣམས་སོ། །ཨ་ཏ་ཏྭ་རཏྲ། ཨ་པ་པྲ་ཐཏ། ཨ་མ་མྲ་དཏྲ། ཨ་ད་ད་རཏྲ། ཨ་ཏ་སྟ་རཏྲ། ཨ་པ་སྤཪྵཏ། མགྱོགས་པར་འཇུག་པར་ལ་སྦྱོར་རོ། །དེ་བཞིན་དུ་གཏམ་དུ་འཇུག་གོ། །ཉེད་དུ་འཇུག་ གོ། །དྲན་དུ་འཇུག་གོ། །མ་གུས་སུ་འཇུག་གོ། །སྒྲིབ་ཏུ་འཇུག་གོ། །གནོད་དུ་འཇུག་གོ་ལ་ཨིནྲའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་སྟེ་རིང་པོ་དང་། ཏྭ་རི། པྲ་ཐི། མྲ་དི་སོགས་ཀྱིས་མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། ཨིན་དང་ཙཎ་ལ་མཚུངས་པ་ཞེས་པས་ཐུང་ངུའོ། །གཉིས་བརྗོད། ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པ་ལའོ། །འདིས་ཨ་བྷྱཱ་སའི་མཐའ་ཨ་ཡིག་ཏུ་བསྒྱུར་རོ། །བེཥྚི་དང་ཙེཥྚི་དག་གི་ཨ་བྷྱཱ་སའི་ཨ་ཡིག་ཏུ་བསྒྱུར་བ་ཡང་ན་འདོད་དེ། ཨ་བ་བེཥྚཏྲ། ཨ་བི་བེཥྚཏྲ། ཨ་ཙ་ ཙེཥྚཏྲ། ཨ་ཙི་ཙེཥྚཏྲ། བེཥྚ་བསྐོར། ཙེཥྚ་བྱ། བསྐོར་དུ་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་བྱ་བ་ལ་འཇུག་གོ་ལ་ཨིནྲའོ། །དིའོ། །ཙཎའོ། །གཉིས་བརྗོད། ཐུང་ངུའོ་ཞེས་པས་ཐུང་ངུའོ། ཨེ་ཡིག་གི་ཨི་ཡིག་གོ། །དེའི་བཤད་པ་ལས་ཡང་ན་ཨ་ཡིག་གོ། ། 195-1-190b ག་ཎིའི་ཨཱི་བའང་ངོ་། ག་ཎིའི་ཨ་བྷྱཱ་སའི་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨིན་དང་ཙཎ་ཕ་རོལ་ལའོ། །ཨཱིའང་ངོ་། །ཨ་ཛ་ག་ཎཏྲ། ཨ་ཛཱི་ག་ཎ་ཏ། ག་ཎ་གྲངས། ཙུ་ར་ལ་སོགས་པ་ཉིད་ལས་ཨིནའོ། །ཨའི་དབྱིའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །འདིས་ ཨ་ཡིག་ཏུ་བསྒྱུར་བ་སྟེ་ཨཱི་ཉིད་ཀྱང་ངོ་། །འདི་ནས་ཨ་བྷྱཱ་སའི་དབྱིའོ། །འདི་ནི་སྤྱིར་བཏང་བ་སྟེ། མདོ་འདི་ནས་བརྩམས་ནས་ཨ་བྷྱཱ་སའི་དབྱི་བར་འགྱུར་རོ་ཞེས་སྤྱིར་བྱས་པའོ། །འདི་ནི་རྐང་པ་ཡོངས་སུ་རྫོགས་པའི་བར་དུ་སྟེ། འདི་ནས་སྨོས་པ་ནི་སྤྱིར་བཏང་བ་གསལ་བར་བྱེད་ པའི་དོན་དུའོ། །སླར་ཡང་ཨ་བྷྱཱ་ས་སྨོས་པ་ཨ་བྷྱཱ་ས་ཐམས་ཅད་དབྱི་བའི་དོན་ཏེ། རྣམ་པ་གཞན་དུ། ཡི་གེའི་མཐའི་སྒྲུབ་པའོ་ཞེས་ཨ་བྷྱཱ་སའི་མཐའི་འགྱུར་བ་ལས་སོ། །སན་ལ། མཱི། མ། དཱ། ར་བྷ། ལ་བྷ། ཤཀ། པཏ། པད་རྣམས་ཀྱི་དབྱངས་ཀྱི་ཨིསྲའོ། ། མཱི་ཞེས་པ་མཱིཉ་འཚེ་བ་ལའོ། །ཌུ་མིཉ་འཕེན་པ་ལའོ་ཞེས་པས་ཡང་ནའོ། །ཌུ་མཱིཉ་ལས་ཀྱང་དབྱངས་མཐའ་རྣམས་ཀྱི་སནྲ་ལའོ་ཞེས་པས་རིང་པོ་བྱས་པ་མི་ཞེས་པའི་གཟུགས་སུ་འགྱུར་རོ། །མཱ་ཞེས་པ་མཱ་འཇལ་བ་ལའོ། །མཱང་འཇལ་བ་ལའོ། །མོང་རྡབས་ལན་ལའོ་ཞེས་པ་ གསུམ་རྣམས་གཟུང་ངོ་། །དཱ་ཞེས་པ་དཱའི་མིང་ཅན་རྣམས་སོ། །མཱི། མཱ། དཱ་ཞེས་པ་དེ་རྣམས་སོ། །དེ་བཞིན་དུ་ར་བྷ་རྩོམ་པ་ལའོ། །ཌུ་ལ་བྷཥ་ཐོབ་པ་ལའོ། །ཤ་ཀླྀ་ནུས་པ་ལའོ། །པཏླྀ་འགྲོ་བ་ལའོ། །པད་འགྲོ་བ་ལའོ་ཞེས་པ་དེ་རྣམས་ཀྱི་དབྱངས་གང་ཡིན་པ་དེ་སནྲ་ ཕ་རོལ་ལ་ཨིས་སུ་བསྒྱུར་བར་འགྱུར་ཏེ། ཨ་བྷྱཱ་ས་དབྱི་བ་འང་ངོ་། །མིཏྶ་ཏི། པྲ་མིཏྶ་ཏི། མིཏྶ་ཏེ། དིཏྶ་ཏི། དྷ་ཏྶ་ཏི། མཱིཉ་འཚེ་བ་ལའོ། །པཏླྀ་འགྲོ་བ་ལའོ། །ཌུ་མིཉ་ལ་པྲ་སྔོན་དུའོ། །མཱ་འཇལ་བ། ཌུ་དཱཉ། ཌུ་དྷཱཉ། འཚེ་བར་འདོད་དོ་ཞེས་པ་ལ་སོགས་པ་དག་ གོ། །སནའོ། །ཌུ་མིཉའི་དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །གཉིས་བརྗོད། འདིས་དབྱངས་ཀྱི་ཨིསའོ། །ཨ་བྷྱཱ་སའི་དབྱིའོ། །སའི་ས་ལ་བྱིངས་ཐམས་ཅད་པ་མིན་པ་ལ་ཏའོ་ཞེས་པས་སའི་ཏའོ། །ཨཱ་རིསྶ་ཏེ། ཨཱ་ལིསྶ་ཏེ། ཤིཀྵ་ཏི། པིཏྶ་ཏི། 195-1-191a སིཏྶཏི། ར་བྷི། ལ་གྷི་ལ་ཨཱངྲ་སྔོན་དུའོ། །རྩོམ་པར་འདོད། ཐོབ་པར་འདོད། ནུས་པར་འདོད། འགྲོ་བར་འདོད། འགྲོ་བར་འདོད་དོ་ལ་སནྲའོ། །གཉིས་བརྗོད། འདིས་དབྱངས་ཨིསྲའོ། །ཨ་བྷྱཱ་ས་དབྱིའོ། །བརྩེགས་པ་དང་པོ་ས་ཀ་དག་གི་ཞེས་པས་ ས་དབྱིའོ། །པཏ་ལ་སན་ལ་ཨིཊ་ཡང་ནའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པ་རྣམས་ཀྱི་ཞེས་པས་བྷའི་པའོ། །དའི་ཏའོ། །ཥ་ཉིད་དོ། །སན་ལ་ཞེས་པ་ཅི་ཞེ་ན། མཱ་སྱ་ཏི། མཱི་ན་ཏི་མཱི་ནོ་ཏི་དིང་རྣམས་ཀྱི་ཞེས་པས་མིཉའི་ཨ་ཉིད་དོ། །ཨིཊ་དང་བཅས་པའི་སནྲ་ཕ་རོལ་ལ་མི་འདོད་དེ། པི་པ་ཏི་ཥ་ཏི། འོ་ན། ཨ་མཱི་མ་པཏྲ། ཅི་ལྟར་ཡིན་ན་མཱིཉ་འཚེ་བ་ལའོ། །འཚེ་རུ་འཇུག་པ་ལ་སྦྱོར་རོ་ཞེས་པས་ཨིནྲའོ། །མཱི་ན་ཏི་མི་ནོ་ཏི་ཞེས་པས་ཨཱ་ཉིད་དོ། །ཨརྟི་ཧྲཱི་ཙླྀ་ཞེས་པས་པ་ཡིག་ཨཱ་ག་མའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པ་ ཞེས་པས་ཐུང་ངུའོ། །གནས་ཅན་དང་འདྲ་བར་འགྱུར་བ་ལས་མཱི་གཉིས་བརྗོད། ཐུང་ངུའོ། །མཚུངས་པ་མ་ཕྱིས་པ་ན་ཞེས་པ་འདིས་སནྲ་དང་འདྲ་བར་འགྱུར་བ་ལས་ཨ་བྷྱཱ་ས་དབྱི་བ་ཐོབ་པོ་ཞེས་པ་དེ་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། མཱི་ཞེས་པའི་གཟུགས་འདིའི་སན་ལ་ གང་བཤད་པ་དེ་སན་བཞིན་གྱུར་པ་ལས། མཱི་ཞེས་པ་འདི་ཉིད་ཀྱི་ཤིན་དུ་བསྟན་པར་འདོད་པ་ལ་སྦྱོར་བ་ན། ཨིན་བྱས་པ་འདི་ལ་ནི་སྒྲ་གཞན་ཡང་དག་པར་སྐྱེའོ་ཞེས་པས་འདིར་སན་དང་འདྲ་བར་འགྱུར་བས། ཨ་བྷྱཱ་ས་དབྱི་བར་ཅི་ལྟར་འགྱུར། འཚེ་བའི་དོན་ལ་རཱ་དྷིའི་དབྱངས་ཀྱི་ སནྲ་ལ་ཨིས་ཉིད་བཤད་པར་བྱ་བ་དང་། ཨ་བྷྱཱ་ས་དབྱི་བ་ཡང་ངོ་། །པྲ་ཏི་རི་ཏ་ས་ཏི། རཱ་དྷ་སཱ་དྷ་འཚེ་བ་ལའོ། །པྲ་ཏི་སྔ་མར་རོ། །སོ་སོར་འཚེ་བར་འདོད་པ་ལ་སནའོ། །དབྱངས་ཀྱི་ཨིས་སོ། །ཨ་བྷྱཱ་ས་དབྱིའོ། །སྔ་མ་བཞིན་དྷའི་ཏའོ། །འཚེ་བ་ལ་ཞེས་པ་ཅི་ཞེ་ན། ཨཱ་རི་ རཱཏྶ་ཏི། རཱ་དྷི་ལས་སྔོན་དུ་ཨཱའོ། །ཀུན་དུ་བསྒྲུབ་པར་འདོད་དོ་ལ་སནའོ། །གཉིས་བརྗོད་སནྲ་ལ་ཨའི་ཡི་གེ་ཞེས་པ་ཨི་ཉིད་དོ། །ཨཱ་པཱོ་ཏིའི་ཨཱིའོ། །ཨཱ་ལྤོ་ཁྱབ་པ་ལའོ་ཞེས་པ་འདིའི་དབྱངས་གང་ཡིན་པ་དེ་སན་ཕ་རོལ་ལ་ཨི་ཉིད་དུ་འགྱུར་རོ། །ཨཱི་པྶཏ། ཁྱབ་པར་འདོད་དོ་ལ་ 195-1-191b སནྲའོ། །ཨཱཔླ་ཞེས་གནས་པ་ལ་དབྱངས་དང་པོ་ལས་གཉིས་པའི་ཞེས་པས་པྶ་ལན་གཉིས་བརྗོད་དོ། །འདིས་ཨཱ་ཡིག་གི་ཨཱི་ཉིད་དོ། །ཨ་བྷྱཱ་ས་དབྱིའོ། །སན་ལ་ཞེས་པ་ཅི་ཞེ་ན། པྲཱ་པྶྱ་ཏི། ཨ་པའི་སྔོན་དུ་པྲའོ། །སྱ་ཏིའོ། །ཛྙི་པི་དང་རྀ་དྷིའི་དབྱངས་ནི་སན་ཕ་རོལ་ལ་གྲངས་ བཞིན་དུ་ཨཱི་ཡིག་དང་ཨཱིར་དུ་བསྒྱུར་བར་བྱ་སྟེ། ཨ་བྷྱཱ་ས་དབྱི་བའང་ངོ་། །ཛྙཱིཔྶཏི། ཨཱིརྟྶཏི། ཛྙ་རྟོགས་པ་ལའོ། །རྟོགས་སུ་འཇུག་པ་ལ་སྦྱོར་བར་འདོད་དོ་ཞེས་པས་ཨིནྲའོ། །ཨརྟི་ཧྲི་ཅླྀ་ཞེས་པ་པ་ཡིག་ཨཱ་ག་མའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། ཛྙཔི་ཞེས་ གནས་པ་ལ་སནྲའོ། །རྀ་དྷུ་འཕེལ་བ་ལའོ། །འཕེལ་བར་འདོད་དོ་ལ་སནྲའོ། །སན་ལ་དེ་དག་ལ་ཨིཊ་ཡང་ནའོ། །ཤིཊ་མིན་པ་རྣམས་ཀྱི་སྒྲ་མེད་པ་ལ་དང་པོ་ཞེས་པས་དྷའི་ཏའོ། །ཛྙཔི་ས། རིཏྶ་ཞེས་པས་གནས་པ་ལ་ཛྙ་པའི་དང་པོ་ལན་གཉིས་བརྗོད་དོ། །རྀ་དྷིའི་ནིཏྶ་ཞེས་པ་འདིའོ། ། བཤད་པ་ལས་ཛྙཱ་པའི་ཨ་ཡིག་ཨཱི་ཉིད་དོ། །རྀ་དྷིའི་ཡང་རྀ་ཡིག་གི་ཨཱིརྲའོ། །ཨ་བྷྱཱ་ས་དབྱིའོ། །ཕྱོགས་གཅིག་ལ་དེ་མི་འདོད་དེ། དེས་ན། ཛི་ཛྙ་པ་ཡི་ཥ་ཏི། ཨརྟི་དྷི་ཥ་ཏི། ཛྙ་པ་པ་ལས་སནའོ། །གཉིས་བརྗོད་དོ། །ཨིཊའོ། །ཡོན་ཏན་ནོ། །ཨེའོ། །ཨརའོ། །ན་བ་ར་ད་ རྣམས་ཞེས་བཀག་པ་ལས་ཨརྟི་ཞེས་པ་འདིའི་དྷི་སྒྲ་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་དྷའི་དའོ། །དབྷིའི་ཨིཏྲ་འང་ངོ་། །དམྦྷིའི་དབྱངས་ཀྱི་སནལ་ཨི་ཉིད་དུ་འགྱུར་ཏེ། ཨི་ཡིག་ཏུ་བསྒྱུར་བའང་ངོ་། །དྷིཔྶ་ཏི། དྷཱཔྶཏི། དནྡྷུ་ཚུལ་འཆོས། ཚུལ་འཆོས་པར་ འདོད་དོ་ཞེས་པས་སནའོ། །འདིའི་འང་སན་ལ་ཨིཊའོ། །གཉིས་བརྗོད། འདིས་དབྱངས་ཨི་ཉིད་དང་ཨཱི་ཡང་ངོ་། ཨ་བྷྱཱ་ས་དབྱིའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་དཱའི་དྷའོ། །བཤད་པ་ལས་ཨ་ནུ་ཥཾ་ག་དབྱིའོ། །སྒྲ་མེད་པ་ལ་ཤིཊ་མིན་པ་རྣམས་ཀྱི་ཞེས་པས་བྷའི་ བའོ། །ཨིཊའི་ཕྱོགས་ལ་ཨི་ཉིད་དང་ཨི་ཡང་མི་འདོད་དེ། དི་དཾ་བྷི་ཥ་ཏི། ད་ཡ་ཏིའི་པ་རོ྅ཀྵ་ལ་དི་གིའོ། །ད་ཡ་ཏི་དེངྲ་བསྲུང་བ་ལའོ་ཞེས་པ་འདི་པ་རོ྅ཀྵ་ཕ་རོལ་ལ་དི་གི་རུ་བསྒྱུར་བར་འགྱུར་རོ། །དི་གྱེ། དི་གྱཱུ་ཏེ། དི་གྱི་རེ། དེང་བསྲུང་། ཨེ་དང་ཨཱ་ཏེ་དང་། ཨིརེའོ། ། 195-1-192a གཉིས་བརྗོད་དོ། འདིས་དི་གི་རུ་བསྒྱུར་རོ། །ཨ་བྷྱ་ས་དབྱིའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ད་ཡ་ཏེ། ཏེའོ། །ཨནྤི། ཡོན་ཏན་ནོ། །ཨེ་ཨ་ཡའོ། །ད་ཡ་ཏི་ཞེས་པ་ད་ཡ་སྦྱིན་པ་དང་འགྲོ་ བ་དང་ཞེས་པ་མི་བཟུང་སྟེ། པ་རོ྅ཀྵ་ལ་ཨཱ་མ་གྱི་རྐྱེན་གྱིས་ཐ་སྙད་བྱས་པ་ཉིད་ལས་སོ། །ད་ཡཱཾ་ཙཀྲེ། ད་ཡ་དང་ཨ་ཡ་དང་ཨཱས་ལས་ཀྱང་ངོ་ཞེས་པས་ཨཱཾའོ། །ཨཱ་ལས་ཀྲྀཉའོ། །གཉིས་བརྗོད། དེང་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཇོ་བོ་དྲག་འབྱོར་གྱིས་ མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་ལས་རྐང་པ་གསུམ་པ་རྫོགས་སོ།། །།མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སཾ་པྲ་སཱ་ར་ཎའོ། །མཐར་གནས་པ་གང་དབྱངས་ཕ་རོལ་དང་ལྷན་ཅིག་འཇུག་པ་དེ་ནི། ཕ་རོལ་དང་དབྱངས་དང་ བཅས་པར་ཡོངས་སུ་བཤད་དོ། །བྱིངས་མཐར་གནས་པ་གང་ཕ་རོལ་གྱི་དབྱངས་དང་བཅས་པར་གནས་པ་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ་ཞེས་ཡོངས་སུ་བཤད་པར་བྱའོ། །འོ་ན་གལ་ཏེ་དབྱངས་མེད་པའི་གནས་ལ་གང་མཚམས་སྦྱོར་བྱས་པར་འགྱུར་བ་དེ་ཉིད་ཀྱི་གཟུགས་ཡང་དག་པར་སྐྱེད་དོ་ ཞེས་པས་ཅི་ལྟར་སཾ་པྲ་སཱ་ར་ཎ་ལ་མ་བྱས་པར་འགྱུར། དེའི་ཕྱིར་སཾ་པྲ་སཱ་ར་ཎ་སྒྲུབ་པའི་ཤུགས་ཉིད་ལས་དབྱངས་དང་བཅས་པ་གྲུབ་པས་སཾ་པྲ་སཱ་ར་ཎའོ་ཞེས་པས་ཚིག་གི་ཕ་རོལ་དབྱངས་དང་བཅས་པ་སྨོས་པ་དོན་མེད་དོ་ཞེ་ན། འདི་ནི་སྙིང་པོ་མེད་པ་སྟེ་སཾ་པྲ་སཱ་ར་ཎའི་ཤུགས་ལས་མཚམས་ སྦྱོར་གྱི་བྱ་བ་ལས་བྱས་པར་མི་འགྱུར་བ་ཕ་རོལ་གྱི་དབྱངས་དང་བཅས་པ་ཉིད་གྲུབ་བོ་ཞེས་པས་ཕ་རོལ་སྨོས་པ་རྣམ་པ་གསལ་བའི་དོན་དུའོ། །གྲ་ཧི་ཛྱ། བ་ཡི། བྱདྷི། བཥྚི། བྱ་ཙི། བྲཙྪ། བྲཤྩི། བྷྲཤྫི་རྣམས་ཀྱི་ཡོན་ཏན་མེད་པ་ལའོ། །རྐྱེན་ལ་ཡོན་ཏན་མེད་པ་ཞེས་ཚིག་ རྣམ་པར་སྦྱར་རོ། །གྲ་ཧ་ཉེ་བར་ལེན། ཛྱཱ་ལང་འཚོ་ཉམས་པ་ལའོ། །བེཉའི་བ་ཡི། བྱདྷ་སྣུན་པ་ལའོ། །ཝ་ཤ་མཛེས་པ་ལའོ། །བྱ་ཙ་ཟོལ། པྲཙྪ་ཤེས་པར་འདོད་པ། བྲཤྩུ་གཅོད་པ། བྷྲསྫ་འཚེད་པ་འདི་རྣམས་ཀྱི་མཐར་གནས་པ་ཡོན་ཏན་མེད་པའི་རྐྱེན་ཕ་ 195-1-192b རོལ་ལ་སསྤྲ་སཱ་ར་ཎར་འགྱུར་རོ། །གྲྀ་ཧྱ་ཏེ། ཛཱི་ཡ་ཏེ། གྲ་ཧ་ཉེ་བར། ཛྱཱ་ལང་འཚོ་ཉམས། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །འདིས་སསྤྲ་སཱ་ར་ཎའོ། །ར་ཡིག་གི་རྀ་ཡིག་དང་ཡ་ཡིག་གི་ཨི་ཉིད་དོ། །ནཱ་མི་མཐའ་རྣམས་ཀྱི་ཞེས་པས་རིང་པོའོ། །ཨཱུ་ཡ་ཏུཿ། ཨཱུ་ཡུཿ། བེཉ་སྣལ་མའི་རྒྱུད་ལའོ། །ཨ་ཏུ་སྲ་དང་ཨུསྲའོ། །བེཉའི་བ་ཡིའོ། །འདིས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །མཚུངས་པའི་རིང་པོའོ། །བིདྷྱ་ཏེ། ཨུཥྱ་ཏེ། བིནྱ་ཏེ། པྲྀཙྪྱ་ཏེ། བྲྀཤྩྱ་ཏེ། བྷྲྀཛྫྱཏེ། བྱ་དྷ་སྣུན། བཤ་མཛེས། བྱཙ་ཟོལ།པྲཙྪ་ཤེས་པ། ཨོ་བྲཤྩུ་གཅོད། བྷྲསྫ་འཚེད། ཏེའོ། །ཡཎའོ། །སཾ་པྲ་སཱ་ར་ཎའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པའི་ཚིག་ལས་ལྀ་ཏུ་ས་ལ་སོ་ལས་བྱུང་ཞེས་ཡི་གེ་གནས་མཐུན་པའི་ཕྱིར་བྷྲསྫའི་ས་གསུམ་པ་དེའི་དའོ། །ཏ་སྡེའི་ཙཊའི་སྡེ་པ་ཞེས་པས་དའི་ཛའོ། །གྲྀཧྞ་ ཏི། ཛིནཱ་ཏི། བ་དྷྱ་ཏི། བི་ཙ་ཏི། པྲྀཛྩ་ཏི། བྷྲྀཛྫ་ཏི། ཀྲཱི་སོགས་ལས་ནཱའོ། །བྱ་དྷའི་དིབ་སོགས་ལས་ཡནའོ། །ཁ་ཅིག་ཏུ་ཨནྦི་ཀ་ར་ཎའོ། །ཛི་ཞེས་པ་འདིའི་དེ་མཐའ་རིང་པོའོ་ཞེས་པས་རིང་པོར་བྱས་པ་ན་སུ་སོགས་རྣམས་ཀྱི་ཐུང་ངུའོ། །ཛ་རཱི་གྲྀཧྱ་ཏེ། ཛེ་ཛཱི་ཡ་ཏེ། བི་བི་དྱ་ཏེ། བི་བིཙྱ་ཏི། པ་རཱི་པྲྀཙྪྱ་ཏེ། པ་རཱི་པྲྀཤྩྱཏེ། བ་རཱི་བྷྲྀཛྫྱཏེ། ཤིན་ཏུ་ལེན་ནོ། །རྒྱས་སོ། །རྡེག་གོ། །ཟོལ་བྱེད་དོ། །འདྲིའོ། །གཅོད་དོ། །འཚེད་དོ་ཞེས་པས་ཡ་སྒྲའོ། །སཾ་པྲ་སཱ་ར་ཎའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨ་ཞེས་པས་ཛི་སྒྲའི་རིང་པོའོ། གཉིས་བརྗོད་དོ། །རྀ་ལྡན་པའི་རཱིའོ། །ཡོན་ཏན་འང་སྟེ་ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ། །གྲྀ་ཧཱི་ཏཿ། གྲྀ་ཧཱི་ཏ་བཱནྲ། བི་ཌྷཿ། བིཌྷ་པཱནྲ། པྲྀཥྚཿ། པྲྀཥྚ་བཱནྲ། བྲྀཀྞ། པྲྀཀྞ་བཱནྲ། བྲྀཥྚཿ། བྲྀཥྚ་བཱནྲ། བླང་བར་བྱས་ཟིན། བླང་བར་བྱེད་ཟིན། བསྣུན་པར་བྱས་ཟིན། བསྣུན་པར་བྱེད་ཟིན། དྲི་བར་བྱས་ཟིན། དྲི་བར་བྱེད་ཟིན། གཅད་པར་བྱས་ཟིན། གཅད་པར་བྱེད་ཟིན། འཚེད་པར་བྱས་ཟིན། འཚེད་པར་བྱེད་ཟིན། ཞེས་ཚིག་རྣམ་པར་སྦྱར་ནས་ནཱིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྟུ་དག་གོ། །ཨིཊའོ། །སཾ་པྲ་སཱ་ར་ཎའོ། །གྲ་ཧི་ལས་ 195-1-193a ཨིཊའི་རིང་པོའོ་ཞེས་པས་རིང་པོའོ། །བྱ་དྷིའི་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷའི་དའོ། །པྲྀཙྪའི་ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ་ཞེས་པས་ཏའི་ཊའོ། །བྲཙྪི་མསྫ་དག་གི་ དྷུཊ་ལའོ་ཞེས་པས་བྲཤྩིའི་མཐའ་དབྱིའོ། །བྲཤྩིའི་ཀའང་ངོ་ཞེས་པས་ཤའི་ཀའོ། །ལཱུ་སོགས་དང་ཨོ་རྗེས་སུ་འབྲེལ་པ་ལས་ཀྱང་ངོ་ཞེས་པས་ནཱིཥྛའི་ན་ཉིད་དོ། །བརྩེགས་པ་དང་པོ་ས་ཀ་དག་གི་མཐའ་ལ་ཞེས་པས་བྷྲསྫའི་ས་ཡིག་དབྱིའོ། །བྷྲྀ་ཛ་སོགས་རྣམས་ཀྱི་ཥའི་ སའོ། །ཨནྟུ་དང་ཨས་མཐའི་ཞེས་པས་རིང་པོའོ། །ཛཱིཿ། ཛཱི་ན་བཱན། ཨུ་ཤི་ཏཿ། ཨུ་ཤི་ཏ་བཱནྲ། བི་ཙིཏ་བཱནྲ། ཛྱཱ་ལང་ཚོ་ཉམས་པ་ལའོ། །བ་ཤ་མཛེས་པ་ལའོ། །བྱ་ཙ་ཟོལ། །རྒྱས་པར་བྱས་ཟིན། མཛེས་པར་བྱས་ཟིན། ཟོལ་བྱས་ཟིན་ལ་འགྲོ་བའི་དོན་དང་ལས་ མེད་པ་ཞེས་པས་ཀྟའོ། །ནིཥྛཱའོ་ཞེས་པས་ཀྟ་བནྟུའོ། །སཾ་པྲ་སཱ་ར་ཎའོ། །དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ། །སྔ་མ་བཞིན་ན་ཉིད་དོ། །ཨིཊའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། གྲ་ཧཱི་ཏཱ། ཨིཊའོ། །སྔ་མ་བཞིན་རིང་པོའོ། །པྲཤྣ་ཞེས་པ་འདིར་སཾ་པྲ་སཱ་ར་ཎར་མི་ འགྱུར་ཏེ། པྲཤྣ་ཨཱ་ཁྱཱ་ན་དག་གི་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །པྲཙྪིའི་ཡཱ་ཙི་བཙྪི་པྲཙྪི་ཞེས་པས་ནའང་ངོ་། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨཱུཊའོ་ཞེས་པས་ཚའི་ཤའོ། །སྭ་པི་བི་ཙ་ཡ་ཛ་སོགས་རྣམས་ཀྱི་ཡཎ་པ་རོ྅ཀྵ་ཨཱ་ཤཱིཥ་རྣམས་ལའོ། །གང་རྣམས་ཀྱི་ཡཛ་ཡིན་པ་དེ་ ནི་ཡཛ་སོགས་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །ཡོན་ཏན་མེད་པ་ལ་ཞེས་པ་ཁོ་ན་ཉིད་དོ། །ཉི་སྭཔ་ཉལ་བ་ལའོ། །བཙ་སྨྲ་བ་ཞེས་པ་འདི་དག་དང་། དེ་བཞིན་དུ་ཡཛ་སོགས་རྣམས་ཀྱང་སྟེ། ཡཛ་ལྷ་མཆོད་པ་དང་འགྲོགས་པར་བྱེད་པ་དང་སྦྱིན་པ་རྣམས་ལའོ། །ཌུབ་ཐ་ས་བོན་ འདེབས་པ་ལའོ། །ཝཧ་ཐོབ་པ། བྱེ་ཉ་སྡོམ་པ། ཧྭེ་འགྲན་པ་ལ་སྟེ་དགྲ་ལའང་ངོ་། །བེ་ཉ་སྣལ་མའི་རྒྱུད། བདྲ་སྨྲ་བས་གནས་པ་ལའོ། །ཌུ་ཨོ་ཤི་འགྲོ་བ་འཕེལ་བ་ལའོ་ཞེས་པ་འདི་རྣམས་ཀྱི་མཐར་གནས་པ་སཾ་པྲ་སཱ་ར་ཎར་འགྱུར་ཏེ། ཡཎ་ཕ་རོལ་ལ་དང་པ་རོ྅ཀྵ་ཡོན་ཏན་མེད་ 195-1-193b པ་ལ་དང་ཨཱ་ཤཱིཥ་ཡོན་ཏན་མེད་པ་ཕ་རོལ་ལའོ། སོགས་པའི་སྒྲ་ནི་ཡ་ཛ་ལ་འབྲེལ་གྱི་སོགས་པའི་ཙི་ལ་མ་ཡིན་ཏེ། སྭ་པི་སྨོས་པ་དོན་མེད་པར་འགྱུར་བས་སོ། །འདིའང་ནི་བ་ཅི་སོགས་དང་གྲངས་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་ཏེ། མཚུངས་པ་རྣམས་ཀྱིས་ཞེས་པ་འདི་མི་རྟག་པ་ ཉིད་ཀྱི་གྲངས་ཇི་ལྟ་བ་མེད་དོ། །སུ་བྱཱ་ཏེ། ཨུ་ཙྱཱ་ཏེ། ཨི་ཛྱཱ་ཏེ། ཨུ་པྱཱ་ཏེ། ཨུ་ཧྱ་ཏེ། སཾ་བཱི་ཡ་ཏེ། ཨཱ་ཧུ་ཡ་ཏེ། ཨཱུ་ཡ་ཏེ། ཨུ་ཏྱ་ཏེ། ཨུ་ཥྱ་ཏེ། ཤཱུ་ཡ་ཏེ། ཏེའོ། །ཡཎའོ། །སཾ་པྲ་སཱ་ར་ཎའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨ་ཡི་ཞེས་པས་རིང་པོའོ། །པ་རོ྅ཀྵ་ ལ། སུཥུ་ས་ཏུ། སུ་ཥུ་སུཿ། དེ་བཞིན་དུ། ཨུ་ཙ་ཏུཿ། ཨུཙུཿ། ཨཱི་ཛཿ། ཨཱི་ཛུཿ། ཨཱུ་ཧ་ཏུཿ། ཨུ་ཛུཿ། ཨུ་ས་ཏུཿ། ཨཱུ་སུཿ། བི་བྱ་ཏུ། ཨཱུ་ཏུ་ཨུ་དུཿ། ཨུ་ཥ་ཏུཿ། ཨ་ཏུས་དང་ཨུསའོ། །སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །མཚུངས་པའི་རིང་ པོའོ། །བིའི་སྒྲའི་སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །ཨཱ་ཤཱིཥ་ལ། སུ་པྱཱ་ཏ། ཨུ་ཙྱ་ཏ། ཨི་ཛྱཱ་ཏ། ཨུ་པྱཱ་ཏ། ཨུ་ཧྱཱ་ཏྱཿ། སཾ་བཱི་ཡཱཏྲ། ཨ་ཧུ་ཡཱཏ། ཨུ་ཡཱཏ། ཨུ་ཏྱཱཏྲ། ཤུ་ཡཱཏྲ། སྔ་མ་བཞིན་དུ་རིང་པོའོ། །སུཔྟཿ། སུཔྟ་ བཱནྲ། ཨུཀྟཿ། ཨུཀྟ་བཱན། ཨིཥྚཿ། ཨིཥྚ་བཱན། ཨཱུཔྟཿ། ཨུཔྟ་བཱན། ཨུ་ཌྷཿ། ཨུ་ཌྷ་བཱནྲ། སཾ་བཱི་ཏཿ། སཾ་བཱི་ཏ་བཱན། ཨཱ་ཧུ་ཏཿ། ཨ་ཧཱུ་ཏ་བཱན། ཨཱུ་ཏཿ། ཨུ་ཏ་བཱན། ཨུ་དི་ཏཿ། ཨུ་དི་ཏ་བཱན། ཨུ་ཥི་ཏཿ། ཨུ་ཥི་ཏ་བཱན། ཤཱུ་ནཿ། ཤཱུ་ན་བཱནྲ། ཉལ་བར་བྱས་ཟིན་ཞེས་པ་ཉི་རྗེས་སུ་འབྲེལ་བ་དང་འདོད་པ་ཞེས་པས་ཀྟའོ། །ཉལ་བར་བྱེད་ཟིན་ལ་ནིཥྛཱའོ་ཞེས་པས་ཀྟ་བནྟུའོ། །སྨྲ་བར་བྱས་ཟིན། སྨྲ་བར་བྱེད་ཟིན། མཆོད་པར་བྱས་ཟིན། མཆོད་པར་བྱེད་ཟིན། སྣལ་མར་བྱས་ཟིན། སྣལ་མར་བྱེད་ཟིན། ཐོབ་པར་བྱས་ཟིན། ཐོབ་པར་བྱེད་ཟིན། སྡོམ་པར་བྱས་ཟིན། སྡོམ་པར་བྱེད་ཟིན། འགྲན་པར་བྱས་ཟིན། འགྲན་པར་བྱེད་ཟིན། སྲད་བུར་བྱས་ཟིན། སྲད་བུར་བྱེད་ཟིན། སྨྲ་བར་བྱས་ཟིན། སྨྲ་བར་བྱེད་ཟིན་ལ་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །འགྲོ་བ་འཕེལ་བར་བྱས་ཟིན། འགྲོ་ 195-1-194a བ་འཕེལ་བར་བྱེད་ཟིན་ལ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་ནིཥྛཱའོ་ཞེས་པས་ཀྟ་བནྟུའོ། །སཾ་པྲ་སཱ་ར་ཎའོ། །ཝ་ཙའི་ཙ་སྡེའི་ཀིའོ། །ཡཛའི་བྷྲྀཛ་སོགས་རྣམས་ཀྱི་ཥའོ། །བ་ཧའི་ཧའི་ཌྷའོ་ཞེས་པས་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་ དྷའོ། ཥ་དང་ཊ་སྡེ་ལས་སྡེའི་ཊ་སྡེའོ་ཞེས་པས་དྷའི་ཌྷའོ། །ཌྷའི་ཌྷ་ལ་དབྱིའོ། །ཨུ་པ་དྷའི་རིང་པོའང་ངོ་ཞེས་པས་རིང་པོའོ། །བྱཱ་ཧྭ་ཤྭི་རྣམས་ཀྱི་སཾ་པྲ་སཱར་ཎ་བྱས་པ་ན་དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ། །ལུ་སོགས་དང་ཨོ་རྗེས་སུ་འབྲེལ་པ་ལས་ཀྱང་ངོ་ཞེས་པས་ན་ཉིད་དོ། ། ཨུཏ་ཅེས་པས་འདིར་རིང་པོར་མི་འགྱུར་ཏེ། བའི་ཀྭིཔ་ལས་སོ་ཞེས་པའི་ངེས་པ་ལས་སོ། །བ་སིའི་ནིཥྛཱ་ལའང་ངོ་ཞེས་པས་ཨིཊའོ། །ཤཱ་སི། བཱ་སི་ཞེས་པས་ཥའོ། །ཡོན་ཏན་མེད་པ་ལ་ཞེས་པ་ཅི་ཞེ་ན། སུ་ཥྭ་པ། ཨཊའོ། །གཉིས་བརྗོད། པ་རོ྅ཀྵ་ལ་ཨ་བྷྱཱ་སའི་ཞེས་ པས་སཾ་པྲ་སཱ་ར་ཎའོ། །སྭོསྨིཥྚ། གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་པ་རོ྅ཀྵ་ལའོ། །གཉིས་ཀ་རྣམས་ཀྱི་སྟེ་གྲ་ཧ་སོགས་རྣམས་དང་སྭོ་པི་སོགས་རྣམས་ཀྱི་ཨ་བྷྱཱ་སའི་མཐར་གནས་པ་པ་རོ྅ཀྵཱ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །གྲ་ཧི་པྲཙྪི། བྷྲསྫ་རྣམས་ཀྱི་ཨབྷྱཱ་ས་ཡོད་པའམ་ མེད་པ་སཾ་པྲ་སཱ་ར་ཎ་ལ་ཁྱད་པར་མེད་དོ། །བྲ་ཤྩིའི་ཁྱད་པར་མེད་ཅེས་ཁ་ཅིག་སྨྲའོ། །དེ་ནི་སྙིང་པོ་མེད་པ་སྟེ། མ་བྱས་ན་ནི་བྲཤྩའི་ར་ཡིག་གི་སཾ་པྲ་སཱ་ར་ཎ་ལ་བ་ཡིག་གི་སཾ་པྲ་སཱར་ཎ་རུ་འགྱུར་བྱས་ན་ནི་མི་འགྱུར་ཏེ། སཾ་པྲ་སཱ་ར་ཎ་མ་ཡིན་ནོ་ཞེས་བཀག་པ་ལས་སོ། །འདི་ནི་ཡོན་ཏན་དང་ བཅས་པའི་དོན་ཏོ། །ཡོན་ཏན། ཎ་ལ་བྱིངས་ཀྱི་སཱ་ར་ཎ་བྱས་པ་ན་ཨ་བྷྱཱ་ས་དེ་ཉིད་ཀྱི་གཟུགས་སུ་འགྱུར་རོ་ཞེས་པས་སྦྱོར་བ་འདིས་ཅི་ཞིག་བྱེད་པར་འགྱུར། ཛི་ཛྱོོ། ཛི་ཛྱོོ་ཐཿ། ཨུ་བཱ་ཡ། ཨུ་བ་ཡི་ཐཿ། པི་བྱཱ་དྷ་། ཨུ་བཱ་ཤ །བི་བྱཱ་ཙ། བ་བྲཤྩ། ཛྱཱ་ལང་ཚོ་ཉམས། བེཉ་ སྣལ་མ། བྱ་དྷ་བསྣུན། བ་ཤ་མཛེས། བྱ་ཙ་ཟ་བ། ཨོ་བྲ་ཤྩུ་གཅོད། ཨཊའོ། །ཐལྲའོ། །བེཉའི་བ་ཡིའོ། །གཉིས་བརྗོད་དོ། །འདིས་ཨ་བྷྱཱ་སའི་སཾ་པྲ་སཱ་ར་ཎའོ། །ཨ་ཡིག་ལས་ཨཊ་ཨོའོ། །མཚམས་སྦྱོར་གྱི་ཡི་གེ་ལའང་ཞེས་པས་ཨཱ་ཡིག་དབྱིའོ། ། 195-1-194b ཐལ་ཕ་རོལ་ལ་ཀྲྀ་པྲྀ་བྷྲྀ་བྲྀ་ཞེས་པའི་ངེས་པ་ལས་ཨིཊའོ། །ཨིཊ་ལའང་ངོ་ཞེས་པས་ཨ་དབྱིའོ། །སྭོ་པ་སོགས་རྣམས་ཀྱི་སུ་ཥྭཱ་པ། སུ་ཥྭ་པི་ཐ། ཨུ་བཱ་ཅི། ཨུ་བ་ཙི་ཐ། ཨི་ཡཱ་ཛ། ཨི་ཡ་ཛི་ཐ། ཨུ་བཱ་པ། ཨུ་བཱ་ཧ། བི་བྱཱ་ཡ། ཨུ་བཱ་ད། ཨུ་བཱ་ས། ཉི་སྭཔ་ཉལ། བཙ་སྨྲ། ཡ་ཛ་ལྷ། ཊུ་བ་པ་ས་བོན་སྲད་བུ། བཱཧ་ཐོབ། བྱེ་ཉ་སྡོམ། བད་སྨྲ། བས་གནས། ཨཊ་དང་ཐལྲའོ། །སྔ་མ་བཞིན་དུ་ངེས་པ་ལས་ཨིཊའོ། །གཉིས་བརྗོད་དོ། །སཾ་པྲ་སཱ་ར་ཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །བྱ་ཞེས་པ་འདིའི་ཨའི་ཨུ་པ་དྷཱ་ ཞེས་པས་འཕེལ་བ་ཨཻའོ། །ཨཻ་ཨཱཡྲའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། བི་བཀྵ་ཏི། བཙ་བརྗོད་པ་ལའོ། །བརྗོད་པར་འདོད་དོ་ལ་སནྲའོ། །བྱ་ཐིའི་འང་ངོ་། །བྱ་ཐིའི་ཨ་བྷྱཱ་སའི་མཐར་གནས་ཀྱི་པ་རོ྅ཀྵ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །བི་བྱ་ཐེ། བི་བྱ་ཐཱ་ཏེ། བི་བྱ་ཐི་རེ། བྱ་ཐ་འཇིགས་པ་དང་གཡོ་བ་དག་ལའོ། །པ་རོ྅ཀྵའི་ཨེ་དང་ཨཱ་ཏེ་ཨི་རེའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ཨ་བི་བྱ་ཐཏ། བེཉ་ཤྭི་དག་གི་ཡོན་ཏན་མེད་པ་ལའང་མ་ཡིན་ནོ། །པ་རོ྅ཀྵ་ལ་ཞེས་པ་ཁོ་ནའོ། །བེཉ་སྣལ་མའི་རྒྱུད། ཌུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལ་ ཞེས་པ་འདི་དག་གི་མཐར་གནས་པ་པ་རོ྅ཀྵཡོན་ཏན་མེད་པ་ལ་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ། འང་གི་སྒྲ་ལས་ཨ་བྷྱཱ་སའི་ཡོན་ཏན་དང་བཅས་པ་ལ་ཡཛ་སོགས་ཉིད་ལས་ཐོབ་པ་ལའོ། །བ་བ་ཏུཿ། བ་བུཿ། བེ་ཉ་སྣལ་མའི་རྒྱུད། ཨ་ཏུ་སྲ་དང་ཨུསྲ་དག་གོ། །གཉིས་ བརྗོད། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཤི་ཤྭི་ཡ་ཏུཿ། ཤི་ཤྭི་ཡུཿ། ཌུ་ཨོ་ཤྭི་འགྲོ། བྱིངས་ཀྱི་ཨིའི་ཡི་གེ་དང་ཞེས་པས་ཨི་ཡྲའོ། །ཨ་བྷྱཱ་སའི་ངེས་པ་ཡང་ངོ་། །བ་བོོ། ཤི་ཤྭ་ཡ། ཨཊའོ། །གཉིས་བརྗོད། ཨ་ཡིག་ལས་ ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་ཞེས་པས་ཨ་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །འདིར་ཨ་བྷྱཱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎ་ཐོབ་པ་ལའོ། །སྭ་པི་སྱ། མི་བྱེཉ་རྣམས་ཀྱི་ཙེ་ཀྲཱི་ཡི་ཏ་ལའོ། །ཉི་སྭ་པ་ཉལ་བ། སྱ་མུ། སྭ་ན། སྟ་ན། 195-1-195a དྷ་ན་སྒྲ་ལའོ། །བྱེཉ་སྡོམ། འདི་རྣམས་ཀྱི་མཐར་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །སོ་ཤུ་སྱ་ཏེ། སེ་སི་མྱ་ཏེ། བེ་བཱི་ཡ་ཏེ། ཤིན་ཏུ་ཉལ་བར་བྱེད། འགྲོ་བར་བྱེད། སྡོམ་པར་བྱེད་ཅེས་པས་ཡ་སྒྲའོ། །སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད། ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ། །ནཱ་མི་ནའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། སྭ་པི་ཏི། སྱ་མ་ཏི། བྱ་ཡ་ཏི། ཏུཏ་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཨིཊའོ། །སྭ་པིའི་ཙཎ་ལའོ། །སྭ་པིའི་མཐར་གནས་པ་ཙཎ་ཕ་རོལ་ལ་ སཾ་པྲ་སཱུ་ར་ཎར་འགྱུར་རོ།ཨ་སཱུཥུ་པཏ། ཉལ་དུ་འཇུག་པ་ལ་སྦྱོར་བར་བྱེད་དོ་ཞེས་པས་ཨིནྲའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །ཡང་བའི་རིང་པོའོ་ཞེས་པས་རིང་པོའོ། །ཙ་ཎ་ལ་ཞེས་པ་ཅི་ཞེ་ན། སྭ་པྱ་ཏི། སྭ་པིའི་མཐར་གནས་ཨིནྲའོ། །ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །ཀཱ་རི་ཏ་དབྱིའོ། །སྭ་པིའི་ཙཎ་མེད་པ་ཨིནྲ་མེད་དོ་ཞེས་པས་ཨིན་ངེས་པར་བསྟན་པས། སྭ་པིའི་འབའ་ཞིག་ཙ་ཎ་ལ་བརྗོད་པ་ལས་མི་འགྱུར་ཞེས་པའོ། །གྲ་ཧི་སྭ་པི་པྲཙྪ་རྣམས་ཀྱི་སནྲ་ལའོ། །འདི་ རྣམས་ཀྱི་མཐར་གནས་པ་ས་ན་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །ཛི་གྷྲྀ་ཀྵ་ཏི། སུ་ཥུཔྶ་ཏི། པི་པྲྀཙྪ་ཥ་ཏི། གྲ་ཧ་ཉེ་བར་ལེན་པ་ལའོ། །ཉི་སྭཔ་ཉལ་བ་ལའོ། །པྲཙྪ་ཤེས་པར་འདོད་དོ། །ལེན་པར་འདོད་དོ། །ཉལ་བར་འདོད་དོ། །དེ་བཞིན་དུ་དྲི་བར་འདོད་དོ་ལ་སནྲའོ། ། སྣིང་པུང་རྀ་ཨཉྫུ་ཞེས་པས་ཨིཊའོ། །སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་གྷ་ཌྷ་དྷ་བྷ་ཞེས་པས་གའི་གྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །ཥ་ཉིད་དོ། །གཉིས་བརྗོད་དོ། །ཀ་སྡེའི་ཙ་སྡེའོ་ཞེས་པས་གྷའི་ཛྷའོ། །གཉིས་པ་ བཞི་པ་ཞེས་པས་ཛྷའི་ཛའོ། །སན་ལ་ཨའི་ཡི་གེ་ཨི་ཉིད་དོ། །སན་ལ་ཞེས་པ་ཅི་ཞེ་ན། གྲ་ཧཱི་ཏཱ། སྭཔྟཱ། པྲཥ། ཤྭསྟ་ནི་ཏཱ། ཨིཊའོ། །ཨིཊ་རིང་པོའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཙ་ཡའི་ཙེ་ཀྲཱི་ཡི་ཏ་ལ་ཀིའོ། །ཙཱ་སྤྲི་མཆོད་པ་དང་། ཞི་བ་དག་ 195-1-195b ལའོ་ཞེས་པ་འདིའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཀི་རུ་བསྒྱུར་བར་འགྱུར་རོ། །ཙེ་ཀཱི་ཡ་ཏེ། ཤིན་དུ་མཆོད་པའམ་ཞི་བ་དག་ལ་ཡ་སྒྲའོ། །ཀི་རུ་བསྒྱུར་རོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ཙཱ་ཡ་ཏེ། རིང་པོ་བརྗོད་པ་ནི་བྱ་བ་སླ་བའི་དོན་དུའོ། །མདོ་ཕྱི་མའི་ཨི་ཉིད་ལ་ཡང་བརྗོད་པར་ བྱའོ། །བྱཱ་ཡའི་པ་རོ྅ཀྵ་ལའང་པཱིའོ། །སྥཱ་ཡི། ཨོ་བྱཱ་ཡི་འཕེལ་བ་ལའོ་ཞེས་པ་འདིའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་དང་པ་རོ྅ཀྵ་ལའང་པཱི་རུ་བསྒྱུར་བར་འགྱུར་རོ། །པེ་པཱི་ཡ་ཏེ། ཤིན་ཏུ་འཕེལ་བར་བྱེད་དོ་ལ་ཡ་སྒྲའོ། །པཱི་རུ་བསྒྱུར་རོ། །གཉིས་བརྗོད་དོ། །ཨཱ་པི་ཕྱེ། ཨཱ་པི་བྱཱ་ཏེ། ཨཱ་པི་ པྱིར། ཨེ་དང་ཨཱ་ཏེ་དང་ཨི་རེའོ། །པཱི་རུ་བསྒྱུར་རོ། །གཉིས་བརྗོད་དོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཡི་གེ་གཅིག་མིན་པའིའོ་ཞེས་པས་ཡའོ། །ཙེ་ཀྲཱི་ཡི་ཏ་དང་པ་རོ྅ཀྵ་དག་ལ་ཞེས་པ་ཅི་ཞེ་ན། པྱཱ་ཡ་ཏེ། ཤྭ་ཡ་ཏིའི་ཡང་ནའོ། །ཙེ་ཀྲཱི་ཡི་ཏ་དང་པ་རོ྅ཀྵ་ལ་ སྦྲེལ་བར་བྱ་སྟེ། ཌུ་ཨོ་ཤྭི་འགྲོ་བ་ལའོ། །འཕེལ་བ་ལའོ་ཞེས་པ་འདིའི་མཐར་གནས་པ་ཙེ་ཀྲཱི་ཡི་ཏ་དང་པ་རོ྅ཀྵ་ལ་སཾ་པྲ་སཱ་ར་ཎ་ཡང་ན་འགྱུར་རོ། །ཤོ་ཤཱུ་ཡ་ཏེ། ཤིན་ཏུ་འཕེལ་བར་བྱེད་དོ་ལ་ཡ་སྒྲའོ། །སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ ཡོན་ཏན་ནོ། ནཱ་མིའི་མཐའ་རྣམས་ཀྱི་ཡ་ཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཕྱོགས་གཅིག་ལ། ཤི་ཤྭི་ཡ་ཏེ། ཤུ་ཤཱ་བ། ཤུ་ཤུ་བ་ཏུཿ། ཨཊ་དང་ཨ་ཏུ་སའོ། །སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །བྱིངས་ཀྱི་ཨིའི་ཡི་གེ་ཞེས་པས་ ཨུ་བའོ། །ཕྱོགས་གཅིག་ལ། ཤི་ཤྭཱ་ཡ། ཤི་ཤྭི་ཡ་ཏུཿ། བྱིངས་ཀྱི་ཨིའི་ཡི་གེ་ཞེས་པས་ཨི་ཡའོ། །སན་ཙ་ཎ་དག་ཀ་རི་ཏ་ལ་འང་ངོ། །ཤྭ་ཡ་ཏིའི་མཐར་གནས་པ་ཀཱ་རི་ཏ་ལའང་སན་ཕ་རོལ་དང་ཙ་ཎ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་ཡང་ན་འགྱུར་རོ། །ཤུ་ཤཱ་བ་ཡི་ཥ་ཏི། འཕེལ་ དུ་འཇུག་པ་ལ་སྦྱོར་བར་འདོད་དོ་ལ་ཨིནྲའོ། །སནའོ། །ཨའི་ཨུ་པ་དྷཱ་འཕེལ་བའོ། །ཨིན་བྱས་པ་ན་གནས་ཅན་དང་འདྲའོ་ཞེས་པས་ཤུའོ། །གཉིས་བརྗོད། ཨིཊའོ། །ཡོན་ཏན་ནོ། །དམིགས་ཀྱིས་བསལ་བའི་ཡུལ་ལ་སྤྱིར་བཏང་བ་འཇུག་པ་མིན་ཏེ། དེས་ན་ཤྭི་ཞེས་གནས་ 195-1-196a པ་ལ་སནྲའོ། །སྔ་མའི་ཨའི་ཨུ་པ་དྷཱ་ཞེས་པར་འཕེལ་བར་མི་འགྱུར་ཏེ། གང་གི་ཕྱིར་དམིགས་ཀྱིས་བསལ་བའི་སཾ་པྲ་སཱ་ར་ཎའི་འཕེལ་བ་ནི་དེ་ལྟ་བས་ན། སྤྱིར་བཏང་བའི་འཕེལ་བར་སཾ་པྲ་སཱ་ར་ཎ་ལ་མི་འགྱུར་རོ་ཞེ་ན། ཡང་ཐལ་བར་འགྱུར་བའི་རྣམ་ པར་ཤེས་པ་ལས་འགྱུར་རོ། །ཕྱོགས་གཅིག་ལ། ཤི་ཤྭ་ཡ་ཡི་ཥ་ཏེ། སྔ་མ་བཞིན་ཨིནྲའོ། །ཙ་ཎ་ལ། ཨ་ཤཱུ་བཏྲ། འཕེལ་དུ་འཇུག་པ་ལ་སྦྱོར་བར་བྱེད་དོ་ལ་ཨིནྲའོ། །དིའོ། །ཙཎའོ། །སཾ་པྲ་སཱ་ར་ཎའོ། །འཕེལ་བའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙ་ཎ་ ལ་མཚུངས་པ་མིན་པ་ཞེས་པས་ཐུང་ངུའོ། །གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་ཤུ་གཉིས་བརྗོད། ཡང་བའི་རིང་པོའོ། །ཕྱོགས་གཅིག་ལ། ཨ་ཤི་ཤྭ་ཡ་ཏེ། སནྲ་ཙཎ་དག་ཅེས་པ་ཅི་ཞེ་ན། ཤྭ་ཡ་ཡ་ཡ་ཏི། ཧྭ་ཡ་ཏིའི་རྟག་ཏུའོ། །ཧྭེ་ཉའི་མཐར་གནས་པ་རྟག་ཏུ་སཾ་པྲ་ སཱ་ར་ཎར་འགྱུར་ཏེ། ཀཱ་རི་ཏ་ལ་སནྲ་ཕ་རོལ་དང་ཙ་ཎ་ཕ་རོལ་ལའོ། །ཛུ་ཧཱ་བ་ཡི་ཥ་ཏི། འགྲན་པར་བྱེད་དུ་འཇུག་པ་ལ་སྦྱོར་བར་འདོད་དོ་ལ་ཨིནྲའོ། །སནྲའོ། །སཾ་པྲ་སཱ་ར་ཎའོ། །འཕེལ་བའོ། །གནས་ཅན་དང་འདྲ་བར་འགྱུར་བ་ལས་ཧུ་གཉིས་བརྗོད་དོ། །ཧའི་ཛའོ། །ཨིཊའོ། ། ཡོན་ཏན་ནོ། །ཙ་ཎ་ལ། ཨ་ཛཱུ་ཧ་བཏ། འགྲན་དུ་འཇུག་པ་ལ་སྦྱོར་བ་ལ་ཨིནྲའོ། །དིའོ། །ཙཎའོ། །སཾ་པྲ་སཱ་ར་ཎའོ། །འཕེལ་བའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པ་མིན་པ་ཞེས་པས་ཐུང་ངུའོ། །ཧུ་གཉིས་བརྗོད། ཡང་བའི་རིང་པོའོ། །ཨ་བྷྱ་སྟའི་ ཡང་ངོ་། །ཨ་བྷྱ་སྟ་སྟེ་གཉིས་བརྗོད་པའི་ཧྭ་ཡ་ཏིའི་མཐར་གནས་པ་སཾ་པྲ་སཱ་ར་ཎར་འགྱུར་རོ། །ཛུ་ཧཱ་བ། ཧྭེ་ཉ་འགྲན་པ། ཨཊའོ།གཉིས་བརྗོད། འདིས་བྱིངས་ཀྱི་ཨ་བྷྱསྟ་དག་གི་སཾ་པྲ་སཱ་ར་ཎའོ། །འཕེལ་བའོ། ཛོ་ཧུ་ཡ་ཏེ། ཤིན་ཏུ་འགྲན་པར་བྱེད་དོ་ལ་ཡ་སྒྲའོ། ། གཉིས་བརྗོད། སཾ་པྲ་སཱ་ར་ཎའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ནཱ་མིའི་མཐའ་རྣམས་ཀྱི་ཡ་ཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཛུ་ཧཱུ་ཥ་ཏི། སནྲའོ། །དབྱངས་མཐའ་རྣམས་ཀྱི་སནྲ་ལའོ་ཞེས་པས་རིང་པོའོ། །དྷུ་ཏི་སྭ་བི་དག་གི་ཨ་བྷྱཱ་སའིའོ། །དྷུ་ཏེ་ 195-1-196b གསལ་བ་ལའོ་ཞེས་པ་འདི་དང་། སྭ་པི་ཨིན་མཐའ་ཅན་འདིའི་ཨ་བྷྱཱ་སའི་མཐར་གནས་པ་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ། །དི་དྷུ་ཏེ། པ་རོ྅ཀྵཱའི་ཨེའོ། །གཉིས་བརྗོད་དོ། །སཾ་པྲ་སཱ་ར་ཎའོ། །དེ་དྷུ་ཏྱ་ཏེ། ཤིན་ཏུ་གསལ་བར་བྱེད་དོ་ལ་ཡ་སྒྲའོ། །གཉིས་བརྗོད། སཾ་པྲ་སཱ་ར་ ཎའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ཞེས་པས་ཡོན་ཏན་ནོ། །དིདྱོ་ཏི་ཥ་ཏེ། གསལ་བར་བྱེད་འདོད་དོ་ལ་སནྲའོ། །སུ་ཥྭ་པ་ཡེཥ་ཏི། ཉལ་དུ་འཇུག་པ་ལ་སྦྱོར་བར་འདོད་ལ་ཨིནའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །སནྲའོ། །ཨིཊའོ། །གཉིས་བརྗོད། སཾ་པྲ་སཱ་ར་ཎའོ། །ཨ་ བྷྱཱ་ས་ཞེས་པ་ཅི་ཞེ་ན། དྱོ་ཏ་ཏེ། སྭཱ་པྱ་ཏེ། ཏེའོ། །ཨནྦི། སྭ་པི་ལས་བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །ཀཱ་རི་ཏ་དབྱིའོ། །སཾ་པྲ་སཱ་ར་ཎ་ལ་སཾ་པྲ་སཱ་ར་ཎར་མ་ཡིན་ནོ། །སཾ་པྲ་སཱ་ར་ཎར་ཡོད་པར་སཾ་པྲ་སཱ་ར་ཎར་མི་འགྱུར་རོ། །བིདྷྱ་ཏེ། བི་ཙྱ་ཏེ། བྱ་དྷ་བསྣུན་པ་ལའོ། །བྱཙ་ཟ་བ་ ལའོ། །ཏེའོ། །ཡ་ཎའོ། །གྲ་ཧི་ཛྱཱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །སླར་ཡང་། ཨི་ཡིག་དང་ལྷན་ཅིག་པའི་བ་ཡིག་གི་མི་འགྱུར་རོ། །གལ་ཏེ་ཡང་བྱ་ཙ་དང་བྱ་ཙའི་རྣམ་འགྱུར་དག་བྱས་པ་དེ་ལྟར་ན་ཡང་ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་གཞན་མ་ཡིན་པ་དང་འདྲའོ་ཞེས་པའི་ཚིག་ ལས་རྣམ་པར་འགྱུར་བ་དག་ལ་ཡང་ཐོབ་པ་ལའོ། །བ་ཤིའི་ཡང་ཙེ་ཀྲཱི་ཡི་ཏ་ལའོ། །བ་ཤ་མཛེས་པ་ལའོ་ཞེས་པ་འདིའི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་མི་འགྱུར་རོ། །གྲ་ཧི་ཛྱཱ་ཞེས་པས་ཐོབ་པ་ལའོ། །བཱ་བ་ཤྱ་ཏེ། ཤིན་ཏུ་མཛེས་སོ་ལ་ཡ་སྒྲའོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ཨུ་ཤནྟི། གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །པྲཙྪ་སོགས་རྣམས་ཀྱི་པ་རོ྅ཀྵ་ལའོ། །པྲཙྪ་ཤེས་པར་འདོད་པ། ཨོ་བྲཤྩུ་གཅོད། བྷཉྫ་འཚེད་པ་ལའོ། །འདི་རྣམས་ཀྱི་པ་རོ྅ཀྵ་ལ་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ་སྔ་མ་བཞིན་ཐོབ་པ་ལའོ། །པ་པྲཙྪ་ཏུཿ། བ་བྲཤྩ་ཏུཿ། བ་ བྷྲཛྫ་ཏུཿ། པ་རོ྅ཀྵལ་ཞེས་པ་ཅི་ཞེ་ན། པ་རཱི་པྲིཙྪ་ཏེ། ཡ་སྒྲའོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །རྀ་ལྡན་པའི་རཱིའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཅན་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོ། །གང་རྣམས་ཀྱི་མཐའ་མཚམས་སྦྱོར་གྱི་ཡི་གེ་ཡིན་པ་ 195-1-197a དེ་རྣམས་ནི་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་སོ། །བྱིངས་ཀྱི་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཨཱ་ཡིག་ཏུ་བསྒྱུར་བར་འགྱུར་ཏེ། བི་ཀ་ར་ཎ་མིན་པ་ལ་ཏེ་བི་ཀ་ར་ཎའི་ཡུལ་ལ་མི་འགྱུར་རོ། །དེང་བསྲུང་བ་ལའོ། །དེེ་པ་དག་པ་ལའོ། །དོ་དུམ་ བུར་བྱེད་པ་ལའོ། །འདིས་ཐམས་ཅད་ཀྱི་ཨཱ་ཉིད་དོ། །དཱ་ཏཱ་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཙེ་ཏཱ། སྟོ་ཏཱ། ཙིཉ་སོག་པ། ཥཱུཉ་བསྟོད་པ་ལའོ། །ཡོན་ཏན་ནོ། །མཚམས་སྦྱོར་གྱི་ཡི་གེའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་ཡོན་ཏན་བྱས་པ་ལས་ཀྱང་ ཨཱ་ཉིད་དུ་མི་འགྱུར་རོ། །བི་ཀ་ར་ཎ་མིན་པ་ལ་ཞེས་པ་ཅི་ཞེ་ན། གླཱ་ཡ་ཏི། ཏྲཱ་ཡ་ཏེ། གླཻ་དགའ་བ་ཟད་པ། ཏྲེེ་སྐྱོང་། ཏི་དང་ཏེའོ། །ཨནྦི། ཨཻ་ཨཱ་ཡའོ། །བི་ཀ་ར་ཎ་མ་ཡིན་པ་ཞེས་པ་འདི་མིན་པར་དགག་པའོ། །དེ་ལ་ནི། བི་ཀ་ར་ཎ་དང་འདྲ་བར་གྱུར་པའི་རྐྱེན་ཕ་རོལ་ ལ་ཨ་ཉིད་དུ་འགྱུར་རོ། །དེ་ལས་ཀྱང་སུགླ་ཞེས་པ་འདིར་གླཱ་ཡ་ཏི་ལས། བུ་ཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲི་ཙ་ལས་གྱུར་པའི་ཨཱ་ནད་པ་ལ་སུ་གླ་ཏ་ཅེས་པ་མི་འདོད་པར་འགྱུར་རོ། །ཐལ་བར་འགྱུར་བས་དགག་པ་ལ་ནི་འདྲ་བ་མེད་པ་ལས་ཨ་ཉིད་ཀྱི་རྒྱུ་མཚན་མེད་དོ། །དེའི་ཕྱིར་ ཨཱ་ཡིག་གི་མཐའ་ཉིད་ཀྱི་རྒྱུ་མཚན་ཉིད་ལས། ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ་ཞེས་པས་ཌའི་རྐྱེན་གྲུབ་པར་འགྱུར་རོ། །བྱཱ་ཡ་ཏིའི་པ་རོ྅ཀྵ་ལ་མ་ཡིན་ནོ། །བྱེ་ཉའི་པ་རོ྅ཀྵའི་ཡུལ་ལ་ཨ་ཉིད་དུ་མི་འགྱུར་རོ། །བི་བྱཱ་ཡ། བི་བྱ་ཡི་ཐ། བྱེཉ་སྡོམ་པར་བྱེད་པ་ལའོ། །ཨཊའོ། ། ཐལྲའོ། །གཉིས་བརྗོད་དོ། །གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨཊ་ལ་ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་སྟེ་ཨཻ་ཡིག་གོ། །ཨཻ་ཨཱ་ཡའོ། །ཐལྲ་ལ་ཨིཊའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། བྱ་ཏཱ། མཱི་ནཱ་ཏི་མི་ནོ་ཏི་དཱིང་རྣམས་ཀྱི་ཡོན་ཏན་དང་འཕེལ་བའི་ གནས་ལའོ། །ཡོན་ཏན་དང་འཕེལ་བ་དེ་རྣམས་ནི་ཡོན་ཏན་འཕེལ་བ་དག་གོ། །དེ་དག་གི་གནས་ནི་ཡོན་ཏན་དང་འཕེལ་བའི་གནས་སོ། །ཨ་ཡིག་གི་རྗེས་སུ་འཇུག་གོ། །མིཉ་འཚེ་བ་ལའོ། ཌུ་མིཉ་འཕེན་པ་ལའོ། །དཱིངྲ་ཟད་པ་ལའོ། །འདི་རྣམས་ཀྱི་ཨཱ་ཉིད་དུ་འགྱུར་རོ། ། 195-1-197b ཡོན་ཏན་དང་འཕེལ་བའི་གནས་ཀྱི་རྐྱེན་ལའོ། །རྐྱེན་གང་ལ་ཡོན་ཏན་གྱི་གནས་པ་ཐོབ་ཅིང་འཕེལ་བའང་ཡིན་པ་དེ་ནི་ཡོན་ཏན་འཕེལ་བའི་གནས་སུ་བརྗོད་པར་བྱའོ། །མཱ་ཏཱ། མཱ་སྱ་ཏི། ཨ་མཱ་སྱཏྲ། པྲ་མཱ་ཏཱ། པྲ་མཱ་སྱ་ཏི། པྲ་མཱ་སྱཏྲ། དཱ་ཏཱ། ད་སྱ་ཏི། ཨ་ད་སྱཏྲ། ཤསྟ་ ནཱིའི་ཏཱ་དང་། བྷ་བི་ཥྱནྟཱིའི་སྱ་ཏི་དང་། བྱ་བ་ཤོར་བའི་སྱཏྲའོ། །འདིས་ཨཱ་ཉིད་དོ། །འདིར་ཐམས་ཅད་ལ་ཡོན་ཏན་ཐོབ་པའོ། །འཕེལ་བའི་གནས་ལ། མཱ་པ་ཡ་ཏི། པྲ་མཱ་པ་ཡ་ཏི། དཱ་པ་ཡ་ཏི། འཚེ་བ་ལ་སྦྱོར་དུ་འཇུག་གོ། །དེ་བཞིན་དུ་འཕེན་དུ་འཇུག་གོ། །ཟད་དུ་ འཇུག་གོ་ཞེས་ཨིནའོ། །འདིས་ཨཱ་ཉིད་དོ། །ཨརྟི་ཧྲཱི་ཙཱི་ཞེས་པས་པ་ཡིག་ཨཱ་ག་མའོ། །འདིར་ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་ཐོབ་བོ། །ཡོན་ཏན་དང་འཕེལ་བའི་གནས་ལ་ཞེས་པ་ཅི་ཞེ་ན། མཱི་ཡ་ཏེ། པྲ་མཱི་ཡ་ཏེ། དཱི་ཡ་ཏེ། པྲ་དཱི་ཡ་ཏེ། བྱིངས་ཐམས་ཅད་པ་ལ་ ཡཎའོ། །སནྲ་ལ་དཱིངའོ། །དཱིང་ཟད་པ་ལའོ་ཞེས་པ་འདིའི་སནྲ་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །ཨིཊ་མེད་པ་ནཱ་མི་མཐའ་རྣམས་ཀྱི་ཞེས་པ་འདིས་དཱིང་ལས་སན་ཕ་རོལ་ལ་ཡོན་ཏན་མེད་པའི་གནས་ཉིད་ཀྱི་ཕྱིར་སྔ་མས་ཨཱ་ཉིད་དུ་མི་འགྲུབ་པོ་ཞེས་སྨྲའོ། །ཨུ་བ་དི་དཱ་ས་ཏེ། དཱིངྲའོ། ། ཨུ་པ་སྔོན་དུའོ། །ཉེ་བར་ཟད་པར་འདོད་དོ་ཞེས་སནྲའོ། །ཨཱ་ཉིད་དོ། །གཉིས་བརྗོད། སནྲ་ལ་ཨའི་ཡི་གེ་ཞེས་པས་ཨི་ཉིད་དོ། །སནྲ་མཐའ་ལས་སྔ་མ་བཞིན་ནོ་ཞེས་པས་ཨཱཏྨ་ནེའི་ཚིག་སྟེ། སནྲ་ལ་ཞེས་པ་ཅི་ཞེ་ན། དེ་དི་ཡཏེ། ཤིན་དུ་ཟད་དོ་ལ་ཡ་སྒྲའོ། །སྨིངྲ་། ཛི། ཀྲཱི། ཨིངྲ་རྣམས་ཀྱི་ཨིནྲ་ལའོ། །སྨིང་ཅུང་ཟད་འཛུམ་པ་ལའོ། །ཛི་རྒྱལ་བ་ལའོ། །ཌུཀྲཱིཉ་རྫས་བརྗེ་བ་ལའོ། །ཨིངྲ་ཀློག་པ་ལའོ། །འདི་རྣམས་ཀྱི་ཨནྲ་ཕ་རོལ་ལ་ཨ་ཉིད་དུ་འགྱུར་རོ། །བི་སྨཱ་པ་ཡ་ཏེ། བི་ཛཱ་པ་ཡ། བི་ཀྲཱ་པ་ཡ་ཏི། ཨ་དྷྱ་པ་ཡ་ཏི། ཨ་མཚན་ ལ་སྦྱོར་རོ། །དེ་བཞིན་དུ་རྒྱལ་དུ་འཇུག་གོ། །ཉོ་རུ་འཇུག་གོ། །ཀློག་ཏུ་འཇུག་གོ་ཞེས་པས་ཨིནྲའོ། །ཨ་ཉིད་དོ། །ཨརྟི་ཧྲི་ཙླི་ཞེས་པས་པ་ཡིག་ཨཱ་ག་མའོ། །ཨིན་ལ་ཞེས་པ་ཅི་ཞེ་ན། བི་སྨེ་ཏཱ། བི་ཛེ་ཏཱ། བི་ཀྲེ་ཏཱ། ཨ་དྷྱེ་ཏཱ། འཇིགས་པའི་རྒྱུའི་དོན་ལ་ 195-1-198a སྨིངྲའི་ཨཱ་ཉིད་དུ་བཤད་པར་བྱ་སྟེ། དེས་ན་བྱེད་པ་ལས་འཇིགས་པ་ལ་མི་འགྱུར་ཏེ། ཀུཉྩི་ཀ་ཡཱ་བི་སྨཱ་ཡ་ཡ་ཏི། ཨིནའོ། །འཕེལ་བའོ། །ཨཱཏྨ་ནེའི་ཚིག་ཀྱང་འཇིགས་པའི་རྒྱུ་ཉིད་ལ་འདོད་དོ། །བཱི་ལཱི་བྷི་ཞེས་པ་འདི་རྣམས་ཀྱི་ཨ་ཉིད་དུ་ཡང་ན་ འདོད་དེ། བཱ་པ་ཡ་ཏི། བི་ལཱ་པ་ཡ་ཏི། མུཎྜོ་བྷཱ་པ་ཡ་ཏི། དཱི་འགྲོ། ལཱིང་སྦྱོར་བ། ཉི་བྷཱི་འཇིགས་པ། འགྲོ་རུ་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་སྦྱོར་དུ་འཇུག་གོ། །འཇིགས་སུ་འཇུག་གོ་ལ་ཨིནྲའོ། །ཨ་ཉིད་དོ། །སྔ་མ་བཞིན་དུ་བ་ཡིག་གོ། །ཕྱོགས་ གཅིག་ལ། བ་ཡ་ཡ་ཏི། བི་ལཱ་ཡ་ཡ་ཏི། དེས་ན་འདིར་མི་འགྱུར་ཏེ། དཎྜོ་ན་བྷཱ་ཡ་ཡ་ཏི། ཨཱཏྨ་ནེའི་ཚིག་ཀྱང་འཇིགས་པའི་རྒྱུ་ཉིད་དོ། །སིདྡྷྱ་ཏིའི་ཨི་ཡིག་ཨ་ཉིད་དུ་འཇིག་རྟེན་ཕ་རོལ་ཅན་མིན་པ་ལ་བཤད་པར་བྱ་སྟེ་ཨིན་ཕ་རོལ་ལའོ། །པཱ་ཡཾ་སཾ་སཱ་དྷ་ཡ་ཏི། བྷོཀྵྱ་ ཞེས་པ། ཥི་དྷུ་མཉེས་པ་ལའོ། །མཉེས་པར་བྱ་བ་ལ་འཇུག་པ་ལ་སྦྱོར་རོ་ཨིནྲའོ། ཨ་ཡིག་གི་ཨཱ་ཉིད་དོ། །འཇིག་རྟེན་ཕ་རོལ་ཅན་མིན་པ་ཞེས་པ་ཅི་ཞེ་ན། པཱ་ཡ་སཾ། སེ་དྷ་ཡ་ཏི། བི་པྲེ་བྷྱོ་དཱ་སྱ་མི། ཞེས་པའོ། །སྲྀ་ཛི་དྲྀ་ཤ་དག་གི་དབྱངས་ལས་ཕ་རོལ་དུ་ཨ་ཡིག་ཨཱ་ ག་མ་ཏེ་དྷུཊ་ལ་ཡོན་ཏན་དང་འཕེལ་བ་གནས་པ་ལའོ། །སྲྀཛ་སྤྲོ་བར་བྱེད་པའོ། །དྲྀ་ཤིར་ལྟ་བ་ལའོ་ཞེས་པ་འདི་དག་གི་དབྱངས་ལས་ཕ་རོལ་དུ་དྷུཊ་ལ་ཡོན་ཏན་དང་འཕེལ་བའི་གནས་ཕ་རོལ་ལ་ཨ་ཡིག་ཨཱ་ག་མར་འགྱུར་རོ། །སྲཥྚཱ། སྲཀྵྱཏི། ཨ་སྲཀྵྱཏྲ། དྲཥྜྷ། དྲཀྵྱ་ཏི། ཨདྲ་ཀྵྱཱཏ། ཏཱ་དང་སྱ་ཏི་དང་སྱཏྲའོ། །ཨ་ཡིག་ཨཱ་ག་མའོ། །ར་ཉིད་དོ། །སྲྀཛིའི་བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །དྲྀ་ཤའི་ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀའོ། །སྲཥྚ། པྲཥྚུཾ། སྲཥྚ་བྱཾ། དྲཥྚ། དྲཥྚུཾ། དྲཥྚ་བྱཾ། འདོད་པར་བྱེད་ དོ། །ལྟ་བར་བྱེད་དོ་ཞེས་པ་ལ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙའོ། །བྱེད་པ་པོ་གཅིག་པ་རྣམས་ལ་འདོད་པའི་དོན་རྣམས་ལ་ཏུ་མའོ། །སྤྲོ་བར་བྱའོ། །བལྟ་བར་བྱའོ་ཞེས་ཏ་བྱ་ཨཱ་ནི་ཡ་དག་གོ་ཞེས་པས་ཏ་བྱའོ། །ཨ་ཡིག་ཨཱ་ག་མའོ། །སྔ་མ་བཞིན་དུ་ཥ་ཉིད་དོ། །འཕེལ་ 195-1-198b བའི་གནས་ལ། ཨ་སྲཀྵིཏ། དིའོ། །ཨ་དྲཀྵིཏ། དིའོ། །ཨ་དྱ་ནཱི་ལས་སི་ཙའོ་ཞེས་པས་སི་ཙའོ། །སི་ཙ་ལ་ཞེས་པས་ཨཱི་ཊའོ། །ཨ་ཡིག་ཨཱ་ག་མའོ། །ཨའི་རིང་པོའོ། །སྔ་མ་བཞིན་དུ་ཥ་ཉིད་དང་ཀ་ཉིད་དོ། །འདིར་གསལ་བྱེད་མཐའ་རྣམས་ཀྱི་ཨིཊ་མེད་པའོ་ཞེས་པས་ འཕེལ་བ་ཐོབ་པ་ལའོ། །ཌྷུ་ཊ་ལ་ཞེས་པ་ཅི་ཞེ་ན། བི་སརྫ་ཡ་ཏི། འདོར་དུ་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་ལྟ་རུ་འཇུག་པའོ་ཞེས་པས་ཨིནྲའོ། །ནཱ་མིའི་ཨུ་པ་དྷཱའི་ཞེས་པས་ཡོན་ཏན་ནོ། །འཕེལ་བའི་གནས་ལ་ཞེས་པ་ཅི་ཞེ་ན། སྲྀ་ཀྵིཥྚ། དྲྀ་ཀྵཱིཥྚ། སཱིཥྚའོ། ། སྔ་མ་བཞིན་དུ་ཥ་ཉིད་དང་། ཀ་ཉིད་དོ། ཨཱ་དྱ་ཏ་ནཱི་དང་། ཨཱ་ཤཱི་ཥ་དག་གི་ཨཱཏྨ་ནེ་ལ་ཞེས་པས་ཡོན་ཏན་མེད་དོ། །བྱིངས་རྀ་ཡིག་ཨུ་པ་དྷཱ་ཅན་ལས་ཨ་ཡིག་ཨཱ་ག་མ་ཡང་ན་འདོད་དེ། དྷུཊ་ལ་ཡོན་ཏན་དང་འཕེལ་བའི་གནས་ཕ་རོལ་ལའོ། །སྤྲཥྚཱ། སྤཪྵྚ། སྤྲྀ་ཤ་རེག་ པ། ཤྭསྟ་ནཱིའི་ཏཱའོ། །ཨ་ཡིག་ཨཱ་ག་མ་ཡང་ནའོ། །ཕྱོགས་གཅིག་ལ་ཡོན་ཏན་ནོ། །ཚ་ཤ་དག་གིའང་ངོ་ཞེས་ཥའོ། །ཨ་སྲཱཀྵིཏ། ཨ་སྤཱཪྐྵཱིཏྲ། དིའོ། །བཤད་པ་ལས་སི་ཙའོ། །ཨ་ཡིག་ཨཱ་ག་མའོ། །ཨའི་འང་རིང་པོའོ། །གསལ་བྱེད་མཐའ་རྣམས་ཀྱི་ ཨིཊ་མེད་པའི་ཞེས་པས་འཕེལ་བ་སྟེ་ཨཱརྲའོ། སྔ་མ་བཞིན་དུ་ཥའོ། །ཥ་ཌྷ་དག་གི་ཞེས་པས་ཀའོ། །ཨིཊའོ། །དེ་བཞིན་དུ། ཏྲཔྟ། ཏཪྤྡཱ། ར་དྷ་སོགས་ཉིད་ལས་ཨིཊ་རྣམ་པར་བརྟག་པའོ། །ཨ་ཏྲཱབྶཱིཏ། ཨ་ཏཱཪྤྶིཏ། ཨཏྲ་པྶཱིཏྲ། ཨཏྲཱ་ཪྤྤཱིཏ ཏྲྀ་པ་ཚིམ་པ་ལའོ། ། ཏྲྀཔ་དག་པ་ལའོ། །དིའོ། །སི་ཙ་ལ་ཨ་ཡིག་ཨཱ་ག་མ་ཡང་ནའོ། །འདིར་འཕེལ་བ་དང་རིང་པོ་དག་བཤད་པར་བྱའོ། །དཱིངྲའི་དབྱངས་དང་པོ་ཡོན་ཏན་མེད་པ་ལ་ཡའོ། །དཱིངྲའི་དབྱངས་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལ་ཡ་ཡིག་ཨཱ་ག་མར་འགྱུར་རོ། །སྔ་མ་བརྩེགས་པ་མིན་པའི་ ཨིའི་ཡི་གེ་ཞེས་པས་ཡ་ཉིད་ཐོབ་པ་ལའོ། །ཨུ་པ་དི་དཱི་ཡཱི་ཏེ། དིང་ཟད་པ་ལའོ། །ཨུས་སྔོན་དུའོ། །ཨ་དང་ཨཱ་ཏེའོ། །ཡ་ཡིག་ཨཱ་ག་མའོ། །གཉིས་བརྗོད། ཐུང་ངུའོ། །དབྱངས་དང་པོ་ཅན་ཞེས་པ་ཅི་ཞེ་ན། དཱི་ཡ་ཏེ། དཱི་བ་སོགས་ལས་ཡནའོ། །ཡོན་ཏན་ 195-1-199a མེད་པ་ཞེས་པ་ཅི་ཞེ་ན། དཱ་ནཾ། དཱིངྲ་ཡུཊའང་ངོ་ཞེས་པས་ཡུཊའོ། ཡུ་བུ་ཛྷ་ཞེས་པ་ཨ་ན་རུ་བསྒྱུར་རོ། །མི་ནཱ་ཏི་མི་ནོ་ཏི་དིངྲ་རྣམས་ཀྱི་ཞེས་པས་ཨཱ་ཉིད་དོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ། །དབྱངས་དང་པོ་ཅན་ཡོན་ཏན་མེད་པ་ལ་ཞེས་པ་ཁོ་ ནའོ། །བྱིངས་ཀྱི་ཨ་ཡིག་དབྱངས་དང་པོ་ཅན་ཡོན་ཏན་མེད་པ་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །པ་པ་ཏུཿ། པ་པུཿ། ད་ད་ཏུཿ། ད་ཏུཿ། པཱ་འཐུང་བ། ཌུ་དཱཉ་སྦྱིན་པ། གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་ཞེས་པའི་ཚིག་ལས་སྔ་མའི་གཉིས་ བརྗོད་དོ། །དེ་ནས་ཨཱ་དབྱིའོ་ཨཱ་ཞེས་པ་ཅི་ཞེ་ན། པ་ཙེ་ཏུཿ། གསལ་བྱེད་གཅིག་པུ་པའི་དབུས་ཞེས་པས་ཨེ་ཉིད་དང་ཨ་བྷྱཱ་ས་དབྱིའོ། །དབྱངས་དང་པོ་ཅན་ཞེས་པ་ཅི་ཞེ་ན། གླཱ་ཕ་ཏེ། བྱིངས་ཐམས་ཅད་པ་ལ་ཡཎའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ད་ནཱཾ། ཌུ་དཱཉ་སྦྱིན། ཡུཊའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཡཱནྟི། ཡཱ་ཐོབ་པ་ལའོ། །ཨིཊ་ལའང་ངོ་། །ཨཱ་ཡིག་གི་ཨིཊ་ཕ་རོལ་ལའང་དབྱི་བར་འགྱུར་རོ། །འདི་ནི་ཡོན་ཏན་དང་བཅས་པའི་དོན་ཏོ། །པ་པི་ཐ། ད་དི་ཐ། ཀྲྀ་སྲྀ་བྷྲྀ་བྲྀ་ཞེས་པའི་ངེས་པ་ལས་ཨིཊའོ། ། དཱ་མཱ་གཱ་ཡ་ཏི་པི་པ་ཏི། སྠཱ་སྱ་ཏི། ཛ་ཧཱ་ཏི་རྣམས་ཀྱི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་དང་ཡོན་ཏན་མེད་ཅེས་པ་འཇུག་གོ། །དཱ་ཞེས་པ་དཱའི་མིང་ཅན་རྣམས་གཟུང་ངོ་། །མཱ་འཇལ་བ་ལའོ། །མཱང་ཚད་ལའོ། །མེང་བརྡབས་ལན་ ལའོ་ཞེས་པ་ཡང་ནའོ། །གཱ་ཡ་ཏི་ཞེས་པས་གེེ་སྒྲ་ལའོ། །གཱང་འགྲོ་བ་ལའོ་ཞེས་པས་ཡང་ནའོ། །ཤྟིཔ ངེས་པར་བསྟན་པའི་ཤུགས་ལས་དངོས་པོ་དང་ལས་ཀྱི་དོན་མ་ཡིན་པ་ལས་ཀྱང་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཡཎའོ། །ཨཱི་ཉིད་ཀྱི་དངོས་པོ་ལ་སྟེ། པཱ་འཐུང་བ། ཥྛཱ་འགྲོ་བ་ལ་མི་འཇུག་པ་ལའོ། །སྱ་ཏི་ཞེས་པ་ཥོ་མཐའི་ལས་ལའོ། །ལས་ལ་ཤྟིབྲའོ། །དི་བ་སོགས་ལས་ཡནྲའོ། །ཡན་ལ་ཨོ་ཡིག་གིའོ་ཞེས་པས་ཨོ་ཡིག་དབྱིའོ། །ཨོ་ཧཱཀ་འདོར་བ་ལའོ། འདི་རྣམས་དཱ་མཱ་ག་ཡ་ཏི། བི་བ་ཏི། སྠཱ། སྱ་ཏི། ཛ་ཧཱ་ཏི་རྣམས་ཏེ། 195-1-199b འདི་རྣམས་ཀྱི་ཨི་ཉིད་དུ་འགྱུར་ཏེ། བྱིངས་ཐམས་ཅད་པ་མ་ཡིན་པ་གསལ་བྱེད་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལའོ། །དཱི་ཡ་ཏེ། དྷཱི་ཡ་ཏེ། མཱི་ཡ་ཏེ། གཱི་ཡ་ཏེ། སྠཱི་ཡ་ཏེ། ཨ་བ་སཱི་ཡ་ཏེ། ཧཱི་ཡ་ཏེ། ཏེའོ། །ཡཎའོ། །འདིས་ཨཱི་ཉིད་དོ། །དེ་དཱི་ཡ་ཏེ། དེ་དྷཱི་ཡ་ ཏེ། མེ་མཱི་ཡ་ཏེ། ཛེ་གཱི་ཡ་ཏེ། པེ་པཱི་ཡ་ཏེ། ཏེཥྛཱི་ཡ་ཏེ། ཨ་བ་སེ་ཥཱི་ཡ་ཏེ། ཛེ་ཧཱི་ཡ་ཏེ། ཤིན་དུ་སྦྱིན་ནོ། །སྐྱོང་ངོ་། །འཇལ་ལ། །སྨྲའོ། །འཐུང་ངོ་། །གནས་སོ། །ལྷག་མའོ། །གཏོང་ངོ་ལ་ཡ་སྒྲའོ། །ཨཱི་ཉིད་དོ། །གཉིས་བརྗོད། ཙེ་ཀྲཱི་ཡི་ཏ་ལ་ ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ཛ་ཧཱ་ཏི་རྣམས་ཀྱི་ཞེས་པ་ཅི་ཞེ་ན། དཱ་ཡནྟེ་བྲཱི་ཧ་ཡཿ། དཱ་པྲ་གཅོད་པ། ཨནྟེའོ། །ཡཎའོ། །གསལ་བྱེད་དང་པོ་ཅན་ལ་ཞེས་པ་ཅི་ཞེ་ན། ད་དེ། ཌུ་དཉ་སྦྱིན། པ་རོ྅ཀྵའི་ཨེའོ། །གཉིས་བརྗོད། མཚམས་སྦྱོར་གྱི་ཡི་གེ་ལའང་ ངོ་ཞེས་པས་ཨཱ་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། དཱཏ་བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། མཱ་ཏཱཿ། ཏསྲའོ། །ཨནྤི། ཨད་སོགས་ལས་འཇིག་གོ། །པི་བ་ཏི་ཞེས་བསྟན་པས་ནི། པཱ་ཏི་བསྲུང་བའི་དོན་ལ་མི་འཇུག་གོ་ཞེས་པའི་དོན་ནོ། །དེས་ན། པཱ་ཡ་ཏེ། སྱ་ཏི་ཞེས་པས་བསྟན་པ་ན་པ་ནི། ཀྵཻ་སཻ་ཛཻ་ཟད་པ་ལའོ་ཞེས་པ་འདི་ལ་མི་འཇུག་པའི་དོན་དུའོ། །དེས་ན། སཱ་ཡ་ཏེ། ཛ་ཧཱ་ཏི་ཞེས་ངེས་པར་བསྟན་པས་ནི། ཨོ་ཧཱང་འགྲོ་བ་ལའོ་ཞེས་པ་འདིའི་མི་འགྱུར་ཏེ། ཧཱ་ཡ་ཏེ། ཨཱ་ཤི་ཥ་ལ་ཨེ་ཡིག་གོ། །དཱ་དང་མཱ་དང་གཱ་ཡ་ ཏི་དང་སྠཱ་དང་སྱ་ཏི་དང་ཛ་ཧཱ་ཏི་ཞེས་པ་འདི་རྣམས་ཀྱི་ཨེ་ཡིག་ཏུ་བསྒྱུར་བར་འགྱུར་ཏེ། ཨཱ་ཤཱི་ཥ་ལ་ཡོན་ཏན་མེད་པ་ཕ་རོལ་ལའོ། །ཨཱི་ཉིད་ཐོབ་པ་ལའོ། །དེ་ཡཱཏྲ། དྷེ་ཡཱ་ཏྲ། མེ་ཡཱཏ། གེ་ཡཱཏ། པེ་ཡཱཏ། སྠེ་ཡཱཏ། ཨ་བ་སེ་ཡཱཏ། ཧེ་ཡཱཏ། ཡོན་ཏན་མེད་པ་ཞེས་པ་ཅི་ ཞེ་ན། དཱ་སཱིཥྚ། བརྩེགས་པ་དང་པོའི་བྱིངས་ཐམས་ཅད་པ་ཨཱ་ཡིག་མཐའ་ཅན་སྠཱ་སྤངས་པའི་ཨཱ་ཤཱི་ཥ་ལ་ཡོན་ཏན་མེད་པ་ཕ་རོལ་ཨེ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། གླེ་ཡཱཏྲ། བརྩེགས་པའི་དང་པོ་ཞེས་པ་ཅི་ཞེ་ན། ཡཱ་ཡཱཏ། སྠཱ་སྤངས་པའི་ཞེས་པ་ཅི་ཞེ་ན། 195-1-200a སྠེ་ཡཱཏ། བྱིངས་རྣམས་ཀྱི་བརྩེགས་པ་ཁྱད་པར་བྱ་སྟེ། དེས་ན་འདིར་མི་འགྱུར་ཏེ། ནིཪྻ་ཡཱཏ། སི་ཙ་ཨ་བྷྱ་སྟ་བིདྲ་ཨཏྲ་རྣམས་ལས་བྷཱུ་མ་ཡིན་པའི་ཨནའི་ཨུསའོ། །སིཙ་དང་ཨ་བྷྱསྟ་དང་བིད་དང་ཨཱ་ཏེ་དེ་རྣམས་ནི་སི་ཙ་ཨ་བྷྱ་སྟ་བིདྲ་ཨཱཏྲ་རྣམས་སོ། །བྷཱུ་ མིན་པ་ནི་བྷཱུ་མ་ཡིན་པའོ། །སི་ཙ་དང་ཨ་བྷྱསྟ་དང་བིད་དང་ཨཱ་ཡིག་མཐའ་ལས་ཕ་རོལ་གྱི་ཨནྲ་ཨུསྲ་སུ་བསྒྱུར་བར་འགྱུར་ཏེ། བྷཱུ་མ་ཡིན་པ་སྟེ་བྷཱུ་ཕ་རོལ་གྱི་ནི་མི་འགྱུར་ཏེ། རེ་ཞིག་སི་ཙ་ལ། ཨ་ཀཱཪྵུཿ། ཨ་ཧཱཪྵུཿ། ཨ་དྲཀྵུ། ཀྲྀ་ཉ་བྱེད། ཧྲྀ་ཉ་འཕྲོག ། དྲྀ་ཤིར་ལྟ། ཨཱ་དྱ་ཏ་ནཱིའི་ཨནྲའོ། །སི་ཙའོ། །སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་འཕེལ་བ་ལའོ། །དྲྀ་ཤིའི་སྲྀ་ཛི་དྲྀ་ཤ་དག་གི་ཞེས་པས་ཨ་ཡིག་ཨཱ་ག་མའོ། །འདིས་རིང་པོའང་ངོ་། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ཞེས་པས་ཀའོ། །ཨནྲ་ཨུས་སོ། །ཨ་བྷྱསྟ་ལས། ཨ་བི་བྷ་ཡུཿ། ཨ་ནེ་ནི་ཛུཿ། ཨ་ཛཱ་ག་ཏུཿ། ཉི་བྷི་འཇིགས་པ། ཎི་ཛིར་གཙང་བ་དང་དག་པ་དག་ལའོ། །ཛི་གྲྀ་སད་པ། ཧྱསྟ་ནཱིའི་ཨནྲའོ། །ཨནྤི། ཛུ་ཧོ་ཏི་ལས་འཇིག་གོ། །ཛཱ་གྲྀའི་ཨད་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་གཉིས་བརྗོད། གཉིས་པ་བཞི་པ་ཞེས་ པས་བྷའི་བའོ། །ཐུང་ངུའོ། །ནི་ཛི། བི་ཛི། བི་ཥ་རྣམས་ཀྱིས་ཞེས་པས་ནི་ཛིའི་ཨ་བྷྱཱ་སའི་ཡོན་ཏན་ནོ། །ཨནྲ་ཨུསྲའོ། །ཨ་བྷྱསྟ་རྣམས་ཀྱི་ཨུས་ལའོ་ཞེས་པས་ཡོན་ཏན་ནོ། །ཨ་བྷྱ་སྟའི་འང་ཨུ་པ་དྷཱ་ཞེས་པས་ནི་ཛིའི་ཡོན་ཏན་མེད་དོ། །དེ་བཞིན་དུ། ཨཻ་ཡ་ཏུཿ། རྀ་འགྲོ་བ། ཧྱསྟ་ནིའི་ཨནྲའོ། །ཨནྦི། ཛུ་ཧོ་ཏིས་འཇིག་གོ། །ཛུ་ཧོ་ཏི་སོགས་རྣམས་ཀྱིས་གཉིས་བརྗོད་དོ། །རྀའི་ཡི་གེ་ཨཱ་ཡིག་གོ། །ཨརྟི་བི་བརྟི་དག་གི་འང་ངོ་ཞེས་པས་ཨི་ཉིད་དོ། །ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མིན་པ་ལ་ཞེས་པས་ཨི་ཡའོ། །ཨྲན་ཨུ་སའོ། ། ཨ་བྷྱསྟ་རྣམས་ཀྱི་ཨུས་ལའོ་ཞེས་པས་ཡོན་ཏན་ནོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨེ་ཡིག་གོ། །བིདྲ་ཀྱིས། ཨ་བི་དུཿ། ཧྱསྟ་ནཱིའི་ཨནྲའོ། །ཤེས་པའི་དོན་གྱི་བིད་བཟུང་སྟེ། ཡོད་པའི་དོན་ནི་མིན་ལ། རྣམ་པར་དཔྱོད་པའི་དོན་ཡང་ 195-1-200b མིན་ཏེ། དེ་དག་ཨདྨཱ་ནེའི་ཚིག་ཅན་ཉིད་ཀྱི་ཕྱིར་སྲིད་པ་མིན་ནོ། །གཉིས་ཀའི་ཚིག་ཅན་ཐོབ་པའི་དོན་ཡང་གཟུང་བར་མི་བྱ་སྟེ། ཨྲནྦི་ཀ་ར་ཎ་ཕ་རོལ་གྱི་ཨ་ནའི་ངེས་བཟུང་མེད་པ་ལས་སོ། །ཨཱང་མཐའ་ལས། ཨ་ཡུཿ། ཨཏུཿ། ཡཱ་ཐོབ་པ་ལའོ། །རཱ་ལེན་པ་ལའོ། ། ཧྱསྟ་ནཱིའི་ཨནྲའོ། །ཨུས་སུ་བསྒྱུར་རོ། །ཨ་ཡིག་གི་ཨུས་ལ་ཞེས་པས་ཨ་ཡིག་དབྱིའོ། །ཨཱཏ་མཐའ་དང་དྭིཥའི་ཕ་རོལ་ཧྱསྟ་ནཱིའི་ཨནྲ་ཨུསྲ་སུ་བསྒྱུར་བ་ཡང་ན་བཤད་པར་བྱ་སྟེ། ཨ་ཡུཿ། ཨ་ཡཱ་ནཿ། ཨ་དྭི་ཥུཿ། ཨ་དྲི་ཥན། བྷཱུ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨ་ བྷུ་ཝནྲ། ཨཱདྱ་ཏ་ནཱིའི་ཨནྲའོ། །སི་ཙའོ། །ཨིཎ་སྠཱ་དཱ་པི་བ་ཏི་བྷུ་རྣམས་ལས་ཞེས་པས་འཇིག་གོ། །བྷཱུའི་བྷ་མཐའོ། །འདིར་སི་ཙ་འཇིག་པར་བྱས་པ་ལ་ཡང་རྐྱེན་ཕྱིས་པའོ་ཞེས་པའི་ཚིག་ལས་ཨུས་སུ་བསྒྱུར་བ་ཐོབ་པར་མི་འགྱུར་ཏེ། འཇིག་གོའི་ཕྱིས་པ་ལ་ཞེས་པ་འདི་ཡང་ ཉེ་བར་གནས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྐྱེན་ཕ་རོལ་ལ་རང་བཞིན་གྱིས་གང་ཐོབ་པ་དེ་འདིས་འགེགས་པ་སྟེ། རྐྱེན་ལས་ཕ་རོལ་གྱི་གང་ཐོབ་པ་དེ་ཡང་ནི་མིན་ནོ། །འདིར་ཡང་རྐྱེན་སི་ཙ་ལས་ཕ་རོལ་གྱི་ཨན་གྱི་བྱ་བ་ཞེས་པ་དེ་འཇིག་གོའི་ཕྱིས་པ་ལ་ཞེས་པ་འདིས་ ཅི་ལྟར་འགེགས་པར་འགྱུར་། ཨི་ཙ་ལས་ཏ་དབྱིའོ། །ཨིཙ་ལས་ཕ་རོལ་གྱི་ཏའི་རྐྱེན་དབྱི་བར་འགྱུར་རོ། །འགའ་ཞིག་སྔ་མ་དང་ཕྱི་མ་དག་གོ་ཞེས་པས་ཐམས་ཅད་ཀྱིའོ། །ཨ་ཀཱ་རི། ཨ་ཧཱ་རི། ཨ་པཱ་ཐི། ཨཱ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏའོ། །དངོས་པོ་དང་ལས་དག་ལའང་ ངོ་ཞེས་པས་ཨི་ཙའོ། །ཙ་ཡིག་འདིའི་དོན་ཏོ། །འདིས་ཏ་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོའོ། །སོ་སོར་གནས་པ་ལས་ཀུན་བཤད་པའི་ཏ་སྒྲ་གཟུང་བར་བྱ་སྟེ། དེས་ན་འདིར་མི་འགྱུར་ཏེ། ཨ་ཀཱ་རི་ཏཱ་རམྲ། ཏ་མ་སོགས་ཉིད་ལས་ཏ་ར་མའི་རྐྱེན་ནོ། ། ཨ་ཡིག་ལས་ཧནྟི་མ་ཡིན་པ་ལས་ཧིའོ། །ཨ་ཡིག་ལས་ཕ་རོལ་གྱི་ཧི་དབྱི་བར་འགྱུར་ཏེ། ཧནྟི་མ་ཡིན་པ་སྟེ་ཧནྟི་ལས་ཕ་རོལ་གྱི་ནི་མི་འགྱུར་རོ། པ་ཙ། པ་ཐ། གཙྪ། པཉྩ་མིའི་ཧིའོ། །ཨནྦི། ཧི་དབྱིའོ། །གམ་ཨི་ཥུ་ཡམྲ་རྣམས་ཀྱི་ཚའོ་ཞེས་པས་ཚའོ། །ཨ་ 195-1-201a ཡིག་ལས་ཞེས་པ་ཅི་ཞེ་ན། ཡུ་ཧི།ཡུ་སྤེལ་བ་ལའོ། །ཧནྟི་མིན་པ་ཞེས་པ་ཅི་ཞེ་ན། ཛ་ཧི། ཧནྲ་འཚེ་བ་ལའོ། ཧིའོ། །ཨནྲི། ཨད་སོགས་ལས་འཇིག་གོ། །ཧནྟིའི་ཧི་ལ་ཛའོ་ཞེས་པས་ཧནྟི་ཧའི་ཛ་ཉིད་དོ། །འདི་ཧནྟི་རུ་འགྱུར་བ་ནི་གནས་ཅན་དང་འདྲ་ བ་ལས་སོ། འོ་ན་གང་ཧིའི་རྐྱེན་ལ་བརྟེན་ནས་ཛར་བསྒྱུར་ཟིན་པ་དེ་ཅི་ལྟར་དེ་ཉིད་ཡིན་ཏེ་རྣམ་པར་ཉམས་པའི་ཕྱིར་རོ། །འདུས་པའི་མཚན་ཉིད་ཀྱི་ཆོ་ག་ནི་དེ་རྣམ་པར་ཉམས་པའི་རྒྱུ་མཚན་མིན་ནོ། །དེའི་ཕྱིར། ཧནྟི་བཀག་པ་དོན་མེད་དོ་ཞེ་ན། བདེན་ཏེ། ཡི་གེ་གཟུང་བ་ན་རྒྱུ་མཚན་ནོ་ ཞེས་པའི་ཚིག་ལས་ཧིའི་རྐྱེན་ལ་རྣམ་པར་ཉམས་པ་རབ་ཏུ་ཡོད་པའི་ཛར་བསྒྱུར་བའི་རྒྱུ་མཚན་གྱིས་དངོས་པོ་ཨ་ཡིག་ལས་ཞེས་པ་འདི་ཡང་ཡི་གེ་གཟུང་བའོ། །དེས་ན་ཧནྟི་ལས་ཕ་རོལ་གྱི་ཧི་དབྱི་བ་མི་འཇུག་པའི་དོན་དུ་ཧནྟི་མ་ཡིན་པ་ལས་ཞེས་དགག་པ་བྱེད་པ་ནི་དོན་དང་བཅས་པའོ། ། ཏཱཏ་ཎ་གྱི་ཕྱོགས་ལ་ཧི་དབྱི་བ་མི་འདོད་དེ། པ་ཐ་ཏཱཏ། བཤད་པ་ལས་ཧིའི་ཏཱཏ་ཎ་དུ་བསྒྱུར་རོ། །ནུ་ལས་ཀྱང་བརྩེགས་པ་མ་ཡིན་པའི་བི་ཀ་ར་ཎ་ལས་སོ། །བརྩེགས་པ་མ་ཡིན་པ་ནི་བརྩེགས་པ་མེད་པའི་བི་ཀ་ར་ཎའི་ནུ་ལས་ཕ་རོལ་གྱི་ཧི་དབྱི་བར་འགྱུར་རོ། །སུ་ནུ། ཙི་ནུ། ཥུཉ་ འཁྲུད། ཙིཉ་སོག་པ་ལའོ། །ཧིའོ། །སུ་སོགས་ལས་ནུའོ། །འདིས་ཧི་དབྱིའོ། །བི་ཀ་ར་ཎ་ལས་ཞེས་པ་ཅི་ཞེ་ན། ནུ་ཧི། ནུ་བསྟོད་པ་ལའོ། །ཨནའོ། །ཨདྲ་སོགས་ལས་འཇིག་གོ། །བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཤཀྣུ་ཧི། ཏཀྵྞུ། ཤཀླི་ནུས་ པ་ལའོ། །ཏ་ཀྵུ་ཏྭཀྵུ་ཕྲ་མོར་བྱེད་པ་ལའོ། །ཧིའོ། །སུ་སོགས་ལས་ནུའོ། །བཤད་པ་ལས་ཏཀྵུ་ལས་ནུའོ། །ཨུ་ཡིག་ལས་ཀྱང་ངོ་། །ཨུ་ཡིག་བི་ཀ་ར་ཎ་ལས་ཕ་རོལ་གྱི་ཧི་དབྱི་བར་འགྱུར་རོ། །ཏ་ནུ། ས་ནུ། ཏ་ནུ་རྒྱས་པ། ཥ་ནུ་སྦྱིན་པ། ཧིའོ། །ཏན་སོགས་ ལས་ཨུའོ། །ཧ་དབྱིའོ། །ཀུ་རུ། ཀྲྀཉ་བྱེད། ཧིའོ། །ཏན་སོགས་ལས་ཨུའོ། ཀ་རོ་ཏིའི་འོ་ཞེས་པས་ཡོན་ཏན་ནོ། །བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཨའི་ཨུ་ཡིག་ཅེས་པས་ཨུ་ཉིད་དོ། །ཧི་དབྱིའོ། །བི་ཀ་ར་ཎ་ཞེས་པ་ཅི་ཞེ་ན། སུ་ཧི། ཨུ་ཡིག་པ་མ་ 195-1-201b དག་ལ་ཡང་ན་དབྱིའོ། །བརྩེགས་པ་མ་ཡིན་པའི་བི་ཀ་ར་ཎ་ལས་ཞེས་པའང་རྗེས་སུ་འཇུག་སྟེ། དོན་གྱི་དབང་ལས་བདུན་པའི་མཐའ་ཅན་སྐྱེའོ། །བརྩེགས་པ་མ་ཡིན་པ་ལ་སྟེ་མ་བརྩེགས་པའི་བི་ཀ་ར་ཎའི་ཨུ་ཡིག་བ་མ་དག་ཕ་རོལ་ལ་ཡང་ན་དབྱི་བར་འགྱུར་རོ། །སུ་ནྭཿ། སུ་ནུ་ བཿ། སུནྨཿ། ཏ་ནྭཿ། ཏནྨཿ། ཏ་ནུ་བཿ། ཏ་ནུ་མཿ། ཥུཉ་འཁྲུད་པ་ལའོ། ཏ་ནུ་རྒྱས་པ་ལའོ། །བསྲ་དང་མསྲ་སོ། །སུ་སོགས་ལས་ནུའོ། །ཏན་སོགས་ལས་ཨུའོ། །ཕྱོགས་གཅིག་ལ་ཨུ་ཡིག་དབྱིའོ། །སུ་ནོ་མོ། ཀ་རོ་མི་ཞེས་པ་འདིར་ནི་མི་འགྱུར་ཏེ། ཡོན་ ཏན་གྱི་འཇུག་པ་ལས་གཞན་ཉིད་ཡིན་པ་ལས་སོ། བརྩེགས་པ་མིན་པ་ཞེས་པ་ཅི་ཞེ་ན། ཤཀྣུ་བཿ། ཤཀྣུ་མ། བ་མ་དག་ཞེས་པ་ཅི་ཞེ་ན། སུ་ནུ་ཏཿ། ཏ་ནུ་ཏཿ། ཨུ་ཡིག་སྨོས་པ་ནི་བ་མ་དག་དབྱི་བ་དོགས་པ་བཟློག་པའི་དོན་ཏོ། །ཨུ་ཡིག་གིའོ་ཞེས་བྱ་བ་ལ་དབྱི་བ་སྨོས་ པ་ནི་རྣམ་པ་གསལ་བའི་དོན་དུའོ། །ཕྱི་མ་ལ་རྟག་ཏུ་སྨོས་པས་ཡང་ན་གཟུང་བ་ཐོབ་པ་ལ་སླར་ཡང་ཡང་ན་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །ཀ་རོ་ཏི་ལས་རྟག་ཏུའོ། །ཀ་རོ་ཏི་ལས་ཕ་རོལ་གྱི་ཨུ་ཡིག་བ་མ་དག་ཕ་རོལ་ལ་རྟག་ཏུ་དབྱི་བར་འགྱུར་རོ། །ཀུརྦཿ། ཀུརྨཿ། ཀུརྦ་ ཧེ། ཀུརྨ་ཧེ། ཀྲྀཉ་བྱེད། བསྲ་དང་། མསྲ་དང་། བ་ཧེ་དང་། མ་ཧེའོ། །ཏན་སོགས་ལས་ཨུའོ། ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །འདིས་ཨུ་ཡིག་དབྱིའོ། །ཀ་རོ་ཏིའོ་ཞེས་པ་ངེས་པར་བསྟན་པ་ནི་ཀྲྀ་ཉ་འཚེ་བ་ལའོ་ཞེས་པ་འདི་ལྡོག་པའི་དོན་ ནོ། །དེས་ན་འདིར་མི་འགྱུར་ཏེ། ཀྲྀ་ཎུབཿ། ཀྲྀ་ཎུམ། སླར་ཡང་བརྩམས་པའི་ཤུགས་ལས་རྟག་ཏུ་གཟུང་བ་ཐོབ་པ་ལ་རྟག་ཏུ་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །ས་པྟ་མཱིའི་ཡ་ལའང་ངོ་། །ཀ་རོ་ཏི་ལས་ཕ་རོལ་གྱི་ཨུ་ཡིག་སཔྟ་མཱིའི་ཡ་ཡིག་ཕ་རོལ་ལ་དབྱི་བར་འགྱུར་རོ། ། ཀུཪྻཱཏ། ཀུཪྻཱ་ཏམྲ། ཀུཪྻུཿ། ཀྲྀཉ་བྱེད་པ། སཔྟ་མཱིའི་ཡཱ་ཏ་དང་ཡཱ་ཏཱམྲ་དང་ཡུས་འོ། གཞན་སྔ་མ་བཞིན་ནོ། །ཀྲྀ་ཉ་ལས་ཕ་རོལ་གྱི་ཨུ་ཡིག་སཔྟ་མཱི་ཉིད་ཀྱི་ཡ་ཡིག་ལ་སྲིད་དོ་ཞེས་པ་ནི་སཔྟ་མཱིའི་ཁོ་ན་ཡིན་ཡང་སཔྟ་མཱི་སྨཱས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །བྱིངས་ 195-1-202a ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཨའི་ཨུ་ཡིག་གོ། །ཀ་རོ་ཏིའི་ཨའི་སྟེ་ཨ་ཡིག་བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ཕ་རོལ་ལ་ཨུ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀུ་རུ་ཏཿ། ཀུརྦནྟི། ཏས་དང་ཨནྟིའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ ཏན་ནོ། །འདིས་ཨུ་ཉིད་དོ། །ཀུ་རུ་ཏེ། ཀརྦཱ་ཏེ། ཀུརྦ་ཏེ། ཏེ་དང་ཨཱ་ཏེ་ཨནྟེའོ། །ཨ་ཡིག་མ་ཡིན་པ་ལས་ཨཱཏྨ་ནེ་ལའང་ཞེས་པས་ན་དབྱིའོ། །གཞན་སྔ་མ་བཞིན་ནོ། །ཨུ་ཡིག་ཏུ་བསྒྱུར་བ་བྱས་པ་ན་ཀ་རོ་ཏིའི་ཞེས་པས་སླར་ཡོན་ཏན་དུ་མི་འགྱུར་ཏེ། ཨོ་ཉིད་དུ་མི་བྱེད་པ་ ལས་སོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། སཉྩ་སྐ་ར་ཏུཿ། ཀྲྀཉ་བྱེད། སཾ་སྔོན་དུའོ། །སཾ་པ་རི་ཨུ་པ་ལས་རྒྱན་ལ་སུ་ཊའོ། །ཊ་ཡིག་ནི་དང་པོའི་ཡུལ་གྱི་དོན་ཏོ། །ཨུ་ཡིག་ནི་བརྗོད་པའི་དོན་ཏོ། །སཾ་སྐྲྀ་ཞེས་གནས་པ་ལ་ཨ་ཏུསྲའོ། །དེ་བཟུང་བས་ཨཱ་ག་མ་གཟུང་བར་ བྱའོ་ཞེས་པས་ཀྲྀ་གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །བརྩེགས་པ་དང་པོའི་རྀ་ཏའི་ཡང་ངོ་ཞེས་པས་ཡོན་ཏན་ནོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཀ་རོ་མི། རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །བི་ཀ་ར་ཎ་དེའི་མཐའ་དབྱི་བ་ནི་བི་ཀ་ར་ཎའི་མཐའི་དབྱི་བའོ། །བྱིངས་ ཐམས་ཅད་པ་ལ་དབྱིའོ་ཞེས་པ་འཇུག་སྟེ། ཛ་ཧཱ་ཏིའི་སཔྟ་མཱི་ལ་དབྱིའོ་ཞེས་པ་འདི་ལས་གོང་དུའོ། །ཡོན་ཏན་མེད་པ་ཞེས་པ་འཇུག་སྟེ་བྷཱུའི་མཐའ་ཞེས་པ་འདི་ལས་གོང་དུའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའི་ཡོན་ཏན་མེད་པ་བྱིངས་ཐམས་ཅད་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། ། རུནྡྷྷཿ། རུནྡྷནྟིཿ། བིནྟྟིཿ། བིནྡི་ནྟིཿ། ཙྪིནྟྟིཿ། ཙྪིནྡ་ནྟི། རུ་དྷིར་སྒྲིབ་པ། བྷི་དིར་རྣམ་པར་འཇོམས་པ། ཚི་དིར་གཉིས་སུ་བྱེད་པ་ལའོ། ཏས་དང་ཨནྟིའོ། །རུ་དྷ་སོགས་རྣམས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །དེའི་མཐའ་འདིས་དབྱིའོ། །གྷ་ཌྷ་དྷ་རྣམས་ལས་ཞེས་ པས་དྷའི་ཌྷའོ། །དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ་ཞེས་པས་ད་ཉིད་དོ། །ཙྪི་དི་བྷི་དི་དག་གི་སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ཞེས་པས་ཏའོ། །ཙྪིནྡ་དྷི། བྷིནྡ་དྷི། ཚི་དིརྲ་བྷི་དིར་དག་ལ་ཧིའོ། །ཧུ་དྷུཊ་དག་ལས་ཧིའི་དྷིའོ། །སྔ་མ་བཞིན་དུ་ན་སྒྲའི་མཐའ་དབྱིའོ། ། 195-1-202b ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། རུ་ཎ་དྡྷིར། རུ་དྷིར་ལ་ཏིའོ། །ན་སྒྲའོ། །དྷ་ཉིད་དང་ད་ཉིད་དོ། །མཐའ་སྨོས་པ་ནི་བི་ཀ་ར་ཎའི་མཐའ་དབྱི་བ་ལྡོག་པའི་དོན་དུའོ། །ཕྱིས་པར་གྱུར་པ་དེས་ཅི་བྱས་པར་འགྱུར་ཞེ་ན། འདིའང་ཡོན་ཏན་དང་བཅས་པ་ལ་སྤྱོད་པའི་དོན་དུ་འབྱུང་བར་འགྱུར་རོ། ། ཡོན་ཏན་མེད་པ་ལ་ནི་དབྱེ་བར་འགྱུར་རོ་ཞེས་པས་མཐའ་སྨོས་ས་སོ། །ཨ་སྟིའི་དང་པོའིའོ། །ཨ་སྟིའི་སྟེ་ཨས་ཡོད་པ་ལའོ་ཞེས་པས་འདིའི་དང་པོ་དབྱི་བར་འགྱུར་ཏེ་ཡོན་ཏན་མེད་པ་བྱིངས་ཐམས་ཅད་པ་ཕ་རོལ་ལའོ། །སྟཿ། སནྟི། སྱཱཏྲ། ཨས་ཡོད་པ་ལའོ། །ཏས་དང་ཨནྟི་དང་ ཡཱཏྲའོ། །ཨནྦི། ཨད་སོགས་ལས་འཇིག་གོ། །འདིས་དང་པོ་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཨསྟི། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གིའོ། །གང་ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་དེ་ཡོན་ཏན་མེད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །གཉིས་ཀ་རྣམས་ ཀྱི་ཨཱི་ཡིག་གོ་ཞེས་པ་འདིས་གསལ་བྱེད་དང་པོ་ལ་ཨཱི་ཉིད་དུ་བཤད་པར་བྱའོ་ཞེས་ཤུགས་ལས་འདི་དབྱངས་དང་པོའི་སྒྲུབ་པའོ། དཱའི་མིང་ཅན་རྣམས་ཀྱི་ནི་དཱ་མིན་པའི་ཞེས་པས་བཀག་པ་ལས་ཨཱི་ཉིད་དུ་མེད་དོ་ཞེས་དེ་རྣམས་ཀྱི་སྤྱིའི་ཆོ་གས་གསལ་བྱེད་དང་པོ་ལ་ཡང་ངོ་། །ད་ད་ཏི། ད་དྷ་ ཏི། ཛ་ཧ་ཏི། ད་དྱཱཏྲ། ད་བྷྱཱཏྲ། ཛ་ཧྱཱཏྲ། ཌུ་དཱཉ་སྦྱིན། ཌུ་དྷཱ་ཉ་འཛིན། ཨོ་ཧཱཀྲ་གཏོང་། བརྟ་མཱ་ནའི་ཨནྟི། སཔྟ་མཱིའི་ཡཱཏྲའོ། །ཨནྦི། ཛུ་ཧོ་ཏི་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ལན་གཉིས་བརྗོད་དོ། །འདིས་ཨཱ་དབྱིའོ། །ཨ་བྷྱ་སྟ་ལས་ཨནྟིའི་ན་དབྱིའོ་ཞེས་པས་ན་ དབྱིའོ། །དེ་བཞིན་དུ། ད་རི་དྲ་ཏི། ད་རི་དྲ་དབུལ་པོ། ཨནྟིའོ། །ཨནྦི། ཨད་སོགས་ལས་འཇིག་གོ། །ཨཱ་དབྱིའོ། །སྔ་མ་བཞིན་ན་དབྱིའོ། །མི་མ་ཏེ། ཛི་ཧ་ཏེ། མང་འཇལ་བ། ཨོ་ཧཱང་འགྲོ། ཨནྟེའོ། །སྔ་མ་བཞིན་འཇིག་གོ། གཉིས་བརྗོད་པ་ན་བྷྲྀཉ་ཧཱངྲ་མཱངྲ་ རྣམས་ཀྱི་ཨིཏའོ་ཞེས་པས་ཨི་ཉིད་དོ། །ཨཱི་དབྱིའོ། །ཨ་ཡིག་མ་ཡིན་པ་ཨཱཏྨ་ནེ་ལའང་ཞེས་པས་ན་དབྱིའོ། །ཨཱ་དཏྟེ། ཨཱ་དྷཏྟེ། ཌུ་དཉ་སྦྱིན་པ། ཌུ་དྷཱཉ་འཛིན། ཨཱང་སྔོན་དུའོ། །ཏེའོ། །སྔ་མ་བཞིན་འཇིག་གོ། །གཉིས་བརྗོད་པ་ལ་གཉིས་པ་བཞི་པ་དག་གི་ཞེས་ 195-1-203a པས་དྷའི་དའོ། །ཨཱ་དབྱེའོ། །དྷཱཉ་ལ་ད་དྷཱ་ཏིའི་ཏ་ཐ་དག་ལ་འང་ངོ་ཞེས་པས་དང་པོ་གསུམ་པ་ཉིད་ལ་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ་ཞེས་པས་ད་དྷ་དག་གི་ཏ་ཉིད་དོ། །ཨ་བྷྱསྟ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཡཱནྟི། ཨ་ཡིག་གི་ཞེས་ པ་ཅི་ཞེ་ན། བི་བྷྲ་ཏི། ཌུ་བྷྲྀཉ་འཛིན་པ། ཨནྟིའོ། །སྔ་མ་བཞིན་དུ་འཇིག་གོ། །གཉིས་བརྗོད་པ་ན་བྷྲྀཉ་ཧཱང་མཱང་རྣམས་ཀྱི་ཨིཏའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ད་དཱ་ཏི། ཀྲཱྀ་སོགས་རྣམས་ཀྱི་བི་ཀ་ར་ཎའི་འོ། །ཨ་ཡིག་ཅེས་པ་ཁོ་ནའོ། །ཀྲཱྀ་སོགས་ཀྱི་བྱིངས་རྣམས་ཀྱི་ བི་ཀ་ར་ཎའི་ཨ་ཡིག་ཡོན་ཏན་མེད་པའི་བྱིངས་ཐམས་ཅད་པ་ལ་དབྱི་བར་འགྱུར་རོ། །སྔ་མ་བཞིན་དུ་དབྱངས་དང་པོ་ལ་དབྱི་བ་འདིའོ། །ཀྲྀ་ཎནྟི། ཀྲཱྀ་ཎསྟེ། པྲཱ་ཎནྟི། པྲྀ་ཎསྟེ། ཌུ་ཀྲཱིཉ་རྫས་བརྗེ་བ་ལའོ། །པྲཱིཉ་ཚིམ་པ་ལའོ། །ཨནྟི་དང་ཨནྟེའོ། །ཀྲཱྀ་སོགས་ལས་ནཱའོ། ། འདིས་ཨདབྱིའོ། ཨིས་ཨཱ་དབྱིའོ། །ཨ་ཡིག་མ་ཡིན་པ་ཨཱཏྨ་ནེ་ལའང་ངོ་ཞེས་པས་ན་དབྱིའོ། །ལུན་ཏེ། ལུན་ཏཱཾ། ཨ་ལུན་ཏ། ལུཉ་གཅོད་པ། བརྟ་མཱ་ནའི་ཨནྟེའོ། པཉྩ་མིའི་ཨནྟམྲ། ཧྱསྟ་ནཱིའི་ཨནྟའོ། །ཀྲཱྀ་སོགས་ལས་ནཱའོ། །སུ་སོགས་རྣམས་ཀྱི་ཐུང་ངུའོ། ། ཨཱ་དབྱིའོ། །སྔ་མ་བཞིན་ན་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཀྲཱི་ཎཱ་ཏི། སྟནྦྷུ་། སྟུམྦྷུ་། སྐནྦྷུ། སྐུནྦྷུ། སྐུ་རྣམས་ལས་ཕ་རོལ་གྱི་ནཱའི་རྐྱེན་གྱི་ཨ་ཡིག་དབྱི་བར་བཤད་པར་བྱའོ། །སྔར་བརྗོད་པའི་རྒྱུན་ལའོ། །སྟབྷཱནྟི། སྟུབྷྣནྟི། སྐབྷྣནྟི། སྐུབྷྣནྟི། འདི་ རྣམས་མདོ་ལས་བྱུང་བའོ། །ཨནྟིའོ། །བཤད་པ་ལས་ནཱའི་རྐྱེན་ནོ། །ཨ་དབྱིའོ། །གཉིས་ཀ་རྣམས་ཀྱི་དཱ་མིན་པའི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ། ད་རྣམས་མ་ཡིན་ད་མིན་པ་སྟེ། དཱ་དེའི་མིན་པའོ། །ཨ་ཡིག་ཅེས་པ་ཁོ་ནའོ། །གཉིས་ཀ་རྣམས་ཀྱི་སྟེ་ཨ་བྷྱསྟ་ དང་ཀྲཱི་སོགས་ཀྱི་བི་ཀ་ར་རྣམས་ཀྱི་ཨ་ཡིག་ཡོན་ཏན་མེད་པའི་བྱིངས་ཐམས་ཅད་པ་གསལ་བྱེད་དང་པོ་ཅན་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་ཏེ། ད་མིན་པ་སྟེ་དའི་མིང་ཅན་རྣམས་ནི་ཨ་ཡིག་བོར་བར་བྱས་ནས་སོ། །ཨ་དབྱི་བ་ཐོབ་པའི་ཚིག་ལའོ། །མི་མཱི་ཏེ། མི་མཱ་ཥེ། མི་མཱི་དྷྭེ། 195-1-203b ཛི་ཧཱི་ཏེ། ཛི་ཧཱི་ཥེ། ཛི་ཧཱི་དྷྲེ། མཱང་འཇལ་བ།ཨོ་ཧཱང་འགྲོ། ཏེ་དང་སེ་དང་དྷྭེའོ། །ཨནྤི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། ཛུ་ཧོ་ཏིའི་ལན་གཉིས་བརྗོད་དོ། །བྷྲྀཉ་ཧཱངྲ་མཱངྲ་རྣམས་ཀྱི་ཨིཏའོ། །འདིས་ཨཱི་ཉིད་དོ། །ཀྲཱི་སོགས་ཀྱི་བི་ཀ་ར་ཎའི། ལུ་ནཱི་ཏ། ལུ་ནཱི་ཥེ། ན་ ནཱི་ཥེ། པུ་ནཱི་དྷྭེ། ཀྲཱི་སོགས་ལས་ནཱའོ། །ཨཱི་ཉིད་དོ། །པཱུ་སོགས་རྣམས་ཀྱི་ཐུང་ངུའོ། །གསལ་བྱེད་དང་པོ་ཅན་ལ་ཞེས་པ་ཅི་ཞེ་ན། ཛ་ཧ་ཏི། ཨོ་ཧཱངྲ་འགྲོ། །ཨནྟིའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་ཅེས་པས་ཨཱ་དབྱིའོ། །ཨ་བྷྱ་སྟ་ལས་ཨནྟིའི་ན་དབྱིའོ་ཞེས་པས་ན་དབྱིའོ། ། ཀྲཱི་ཎནྟི། ཀྲཱི་སོགས་རྣམས་ཀྱི་བི་ཀ་ར་ཎ་ཞེས་པས་ཨ་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཛ་ཧཱ་ཏི། ལུ་ནཱ་ཏི། བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། ལཱ་ལཱ་ཡ་ཏེ། ལཱ་ལེན་པའོ། ཤིན་དུ་ལེན་ནོ་ཞེས་ཡ་སྒྲའོ། །གཉིས་བརྗོད། འཐུང་ངོ་། །ཨཱ་ག་མ་མེད་པའི་རིང་པོའོ། ། དཱ་མིན་པ་ཞེས་པ་ཅི་ཞེ་ན། དཏྟཿ། དྷཏྟཿ། དཱཉ་སྦྱིན་པ། དྷཱཉ་འཛིན་པ། ཏསྲའོ། །ཨནྤི། ཛུ་ཧོ་ཏི་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་གཉིས་བརྗོད་དོ། །གཉིས་པ་བཞི་པ་ཞེས་པས་དྷའི་དཱའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་ཅེས་པས་ཨཱ་དབྱིའོ། །ད་དྷཱ་ཏིའི་ཏ་ཐ་དག་ ལའང་ངོ་ཞེས་པས་དང་པོ་བཞི་པའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་ཞེས་པས་དང་པོའོ། །སྟམྦྷུ། སྟུམྦྷུ། སྐནྦྷུ། སྐུནྦྷུ། སྐུ་རྣམས་ལས་ནཱ་བི་ཀ་ར་ཎའི་ཨ་ཡིག་སྔར་བརྗོད་པའི་རྒྱུ་མཚན་ལས་ཨཱི་ཉིད་དུ་བཤད་པར་བྱ་སྟེ། སྟབྷྣིཿ། སྟུབྷྣིཏཿ། སྐབྷྣིཏ། སྐུབྷྣིཏཿ། ད་རིངྲ་ཏིའི་ཨི་ཡིག་གོ། །ད་རི་དྲ་ཏིའི་གསལ་བྱེད་དང་པོ་ཅན་ཡོན་ཏན་མེད་པ་བྱིངས་ཐམས་ཅད་པ་ལ་ཨ་ཉིད་དུ་འགྱུར་རོ། །ཨཱི་ཉིད་ཐོབ་པ་ལའོ། །ད་རི་དྲི་ཏཿ། ད་རི་དྲི་བཿ། ད་རི་དྲི་མཿ། ད་རི་ཏསྲ་དང་བསྲ་དང་མསྲའོ། །འདིས་ཨི་ཉིད་དོ། །གསལ་བྱེད་དང་པོ་ཅན་ལ་ཞེས་པ་ ཅི་ཞེ་ན། ད་རི་དྲ་ཏི། ཨནྟིའོ། །ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཨཱ་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ད་རི་དྲཱ་ཏི། ཨོ་ཧཱ་ཀ་གཏོང་བ་ལའོ། །ཉི་བྷཱི་འཇིགས་པ་ལའོ་ཞེས་པ་འདི་དག་གི་སྔར་བརྗོད་པའི་རྒྱུ་མཚན་ཨི་ཉིད་དུ་བཤད་པར་ཡང་ན་བྱ་སྟེ། ཛ་ཧཱི་ཏཿ། 195-1-204a ཛ་ཧི་ཏཿ། ཛ་ཧཱི་བཿ། བི་བྷཱི་ཏཿ། བི་བྷི་ཏཿ། ཨོ་ཧཱ་ཀའི་ཨ་ཉིད་དང་ཨི་ཉིད་དང་ཨཱི་ཉིད་དུའང་འདོད་དེ་ཧི་ཕ་རོལ་ལའོ། །ཛ་ཧཱ་ཏི། ཛ་ཧཱི་ཏི། ཨཱ་ཡིག་གི་ཨཱི་ཡིག་སྒྲུབ་པ་ནི་ཨི་ཉིད་དང་ཨཱི་ཉིད་ཀྱི་ཕྱོགས་ལ་མི་འཇུག་ཅེས་པའི་དོན་དུའོ། །ཛ་ཧཱ་ཏིའི་སཔྟ་མཱི་ལ་དབྱིའོ། ། ཨོ་ཧཱཀ་གཏོང་བ་ལའོ་ཞེས་པ་འདིའི་སཔྟ་མཱི་ཕ་རོལ་ལ་མཐའ་དབྱི་བར་འགྱུར་ཏེ་ཨཱི་ཉིད་ཐོབ་པ་ལའོ། །ཛ་ཧྱ་ཏྲ། ཛ་ཧྱཱ་ཏཱམྲ། ཛ་ཏྱུཿ། ཨོ་ཧཱཀ་གཏོང་བ། ཡཱཏ་དང་ཡཱ་ཏཱམྲ་དང་ཡུསྲའོ། །ཨཱ་དབྱིའོ། །སཔྟ་མཱི་ལ་ཞེས་པ་ཅི་ཞེ་ན། ཛ་ཧཱི་ཏཿ། གཉིས་ཀ་རྣམས་ཀྱི་ཨཱི་ཡིག་ གོ། །ཡ་ཞེས་བརྗོད་པར་བྱ་བ་ལ་སཔྟ་མཱི་ཞེས་གཟུང་བ་ནི་རྣམ་པ་སྣ་ཚོགས་པ་སྟེ། ཧནྟིའི་དྷུཊ་ལ་བྱིངས་ཐམས་ཅད་པ་ལའོ། །ཧནྟིའི་མཐའི་དྷུཊ་དང་པོ་ཅན་གྱི་ཡོན་ཏན་མེད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཧ་ཏཿ། ཧ་ཐཿ། ཧན་འཚེ་བ། ཏས་དང་ ཐསའོ། །མཐའ་དབྱིའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཧནྤཿ། ཧནྨཿ། བསྲ་དང་མསྲའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཧནྟི། ཧནྶི། ཏི་དང་སིའོ། །འོ་ན་བ་ན་ཏི་ཏ་ནོ་ཏི་སོགས་ཨིཊ་བཀག་པ་རྣམས་ཀྱི་ཞེས་པ་འདིས་ཧནྟིའི་དབྱི་བ་གྲུབ་པས། དེ་དོན་མེད་ཅིང་སྦྱོར་བ་བརྩམ པ་ཅིའི་དོན་དུ་ ཡིན་ཞེ་ན། དོན་མེད་པ་མ་ཡིན་ཏེ། བ་ན་ཏི་ཏ་ནོ་ཏི་སོགས་ཞེས་པ་འདི་བྲམ་ཟེའི་མདོ་ཚུ་རོལ་མཐོང་བའི་དུས་སུ་བྱས་པའི་རང་གི་འདོད་པ་འདིས་ཅི་ལྟར་གྲུབ་པར་འགྱུར། ཤཱ་སིའི་ཨུ་པ་དྷཱའི་ཨཎ་དང་གསལ་བྱེད་དག་ལ་ཨིཏའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདིའི་ ཨུ་པ་དྷཱ་གང་ཡིན་པ་ཨཎ་ཕ་རོལ་དང་ཡོན་ཏན་མེད་པའི་གསལ་བྱེད་དང་པོའི་རྐྱེན་ལ་ཨི་ཉིད་དུ་འགྱུར་རོ། །ཨ་ནྭ་ཤི་ཥ་ཏ། ཨ་ནྭ་ཤི་ཥ་ཏཱམྲ། ཨ་ནྭོ་ཤི་ཥ་ཏནྲ། ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཨ་ནུ་སྔོན་དུའོ། །ཨཱ་དྱ་ཏ་ནཱིའི་དི་དང་ཏཱམྲ་དང་ཨནའོ། །བྱིངས་ཀྱི་དང་པོར་ ཨཊའོ། །པུཥ་ལ་སོགས་པའི་མདོས་ཨཎའོ། །འདིས་ཨུ་པ་དྷཱ་ཨི་ཉིད་དོ། །ཤཱ་སི་བ་སི་གྷ་སི་རྣམས་ཀྱི་འང་ངོ་ཞེས་པས་ཥ་ཉིད་དོ། །གསལ་བྱེད་ལ་ཁ་ལྭ་པི། ཤིཥྱ་ཏེ། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། ཤི་ཥྭཿ། ཤིཥྨཿ། བསྲ་དང་མ་སྲའོ། ། 195-1-204b ཨནྤི། ཨད་སོགས་ལས་འཇིག་གོ། ཤིཥྚཿ། ཤིཥྚ་བཱནཿ། བསྟན་པར་བྱས་ཟིན་ནོ། །བསྟན་པར་བྱེད་ཟིན་ཏོ་ལ་ནིཥྵའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །རིང་ཤྭི་ཨཱིཏ་རྗེས་སུ་འབྲེལ་པ་ཞེས་ཨིཊ་མེད་དོ། །ཨཎ་གསལ་བྱེད་དག་ལ་ཞེས་པ་ཅི་ཞེ་ན། ཤ་ཤཱས་ཏུཿ། ཨ་ཏུསའོ། གཉིས་བརྗོད་དོ། །འོ་ན་འདིར་ཨི་ཉིད་ཅི་ལྟར་ཡིན་ཏེ། འཕགས་པས་སྟོན་ཏོ་ཞེས། ཨཱཪྻཥྚིཿ། མིཏྟྲ་ཤིཿ། ཞེས་པ་སྟེ། འདིར་གསལ་བྱེད་གཞན་དང་གཞན་ཡོད་པ་མ་ཡིན་ཏེ། སྒྲུབ་པ་ཐམས་ཅད་ལས་དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པས་ཀྭིཔ་ཕྱིས་པ་ཉིད་ཀྱི་ ཕྱིར་རོ། །རྐྱེན་ཡོད་པ་ཡང་མ་ཡིན་ཏེ། དབྱི་བ་ཡོངས་སུ་བཤད་པའི་སྦྱོར་བའི་ཡི་གེ་རྣམས་ལ་རྐྱེན་གྱི་མཚན་ཉིད་མེད་དོ་ཞེས་བཀག་པའི་ཕྱིར་རོ་ཞེ་ན། བདེན་ཏེ། དབྱི་བ་དང་དབྱངས་སྒྲུབ་པ་དག་ལ་དབྱངས་བསྒྱུར་བ་སྟོབས་དང་ལྡན་ནོ་ཞེས་པས་སྔོན་ལ་ཨི་ཉིད་དུ་འགྱུར་ཞིང་། དེ་ནས་ཀྭིཔ་དབྱིའོ། །ཀྭིཔ་ཕྱིས་པ་ན་ཤཱ་སི་བ་སི་གྷ་སི་རྣམས་ཀྱིའང་ངོ་ཞེས་པས་ཥའོ། །ས་ཛུ་ཥ་དང་ཨཱ་ཤཱིཥ་དག་གི་ར་ངོ་ཞེས་པས་ར་ཉིད་དོ། །ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ། །འདིར་ཤཱ་སུ་རྗེས་སུ་སྟོན་པའི་གཟུང་གི་ཨཱང་ཤཱ་སུ་འདོད་པ་ལའོ་ཞེས་པ་འདིའི་ནི་མ་ཡིན་ནོ། ། དེས་ན་འདིར་མི་འགྱུར་ཏེ། ཨཱ་ཤཱ་སྟེ། ཅིའི་ཕྱིར་ཞེ་ན་ཡང་ཁྱད་པར་འདི་བརྗོད་པར་བྱ་སྟེ། ཨཎ་སྨོས་པ་ལས་གང་གི་ཕྱིར་ཤ་སི་ལས་ཨཎ་འབྱུང་བ་གཟུང་བར་བྱ་སྟེ། ཤ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདི་ལས་ཀྱང་པ་རསྨཻའི་ཚིག་ཅན་སྲིད་ཀྱི། ཅིག་ཤོས་ཨཱཏྨ་ནེའི་ཚིག་ ཅན་འདི་ལས་ནི་མ་ཡིན་ནོ། །གལ་ཏེ་ཡང་གསལ་བྱེད་གཉིས་དག་ལས་ཀྱང་གཞན་སྲིད་པ་དེ་ལྟར་ན་ཡང་། དེ་ཤཱ་སིར་གཟུང་བར་བྱ་སྟེ། གང་ལས་ཨཎ་དང་གསལ་བྱེད་ལ་གཉིས་ཀ་ཡང་ཡོད་དོ། །གཉིས་ཀའང་ཤཱ་སི་ཡིན་ནོ། །ཨཱངྲ། ཤཱ་སུ་རྗེས་སུ་འདོད་པ་ལའོ་ཞེས་པ་ འདི་ལས་ནི་མ་ཡིན་ནོ། །ཨཱ་ཤཱིཿ། ཞེས་པ་འདིར་ཨི་ཉིད་ཅི་ལྟར་ཡིན་ཞེ་ན། བདེན་ཏེ། ཨཱ་ཤཱི་ཥ་ལའང་པ་རསྨཻ་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་འགྱུར་རོ། །ཨཱངའོ། །ཤཱ་ས་རྗེས་སུ་འདོད་པ་ལའོ། །འདོད་པར་བྱེད་དོ་ཞེས་པས་ཀྭིཔའོ། །ཤེས་པར་བྱེད་པའི་ལས་ཨི་ 195-1-205a ཉིད་དོ། །ཤཱ་སི་བ་སི་ཞེས་པས་ཥའོ། གཞན་མ་བཞིན་ནོ། །ཧནྟིའི་ཧི་ལ་ཛའོ། །ཧནྟི་ཛ་ཡིག་ཏུ་བསྒྱུར་བར་འགྱུར་ཏེ་ཧི་ལ་སྟེ་ཧིའི་རྐྱེན་ཕ་རོལ་ལའོ། །གཅིག་མིན་གྱི་ཡི་གེ་ནི་ཐམས་ཅད་ཀྱིའོ་ཞེས་པའི་ཚིག་ལས་ཐམས་ཅད་ཀྱིའོ། །ཛ་ཧི། ཧན་འཚེ་བ་ལའོ། ། ཧིའོ། །འདིས་ཛ་རུ་བསྒྱུར་རོ། །ཧི་ལ་ཞེས་པ་ཅི་ཞེ་ན། ཧནྟི། དཱ་ཨསྟི་དག་གི་ཨེ་སྟེ། ཨ་བྷྱཱ་ས་དབྱི་བ་ཡང་ངོ་། །ཧི་ལ་ཞེས་པ་ཁོ་ནའོ། །དཱའི་མིང་ཅན་རྣམས་དང་ཨསྟིའི་འང་ཧི་ཕ་རོལ་ལ་མཐའ་ཨེ་ཉིད་དུ་འགྱུར་ཞིང་། ཨ་བྷྱཱ་ས་དབྱི་བའང་ངོ་། །ཡི་གེའི་མཐའི་ཆོ་གའོ་ ཞེས་ཡོངས་སུ་བཤད་པའི་ངེས་པ་འདིས་འདི་དང་འདིས་ཨ་བྷྱཱ་ས་ཐམས་ཅད་དབྱིའོ། །འང་གི་སྒྲ་ནི་སྡུད་པ་ལའོ།དེས་ན་གང་ལ་ཨ་བྷྱཱ་སའང་འབྱུང་བ་དེ་ལ་དེའི་དབྱི་བའོ། །དེ་ཧི། དྷེ་ཧི། ཌུ་དཱཉ་སྦྱིན། ཌུ་དྷཱཉ་འཛིན། ཧིའོ། །ཨནྤི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧི་ཏི་སོགས་ཀྱི་གཉིས་བརྗོད་ དོ། །ཨཱ་ཡིག་གི་ཨེ་ཉིད་དོ། །ཨ་བྷྱཱ་ས་དབྱིའོ། །ཨསྟིའི། ཨེ་དྷི། ཨསྲ་ཡོད་པ་ལའོ། །ཧིའོ། །བའི་ཨེ་ཉིད་དོ། །ཨསྟིའི་དང་པོའི་འོ་ཞེས་པས་ཨ་ཡིག་དབྱིའོ། །ཨསྟི་ལས་སོ་ཞེས་པས་ཧིའི་དྷིའོ། །ཧི་ལ་ཞེས་པ་ཅི་ཞེ་ན། ད་དཱ་ཏི། ད་དྷཱ་ཏི། སནྟི། ཨསྟིའི་དང་པོའི་འོ་ཞེས་པས་ ཨ་ཡིག་དབྱིའོ། །གསལ་བྱེདགཅིག་པའི་དབུས་ན་ཡོད་པའི་དང་པོ་མ་བསྒྱུར་བའི་ཨའི་པ་རོ྅ཀྵ་ལའོ། །གཅིག་ཀྱང་དེ་ཡིན་ལ་གསལ་བྱེད་ཀྱང་དེ་ཡིན་པ་ནི་གསལ་བྱེད་གཅིག་པུའོ། །གསལ་བྱེད་གཅིག་པ་དང་གསལ་བྱེད་གཅིག་པ་ནི་གསལ་བྱེད་གཅིག་པ་སྟེ། གཟུགས་མཐུན་པ་ལས་ གཅིག་ལྷག་སྟེ་རྣམ་དབྱེ་གཅིག་པ་ལའོ་ཞེས་པས་གསལ་བྱེད་གཅིག་པའི་སྒྲ་ནི་མཐུན་པ་བརྗོད་པའོ། །དེའི་ཕྱིར་གསལ་བྱེད་གཅིག་པ་གཉིས་ཀྱི་དབུས་ན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བྱིངས་གང་གི་དང་པོ་བསྒྱུར་བ་དེ་ནི་དང་པོ་བསྒྱུར་བའོ། །དེ་ནས་ནཉའི་བསྡུ་བའོ། །འདིར་གཅིག་གི་ སྒྲ་ནི་ལྷན་ཅིག་མ་ཡིན་པ་བརྗོད་པ་སྟེ། དེས་ན་བྱིངས་དང་འབྲེལ་པ་ཅན་གྱི་གསལ་བྱེད་གཅིག་པ་དག་སྟེ། གང་ལྷན་ཅིག་པ་མ་ཡིན་པའི་གསལ་བྱེད་དག་གི་དབུས་ན་ཡོད་པ་ཨ་ཡིག་དང་པོ་མ་བསྒྱུར་བ་སྟེ། དང་པོ་བསྒྱུར་བ་མེད་པ་དེ་ནི། པ་རོ྅ཀྵ་དང་ཡོན་ཏན་མེད་པ་ཕ་རོལ་ལ་ཡང་ཨེ་ཡིག་ཏུ་ 195-1-205b བསྒྱུར་བར་འགྱུར་ཞིང་ཨ་བྷྱཱ་ས་དབྱི་བ་འང་ངོ་། །པེ་ཙ་ཏུཿ། པེ་ཙུཿ། དེ་མ་ཏུཿ། དེ་མུཿ། པ་ཙ་འཚེད། ད་མུ་ཉེ་བར་ཞི་བ་ལའོ། །ཨ་ཏུས་དང་ཨུསྲའོ། །གཉིས་བརྗོད་དོ། ཨ་ཡིག་གི་ཨེ་ཉིད་དོ། །ཨ་བྷྱཱ་ས་དབྱིའོ། །ཨའི་ཞེས་པ་ཅི་ཞེ་ན། དི་དི་བ་ཏུཿ། དབྱངས་ནི་འདྲ་བའི་ཡི་གེ་འཛིན་ པའོ་ཞེས་པའི་ཚིག་མི་རྟག་སྟེ་ཨུའི་ཡི་གེ་ལ་ཨོའོ་ཞེས་སོགས་ལ་ཡི་གེ་སྨོས་པ་ལས་སོ། །དེས་ན་འདིར་མི་འགྱུར་ཏེ། བ་བཱ་དྷེ། བཱ་དྷྲཾ། དཀྲུགས་པ། པ་རོ྅ཀྵའི་ཨེའོ། །གསལ་བྱེད་གཅིག་པུ་པའི་དབུས་ན་གནས་པ་ཅི་ཞེ་ན། ར་རཀྵ་ཏུཿ། ཏཏྨ་ར་ཏུཿ། རཀྵ་བསྲུང་བ་ལའོ། །ཏྶ་ར་གཡོ་ སྒྱུས་འགྲོ་བ་ལའོ། །དང་པོ་མ་བསྒྱུར་བ་ཞེས་པ་ཅི་ཞེ་ན། ཙ་ཀ་ན་ཏུཿ། ཀ་ན་ཟུམ་པ་ལའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། བ་ཀྭཿ། བ་ཀྭ་བཱན། ཌུ་པ་ཙཥ་འཚེད་པ་ལའོ། །འཚེད་པར་བྱས་ཟིན། འཚེད་པར་བྱེད་ཟིན་ལ་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཙ་སྡེའི་ཀིའོ་ཞེས་པས་ཀ་ཉིད་དོ། །ཀྵེ་ཤུཥི་ པ་ཙ་རྣམས་ཀྱི་མ་ཀ་བ་རྣམས་སོ་ཞེས་པས་ཏ་ཡིག་གི་བའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཧཾ་པ་པ་ཙ། ཕྱི་མའི་གཅིག་གི་ཚིག་ཨཊའོ། །འཚེ་བའི་དོན་ལ་རཱ་དྷོ་ཏི་ཨཱ་ཡིག་ཨེ་ཉིད་དུ་བཤད་པར་བྱ་སྟེ། ཨ་བྷྱཱ་ས་དབྱི་བ་འང་ངོ་། །ཨ་པ་རེ་དྷ་ཏུཿ། རཱ་དྷ་སཱ་དྷ་ཡང་དག་པར་སྒྲུབ་པ་ལའོ། ། ཨས་སྔོན་དུའོ། །འཚེ་བ་ལ་ཞེས་པ་ཅི་ཞེ་ན། ཨཱ་ར་ར་དྷ་ཏུཿ། ར་དྷའི་སྔོན་དུ་ཨཱ་འདྲ་ངོ་། །ཐལ་ལའང་ཨིཊ་དང་བཅས་པ་ལའོ། །གང་གསལ་བྱེད་ལྷན་ཅིག་པ་མིན་པ་གཉིས་དག་གི་དབུས་ཀྱི་ཨ་ཡིག་དང་པོ་མ་བསྒྱུར་བ་བྱིངས་དང་འབྲེལ་པ་ཅན་དེ་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བར་ཡང་འགྱུར་ ཏེ། ཨིཊ་དང་བཅས་པའི་ཐལ་ཕ་རོལ་ལའོ། །པེ་ཙི་ཐ། ཤེ་ཀི་ཐ། ཌུ་པ་ཙ་ཥ་འཚེད། ཤ་ཀླྀ་ནུས་པ། ཐལྲའོ། །ཀྲྀ་སྲྀ་པྲྀ་བྷྲྀ་ཞེས་པའི་ངེས་པ་ལས་ཨི་ཊའོ། །གཉིས་བརྗོད་དོ། །འདིས་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གོ། །ཐ་ལ་ལ་ཞེས་པ་ཅི་ཞེ་ན། པཱ་པ་ཙི་ཏཱ། ཤིན་ཏུ་འཚེད་དོ་ལ་ཡ་ སྒྲའོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །ཏཱའོ། །ཨིཊའོ། །ཨའི་འང་དབྱིའོ། །ཡའི་ཨན་མིན་པ་ལ་ཞེས་པས་ཡ་དབྱིའོ། །འོ་ན་རིང་པོ་བྱས་པ་ན་དང་པོ་མ་བསྒྱུར་བ་ཞེས་པ་འདིས་བཀག་པར་འགྱུར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། འདིར་རིང་པོར་ 195-1-206a བསྒྱུར་བ་དང་པོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བ་ཡིག་གོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། པ་པཀྛ། ཨ་ཡིག་དང་ལྡན་པའི་བྱིངས་རྣམས་ཀྱི་ཐལ་ལ་ཨིཊ་ཡང་ན་བཤད་པར་བྱའོ། །ཨའི་ཞེས་པ་ཅི་ཞེ་ན། བ་བྷི་བ་ཐ། འཚེ་བའི་དོན་ལ་རཱདྷྣོ་ཏིའི་ཨཱ་ཡིག་ཨེ་ ཉིད་དུ་བཤད་པར་བྱ་སྟེ། ཨ་བྷྱཱ་ས་དབྱི་བའང་ངོ་། །ཨ་པ་ར་དྷི་ཐ། འཚེ་བ་ལ་ཞེས་པ་ཅི་ཞེ་ན། ཨཱ་ར་རཱ་དྷི་ཐ། ཏྲཱྀ་ཕ་ལ་བྷྲ་ཛ་ཏྲབ་ཤྲནྠི་གྲནྠི་དམྦྷི་རྣམས་ཀྱིའང་ངོ་། །པ་རོ྅ཀྵ་ཡོན་ཏན་མེད་པ་ལ་དང་ཐལ་ཨིཊ་དང་བཅས་པ་ལ་ཞེས་པ་འཇུག་གོ། །ཏྲཱྀ་རྐྱལ་བ་ལའོ། ཕ་ལ་རྫོགས་པ་ལའོ། །བྷ་ཛ་ བསྟེན་པ་ལའོ། །ཏྲབ་ཥ་ངོ་ཚ་བ་ལའོ། །ཤྲནྠ་གྲནྠ་གཞུང་སྒྲིག་པ་ལའོ། །དནྦྷུ་ཚུལ་འཆོས་པ་ལའོ། །འདི་རྣམས་ཀྱི་ཨ་ཡིག་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བར་འགྱུར་ཏེ། པ་རོ྅ཀྵ་ཡོན་ཏན་མེད་པ་ལ་དང་ཐལ་ཨིཊ་དང་བཅས་པ་ཕ་རོལ་ལའོ། །ཏྣྀའི་ཤས་དད་པ་དང་པོ་ཡོན་ཏན་ཅན་རྣམས་ཀྱི་མ་ཡིན་ ནོ་ཞེས་པ་དང་ཕལ་བྷ་ཛ་དག་གི་དང་པོ་བསྒྱུར་བ་ཉིད་ལས་དང་ཏྲབ་དང་ཤྲནྠ་གྲནྠ་དམྦྷ་རྣམས་ཀྱི་གསལ་བྱེད་གཅིག་པུ་མིན་པ་ཉིད་ལས་དགག་པ་ཐོབ་པ་ལའོ། །ཏེ་ར་ཏུཿ། ཏེ་ཏུཿ། ཏེ་རི་ཐཿ། ཕེལ་ཏུཿ། པེ་ལུཿ། ཕེ་ལི་ཐ། བྷེ་ཛ་ཏུཿ། བྷེ་ཛུཿ། བྷེ་ཛི་ཐ། བྷེ་ཛེ། བྷེ་ཛཱ་ཏེ། བྷེ་ཛི་རེ། ཏྲེ་པེ། ཏྲེ་པཱ་ཏེ། ཏྲེ་པི་རེ། ཤྲེ་ ཐ་ཏུཿ། ཤྲེ་ཐུཿ། ཤྲེ་ཐི་ཐ། གྲེ་ཐ་ཏུཿ། གྲེ་ཐུཿ། གྲེ་ཐི་ཐ། དེ་བྷ་ཏུཿ། དེ་བྷུཿ། དེ་བྷི་ཐ། ཨ་ཏུསྲ་དང་ཨུསྲ་དང་ཐལ་དང་ཨེ་དང་ཨཱ་ཏེ་དང་ཨི་རེའོ། །ཐལ་ལ་ཕ་རོལ་དུ་ཨིཊའོ། །གཉིས་བརྗོད་དོ། །ཏྲཱྀ་ཞེས་པ་འདིའི་རཱྀཏ་མཐའ་རྣམས་ཀྱིའང་ངོ་ཞེས་པས་ཡོན་ཏན་ནོ། །འདིས་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་ གོ། །ཡོན་ཏན་མེད་པ་ཕ་རོལ་དང་པ་རོ྅ཀྵཱ་ལ། ཨིནྡྷི་ཤྲནྠི་གྲནྠི་ཞེས་པ་ལ་སོགས་པས་ཨ་ནུ་ཥཾ་ག་དབྱིའོ། །ཐལ་ལ་ནི་ཐལ་ལ་ཡང་ཞེས་པ་འདིས་སོ། །འོ་ན་དནྦྷི་ཨ་ནུ་ཥཾ་ག་ཕྱིས་པ་གྲུབ་པ་ནི་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གྲུབ་བོ་ཞེས་པ་ཅི་ཡིན་ཏེ། དམྦྷི་གཟུང་བས་སོ་ཞེ་ན། བདེན་ཏེ་མཚན་ཉིད་ ལས་བྱུང་བ་ཉིད་ལ་གསལ་བྱེད་གཅིག་པུ་པའི་དབུས་ཉིད་དུ་ཅི་ལྟར་གྲུབ་པར་འགྱུར། ཛྲཱི་དང་བྷྲ་མི་དང་ཏྲ་སི་དང་ཕ་ཎི་དང་ར་ཛི་དང་བྷྲ་ཛི་དང་བྷྲ་སི་དང་བྷླཱ་སི་དང་ཤྱ་མི་དང་སོགས་ནི་རྣམས་ཀྱི་ཨ་ཡིག་ཨེ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། ཨ་བྷྱཱ་ས་དབྱི་བའང་ངོ་། །ཛྲཱི་རྒ་བ་ལའོ། །ཛེ་ར་ཏུཿ། ཛེ་ཏུཿ། ཛེ་རི་ཐ། 195-1-206b ཛ་ཛ་ར་ཏུཿ། ཛ་ཛ་ཏུཿ། ཛ་ཛ་རི་ཐ། རཱྀཏ་མཐའ་རྣམས་ཀྱི་ཞེས་པས་ཡོན་ཏན་ནོ། །ཕྱོགས་གཅིག་ལ་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གོ། །བྷྲ་མུ་གཡོ་བ་ལའོ། །བྷྲ་མེ་ཏུཿ། བྷྲེ་མུཿ། བྷྲེ་མི་ཐ། བ་བྷྲ་མ་ཏུཿ། བ་བྷྲ་མུཿ། བ་བྷྲ་མི་ཐ། ཏྲེ་ས་ཏུཿ། ཏྲེ་སུཿ། ཏྲེ་སི་ཐཿ། ཏ་ཏྲ་ས་ཏུཿ། ཏ་ཏྲ་སུཿ། ཏ་ཏྲ་སི་ཐ། ཕེ་ཎ་ཏུཿ། ཕེ་ཎུཿ། ཕེ་ཎ་ཐཿ། པ་ཕ་ཎ་ཏུཿ། པ་ཕ་ཎུཿ། པ་པ་ཎི་ཐ། རེ་ཛ་ཏུཿ། རེ་ཛུཿ། རེ་ཛི་ཐ། རེ་ཛེ། རེ་ཛཱ་ཏེ། རེ་ཛི་རེ། ར་རཱ་ཛ་ཏུཿ། ར་རཱ་ཛུཿ། ར་རཱ་ཛི་ཐ། ར་རཱ་ཛི། རཱ་རཱ་ཛཱ་ཏེ། ར་རཱ་ཛི་རེ། བྷྲཱ་ཛྲྀ་གསལ་བ་ལའོ། །བྷྲེ་ཛེ། བྷྲེ་ཛཱ་ཏེ། བ་བྷྲ་ཛེ། བ་བྷྲ་ཛཱ་རེ། བྷྲཱ་སྲྀ་འབར་བ་ལའོ། །བྷྲེ་སེ། བྷྲེ་སཱ་ཏེ། བ་བྷྲཱ་སེ། བྷཱ་སྲྀ་ གསལ་བ་ལའོ། །བྷླེ་སེ། བྷླེ་སཱ་ཏེ། བ་བྷླ་སེ། བ་བྷླཱ་སཱ་ཏེ། ཤྱ་མུ་སྭན་སྒྲ་ལའོ། །ཤྱེ་མ་ཏུཿ། ཤྱེ་མི་ཐ། ཤ་ཤྱ་མ་ཏུཿ། ཤ་ཤྱ་མི་ཐ། སྭེ་ན་ཏུཿ། སྭེ་ནི་ཐ། ས་སྭ་ན་ཏུཿ། ས་སྭོ་ནིཿ། ཤས་དད་པ་དང་པོ་ཡོན་ཏན་ཅན་རྣམས་ཀྱི་མ་ཡིན་ནོ། །གང་གི་དང་པོ་བ་ཡིག་ཡིན་པ་དེ་ནི་བ་དང་པོ་ཅན་ནོ། ། གང་ལ་ཡོན་ཏན་ཡོན་པ་དེ་ནི་ཡོན་ཏན་ཅན་ནོ། །དེ་འདིའི་ཡོད་པ་ཞེས་པས་ཨིནྲའོ། །དེ་ནས་ཟླས་དབྱེའོ། །ཤ་སུ་འཚེ་བ་ལའོ། དད་སྦྱིན་པ་ལའོ་ཞེས་པ་འདི་དག་དང་བ་ཡིག་དང་པོ་ཅན་གྱི་བྱིངས་ཀྱི་ཨ་ཡིག་གང་ཡིན་པ་དེ་སྔར་བརྗོད་པའི་རྒྱུ་མཚན་ལ་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བར་ཡང་མི་འགྱུར་རོ། ། བི་ཤ་ཤ་ས་ཏུཿ། བི་ཤ་ཤ་སུཿ། བི་ཤ་ཤ་སི་ཐ། ད་དཱ་ཏེ། ད་ད་དཱ་ཏེ། ད་ད་དི་རེ། བ་ཡིག་དང་པོ་རྣམས་། བ་བ་མ་ཏུཿ། བ་བ་མི་ཐ། བ་བ་ལ་ཏུཿ། བ་བ་ལི་ཏ། ཡོན་ཏན་ཅན་རྣམས་ཀྱི། བི་ཤ་ཤ་ར་ཏུཿ། བི་ཤ་ཤ་རི་ཐ། ནི་པ་པ་ར་ཏུཿ། ནི་པ་པ་རི་ཐ། ཤ་སུ་འཚེ་བ་ལའོ། །བི་སྔ་མར་རོ། །དད་སྦྱིན་པ་ལའོ། ། ཌུ་བམྲ་སྐྱུག་པ་ལའོ། བ་ལ་ཐོབ་ཤྲཱིའཚེ། བི་སྔོན་དུའོ། །བྲཱྀ་སྐྱོང་བར་བྱེད་པ་དང་རྫོགས་པ་ལའོ། ནི་སྔོན་དུའོ། །ཨ་ཏུས་དང་ཨུས་དང་ཐལ་དང་ཨེ་དང་ཨཱ་ཏེ་དང་ཨི་རེའོ། །ཤྲི་དང་པྲཱྀའི་སྒྲ་དག་གི་རཱྀཏྲ་མཐའ་རྣམས་ཀྱིའང་ངོ་ཞེས་པས་ཡོན་ཏན་ནོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག ། མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་གོ། །ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་ནི་ཨིའི་ཡི་གེ་དང་ཨུའི་ཡི་གེའོ། །དེ་ནས་མཐའི་སྒྲའི་ས་ལ་ས་འཛིན་པ་ལའོ། །གང་གི་ཚེ་འབྲུ་མང་པོ་པར་འགྱུར་བ་དེའི་ཚེ་གཅིག་མིན་གྱི་ཡི་གེ་ཐམས་ཅད་ཀྱིས་ཞེས་བྱིངས་ཐམས་ཅད་ཀྱི་ཨི་ཡ་ཨུ་བ་རུ་འགྱུར་བའོ། ། 195-1-207a པ་རོ྅ཀྵ་ལ་ཞེས་པ་ལྡོག་པ་ཡོན་ཏན་མེད་པ་ཞེས་པ་ཁོ་ནའོ། །བྱིངས་དང་འབྲེལ་པའི་ཨིའི་ཡི་གེ་དང་ཨུའི་ཡི་གེ་མཐར་གནས་པའི་གྲངས་བཞིན་དུ་ཨི་ཡ་དང་ཨུབ་དག་ཏུ་འགྱུར་ཏེ། དབྱངས་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལའོ། །ཡ་ཉིད་དང་བ་ཉིད་དག་འགེགས་པའོ། །ཤི་ཤྲི་ཡ་ ཏུཿ། ཤི་ཤྲི་ཡུཿ། ཙི་ཀྲི་ཡ་ཏུཿ། ཙི་ཀྲི་ཡུཿ། ཛུ་ཧུ་བ་ཏུཿ། ཛུ་ཧུ་བུཿ། ལུ་ལུ་བ་ཏུཿ། ལུ་ལུ་བུཿ། ཤྲིཉ་བསྟེན་པ་ལའོ། །ཌུ་ཀྲཱིཉ་རྫས་བརྗེ་བ་ལའོ། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ། །ལཱུཉ་གཅོད་པ་ལའོ། །ཨ་ཏུས་དང་ཨུསའོ། །གཉིས་བརྗོད་དོ། །འདིས་ཨི་ཡ་དང་ཨུ་བ་དག་གོ། །དེ་བཞིན་དུ། ཀྵི་ ཡནྟི། སྟུ་བནྟི། ཀྵ་གནས་པ་ལའོ། །ཥྚཉ་བསྟོད་པ་ལའོ། ཨནྟིའོ། །ཨནྦི། ཨད་སོགས་ལས་འཇིག་གོ། །དབྱངས་དང་པོ་ཅན་ཞེས་པ་ཅི་ཞེ་ན། ཤྲཱི་ཡཱཏ། ཨཱ་ཤཱི་ཥའི་ཡཱ་ཏ་ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤྲ་ཡ་ཏཱི། ལ་བི་ཏཱ། ཨའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའ་ ཞེས་པ་ཅི་ཞེ་ན། ཙཾ་ཀྲ་ཏུཿ། བྱིངས་སྨོས་པ་ནི་ཕྱི་མའི་དོན་དུའོ། །བི་ཀ་ར་ཎའི་འང་མིན་ཏེ། མདོར་བསྟན་ཡོད་པར་ཐལ་བས་དང་། བི་ཀ་ར་ཎའི་ནུའོ་ཞེས་པ་ངེས་པའི་དོན་ཉིད་ཀྱི་ཕྱིར་རོ། །ཨཱ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལའོ། །དབྱངས་དང་པོ་ལ་ཞེས་པ་རྗེས་སུ་འཇུག་སྟེ། ཀ་རི་ཏ་བསྒྲགས་པ་ལས་གོང་དུའོ། ། ཡོན་ཏན་མེད་པ་ཞེས་པ་ནི་འདིར་འབྲེལ་པ་ནི་མ་ཡིན་ནོ། །ཨ་བྷྱཱ་སའི་ཨིའི་ཡི་གེ་དང་ཨུའི་ཡི་གེ་གང་ཡིན་པ་དེའི་འདྲ་བའི་ཡི་གེ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ཨི་ཡ་ཨུ་བ་དག་ཏུ་འགྱུར་རོ། །ཨི་ཡརྟི། ཨི་ཡཪྻཱཏ། ཨི་ཡཪྟུ། རྀ་འགྲོ་བ། བརྟ་མཱ་ནཱའི་ཏི་དང་སཔྟ་མཱིའི་ཡཱཏ་དང་པཉྩ་མཱིའི་ཏུའོ། །ཨནྦི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ཀྱི་གཉིས་བརྗོད་དོ། །རྀའི་ཡི་གེ་ཨ་ཡིག་གོ། །ཨརྟི་པི་པརྟི་དག་གིའང་ངོ་ཞེས་པས་ཨི་ཉིད་དོ། །དེ་འདིས་ཨི་ཡའོ། །ཡོན་ཏན་ནོ། །ཨ་ཡོ་ཥ། ཨི་བོ་ཥ། ཨི་ཥུ་འདོད་པ་ལའོ། །ཨུ་ཥ་བསྲེག་པ་ལའོ། །ཨཊའོ། །གཉིས་བརྗོད། ཡོན་ཏན་ནོ། །འདིས་ ཨི་བ་ཨུ་བ་དག་གོ། །འདྲ་བའི་ཡི་གེ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱི་ཥ་ཏུཿ། ཨཱུ་ཥ་ཏུཿ། ཨི་ཥུ་འདོད་པ། ཨུ་ཥ་བསྲེག་པ། གཉིས་བརྗོད། མཚུངས་པའི་རིང་པོའོ། །དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཨི་ཡཱ་ཛ། ཨུ་བཱ་ཧ། ཡཛ་ལྷ་མཆོད་པ་ལའོ། །བཧ་ཐོབ་པའོ། །ཨཊའོ། །གཉིས་བརྗོད། 195-1-207b གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །བི་ཀ་ར་ཎའི་ནུའི་འོ། །ཨུའི་ཡི་གེ་སྨོས་པ་རྗེས་སུ་འཇུག་གོ། །ཨུ་བ་ར་བསྒྱུར་བའང་ངོ་། ནུ་བི་ཀ་ར་ཎའི་ནུའི་ཡི་གེ་གང་ཡིན་པ་དེ་དབྱངས་དང་པོའི་ཡོན་ཏན་མེད་པ་ཅན་ཕ་རོལ་ལ་ཨུ་བ་རུ་བསྒྱུར་བར་འགྱུར་རོ། །ནུའི་སྔ་མ་བརྩེགས་ པ་མིན་པའི་བི་ཀ་ར་ཎའི་ནུའོ་ཞེས་པ་འདིས་བ་ཡིག་ཏུ་བསྒྱུར་བ་འཆད་པར་འགྱུར་རོ་ཞེས་པའི་ཤུགས་ལས་འདི་སྔ་མ་བརྩེགས་པའི་སྒྲུབ་པ་ཐོབ་པར་འགྱུར་རོ། །པྲཱཔྣུ་བནྟི། པྲཱཔྣུ་བནྟུ། ཤཀྣུ་བནྟི། ཤཀྣུ་བནྟུ་། ཨཱཔླྀ་ཐོབ་པ་ལའོ། །པྲ་སྔོན་དུའོ། །ཤ་ཀླྀ་ནུས་པ་ལའོ། །ཨནྟི་ཨནྟུའོ། །སུ་སོགས་ ལས་ནུའོ། །འདིས་ཨུ་བའོ། །ནུ་ཞེས་པ་ཅི་ཞེ་ན། དྲྀ་ཎྭནྟི། དྲྀཎུ་ཟ་བ་ལའོ། །ཏན་སོགས་ལས་ཨུའོ། །བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན། ཏ་ནྭནྟི། ཏ་ནུ་རྒྱས་པ་ལའོ། །ཏན་སོགས་ལས་ཨུའོ། །འདིའི་ནུ་དོན་མེད་པ་ཉིད་ཀྱི་ཕྱིར་མི་འགྱུར་རོ་ཞེས་པས་བི་ཀ་ར་ཎ་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། ། དབྱངས་དང་པོ་ཅན་ལ་ཞེས་པ་ཅི་ཞེ་ན། ཤཀྣུ་ཡཱཏ། ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤཀྣ་བཱ་ནི། པཉྩ་མཱིའི་ཨཱ་ནིའོ། །སུ་སོགས་ལས་ནུའོ། །ཡོན་ཏན་ནོ། །སྔ་མ་བརྩེགས་པ་མིན་པའི་ཨའི་ཡི་གེ་ཡ་སྟེ་ཡི་གེ་གཅིག་མིན་པའིའོ། །ཨིའི་ཡི་གེ་གང་ལས་སྔ་མ་བརྩེགས་པ་དེ་ནི་བརྩེགས་ པའོ། །དེ་ནས་ནཉའི་ཚིག་སྡུད་དོ། །གཅིག་མ་ཡིན་པ་ནི་གཅིག་མིན་ནོ། །བྱིངས་གང་གི་ཡི་གེ་གཅིག་མ་ཡིན་པ་དེ་ནི་ཡི་གེ་གཅིག་མ་ཡིན་པའི་སྒྲ་དབྱངས་བརྗོད་པར་བྱའོ། །བྱིངས་ཡི་གེ་གཅིག་མ་ཡིན་པ་སྟེ་དབྱངས་གཅིག་མ་ཡིན་པའི་སྔ་མ་བརྩེགས་པ་མིན་པ་སྟེ། གང་ལས་སྔ་མར་བརྩེགས་ པ་མེད་པ་དེའི་ཨིའི་ཡི་གེ་ཡ་སྟེ་ཡ་ཉིད་དུ་འགྱུར་ཏེ། དབྱངས་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཞེས་པས་ཨི་ཡ་རུ་བསྒྱུར་བ་ཐོབ་པ་ལའོ། །ཙི་ཙྱ་ཏུཿ། ཙི་ཙྱུཿ། ནི་ནྱ་ཏུཿ། ནི་ཏྱུཿ། ཙིཉ་སོག་པ་ལའོ། །ཎཱིཉ་ཐོབ་པ་ལའོ། ། ཨ་ཏུས་དང་ཨུསྲའོ། །གཉིས་བརྗོད་དོ། །གཉིས་བརྗོད་པ་བྱས་པའི་བྱིངས་ཀྱི་ཡི་གེ་གཅིག་མིན་པ་ཉིད་ལས་ཡ་ཉིད་དོ། །ཨིའི་ཡི་གེ་ཞེས་པ་ཅི་ཞེ་ན། ཛུ་ཧུ་བ་ཏུཿ། ཧུ་སྦྱིན་པ་དང་ལེན་པ། བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་ཞེས་པས་ཨུ་བའོ། །སྔ་མ་བརྩེགས་ 195-1-208a པ་མིན་པ་ཞེས་པ་ཅི་ཞེ་ན། ཤི་ཤྭི་ཡ་ཏུ། ཊུ་ཨོ་ཤྭི་འགྲོ་བ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཞེས་པས་ཨི་ཡའོ། །ཡི་གེ་གཅིག་མིན་པ་ཞེས་པ་ཅི་ཞེ་ན། བྷི་ཡ་ཏེ། དྷི་འཛིན་པ་ལའོ། །ཨནྦི། སྔ་མ་བཞིན་ཨི་ཡའོ། ། ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཙ་ཙཱ་ཡ། ཨཊའོ། །ཨིཎའི་ཡང་ངོ་། །ཨིཎ་འགྲོ་བ་ལའོ་ཞེས་པ་འདིའི་དབྱངས་དང་པོ་ཡོན་ཏན་མེད་པ་ཕ་རོལ་ལ་ཡ་ཉིད་དུ་འགྱུར་རོ། །ཡནྟི། ཡནྟུ། ཨིཎ་འགྲོ་བ། ཨནྟི་དང་ཨནྟུའོ། །ཨནྦི། ཨད་སོགས་ལས་འཇིག་གོ། །ཡ་ཉིད་དོ། །དབྱངས་ དང་པོ་ཞེས་པ་ཅི་ཞེ་ན། ཨིཏཿ། ཏསྲའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཡཱ་ནི། ཨཱ་ནིའོ། །ཡོན་ཏན་ནོ། །ཨིཀ་ལའང་འདོད་དེ། ཨ་དྷི་ཡནྟི། ཨིཀ་དྲན་པ་ལའོ། །ཨ་དྷི་སྔོན་དུའོ། །བི་ཀ་ར་ཎའི་ནུའི་བ་ཡིག་གོ། །ཨུའི་ཡི་གེ་སྨོས་པ་རྗེས་སུ་འཇུག་སྟེ། སྔ་ མ་བརྩེགས་པ་མིན་པ་ཞེས་པའང་ངོ་། །གང་བི་ཀ་ར་ཎའི་ནུའི་ཨུའི་ཡི་གེ་སྔ་མ་བརྩེགས་པ་མིན་པ་དེའི་དབྱངས་དང་པོ་ཡོན་ཏན་མེད་པ་ཕ་རོལ་ལ་བ་ཡིག་ཏུ་བསྒྱུར་རོ། །བི་ཀ་ར་ཎའི་ནུའི་ཞེས་པས་ཨུ་བར་བསྒྱུར་བ་ཐོབ་པ་ལས་སོ། །སུ་ནྭནྟི། ཙི་ནྭནྟི། བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན། ནུ་ བནྟི། ཎུ་བསྟོད་པ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་ཞེས་པས་ཨུ་བའོ། །སྔ་མ་བརྩེགས་པ་མིན་པ་ཞེས་པ་ཅི་ཞེ་ན། ཤཀྣུ་བནྟི། བི་ཀ་ར་ཎའི་ནུའི་ཞེས་པས་ཨུ་བའོ། །ཛུ་ཧོ་ཏིའི་བྱིངས་ཐམས་ཅད་པ་ལའོ། །བ་ཡིག་ཅེས་པ་ཁོ་ ནའོ། །ཛུ་ཧོ་ཏི་སྟེ་ཧུ་སྦྱིན་པ་དང་ལེན་པ་དག་ལའོ་ཞེས་པ་འདིའི་དབྱངས་དང་པོ་ཅན་ཡོན་ཏན་མེད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་བ་ཉིད་དུ་འགྱུར་རོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨ་ཡ་ཨུ་བ་ཞེས་པས་ཨུ་བར་བསྒྱུར་བ་འཐོབ་པ་ལའོ། །ཛུ་ཧྭ་ཏི། ཛུ་ཧྭ་ཏུ། ཧུ་ལེན་པ། ཨནྟི་དང་ཨནྟུའོ། ཨནྦི། ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ལས་ལན་གཉིས་བརྗོད་དོ། །བ་ཉིད་དོ། །ཨ་བྷྱ་སྟ་ལས་ཨནྟིའི་ན་དབྱིའོ་ཞེས་པས་ན་དབྱིའོ། །ཛུ་ཧོ་ཏི་ཞེས་པ་ཅི་ཞེ་ན། ཡུ་བནྟི། ཡུ་སྤེལ་བ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ 195-1-208b ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་ཞེས་པས་ཨུ་བའོ། །བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། ཛུ་ཧུ་བ་ཏུཿ། བྷཱུའི་མཐའ་པ་རོ྅ཀྵ་དང་ཨཱ་དྱ་ཏ་ནཱ་དག་ལ་བའོ། །ཡོན་ཏན་མེད་པ་ཞེས་པ་མ་འཇུག་གོ། །བྷཱུའི་མཐའ་པ་རོ྅ཀྵཱ་དང་ཨཱ་དྱ་ཏ་ནཱི་དབྱངས་དང་པོ་ཅན་ཕ་རོལ་ལ་བ་ ཡིག་ཨཱ་ག་མར་འགྱུར་རོ། །བ་བྷུ་བ། བ་བྷུ་བ་ཏུཿ། བ་བྷུ་བུཿ། བྷཱུ་ཡོད་པ་ལའོ།ཨ་ཊ་དང་། ཨ་ཏུས་དང་། ཨུས་སོ། །གཉིས་བརྗོད་དོ། །བྷ་བ་ཏིའི་ཨའོ། །འདིས་ས་ཡིག་ཨཱ་ག་མའོ། །འོ་ན་བ་ཡིག་ཨཱ་ག་མ་ལས་སྔ་མའི་འཕེལ་བ་དང་ཨུ་བ་རུ་བསྒྱུར་བ་ དག་ཏུ་ཅིའི་ཕྱིར་མི་འགྱུར་ཏེ། དེ་དག་བྱས་པའི་བ་ཡིག་ཨཱ་ག་མ་ཅི་ཡིན་གལ་ཏེ་ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་གཞན་མ་ཡིན་པ་དང་འདྲའོ་ཞེས་པའི་ཚིག་ལས་སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ་ཨཱ་ག་མ་དང་བསྒྱུར་བ་དག་ལས་ཨཱ་ག་མའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པའི་ཚིག་ལས་སྔར་ བ་ཡིག་ཨཱ་ག་མ་བྱས་པ་དེ་ལ། འཕེལ་བ་དང་ཨུ་བ་དག་ཏུ་བསྒྱུར་བར་མི་འགྱུར་རོ། །ཨཱ་དྱ་ཏ་ནཱི་ལ། ཨ་བྷཱུ་བན། ཨ་བྷུ་བམྲ། ཨཱ་དྱ་ཏ་ནཱིའི་ཨན་དང་ཨ་མའོ། སི་ཙའོ། །ཨིཎ་སྠཱ་དཱ་པི་བ་ཏི་ཞེས་པས་འཇིག་གོ། །བ་ཡིག་ཨཱ་ག་མའོ། །པ་རོ྅ཀྵ་དང་ཨཱ་དྱ་ཏ་ནཱི་དག་ལ་ཞེས་པ་ཅི་ཞེ་ན། བྷ་བནྟི། དབྱངས་དང་པོ་དག་ལ་ཞེས་པ་ཅི་ཞེ་ན། བ་བྷུ་བཱན། ཀྭནྶུ་དང་ཀྭ་ན་ཞེས་པས ཀྭནྶུའོ། པ་རོ྅ཀྵཱ་བཞིན་དུ་འགྱུར་བ་ལས་ལན་གཉིས་བརྗོད་དོ། །བྷ་བ་ཏིའི་ཨའོ། །སིའོ། །ས་མཐའ་དང་མ་ཧནྟ་དག་གི་ཞེས་པས་རིང་པོའོ། །ཨ་བྷུཏྲ། ཨཱ་དྱ་ཏ་ནཱིའི་དིའོ། །ཨ་ཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། ། སླར་ཡང་བ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །གོ་ཧིའི་ཨུ་པ་དྷཱའི་ཨུཏྲའོ། །པ་རོ྅ཀྵ་དང་ཨཱ་དྱ་ཏ་ནཱི་དག་ཅེས་པ་ལྡོག་གོ། །གོ་ཧི་སྟེ་གུ་ཧུ་ཀུན་ནས་སྒྲིབ་པ་ལའོ་ཞེས་པ་འདིའི་ཡོན་ཏན་བྱས་པ་ན་ཨུ་པ་དྷཱའི་ཨཱུ་ཉིད་དུ་འགྱུར་ཏེ། དབྱངས་དང་པོ་ཕ་རོལ་ལའོ། །གུ་ཧསྟི། གུ་ཧ་ཏཿ། གུ་ ཧནྟི། གཱུ་ཧ་ཏེ། གཱུ་ཧེ་ཏེ། གུ་ཧནྟེ། ཨུ་པ་དྷཱའི་ཡོན་ཏན་བྱས་པ་ན་འདིས་ཨོ་ཡིག་ཨཱུ་ཉིད་དོ། །གོ་ཧིའི་ཡོན་ཏན་བྱས་པ་ངེས་པར་བསྟན་པའི་ཤུགས་ལས་འདིར་མི་འགྱུར་ཏེ། ཛུ་གུ་ཧ་ཏུཿ། ཛུ་གུ་ཛུ་པ་རོ྅ཀྵ་ལའང་ཞེས་པས་ཡོན་ཏན་མེད་དོ། །དུ་ཥིའི་ཀཱ་རི་ཏ་ལའོ། །ཨུ་པ་དྷཱའི་ཨཱུ་ཏའོ་ 195-1-209a ཞེས་པ་ཁོ་ནའོ། །དུཥ་རྣམ་འགྱུར་ལའོ་ཞེས་པ་འདིའི་ཨུ་པ་དྷཱའི་ཀཱ་རི་ཏ་ཕ་རོལ་ལ་ཨུ་ཉིད་དུ་འགྱུར་རོ། །དཱུ་ཥ་ཡ་ཏི། དུཥ་རྣམ་པར་འགྱུར་བ་ལའོ། །རྣམ་པར་འགྱུར་དུ་འཇུག་པ་ལ་སྦྱོར་རོ་ལ་ཨིནའོ། ཀཱ་རི་ཏ་ལ་ཞེས་པ་ཅི་ཞེ་ན། དོ་ཥཿ། གསལ་བྱེད་མཐའ་ལས་ ཀྱང་ངོ་ཞེས་པས་གྷཉའོ། །སེམས་ཆགས་པ་དང་བྲལ་བ་ལ་ཡང་ནའོ། །སེམས་ཀྱི་ཆགས་པ་བྲལ་བ་ནི་སེམས་ཆགས་པ་དང་བྲལ་བ་སྟེ་སེམས་ལ་རྩོད་པ་ཞེས་བྱའོ། །སེམས་ཆགས་པ་དང་བྲལ་བར་འཇུག་བཞིན་པ་ན། དུ་ཥྭའི་ཨུ་པ་དྷཱ་ཨུ་ཉིད་དུ་ཡང་ན་འགྱུར་ཏེ། ཀཱ་རི་ཏ་ཕ་རོལ་ ལའོ། །ཙིཏྟཾ་དུ་ཥ་ཡ་ཏི། པྲཛྙཾ་དུ་ཥ་ཡ་ཏི། པྲཛྙཾ་དོ་ཥ་ཡ་ཏི། སེམས་ཆགས་པ་དང་བྲལ་བ་ཞེས་པ་ཅི་ཞེ་ན། ཕྱོགས་གཞན་སུན་འབྱིན་པ་ནི། དཱུ་ཥ་ཡ་ཏི། སྔ་མས་རྟག་ཏུ་ཨཱུ་ཉིད་དོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །གྷཊ་གཡོ་བ་ལའོ་ཞེས་པ་འདི་ནས་བརྩམས་ཏེ་ཥ་ མཥྚ་མ་སེམས་ཡེང་ཡེང་པོ་ལའོ་ཞེས་པ་འདིའི་མཐར་ཐུག་པའི་བྱིངས་རྣམས་མ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡང་བྱ་བའི་དོན་ལ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མ་རྗེས་སུ་འབྲེལ་བ་རྣམས་སུ་བརྗོད་དོ། །དེ་རྣམས་ཀྱི་ཀཱ་རི་ཏ་ཕ་རོལ་ལ་ཨུ་པ་དྷཱ་ཐུང་ངུར་འགྱུར་རོ། །གྷ་ཊ་ཡ་ཏི། བྱ་ ཐ་ཡ་ཏི། པྲ་ཐ་ཡ་ཏི། ཛ་ན་ཡ་ཏི། གྷཊ་གཡོ་བ་ལའོ། །བྱ་ཐ་འཇིགས་པ་དང་གཡོ་བ་ལའོ། །པྲ་ཐ་པྲྀ་ཐུ་རྣམ་པར་རྒྱས་པ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །གཡོ་བཞིན་པ་ལ་སྦྱོར་དུ་འཇུག་གོ། །དེ་བཞིན་དུ་གཡོ་བཞིན་པ་ལ་སྦྱོར་དུ་འཇུག་གོ། །རྒྱས་བཞིན་པ་དང་སྐྱེ་བཞིན་ པ་ཞེས་པ་ཨིནྲའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །འདིས་ཐུང་ངུའོ། །དེ་བཞིན་དུ། ཤ་མ་ཡ་ཏི། ར་མ་ཡ་ཏི། བྷྲ་མ་ཡ་ཏི། ཤ་མུ་ཞི་བ་ལའོ། །ར་མུ་རྩེ་བ་ལའོ། །བྷྲ་མུ་གཡོ་བ་ལའོ། །ཞི་བར་བྱེད་པ་ལ་སྦྱོར་དུ་འཇུག་གོ། །དེ་བཞིན་དུ་རྩེ་བར་བྱེད། གཡོ་བར་བྱེད་ དོ་ལ་ཨིནྲའོ། །རིང་པོའོ། །ཐུང་ངུའོ། །རཉྫིའི་རི་དང་རྩེ་བའི་དོན་ལ་མ་རྗེས་སུ་འབྲེལ་པ་ཉིད་བཤད་པར་བྱ་སྟེ། ར་ཛ་ཡ་ཏི་མྲྀ་གཾ། རཉྫ་ཚོས་པ་ལའོ། །རྩེ་བ་ལ་སྦྱོར་དུ་འཇུག་གོ་ལ་ཨིནའོ། །བཤད་པ་ལས་ཨ་ནུ་ཥཾ་ག་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། ། 195-1-209b ཐུང་ངུའོ། །སྨྲྀ་ཞེས་པ་འདི་ལྷག་མར་ཀློག་པའི་དོན་ལ་མ་རྗེས་སུ་འབྲེལ་པ་བཤད་པར་བྱ་སྟེ། ལྷག་པར་མགྲིན་པ་ནས་ཀློག་པར་བྱེད་དོ་ལ་སྨཱ་ར་ཡ་ཏི། ལྷག་པར་ཀློག་པ་ཞེས་པ་ཅི་ཞེ་ན། སྨཱ་ར་ཡ་ཏི་ཀིཉྩ་ཏི། དྲཱི་ཞེས་པ་འདི་འཇིག་པའི་དོན་ལ་སྟེ། ད་ར་ཡ་ཏི། འཇིག་པ་ལ་སྦྱོར་དུ་འཇུག་ གོ་ལ་ཨིནྲའོ། །འཇིག་པ་ཞེས་པ་ཅི་ཞེ་ན། ཀཱཥྛནྦི་དཱ་ར་ཡ་ཏི། ཙ་ལི་གཡོ་བའི་དོན་ལའོ། །ལ་ཏཾ་ཙ་ལ་ཏི། གཡོ་བ་ཞེས་པ་ཅི་ཞེ་ན། ཨུཙྩཱ་ལ་ཡ་ཏི། ཨི་ཙ་ལ་ཡང་ནའོ། །ཀཱི་རི་ཏ་ལ་ཞེས་པ་ཁོ་ནའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཨུ་པ་དྷཱའི་ཨུ་ཙ་ཕ་རོལ་ལ་གང་ཀཱ་རི་ཏ་ཕ་ རོལ་ཡིན་པ་དེ་ལ་ཐུང་ངུར་ཡང་ན་འགྱུར་རོ། །སྔ་མས་རྟག་ཏུ་ཐོབ་པ་ལ་ཡང་ནའི་ཚིག་གོ། །ཨ་གྷ་ཊི། ཨ་གྷཱ་ཊི། ཨ་བྱ་ཐི། ཨ་བྱཱ་ཐི། ཨ་ཤ་མི། ཨ་ཤཱ་མི། སྔ་མ་བཞིན་དུ་ཨིནའོ། །ཨུ་པ་དྷཱ་རིང་པོའོ། །ཨཱ་དྱ་ཏ་ནཱིའི་ཏའོ། །དངོས་པོ་དང་ལས་དག་ལའང་ངོ་ཞེས་པས་ཨི་ཙའོ། ། ཨི་ཙ་ལས་ཏ་དབྱིའོ། །འདིས་ཡང་ན་ཐུང་ངུའོ། །ཛ་ནི་བ་དྷི་དག་གིའང་ངོ་། །ཀཱ་རི་ཏ་ཞེས་པ་ལྡོག་གོ། །ཡང་ན་ཞེས་པའང་ངོ་། །ཨི་ཙ་ལ་ཞེས་པ་སྦྲེང་ངོ་། །ཛ་ནི་ཐུན་མོང་བ་དང་། ཧནྟིའི་འང་བ་དྷི་གང་ཡིན་པ་སྟེ་འདི་དག་གི་ཨུ་པ་དྷཱའི་ཨི་ཙ་ཕ་རོལ་ལ་ཐུང་ངུར་འགྱུར་རོ། །ཨ་ཛ་ནི། ཨ་བ་དྷི། ཛ་ན་སྐྱེ་བ་ལའོ། །ཧ་ན་འཚེ་བ་ལའོ། །ཨཱ་དྱ་ཏ་ནཱིའི་ཏའོ། །སྔ་མ་བཞིན་ཨི་ཙའོ། །ཏ་དབྱི་བའང་ངོ་། །ཨཱ་དྱ་ཏ་ནཱི་ལའང་ངོ་ཞེས་པས་ཧནྟིའི་བ་དྷི་རུ་བསྒྱུར་རོ། རིང་པོ་བྱས་པ་ན་འདིས་ཐུང་ངུའོ། །བ་དྷ་འཆིང་བ་ལའོ་ཞེས་པ་འདིའི་འདིར་འཛིན་པ་མ་ཡིན་ཏེ། མཱ་ན་ཕ་དྷ་ དཱ་ན་ཤས་ཀྱི་མདོས་རྟག་ཏུ་སན་མཐའ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་དེ་ལྟར་ན་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མེད་དོ་ཞེས་པ་འདིའི་བ་དྷིའི་སྦྱོར་བ་ཅི་ལྟར་ཞེ་ན་བ་དྷ་ཡང་དག་པར་སྡོམ་པ་ལའོ་ཞེས་པ་འདི་ཙུ་ར་སོགས་ཅན་གྱི་སྦྱོར་བའོ། །ཨོཏ་ཨཽཏ་དག་ལས་ཡིན་སཱ་ཡི་དག་དབྱངས་ བཞིན་ནོ། །ཨོ་ཡིག་དང་ཨཽ་ཡིག་དག་ལས་ཕ་རོལ་གྱི་ཡིན་དང་ཨཱ་ཡི་ཞེས་པ་འདི་དག་དབྱངས་དང་འདྲ་བར་འགྱུར་རོ། །ཨོ་ཡིག་དང་ཨཽ་ཡིག་དག་དབྱངས་ཕ་རོལ་ཅན་ལ་བྱ་བ་གང་བརྗོད་པ་དེ་ཡིན་དང་ཨ་ཡིག་དག་ཕ་རོལ་ལ་འགྱུར་རོ་ཞེས་པའི་དོན་ཏོ། །ག་བྱ་ཏི། ག་བྱ་ཏེ། 195-1-210a གཱ་བྱ་ཏེ། ནཱ་བྱ་ཏེ། བ་ལང་འདོད་པའི་བདག་ཉིད་དོ། །བ་ལང་བཞིན་དུ་སྤྱོད་དོ། །གྲུ་འདོད་པའི་བདག་ཉིད་དོ། །གྲུ་བཞིན་དུ་སྤྱོད་དོ་ཞེས་མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ། །བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །ནཱ་མི་དང་གསལ་བྱེད་ མཐའ་ལས་ཞེས་པས་ཨཱ་ཡིའི་ཨཱ་དབྱིའོ། །དབྱངས་བཞིན་དུ་འགྱུར་བས་ཨ་བ་དང་ཨ་བ་དག་གོ། །ཨོཏ་ཨཽཏ་དག་ལས་ཞེས་པ་ཅི་ཞེ་ན། རཻ་ཡ་ཏི། རཻ་ཡ་ཏེ། གསེར་འདོད་པའི་བདག་ཉིད་དོ། །གསེར་བཞིན་དུ་སྤྱོད་དོ་ལ་སྔ་མ་བཞིན་དུ་ཡིན་དང་ཨཱ་ཡིའོ། །ཨཱ་དབྱི་བའང་ངོ་། ། འོ་ན་ཨཱ་ཡི་དབྱངས་དང་པོ་ཡིན་པས་དབྱངས་བཞིན་འགྱུར་བ་ཅི་ལྟར་བྱ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་སྒྲུབ་པ་ཐམས་ཅད་ལས་དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པའི་ཚིག་ལས་ཨཱ་ཡི་ཕྱིས་པ་ན་དེའི་དབྱངས་དང་པོ་ཉིད་དུ་ཅི་ལྟར་འགྱུར། གལ་ཏེ་ཕྱིས་པ་དང་དབྱངས་བསྒྱུར་བ་ཡོངས་ སུ་བཤད་པས་ཨཱ་ཕྱིས་པ་ལས་སྔ་མའི་ཨ་བ་དང་ཨ་བ་དག་ཏུ་འགྱུར་རོ་ཞེ་ན། དེ་ལྟར་མ་སྨྲ་ཅིག །གང་གི་ཕྱིར་དབྱངས་ནི་གང་བསྒྱུར་བ་དེ་སྔ་མའི་བྱ་བ་སྟེ་གང་དབྱངས་ཀྱི་བསྒྱུར་བ་ནི་མ་ཡིན་ནོ། །རྣམ་པ་གཞན་དུ། ཡཿ། སཿ། ཞེས་པ་འདིར་གསལ་བྱེད་ལས་ཀྱང་ངོ་ཞེས་པས་ སུ་དབྱི་བ་བཀག་ནས་ཏྱད་ལ་སོགས་པའི་ཨ་ཉིད་དུ་མི་འགྱུར་རོ། །ནཱ་མིའི་མཐའ་རྣམས་ཀྱི་ཡན་ཨཱ་ཡི་ཡི་ན་ཨཱ་ཤཱི་ཥ་ཙེ་ཀྲཱི་ཡི་ཏ་རྣམས་ལ་ཡ་ལ་རིང་པོའོ། ནཱ་མི་མཐའ་རྣམས་ཀྱི་བྱིངས་དང་མིང་རྣམས་ཀྱིའང་ཡཎ་དང་ཨཱ་ཡི་དང་ཡིན་དང་ཨཱ་ཤཱི་ཥའི་ཡ་དང་ཙེ་ཀྲཱི་ཡི་ཏ་དང་ཡ་སྟེ་ཡ་ཡིག་ཕ་ རོལ་ལའང་རིང་པོར་འགྱུར་རོ། ཡ་ཞེས་པ་འདི་ཨཱ་ཤཱི་ཥའི་ཁྱད་པར་ཏེ། ཡཎ་སོགས་རྣམས་ནི་མི་འཁྲུལ་པའི་ཕྱིར་མིན་ནོ། །ཡཎ་ལ། ཙི་ཡ་ཏེ། སྟུ་ཡ་ཏེ། ཉི་ཙ་སོག །ཥྚུཉ་སྟོད་པ་ལའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །འདིར་རིང་པོའོ། །ཨཱ་ཡི་ལ། ཨགྨཱི་ཡ་ཏེ། མེ་བཞིན་དུ་ཀུན་དུ་སྤྱོད་དོ་ཞེས་པས་བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །སྔ་མ་བཞིན་དུ་ཨཱ་དབྱིའོ། །དེ་བཞིན་དུ། པ་ཊུ་ཡ་ཏེ། ཡིན་ལ། ཨགྨཱི་ཡ་ཏི། པ་ཏུ་ཡ་ཏི། མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ། །ཨཱ་ཤཱི་ཥ་ལ། ཙཱི་ཡཱ་ཏཱ། སྟུ་ཡཱ་ཏ། 195-1-210b ཙེ་ཀྲཱི་ཡི་ཏ་ལ། ཙེ་ཅཱི་ཡ་ཏེ། ཏོཥྚུ་ཡ་ཏེ། ཤིན་ཏུ་སོག་གོ། །ཤིན་ཏུ་བསྟོད་དོ་ཞེས་པས་ཡ་སྒྲའོ། །རིང་པོའོ། །གཉིས་བརྗོད་དོ། །ཐུང་ངུའོ། །ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པའོ། །ཡཎ་ཨཱ་ཡི་སོགས་རྣམས་ལ་ཞེས་པ་ཅི་ཞེ་ན། ཙི་ནུ་ཡཱ་ཏི། སབྟ་མིའི་ཡཱ་ཏའོ། །ཡ་ལ་ཞེས་པ་ཅི་ཞེ་ན། ཙེ་ཥཱི་ཥྚེ་ གལ་ཏེ་རིང་པོར་གྱུར་ན་ཡོན་ཏན་དུ་མི་འགྱུར་རོ། །ཉེར་བསྒྱུར་མེད་པའི་ཨིཎའི་འོ། །ཉེར་བསྒྱུར་ཡོད་པ་མ་ཡིན་པ་ནི་ཉེར་བསྒྱུར་མེད་པའོ། །བྱིངས་ཉིད་ལས་ཡིན་དང་ཨ་ཡི་དག་རྗེས་སུ་མི་འཇུག་སྟེ་བྱིངས་ཉིད་ཡིན་པའི་ཕྱིར་རོ། །ཙེ་ཀྲཱི་ཡི་ཏ་ལའང་སྟེ་དབྱངས་དང་པོ་ཉིད་ཡིན་པའི་ཕྱིར་རོ། །ཡཎའང་སྟེ་མངོན་པར་བརྗོད་ པ་མེད་པ་ལས་སོ། །ཨཱ་ཤཱི་ཥ་སྨོས་པ་འདོད་པ་ཉིད་ལས་འཕེན་པའོ། །ཉེར་བསྒྱུར་མེད་པ་སྟེ་ཉེར་བསྒྱུར་མ་སྦྱར་བའི་ཨིཎ་འགྲོ་བ་ལའོ་ཞེས་པ་འདིའི་ཨཱ་ཤཱི་ཥའི་ཡ་ལ་རིང་པོར་འགྱུར་རོ། །ཨཱི་ཡཱ་ཏཱ། ཨཱི་ཡཱ་སྟཾ། ཨི་ཎ་འགྲོ་བ་ལའོ། །ཨཱ་ཤཱི་ཥའི་ཡཱཏ་དང་ཡཱ་སྟཱའོ། །འདིས་རིང་པོའོ། ། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། ས་མི་ཡཱཏ། སཾ་སྔོན་དུའོ། །ཡ་ལ་ཞེས་པ་ཅི་ཞེ་ན། ཨེ་ཥཱི་ཥྚ། འོ་ན་ཨིཎ་འབའ་ཞིག་གི་བརྗོད་པའི་བྱ་བ་ཉེར་བསྒྱུར་དང་བཅས་པས་ཐོབ་པ་ཅི་ཞེ་ན། བརྗོད་པར་བྱ་སྟེ་བྱིངས་གཟུང་བ་ལ་ཉེར་བསྒྱུར་གཟུང་བར་འགྱུར་རོ་ཞེས་པའི་ཚིག་འདི་ ལས་སོ། །འདི་ཡོད་མོད་ཤེས་པར་བྱེད་པའི་ཚིག་མེད་དོ། །རྀཏའི་ཙྭི་ཙེ་ཀྲཱི་ཡི་ཏ་ཡིན་ཨཱ་ཡི་རྣམས་ལ་ཨཱི་མཐའོ། །རྀཏ་སྟེ་རྀ་ཡིག་གི་མཐའ་ཅན་གྱི་བྱིངས་དང་། རྟགས་ཀྱིའང་ཙེ་ཀྲཱི་ཡི་ཏ་དང་ཡིན་དང་ཨཱ་ཡི་ཕ་རོལ་ལ་ཨཱི་ཡིག་ཨཱ་ག་མར་འགྱུར་རོ། །ནཱ་མིའི་མཐའ་རྣམས་ཀྱི་ ཞེས་པས་རིང་པོ་ཐོབ་པ་ལའོ། །རེ་ཞིག །ཙེ་ཀྲཱི་ཡི་ཏ་ལ། ཙེ་ཀྲཱི་ཡ་ཏེ། ཛེ་ཧྲི་ཡ་ཏེ། ཤིན་ཏུ་བྱེད་དོ། །ཤིན་ཏུ་འཕྲོག་གོ་ལ་ཡ་སྒྲའོ། །ཨཱི་ཡིག་ཨཱ་ག་མའོ། །ར་ཉིད་དོ། །གཉིས་བརྗོད་དོ། །ཡིན་ལ། མཱ་ཏྲི་ཡ་ཏི། ཨཱ་ཡི་ལ། མཱ་ཏྲི་ཡ་ཏེ། རྀཏ་ ཞེས་ཏ་ཡིག་ཕ་རོལ་ཏུ་བྱེད་པ་ནི་རྀ་ཡིག་ལྡོག་པའི་དོན་དུ་སྟེ། དེས་ན་འདིར་མི་འགྱུར་ཏེ། ཙེ་ཀྲཱིཪྻ་ཏེ། ཀྲཱི་གཡེང་བ་ལའོ། །ཤིན་ཏུ་གཡེང་ངོ་ཞེས་པས་ཡ་སྒྲའོ། །རཱྀཏ་མཐའི་ཨིརའོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །གཉིས་བརྗོད་དོ། །ཨན་ལ་ཡོན་ཏན་མེད་པ་ 195-1-211a ལ་ཨིའོ། །རྀ་ཡིག་མཐའི་བྱིངས་ཀྱི་ཨནྦི་ཀ་ར་ཎ་ཡོན་ཏན་མེད་པ་ཕ་རོལ་ལ་ཨེ་ཨཱ་ག་མར་འགྱུར་རོ། །ཨཱ་དྲི་ཡ་ཏེ། ཨཱ་དྷྲི་ཡ་ཏེ། དྲིང་མ་གུས། དྷྲེང་མི་གནས།ཨཱང་སྔོན་དུའོ། །ཏེའོ། །ཨ་ནཱའོ། །ཏུཏ་སོགས་ཀྱི་ཨན་ལ་ཞེས་པས་ཡོན་ཏན་མེད་དོ། །འདིས་ ཨི་ཡིག་ཨཱ་ག་མའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་ཅེས་པས་ཨི་ཡའོ། །ར་ཉིད་དོ། ཨན་ལ་ཞེས་པ་ཞེ་ན། ཨཱ་ད་དྲེ། དྲིང་། ཨཱང་ངོ་། །པ་རོ྅ཀྵའི་ཨེའོ། །ཐམས་ཅད་དུ་ཨཱཏྨ་ནེ་ཞེས་པ་ཡོན་ཏན་མེད་དོ། །ཡོན་ ཏན་མེད་པ་ལ་ཞེས་པ་ཅི་ཞེ་ན། ཧ་ར་ཏི། ཨི་ཡིག་ཨཱ་ག་མ་རྗེས་སུ་འཇུག་བཞིན་པ་ན། ཨི་ཡིག་ཨཱ་ག་མ་སྒྲུབ་པ་ནི་ཕྱི་མའི་དོན་དུའོ། །ཨི་ཡིག་ཨཱ་ག་མའི་ཡང་ཨི་ཡར་བསྒྱུར་བ་བྱས་པ་ན་འདོར་བར་གྱུར་པ་སྒྲུབ་པར་བྱེད་པའང་ངོ་། །ཡཎ་ཨཱ་ཤཱི་ཥ་དག་ལ་ཡ་ལའོ། །རྀ་ཡིག་མཐའ་ ཅན་གྱི་བྱིངས་ལས་ཡཎ་ཕ་རོལ་དང་ཨཱ་ཤཱི་ཥའི་ཡ་ཕ་རོལ་ལ་ཨེ་ཡིག་ཨཱ་ག་མར་འགྱུར་རོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོ་ཐོབ་པ་ལའོ། །ཀྲི་ཡ་ཏེ། ཧྲི་ཡ་ཏེ། ཀྲི་ཡཱཏ། ཧྲི་ཡཱཏ། བྱིངས་ཐམས་ཅད་པ་ལ་ཡཎའོ། །ཨཱ་ཤཱི་ཥའི་ཡཱཏའོ། །ཨི་ཡིག་ ཨཱ་ག་མ་དང་ར་ཉིད་དོ། །ཨརྟི་དང་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ། །རྀ་ཡིག་གང་གི་དང་པོ་བརྩེགས་པ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ནས་ཟླས་དབྱེ་བའོ། ཨརྟི་དང་བརྩེགས་པ་དང་པོ་ཅན་གྱི་རྀ་ཡིག་གི་ཡཎ་དང་ཨཱ་ཤཱི་ཥའི་ཡ་ཡིག་ལ་ཡོན་ཏན་དུ་འགྱུར་རོ། །སྔ་ མས་ཨི་ཡིག་ཨཱ་ག་མ་ཐོབ་པ་ལའོ། །ཨཪྻ་ཏེ། ཨཪྻཱ་ཏ། སྨཪྻཏེ། སྨཪྻཱ་ཏ། རྀ་འགྲོ་བ། སྨྲྀ་སེམས་པ། ཡ་ལ་ཞེས་པ་ཅི་ཞེ་ན། སྨྲྀ་ཥཱིཥྚ། འདིར་ཅིའི་ཕྱིར་མི་འགྱུར། སཾ་སྐྲྀ་ཡཱ་ཏེ། སཾ་སྐྲྀ་ཡཱ་ཏ། ཀྲྀཉ་བྱེད། སཾ་སྔོན་དུའོ། །མས་ས་རི་སུ་པ་རྣམས་ལས་ སུཊའོ། །ཞེས་པས་སུཊའོ། །འདིར་སུ་ཊ་བྱས་པ་ན་བརྩེགས་པ་དང་པོ་ཉིད་ཀྱི་ཕྱིར་ཡོན་ཏན་ཐོབ་པོ་ཞེ་ན། འདྀ་ཡོད་མོད། འོན་ཀྱང་ནང་གི་ཡན་ལག་ལ་ཕྱིའི་ཡན་ལག་གྲུབ་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་མི་འགྱུར་རོ། །ནང་གི་ཡན་ལག་ལ་ནི་ཚིག་གཅིག་གི་ཡུལ་ལ་ཡོན་ཏན་བྱ་བ་ཡིན་ལ་ཕྱིའི་ 195-1-211b ཡན་ལག་ཚིག་གཉིས་ཀྱི་ཡུལ་གྱི་སུཊ་ལས་གྲུབ་པ་མིན་ནོ། །དེའི་ཕྱིར་རྀ་ཡིག་བརྩེགས་པ་དང་པོ་ཅན་མ་ཡིན་ནོ། ཙེ་ཀཱི་ཡི་ཏ་ལའོ། །ཨིརྟ་དང་རྀ་ཡིག་བརྩེགས་པ་དང་པོ་ཅན་གྱི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཡོན་ཏན་དགག་པ་ཐོབ་པ་ལའོ། །ཨ་རཱཪྻ་ཏེ། སཱ་སྨཪྻ་ཏེ། འཁྱོག་པོར་བགྲོད་པར་བྱེད། ཤིན་ཏུ་སེམས་པར་བྱེད་དོ་ལ་ཡ་སྒྲའོ། །འདིས་ཡོན་ཏན་ནོ། །དབྱངས་པོ་ལས་གཉིས་པའི་ཞེས་པས་ཪྻ་ཞེས་པ་འདི་ལན་གཉིས་བརྗོད། ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །ཧན་འཚེ་བ་ལ་གྲྣི་རུ་བསྒྱུར་བར་བྱ་སྟེ། ཙེ་གྲཱི་ཡི་ཏ་ཕ་ རོལ་ལའོ། །ཛེ་གྲྣཱི་ཡ་ཏེ། ཤིན་ཏུ་འཚེ་བར་བྱེད་དོ་ལ་ཡ་སྒྲའོ། །གྷྣཱི་རུ་བསྒྱུར་རོ། །གཉིས་བརྗོད། ཨ་བྷྱཱ་སའི་བྱ་བའོ། །འཚེ་བ་ཞེས་པ་ཅི་ཞེ་ན། ཛཾ་གྷ་ནྱ་ཏེ། འཁྱོག་པོར་བགྲོད་དོ་ལ་བཤད་པ་ལས་ཡ་སྒྲའོ། །དེ་ནས་རྗེས་སུ་ང་རོའོ། །ཨ་བྷྱཱ་སའི་འང་ངོ་ཞེས་པས་ གྷའོ། །གྷྲ་དྷྨཱ་དག་གི་ཨིའོ། །གྷྲ་དྲི་ལེན་པ་ལའོ། །དྷྨཱ་སྒྲ་ལའོ་ཞེས་པ་འདི་དག་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་རོ། །ཛེ་གྷྲཱི་ཡ་ཏེ། དེ་དྷྨཱི་ཡ་ཏེ། ཤིན་ཏུ་དྲི་འཛིན་ནོ། །ཤིན་ཏུ་སྒྲོགས་སོ་ལ་ཡ་སྒྲའོ། །འདིས་ཨཱི་ཉིད་དོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། ། ཙེ་ཀྲཱི་ཡི་ཏ་ཞེས་པས་ཅི་ཞེ་ན། ཨཱ་གྷྲ་ཡ་ཏེ། ཨཱ་དྷྨཱ་ཡ་ཏེ། བྱིངས་ཐམས་ཅད་པ་ལ་ཡཎའོ། །ཡིན་ལ་ཨའི་ཡི་གེའི་འོ། །རྟགས་ཀྱི་ཨའི་ཡི་གེ་ཡིན་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་རོ། །མངྒ་ལཱི་ཡ་ཏེ། ཡིན་ལ་ཞེས་པ་ཅི་ཞེ་ན་ཤུ་བྷ་ཀཱ་མྱ་ཏི། ཨཱ་དིའི་སན་ཨཱ་དྱ་ཏ་ནཱི་དག་ ལ་གྷསླྀའོ། །ཨད་ཟ་བ་ལའོ་ཞེས་པ་འདིའི་སན་ཕ་རོལ་དང་ཨཱ་དྱ་ཏ་ནཱི་ལའང་གྷ་སླྀར་བསྒྱུར་བར་འགྱུར་རོ། །ལཾ་ཡིག་ནི་པུཥ་སོགས་དང་དྱུཏ་སོགས་ཀྱི་དོན་ཏོ། །ཛི་གྷཏྶ་ཏི། ཨད་ཟ་བ་ལའོ། །སནའོ། །གྷསླྀ་རུ་བསྒྱུར་རོ། །གཉིས་བརྗོད། སན་ལ་ཨའི་ཡི་གེ་ཞེས་པས་ ཨི་ཉིད་དོ། །སའི་ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏའོ་ཞེས་པས་སའི་ཏའོ། །ཨཱ་དྱ་ཏ་ནཱི་ལ། ཨ་གྷ་སཏྲ། ཨ་གྷ་ས་ཏཱམྲ། ཨ་གྷ་སནྲ། དི་ཏཱམྲ་ཨནའོ། །འདིས་གྷསླྀའོ། །པུཥ་སོགས་ཀྱི་མདོས་ཨཎའོ། །སན་དང་ཨཱདྱ་ཏ་ནཱི་དག་ལ་ཞེས་པ་ཅི་ཞེ་ན། 195-1-212a ཨཱ་དྱ་ཏེ། པ་རོ྅ཀྵ་ལ་ཡང་ནའོ། །ཨཱ་དིའི་པ་རོ྅ཀྵ་ལ་གྷསླྀ་ཡང་ན་བསྒྱུར་བར་འགྱུར་རོ། །ཛ་གྷཱ་ས། ཛཀྵ་ཏུཿ། ཛཀྵུ། ཨད་ཟ་བ། ཨཊ་ཨ་ཏུསྲ་ཨུསྲའོ། །གྷསླྀ་རུ་བསྒྱུར། གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །ཨཊ་ལ་ཨའི་ ཨུ་པ་དྷཱ་ཞེས་པས་རིང་པོའོ། །གཞན་ལ་གམྲ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་གྷའི་ཀའོ། །ཤ་སི་བ་སི་ཞེས་པས་ཥའོ། །ཕྱོགས་གཅིག་ལ། ཨཱ་ད། ཨཱ་ད་ཏུཿ། ཨཱ་དུཿ། གཉིས་བརྗོད་དོ། །དང་པོའི་ཐམས་ ཅད་དུ་ཞེས་པས་རིང་པོའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ཨཏྟི། བེཉའི་འང་བ་ཡིའོ། །བེ་ཉ་སྣལ་མའི་རྒྱུད་ལའོ་ཞེས་པ་འདིའི་པ་རོ྅ཀྵཱ་ལ་བ་ཡི་རུ་བསྒྱུར་བར་ཡང་ན་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨུ་བཱ་ཡ། ཨཱུ་ཡ་ཏུཿ། ཨཱུ་ཡུཿ། བེཉ་སྣལ་མའི་རྒྱུད་ལའོ། ། ཨཊ་དང་ཨ་ཏུསྲ་དང་ཨུསྲའོ། བ་ཡི་རུ་བསྒྱུར་རོ། །ཡོན་ཏན་མེད་པ་ན་གྲ་ཧི་ཛྱཱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད། ཨཊ་ལ་གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཕྱོགས་གཅིག་ལ། བ་བོོ། བ་བ་ཏུཿ། བ་བུཿ། ཨ་ ཡིག་ལ་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་ཞེས་པས་ཨཱ་དབྱིའོ། །ཡོན་ཏན་མེད་པ་ཉིད་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པ་འདིས་ཨ་དབྱིའོ། །བ་ཡ་ཏིའི་ཡ་ཡིག་གི་པ་རོ྅ཀྵ་ཡོན་ཏན་མེད་པ་ལ་བ་ཉིད་ཡང་ན་བཤད་པར་བྱ་སྟེ། ཨུ་བ་ཏུཿ། ཨཱུ་ བུཿ། ཨཱུ་ཡ་ཏུཿ། ཨཱུ་ཡུཿ། ཧནྟིའི་ཨཱ་ཤཱི་ཥ་ལ་བ་དྷིའོ། །ཧནྟིའི་ཨཱ་ཤཱི་ཥ་ཕ་རོལ་ལ་ཕ་རོལ་བ་དྷིར་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །བ་དྷྱཱཏ། བ་དྷྱསྟཱམྲ། ཨཱ་ཤཱི་ཥ་ལ་ཞེས་པ་ཅི་ཞེ་ན། ཛ་གྷཱ་ན། ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་གྷའོ། ། ཨཱ་དྱ་ཏ་ནཱི་ལ་ཡང་ངོ་། །ཧནྟིའི་ཨཱ་དྱ་ཏ་ནཱི་ཕ་རོལ་ལ་བ་དྷི་རུ་བསྒྱུར་འགྱུར་རོ། །ཨ་བ་དྷི་ཏ། ཨ་བ་དྷིཥྚམྲ། ཨ་བ་དྷི་ཥུཿ། ཧན་འཚེ་བ་ལའོ། །དི་དང་ཏམྲ་དང་ཨནྲའོ། །འདིས་བ་དྷིའོ། སྲི་ཙ་དང་ཨིཊའོ། །སི་ཙ་ལས་སོ་ཞེས་པས་གཅིག་ཉིད་ལ་ཨཱིཊའོ། །ཨིཊ་ལས་ 195-1-212b ཀྱང་ཨིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །སི་ཙ་ལ་ཨ་བྷྱི་ཏ་བིད་ཨཏ་རྣམས་ལས་ཞེས་པས་ཨན་ཨུསའོ། །ཨཱ་ཏྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ལ་ཧནྲའི་བ་དྷི་རུ་ཡང་ན་བཤད་པར་བྱ་སྟེ། ཨཱ་བ་དྷིཥྚ། ཨཱ་བ་དྷི་ཥཱ་ཏམྲ། ཨཱ་བ་དྷི་ཥ་ཏ། རུ་ཙ་སོགས་ལས་ཧནའི་སྔོན་དུ་ཨངྲའོ། ། ཨཱ་དྱ་ཏ་ནཱིའི་ཏ་དང་ཨཱ་ཏཱམྲ་དང་ཨནྟཾའོ། །ཧནའི་བ་དྷིའོ། །སི་ཙ་དང་ཨིཊའོ། །ཨ་ཡིག་མ་ཡིན་པ་ཨཱཏྨ་ནེ་ལའང་ངོ་ཞེས་པས་ན་དབྱིའོ། །ཕྱོགས་གཅིག་ལ། ཨཱ་ཧ་ཏ། ཨཱ་ཧ་སཱ་ཏཱཾ། ཨཱ་ཧ་ས་ཏ། འདོད་པའི་དབང་གིས་ན་དབྱིའོ། །དྷུཊ་ཕ་རོལ་ལ་ཐུང་ངུ་ལས་ ཀྱང་ཨིཊ་མེད་ཅེས་པས་སི་ཙ་དབྱིའོ། །ཨིཎའི་གཱའོ། །ཨིཎའི་ཨཱ་ཏྱ་ཏ་ནཱི་ལ་གཱ་རུ་བསྒྱུར་རོ། །ཨ་གཱཏྲ། ཨ་གཱ་ཏཱམྲ། ཨ་གུཿ། ཨིཎ་འགྲོ། དི་དང་ཏཱམྲ་དང་ཨཎའོ། །ག་རུ་བསྒྱུར་རོ། །སི་ཙའོ། །ཨི་ཎ་སྠཱ་དཱ་པི་ཞེས་པས་སི་ཙ་འཇིག་གོ། །སི་ཙ་ ཨ་བྷྱ་སྟ་བིད་ཅེས་པས་ཨུ་ཙའོ། །ཨཱ་ཡིག་གི་དབུས་ལ་ཞེས་པས་ཨཱ་དབྱིའོ། །ཨཱ་དྱ་ཏ་ནཱི་ལ་ཞེས་པ་ཅི་ཞེ་ན། ཨེ་ཏི།ཨི་ཀའི་འང་ཨཱ་དྱ་ཏ་ནཱི་ལ་གཱ་རུ་བསྒྱུར་བ་བཤད་པར་བྱ་སྟེ། ཨ་དྷྱ་གཱ་ཏ། ཨ་དྷྱ་གཱ་ཏཱམྲ། ཨ་དྷྱ་གུཿ། ཨི་ཀ་དྲན་པ་ལའོ། །ཨ་དྷི་སྔོན་ དུའོ། །གཞན་སྔ་མ་བཞིན་ནོ། །ཨིཎ་སྠཱ་དཱ་ཞེས་པ་འདིས་ཨི་ཀ་ཡང་བཤད་དོ། །དེ་ནས་སི་ཙ་འཇིག་གོ། །ཨིངའི་བ་རོ྅ཀྵ་ལའོ། །ཨིང་ཀློག་པ་ཞེས་པ་འདི་པ་རོ྅ཀྵ་ལ་གཱ་རུ་བསྒྱུར་བར་འགྱུར་རོ། །ཨ་དྷི་ཛ་གེ། ཨ་དྷི་ཛ་ག་ཏེ། ཨ་དྷི་ཛ་གི་རེ། ཨིངྲ་ཀློག་ པ་ལའོ། །ཨ་དྷི་སྔོན་དུའོ། །གཱ་རུ་བསྒྱུར། གཉིས་བརྗོད། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨ་དབྱིའོ། །འོ་ན་གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་ཞེས་པའི་ཚིག་ལས་གཉིས་བརྗོད་པ་ལ་སྔ་མའི་གཱ་རུ་བསྒྱུར་བར་ནི་མི་འགྱུར་རོ་ཞེ་ན། བདེན་ཏེ་ དབྱངས་ཀྱི་སྒྲུབ་པ་ཡོངས་སུ་བཤད་པ་ལ་བྱ་བ་སྨོས་པས་འགའ་ཞིག་ཏུ་སྔ་མའི་དབྱངས་སྒྲུབ་པར་བྱེད་དོ་ཞེས་པ་འདིར་མཐའི་ཨིཊ་བྱས་པ་ལ་གཉིས་བརྗོད་པ་སྔ་མའི་ཡོན་ཏན་གྲུབ་བོ། ཨིངའི་ཨཱ་དྱ་ཏ་ནཱི་དང་། བྱ་བ་ཤོར་བ་དག་ལ་གི་རུ་བསྒྱུར་བ་ཡང་ན་བཤད་པར་བྱ་སྟེ། ཨ་དྷྱ་གཱིཥྚ། 195-1-213a ཨ་དྷྱཱ་གཱི་ཥྱཏ། ཨིང་ཀློག །ཨ་དྷི་སྔོན་དུའོ། །ཨཱ་དྱ་ཏ་ནཱིའི་ཨཱདྨ་ནེའི་ཏི་དང་བྱ་བ་ཤོར་བའི་ཨཱདྨ་ནེའི་སྱཏའོ། །གཱི་རུ་བསྒྱུར་སི་ཙའོ། །ཕྱོགས་གཅིག་ལ། ཨ་དྷྱེེཥྚ། ཨ་དྷྱེེ་ཥྱཏ། དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ ཨེེ་ཡིག་གོ། །སན་ལ་ཨིཎ་ཨིང་དག་གི་ག་མིའོ། །ཨིཎ་དང་ཨིང་དག་གི་སན་ཕ་རོལ་ལ་ག་མི་རུ་བསྒྱུར་རོ། །ཨི་ཡིག་བརྗོད་པའི་དོན་ཏོ། །ཛི་ག་མི་ཥ་ཏེ། ཨིཎ་ལས་འགྲོ་བར་འདོད་ལ་སནྲའོ། །ག་མི་རུ་བསྒྱུར་རོ། །གམྲ་ལས་ས་ལ་པ་རསྨཻ་ལ་ཞེས་པས་ཨིཊའོ། ། ཨིང་ལས་ཀྱང་ངེས་པར་སྟེ། ཨ་དྷི་ཛི་གཱཾ་ས་ཏེ། ཨིང་ལ་ཨ་དྷི་སྔོན་དུའོ། །ཧན་དང་ཨིངའི་གཾ་དག་གི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །སན་ལ་ཞེས་པ་ཅི་ཞེ་ན། ཨེ་ཏི། ཨ་དྷི་ཏེ། རྟོགས་པའི་དོན་ལ་ཨི་ཎ་ག་མི་རུ་མི་འདོད་དོ། །ཨཪྠཱ་ན་པྲ་ཏཱི་ཥི་ཥ་ཏི། ཨིཎའོ། ། པྲ་ཏི་སྔོན་དུའོ། །སནའོ། །དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་པོའོ། །དབྱངས་དང་པོ་ལས་གཉིས་པའི་ཞེས་པས་སནའི་སྒྲ་གཉིས་བརྗོད་དོ། །སན་ལ་ཨའི་ཡི་གེའི་ཞེས་པས་ཨི་ཉིད་དོ། །རྟོགས་པ་མ་ཡིན་པའི་དོན་ལ་ཨིཎའི་ཨིན་ཕ་རོལ་ལ་ག་མི་རུ་བཤད་པར་ བྱ་སྟེ། ག་མ་ཡ་ཏི། འགྲོ་རུ་འཇུག་པ་ལ་ཨིནའོ། །བཤད་པ་ལས་ག་མིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །རྟོགས་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨརྠཱ་ན་པྲ་ཏྱཱ་ཡ་ཡ་ཏེ། རྟོགས་སུ་འཇུག་གོ་ལ་ཨིནྲའོ། །འཕེལ་ བའོ། །ཨ་སྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་བྷཱུའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བྷཱུ་རུ་བསྒྱུར་རོ། །བྷ་བི་ཏཱ། བྷ་པི་ཥྱ་ཏི། བྷཱུ་རུ་བསྒྱུར་བ་བྱས་ནས་ཏ་དང་སྱ་ཏིའོ། །བྷཱུ་ཡཱཏྲ། བ་བྷཱུ་བ། བྷ་བ་ཏིའི་ཨའོ། །བྷཱུའི་ མཐའ་བའོ། །བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨསྟི། སྱཱཏ། ཨསྟུ། ཨཱ་སཱིཏ། ཏི་དང་ཡཱཏ་དང་ཏུ་དང་དང་དིའོ། །སཔྟ་མཱི་ལ་ཨསྟིའི་དང་པོའིའོ་ཞེས་པས་ཨ་དབྱིའོ། །ཨསྟི་ལས་དི་སི་དག་ལ་ཞེས་པས་ཨཱིཊའོ། །ཨསྟིའི་ཞེས་པས་ཨ་ཡིག་གི་ཨཱ་ 195-1-213b ཡིག་གོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པ་ལ་གལ་ཏེ་སཔྟ་མི་འགྱུར་བ་དེའི་ཚེ། རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཀྱང་གྷྱཎ་གྱུར་པ་ལབྷཱུ་རུ་བསྒྱུར་བ། བྷཱ་བྱ་ཞེས་པ་འདི་ལྟ་བུར་གྱུར་པ་སཔྟ་མཱིའི་ཡུལ་ལ་ནི་སྔ་མ་སོགས་དེ་ལས་དབྱངས་མཐའ་ཉིད་ལས་དབྱངས་ལ་ཡའོ་ ཞེས་པས་ཡའི་རྐྱེན་ལ་བྷ་བྱ་ཞེས་པས་གྲུབ་པའོ། །ཅི་སྟེ་བྷ་བྱ་ཞེས་པ་འདི་མི་འགྱུར་བ་ཅི་ཞེ་ན། གང་གི་ཚེ་ཨུ་ཡིག་ལས་ངེས་པ་ཅན་ལའོ་ཞེས་པས་གྷྱན་བྱ་བའོ། །བྲཱུའི་བ་ཙིའོ། །བྲུཉ་གསལ་བར་སྨྲ་བ་ལའོ་ཞེས་པ་འདི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བ་ཙི་རུ་བསྒྱུར་ བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །བཀྟ། བཀྵྱ་ཏི། ཨ་བཀྵྱཏ། བྲཱུའི་བ་ཙའོ། །ཏཱ་དང་སྱ་ཏི་དང་སྱཏའོ། །ཙ་སྡེའི་ཀིའོ། །ཨུ་ཙྱཱ་ཏེ། སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨུ་བཱ་ཙ་པ་རོ྅ཀྵ་གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་ཞེས་པས་སཾ་པྲ་ སཱ་ར་ཎའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བྲ་བཱི་ཏི། བྲུ་ཡཱཏྲ། བྲ་བཱི་ཏུཿ། ཨ་བྲ་བཱིཏ། བྲུ་ལས་ངག་དང་པོར་ཨཱིཊའོ་ཞེས་པས་ཡོན་ཏན་ཅན་ལ་ཨཱིཊའོ། །འདིར་ཡང་གང་གི་ཚེ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་རྣམ་པར་བཤད་པ་དེའི་ཚེ་བྲུཉ་ དབྱངས་མཐའ་ཉིད་ལས་ཡའི་རྐྱེན་བྱས་པ་ན། བ་ཙི་རུ་བསྒྱུར་བས་བ་ཙྱམྲ་ཞེས་པས་འགྱུར་བ་དང་། དངོས་པོའི་ཡུལ་ལ་རྣམ་པར་བཤད་བཞིན་པ་ལ་ནི་བ་ཙི་རུ་བསྒྱུར་བ་དང་པོ་བྱས་པ་ལ་གསལ་བྱེད་ཀྱི་མཐའ་ཉིད་ལས་གྷྱན་བྱས་པར་གྱུར་པ་ན་བཱཙྱམྲ་ཞེས་པ་གྲུབ་པོ། །ཙཀྵིངྲའི་ ཁྱཱིཉའོ། །ཙཀྵིངའི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ཁྱཱཉ་ར་བསྒྱུར་རོ། །ཨཱ་ཁྱཱ་ཏཱ། ཨཱ་ཁྱཱ་སྱ་ཏི། ཨཱ་ཁྱཱ་སྱཏ། བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་ཙཥྚེ། ཙཀྵིངའི་སྔོན་དུ་ཨངའོ། །བརྩེགས་པའི་དང་པོ་ས་ཀ་དག་གི་མཐའ་ལ་ཡང་ ཞེས་པས་ཀ་དབྱིའོ། །གང་གི་ཚེ་བྱིངས་ཐམས་ཅད་པ་མ་ཡིན་པ་ཕ་རོལ་ལ་ཞེས་འགྱུར་བ་དེའི་ཚེ། ཙཀྵིངའི་ཨཱདྨ་ནེའི་ཚིག་བྱས་པ་ཉིད་ལས་ཁྱཉའི་འབྲེལ་པ་ཅན་གཉིས་ཀའི་ཚིག་གི་དོན་གྱི་བྱེད་པ་ཡིན་ན་དོར་བའི་དོན་ལ། ཙཀྵིངའི་བསྒྱུར་བ་མི་འདོད་དེ། སཾ་ཙཀྵྱཿ། ཁ་ལཱཿ། 195-1-214a དོར་བར་བྱའོ་ཞེས་པའི་དོན་ཏོ། །རྀ་ཡིག་དང་གསལ་བྱེད་མཐའ་ལས་གྷྱཎའོ། །ཡུའི་རྐྱེན་ལ་ཡང་།བི་ཙཀྵཎཱཿ། རུ་ཙ་སོགས་ལས་ཀྱང་གསལ་བྱེད་དང་པོ་ལས་སོ་ཞེས་པས་ཡུའོ། །ཡུ་བུ་ཛྷ་ཞེས་པས་ཨན་དུ་བསྒྱུར་བའོ། །ཙཀྵིངའི་རུ་ཙ་སོགས་ ཉིད་ཀྱི་ཕྱིར་ཨཱདྨ་ནེའི་ཚིག་གྲུབ་པ་ལ་ང་རྗེས་སུ་འབྲེལ་པ་བྱེད་པ་ནི་རུ་ཙ་སོགས་ཀྱི་རྒྱུ་མཚན་གྱི་ཨཱདྨ་ནེའི་ཚིག་ཁ་ཅིག་ཏུ་མི་རྟག་པའི་དོན་དུའོ། །དེ་ནས་ས་ཧསྟི་ཞེས་སོགས་མ་ཡིན་པར་གྲུབ་བོ། པ་རོ྅ཀྵ་ལ་ཡང་ནའོ། །ཙཀྵིངའི་པ་རོ྅ཀྵའི་ཡུལ་ཁྱཱཉ་རུ་བསྒྱུར་བར་ཡང་ན་འགྱུར་རོ། ། རྟག་ཏུ་ཐོབ་པ་ལ་ཡང་ནའི་སྒྲའོ། ཨཱ་ཙ་ཁྱེ། ཨཱ་ཙ་ཁྱཱ་ཏེ། ཨཱ་ཙ་ཁྱི་རེ། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཕྱོགས་གཅིག་ལ། ཨཱ་ཙ་ཙཀྵེ། ཨཱ་ཙ་ཙཀྵཱ་ཏེ། ཨཱ་ཙ་ཙཀྵི་རེ། ཨ་ཛིའི་བིའི་འོ། །ཁྱད་པར་བསྟན་པ་ནི་དཀྱུས་ལ་འགོག་པར་ བྱེད་པ་མ་ཡིན་ནོ་ཞེས་པས་བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་རྗེས་སུ་འཇུག་གོ། །པ་རོ྅ཀྵགཟུང་བ་ནི་མ་ཡིན་ལ། ཡང་ན་ཞེས་པའང་ལྡོག་གོ། ཨ་ཛ་འགྲོ་བ་དང་འཕེན་པ་དག་ལའོ་ཞེས་པ་འདི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བཱི་རུ་བསྒྱུར་བར་འགྱུར་རོ། །བེ་ཏཱ། བེ་ཤྱ་ཏི། ཨེ་བེ་ ཥྱ་ཏ། བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨ་ཛ་ཏི། གང་གི་ཚེ་འདིར་བདུན་པ་ཕ་རོལ་དུ་གྱུར་པ་དིའི་ཚེ་ནི་གསལ་བྱེད་ཀྱི་མཐའ་ཉིད་ལས་ཨ་ཛི་ལས་གྷྱཎ་ཕ་རོལ་ལ་བཱི་རུ་བསྒྱུར་བ་ལ། བཻ་ཡམྲ། ཞེས་པར་འགྱུར། བདུན་པའི་ཡུལ་ལ་བསྒྱུར་བ་བྱས་པ་ན་དབྱངས་མཐའ་ཉིད་ལས་ ཡའི་རྐྱེན་གྱུར་པ་བེ་ཡམྲ་ཞེས་པས་གྲུབ་བོ། གྷཉ་དང་ཨལ་དང་ཀྱཔ་ལ་མི་འདོད་དེ། ས་མཱ་ཛཿ། ས་མ་ཛཿ། ས་མ་ཛྱཿ། ཨ་ཛིའི་སྔོན་དུ་སམྲའོ། །དངོས་པོ་ལ་གྷཉ་དང་བཤད་པ་ལས་ཨལ་དང་ས་མ་ཛ་ཨཱ་ས་ནི་ཥཏ་ཅེས་པས་ཀྱཔའོ། །ཡུཊ་ལ་ཡང་ན་འདོད་དེ། པྲཱ་ཛ་ནཿ། པྲ་བ་ཡ་ཎཿ། བྱེད་ པ་དང་གཞི་དག་ལའང་ངོ་ཞེས་པས་ཡུཊའོ། །ཕྱོགས་གཅིག་ལ་བཱི་རུ་བསྒྱུར་བ་དང་ཡོན་ཏན་ནོ། །ཨད་སོགས་ལས་བི་ཀ་ར་ཎ་འཇིག་གོ། །ཨད་ཟ་བ་ལའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་ཚོགས་ལས་བི་ཀ་ར་ཎའི་འཇིག་པར་འགྱུར་རོ། །ཛུ་ཧོ་ཏི། བིནྷེ་ཏེ། ཨཏྟི། ཧནྟེ་དྭེཥྚ། བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན། 195-1-214b ཨཱདྱ་ཏེ། ཛུ་ཧེ་ཏི་སོགས་ལས་ཀྱང་ངོ་། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་ཚོགས་ལས་བི་ཀ་ར་ཎ་འཇིག་པར་འགྱུར་རོ། །ཛུ་ཧོ་ཏི། བི་བྷེ་ཏི། ཛི་ཧྲེ་ཏེ། ཧུ་སྦྱིན། ཉི་བྷི་འཇིགས་པ། ཧྲི་ངོ་ཚ་བ། བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན། ཧུ་ཡ་ཏེ། ནཱ་མིའི་མཐའ་རྣམས་ཀྱི་ཡ་ཎ་ཨ་ཡི་ ཞེས་པས་རིང་པོའོ། །ཙེ་ཀྲཱི་ཡི་ཏའི་ཡང་ནའོ། །ཙེ་ཀྲཱི་ཡི་ཏའི་ཡང་ན་འཇིག་པར་འགྱུར་རོ། །བོ་བྷ་བཱི་ཏི། རཱ་ར་ཏྲི་ཏི། བྷཱུ་ཡོད་པ་ལའོ། །རཊ་ཡོངས་སུ་བཤད་པ་ལའོ། །ཤིན་ཏུ་ཡོད་དོ་ཤིན་དུ་བཤད་དོ་ལ་ཡ་སྒྲའོ། །དེ་འཇིག་གོ། །གཉིས་བརྗོད་དོ། །ཙ་ར་ཀ་རཱི་ཞེས་པ་རསྨིའི་ཚིག་ཏིའོ། །ཨནའོ། ། ཨད་སོགས་ལས་འཇིག་གོ། །བཤད་པ་ལ་ཨཱིཊའོ། །ཕྱོགས་གཅིག་ལ། བོ་བྷུ་ཡ་ཏེ། རཱ་ར་ཊྱ་ཏེ། ཨིཎ་སྠཱ་དཱ་པི་བ་ཏི་བྷཱུ་རྣམས་ལས་ས་ཙའི་པ་རསྨཻ་ལའོ། །ཨིཎ་འགྲོ་བ་ལའོ། །ཥྛཱ་འགྲོ་བ་མི་འཇུག་པ་ལའོ། །དཱ་ཞེས་པ་དཱའི་མིང་ཅན་རྣམས་སོ། །པཱ་འཐུང་བ་ལའོ། །བྷཱུ་ཡོད་པ་ལའོ། །འདི་ རྣམས་ཀྱི་ཕ་རོལ་གྱི་སི་ཙ་རསྨེེའི་ཚིག་ཕ་རོལ་ལ་འཇིག་པར་འགྱུར་རོ། །ཨ་གཱཏ། ཨ་སྠཱཏ། ཨ་པཱཏ། ཨ་བྷཱཏ། ཨ་བྷཱུཏ། ཨིཎའི་གཱའོ་ཞེས་པས་གཱའོ། །སི་ཙ་འཇིག་གོ། །པ་རསྨཻའི་ཚིག་ལ་ཞེས་པ་ཅི་ཞེ་ན། བྱ་ཏི་ཨ་བྷ་བིཥྚ། བྷཱུའི་སྔོན་དུ་བྱ་ཏིའོ། །ཨཱདྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ཏའོ། །སི་ཙ་དང་ཨིཊའོ། ། གྷྲཱ་དང་ཤཱ་དང་ཙྪ་དང་ཥྚ་དྷེཊ་རྣམས་ཀྱི་ཕ་རོལ་གྱི་སི་ཙ་པ་རསྨེེའི་ཚིག་ཕ་རོལ་ལ་ཡང་ན་འཇིག་པར་བཤད་པར་བྱ་སྟེ། ཨ་གྷྲཱཏྲ། ཨ་ཤཱཏ། ཨ་ཨཱ་ཤཏ། ཨཙྪཱཏ། ཨ་དྷཱཏྲ། གྷཱ་དྲི་ལེན་པ་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥོ་མཐའི་ལས། དྷེཊ་འཐུང་བ་ལའོ། ། སི་ཙའོ། །བཤད་པ་ལས་འཇིག་གོ། །ཕྱོགས་གཅིག་ལ། ཨ་གྷྲ་སཱིཏྲ། ཨ་ཤ་སཱིཏྲ། ཨ་ཙྪཱ་སཱིཏྲ། ཨ་སཱ་སཱིཏྲ། ཨ་དྷཱ་སཱིཏ། སི་ཙའོ། །ཡ་མི་ར་མི་ནཱ་མི་ཨཱཏ་མཐའ་རྣམས་ཀྱིས་ཞེས་པས་ཨིཊ་དང་ཨིཊའི་སྔོན་དུ་ས་ཡིག་ཨཱ་ག་མ་འང་ངོ་། །སི་ཙ་ལས་སོ་ཞེས་པས་ཨཱིཊའོ། ། ཨིཊ་ལས་ཀྱང་ཨཱིཊའོ་ཞེས་པས་སི་ཙ་དབྱིའོ། མཚུངས་པའི་རིང་པོའོ། །པ་རསྨཻའི་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་གྷྲཱ་སཱ་ཏཱམྲ། པུཥྤེ་དེ་བ་དཏྟེན། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་ཀྱི་རྐང་པ་བཞི་པ་རྫོགས་སོ། ། །། 195-1-215a ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ནཱ་མིའི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་དུ་འགྱུར་རོ། །གནས་གཞན་ཡོངས་སུ་བཤད་པ་ལ་སྦྱི་བོའི་གནས་ཅན་རིའི་ཡི་གེའི་ཨརྲའོ། །རྐན་གྱི་གནས་ཅན་ཧི་ཡི་ཡི་གེའི་རྐན་བྱ་བ་ཨེ་ཡིག་དང་། མཆུ་ལས་བྱུང་བ་ཨུའི་ཡི་གེ་ཨོ་ཡིག་གོ། །ཀར་ཏི། ཏར་ཏི། ཙེ་ཏཱ། ནེ་ཏཱ། སྟོ་ཏཱ། ལ་བི་ཏཱ། ཀྲཱྀཉ་བྱེད་པ་ལའོ། །ཏྲཱྀ་རྐྱལ་པ་ལའོ། །ཙིཉ་སོག་པ་ལའོ། །ཎཱིཉ་ཐོབ་པ་ལའོ། །ཥྚུཉ་བསྟོད་པ་ལའོ། །ལཱུཉ་གཅོད་པ་ལའོ། །བི་ཀ་ར་ཎའི། སུ་ནོ་ཏི། ནཱ་མི་མཐའ་ཞེས་པ་ཅི་ཞེ་ན། ཨུམྦྷིཏ། ཨུནྦྷ་རྫོགས་པ་ལའོ། །འདིར་མཆུ་ལས་བྱུང་བའི་ཨུ་ཡིག་མཆུ་ལས་བྱུང་བའི་ཨོ་ཡིག་གི་ཡོན་ཏན་ཐོབ་པ་ལའོ། །བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པ་ཅི་ཞེ་ན། ཀརྟྲྀ་བྷིཿཕལ་པ་དང་གཙོ་བོ་དག་གི་གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པར་བྱའོ། །ཞེས་པས་ཕལ་པའི་བྱིངས་སུ་མི་འགྱུར་རོ། ། ནཱིབྷྱཱཾ། ལཱུབྷྱཱཾ། འདྲེན་པར་བྱད་དོ་གཅོད་པར་བྱེད་དོ་ཞེས་ནཱི་དང་ལཱུ་ལ་ཀྭིཔའོ། །ནཱི་དང་ལཱུའི་སྒྲ་འདི་དག་གཙོ་བོར་ཡོད་པ་མ་ཡིན་པའི་བྱིངས་ཉིད་དེ་ཀྭིཔའི་མཐའ་བྱིངས་ཉིད་གཏོང་བ་མ་ཡིན་ཞིང་རྟགས་ཉིད་དུའང་རྟོགས་པར་བྱ་བའོ་ཞེས་པས་འདིའི་དགག་པའི་བྱ་བ་བརྗོད་པ་ཉིད་མེད་པའི་ཕྱིར་རོ། ། གླཱཡ་ཏི། ཞེས་པས་འདིར་ཨེ་ཡིག་ཡོན་ཏན་དུ་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ཨེ་ཡིག་ཀླག་པར་བྱས་པས་ཅིར་འགྱུར། ཨུ་པ་དྷཱ་ནཱི་མིའི་འང་ཡང་བའི་འོ། །བྱིངས་སྨོས་པ་རྗེས་སུ་འཇུག་ཅིང་བི་ཀ་ར་ཎ་སྨོས་པ་ནི་མ་ཡིན་ཏེ། དེའི་ཨུ་པ་དྷཱ་མི་སྲིད་པའི་ཕྱིར་རོ། །བྱིངས་གང་ཨུ་པ་དྷཱ་ནཱ་མི་ཡོད་པ་ཅན་ཡང་ བར་གྱུར་པ་དེའི་ཡོན་ཏན་དུ་འགྱུར་རོ། །བེ་ཏི་ཏཱ། མོ་ཥི་ཏཱ། བརྟི་ཏཱ། བིད་ཤེས་པ་ལའོ། །མུཥ་རྐུ་བ་ལའོ། །བྲྀ་ཏུ་འཇུག་པ་ལའོ། །དོགྷྷཱ། དེཥྚ། དུ་ཧ་འཇོག །དྭི་ཥ་མི་དགའ་བ་ལའོ། ད་དང་པོའི་གྷའོ་ཞེས་པས་ཧའི་གྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །དྷུ་ཏ་རྣམས་ཀྱི་གསུམ་པ་ཞེས་པས་ གྷའི་གའོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། བྷི་ནཏྟི། བྷི་དིར། རྣམ་པར་འཇོམས་པ་ལའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ན་སྒྲའོ། །ཡང་བ་ཞེས་པ་ཅི་ཞེ་ན། ཨུཧ་ཏེ། ཨཱིཧ་ཏེ། ཨིན་ལས་ཙཎ་ཕ་རོལ་ལ་རྀའི་ཡི་གེ་ཨུ་པ་དྷཱ་ར་གྱུར་པའི་རྀ་ཡིག་ཏུ་ཡང་ན་བཤད་པར་བྱ་སྟེ། ཨ་བཱི་བྲྀ་དྷཏྲ། ཨ་བཱི་བརྡྷ་ཏ། 195-1-215b བྲྀདྷུ་འཕེལ་བ་ལའོ། །འཕེལ་དུ་འཇུག་གོ་ལ་ཨིནའོ། །དིའོ། །ཤི་དྲུ་སྲུ་ཀ་མི་ཞེས་པས་ཙནའོ། །ཕྱོགས་གཅིག་ལ་རྀ་ཡིག་རྀ་ཡིག་གོ། །ཕྱོགས་གཅིག་ལ་ཡོན་ཏན་དུ་འགྱུར་རོ། །ཀ་རི་ཏ་དབྱིའོ། གཉིས་བརྗོད། མཚུངས་པའི་མ་ཕྱིས་པ་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །ཨ་ཙཱི་ཀྲྀཏ་ཏ། ཨ་ཙ་ཀཱིརྟཏ། ཀྲྀཏ་ཡང་དག་པར་བསྔགས་པ་ལའོ། །ཙུ་ར་སོགས་ལས་ཀྱང་ཞེས་པས་ཨིནའོ། །དིའོ། །ཙཎའོ། །རི་ཡིག་རྀ་ཡིག་གོ། །ཕྱོགས་གཅིག་ལ་ཀིརྟི་དང་ཨིཥ་དག་གི་ཀྟི་ཡང་ངོ་། །ཞེས་པའི་ཤེས་པར་བྱེད་པ་ལས་ཨིརའོ། །ནཱ་མིའི་ར་བ་དག་གི་ཞེས་པས་རིང་པོའོ། ཀཱ་རི་ཏ་དབྱིའོ། ། གཉིས་བརྗོད་དོ། །བི་ཀ་ར་ཎ་ལ་ཨན་ཉིད་ལའོ། །མདོ་སྔ་མ་གཉིས་ཀྱིས་ཤིན་ཏུ་བཞག་པའི་ཡོན་ཏན་བི་ཀ་ར་ཎ་ཐམས་ཅད་ལ་འགྱུར་རོ་ཞེས་པ་འགོག་པའོ། །བྱིངས་ཀྱི་ཨན་ཁོ་ནའི་བི་ཀ་ར་ཎ་ལ་ཡོན་ཏན་དུ་འགྱུར་རོ། །བྷ་བ་ཏི། བྷ་བ་ཏཿ། བྷ་བནྟི། ཨནྲ་ཉིད་ལ་ཞེས་པ་ཅི་ཞེ་ན། ནྲྀཏྱ་ཏི། སུ་ནོ་ཏི། ཏྲྀ་ཎོ་ཏི། ཀྲཱི་ཎཱ་ཏི། སུཥཱ་ཎ། ནྲྀ་ཏཱི་ལུས་ཀྱི་རྣམ་འགྱུར། ཥུཉ་དག་པ་ལའོ། །ཏྲྀ་ཎུ་ཟ་བ་ལའོ། །ཀྲཱྀཉ་རྫས་བརྗེ་བ་ལའོ། །པུཥ་རྒྱས་པ་ལའོ། །པུཥ་ལ་པཉྩ་མཱིའི་ཧིའོ། །དིབ་སོགས་ལས་ཡནའོ། །སུ་སོགས་ལས་ནུའོ། །ཏན་སོགས་ལས་ཨུའོ། །ཀྲཱི་སོགས་ལས་ནཱའོ། གསལ་བྱེད་མཐའ་ལས་ཧི་ལ་ ཨཱནའོ་ཞེས་གྲངས་བཞིན་དུ་བི་ཀ་ར་ཎའོ། །ཨ་ཡིག་ལས་ཧནྟི་ཞེས་པས་ཧི་དབྱིའོ། །ཀ་རོ་ཏིའི་འོ། །སྔ་མའི་ངེས་པར་ཨུ་ཡིག་བི་ཀ་ར་ཎ་ལ་མི་འགྱུར་བར་བརྗོད་མོད་ཀ་རོ་ཏིའི་སྟེ། ཌུ་ཀྲཉ་བྱེད་པ་ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཀ་རོ་ཏི། ཀུ་རུ་ཏཿ། ཀུརྦནྟི། ཏན་སོགས་ལས་ ཨུའོ། །འདིས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ཀ་རོ་ཏི་ཞེས་རྣམ་འགྱུར་ངེས་པར་བསྟན་པས་ཀྲྀཉ་འཚེ་བ་ལའོ་ཞེས་པས་ལྡོག་པའི་དོན་དུའོ། །ཀྲཱྀ་ཎོ་ཏི། མི་དིའི་འོ། །ཉི་མི་དཱ་སྣུམ་པའོ་ཞེས་པ་འདི་བི་ཀ་ར་ཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །མི་དི་བྷུ་སོགས་ཅན་གྱི་ཡོན་ཏན་ཅན་དུ་གྲུབ་པོ་ཞེས་ པས་དིབ་སོགས་ཀྱིས་གཟུང་བར་བྱ་བའོ། །མེདྱ་ཏི། དིབ་སོགས་ལས་ཡནའོ། །ཡ་བྷྱསྟ་རྣམས་ཀྱི་ཨུས་པའོ། ཨ་བྷྱ་སྟ་རྣམས་དང་འབྲེལ་པའི་ཨུས་གང་ཡིན་པ་དེ་ཕ་རོལ་ལ་ནཱ་མིའི་ཡོན་ཏན་དུ་འགྱུར་རོ། །གཉིས་ཉིད་དང་མང་པོ་ཉིད་དག་གི་པ་རསྨཻ་ལའོ་ཞེས་པས་བཀག་པ་འགེགས་པའོ། །ཨ་ཛུ་ཧ་བུཿ 195-1-216a ཨ་བི་བྷ་ཡུཿ ཨ་ཛཱ་ག་ཏུཿ ཧུ་སྦྱོན། ཉི་བྷི་འཇིག །ཛཱ་གྲཱྀ་གཉིད་སད་པ་ལའོ། །ཧྱསྟ་ནཱིའི་ཨནྲའོ། །ཨནྦི། ཛུ་ཧོ་ཏི་སོགས་ལས་ལས་འཇིག་གོ། །ཛུ་ཧོ་སྟི་སོགས་ལས་འཇིག་གཉིས་བརྗོད། སི་ཙ་ཨ་བྷྱསྟ་བིད་ཨཱ་ཏ་རྣམས་ལས་བྷུ་མ་ཡིན་པའི་ཨནྲའི་ཨུསའོ་ཞེས་པས་ཨུསའོ། འདིས་ཡོན་ཏན་ནོ། །ཨ་བྷྱས་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨ་བི་ཏུཿཱ བིད་ཤེས་པ་ལའོ། །ཧྱསྟ་ནིའི་ཨནྲའོ། །ཙི་ཙྱུ། ཙིཉ་སོག་པ་ལའོ། །བ་རོཀྵཱའི་ཨུསའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །ཎ་རྗེས་སུ་འབྲེལ་པ་དང་ཙེ་ཀྲཱི་ཡི་ཏ་དག་ལ་མ་ཡིན་ནོ། །ནཱ་མི་མཐའི་ བྱིངས་དང་ཨུ་པ་དྷཱ་ནཱ་མིའི་ང་ཎ་རྗེས་སུ་འབྲེལ་པ་དང་ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་དུ་མི་འགྱུར་རོ། །ནཱི་ཡ་ཏེ། ནུ་ཡ་ཏེ། བྱིངས་ཐམས་ཅད་པ་ལ་ཡཎའོ། །ཨ་སུ་ཥཏ། ཨདྷུཏཏྲ། སུཥ་རྒྱས་པ་ལའོ། །དྷུ་དྷ་གསལ་བ་ལའོ། །སུཥ་སོགས་ཀྱི་མདོས་ཨཎའོ། །ཙེ་ཀྲཱི་ཡི་ཏ་ལ་ངེས་པར་ཡང་། ནེ་ནཱི་ཡ་ཏེ། བོ་བྷུ་ཡ་ཏེ། པོསུཥྱཏེ། ལེལིཧྱ་ཏེ། ཤིན་ཏུ་རྒྱས་སོ་རོ་མྱང་ངོ་། །ཨ་བྷྱསྟའི་ཡང་ཨུ་པ་དྷཱ་ནཱ་མིའི་བྱིངས་ཐམས་ཅད་པ་ཡོན་ཏན་ཅན་ལ་དབྱངས་ལའོ། །མ་ཡིན་པ་ཞེས་པ་འཇུག་སྟེ། སྠཱ་དཱ་དག་གིའང་ཨ་ཏྱ་ཏ་ནཱི་ལ་ཞེས་པ་འདི་ལས་གོང་དུའོ། །ཨ་བྷྱསྟའི་མིང་ཅན་གྱི་ཨུ་པ་དྷཱ་ནཱ་མིང་ཅན་གྱི་ བྱིངས་ཀྱི་དབྱངས་དང་པོ་ལ་ཡོན་ཏན་ཅན་ཏེ་ཡོན་ཏན་དང་བཅས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ནེ་ནི་ཛཱ་ནི། ཨ་ནེ་ནི་ཛམྲ། བེ་བི་ཛཱ་ནི།ཨ་བེ་བི་ཛམྲ། བེ་བིཥཱ་ནི། ཨ་བེ་བིཥམ། ནི་ཛིར་དག་པ་ལའོ། །བི་ཛིར། ཐད་པའི་དངོས་པོ་ལའོ། །བཥླྀ་ཁྱབ་པ་ལའོ། །པཉྩ་མཱིའི་ ཨཱ་ནི་དང་། ཧྱསྟ་ནཱི་ཨམྲའོ། །ཛུ་ཧོ་ཏི་སོགས་ཀྱིས་གཉིས་བརྗོད་དོ། །ནི་ཛི་བི་ཛི་བིཥ་རྣམས་ཀྱིས་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ་ཅེས་པས་ཨ་བྷྱཱ་སའི་ཡོན་ཏན་ནོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། བེ་དཱ་ནི། བིད་ཤེས་པ་ལའོ། །ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཛུ་ཧ་བཱ་ནཱི། ཧུ་སྦྱིན་པ་དབྱངས་ལ་ཞེས་པ་ ཅི་ཞེ་ན། ནེ་ནེ་ཀྟི། ནི་ཛིར་དག་པ་ལའོ། །སྔ་མ་བཞིན་དུ་ཨ་བྷྱཱ་སའི་ཡོན་ཏན་བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། ནི་ནེ་ཛ། ཨཊའོ། །འོ་ན་ནཱ་མིའི་ཡོན་ཏན་ཉིད་དུ་ཐོབ་བོ་ཞེས་པས་ནཱ་མི་སྨོས་པས་ཅི་བྱ་ཞེ་ན་བརྗོད་པར་བྱ་སྟེ། ནཱ་མི་ཡང་དག་པར་གཟུང་ན་རྐྱེན་གྱི་ཡོན་ཏན་མེད་པར་བཤད་པ་ཇི་ལྟ་བ་བཞིན་དུ་འགྱུར་ 195-1-216b གྱི་རྣམ་པ་གཞན་དུ་མི་འགྱུར་བའོ། །ཅིག་ཤོས་ལྟར་ན། ཛ་ཛ་ནཱ་ནི། ཞེས་པ་འདིར་ཨུ་པ་དྷཱ་དབྱི་བར་འགྱུར་རོ། །འདིས་ཨཱ་ནིའི་རྐྱེན་ཡོན་ཏན་ཉིད་ཀྱི་ཕྱིར་རོ་གལ་ཏེ་དེ་ལྟར་ན། ཛགྷྣུཿ ཞེས་པ་འདིར་ཡང་ཐོབ་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཕྱི་མའི་དོན་དུ་ནཱ་མི་གཟུང་བ་སྟེ་ཨིཊ་མེད་པའི་སན་ཡོན་ཏན་མེད་ པ་དང་བཅས་པ་ཉིད་ལས་ན་མིའི་ཇི་ལྟ་བ་བཞིན་དུ་འགྱུར་བའོ། །གཞན་དུ་ན། པི་བྱཏྶ་ཏི་ཞེས་པ་འདིར་གྲ་ཧི་ཛྱཱ་བ་ཡི་ཞེས་པས་འདིར་བྱ་དྷའི་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ། །འོ་ན་ཡོན་ཏན་བཀག་པ་ན་ཡོན་ཏན་ཅན་ཉིད་དོན་དང་བཅས་པའོ་ཞེས་པས་ཡོན་ཏན་བཟུང་བས་ཅི་བྱ་ཞེ་ན། སྨྲས་པ་ཨ་བྷྱསྟ་ རྣམས་ཀྱི་ཨུསྲ་ལའོ་ཞེས་པ་འདིའི་ཡང་ཡོན་ཏན་འགག་པའི་དོན་ཡོན་ཏན་བཟུང་བའོ། །རྣམ་པ་གཞན་དུ་ན་ཇི་ལྟ་བ་ཉིད་དུ་གཉིས་ཉིད་དང་མང་པོ་ཉིད་དག་གི་འང་ངོ་ཞེས་པ་འདི་བཀག་པ་ལ་གནོད་པ་ཉིད་ཀྱི་ཡོན་ཏན་ཨ་བྷྱཱསྟ་རྣམས་ཀྱི་ཨུས་མ་འཇུག་པ་དེ་ལྟ་ཉིད་དུ། ཨ་བྷྱཱ་སྟའི་འང་ཨུ་པ་དྷཱའི་ ཞེས་འདི་ལའང་བཀག་པའི་ཡོན་ཏན་ལ་གནོད་པ་ཉིད་དོ། །ཨ་ནེ་ནི་ཛུཿ ཞེས་པ་འདིར་འཇུག་གོ། །སན་ལའང་ཨིཊ་མེད་པ་ལའོ། སན་གང་ལ་ཨིཊ་ཡོད་པ་མ་ཡིན་པ་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཨུ་པ་དྷཱ་ནཱ་མིའི་སན་ཨིཊ་མེད་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །བབྷིཏྶཏི། བུ་བྷུཏྶཏི། བྷི་དིར་ རྣམ་པར་འཇོམས་པའོ། །བུདྡྷ་རྟོགས་པ་ལའོ། །འཇོམས་པར་འདོད་དོ་རྟོགས་པར་འདོད་དོ་ལ་སྲའོ། །ཏུ་དི་ནུ་དི་ཞེས་དང་རཱ་དྷེ་རུ་དྷི་ཞེས་པས་ཨིཊ་མེད་དོ། །གཉིས་བརྗོད་དོ། །བྱིངས་ཀྱི་གསུམ་པ་དང་པོ་ཞེས་པས་པའི་བྷའོ། །ཛིགྷྲྀ་ཀྵཏི། ཛུ་གུ་ཀྵཏི། གྲ་ཧ་ཉེ་བར་ལེན་པ་ལའོ། །གུ་ཧཱུ་ཡང་དག་པར་ སྒྲིབ་པ་ལའོ། །འཛིན་པར་འདོད་དོ་སྒྲིབ་པར་འདོད་དོ་ལ་སནྲའོ། །གྲཧ་གུཧ་དག་གི་སན་ལའོ་ཞེས་པས་ཨིཊ་མེད་དོ། །གྲ་ཧ་ལ་གྲ་ཧི་སྭ་སི་པྲཙྪ་རྣམས་ཀྱི་སན་ལའོ་ཞེས་པས་སམྦྲ་ས་ར་ཎའོ། །ཧའི་ཌྷའོ། །གསུམ་པ་དང་པོ་ཞེས་པས་གའི་གྷའོ། །ཥཌྷ་དག་གི་ས་ལ་ཀའོ། །སན་ལ་ཞེས་པ་ཅི་ཞེ་ན། བྷེཏྟཱ། ཨིཊ་ མེད་པ་ཞེས་པ་ཅི་ཞེ་ན། ཙུ་ཀོ་ཥི་ཥ་ཏི། ཀུཥ་སྙིགས་མ་ལའོ། ཨཱ་ག་མ་རྣམས་དེ་གཟུང་བས་མི་འཛིན་ནོ། །ཞེས་པས་ཨིཊ་དང་བཅས་པའི་ཡང་སན་ལ་བཀག་པར་འགྱུར་རོ། །ཨཏྱ་ཏ་ནཱི་ཨཱ་ཤིཥ་དག་ལའང་ཨཱདྨ་ནེ་ལའོ། །ཨིཊ་མེད་པ་ཞེས་པ་ཁོ་ནའོ། །ཨུ་པ་དྷཱ་ནཱ་མིའི་ཨིཊ་མེད་པའི་ཨ་ཏྱ་ཏ་ནཱི་དང་ 195-1-217a ཨ་ཤཱི་ཥ་དག་གི་ཨཱདྨ་ནེ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨ་བྷིཏྟ། ཨ་ཙྪིཏྟ། ཨ་བུདྡྷ། བྷི་དིར་རྣམ་པར་འབྱེད་པ། ཙྪི་དིར་གཉིས་སུ་བྱེད་པ། བུདྡྷ་རྟོགས་པ་ལའོ། །ཨ་ཏྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ཏ་དང་ཨཱ་ཏཱ་མ་དང་ཨནྟའོ། །སི་ཙའོ། །དྷུཊ་ལས་ཀྱང་དྷུ་ཊ་ལའོ་ཞེས་པས་སི་ཙ་དབྱིའོ། ། གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷ་འོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷའི་དའོ། །ཨ་བྷིཏྶཱ་ཏཱམ། ཨ་བྷིཏྶ་ཏ། ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལའང་ཞེས་པས་ན་དབྱིའོ། ཨཱ་ཤིཥ་ལ། བྷིཏ་སཱིཥྚ། ཙྪིཏྶཱེཥྚ། བྷུཏྶིཥྚ། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་བྷའི་བའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཀོ་ཥིཥྚ། ཀོ་ཥི་ཥིཥྚ། ཀུཥ་སྙིགས་མ། ཨ་ཏྱ་ཏ་ནིའི་ཨཱདྨ་ནེའི་ཏ་དང་སི་ཙའོ། །ཨཱ་ཤིཥ་པི་སཱིཥྚའོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཨ་ཙེཥྚ། ཙེ་ཥཱིཥྚ། ཙིཉ་སོག་པ་ལའོ། །རྀཏ་མཐའ་རྣམས་ཀྱིའང་ངོ་། །རྀ་ཡིག་གི་མཐའ་ཅན་གྱི་བྱིངས་རྣམས་ཀྱི་ཨིཊ་མེད་པའི་ཨ་ཏྱ་ཏ་ནཱི་དང་། ཨ་ཤིཥ་དག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་ རོ། །ཨ་ཀྲྀཏ། ཨ་ཀྲྀཥཱ་ཏཱམྲ། ཨ་ཀྲྀཥཏ། ཨ་ཏྱ་ཏ་ནཱིའི་ཏ་དང་ཨཱ་ཏཱ་མ་དང་ཨནྟའོ། །ཨི་ཙའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་འོ་ཞེས་པས་སི་ཙ་དབྱིའོ། །ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལ་ཡང་ཞེས་པས་ན་དབྱིའོ། །ཨཱ་ཤིཥ་ལ་ཀྲྀཥཱིཥྚ། ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་བ་རིཥྚ། བ་རི་ཥྭིཥྚ། བྲྀཉ་སྒྲིབ་པ་ ལའོ། །ཨ་ཏྱ་ཏ་ནཱིའི་ཏའོ། །སི་ཙའོ། །ཨཱ་ཤཱིཥའི་སཱིཥྚའོ། །ཨིཊའོ། །ཡོན་ཏན་ནོ། །སྠཱ་ད་དག་གིའང་ངོ་། །ཨ་ཏྱ་ཏ་ནཱི་སྨོས་པ་བསྒྲེལ་བར་བྱ་ཞིང་། ཨཱ་ཤཱིཥ་བཟུང་བ་ནི་མ་ཡིན་ཏེ། དེ་ཕ་རོལ་ལ་ནཱ་མི་མི་སྲིད་པའི་ཕྱིར་རོ། །ཟ་འགྲོ་བ་པ་ལའོ་ཞེས་པ་འདི་དང་། དཱའི་མིང་ཅན་གྱི་ཨ་ཏྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ལ་ཡོན་ཏན་དུ་མི་ འགྱུར་རོ། །སམ་སྠིཏ། སམ་སྠིཥཱ་ཏཱམ། སམ་སྠིཥཏ། ཨ་དི་ཏ། ཨ་དིཥཱ་ཏཱམ། ཨ་དིཥཏ། ཨ་དྷིཏ། ཨ་དྷིཥ་ཏཱམྲ། ཨ་དྷི་ཥ་ཏ། ཥྠཱ་འགྲོ་བ་ལྡོག་པ་ལའོ། །དཱཉ་སྦྱིན། དྷཱཉ་འཛིན། ཨ་ཏྱ་ཏ་ནཱིའི་ཏ་དང་ཨཱ་ཏཱ་མ་དང་ཨནྟའོ། སྠཱ་དཱ་དག་གི་ཨ་ཏྱ་ཏ་ནཱིའི་ཨཱདྨ་ནེ་ལ་ཨིའོ་ཞེས་པས་ཨི་ཉིད་དོ། །ཐུང་ངུ་ ལས་ཀྱང་ཨིཊ་མེད་པའི་འོ་ཞེས་པས་སི་ཙ་དབྱིའོ། །ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལ་ཡང་ངོ་ཞེས་པས་ན་དབྱིའོ། །བྷུ་ལས་སི་ཙ་འཇིག་པ་ལའོ། །བྷུ་ལས་སི་ཙ་འཇིག་པར་གྱུར་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨ་བྷུཏྲ། ཨ་བྷུ་ཏཱམྲ། ཨ་བྷཱུ་བན། ཨིཎ་སྠཱ་དཱི་པ་བ་ཏི་ཞེས་པ་ལས་སི་ཙ་འཇིག་གོ། །བྷཱུའི་མཐའ་བའོ། ། 195-1-217b བྷུ་ལས་སི་ཙ་འཇིག་པ་ལའོ་ཞེས་པས་ཨིཊ་མེད་དོ། །སི་ཙ་འཇིག་པ་ཞེས་པ་ཅི་ཞེ་ན། བྱ་ཏྱ་བྷ་བིཥྚ། བྱ་ཏྱ་བྷ་བིཥཱ་ཏཱམྲ། བྱ་ཏྱ་བྷ་བིཥ་ཏ། རུ་དྷ་སོགས་ཉིད་ཀྱི་ཕྱིར་བྱ་ཏི་སྔ་མ་ལས་བྷཱུ་ལ་ཨཱདྨ་ནེའི་ཚིག་ཏ་དང་ཨཱ་ཏཱམ་དང་ཨནྟོའོ། །བྱིངས་ཀྱི་དང་པོར་ཨཊའོ། །སི་ཙའོ། །ཨིཊའོ། ཡོན་ཏན་ནོ། །ཨ་ཡིག་ མ་ཡིན་པ་ལས་ཨཱདྨ་ནེ་ལའང་ཞེས་པས་ན་དབྱིའོ། །སུ་ཏི་ལས་པཉྩ་མཱི་ལའོ། །ཥུང་སྲོག་ཆགས་མངལ་ནས་འགྲོ་བ་ལའོ་ཞེས་པ་འདིའི་འང་ཡོན་ཏན་མི་འགྱུར་བས་འདི་ཉིད་ངེས་པར་བསྟན་པ་ལས་སཱུ་ཏི་སྟི་པཉྩ་མི་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བྱ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱདྨ་ནེ་ལ་ཞེས་ པ་འདིས་པཉྩ་མིའི་ཕྱི་མ་ལ་ཡོན་ཏན་ཐོབ་པ་དེ་འགེགས་པའོ། །སུ་བེ། སུ་བཱ་བ་ཧཻ། སུ་བཱ་མ་ཧཻ། ཥུང་སྲོག་ཆགས། པཉྩ་མཱིའི་ཨཻ་དང་ཨཱ་ཧཻ་དང་ཨ་མ་ཧཻའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས། དང་པོ་ལ་ཨི་ཡ། ཨུ་བ་དག་ཞེས་པས་ཨུ་བའོ། །པཉྩ་མཱི་ལ་ཞེས་པ་ཅི་ཞེ་ན། པྲས་བི་ཏཱ། དཱི་དྷཱི་བེ་བཱི་དག་གིའང་ངོ་། །པཉྩ་མཱི་ལ་ཞེས་པ་ལྡོག་གོ། །སུ་ཏི་དཱི་དྷཱི་བེ་བཱི་རྣམས་ཀྱི་བ་ཙ་མཱི་ལའོ། །ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པའི་ཕྱིར་རོ། །དཱི་དྷཱིང་གསལ་བ་དང་བརྩེ་བ་དག་ལའོ། །བེ་བཱིང་རྔན་པ་མཚུངས་པ་ལའོ། །འདི་དག་ཡོན་ཏན་དུ་མི་འགྱུར་རོ། །ཨཱ་དྷཱི་དྷྱ་ན་མ། ཨཱ་བེ་བྱ་ན་མ། ཡུཊའང་ངོ་ ཞེས་པས་ཡུཊའོ། །སྔ་མ་བརྩེགས་པ་ཡིན་པའི་ཨིའི་ཡི་གེ་ཞེས་པས་ཡའོ། །ཨཱ་དཱི་དྷྱེ། ཨཱ་དཱི་དྷྱ་བ་ཧཻ། ཨཱ་དཱི་དྷྱ་མ་ཧཻ། ཨཻ་དང་ཨཱ་བ་ཧཻ་དང་ཨཱ་མ་ཧཻའོ། །གཞན་སྔ་མ་བཞིན་ནོ། ཨཱ་བཻ་བྱེེ། ཨཱ་བཻ་བྱ་བ་ཧེ། ཨཱ་བེ་བྱཱ་མ་ཧཻ། ཏུཏ་བིད་མུཥ་རྣམས་ཀྱི་སན་ལའོ། །ཏུ་དིར་མཆི་མ་གཏོང་བ། བིད་ཤེས་པ། མུཥ་ རྐུ་བ། འདི་རྣམས་ཀྱི་སན་ལ་ཡོན་ཏན་དུ་མི་འགྱུར་རོ། །སན་ལའང་ཨིཊ་མེད་པ་ལའོ་ཞེས་པ་འདིས་གྲུབ་པ་མ་ཡིན་ཏེ་ཨིཊ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཤེས་པའི་བིད་གཟུང་བའོ། །ཏུ་ཏུ་དིཥ་ཏི། བི་བི་དིཥ་ཏི། མུ་མུ་ཥི་ཏི། སན་ལ་ཞེས་པ་ཅི་ཞེ་ན། རོ་དཱི་ཏཱ། བོ་དི་ཏཱ། མོ་དི་ཏཱ། མོཥ་ཏཱ། ཨིཊ་ མེད་པའི་ནཱ་མི་མཐའ་རྣམས་ཀྱིའོ། །བྱིངས་གང་རྣམས་ལ་ཨིཊ་ཡོད་པ་མ་ཡིན་པ་དེ་རྣམས་ཀྱི་ཨིཊ་མེད་པའོ། །སན་ལ་ཞེས་པ་ཁོ་ནའོ། །བྱིངས་ནཱ་མིའི་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པའི་སན་ལ་ཡོན་ཏན་དུ་མི་འགྱུར་རོ། །དི་དཱི་ཥ་ཏི། ནི་ནཱི་ཥ་ཏི། ཛུ་ཧུ་ཥ་ཏི། སནའོ་ཨིའི་ཡི་གེ་ལས་ཤྭི་ཤྭི་ཌིང་མིན་པ་ཞེས་ 195-1-218a པ་དང་ཨཏ་ལ་ཡུ་རུ་ཎུ་མ་ཡིན་པ་ཞེས་པས་ཨིཊ་མེད་དོ། །དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་པོའོ་གཉིས་པ་བརྗོད་དོ། །ཨིཊ་མེད་པའི་ཞེས་ཅི་ཞེ་ན། ཥི་ཥ་ཡིཥ་ཏེ་ཤིང་ཉལ་བ་ལའོ། །ཉལ་བར་འདོད་དོ་ལ་ས་ནའོ། །ཨིཊའོ། །གཉིས་བརྗོད་དོ། །ཡོན་ཏན་ནོ། ། ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱདྨ་ནེ་ལ་པཉྩ་མིའི་ཕྱི་མ་མ་ཡིན་པ་ལའོ། །བྱིངས་དང་བི་ཀ་ར་ཎ་ཐམས་ཅད་རྣམས་ཀྱི་པཉྩ་མིའི་ཕྱི་མ་མ་ཡིན་པའི་བྱིངས་ཐམས་ཅད་པའི་ཨཱདྨ་ནེའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །གང་པཉྩ་མིའི་ཨཱཏྨ་ནེའི་ཚིག་སྐྱེས་བུ་ཕྱི་མ་དེ་ལ་ཡོན་ཏན་དུ་འགྱུར་བ་ཁོ་ ནའོ། །སྟུ་ཏེ། སྟུ་བཱིཏ། སྟུཏཱམ། ཨསྟུཏ། ཥྚུཉ་བསྟོད་པ་ལའོ། །བརྟ་མཱ་ནཱིའི་ཏེ་དང་། སཔྟ་མཱིའི་ཨཱིཏ་དང་། པཉྩ་མིའི་ཏཱམ་དང་ཧྱསྟ་ནཱིའི་ཏའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་ཅེས་པས་ཨུ་བའོ། །དུགྡྷྲེ། དུཧཱིཏྲ། དུགྡྷྲཾ། ཨདུགྡྷ། དུཧ་འཇོ་ བ་ལའོ། ཏེ་དང་ཨཱིཏ་དང་ཏཱམྲ་དང་ཏའོ། །ད་དང་པོའི་གྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པ་ཏིའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཞེས་པས་གྷའི་གའོ། བི་ཀ་ར་ཎའི། ཀུ་ཏུ་ཏེ། ཀུརྦཱིཏ། ཀུ་ཏུ་ཏཱམ། ཨ་ཀུ་ཏུཏ། ཌུ་ཀྲྀཉ་བྱེད་པ་ལའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏི་ཞེས་པས་ཡོན་ཏན་ ནོ། །ཨའི་ཨུ་ཡིག་གོ། །སུ་ནུཏེ། སུ་ནྭཱི་ཏ། སུ་ནུ་ཏཱམ། ཨ་སུ་ནུཏ། ཥུཉ་འཁྲུད་པ་ལའོ། །སུ་སོགས་ལས་ནུའོ། །བི་ཀ་ར་ཎའི་ནུའི་ཞེས་པས་བ་ཉིད་དོ། ཐམས་ཅད་སྨོས་པ་ནི་ནཱ་མིའི་མཐའ་རྣམས་ཀྱི་ཞེས་པ་དེ་ལྡོག་པའི་དོན་དུའོ། །ཨཱདྨ་ནེ་ལ་ཞེས་པ་ཅི་ཞེ་ན། དོགྡྷོ། ཀ་རོ་ཏི། སུནོ་ཏི། དུ་ཧའི་ སྔ་མ་བཞན་དུ་གྷ་ཉིད་ལ་སོགས་པའོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། སྟོཏཱ་པེ། དོགྡྷཱ་བེ། ཤྭསྟ་ནིའི་ཏཱ་པེའོ། །པཉྩ་མིའི་ཕྱི་མ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྟ་བཻ། སྟ་བཱ་བ་ཧེ། སྟ་བཱ་མ་ཧེ། དོཧཻ། ཀར་བེ། སུན་བཻ། ཨཻ་དང་ཨཱ་བ་ཧཻ་དང་ཨཱ་མ་ཧཻའོ། །ཏན་སོགས་ལས་ཨུའོ། །སུ་སོགས་ ལས་ནུའོ། །ཡོན་ཏན་ནོ། །གཉིས་ཉིད་དང་མང་པོ་ཉིད་དག་གིའང་པ་རསྨཻ་ལའོ། །བྱིངས་དང་བི་ཀ་ར་ཎ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་ཀྱི་པའི་པ་རསྨཻའི་ཚིག་གཉིས་ཉིད་དང་མང་པོ་ཉིད་དག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་ཏེ། པཉྩ་མིའི་ཕྱི་མ་མ་ཡིན་ཏེ། པཉྩ་མེའི་པ་རསྨཻའི་ཚིག་གི་སྐྱེས་བུ་ཕྱི་མའི་གང་གཉིས་ 195-1-218b ཉིད་དང་མང་པོ་ཉིད་དག་ལ་ནི་ཡོན་ཏན་དུ་འགྱུར་རོ། །སྟུཏཿ། སྟུ་བནྟི། སྟུ་ཏཱམ། སྟུ་བནྟུ། ཨསྟུ་ཏཱམ། ཨསྟུ་བན། དུགྡྷཱ དུ་ཧནྟིཿ།དུགྡྷམ། དུ་ཧནྟུ། ཨ་དུགྡྷཱམ། ཨ་དུ་ཧན། ཀུ་ཏུཏཿ། ཀུརྦནྟི། ཀུ་རུ་ཏཱམ། ཀུརྦནྟུ། ཨ་ཀུ་རུ་ཏཱམ། ཨ་ཀུརྦན། སུ་ནུཏཿ། སུ་ནྭནྟི། སུ་ནུ་ཏཱམ། སུ་ནྭཏྣ། ཨ་སུ་ནུ་ ཏཱམ། ཨ་སུན་ན། བརྟ་མཱ་ནའི་ཏས་དང་ཨནྟི། པཉྩ་མཱིའི་ཏཱམ་ཨནྟུ། ཧྱ་སྟ་ནཱིའི་ཏཱམ་དང་ཨནའོ། །སྟུ་དང་དུ་ཧ་ཞེས་པ་འདི་དག་ལ་ཨནའོ། །ཨང་སོགས་ལས་འཇིག་གོ། །ཀྲྀ་སུ་དག་ལ་ཏན་སོགས་ལས་ཨུ་དང་སུ་སོགས་ལས་ནུའོ། །བི་ཀ་ར་ཎའི་ནུའི་ཞེས་པས་ནུའི་བ་ཉིད་དོ། །གཉིས་ཉིད་དང་མང་ པོ་ཉིད་ཅེས་པ་ཅི་ཞེ་ན། དོགྡྷི། ཀ་རོ་ཏི། སུ་ནོ་ཏི། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། སྟོཏཱརཽ། སྟོཏཱརཿ། པཉྩ་མཱིའི་ཕྱི་མ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྟ་བཱ་བ། སྟ་བཱ་མ། དོ་ཧཱ་བ། དོ་ཧཱ་མ། ཀ་ར་བཱ་བ། ཀ་ར་བཱ་མ། སུ་ན་བཱ་བ། སུ་ན་བཱ་མ། པཉྩ་མཱིའི་ཨཱ་བ་དང་ཨཱ་མའོ། །ཡོན་ཏན་ནོ། །པ་རོ྅ཀྵ་ ལའང་ངོ་། །བྱིངས་ཀྱི་པ་རོ྅ཀྵའི་པ་རསྨཻའི་ཚིག་གཉིས་ཉིད་དང་མང་པོ་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །ཙཀྲ་ཏུཿ། ཙ་ཀྲུཿ། དུ་དུ་ཧ་ཏུཿ། དུ་དུ་ཧུཿ། གཉིས་དང་མང་པོ་ཉིད་དག་ཅེས་པ་ཅི་ཞེ་ན། དུདོཧ། ཐམས་ཅད་དུ་ཨཱདྨ་ནེ་ལའོ། །བྱིངས་ཀྱི་པ་རོ྅ཀྵའི་ཨཱདྨ་ནེའི་ཐམས་ཅད་དུ་སྟེ་གཅིག་ཉིད་དང་གཉིས་ཉིད་དང་ མང་པོ་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །ཙཀྲེ། ཙ་ཀྲཱ་ཏེ། ཙ་ཀྲི་རེ། དུ་དུ་ཧེ། དུ་དུ་ཧཱ་ཏེ། དུ་དུ་ཧི་རེ། ཨཱདྨ་ནེ་ཞེས་པ་ཅི་ཞེ་ན། དུདོཧ། ཨཱ་ཤཱིཥ་ལའང་པ་རསྨཻ་ལའོ། །ཨཱ་ཤཱིཥའི་འང་པ་རསྨཻའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །སྟུཡཱཏ། སྟུཡཱསྟཱམ། སྟུཡཱསུཿ། དུཧྱཱཏ། དུཧྱཱསྟཱམ། དུཏྱཱ་སུཿ། ན་མིའི་ མཐའ་རྣམས་ཀྱི་ཡཎ་ཨ་ཡཱི་ཞེས་པས་རིང་པོའོ། །པ་རསྨཻ་ལ་ཞེས་པ་ཅི་ཞེ་ན། སྟོཥཱིཥྚ། སཔྟ་མཱི་ལའང་ངོ་། །སཔྟ་མཱིའི་འང་པ་རསྨེེ་ལ་ཡོན་ཏན་མི་འགྱུར་རོ། །སྟུཡཱཏ། དུཧྱཱཏ། སུནུཡཱཏ། ཧི་ལའང་ངོ་། །ཧིའི་རྐྱེན་ལའང་ཡོན་ཏན་དུ་མི་འགྱུར་རོ། །སྟུཧི། དུགྷྣི། པཉྩ་མཱིའི་ཧིའོ། །ད་དང་པོའི་གྷའོ། ། ཧིའི་དྷིའོ། །སུ་ནུ། ཥུཉ་མངོན་པར་འཁྲུད་པ། ནུ་ལས་ཀྱང་བརྩེགས་པ་མིན་པའི་ཞེས་པས་ཧི་དབྱིའོ། །དེ་བཞིན་དུ། ཨི་ཧི། ཨིཎ་འགྲོ་བ། འོ་ན་ཨེ་ཧི་ཞེས་པ་ཅི་ཞེ་ན། ཨཱང་སྔ་མ་ལས་ཨིཎའི་སྦྱོར་བ་འདིའོ། །ཏུད་སོགས་ཀྱི་ཨན་ལའོ། །ཏུད་སོགས་ཀྱི་ཚོགས་ཀྱི་ཨན་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཏུད་ཏི། 195-1-219a ནུད་ཏི། ཏུད་གདུང་བ། ནུད་བསྐུལ་བ་ལའོ། །ཨན་ལ་ཞེས་པ་ཅི་ཞེ་ན། ཏོཏྟཱ། ཨཱམ་ལ་བིཏ་ཉིད་ཀྱིའོ། །བིད་ཤེས་པ་ལའོ། །ཞེས་པ་འདིས་ཨཱམ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བིདཱཉྩ་ཀཱར། བིད་ཤེས་པ་ལའོ། །ཨཊའོ། །ཨུཥ་བིད་ཛཱ་གྲཱྀ་རྣམས་ལ་ཡང་ནའོ་ཞེས་པས་ ཨཱ་མའོ། །ཨཱམ་ལས་ཀྲྀཉའོ། །གཉིས་བརྗོད་དོ། །སཾ་བིདཱཉྩ་ཀྲེ། སཾ་སྔ་མའི་བིད། ཏུ་ཙ་སོགས་ལས་པ་རོཀྵའི་ཨེའོ། །གཞན་སྔ་མ་བཞིན་ནོ། །ཨཱ་མ་ལ་ཞེས་པ་ཅི་ཞེ་ན། བི་བེད། བིད་ཅེས་པ་ཅི་ཞེ་ན། ཨོཥཱཉྩ་ཀཱར། ཨུཥ་བསྲེག་པ་ལའོ། །ཨཊའོ། །སྔ་མ་བཞིན་དུ་ཨཱམའོ། །ཉིད་སྨོས་པ་ནི་ རྣམ་པ་སྣ་ཚོགས་པའི་དོན་ཏོ། །བིད་ཤེས་པའི་དོན་གཟུང་བ་དེ་ཉིད་ལ་ཨཱམ་སྲིད་པ་ལས་སོ། །ཀུཊ་སོགས་ཀྱི་ཨིན་ཨི་ཙ་ཨཊ་རྣམས་མ་ཡིན་པ་ལའོ། །ཀུཊ་འཁྱོག་བོ་ལའོ་ཞེས་པ་འདི་ནས་བརྩམས་ཏེ་ཇི་སྲིད་དུ་ཀུང་སྒྲ་ལའོ་ཞེས་པ་དེ་སྲིད་ནི་ཀུཊ་སོགས་སོ། །ཀུཊ་སོགས་ཀྱི་ཚོགས་ཀྱི་ཨིན་ཨིཙ་ ཨཊ་ཏེ་ཨིན་དང་ཨིཙ་དང་ཨཊ་ཕ་རོལ་མ་ཡིན་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨིན་ཨི་ཙ་ཨཊ་རྣམས་ལས་ཡོན་ཏན་ཉིད་དོ། །ཀུཊི་ཏཱ། ཀུ་ཊི་ཥྱ་ཏི། པུ་ཊི་ཏཱ། པུ་ཊིཥྱ་ཏི། ཀུཊ་འཁྱོག་པོ། པུཊ་ཡང་དག་པར་སྦྱོར་བ་ལའོ། །ནྱ་ནུ་བཱི་ཏ། ནྱ་དྷྱ་བཱིཏ། ཎུ་བསྟོད་པ། དྷུ་གཡོ་བ་ལའོ། ནི་སྔོན་དུའོ། །ཨ་དྱ་ཏ་ ནཱིའི་དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །སི་ཙའོ། །ཨིཊའོ། །སི་ཙ་ལས་སོ་ཞེས་པས་ཨིཊའོ། །ཨིཊ་ལས་ཀྱང་ཨིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུབ་དག་ཅེས་པས་ཨུ་བའོ། །ཨིན་ཨིཙ་ཨཊ་རྣམས་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཀོཊ་ཡཏི། འཁྱོག་ཏུའཇུག་གོ་ལ་ཨིནའོ། །ཡོན་ཏན་ནོ། །ཨིཙའོ། །ཨཀོཊི། ཨ་དྱ་ཏ་ནཱིའི་ཏའོ། །དངོས་པོ་དང་ལ་དག་ལའང་ངོ་ཞེས་པས་སི་ཙའོ། །ཨི་ཙ་ལས་ཏ་དབྱིའོ། །ཨཊ་ལ། ཙུ་ཀོ་ཊ། བི་ཛིའི་ཨིཊ་ལའོ། །ཨོ་བི་ཛཱིའི་ཨིཊ་ལའོ། །ཨོ་བི་ཛཱི་འཇིགས་པ་དང་གཡོ་བ་དག་ལའོ་ཞེས་པ་འདིའི་ ཨིཊ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བ་ཨུརྦི་ཛི་ཏཱ། ཨུདྦི་ཛིཥྱཏི། ཨོ་བི་ཛཱི་འཇིགས་པ་དང་གཡོ་བ། ཨུཏ་སྔོན་དུའོ། །ཏཱ་དང་སྱ་ཏེའོ། །ཨིཊའོ། །ཨིཊ་ལ་ཞེས་པ་ཅི་ཞེ་ན། ཨུདྦེགཿ། དངོས་པོ་ལ་གྷཉའོ། །ཙ་ཛ་དག་གི་དྷུཊ་དང་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་ཅེས་པས་ཛའི་གའོ། །འོ་ན་ཨུདྦེ་ཛིཏ་ 195-1-219b བྲྀཥྚི་བྷི་ར་ཤྲ་ཡནྟཿ། ཞེས་འདིར་ཡོན་ཏན་ཅི་ཞེ་ན། བརྗོད་པར་བྱ་སྟེ། འདི་ཨིཊ་ལ་ཡོན་ཏན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཨིན་ལའོ། །བི་ཛི་ཏམ། བི་ཛི་ལས་ཨིནའོ། །ཡོན་ཏན་ནོ། །ནིཥྛའོ་ཞེས་པས་ཀྟའོ། །ཨིཊའོ། །ཨི་ནའི་ནིཥྛ་ཨིཊ་ཅན་ལ་ཞེས་པས་ཨིཊ་མ་ཨིནའི་དབྱིའོ། །ཨུཪྞའི་ཡང་ནའོ། །ཨུཪྞུ་སྒྲིབ་ པ་ལའོ་ཞེས་པ་འདིའི་ཨིཊ་ཕ་རོལ་ལ་ཡོན་ཏན་དུ་ཡང་ན་མི་འགྱུར་རོ། །པྲ་ཨུཪྞུ་བི་ཏཱ། པྲ་ཨུཪྞུ་བི་ཏཱ། ཨིཊའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུབ་དག་ཅེས་པས་ཨུ་བའོ། །ཕྱོགས་གཅིག་ལ་ཡོན་ཏན་ནོ། །ཨིཊ་ལ་ཞེས་པ་ཅི་ཞེ་ན།པྲོོཪྞོཏ། ཧྱསྟ་ནིའི་དིའོ། །དབྱངས་ དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨཽ་ཡིག་གོ། །ཧྱསྟ་ནཱི་ལའང་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །སྠཱ་དཱ་དག་གི་ཨ་དྱ་ཏ་ནཱི་ལ་ཨཱདྨ་ནེ་ལ་ཨིའོ། །ཥྛ་གནས་པ་ལའོ་འདི་དང་དཱའི་མིང་ཅན་དག་གི་ཨ་དྱ་ཏ་ནཱིའི་ཨཱདྨ་ནེ་ཕ་རོལ་གྱི་ཚིག་ལ་ཨི་ཉིད་དུ་འགྱུར་རོ། །སམ་སྠིཥཱ་ཏཱམ། སམསྠིཏ། ཨ་དིཏ། ཨདིཥཱ་ཏཱམ། ཨ་དྷིཏ། ཨ་དྷིཥཱ་ཏཱམ། ཨ་དྱ་ཏ་ནཱི་ཞེས་པ་ཅི་ཞེ་ན། སཾ་སྠསྱ་ཏེ། སམ་སྔོན་མ་ཅན་གྱི་ཏིཥྛ་ཏི་ཏུ་ཙ་སོགས་སོ། །ཨཱདྨ་ནེ་ལ་ཞེས་པ་ཅི་ཞེ་ན། ཨསྠཱ་ཏ། ཨ་དཱ་ཏ། ཨ་དྷྱཱ་ཏ། ཨིཎ་སྠཱ་དཱ་པི་བ་ཏི་ཞེས་པས་སི་ཙ་འཇིག་གོ། མུ་ཙ་སོགས་ཀྱི་དབྱངས་ལ་ཨན་བི་ཀ་ར་ཎ་ལ་ན་ཡིག་ཨཱ་ག་མའོ། །མུ་ཙླྀ་གྲོལ་བ་ ལའོ་ཞེས་པ་འདི་ནས་བརྩམས་ནས་བི་ཤ་ཆ་ཤས་ལའོ་ཞེས་པའི་མཐར་ཐུག་པ་མུ་ཙ་སོགས་སོ། །མུ་ཙ་སོགས་ཀྱི་དབྱངས་གང་ཡིན་པ་དེ་ལས་ཕ་རོལ་ཏུ་ཨན་བི་ཀ་ར་ཎ་ཕ་རོལ་ལ་ན་ཡིག་ཨཱ་ག་མ་འགྱུར་རོ། །ཨ་ཡིག་ནི་བརྗོད་པའི་དོན་ཏོ། །མུཉྩ་ཏི། མུཉྩ་ཏེ། ལུམྦ་ཏི། ལུམྦ་ཏེ། བིནྡ་ཏི། བིནྡ་ཏེ། མུ་ཙླྀ་གྲོལ་བ་ལའོ། །མུ་སླི་གཅོད་པ་ལའོ། །བི་དླཾ་ཐོབ་པ་ལའོ། ཡ་ཛ་སོགས་ཉིད་ལས་གཉིས་ག་སྟེ་ཏི་དང་ཏེའོ། །ཨན་པི། འདིས་ན་ཡིག་ཨཱ་ག་མའོ། །ཨནྦི་ཀ་ར་ཎ་ལ་ཞེས་པ་ཅི་ཞེ་ན། མོཀྟཱ། ཨན་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །འདིར་གཞན་མུ་ཙ་སོགས་ཀྱི་བི་ཀ་ར་ཎ་ཡོད་པ་ མ་ཡིན་ནོ། །མརྫིན་ཤ་དག་གི་དྷུ་ཊ་ལའོ། །ཌུ་མསྫོ་དག་པ་ལའོ། །ཎ་ཤ་མི་མཐོང་བ་ལའོ། །འདི་དག་གི་དྷུཊ་ཕ་རོལ་ལ་དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་ག་མ་འགྱུར་རོ། །མངྐཱ་། མཾཀྵྱནྟི། ཨ་མཾཀྵྱཏ། ཌུ་མསྫོ་དག་པ་ལའོ། ཏཱ་དང་སྱནྟི་དང་སྱཏའོ། །ཡུཛི་ཏུ་ཛི་ཞེས་སོགས་ཀྱིས་ཨིཊ་མེད་དོ། །འདིས་ན་ 195-1-220a ཡིག་ཨཱ་ག་མའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཞེས་པས་སའི་དའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དའི་ཛའོ། །བྲཤྩི་མསྫོ་དག་གི་དྷུཊ་ལ་ཞེས་པས་མཐའི་ཛ་ཡིག་དབྱིའོ། །ཙ་སྡེའི་ཀིའོ། །སྡེ་པ་ལ་སྡེ་པའི་མཐའོ། །ཥ་ཉིད་དོ། ན་ཤའི་ངེས་པར་ཡང་། ནཾཥྚཱ་ཏཾ། ནཾཀྵྱཏི། ཨ་ནཾཀྵྱཏ། ཎ་ཤ་མི་ མཐོང་བ་ལའོ། །ཎའི་ནའོ། །ཏཱ་དང་སྱ་ཏི་དང་སྱཏའོ། །ར་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་རྣམ་པར་བརྟག་པའོ། །ན་ཡིག་ཨཱ་ག་མའོ། །ཚ་ཤ་དག་གིའང་ཞེས་པས་ཥའོ། །ཥ་དྷ་དག་གིས་ལ་ཀའོ་ཞེས་པས་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ནཛྫྱེ། ནཤྱཏེ། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །རདྷི་ཛ་བྷི་དག་གི་ དབྱངས་ལའོ། །ར་དྷ་འཚེ་བ་ལའོ། །ཛ་བྷ་ཛི་བྷི་ལུས་རྣམ་པར་ཉམས་པ་ལའོ་ཞེས་པ་འདི་དག་གི་དབྱངས་ཕ་རོལ་ལ་དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་ག་མའོ། །རནྡྷ་ཡཏི། ཛམྦྷ་ཡཏི། འཚེ་རུ་འཇུག་གོ། །ལུས་ཉམས་སུ་འཇུག་གོ་ལ་ཨིནའོ། །ཨཱ་མ་དང་བསྒྱུར་བ་དག་ལས་ཨཱ་ག་མའི་སྒྲུབ་པ་སྟོབས་དང་ལྡན་ནོ་ ཞེས་པས་སྔར་ན་ཡིག་ཨཱ་ག་མ་བྱས་པ་དེ་ལ་ཨུ་པ་དྷཱའི་རིང་པོར་མི་འགྱུར་རོ། །རནྡྷ་ཀཿ། ཛམྦྷ་ཀཿ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུཎའོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། རདྷྱ་ཏེ་ཛ་བྷྱ་ཏེ། ར་དྷིའི་ཨིཊ་ལ་པ་རོཀྵ་མིན་པ་ལ་མ་ཡིན་ནོ། །ར་དྷི་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པ་འདིའི་ཨིཊ་ཕ་རོལ་ལ་ན་ཡིག་ཨཱ་ག་མ་མི་འགྱུར་ ཞིང་། པ་རོ྅ཀྵ་མ་ཡིན་པ་སྟེ། པ་རོ྅ཀྵའི་མཐའ་ཅན་གྱི་ཨིཊ་གང་ཡིན་པ་དེ་ལ་ནི་འགྱུར་བ་ཁོ་ནའོ། །སྔ་མས་ཐོབ་པ་ལའོ། །རདྷི་ཏཱ། རདྷིཥྱ་ཏི། ཨརདྷཥྱཏ། རདྷིཏ་བྱམ། ཏ་བྱ། ཨ་ནཱི་ཡ་དག་གོ་ཞེས་པས་ཏ་བྱའོ། །ཨིཊ་མ་ཞེས་པ་ཅི་ཞེ་ན། རནྡྷ་ཡ་ཏི། པ་རོ྅ཀྵ་མིན་པ་ཞེས་པ་ཅི་ཞེ་ན། ར་རནྡྷིབ། ར་རནྡྷིམ། པ་རོ྅ཀྵའི་བ་དང་མའོ། །གཉིས་བརྗོད་དོ། །ཨིཊའོ། །སྔ་མས་ན་ཡིག་ཨཱ་ག་མའོ། །རབྷི་ལ་བྷ་དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵ་དག་མིན་པ་ལའོ། །བི་ཀ་ར་ཎ་པ་རོ྅ཀྵཱ་དེ་རྣམས་ནི་བི་ཀ་ར་ཎ་པ་རོ྅ཀྵཱའོ། །དེ་ནས་ནཉའི་ཚིག་སྡུད་དོ། །དབྱངས་ལ་ཞེས་པ་ཁོ་ནའོ། །དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་ག་མ་ཞེས་ པའང་ངོ་། །རབྷ་རྩོམ་པ་ལའོ། །ཌུལབྷཥ་ཐོབ་པ་ལའོ། །འདི་དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵ་དག་མིན་པའི་དབྱངས་ཕ་རོལ་ལ་ན་ཡིག་ཨཱ་ག་མ་འགྱུར་རོ། །བི་ཀ་ར་ཎ་དང་པ་རོ྅ཀྵཱ་རྣམས་ཀྱི་དབྱངས་ཕ་རོལ་གང་ཡིན་པ་དེ་ལ་མི་འགྱུར་རོ། །ཨཱ་རམྦྷཡ་ཏི། ཨཱ་ལམྦྷཡ་ཏི། རབྷ་རྩོམ། ལ་བྷ་ཐོབ། ཨང་སྔོན་ 195-1-220b དུའོ། །རྩོམ་དུ་འཇུག་གོ། །ཐོབ་ཏུ་འཇུག་གོ་ཞེས་ཨིནའོ། །འདིས་ན་ཡིག་ཨཱ་ག་མའོ། །ཨཱ་རམྦྷ་ཀཿ། ཨཱ་ལམྦྷ་ཀ །ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུཎའོ། །ན་ཨཱ་ག་མའོ། །བི་ཀ་ར་ཎ་དང་པ་རོ྅ཀྵ་དག་མིན་པ་ཞེས་པ་ཅི་ཞེ་ན། ཨཱ་རབྷ་ཏེ། ཨཱ་ལ་བྷ་ཏེ། ཨཱ་རེ་བྷེ། ཨཱ་ལེ་བྷེ། གསལ་བྱེད་གཅིག་པའི་དབུས་ན་ཡོད་པ་ཞེས་ པས་ཨེ་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གོ། །དབྱངས་ལས་ཞེས་པ་ཅི་ཞེ་ན། ཨཱ་ར་བྷྱ་ཏེ། ཨཱལབྷྱཏེ། ལ་བྷི་ཉེར་བསྒྱུར་མེད་པའི་ཎམ་དང་ཨིཙ་ཕ་རོལ་ལ་ན་ཡིག་ཨཱ་ག་མ་ཡང་ན་བཤད་པར་བྱ་སྟེ། ཎམ་ལ། ལམྦྷཾ། ལམྦྷ་མ། ལཾ་བྷཾ་ལཱ་བྷམ། ཡང་ཡང་ལ་ཎམ་ཡང་ན་ཞེས་པས་ཎམའོ། །བཤད་པ་ལས་ན་ཨཱ་ག་མ་ ཡང་ནའོ། །ཕྱོགས་གཅིག་ལ་ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཡང་ཡང་ལ་ཎམ་ཡང་ན་སྟེ་ཚིག་ཀྱང་གཉིས་སོ་ཞེས་པའི་ཚིག་ལས་གཉིས་བརྗོད་དོ། །ཨི་ཙ་ལ། ཨལམྦྷི། ཨ་ལཱ་བྷི། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ལམྦྷཾ། པྲ་ལམྦྷི། ཧུ་དྷུཊ་དག་ལས་ཧིའི་དྷིའོ། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ་ཞེས་པ་ འདི་ལས་དང་དེ་བཞིན་དུ། དྷུཊ་མཐའ་ལས་ཀྱང་ཕ་རོལ་དུ་པཉྩ་མིའི་ཧི་སྟེ། ཧིའི་རྐྱེན་དྷི་ཏུ་བསྒྱུར་བར་འགྱུར་རོ། །ཛུ་ཧུཏི། དྷུཊའི་མཐའ་ལས། ཙ་ཀཱདྡྷི། ཙ་ཀཱ་སྲྀ་གསལ་བ། ཧིའི་དྷིའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་འོ། ཙྪིནྡྷ། བྷིནྡྷ། ཙྪི་དིར་གཉིས་སུ། བྷི་དིར་འཇོམས་པ་ལའོ། །ཧིའོ། ། ཏུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །ཏུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །ཧིའི་དྷིའོ། །ཤིཎྡྷིད། བིཎྡྷ། ཤིཥླྀ་ཁྱད་པར། བིཥླྀ་ཡང་དག་པ། ཧིའོ། །སྔ་མ་བཞིན་དུ་ན་སྒྲའོ། །མཐའ་དབྱིའོ། །ཏིའི་དྷི་ཉིད་དོ། །དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ་ཞེས་པས་ཥ་ཡིག་གི་རི་ཊུ་ར་ཥ་སྤྱི་བོ་ ལས་ཞེས་པའི་ཚིག་ལས་གསུམ་པ་ཌའོ། །ཥ་དང་ཊ་སྡེ་ལས་ཞེས་པས་དྷའི་ཌྷའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པ་ནའི་ཎའོ། །ཧ་དང་དྷུཊ་དག་ལས་ཞེས་པ་ཅི་ཞེ་ན། ཀྲཱྀ་ཎཱི་ཧཻ། གཉིས་ག་འདི་རྣམས་ཀྱི་ཨི་ཡིག་གོ། །ཧིའི་ཞེས་པ་ཅི་ཞེ་ན། ཛུཧོཏི། བྷིནཏྟི། ཨིཊ་དང་བཅས་པའི་ཡུལ་ལའང་ཧིའི་དྷི་ཉིད་དུ་མི་འདོད་དོ། ། ཏུ་དྷི་ཧི། ཏུ་དིར་འཆི་བ་གཏོང་བ་ལའོ། །ཏུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཨིཊའོ། །བྷིནྟྟཏཱ། བྷི་དིར་ལ་ཧིའོ། །སྔ་མ་བཞིན་ན་སྒྲ་དང་མཐའ་དབྱིའོ། །བཤད་པ་ལས་ཧིའི་ཏཱ་ཏཎའོ། །སྒྲ་མེ་ད་པ་ལ་དང་པོའོ། །ཨསྟི་ལས་སོ། །ཨས་ཡོད་པ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ཧི་དྷི་ཉིད་དུ་འགྱུར་ 195-1-221a རོ། །ཨེ་དྷི། ཨ་ས་ཡོད་པ། ཧིའོ། །ཨསྟིའི་དང་པོ་ཞེས་པས་ཨ་ཡིག་དབྱིའོ། །དཱ་ཨསྟི་དག་གི་ཨསྟ་ཨ་བྷྱས་དབྱི་བའང་ངོ་ཞེས་པས་སའི་ཨེ་ཉིད་དོ། །རྟག་པ་དང་མི་རྟག་པ་དག་ལས་རྟག་པའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པས་ཨེ་ཉིད་བྱས་པ་ན་དྷུཊ་ས་ཡིག་མེད་པའི་ཕྱིར་སྔ་ མའི་ས་དྷི་ཉིད་དུ་ཐོབ་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ་ཞེ་ན། ཨེ་ཉིད་དུ་བྱས་པའང་གནས་ཅན་དང་འདྲ་བར་འགྱུར་བས་ཡོད་པ་མ་ཡིན་ཏེ། ཨཱའི་ཡི་གེའི་སྒྲུབ་པ་ལས་ཞེས་པས་བཀག་པའི་ཕྱིར་རོ། །ཤཱསྟིའི་ཤཱ་ཡང་ངོ་། །ཤཱསྟི་སྟེ་ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདིའི་ཧི་ཕ་རོལ་ལ་ཤཱ་རུ་བསྒྱུར་ བར་འདོད་དོ། །འང་གི་སྒྲས་ཧིའི་དྷི་ཉིད་དུའང་ངོ་། །ཨ་ནུ་ཤཱ་དྷི། པྲ་ཤཱ་དྷི། ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཨ་ནུ་དང་པྲ་སྔོན་དུའོ། །ཧིའི། ཧི་དྷི་ཉིད་དོ། །ཤ་རུ་བསྒྱུར་རོ། །ཨ་བྷྱ་སྟ་ལས་ཨནྟིའི་ན་དབྱིའོ། །ཨནྟ་ལ་ཡོད་པའི་ན་ནི་ཨ་བྷྱསྟ་ལས་ཕ་རོལ་གྱི་ཨནྟ་ཞེས་པ་འདིའི་ན་ཡིག་གང་ཡིན་པ་དེ་ དབྱི་བར་འགྱུར་རོ། །ཨནྟིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །དད་ཏི། དད་ཏུ། ད་དྷ་ཏི། ད་དྷ་ཏུ། ཛུ་ཧོ་སྟི། ཛུ་ཧྭ་ཏུ། དིར་དྲ་ཏི། དིར་དྲ་ཏུ། ཌུ་དཱཉ་སྦྱིན། ཌུ་དྷཱ་ཉ་འཛིན། ཧུ་ལེན། ད་རི་དྲཱ་དབུལ། བརྟ་མཱ་ནའི་ཨནྟི་དང་པཉྩ་མིའི་ཨནྟུའོ། །ཨནའོ། །ཛུ་ཧོ་སྟི་སོགས་ཀྱིས་འཇིག་གོ། །ཛུ་ཧོ་སྟི་སོགས་ཀྱིས་ གཉིས་བརྗོད་དོ། །དིར་དྲའི་ཨད་སོགས་ལས་འཇིག་གོ། །ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཨ་དབྱིའོ། །ཛུ་ཧོ་སྟིའི་བྱིངས་ཐམས་ཅད་པ་ལ་ཞེས་པས་བ་ཉིད་དོ། །འདིས་ན་དབྱིའོ། །ཨ་བྷྱསྟ་ལས་ཞེས་པ་ཅི་ཞེ་ན། ཡཱནྟི། ཨནྟི་སྨོས་པ་ཅི་ཞེ་ན། ད་དཱིར་ན། ཌུ་དཱཉ་སྦྱིན། སཔྟ་མཱིའི་ཨཱི་རནའོ། །སྔ་མ་ བཞིན་དུ་ཨཱ་དབྱིའོ། །ཨ་ཡིག་མིན་པ་ལས་ཨཱཏྨ་ནེ་ལ་འང་ངོ་། །ཨནྟའི་ན་དབྱིའོ་ཞེས་པ་ཁོ་ནའོ། །ཨཱཏྨ་ནེའི་ཚིག་གི་ཨནྟའི་སྒྲ་གང་ཡིན་པ་དེའི་ཨ་ཡིག་མ་ཡིན་པ་ལས་ན་ཡིག་དབྱི་བར་འགྱུར་རོ། །ཨ་ཡིག་ལས་ཕ་རོལ་གྱི་མི་འགྱུར་རོ། །ཀུརྦ་ཏེ། ཙི་ནོ་ཏེ། ལུ་ན་ཏེ། ཌུ་ཀྲྀ་ཉ་བྱེད། ཙི་ཉ་སོགས། ལུཉ་གཅོད་པ་ ལའོ། །བརྟྟ་མ་ནཱིའི་ཨནྟེའོ། །ཏན་སོགས་ལས་ཨུའོ། །སུ་སོགས་ལས་ནུའོ། །ཀྲཱི་སོགས་ལས་ནཱའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨཱུ་ཡིག་གོ། །བི་ཀ་ར་ཎའི་ནུའི་ཞེས་པས་བ་ཉིད་དོ། །ཀྲི་སོགས་རྣམས་ཀྱི་བི་ཀ་ར་ཎའི་ཞེས་པས་ནའི་རྐྱེན་གྱི་ཨ་དབྱིའོ། །སུ་སོགས་རྣམས་ཀྱི་ཐུང་ངུའོ། ། 195-1-221b འདིས་ན་དབྱིའོ། །ཨཱཏྨ་ནེ་ཞེས་པ་ཅི་ཞེ་ན། ལུ་ནནྟི། ཨ་ཡིག་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཙྱ་བནྟེ། པླ་བནྟེ། ཙྱང་འགྲོ། བླུང་འགྲོ། ཨནྟེ། ཨནའོ། །ཤེ་ཏི་ལས་ཨནྟི་དང་པོའི་ཨིརའོ། །ཤཱིང་ཉལ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ཨནྟིའི་སྒྲའི་ཨིར་ཨཱ་ག་མ་འགྱུར་རོ། །ཨནྟིའི་ཨི་ཡིག་བརྗོད་པའི་དོན་ དང་ཨཱ་ག་མའི་ཨེའང་ངོ་། །ཤེར་ཏེ། ཤེར་ཏཱམ། ཨ་ཤེར་ཏ། ཤིང་ཉལ་བ་ལའོ། །བརྟྟ་མཱ་ནའི་ཨནྟེའོ། །པཉྩ་མཱི་ཨནྟཱ་མའོ། །ཧྱསྟ་ནིའིཨནྟའོ། །ཤཱིངའི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཡོན་ཏན་ནོ། །འདིས་ར་ཡིག་ཨཱ་ག་མའོ། །སྔ་མ་བཞིན་དུ་ན་དབྱིའོ། །ཨནྟིའི་ཞེས་པ་ཅི་ཞེ་ན། ཤེ་ཏེ། ཤ་ཡཱ་ཏེ། ཏེ་དང་ ཨཱ་ཏེའོ། །སྔ་མ་བཞིན་ཡོན་ཏན་ནོ། །བིཏྟི་ལས་ད་ལྟར་བ་ལ་པ་རསྨཻ་ཨཊ་སོགས་རྣམས་ཡང་ནའོ། །བཀྲ་ཤིས་པ་པ་རསྨཻའི་ཚིག་རྣམས་སོ་ཞེས་པ་འདིར་ཚིག་རྣམས་ཞེས་པ་འདི་ཕྱིས་པའོ། །བིད་ཤེས་པ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་པ་རསྨཻའི་ཚིག་རྣམས་ད་ལྟར་བའི་དུས་ལ་བྱས་པའི་ཏི་སོགས་རྣམས་ཨཊ་ སོགས་སུ་བསྒྱུར་བར་ཡང་ན་འགྱུར་རོ། །ཅིག་ཤོས་ཀྱི་གནས་ལ་བཤད་པའི་ཏི་སོགས་པ་རསྨཻའི་ཚིག་རྣམས་པ་རསྨཻའི་ཚིག་གི་མིང་ཅན་ཁོ་ནའི་ཨཊ་སོགས་རྣམས་སུ་འགྱུར་རོ། །བིད། བིད་ཏུཿ། བི་དུཿ། བེཏྠཿ། བིད་ཐུཿ། བིད། བེད། བིདྦི། བིདྨ། བཏྟ་མཱ་ནའི་ཏི་ཏས་ཨནྟི། ས་ཐས་ཐ། མི་བས་མསའོ། །འདི་ཏི་སོགས་ རྣམས་ཨཊ་སོགས་རྣམས་སུ་ཡང་ན་བསྒྱུར་ཞིང་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་བརྟ་མཱ་ནའི་གནས་སོ་ཞེས་པས་ཙ་ཎ་པ་རོ་ཀྵཱ་ལ་གཉིས་བརྗོད་པར་མི་འགྱུར་རོ། །གཅིག་ཚིག་ལ་ཡོན་ཏན་ཉིད་དོ། །གཞན་ལ་གཉིས་ཉིད་དང་མང་པོ་ཉིད་དག་ལ་ཞེས་པས་བཀག་གོ། །ཕྱོགས་གཅིག་ལ་བེཏྟི། བིཏྟཿ། བིད་ནྟི། བེཏྶི། བིཏྠིཿ། བིཏྠི། བིདྨི། བིདྦིཿ། ད་ལྟར་བ་ལ་ཞེས་པ་ཅི་ཞེ་ན། པི་དྱཏ། པ་རསྨཻའི་ཚིག་ཅེས་པ་ཅི་ཞེ་ན། སམྦིཏྟེ། བིད་ལས་སྔོན་དུ་སཾ་ཡོད་པ་རུ་ཙ་སོགས་ལས་བརྟ་མཱ་ནའི་ཏེའོ། །བྲུའི་དང་པོ་ལྔ་རྣམས་ལ་ཨཱ་ཧའང་ངོ་། །དང་པོར་ཡོད་པ་དང་པོ་སྟེ། ད་ལྟར་བ་ལ་པ་རསྨཻ་ཨཊ་སོགས་སུ་ཡང་ནའོ་ཞེས་པ་ཁོ་ནའོ། ། བྲུའི་ཕ་རོལ་གྱི་ད་ལྟར་བའི་དུས་ལ་བྱས་པའི་དང་པོ་སྟེ་དང་པོར་གནས་པའི་པ་རསྨཻའི་ཚིག་ལྔ་རྣམས་ཇི་ལྟར་གྲངས་བཞིན་དུ་ཨཊ་སོགས་ལྔ་རྣམས་ཉིད་འགྱུར་ཞིང་བྲུའང་ཨཱ་ཧ་ཏུ་བསྒྱུར་བར་འགྱུར་རོ། །ཨཱཧ། ཨཱཧ་ཏུཿ། ཨ་ཧུཿ། ཨཱཏྠ། ཨཱཧ་ཐུཿ། བྲུཉ་གསལ་བར་སྨྲ། ཏི་ཏས་ཨནྟི། སི་དང་ཐསའོ། །འདིས་ཨཊ་ 195-1-222a སོགས་སུ་བསྒྱུར་བ་དང་བྲཱུའང་ཨཱ་ཧ་ཏུ་བསྒྱུར་རོ། །ཐལ་ཕ་རོལ་ལ་ཐལ་ལ་ཐའང་ངོ་། །ཞེས་པས་ཧའི་ཐའོ། །ཐ་དང་པོའི་ཏའི་ཕྱོགས་གཅིག །བྲི་བཱི་ཏ། བྲུ་ཏཿ། བྲུ་བནྟི། བྲ་བཱི་ཥི། བྲུ་ཐཿ། བྲུ་ལས་ཨིཊའོ། །ཡོན་ཏན། ལྔ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྲུཐ། ཐལ་བ་ལའང་ངོ་། །ཨཱཧ་ཞེས་ པ་ཁོ་ནའོ། །ཨཱཧའི་མཐའ་ཐལ་ལ་སྟེ་ཐ་ཡིག་ཕ་རོལ་ལ་ཐ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀིམ། ཨཱཏྠ། བྲུཉ་གསལ་བ་ལའོ། །བཏྟ་མཱ་ནའི་སིའོ། །སྔ་མས་སིའི་ཐལ་དང་བྲུའི་ཨཱཧའོ། །འདིས་ཧའི་མཐའོ། །དེ་དང་པོའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །བྱིངས་ཨཱ་ཡིག་གི་མཐའ་ཅན་ལས་ཕ་རོལ་གྱི་ཨཊ་ཨོོ་རུ་ འགྱུར་རོ། པ་པཽ། ཡ་ཡཽ། ད་དཽ། པཱ་འཐུང་བ། ཡཱ་ཐོབ་པ། དཱ་སྦྱིན་པ་ལའོ། །ཨཊའོ། །གཉིས་བརྗོད་དོ། །འདིས་ཨཽ་ཉིད་དོ། །ཨཊ་ཅེས་པ་ཅི་ཞེ་ན།ཡཱ་ཏི། རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨིརའོ། །བྱིངས་རྀ་ཡིག་མཐའ་ཅན་གྱི་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་ཨིར་དུ་བསྒྱུར་བར་འགྱུར་རོ། །ཀི་ར་ཏི། གི་ར་ཏི། ཀྲཱྀ་རྣམ་པར་གཡེང་། གྲྀ་གསལ་བར་བྱེད་པ། ཏིའོ། །ཨནའོ། ཏུད་སོགས་ཀྱི་ཞེས་པས་ཡོན་ཏན་མེད་དོ། །འདིས་ཨིརའོ། ཀིཪྻ་ཏེ། གཱིཪྻ། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །འདིས་ཨིརའོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །རཱྀཏ་མཐའ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཏུ་ད་ཏི། ཡོན་ཏན་མེད་པ་ ལ་ཞེས་པ་ཅི་ཞེ་ན། ཀ་ར་ཏཱ། ཀྲྀ་རྣམ་པར་གཡོ་བ་ལའོ། །ཡི་གེ་གཅིག་མིན་ཐམས་ཅད་ཀྱི་ཞེས་པའི་ཚིག་མི་རྟག་སྟེ། གི་ར་ཏིའི་ཙེ་ཀྲཱི་ཡི་ཏ་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །དེས་ན་རཱྀའི་མཐའ་དེ་བཞིན་དུ་བསྒྱུར་བར་ཤེས་པར་བྱའོ། །མཆུར་གྱུར་པ་དྷཱའི་འང་ཨུརའོ། །མཆུ་ལས་བྱུང་བ་ནི་མཆུར་གྱུར་ པའོ། །བྱིངས་གང་གི་ཨུ་པ་དྷཱ་མཆུར་གྱུར་ཡིན་པ་དེ་མཆུར་གྱུར་ཨུ་པ་དྷཱའོ། །རྀ་མཐའི་བྱིངས་མཆུར་གྱུར་ཨུ་པ་དྷ་ཅན་གྱི་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་ཨུར་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨིར་བསྒྱུར་བ་འགེགས་པ་ལའོ། །ཨཱ་པཱུཪྻཏ། ཨཱ་བྷཱུཪྻ་ཏེ། པྲྀ་སྐྱོང་བ་ལའོ། །བྷྲྀ་སྤྱོ་བ་ལའོ། །ཏེ་དང་ཡཎའོ། །འདིས་རཱྀ་ ཡིག་གི་ཨུརའོ། །ནམིའི་ར་བ་དག་ཅེས་པས་རིང་པོའོ། །མུམཱུཪྵ་ཏེ། བུ་བྷུཪྵ་ཏེ། སནའོ། །རཱྀཏ་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་ཨིཊ་རྣམ་པར་བརྟག་པར་བཤད་དོ། །འདིས་ཨུརའོ། །ནམིའི་ར་བ་དག་གི་ཞེས་རིང་པོའོ། །གཉིས་བརྗོད་དོ། །ཐུང་ངུའོ། །མཆུར་ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཀཱིཪྻ་ཏེ། ཡོན་ཏན་མེད་པ་ཞེས་ 195-1-222b པ་ཅི་ཞེ་ན། པ་ར་ཏཱི། པྲྀ་སྐྱོང་བ་ལའོ། །འང་གི་སྒྲ་ལས་སོ་ལས་བྱུང་བ་ཨུ་པ་དྷཱའི་ཡང་རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨུར་དུ་བསྒྱུར་བར་འགྱུར་རོ། །དུ་དྷུཪྵ་ཏི། དྷི། རྒྱུ་བར་བྱེད་པ་ལའོ། །འང་གི་སྒྲས་ཨུརའོ། །ཨིན་དང་ཙཎ་ལ་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱའི་ཐུང་ངུའོ། །གང་གི་མཚུངས་པ་ཕྱིས་པ་ཡོད་པ་མ་ ཡིན་པ་དེ་ནི་མཚུངས་པ་ཕྱིས་པ་མིན་པའོ། །དེའི་ཨུ་པ་དྷཱ་ནི་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱའོ། །སྒྲ་གང་གི་མཚུངས་པ་མ་ཕྱིས་པ་ནི་མཚུངས་པ་མ་ཕྱིས་པ་ཏེ། དེའི་ཨུ་པ་དྷཱ་ཐུང་ངུར་འགྱུར་རོ། །ཨིན་དང་ཙཎ་ཕ་རོལ་ལ་སྟེ་ཕ་རོལ་ལས་སོ། །ཨ་པཱི་པ་ཙ་ཏ། ཨ་པཱི་པ་ཋ་ཏཱ། འཚེད་དུ་འཇུག་པ་ལ་སྦྱོར་རོ། ། ཀློག་ཏུ་འཇུག་པ་ལ་སྦྱོར་རོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཤྲི་དྲུ་སྲུ་ཀ་མི་ཞེས་པས་ཙཎའོ། །ཀཱ་རི་ཏ་དབྱིའོ། །འདིས་ཐུང་ངུའོ། །གཉིས་བརྗོད། མཚུངས་པ་མ་ཕྱིས་པ་ཞེས་པས་ཨི་ཉིད་དོ། ཡང་བའི་རིང་པོའོ། །མཚུངས་པ་མ་ཕྱིས་པ་སྨོས་པ་ཅི་ཞེ་ན། ཨ་ཏྱ་རཱ་ཛ་ཏ། རྒྱལ་པོ་འདའ་ཏུ་མི་ འཇུག་གོ་དང་བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་དང་པོ་དབྱིའོ། །དིའོ། །ཨཊ་བྱིངས་ཀྱི་དང་པོར་རོ། །ཙཎའོ། །གཉིས་བརྗོད། ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཨ་ཙ་ཀཱཾ་ཀྵཏ། ཀཾཀྵི་འདོད་པ་ལའོ་འདོད་པ་ལ་སྦྱོར་དུ་འཇུག་གོ་ལ་ཨིནའོ། །ཙཎ་ལ་ ཞེས་པ་ཅི་ཞེ་ན། པཱཐཡ་ཏི། གང་ལ་ཨི་ན་ཕ་རོལ་ལ་ཨིནའི་ཕྱིས་པ་དེ་ལ་མཚུངས་པ་ཕྱིས་པ་ཉིད་ཀྱི་ཕྱིར་ཐུང་ངུ་མི་ཐོབ་ཅེས་པ་ལ་བཤད་པར་བྱ་སྟེ། ཨི་བཱི་བ་ད་ཏ། བ་ད་གསལ་བར་བརྗོད་པ་ལའོ་ཞེས་པ་འདི་ལས་ཨིན་མཐའ་ལ་སླར་ཡང་ཨིནའོ། །དིའོ། །ཙཎའོ། །ཤཱ་སུ་དང་རྀཏ་རྗེས་སུ་འབྲེལ་བ་རྣམས་ཀྱི་ མ་ཡིན་ནོ། །ཤས་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདི་དང་རྀཏ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཨིན་དང་ཙཎ་ཕ་རོལ་ལ་ཨུ་པ་དྷཱའི་ཐུང་ངུར་མི་འགྱུར་རོ། །ཨཤ་ཤཱས་ཏ། ཨ་ཌུ་ཌྷཽ་ཀཏ། ཨ་ཡ་ཡཱ་ཙཏ།ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཌྷཽ་ཀྲྀ་འགྲོ་བའི་དོན་ཏོ་ཊུ་ཡཙྼི་སློང་བ་ལའོ། །སྟོན་དུ་འཇུག་གོ། །དེ་བཞིན་དུ་འགྲོ་རུ་འཇུག་ གོ། །སློང་དུ་འཇུག་གོ་ལ་ཨིནའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །གཉིས་བརྗོད་དོ། །པི་བ་ཏིའི་དབྱི་སྟེ། ཨ་བྷྱཱ་སའི་འང་ཨཱི་ཏའོ། །ཨིན་དང་ཙཎ་ཕ་རོལ་ལ་ཞེས་པ་ཁོ་ནའོ། །ཨུ་པ་དྷའི་ཞེས་པའང་ངོ་། །པ་འཐུང་བ་ལའོ་ཞེས་པ་འདིའི་ཨུ་པ་དྷཱ་ཨིན་དང་ཙཎ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་བྷྱཱ་སའི་འང་ཨཱི་ཉིད་དོ། 195-1-223a ཨ་པཱི་པྱ་ཏ། ཨ་པཱི་པྱཏཱམ། ཨ་པཱི་པྱན། པཱ་འཐུང་བ་ལའོ། །འཐུང་དུ་འཇུག་གོ་ལ་ཨིནའོ། །ཤཱ་ཚཱ་སཱ་ཧྭ་བྱཱ་བེ་པ་རྣམས་ཀྱི་ཨིན་ལ་ཞེས་པ་ཨཱ་ཡིག་གི་ཨ་ཡི་རུ་བསྒྱུར་བར་འགྱུར་རོ། །དིའོ། །ཏཱམའོ། །ཨན་ནོ། །ཙཎའོ། །འདིས་ཨུ་པ་དྷཱ་དབྱིའོ། །ཨིན་ལ་བྱས་པ་ནི་གནས་ཅན་དང་འདྲ་ བའོ་ཞེས་པའི་ཚིག་ལས་པ་ལན་གཉིས་བརྗོད་དོ། །ཐུང་ངུའོ། །ཨ་བྷྱ་སའི་ཨཱི་ཉིད་དོ། །ཏིཥྛ་ཏིའི་ཨི་ཏའོ། །ཥྛཱ་གནས་པ་ལའོ་ཞེས་པ་འདིའི་ཨུ་པ་དྷཱའི་ཨིན་ཕ་རོལ་ལ་དང་ཙཎ་ཕ་རོལ་ལས་ཨི་ཉིད་དུ་འགྱུར་རོ། །ཨ་ཏིཥྛི་བཏ། ཥྛཱ་གནས། གནས་སུ་འཇུག་གོ་ལ་ཨིནའོ། །ཨརྟྟི་ཧྲཱི་ཙླཱི་རཱི་ཀྵ་ཡི་ཀྵྨཱ་ཡི་དང་ཨཏ་མཐའ་ རྣམས་ཀྱི་ཞེས་པས་པ་ཡིག་ཨཱ་ག་མའོ། །དིའོ། །ཙཎའོ། །འདིས་ཨུ་པ་དྷཱའི་ཨི་ཉིད་དོ། །གཉིས་བརྗོད་དོ། །ཨིཊ་ལས་ཕ་རོལ་གྱི་སྒྲ་མེད་པའོ། །ཛི་གྷྲ་ཏིའི་ཡང་ནའོ། །གྷྲ་དྲི་ཉེ་བར་ལེན་པ་ལའོ་ཞེས་པ་འདིའི་ཨུ་པ་དྷཱའི་ཨིན་དང་ཙཎ་ཕ་རོལ་ལ་ཨི་ཉིད་དུ་ཡང་ན་འགྱུར་རོ། །ཨ་ཛིགྷྲི་པཏ། དྲི་འཛིན་དུ་འཇུག་གོ་ ལ་ཨིཎའོ། །ཨརྟྟི་ཧྲཱི་ཙླཱི་ཞེས་སོགས་ཀྱིས་པ་ཡིག་ཨཱ་ག་མའོ། །དིའང་ངོ་། །ཙཎའོ། །འདིས་ཨུ་པ་དྷཱའི་ཨི་ཉིད་དོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །ཕྱོགས་གཅིག་ལ། ཨ་ཛི་གྷྲ་པཏ། མཚུངས་པ་མ་ཕྱིས་པའི་ཞེས་པས་ཨི་ཉིད་དོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་ པར་ཀུན་བཤད་པའི་རྐང་པ་ལྔ་པའི་སྐབས་རྫོགས་སོ།། །།ཨི་ཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཨ་ནུ་ཥཾ་ག་དབྱིའོ། །གང་རྣམས་ཀྱི་ཨིཏ་རྗེས་སུ་ཡོད་པ་དེ་རྣམས་ནི་ཨིཏ་རྗེས་སུ་འབྲེལ་པའོ། །དེ་ནས་དགག་པའི་ཚིག་སྡུད་དོ། །བྱིངས་གང་རྣམས་ཀྱི་ཨིཏ་རྗེས་སུ་འབྲེལ་པ་མ་ ཡིན་ཏེ་ཨི་ཡིག་རྗེས་སུ་འབྲེལ་པ་མ་ཡིན་པ་དེ་རྣམས་ཀྱི་ཨ་ནུ་ཥཾ་ག་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཤྲསྱ་ཏེ། དྷྭ་སྱ་ཏེ། བྷྲ་སྱ་ཏེ། ཤྲནྶུ་དང་དྷྭ་ནྶུ་དང་བྷྲནྨུ་འོག་ཏུ་ལྟུང་བ་ལའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །འདིས་ཨ་ནུ་ཥཾ་ག་དབྱིའོ། །ས་ནཱི་པྲ་སྱ་ཏེ། ད་ནཱི་དྷྭ་སྱ་ཏེ། ཤིན་ཏུ་ལྟུང་ངོ་ལ་ཡ་སྒྲའོ། ། ཨ་ནུ་ཥཾ་ག་དབྱིའོ། །གཉིས་བརྗོད་དོ། །བཾ་ཙི། ཤྲནྶི། དྷྭ་ནྶ། བྷྲནྶ། མཐའ་ནིའོ་ཞེས་པས་ནཱི་ཨཱ་ག་མའོ། །ཐམས་ཅད་ལ་ཎ་རྗེས་སུ་འབྲེལ་པ་དང་ཞེས་པས་ཡོན་ཏན་མེད་དོ། །ཤྲསྟཿ། དྷྭསྟཿ། བྷྲཥྚཿ། ནིཥྛའོ་ཞེས་པས་ཀྟའོ། །ཡཎ་དང་འདྲ་བའི་དངོས་པོ་ལས་ཡོན་ཏན་མེད་པ་ཉིད་དོ། །ཚ་ཤ་དག་གིའང་ངོ་ 195-1-223b ཞེས་པས་ཥ་ཉིད་དོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བནྦྱ་ཏེ། བིད་མངོན་པར། ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་དགག་པ་བྱས་པའི་ཤུགས་ལས་ན་ཡིག་ཨཱ་ག་མའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤ་ནི་ཏཱ། ཤྭསྟ་ནིའི་ཏཱའོ། །འོ་ན་འདི་ ཡང་ཡོན་ཏན་མེད་པ་སྟེ་ཀུཊ་སོགས་རྣམས་ཀྱི་འདི་ཕ་རོལ་ལ་ཡོན་ཏན་དཀག་པ་མཐོང་བའི་ཕྱིར་ཡཎ་སོགས་རྣམས་ཀྱང་འགའ་ཞིག་ཏུ་གང་ཡོན་ཏན་མེད་པར་རབ་ཏུ་གྲགས་པ་རྣམས་ཀྱིས་གྲུབ་པ་དེ་རྣམས་ཀྱང་མཐོང་ངོ་། །ཡོན་ཏན་ཅན་དཔེར་ན། ཛཱ་ག་ཏྱ་ཏེ་ཞེས་པ་སོགས་ཡོན་ཏན་དང་ཡོན་ཏན་མེད་པ་རྣམ་པར་གཞག་པ་ གང་ཡིན་པ་དེ་ལ་རྣམ་པར་གཞག་པ་ཅི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དཀྱུས་མ་དང་ཁྱད་པར་གྱི་ཚིག་སོགས་ཉེ་བ་མེད་པ་རྐྱེན་གང་ལ་དགག་པ་བྱ་བ་སྟེ། ཡོན་ཏན་མཚུངས་པས་ཡོན་ཏན་དང་བཅས་པ་ཅི་ལྟ་བ་བཞིན་དུ་ཡཎ་སྭོགས་ནི་ཉེ་བའི་ཚིག་སྭོགས་དཀྱུས་མའི་ཡོན་ཏན་བཀག་པ་གང་ལ་ཡོན་ཏན་མེད་པ་མ་ཡིན་པ་ དེ་དཔེར་ན་ཀུཊ་སོགས་མཚན་གཞིའི་ངོར་ཡང་། ཁྱད་པར་ལས་བརྟེན་པ་གང་ལས་འདི་ནི་བག་མེད་པ་ལས་ཡོན་ཏན་དང་ཡོན་ཏན་མེད་པ་སྟེ། ཡོན་ཏན་དང་བཅས་པའམ་ཡོན་ཏན་མེད་པ་བག་མེད་པ་ཅན་ཁོ་ན་ལས་སོ། །འདིར་ཡོན་ཏན་དང་བཅས་པ་ཉིད་དམ་ཡོན་ཏན་མེད་པ་ཉིད་རབ་ཏུ་གྲགས་པས་གྲུབ་པ་མ་ཡིན་ཏེ། རྐྱེན་ཐ་དད་པའོ། །དམྦྷིའི་ཨིཊ་མེད་པར་གྱུར་པ་ལས་ཨ་ནུ་ཥཾ་ག་དབྱི་བར་འདོད་དེ། དྷིསྦཏི། དནྦྷུ་ཚུལ་འཆོས་པ་ལའོ། །སནའོ། །སན་ལ་འདིའི་ཨིཊ་ཡང་ནའོ། །གཉིས་བརྗོད་དོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་དའི་དྷའོ། །དནྦྷིའི་ཨིཏ་འང་ངོ་ཞེས་པས་དབྱངས་ཀྱི་ཨི་ཉིད་དོ། །སྒྲ་མེད་པ་རྣམས་ ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ་ཞེས་པས་བྷའི་བའོ། །འདི་ནས་ཨ་བྷྱཱ་སའི་དབྱིའོ་ཞེས་པས་ཨ་བྷྱ་ས་དབྱིའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། དི་དམྦྷི་ཥ་ཏི། ན་སྒྲ་ལས་ཀྱང་བི་ཀ་ར་ཎ་ལས་སོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཡོན་ཏན་མེད་པ་ཞེས་པ་མི་འཇུག་གོ། །ན་སྒྲ་ལས་བི་ཀ་ར་ཎ་ལས་ཕ་ རོལ་གྱི་ཨ་ནུ་ཥཾ་ག་དབྱིའོ། །ཧིཾ་སྟི། ཧིཾ་སྟཿ། ཧིཾ་སནྟི། ཧྲི་ཧ་དང་ཧི་སི་འཚེ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་མིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཨཱ་ག་མའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །འདིས་ 195-1-224a ཨ་ནུ་ཥཾ་ག་དབྱིའོ། །རྗེས་སུ་ང་རོའོ། །བྷཾ་ཀྟི། བྷཾ་ཀྟཿ། བྷཉྫནྟི། བྷཉྫོ་ཉེད་པ་ལའོ། །སྔ་ན་བཞིན་དུ་ན་སྒྲ་དང་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །ཨ་ནུ་ཥཾ་ག་དབྱིའོ། །ན་སྒྲ་ལས་ཞེས་པའི་ནུས་པས་བྱེད་པ་པོ་ལའོ། །གཞན་ལས་ནི་བི་ཀ་ར་ཎ་ལས་ཕ་རོལ་གྱི་ཨ་ནུ་ཥཾ་ག་དབྱི་བ་ མེད་དོ། །བི་ཀ་ར་ཎ་ལས་ཞེས་པ་ཅི་ཞེ་ན། ནནྡ་ཏི། ཨིནྡ། བྲནྠི། གྲནྠི། དནྦྷི་རྣམས་ཀྱི་པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ལའོ། །ཉི་ཨིནྡྷི་འབར་བ། ཤྲནྠ་དང་གྲནྠ་གཞུང་བསྒྲིག་པ་ལའོ། །དནྦྷ་ཚུལ་འཆོས་པ་ལའོ་ཞེས་པ་འདི་རྣམས་ཀྱི་པ་རོ྅ཀྵཱ་ཡོན་ཏན་མེད་པ་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱི་བར་འགྱུར་ རོ། །ས་མིདྷེ། ཉི་ཨིནྡྷི་འབར་བ་ལའོ། །ཉིའི་སྒྲ་ནི་ཉི་རྗེས་སུ་འབྲེལ་བ་དང་འདོད་པ་ཞེས་པའི་དོན་ཏོ། །སཾ་སྔོན་དུའོ། །པ་རོ྅ཀྵའི་ཨེའོ། །ཨ་ནུ་ཥཾ་ག་དབྱིའོ། །གཉིས་བརྗོད། མཚུངས་པའི་རིང་པོའོ། །ནཱ་མི་དང་པོ་ལྗི་བ་ལྡན་པ་ཞེས་པས་ཨམ་གྱི་རྐྱེན་མི་འགྱུར་རོ། །ས་མཱི་དྷི་ཞེས་པ་འདིའི་སྡེབ་སྦྱོར་ ཡོད་པ་ཉིད་ཀྱི་ཕྱིར་རོ། །ཤྲེ་ཐ་ཏུཿ། ཤྲེ་ཐུཿ། གྲེ་ཐ་ཏུཿ། དེ་བྷ་ཏུཿ། དེ་བྷུཿ། ཨ་ཏུས་ཨུསའོ། །གཉིས་བརྗོད་དོ། །ཏྲྀ་ཕལ་བྷཛ་ཏྲ་པ་ཤྲནྠི་ཞེས་པ་ཨི་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གོ། །ཨ་ནུ་ཥཾ་ག་དབྱིའོ། །གྲུབ་པ་ལ་སྦྱོར་བ་རྩོམ་པ་ནི་ངེས་པའི་དོན་དུའོ། །ཨིནྡྷི་སྭོགསཁོ་ནའི་པ་རོ྅ཀྵ་ཡོན་ཏན་མེད་པ་ལ་ ཨ་ནུ་ཥཾ་ག་དབྱི་བ་ཇི་ལྟ་བར་འགྱུར་རོ། །གཞན་རྣམས་ཀྱི་མི་འགྱུར་ཏེ། ཤ་ཤྲཾ་སེ། ཐལ་ལའང་ངོ་། །ཤྲནྠི་གྲནྛ་དམྦྷི་རྣམས་ཁོ་ནའོ། །ཨིནྡྷིའི་ཨཱཏྨ་ནེའི་ཚིག་ཉིད་ལས་ཐལ་མེད་དོ་ཞེས་པ་འདི་རྗེས་སུ་འབྲེལ་པ་མ་ཡིན་ཏེ། ཤྲནྠི་གྲནྠི་དམྦྷི་རྣམས་ཀྱི་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱི་བར་འགྱུར་རོ། །ཤྲེ་ཐི་ཐ། གྲེ་ ཐི་ཐ།སྔ་མ་བཞིན་དུ་ཨེ་ཉིད་དང་ཨ་བྷྱཱ་སཱ་དབྱི་བ་དག་གོ། །དཾ་ཤི་སཾ་ཛི་སྭ་ཛི་རཉྫི་རྣམས་ཀྱི་ཨན་ལའོ། །དཾ་ཤ་སོས་ཟ་བར་བྱེད་པ་ལའོ། །ཥཾ་ཛ་འགྲོགས་པ་ལའོ། ཥཾ་ཛ་ཡོངས་སུ་འཁྱུད་པ་ལའོ། །རཾ་ཛ་ཚོས་ལའོ་འདི་རྣམས་ཀྱི་ཨན་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱིའོ། །ད་ཤ་ཏི། ས་ཛ་ཏི། བ་རི་ཥྭ་ཛ་ཏི། ར་ཛ་ཏི། ཨན་ལ་ཞེས་པ་ཅི་ཞེ་ན། ཨུ་བ་དཾ་ཤཿ། བངྒཿ། བ་རྭི་ཥཾ་ག །རངྒཿ། དངོས་པོ་ལ་གྷཉའོ། །ཙ་ཛ་དག་གི་དྷུ་ཊ་དང་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་ཅེས་པས་ཛའི་གའོ། །རཾ་ཛའི་ཨིན་ཕ་རོལ་ལ་སྨིག་རྒྱུའི་དོན་ལ་ཨ་ནུ་ཥཾ་ག་དབྱི་བར་བྱ་སྟེ། ར་ཛ་ཡ་ཏི་མྲྀ་གཾ །སྐོམ་དུ་འཇུག་གོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་ 195-1-224b པས་རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །སྨིག་རྒྱུ་ཞེས་པ་ཅི་ཞེ་ན། རཉྫ་ཡ་ཏི་བ་སྟཾ། ཨིན་ཨིཙ་ཨཊ་རྣམས་ལ་ཨུ་པ་དྷཱའི་ཨ་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཨ་ཡིག་ཨུ་པ་དྷཱ་གྱུར་པ་རིང་པོ་དང་ན་མི་རྣམས་ཀྱི་ཡང་དེ་བཞིན་ཉིད་དུ་འཕེལ་བར་འགྱུར་ཏེ། ཨིན་དང་ཨིཙ་དང་ཨཊ་ཕ་ རོལ་ལའོ། །པཱ་ཙ་ཡ་ཏི། ཡཱ་ཛ་ཡ་ཏི། ཙཱ་ཡ་ཡ་ཏི། ནཱ་ཡ་ཡ་ཏི། ཧཱ་བ་ཡ་ཏི། པ་ཙ་འཚེད། ཡ་ཛ་ལྷ། ཙིཉ་སོག །ཎཱིཉ་ཐོབ། ཧུ་སྦྱིན་པ། འཚེད་དུ་འཇུག་གོ། །མཆོད་དུ་འཇུག་གོ། །དེ་བཞིན་དུ་སོག་ཏུ་འཇུག་གོ། །ཐོབ་ཏུ་འཇུག་གོ། །ལེན་དུ་འཇུག་གོ་ལ་ཨིནའོ། །པ་ཙ་དང་ཡ་ཛ་དག་གི་ཨུ་པ་དྷཱའི་ཨཱ་རིང་ པོའོ། །གཞན་རྣམས་ནཱ་མི་མཐའི་འཕེལ་བ་ཨེ་དང་ཨཽའོ། །ཨི་ཙ་ལ། ཨ་པཱ་ཙི། ཨ་ཡཱ་ཙི། ཨ་ཀཱ་རི། ཨ་དྱ་ཏ་ནཱིའི་ཏའོ། །དངོས་པོ་དང་ལས་དག་ལའང་ངོ་། །ཞེས་པས་ཨིཙའོ། །ཨིཙ་ལས་ཏ་དབྱིའོ། །རིང་པོའོ། །འཕེལ་བའང་ངོ་། །ཨཊ་ལ། པ་བཱ་ཙ། ཙི་ཙཱ་ཡ། ཛུ་ཧཱ་བ། ཙ་ཀཱ་ར། ཨའི་ ཞེས་པ་ཅི་ཞེ་ན། བྷེ་ད་ཡ་ཏི།འབྱེད་དུ་འཇུག་གོ་ལ་ཨིནའོ། །ཡོན་ཏན་ནོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཙ་ཀཱ་བ་ཡ་ཏི། གསལ་བར་བྱེད་དུ་འཇུག་གོ་ལ་ཨིན་ནོ། །ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པ་ཅི་ཞེ་ན། པ་ཋ་ཏི། མིང་སྔོན་མ་ཅན་གྱི་ཆོ་ག་མི་རྟག་ཅེས་པའི་ཚིག་ལས་ཕྱི་མའི་གཅིག་ཚིག་ཨཊ་ལ་འཕེལ་བ་ དང་རིང་པོ་ཡང་ན་འགྱུར་རོ། །ཨ་ཧཾ་ཅི་ཙཱ་ཡ། ཨ་ཧཾ་ཙི་ཙ་ཡ། ཨ་ཧཾ་པཱ་བཙ། ཨ་ཧཾ་པ་བཙ། ཨ་ཧཾ་པ་པཱ་ཋ། ཨ་ཧཾ་བ་བ་ཋ། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་རསྨཻའོ། །འཕེལ་བའོ་ཞེས་པ་ཉིད་དོ། །བྱིངས་དབྱངས་མཐའ་ཅན་རྣམས་ཀྱི་མཐའི་སི་ཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་འཕེལ་བར་འགྱུར་རོ། །ཨ་ ཙེ་ཥྭི་ཏ། ཨ་ནེེ་ཥྭི་ཏེ། ཨ་སྟཱ་བི་དཱ་ཏ། ཨ་ལཱ་བཱི་ཏ། ཙིཉ་སོག །ཎིཉ་ཐོབ། སྟུཉ་བསྟོད་པ། ལུཉ་གཅོད། དིའོ། །སི་ཙའོ། །སི་ཙ་ལས་སོ་ཞེས་པས་ཨཱིཊའོ། །འདིས་འཕེལ་བའོ། །སྟུ་ལས་སྟུ་པུ་དྷུཉ་རྣམས་ལ་པ་རསྨཻའི་བའོ་ཞེས་པས་ཨིཊའོ། །ལུཉ་ལ་འང་ངོ་ཨིཏ་ལས་ཀྱང་ཨཱིཊ་ལ་ཞེས་པས་ཨིཊ་དབྱིའོ། ། སི་ཙ་ལ་ཞེས་པ་ཅི་ཞེ་ན། ནེ་ཏཱ། པ་རསྨཻ་ལ་ཞེས་པ་ཅི་ཞེ་ན། ཨ་ཙྱོཥྚ། ཙྱུང་འགྲོ་བ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། སི་ཙའོ། །ཡོན་ཏན་ནོ། །ཨུཏ་ལས་ཡུ་ཏུ་ཎུ་ཞེས་པས་ཨིཊ་མེད་དོ། །གསལ་བྱེད་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ། །གང་རྣམས་ལ་ཨིཊ་ཡོད་པ་མ་ཡིན་པ་དེ་རྣམས་ནི་ཨིཊ་མེད་པ་ 195-1-225a རྣམས་སོ། །སི་ཙ་ལས་པ་རསྨེེ་ཞེས་པ་ཁོ་ནའོ། །ནཱ་མི་རྣམས་ཀྱི་ཞེས་པའང་ངོ་། །བྱིངས་གསལ་བྱེད་ཀྱི་མཐའ་ཅན་ཨིཊ་མེད་པའི་ནཱ་མི་རྣམས་ཀྱི་སི་ཙ་ཕ་རོལ་ལ་པ་རསྨཻ་ཕ་རོལ་ལ་འཕེལ་བར་འགྱུར་རོ། །ཡོན་ཏན་བསལ་བའོ། །ཨ་བྷཻཏྶཱིཏ། ཨ་ཙྪེེཏྶཱིཏ། ཨ་རཽཏྶཱིཏ། བི་དིར་རྣམ་པར་ འཇོམས་པ་ལའོ། །ཙྪི་དིར་གཉིས་སུ་བྱེད་པ་ལའོ། །རུ་དྷིར་འགོག་པ་ལའོ། །སི་ཙའོ། །སི་ཙ་ལས་སོ་ཞེས་པས་ཨཱིཊའོ། དིའོ། །ཨ་དི་ནུ་དི། ཏུ་དི་ཞེས་པ་དང་རཱ་དྷི། རུ་དྷི་ཞེས་པས་ཨིཊ་མེད་དོ། འདིས་འཕེལ་བ་ལའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཀོ་ཥཱིཏ། ཀུ་ཤ་ངེས་པར་རྟོགས་པ་ལའོ། ། དིའོ། །སི་ཙའོ། །ཨིཊའོ། །ཨིཊ་ལས་ཀྱང་ལས་ཨཱིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །ཡོན་ཏན་ནོ། །ཨའི་ཡང་རིང་པོའོ། །བྱིངས་གསལ་བྱེད་ཀྱི་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པའི་ཨ་ཡིག་གང་ཡིན་པ་དེ་སི་ཙ་དང་པ་རསྨཻའི་ཕ་རོལ་ལ་རིང་པོར་འགྱུར་རོ། །ཨ་པཱཀྵིཏ། ཨ་བྷཱ་ཀྵཱིཏ། ཨ་དཱ་ཀྵཱིཏ། པ་ཙ་འཚེད་ པ་ལའོ། །བྷནྫ་འཇོམས་པ་ལའོ། །ད་ཧ་ཐལ་བར་བྱེད་པ་ལའོ། །དིའོ། །སི་ཙའོ། །སི་ཙ་ལ་ཞེས་པས་ཨཱིཊའོ། །འདིས་རིང་པོའོ། །ཙ་སྡེའི་ཀིའོ། །ད་དང་པོའི་གྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་ཞེས་པས་ཀའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ར་ཀྵིཏ། ཨིཊ་དང་བཅས་པ་ལ་ཡང་ནའོ། །ཨིཊ་དང་ལྷན་ ཅིག་པར་འཇུག་པའི་བྱིངས་གང་ཡིན་པ་དེ་ཨིཊ་དང་བཅས་པའོ། །ཨའི་ཞེས་པ་ཁོ་ནའོ། །ཨུ་པ་དྷཱ་ཞེས་པ་འདིར་འབྲེལ་ཏེ། ཨིཊ་དང་བཅས་པའི་བྱིངས་ཨ་ཡིག་ཨུ་པ་དྷཱ་གྱུར་པའི་སི་ཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་རིང་པོར་ཡང་ན་འགྱུར་རོ། །ཨ་ཀཱ་ནཱི་ཏ། ཨ་ཀ་ནཱི་ཏ། ཨ་རཱ་ཎཱི་ཏ། ཨ་ར་ཎཱི་ཏ། ཀན་དང་ རཎ་སྒྲ་ལའོ། །ཨའི་ཞེས་པ་ཅི་ཞེ་ན། ཨ་དེ་བཱིཏ། དི་བུ་བརྩ་བ་ལའོ། །ཨུ་པ་དྷ་ཞེས་པ་ཅི་ཞེ་ན། ཨ་རཀྵཱིཏ། ཧ་ཡིག་དང་ཡ་ཡིག་དང་མ་ཡིག་མཐའ་རྣམས་ཀྱི་ཨིཊ་དང་བཅས་པ་རྣམས་དང་ཀྵ་ཎུ་ཤ་སུ་དག་དང་ཨེཏ་རྗེས་སུ་འབྲེལ་པ་རྣམས་དང་། དེ་བཞིན་དུ་དབྱངས་དང་པོ་ཅན་ཨིཊ་དང་བཅས་པ་རྣམས་ཀྱི་ རིང་པོར་མི་འདོད་དེ། ཨ་གྲ་ཧཱི་ཏ། ཨ་བ་མཱིཏ། ཨ་བྱ་ཡཱིཏ། གྲཧ་ཉེ་བར་ལེན་པ་ལའོ། །ཌུ་བ་མ་སྐྱུག་པ་ལའོ། །བྱ་ཡ་འགྲོ་བ་ལའོ། །ཀྵ་ཎ་དང་ཤ་སུ་དག་ལ། ཨཀྵ་ཎཱིཏ། ཨ་ཤ་སཱིཏ། ཀྵ་ཎུ་འཚེ་བ་ལའོ། །ཤ་སུ་འཚེ་བ་ལའོ། །ཨེཏ་རྗེས་སུ་འབྲེལ་པ་རྣམས་། ཨར་གཱིཏ། ར་གེ་ཆགས་པ་ལའོ། །ཨེ་ 195-1-225b ཡིག་ནི་སི་ཙ་ལ་རིང་པོ་དགག་པའི་དོན་ཏོ། །དབྱངས་དང་པོ་ཨིཊ་དང་བཅས་པ་རྣམས་ཀྱི། མཱ་བྷན་བན་ཊཱིཏ། ཨཊ། པ་ཊ་འགྲོ་བ་ལའོ། །མཱ་བྷ་བན་གྱི་སྒྲས་སྦྱར་བའོ། །ཨའི་ཡི་གེའི་ཨ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་ཐོབ་པ་མ་ཡིན་ཏེ། མཱ་དང་མསྨ་སྦྱོར་བ་ལ་མ་ཡིན་ནོ་ཞེས་བཀག་པ་ལས་སོ། །བ་ད་ པྲ་ཛ་ར་ལ་མཐའ་རྣམས་ཀྱིའང་ངོ་། །ར་དང་ལ་ནི་ར་ལ་དག་གོ། །གང་གི་མཐའ་ར་ལ་ཡིན་པ་དེ་རྣམས་ར་ལ་མཐའ་རྣམས་ཏེ་ཨའི་ཨུ་པ་དྷཱ་ཞེས་པའང་རྗེས་སུ་འཇུག་གོ། བ་ད་གསལ་བར་བརྗོད་པ་ལའོ། །བྲཛ་འགྲོ་བ་ལའོ་ཞེས་པའི་བྱིངས་འདི་དག་དང་། དེ་བཞིན་དུ་ར་དང་ལའི་མཐའ་ཅན་གྱི་བྱིངས་རྣམས་ ཀྱིའང་ཨ་ཡིག་ཨུ་པ་དྷཱའི་སི་ཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་རིང་པོར་འགྱུར་རོ། །ཨ་བཱ་དཱ་ཏི། ཨ་བྲཱ་ཛཱི་ཏ། ཨ་ཙ་རཱིཏ། ཙ་ར་འགྲོ། ཕ་ལ་རྫོགས། ཨའི་ཞེས་པ་ཅི་ཞེ་ན། ཨ་ཁོ་རཱི་ཏ། ཀྵུར་དང་། ཁུར་རྣམ་པར་འཁྲི་བ་ལའོ། །ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཨ་བ་བྷྲིཏ། ཨ་ཤྭ་ལ་ལཱིཏ། ཨ་བྷྲ། མ་བྷྲ། བ་བྷྲ། ཙར་འགྲོ་བའི་དོན་ཏོ། །ཤལ། ཤྭལླ་མྱུར་དུ་འགྲོ་བ་ལ་འང་ངོ་། །ཤྭི་ཛཱ་གྲྀ་དག་གི་ཡོན་ཏན་ནོ། །ཌུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལའོ། །ཛཱ་གྲྀ་སད་པ་ལའོ། །འདི་དག་གི་སི་ཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻའི་ལའོ་ཞེས་པས་འཕེལ་ བ་ཐོབ་པ་ལའོ། ཨ་ཤྭ་ཡཱི་ཏ། ཨ་ཛཱ་ག་རཱི་ཏ། ཨཪྞུ་ཏིའི་ཡང་ནའོ། །ཨཱུཪྣུཉ་སྒྲིབ་པ་ལའོ་ཞེས་པ་འདིའི་སི་ཙ་ལ་དང་པ་རསྨཻ་ཚིག་ཕ་རོལ་ལ་ཡོན་ཏན་དུ་ཡང་ན་འགྱུར་རོ།པཽཪྞ་བཱིཏ། པྲོོཎྞཱ་བཱིཏ། པྲོཎུ་བཱིད་ཏ། འདིས་ཡོན་ཏན་ཡང་ནའོ། །ཕྱོགས་གཅིག་ལ་སི་ཙ་ལ་པ་རསྨཻ་ལ་ཞེས་པས་འཕེལ་བའོ། །ཕྱོགས་ གཅིག་ལ་བི་ཛིའི་ཨིཊ་ལའོ་ཨུཪྞུའི་ཡང་ནའོ་ཞེས་པས་ཡོན་ཏན་རྣམ་པར་བརྟག་པའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ། །ཨརྟྟི་སརྟྟི་དག་གི་ཨཎ་ལའོ། ཨརྟྟི་སརྟྟི་ཞེས་པ་རྀ་སྲྀ་འགྲོ་བ་ལའོ། །རྀ་འགྲོ་བ་དང་ཐོབ་པ་ལའོ། །སྲྀ་འགྲོ་བ་ལའོ་ཞེས་པ་ཐུན་མོང་དུ་གཟུང་བའོ། །ཨརྟི་དང་སརྟི་ དག་གི་ཨཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཎ་ནི་ཎ་རྗེས་སུ་ཞེས་པའི་དགག་པ་འགེགས་པའོ། །ཨཱ་ར་ཏ། ཨ་ས་ར་ཏ། པུཥ་སྭོགས་ཀྱི་མདོས་ཨཎའོ། །འདིས་ཡོན་ཏན་ནོ། །ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་གོ། །སརྟི་ལས་བྱིངས་ཀྱི་དང་པོར་ཨཊའོ། །ཨརྟི་དང་སརྟི་དག་གི་ 195-1-226a ཞེས་པ་ཅི་ཞེ་ན། ཨ་མུ་ཥཏ། སྔ་མ་བཞིན་ཨཎའོ། །ཛཱ་གརྟའི་ཀཱ་རི་ཏའོ་ལའོ། །ཛཱ་གྲྀ་སད་པ་ལའོ་ཞེས་པ་འདིའི་ཀཱ་རི་ཏ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །འཕེལ་བ་ལ་དམིགས་བསལ་ལོ། །ཛཱ་ག་ར་ཡ་ཏི། སད་དུ་འཇུག་ལ་ཨིནའོ། །ཀཱ་རི་ཏ་ལ་ཞེས་པ་ཅི་ཞེ་ན། ཛ་ཛཱ་གཱ་ར། ཨཊའོ། ། ཡཎ་ཨཱ་ཤཱིཥ་དག་ལ་ཡ་ལའོ། །ཛཱ་གྲྀའི་ཡཎ་ཕ་རོལ་དང་ཨཱ་ཤཱིཥའི་ཡ་ཡིག་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཛཱ་གཪྻ་ཏེ། ཛཱ་གཪྻ་ཏཱ། པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ལའོ། ཛ་གྲྀའི་པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཛ་ཛཱ་ག་ར་དུཿ། ཛ་ཛཱ་ག་ཏུཿ། པ་རོ྅ཀྵཱ་ལ་ཞེས་པ་ཅི་ཞེ་ན། ཛཱ་གྲ་ཏི། ཨནྟིའོ། །ཨ་བྷྱཱ་སྟ་ལས་ཨིནྟིའི་ན་དབྱིའོ་ཞེས་པས་ན་ཡིག་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཛ་ཛཱ་གཱ་ར། འཕེལ་བའི་ཆོ་ག་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །བརྩེགས་པ་དང་པོའི་རྀ་ཏའི་ཡང་ངོ་། །བརྩེགས་པ་དང་པོའི་རྀཏ་ཏེ་རྀ་ཡིག་པ་རོ྅ཀྵ་ཡོན་ཏན་མེད་པ་ལ་ཡོན་ཏན་དུ་འགྱུར་རོ། །ས་སྭ་ར་ཏུཿ། ས་སྭ་ཏུཿ། ད་དྷྭ་ར་ཏུཿ། ད་དྷྭ་ཏིཿ། སྭྲྀ་སྒྲ་ལའོ། །དྷྭྲྀ་གནོད་པ་ལའོ། །རིཏ་ཅེས་པ་ཅི་ཞེ་ན། ཙིཀྵི་ཡ་ཏུཿ། ཙིཀྵི་ཡུཿ། ཀྵི་ཟད་པ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་ཅེས་པས་ཨི་ཡའོ། །བརྩེགས་པ་དང་པོ་ཞེས་པ་ཅི་ཞེ་ན། ཙ་ཀྲ་ཏུཿ། ཡོན་ཏན་ མེད་པ་ཞེས་པ་ཅི་ཞེ་ན། པསྨྲཱ་ར། སྨྲྀ་སེམས་པ་ལའོ། ཨཊའོ། །རྀཏ་མཐའ་རྣམས་ཀྱིའང་ངོ་། །བྱིངས་རཱིཏ་ཀྱི་མཐའ་ཅན་རྣམས་ཀྱིའང་པ་རོ྅ཀྵཱ་ཡོན་ཏན་མེད་པ་ལ་ཡོན་ཏན་དུ་འགྱུར་རོ། །བི་ཙ་ཀ་ར་ཏུཿ། བ་ཙི་ཀ་ཏུཿཱ། ནི་ཛ་གར་ཏུཿ། ནི་ཛ་ག་ཏུཿ། ཀྲྀ་གཡེང་བ། ཀྲྀ་གསལ་བར་བྱེད་པ་ལའོ། །བི་དང་ནི་སྔོན་ དུའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། བི་ཙ་ཀཱ་ར། རྀཙྪའི་རྀཏའི་འོ། །རྀཙྪ་དབང་པོ་ཉམས་པ་དང་རྨོངས་པ་དག་ལའོ་ཞེས་པ་འདིའི་རྀ་ཡིག་གང་ཡིན་པ་དེའི་པ་རོ྅ཀྵ་ལ་ཡོན་ཏན་དུ་འགྱུར་རོ། །ཡོན་ཏན་མེད་པ་ལ་ཞེས་པ་འདིར་མི་འཇུག་གོ། །ཨཱ་ནཪྩྪ། ཨ་ནཪྩྪ་ཏུ། ཨཱ་ནཪྩྪ། གཉིས་བརྗོད་དོ། རྀའི་ ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །རྀ་ཡིག་ལའང་ངོ་ཞེས་པས་ན་ཨཱ་ག་མའོ། །འདིས་ཡོན་ཏན་ནོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། རྀཙྪིཏཱ། ཤཱིངའི་བྱིངས་ཐམས་ཅད་པ་ལའོ། །ཤིང་ཉལ་བ་ལའོ་ཞེས་པ་འདིའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ 195-1-226b རོ། །ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱཏྨ་ནེ་ལ་པཉྩ་མཱིའོ་ཞེས་པས་དགག་པ་ཐོབ་པ་ལའོ། །ཤེ་ཏེ། ཤ་ཡཱིཏ། ཤེ་ཏཱམ། ཨ་ཤ་ཏེ། ཤཱིང་ཉལ་བ། བཏྟ་མཱ་ནིའི་ཏེ་དང་སཔྟ་མཱིའི་ཨཱིཏ་དང་། པཉྩ་མིའི་ཏཱམ་དང་ཧྱསྟ་ནཱིའི་ཏའོ། །འདིས་ཡོན་ཏན་ནོ། །ཤཱིང་ཞེས་པ་ཅི་ཞེ་ན། སྟུ་སྟེ་བྱིངས་ཐམས་ཅད་པ་ལ་ ཞེས་པ་ཅི་ཞེ་ན། ཤི་ཤྱེ། པ་རོ྅ཀྵཱའི་ཨེའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཞེས་པས་ཡའོ། །ཡ་ལ་ཨཱི་ནི་ཨ་ཡིའོ། །ཡོན་ཏན་མེད་པ་སྨོས་པ་འདིར་སྦྲེལ་ཏེ། ཤཱིངའི་ཡ་ཡིག་ཡོན་ཏན་མེད་པ་ཕ་རོལ་ལ་ཨ་ཡ་རུ་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཤ་ཡྱཏེ། ཤཱ་ཤཡྻ་ཏེ། ཡ་སྒྲའོ། ། འདིས་ཨ་ཡའོ། །གཉིས་བརྗོད་དོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤེ་ཡཾ། དབྱངས་ལས་ཡའོ་ཞེས་པས་ཡའོ། །ཨཱཏ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡིའོ། །བྱིངས་ཨཱ་ཡིག་གི་མཐའ་ཅན་རྣམས་ཀྱི་ཨི་ཙ་ཕ་རོལ་ལ་ཨཱ་ཡི་རུ་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨ་དཱ་ཡི། ཨ་དྷཱ་ ཡི། ཨ་བཱ་ཡི། ཌུ་དཱཉ་སྦྱིན། ཌུ་དྷཱ་ཉ་འཛིན། པ་འཐུང་བ་ལའོ། །ཨི་ཙ་ལ་ཞེས་པ་ཅི་ཞེ་ན། དཱཏཱ། ཤཱཙྪཱསཱ་ཧྭཱ་བྱ་བ་པཱ་རྣམས་ཀྱི་ཨིན་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥེ་མཐའི་ལས་ལའོ། །ཧྭེཉ་འགྲན་པ་ལའོ། །བྱེཉ་སྡོམ་པར་བྱེད་པ་ལའོ། །བེཉ་སྣལ་མའི་རྒྱུད་ལའོ། །བཱ་འཐུང་ བ་ལའོ། །བཻ་དང་ཨོ་བཻ་སྐེམས་པ་ལའོ་ཞེས་པས་ཡང་ནའོ། །འདི་རྣམས་ཀྱི་མཐའ་ཕ་རོལ་ལ་ཨཱ་ཡི་རུ་བསྒྱུར་བར་འགྱུར་རོ། །ཨརྟི་ཧྲཱི་ཞེས་པས་པ་ཡིག་ཨཱ་ག་མ་ཐོབ་པ་ལའོ། །ཤ་ཡ་ཡ་ཏི། ཙྪཱ་ཡ་ཡ་ཏི། ཨ་བ་སཱ་ཡ་ཡ་ཏི། ཧྭ་ཡ་ཡ་ཏི། སཾ་བྱ་ཡ་ཡ་ཏི། བཱ་ཡ་ཡ་ཏི། པཱ་ཡ་ཡ་ཏི། ཕྲ་མོར་བྱེད་དུ་འཇུག་གོ། ། དེ་བཞིན་དུ་གཅོད་དུ་འཇུག་གོ། །མཐའི་ལས་བྱེད་དུ་འཇུག་གོ། །འགྲན་དུ་འཇུག་གོ། །སྡོམ་དུ་འཇུག་གོ། །རྒྱུད་དུ་འཇུག་གོ། །འཐུང་ངུ་འཇུག་གོ། །ཡང་ན་སྐེམས་སུ་འཇུག་གོ་ལ་ཨིནའོ། །འདིས་ཨཱ་ཡིའོ། །ཨརྟི་ཧྲཱི་ཙླི་རཱི་ཀྣུ་ཡཱི་ཀྨཱ་ཡཱི་དང་ཨཱཏ་མཐའ་རྣམས་ཀྱི་པ་མཐའ་སྟེ་ཡ་དབྱི་ཞིང་ནཱ་མི་རྣམས་ཀྱི་ཡོན་ཏན་འང་ ངོ་། །ཨིན་ལ་ཞེས་པ་འཇུག་སྟེ། ཧནྟིའི་ཧའི་ཞེས་པ་འདི་ལས་གོང་དུའོ། །ཨརྟི་ཞེས་པ་རྀ་སྲྀ་འགྲོ་བ་ལའོ། །ཡང་ན་རྀ་འགྲོ་བ་དང་ཐོབ་པ་ལའོ། ཧྲཱི་ངོ་ཚ་བ་ལའོ། །ཙྪཱི་ཞུ་བ་ལའོ། །རཱི་འགྲོ་བ་དང་འཇུག་པ་ལའོ། །ཡང་ན་རཱི་ཨོ་ཉན་པ་ལའོ། །ཀྣུ་ཡཱི་སྒྲ་ལ་སྟེ་མཐོ་བ་ལའོ། །ཀྵྨཱ་ཡཱི་གཡོ་བ་ལའོ། འདི་རྣམས་ 195-1-227a དང་དེ་བཞིན་དུ། ཨཱཏ་མཐའ་རྣམས་ཀྱིའང་ཨིན་ཕ་རོལ་ལ་པ་ཡིག་ཨཱ་ག་མ་དང་ཡ་ཡིག་གིའང་དབྱི་བར་འགྱུར་རོ། །ཨརྟི་སོགས་པ་རྣམས་ཀྱི་ནཱ་མི་གང་ཡིན་པ་དེ་རྣམས་ཀྱི་ཡོན་ཏན་ཡང་ངོ་། །ཨརྟེ་པ་ཡ་ཏི། ཧྲེ་པ་ཡ་ཏི། ཙླེ་པ་ཡ་ཏི། རེ་པ་ཡ་ཏི། ཀྣོ་པ་ཡ་ཏི། ཀྵྨཱ་པ་ཡ་ཏི། དཱ་པ་ཡ་ཏི། སྠཱ་པ་ཡ་ཏི། འགྲོ་རུ་འཇུག་གོ། །དེ་བཞིན་དུ་ཡང་ན་ཐོབ་ཏུ་འཇུག་གོ། །ངོ་ཚ་རུ་འཇུག་གོ། །འདམ་དུ་འཇུག་གོ། །འགྲོར་འཇུག་གོ། །ཡང་ན་ཉན་དུ་འཇུག་གོ། །སྨྲ་རུ་འཇུག་གོ། །གཡོ་རུ་འཇུག་གོ། །སྦྱིན་དུ་འཇུག་གོ། །གནས་སུ་འཇུག་གོ་ཞེས་པས་ཨིནའོ། །འདིས་པ་ཡིག་ཨཱ་ག་མའོ། །ཀྵུ་ཡི། ཀྵྨཱ་དག་གི་ཡ་དབྱིའོ། །ནཱ་ མི་རྣམས་ཀྱི་ཡོན་ཏན་ནོ། །པཱ་ཏིའི་ལ་མཐའ་ལའོ། །པཱ་ཏི་སྟེ་པཱ་བསྲུང་བ་ལའོ། །འདིའི་ཨིན་ཕ་རོལ་ལ་ཡིག་ཨཱ་ག་མ་འགྱུར་རོ། །པཱ་ལ་ཡ་ཏི། སྐྱོང་དུ་འཇུག་གོ་ཞེས་པས་ཨིནའོ། །སླར་ཡང་མཐའ་སྨོས་པ་ན་རྣམ་པ་གསལ་བའི་དོན་དུའོ། །དྷུཉ་པྲཱི་ཎཱ་ཏི་དག་གི་ནའོ། །དྷུཉ་གཡོ་བ་ལའོ། །བྲཱིཉ་ཚིམ་པ་ལ་སྟེ་ མཛེས་པ་ལའང་ངོ་། །འདི་དག་གི་ཨིན་ཕ་རོལ་ལ་ན་ཡིག་ཨཱ་ག་མར་འགྱུར་རོ། །འཕེལ་བ་འགེགས་པའོ། །བི་དྷུ་ན་ཡ་ཏི། པྲཱི་ཎ་ཡ་ཏི། རྣམ་པར་གཡོ་རུ་འཇུག་གོ། །དེ་བཞིན་དུ་ཚིམ་དུ་འཇུག་གོ་ལ་ཨིནའོ། །དྷུཉ་པྲཱི་ཎ་ཏི་དག་གི་ཞེས་ཉ་ཡིག་དང་བི་ཀ་ར་ཎའི་བསྟན་པ་ནི། དྷུ་རྣམ་པར་རྟོག་པ་ལའོ། །པྲཱིང་དགའ་ བའོ་ཞེས་པ་འདི་དག་ཏུད་སོགས་དང་བིད་སོགས་ཅན་གྱི་དག་གི་འགྱུར་ཏེ། དྷཱ་བ་ཡ་ཏི། པྲ་ཡ་ཡ་ཏི། རྣམ་པར་གཡོ་རུ་འཇུག་གོ་དེ་བཞིན་དུ་དགའ་རུ་འཇུག་གོ་ཞེས་པ་ལ་ཨིནའོ། །འཕེལ་བའོ། །ཥུ་ཀ་ཡང་ནའོ། །ཉི་བྷི་འཇིགས་པ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་ཥུ་ཀ་ཨཱ་ག་མ་ཡང་ན་འགྱུར་རོ། །ཨུ་ཡིག་ ནི་བརྗོད་པའི་དོན་ཏོ། །ཀ་ཡིག་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བྱས་པའི་ཁྱད་པར་གསལ་བར་བྱེད་པའི་དོན་དུའོ། །དེས་ན་ཨཱ་ག་མ་འདི་འཇིགས་པའི་རྒྱུའི་དོན་ལ་འགྱུར་ཏེ། འཇིགས་པར་བྱེད་པ་ལས་ནི་མ་ཡིན་ནོ། །མུཎྜོ་བྷཱི་ཥ་ཡ་ཏེ། འཇིགས་པའི་རྒྱུ་ལ་སྦྱོར་རོ་ལ་ཨིནའོ། །འདིས་ཥུ་ཀ་ཨཱ་ག་མའོ། །རུ་ཙ་ སོགས་ཉིད་ལས་ཨཱདྨ་ནེའི་ཚིག་གོ། །ཕྱོགས་གཅིག་ལ། མུཎྜོ་བྷཱ་ས་ཡ་ཏེ། བཤད་པ་ལས་ཡང་ན་ཨཱ་ཉིད་དོ། །ཨ་རྟི་ཧྲི་ཞེས་སོགས་ཀྱིས་པ་ཡིག་ཨཱ་ག་མའོ། །འཇིགས་པར་བྱེད་པ་ལ་མི་འགྱུར་ཏེ། ཀུཉྩི་ཀ་བཻ་ནཾ་བྷཱ་ཡ་ཡ་ཏེ། ཨིན་ལ་ཞེས་པ་ཅི་ཞེ་ན། བྷེཏཱ། སྦཱ་ཡི་བ་རུ་བསྒྱུར་བའོ། །བ་ཡང་འདི་ཡིན་ལ་ 195-1-227b བསྒྱུར་བ་ཡང་ཡིན་པ་ནི་བ་རུ་བསྒྱུར་བའོ། །ཡང་ན་ཞེས་པ་ལྡོག་གོ། །སྦཱ་ཡཱི་ཨོ་སྱཱ་ཡི་འཕེལ་བ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་བ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །སྦཱ་བ་ཡ་ཏ། ཏྱ་སུ་འཇུག་གོ་ལ་ཨིནའོ། །འདིས་ཡའི་བ་ཉིད་དོ། །བསྒྱུར་བ་སྨོས་པ་ནི་ཨཱ་ག་མར་དོགས་པ་ལྡོག་པའི་དོན་དུའོ། །རུ་ཧེའི་བ་ ཡང་ནའོ། །རུ་ཧ་ས་བོན་འདེབས་པ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་པ་ཡིག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །བྲྀཀྵ་ན་རོ་པ་ཡ་ཏི། བྲྀཀྵཾ་རོ་ཧ་ཡ་ཏི། སྐྱེ་རུ་འཇུག་གོ་ལ་ཨིནའོ། །ཨིན་ལ་ཞེས་པ་ཅི་ཞེ་ན། ཨཱ་རོ་ཧ་ཏི། ཤ་དིའི་འགྲོ་བ་མ་ཡིན་པ་ལ་ཏའོ། །ཤངླི་ཞི་བ་ལའོ། །ཤངླི་འཇིགས་པ་ལའོ་ཞེས་པ་ཡང་ ནའོ། །འགྲོ་བ་མ་ཡིན་པའི་དོན་ལ་ཤ་དིའི་ཏ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨིན་ཕ་རོལ་ལའོ། །ཕ་ལ་ནི་ཤཱ་ཏ་ཡ་ཏི། ཞི་བ་སྦྱོར་རོ་ལ་ཨིནའོ། །དའི་ཏའོ། །འགྲོ་བ་མ་ཡིན་པ་ཞེས་པ་ཅི་ཞེ་ན། གཱཿ ཤཱང་ཡ་ཏི། བ་ལང་འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །ཧ་ན་ཏིའི་ཏའོ། །ཧ་ན་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པ་ འདིའི་ཨིན་ཕ་རོལ་ལ་ཏ་ཉིད་དུ་འགྱུར། གྷཱ་ཏ་ཡ་ཏི། འཇོམས་སུ་འཇུག་གོ་ལ་ཨིནའོ། །ཧནྟིའི་གྷིའོ་ཞེས་པས་གྷའོ། །འདིས་ཏའོ། །སླར་ཡང་ཏ་སྨོས་པ་ནི་འགྲོ་བ་མིན་པ་ལ་ཞེས་པ་འདི་ངེས་པའི་དོན་དུ་སྟེ། དེས་ན་འགྲོ་བའི་དོན་ལ་ཡང་ཏ་ཉིད་དེ། གཱ་མ་དཎྜ་ན་གྷ་ཏ་ཡ་ཏི། འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། ། ཨིན་ལ་ཞེས་པ་ཅི་ཞེ་ན། ཧནྟི། ཧ་ནྟིའི་ཧའི་ཨིན་ཨི་ཙ་དག་ལ་གྷིའོ། །ཧནྟིའི་ཧ་ཡིག་ཨིན་དང་ཨི་ཙ་ཕ་རོལ་ལ་གྷི་ཉིད་དུ་འགྱུར་ཏེ། ཨི་ཡིག་ནི་བརྗོད་པའི་དོན་ཏོ། །གྷཱ་ཏ་ཡ་ཏི། ཨ་གྷཱ་ཏི། སླར་ཡང་ཧནྟི་སྨོས་པ་ནི་ཧ་ཡིག་མཐའི་བྱིངས་ཀྱི་གྷ་ཉིད་དུ་འགྱུར་རོ་ཞེས་དོགས་པ་ལྡོག་པའི་དོན་དུའོ། །ཨུ་པ་དྷཱ་ཕྱིས་ པའི་འང་ངོ་། །ཨུ་པ་དྷྲ་ཕྱིས་པའི་ཧནྟིའི་ཧ་ཡིག་གྷ་ཉིད་དུ་འགྱུར་རོ། །གྷྣནྟི། གྷྣནྟུ། ཨགྷྣཱན། བརྟ་མཱ་ནའི་ཨནྟི་དང་ཨ་ཙ་མིའི་ཨནྟུ་དང་ཧསྟ་ནཱའིཨནཱའི་ཨནའོ། །ག་མ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨ་བྷྱཱ་ས་ལས་ཀྱང་ངོ་། །ཨ་བྷྱཱ་ས་ལས་ཕྱི་མའི་ཧནྟིའི་ཧ་ཡིག་ཀྷ་པ་ཉིད་དུ་འགྱུར་རོ། །ཛི་གྷཱནྦ་ཏི། ཧན་དང་ཨིངའི་ གམ་དག་གི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཛ་གྷཱ་ན། ཛཾ་གྷཱ་ནྱཏ། འཁྱོག་པོར་འཇོམས་སོ་ཞེས་བཤད་པ་ལས་ཡ་སྒྲའོ། །རྗེས་སུ་སྣ་ལྡན་མཐའ་ཅན་ཨཏ་མཐའི་རྗེས་སུ་ང་རོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །ཧི་འགྲོ་བ་དང་འཕེལ་བ་ལའོ་ཞེས་པ་འདིའི་ཨ་བྷྱཱ་ས་ལས་ཕ་རོལ་གྱི་ཙཎ་ལས་གཞན་པའི་རྒྱུ་མཚན་ལ་གྷ་ 195-1-228a ཉིད་དུ་བཤད་པར་བྱ་སྟེ། པྲ་ཛི་གྷཱ་ཡ་ཏེ། ཧི་འགྲོ་བ་དང་འཕེལ་བ་ལའོ། །པྲ་སྔོན་དུའོ། །ཨཊའོ། །གཉིས་བརྗོད། གྷ་ཉིད་དོ། །ཨའི་ཨུ་པ་དྷ་ཞེས་པས་འཕེལ་བའོ། །པྲ་ཛེ་གྷཱི་ཡ་ཏེ། ཤིན་ཏུ་འགྲོའོ་ཞེས་པས་ཡ་སྒྲའོ། །ནཱ་མི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཙཎ་ལས་ གཞན་ལ་ཞེས་པ་ཅི་ཞེ་ན། པྲ་ཛཱི་ཧ་ཡ། ཧི་འགྲོ་བ་ལའོ། །པྲ་སྔོན་དུའོ། །འགྲོ་རུ་འཇུག་གོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པ་ཞེས་པས་ཐུང་ངུའོ། །ཨིན་ལ་གནས་ཅན་དང་འདྲ་བའོ་ཞེས་པས་ཧི་གཉིས་བརྗོད་དོ། །ཡང་བའི་ རིང་པོའོ། ཛིའི་སན་པ་རོ྅ཀྵ་དག་ལ་གིའོ། །ཛི་ཞེས་པ་ཛི་རྒྱལ་བ་ལའོ། །ཛི་ཛྲྀ་ཟིལ་གྱིས་གནོན་པ་ལའོ་ཞེས་པ་ཡང་ནའོ། །ཛི་ཞེས་པ་འདིའི་སན་ཕ་རོལ་དང་པ་རོ྅ཀྵ་ཕ་རོལ་ལའང་གི་རུ་བསྒྱུར་རོ། །ཛི་གཱི་ཥ་ཏི། བི་ཛི་གཱཥ་ཏེ། བི་སྔོན་མ་ཅན་འདི་ནི་རུ་ཙ་སོགས་སོ། །དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་ པོའོ། །པ་རོ྅ཀྵ་ལ། ཛི་གཱ་ཡ། ཨཊའོ། །བི་ཛི་གྱི་སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །སན་པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ཛེ་ཏཱ། ཛེ་ཛཱི་ཡ་ཏེ། ཤིན་ཏུ་རྒྱལ་ལོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །འདི་ཅིའི་ཕྱིར་སཾ་པྲ་སཱ་ར་ཎ་བྱས་པ་ལ་མི་འགྱུར། ཛི་ཛྱཏུཿ། ཛི་ཛྱུཿ། ཛྱཱ་ ལང་ཚོ་ཉམས་པ་ལའོ། །ཨ་ཏུས་དང་ཨུསའོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །བདེན་ཏེ་འདི་མཚན་ཉིད་ལས་བྱུང་བའི་ཛི་གྲ་ཡིན་པས་གི་རུ་བསྒྱུར་བ་མེད་དོ། །ཙིའི་ཀི་ཡང་ནའོ། །ཙིཉ་སོགས་ལའོ་ཞེས་པ་འདིའི་སན་དང་པ་རོ྅ཀྵ་ཕ་རོལ་ལ་ཀི་རུ་ཡང་ན་བསྒྱུར་བར་བྱའོ། ཙི་ཀཱིཥ་ཏེ། ཙི་ཙཱི་ ཥཏི། ཙིཀཱ་ཡ། ཙི་ཙཱི་ཡ། ཙི་ཀྱེ ཙི་ཙི་ཡ། སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །སན་པ་རོ྅ཀྵ་ལཞེས་པ་ཅི་ཞེ་ན། ཙེ་ཙཱི་ཡ་ཏེ། སཎའི་དབྱངས་ལ་མང་པོ་མིན་པ་ཉིད་ལ་ཨ་དབྱིའོ། །ཨཏ་དབྱི་བ་ནི་ཨ་དབྱི་བའོ། །མང་པོ་མིན་པ་ནི་མང་པོ་མིན་པའོ། སན་གྱི་ཨ་ཡིག་ཡིན་པ་དེ་དབྱངས་དང་པོ་ རྐྱེན་ལ་མང་པོ་ཉིད་མིན་ཏེ་མང་པོའི་ཚིག་མ་ཡིན་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་དྷུཀྵཱ་ཏཱམ། ཨ་དྷུཀྵཱ་ཐཱམ། དུ་ཧ་འཇོ་བ་ལའོ། །ཨ་དྱ་ཏ་ནཱིའི་ཨཱ་ཏཱམ་དང་། ཨཱ་ཐཱམའོ། །ཨིཊ་མེད་པ་ཞེས་པས་སཎའོ། །འདིས་ཨ་ཡིག་དབྱིའོ། །ད་དང་པོའི་གྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པ་ 195-1-228b རྣམས་ཀྱི་ཞེས་པས་གྷའི་ཀའོ། །ཨ་དྷུཀྵི། ཨ་དྱ་ཏ་ནཱིའི་ཨིའོ། །གཞན་སྔ་མ་བཞིན་ནོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ཨ་དྷུཀྵཏ། མང་པོ་ཉིད་མིན་པ་ཞེས་པ་ཅི་ཞེ་ན། ཨ་དྷུ་ཀྵནྟ་། ཨ་དྱ་ཏ་ནཱིའི་ཨནྟའོ། །སཎའོ། །ཨ་དང་མཚམས་སྦྱོར་གྱི་དབྱིའོ། །གལ་ཏེ་འདིར་ཨ་ཡིག་ཕྱིས་པར་གྱུར་པ་ན་ཨ་ཡིག་མིན་པ་ལས་ ཨཱཏྨ་ནེ་ལའང་ངོ་ཞེས་པས་ན་དབྱི་བར་མི་འགྱུར་རོ། །ད་རི་དྲཱ་ཏིའི་བྱིངས་ཐམས་ཅད་པ་མིན་པ་ལའོ། །དབྱིའོ་ཞེས་པ་འཇུག་སྟེ་ན་དབྱི་བའང་ངོ་ཞེས་པ་འདི་ལས་གོང་དུའོ། །ད་རི་དྲ་འགྲོ་བ་ངན་པ་ལའོ་ཞེས་པ་འདིའི་མཐའ་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ལ་དབྱིའོ། །ད་རི་དྲྱཱ་ཏེ། ད་རི་དྲད། བྱིངས་ཐམས་ཅད་པ་ལ་ ཡཎའོ། །ཨཱ་ཤཱིཥའི་ཡཱ་ཏ། ད་རི་ཏྲཿ། པ་ཙ་སོགས་ལས་ཨ་ཙ་འང་ངོ་ཞེས་པས་ཨཙའོ། །བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ད་རི་ཏྲཱ་ཏི། ཨ་དྱ་ཏ་ནཱི་ལ་ཡང་ན་འདོད་དོ། །ཨ་ད་རི་ཏྲི་ཏ། ཨ་ད་རི་ཏྲ་པཱིཏ། ཨ་ཏྱཏ་ནཱིའི་དིའོ། །སི་ཙའོ། །ཨིཊའོ། ཨིཊ་ལས་ཀྱང་ཨཱིཊ་ལ་ཞེས་པས་སི་ཙ་དབྱིའོ། །བཤད་ པ་ལས་ཨཱ་ཡང་ན་དབྱིའོ། གང་གི་ཚེ་མ་ཕྱིས་པ་དེའི་ཚེ། ཡ་མི་ར་མི་ན་མི་ཨཱཏ་མཐའ་ཞེས་པས་པ་ཡིག་ཨཱག་མའོ། །ཡུཊ་དང་ཝུ་ཎའི་རྐྱེན་ལ་དང་ཨིཊ་མེད་པའི་སན་ལའང་དབྱི་བར་མི་འདོད་དོ། །ཡུཊ་ལ། ད་རི་དྲ་ཎཱམ། ཡུཊའོ་ཞེས་པས་ཡུཊའོ། །ཝུའི་རྐྱེན་ལ། ད་རི་དྲ་ཡ་ཀཿ ཝུཎའོ། །ཨཱཏ་མཐའ་རྣམས་ ཀྱི་ཨི་ཙ་ལ་ཨ་ཡི་ཞེས་པས་ཨཱ་དབྱིའོ། །ཨིཊ་མེད་པའི་སན་ལ། དི་ད་རི་དྲ་སཱ་ཏི། འབུལ་བར་འདོད་དོ་ཞེས་པས་སནའོ། །ད་རི་དྲཱ་ཏི་ལས་སན་ལ་ཨིཊ་རྣམ་པར་བརྟག་པར་བཤད་དོ། །ཨིཊ་དང་བཅས་པ་ལས་ནི་དབྱི་སྟེ། དི་ད་རི་དྲི་ཥ་ཏི། བྲཤྩི་མསྫ་དག་གི་དྷུཊ་ལའོ། །ཨོ་བྲ་ཤྩུ་གཅོད་པ་ལའོ། །ཌུ་མསྫོ་ དག་པ་ལའོ། །འདི་དག་གི་མཐའི་དྷུཊ་ཕ་རོལ་ལ་དབྱི་བར་འགྱུར་རོ། །བྲཥྚཱ། བྲཀྵྱཱ་ཏི། ཨ་བྲཀྵྱ་ཏ། ཏ་དང་སྱ་ཏི་དང་སྱ་ཏའོ། །འདིས་མཐའ་དབྱི་བའོ། ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །མཾཀྟཱ། མཾཀྵྱ་ཏི། ཨ་མཾཀྵྱ་ཏ། མསྫིན་ཤ་དག་གི་དྷུཊ་ལའོ་ཞེས་པས་ན་ཡིག་ཨཱ་ག་མའོ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་དའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དེའི་ཛའོ་འདིས་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། བྲྀཤྩྱཏེ། མསྫྱཱ་ཏེ། ཡ་ཎའོ། །གྲ་ཧི་ཛྱཱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། ཡན་ལ་ཨོ་ཡིག་གིའོ། །ཡན་ཕ་རོལ་ལ་ཨོ་ཡིག་དབྱི་བར་འགྱུར་རོ། །དྱཏི། སྱཏི། 195-1-229a དོ་དུམ་བུར་བྱེད་པ། ཥོ་མཐའི་ལས་ལའོ། །དི་བ་སོགས་ལས་ཡནའོ། ན་ཡིག་འདིའི་དོན་ཏོ། །ཨོ་ཡིག་ཅེས་པ་ཅི་ཞེ་ན། དཱི་བྱ་ཏི། དི་བུ་རྩེ་བ་ལའོ། ནཱ་མིའི་ར་བ་ཞེས་པས་རིང་པོའོ། །ཨཱ་ཡིག་གི་ཨུས་ལའོ། །ཨཱ་ཡིག་གི་ཨུས་ཕ་རོལ་དབྱི་བར་འགྱུར་རོ། །བསྒྱུར་བའི་ཨུས་གཟུང་བར་བྱའི། པ་རོ྅ཀྵའི་མང་ཚིག་མིན་ནོ། །དེ་ཕ་རོལ་ལ་ཨཱ་དབྱི་བ་བྱིངས་ཐམས་ཅད་མིན་པ་ཞེས་པ་འདིས་གྲུབ་ཟིན་པའི་ཕྱིར་རོ། །ཨ་ཡུཿ། ཨ་ཏུཿ། ཨ་ལུཿ། ཡཱ་ཐོབ་པ་ལའོ། །རཱ་སྦྱིན། ལ་ལེན་པ་ལའོ། །ཧྱསྟ་ནའི་ཨནའོ། །ཨནའི་ཨུསའོ་ཞེས་པས་ཨན་ཨུསའོ། །ཨཱ་དབྱིའོ། །ཨ་གུཿ། ཨ་དུཿ། ཨིཎ་འགྲོ་བ། ཌུ་དཱཉ་སྦྱིན་པ། ཨ་དྱ་ཏ་ནཱིའི་ཨནའོ། །སིཙའོ། །ཨིཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། །སྔ་མ་བཞིན་དུ། ཨ་ནཱའི་ཨུསའོ། །ཨིཎའི་གཱའོ་ཞེས་པས་ཨིཎའི་གཱ་རུ་བསྒྱུར་རོ། །ཨ་དབྱིའོ། །ཨཱ་ཡིག་གི་ཞེས་པ་ཅི་ཞེ་ན། ཨ་བི་དུཿ། བེད་ཤེས་པ་ལའོ། །ཨནའོ། །ཨནའི། ཨུསའོ། །མཚམས་སྦྱོར་གྱི་ཡི་གེ་ལ་ འང་ངོ་། །ཨ་ཡིག་མཚམས་སྦྱོར་གྱི་ཡི་གེ་ཕ་རོལ་ལའང་དབྱི་བར་འགྱུར་རོ། །པ་པཽ། ད་དཽ། བྱ་ཏི་རེ། བྱ་ཏི་ལེ། རཱ་ལེན་པ། ལ་ལེན་པ་ལའོ། །བྱ་ཏི་སྔོན་དུའོ། །བརྟ་མཱ་ནའི་ཨེའོ། །འདིས་ཨཱ་དབྱིའོ། །ཨསྟིའི་སི་ལའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་མཐའ་སི་ལ་སྟེ་ས་ཡིག་དང་པོར་ཡོད་པའི་བྱིངས་ཐམས་ཅད་ པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་རོ། །སི་ལ་ཞེས་པའི་སི་ཡིག་ལས་ཨི་ཡིག་བརྗོད་པའི་དོན་ཏོ། །ཨ་སི། ཨས་ཡོད་པ་ལའོ། །བརྟ་མཱ་ནའི་སིའོ། །འདིས་ས་དབྱིའོ། །བྱ་ཏི་སེ། ཨས་ཡོད་པ་ལའོ། །བྱ་ཏི་སྔོན་དུའོ། རུ་ཙ་སོགས་ཉིད་ལས་ཨཱདྨ་ནེའི་ཚིག་སེའོ། །ཨསྟིའི་དང་པོའི་ཞེས་པས་ཨ་ཡིག་དབྱིའོ། ། འདིས་ས་དབྱིའོ། །སི་ལ་ཞེས་པ་ཅི་ཞེ་ན། ཨསྟི། དཱིདྷཱི། བེ་བི་དག་གི་ཨིའི་ཡི་གེ་ཡ་ཡིག་དག་ལའོ། །དིདྷཱིང་གསལ་བ་ལའོ། །བེ་བིང་རྔན་པ་མཚུངས་པ་ལའོ། །འདི་དག་གི་མཐའི་ཨིའི་ཡི་གེ་སྟེ་ཨཱི་ཡིག་དང་ཡ་ཡིག་དག་ལའང་མཐའ་དབྱི་བར་འགྱུར་རོ། །ཨཱ་དི་དྷི་ཏཱ། ཨ་བེ་བི་ཏཱ། ཤྭསྟ་ནིའི་ཏཱའོ། །ཨིཊའོ། ། འདིས་མཐའ་དབྱིའོ། །ཨ་དཱི་དྷཱི་ཏ། ཨཱ་བེ་བཱི་ཏ། སཔྟ་མཱིའི་ཨཱིཏའོ། །མཐའ་དབྱིའོ། །ཨཱ་དྷཱི་དྷྱ་ཏེ། ཨཱ་བེ་བྱ་ཏེ། ཡཎའོ། །ཨི་ཡིག་ཡ་ཡིག་དག་ལ་ཞེས་པ་ཅི་ཞེ་ན། ཨཱ་དཱི་དྷེ། ཨཱ་བ་བ་བྱེ།བརྟ་མཱ་ནའི་ཨེའོ། །སྔ་མ་བརྩེགས་པ་མིན་པའི་ཞེས་པས་ཨི་ཡའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཨའི་དེ་དག་སྟེ་དེ་ 195-1-229b དབྱི་བའང་ངོ་། །དེ་དག་དབྱི་བ་ནི་དེ་དབྱི་བའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ཕ་རོལ་ལ་ཨའི་དེ་དག་སྟེ་ཨ་ཡིག་དང་མཚམས་སྦྱོར་གྱི་ཡི་གེར་བསྒྱུར་བ་དང་གྲངས་ཇི་ལྟ་བ་བཞིན་དུ་དེ་དག་ཕ་རོལ་ལ་འང་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་དབྱི་བར་འགྱུར་རོ། །པ་ཙནྟི། ཡ་ཛནྟི། པ་ཙེ། ཡ་ཛེ། བརྟ་མཱ་ནའི་ཨནྟི་དང་། ཨེའོ། །ཨནའོ། །འདིས་ཨ་ཡིག་ནི་ཨ་ཡིག་དང་མཚམས་སྦྱོར་གྱི་ཡི་གེ་དག་ཏུ་བསྒྱུར་བ་དང་ཕ་རོལ་དག་དབྱི་བའང་ངོ་། །ཨའི་ཞེས་པ་ཅི་ཞེ་ན། ཡཱནྟི། ནཱ་མི་དང་གསལ་བྱེད་མཐའ་ལས་ཨཱ་ཡི་དང་པོའི་འོ། །ནཱ་མི་དང་གསལ་བྱེད་ནི་ནཱ་མི་གསལ་བྱེད་དོ། །དེ་ནས་འབྲུ་མང་པོ་པའོ། །ནཱ་མིན་གྱི་མཐའི་རྟགས་ ལས་དང་གསལ་བྱེད་མཐའ་ཅན་གྱིའང་ཨཱ་ཡི་ཕ་རོལ་གྱི་དང་པོ་དབྱི་བར་འགྱུར་རོ། །ཨགྣཱི་ཡ་ཏེ། པ་ཊུ་ཡ་ཏེ། བྱེ་ཊུ་པ་པོ་ལ་ཨཱ་ཡི་ཞེས་པས་ཨ་ཡིའོ། །འདིས་དང་པོ་དབྱིའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། གསལ་བྱེད་མཐའ་ཅན་ལ། བི་དྭོ་སྱ་ཏེ། པ་ཡ་སྱ་ཏེ། ནཱ་མི་དང་གསལ་བྱེད་ མཐའ་ཞེས་པ་ཅི་ཞེ་ན། ཀཱ་ཀཿཤྱེ་ནཱ་ཡ་ཏེ། གམ་ཧན་ཛན་ཁན་གྷས་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་དང་པོ་ཨཎ་མིན་པ་ལ་ཡོན་ཏན་མེད་པ་ལའོ། །གམླྀ་འགྲོ་བ་ལའོ། །ཧན་འཚེ་བ་ལའོ། །ཛ་ན་སྐྱེ་བ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ་ཞེས་པས་ཡང་ནའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །གྷསླྀ་བསྒྱུར་བ་ཅན་ནོ། །འདི་ རྣམས་ཀྱི་ཨུ་པ་དྷཱའི་དབྱངས་དང་པོ་ཡོན་ཏན་མེད་པ་ལ་དབྱི་བར་འགྱུར་རོ། །ཨཎ་མིན་པ་སྟེ་ཨཎའི་རྐྱེན་ཕ་རོལ་དོར་བ་ནའོ། །ཛ་གྷ་ཏུཿ། ཛགྨུཿ། ཛགྷྣ་ཏུཿ། ཛགྷྣཿ། ཛ་ཛྙ་ཏུཿ། ཛ་ཛྙུཿ། ཛ་ཛྙཱ་ཏེ། ཛ་ཛྙི་རེཿ། ཙཁྣཏུཿ། ཙཁྣུཿ། ཛཀྵ་ཏུཿ། ཛཀྵུཿ། ཛ་ན་སྐྱེ་བ་ལའོ་ཞེས་པ་འདི་ལས་པ་རསྨཻའི་ཚིག་གོ། །ཛ་ནཱི་རབ་ ཏུ་སྐྱེ་བ་ལའོ་ཞེས་པ་འདི་ལས་ཨཱཏྨ་ནེའི་ཚིག་གོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་ཨ་དིའི་གྷ་སླྀའོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །འདིས་ཨུ་པ་དྷཱ་དབྱིའོ། །ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་ཧའི་གྷའོ། །ཏ་སྡེའི་ཙཊའི་སྡེ་པ་ཞེས་པས་ནའི་ཉའོ། །གྷསླྀའི། ཤཱ་སི་བ་སི་གྷ་སི་ཞེས་པས་ཥའོ། །མཐའི་ཞེས་ བྱ་བ་ལ་ཨུ་པ་དྷཱ་སྨོས་པ་ནི་ལྕི་བའི་སྒྲུབ་པ་གསལ་བའི་དོན་དུའོ། །དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། གམྱ་ཏེ། ཨ་ཎ་མིན་པ་ཞེས་པ་ཅི་ཞེ་ན། ཨ་ག་མ་ཏ། ཨ་གྷ་ས་ཏ། གམླྀ་འགྲོ་བ་ལའོ། །ཨད་ཟ་བ་ལའོ། །དིའོ། །ཨ་དིའི་ས་ན་ཨ་དྱ་ཏ་ནཱི་དག་ལ་གྷསླྀའོ་ཞེས་པས་ཨ་དིའི་གྷསླྀའོ། །པུཥ་སོགས་ཀྱི་མདོས་ 195-1-230a ཨཎའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། གམ་ནམ། ཀཱ་རི་ཏའི་ཨཱ་མ་ཨིཊ་བི་ཀ་ར་ཎ་ལ་མིན་པ་ལའོ། །ཀཱ་རི་ཏའི་དབྱི་བར་འགྱུར་ཏེ། ཨཱམ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ཞེས་པ་ཨཱཏྨ་དང་ཨིཊ་དང་བི་ཀ་ར་ཎ་སྟེ་འདི་རྣམས་དོར་བའི་རྐྱེན་ཕ་རོལ་ལའོ། །ཀཱ་ར་ཎཱ། ཧཱ་ར་ཎཱ། ཀཱ་རི། ཧ་རི། ཨི་ཥི་ཤྲནྠི་ ཨ་སི་བནྟི་ཞེས་པས་ཡུའོ། ཀཱ་རི་ཏ་དབྱིའོ། །ཨ་ཙཱི་ཀ་ར་ཏ། ཀཱ་རི། ཧ་རི་དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པའི་ཞེས་པས་ཐུང་ངུའོ། །གཉིས་བརྗོད་དོ། །མཚུངས་པ་མ་ཕྱིས་པའི་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། ཨཱམ་ཨིཊ་བི་ཀ་ར་མིན་པ་ཞེས་པ་ཅི་ཞེ་ན། ཀ་ར་ཡཱ་མ། ཙ་ ཀཱ་ར། ཀཱ་རི། ཨཊའོ། །ཙ་ཀཱ་ས་དང་ཀཱས་དང་རྐྱེན་གྱི་མཐའ་ཞེས་པས་ཨཱམའོ། །ཡོན་ཏན་ནོ། །ཨཱམ་ལས་ཀྲྀཉ་ཞེས་པ་ཀྲྀཉའོ། །གཉིས་བརྗོད་དོ། །ཨིཊ་ལ། ཀཱ་ར་ཡི་ཏཱ། ཨིཊ་དང་། ཡོན་ཏན་ནོ། །བི་ཀ་ར་ཎ་ལ། ཀཱ་ར་ཡ་ཏི། བུ་རྒྱུད་ཀྱི་དབྱངས་སྔ་མ་མིན་པའི་ཡའི་ཡིན་ཨཱ་ཡི་རྣམས་ལའོ། །བུ་རྒྱུད་ལ་ འབྱུང་བ་ནི་བུ་རྒྱུད་དོ། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད་ཅེས་པས་ཨཎའོ། །ཡ་ཡིག་གང་ལས་དབྱངས་སྔ་མ་ཡིན་པ་དེ་ནི་དབྱངས་སྔ་མའོ། །དེ་ནས་དགག་པའི་བསྡུ་བའོ། །བུ་རྒྱུད་ཀྱི་སྟེ་བུ་རྒྱུད་ཀྱི་དོན་ལ་བྱས་པའི་ཡ་ཡིག་དབྱངས་སྔ་མ་མིན་པ་དེ་གང་ལས་དབྱངས་སྔ་མ་དེའི་ཡིན་དང་ཨཱ་ཡི་ཕ་རོལ་ལ་དབྱི་བར་ འགྱུར་ཞིང་ཨིའི་རྐྱེན་ལའང་ངོ་། །ཡའི་ཞེས་པའི་ཨ་ཡིག་བརྗོད་པའི་དོན་ཏོ། །གཱཪྒཱི་ཡ་ཏི། གཱརྒཱ་ཡ་ཏེ། གཱརྒཱི། གཱརྒཱའི་བུ་རྒྱུད་ལ། གརྒ་སོགས་ལས་ཎྱའོ་ཞེས་པས་ཎྱའོ། །གརྒའི་བུ་འདོད་པའི་བདག་ཉིད་ལ་ཡིན་ནོ། །གརྒའི་བུ་རྒྱུད་བཞིན་དུ་སྤྱོད་དོ་ལ་བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །གཞན་དུ་ཎྱ་ ལས་སོ་ཞེས་པས་ཨཱིའི་རྐྱེན་ནོ། །འདིས་ཡ་དབྱིའོ། །ཡིན་ལ་ཨཱའི་ཡི་གེ་ཞེས་པས་ཨཱི་ཉིད་དོ། །ཨི་ཡིག་ཕ་རོལ་ལ་བུད་མེད་དུ་བྱས་པའི་ཨི་ཡིག་ལ་ཞེས་པས་ཨ་དབྱིའོ། །ཡའི་ཞེས་པ་ཅི་ཞེ་ན། བཱ་ཤཱིཥྛཱི་ཡ་ཏི། བཱ་ཤིཥྛཱ་ཡ་ཏེ། བཱ་ཤིཥྛཱི། བ་ཤིཥྛིའི་བུ་རྒྱུད་ལ། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །གལ་ཏེ་ འདིར་ཨ་ཡིག་དབྱི་བར་འགྱུར་ན། ཡན་ལ་ཨཱི་ཉིད་དུ་མི་འགྱུར་རོ། །ཨ་ཡི་ལའང་ནཱ་མི་དང་གསལ་བྱེད་མཐའ་ལས་ཞེས་པས་ཨ་དབྱི་བ་མེད་དོ། །བུ་རྒྱུད་ཀྱི་ཞེས་པ་ཅི་ཞེ་ན། ཨཱཪྻཱི་ཡ་ཏི། ཨཱཪྻ་ཡ་ཏེ། ཨཱཪྻཱི། རྀ་འགྲོ་བ་ལའོ། །རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་ 195-1-230b བའོ། །དེ་ནས་ཡིནའོ། །ཨཱ་ཡིའོ། །སྐྱེས་པ་དང་ལྡན་པ་ལས་གལ་ཏེ་དེས་བཤད་པ་ཞེས་པས་ཨཱི་ཡིག་གོ། །དབྱངས་སྔ་མ་མིན་པ་ཞེས་པ་ཅི་ཞེ་ན། ཀཱ་རི་ཀེ་ཡཱི་ཡ་ཏི། ཀཱ་རི་ཀེ་ཡཱ་ཡ་ཏེ། ཀཱ་རི་ཀེ་ཡཱི། ཀཱ་རི་ཀའི། བུ་རྒྱུད་ལ་བུད་མེད་དང་ཨ་ཏྲི་སོགས་ལས་ཨེ་ཡཎའོ་ཞེས་པས་ཨེ་ཡཎའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་ དབྱིའོ། །ཡིན་ནོ། །ཨཱ་ཡིའོ། །ཨཎ་ཨེ་ཡ་ཨིཀ་ལས་ཞེས་པས་ཨཱིའོ། །ཡིན་ཨཱ་ཡི་རྣམས་ལ་ཞེས་པ་ཅི་ཞེ་ན། གཱརྒྻ་ཀཱ་མྱ་ཏི། ཨཱ་ཡིག་ཕ་རོལ་ལ་མཏྶའི་ཡ་དབྱི་བར་བྱ་སྟེ། མཏྶི། གཽ་ར་སོགས་ལས་སོ་ཞེས་པས་ཨཱིའི་རྐྱེན་ནོ། །ཏིཥྱ། པུཥྱ། དག་གི་ཨཎ་ཕ་རོལ་ལ་ཏིཥྱ་ཡིས་སྦྱོར་བའི་ཟླ་བ་ནི། ཏི་ཥཿ། དེ་བཞིན་ དུ། པཽཥཿ། ན་དབྱི་བའང་ངོ་། །ཡིན་དང་ཨཱ་ཡི་དག་རྗེས་སུ་འཇུག་སྟེ་ཨཱི་ཡིག་ནི་མ་ཡིན་ནོ་ཏེ་ཡིན་དང་ཨའི་ཕ་རོལ་ལ་ན་ཡིག་དབྱི་བར་འགྱུར་རོ། །པ་ཐཱི་ཡ་ཏི། པ་ཐཱི་ཡ་ཏེ། རཱ་ཛཱ་ཡ་ཏི། རཱ་ཛཱ་ཡ་ཏེ། བི་དྭ་སྱ་ཏི། བི་དྭ་སྱ་ཏེ། བནྠི་དང་རཱ་ཛན་དང་བི་དྭནྶུ་རྣམས་ལས་ཡིན་དང་ཨཱ་ཡིའོ། །འདིས་ན་དབྱིའོ། །བནྠིའི་སྒྲ་ནཱ་ མིའི་མཐའ་རྣམས་ཀྱི་ཡཎ་ཨ་ཡི་ཞེས་པས་རིང་པོའོ། །བི་དྭནྶུའིསྒྲ་ཡི་ནཱ་མི་དང་གསལ་བྱེད་མཐའ་ལས་ཞེས་པས་ཨཱ་ཡིའི་ཨཱ་དབྱིའོ། །དེ་བཞིན་དུ། བནྠིའི་སྒྲ་ལས་ཀྱང་ངོ་། །ན་ག་རཱི་ཡ་ཏི། ཞེས་སོགས་ལས་དབྱི་བར་མི་འགྱུར་ཏེ་བྱཱ་ཀ་ར་ཎའི་མཚོན་བྱའི་ཉིད་ལས་སོ། །གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ། ། རྟགས་མཐའི་ན་ཡིག་ཡིག་གོ། །ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མིན་པའི་འོ་ཞེས་པའི་མདོ་རྣམས་ཀྱི་ན་དབྱི་བ་གྲུབ་པ་ལ་སྦྱོར་བ་བརྩམས་པ་ནི་ངེས་པའི་དོན་དུའོ། །དེས་ན་ཡིན་དང་ཨཱ་ཡི་དག་ཕ་རོལ་ལ་རྟགས་ཀྱི་ན་དབྱི་བ་ཉིད་དུ་འགྱུར་གྱི་བྱ་གཞན་ལ་མི་འགྱུར་རོ་ཞེས་པའི་དོན་ཏོ། །སྒྲུབ་པའི་དོན་ལ་ཞེས་གཞན་རྣམས་སོ། ། དེ་ལྟ་ན་ཡང་། རཱ་ཛཱི་ཡ་ཏི། རཱ་ཛཱ་ཡ་ཏེ། ཞེས་སོགས་ལ་ཨི་ཉིད་དང་ཨཱ་ཉིད་དག་ཏུ་འགྱུར་རོ། །གསལ་བྱེད་ལས་དི་སི་དག་གིའོ། །གསལ་བྱེད་ལས་ཕ་རོལ་གྱི་དི་དང་སི་དག་དབྱི་བར་འགྱུར་རོ། །ཨ་དྭེཊ། ཨ་དྭེཊ། ཨ་ལེཊ། ཨ་ལེཊ། ཨ་དྷོ་ཀ། ཨ་དྷོ་ཀ །དྭིཥ་མི་དགའ་བ་ལའོ། །ལི་ཧ་རོ་མྱང་བ་ལའོ། །དུཧ་འཇོ་བ་ལའོ། ། ཧྱསྟ་ནཱིའི་དི་དང་སིའོ། །འདིས་དི་སི་དག་དབྱིའོ། །དྭི་ཥའི་ཥ་ཡིག་རྫོགས་པ་ལ་ཡང་ནའོ་ཞེས་པས་ཊའོ། །ལི་ཧའི་ཧའི་ཌྷའོ། །སྔ་མ་བཞིན་དུ་ཌྷའི་ཊའོ། །དུ་ཧའི་ད་དང་པོའི་གྷའོ། །ཕྱིས་པ་ལའང་དི་སི་དག་ལའོ་ཞེས་པས་དའི་དྷའོ། །སྔ་མ་བཞིན་གྷའི་ཀའོ། །གསལ་བྱེད་ལས་ཞེས་པ་ཅི་ཞེ་ན། ཨ་བྷ་བ་ཏ། ཨ་བྷ་བཿ། བྷཱུ་ 195-1-231a ཡོད་པ། དི་དང་སིའོ། །ཨནའོ། །དི་སི་དག་གི་ཞེས་པ་ཅི་ཞེ་ན། དོགྷྣི། དུ་ཧ་འཇོ་བ་ལའོ། །ཏིའོ། །ཡོན་ཏན་ནོ། །ད་དང་པོའི་གྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །དུཊ་རྣམས་ཀྱི་གསུམ་པའོ། །དི་དང་ལྷན་ཅིག་སྤྱོད་པའི་སི་གཟུང་ངོ་། །དེས་ན་འདིར་མི་འགྱུར་རོ། །དོཀྵི། དུཧ་འཇོ་བ་ལའོ། །བརྟ་མཱ་ ནཱའི་སིའོ། །ཨནའོ། །ཨད་སོགས་ལས་འཇིག་གོ། །ད་དང་པོའི་གྷའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་གྷའི་ཀའོ། །ཥ་ཉིད་དོ། །བྱིངས་མིན་པའི་ཡའི་ཨན་མེད་པ་ལའོ། །གསལ་བྱེད་ལས་ཞེས་པ་ཁོ་ནའོ། །གསལ་བྱེད་ལས་ཕ་རོལ་གྱི་བྱིངས་མིན་པ་དང་འབྲེལ་པའི་ཡ་ཡིག་དབྱི་བར་འགྱུར་ཏེ། ཨན་མེད་པ་སྟེ་ཨན་ མེད་པ་ཞེས་པ་འདིས་བྱིངས་ཐམས་ཅད་པ་མིན་པ་མཚོན་པར་བྱའོ། །པཱ་པ་ཅི་ཏཱ། པཱ་པ་ཙིཥྱ་ཏེ། པཱ་པ་ཙྱའི་སྒྲ་ལས་ཤྭསྟ་ནཱིའིཏཱའོ། །བྷ་པིཥྱནྟིའི་སྱ་ཏེའོ། །ཨིཊའོ། །ཨའི་ཡང་དབྱིའོ། །ཞེས་པ་འདིས་ཨ་ཡིག་དབྱིའོ། །བེ་བྷི་དི་ཏཱ། བེ་བྷི་དིཥྱ་ཏེ། བེ་བྷི་ཏྱའི་སྒྲ་ལས་ཏཱ་དང་སྱ་ཏེའོ། །གཞན་སྔ་མ་བཞིན་ནོ། །གསལ་ བྱེད་ལས་ཞེས་པ་ཅི་ཞེ་ན། ལོ་ལུ་ཡི་ཏཱ། ཤིན་ཏུ་གཅོད་དོ་ལ་ཡ་སྒྲའོ། །གཉིས་བརྗོད། ཏཱའོ། ཨིཊའོ། །ཨའི་འང་དབྱིའོ། །ཨན་མེད་པ་ཞེས་པ་ཅི་ཞེ་ན། པཱ་པ་ཏྱཱཏ། བྱིངས་མིན་པ་ཞེས་པ་ཅི་ཞེ་ན། མ་དྷྱ་ཏཱ། མ་དྷྱ་འཆིང་བ་ལའོ། །ཕལ་པ་དང་གཙོ་བོ་དག་གི་གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པར་བྱའོ་ཞེས་པའི་ཚིག་ ལས་གཙོ་བོ་ནི་བྱིངས་ཞེས་པས་འདི་དགག་པའོ། །གང་བྱིངས་རྣམས་ཨིཎ་ལའོ། །ཕལ་པ་ལ་ནི་བྱིངས་ཏེ། དེའི་ཡ་དབྱི་བར་འགྱུར་བ་ཁོ་ནའོ། །ཡིན་དང་ཨཱ་ཡི་དག་གི་ཡ་ཡིག་གསལ་བྱེད་ཕ་རོལ་སྔར་བརྗོད་པའི་རྒྱུ་མཚན་ལས་དབྱི་བར་བྱ་བ་ཡང་ན་བཤད་པར་བྱ་སྟེ། ཏྲྀ་ཥ་དི་ཏཱ། ཏྲྀ་ཥ་དྱི་ཏ། དྱི་ཥ་དི་ཏཱ། ཏྲྀ་ཥ་དྱི་ཏ། ཏྲྀ་ཥད་འདོད་དོ་ལ་ཡིན་ནོ། །ཏྲྀ་ཥད་བཞིན་དུ་སྤྱོད་དོ་ལ་ཨཱ་ཡིའོ། །ཏ་དང་ཨིཊའོ། །ཨིའང་དབྱིའོ། །བྱིངས་མིན་པ་ཞེས་པ་ལྡོག་གོ། །ཨ་ཡིག་གི་དབྱི་བར་འགྱུར་ཏེ། ཨན་མེད་པ་ལ་སྟེ་ཨན་མིན་ནོ་ཞེས་པ་འདིས་འདིར་ཡང་བྱིངས་ཐམས་ཅད་པ་མིན་པ་མཚོན་ནོ། །ཙི་ཀཱིཪྵི་ཏཱ། ཙི་ཀཱིཪྵི་ཥྱཱ་ཏི། ཙིཀཱིརྟིའི་སྒྲ་དང་ཏ་ལས་ཏཱ་ དང་སྱ་ཏིའོ། །ཨིཊའོ། །ཨ་ཡིག་དབྱིའོ། །ག་ཎ་ཡ་ཏི། མྲི་ག་ཡ་ཏི། བྲྀཧ་ཡ་ཏི། ག་ཎ་པ་གྲང་བ་ལའོ། མྲྀག་ཚོལ་བ་ལའོ། །སྤྲྀཧ་འདོད་པ་ལའོ། །ཨཏ་མཐའ་རྣམས་ཀྱི་ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའི་འང་དབྱིའོ། །དེའི་དབྱངས་བསྒྱུར་བ་ནི་རྒྱུ་མཚན་གཞན་ཞེས་པས་གནས་ཅན་དང་འདྲ་བའི་དངོས་པོ་ 195-1-231b ལས་ག་ཎའི་ཨུ་པ་དྷཱ་རིང་པོ་དང་མྲྀག་དང་སྤྲྀཧའི་ཡོན་ཏན་དུ་མི་འགྱུར་རོ། །སླར་ཡང་དབྱི་བ་སྨོས་པ་རྣམ་པ་གསལ་བའི་དོན་དུའོ། །སི་ཙའི་དྷ་ཡིག་ལའོ། །དབྱིའོ་ཞེས་པ་འཇུག་སྟེ་ཙ་སྡེའི་ཀིའོ་ཞེས་པས་འདི་ལས་གོང་དུའོ། །དྷ་ཡིག་དང་པོའི་རྐྱེན་ཕ་རོལ་ལ་སི་ཙ་དབྱིའོ། །ཨ་ལ་བ་དྷི་མ། ལུཉ་གཅོད་པ་ལའོ། ། ཨ་དྷ་བི་དྷྭམ། དྷུཉ་འདར་བ་ལའོ། །ཨ་དྱ་ཏ་ནཱིའི་དྷྭམའོ། །སི་ཙའོ། །ཨིཊའོ། འདིས་སི་ཙ་དབྱིའོ། །ཡོན་ཏན་ནོ། །སི་ཙ་ཞེས་པ་ཅི་ཞེ་ན། སྟུདྷྲེ། དྷ་ཡིག་ཅེས་པ་ཅི་ཞེ་ན། ཨ་ལ་བིཥྚ། ལཱུཉ་གཅོད་པ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །སི་ཙའོ། །ཨིཊའོ། །ཡོན་ཏན་ནོ། །དྷུཊ་ལས་ཀྱང་དྷུཊ་ལའོ། །དྷུཊ་ལས་ཕ་ རོལ་གྱི་སི་ཙ་དྷུཊ་ཕ་རོལ་ལ་དབྱིའོ། །ཨ་བྷིཏྟཿ། ཨ་བྷིཏྤཱཿ། ཨ་བུདྡྷཿ། ཨ་བུདྡྷཿ། བྷི་དིར་འཇོམས་པ་ལའོ། །བུདྡྷ་རྟོགས་པ་ལའོ། །ཏས་དང་ཐཱསའོ། །སི་ཙའོ། །འདིས་དབྱིའོ། །བུདྡྷའི་གྷ་ཌྷ་དྷ་བྷ་རྣམས་ཞེས་པས་ཏ་ཐཱ་དག་གི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །དྷུཊ་ལས་ཞེས་པ་ཅི་ཞེ་ན། ཨ་མཾ་སྟ། མ་ན་ ཤེས་པ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །སི་ཙའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཨ་བྷིཏྶ་ཏཱམ། བྷི་དིར་འཇོམས་པ་ལའོ། །ཨཱ་ཏཱམ་དང་སི་ཙའོ། ཐུང་ངུ་ལས་ཀྱང་ཨི་ཊ་མེད་པའི་འོ། །སི་ཙ་གང་ལ་ཨིཊ་ཡོད་པ་མིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཐུང་ངུ་ལས་ཕ་རོལ་གྱི་ཨིཊ་མེད་པའི་སི་ཙ་དྷུཊ་ཕ་རོལ་ལ་དབྱི་བར་འགྱུར་ རོ། །ཨ་ཀྲྀཏ། ཨ་ཀྲྀ་ཐཱཿ། ཨ་ཧྲྀཏ། ཨ་ཧྲྀ་ཐཱཿ། ཨ་དྱ་ཏ་ནཱིའི་ཏ་དང་ཐཱསའོ། །སི་ཙའོ། །དེས་འདི་དབྱིའོ། །ཐུང་ངུ་ལས་ཞེས་པ་ཅི་ཞེ་ན། ཨ་ཙེཥྚ། ཙིཉ་སོག་པ་ལའོ། །ཏའོ། །ཡོན་ཏན་ནོ། །སི་ཙའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་བཱ་རིཥྚ་མ། བྲྀཉ་འདམ་པ་ལའོ། ཏཱམའོ། །སི་ཙའོ། །ཨིཊའོ། ། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལ་ཞེས་པས་འཕེལ་བའོ། །འོ་ན་གཞན་དུ་གྱུར་པའི་ཕྱིར་འཕེལ་བ་བྱས་པ་ན་ཐུང་ངུ་ལས་ཕྱི་སི་ཙ་མེད་དོ་ཞེ་ན། བདེན་ཏེ་དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་པ་ཉིད་ཀྱི་བྱི་དབྱི་བ་སྟོབས་དང་ལྡན་པར་འགྱུར་རོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀཥཱ་ཏཱམ། ཨ་ཀྲྀ་ཥཏ། ཨ་ཏཱ་མ་དང་ ཨནྟའོ། །སི་ཙའོ། །ཨ་ཡིག་མིན་པ་ལ་ཞེས་པས་ན་དབྱིའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ། །ཨིཊ་ལས་ཕ་རོལ་གྱི་སི་ཙ་ཨཱིཊ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་ལཱ་བཱིཏ། ཨ་པཱ་བཱིཏ། ཨ་ཀོ་ཥཱཏ། ལུཉ་གཅོད་པ། པཱུཉ་འཐུང་ཉབ་ལའོ། །ཀུཥ་ངེས་པར་རྟོག་པའོ། །དིའོ། །སི་ཙའོ། །ཨཱིཊའོ། །ཨཱིཊའོ། 195-1-232a འདིས་སི་ཙ་དབྱིའོ། །དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨེེ་ལ་ཞེས་པས་འཕེལ་བའོ། །ཨུ་པ་དྷཱའི་ཡོན་ཏན་ནོ། ཨིཊ་ལས་ཞེས་པ་ཅི་ཞེ་ན། ཀཱཪྵཱིཏ། ཨཱིཊ་ལས་ཞེས་པ་ཅི་ཞེ་ན། ཨ་ལཱ་བིཥྚ་མ། བརྩེགས་པ་དང་པོའི་ས་ཀ་དག་གི་མཐའ་ལའང་ངོ་། །བརྩེགས་པ་དང་པོའི་ས་ཀ་དག་ ཅེས་ས་ཡིག་དང་ཀ་ཡིག་དག་སྟེ། དེ་དག་དྷུཊ་ཕ་རོལ་དབྱི་བར་འགྱུར་ཏེ། མཐའ་ལའང་སྟེ་ཚིག་མཐར་འཇུག་བཞིན་པའི་བརྩེགས་པའི་འོ། ས་ཡིག་གི་རེ་ཞིག་དྷུཊ་ལ། ཨཱ་རིཔྶཏི། ཨཱ་ལིཔྶཏི། རབྷ་རྩོམ་པ་ལའོ། །ཌུལ་བྷཥ་ཐོབ་པ་ལའོ། །ཨཱང་སྔོན་དུའོ། །སནའོ། །གཉིས་བརྗོད་དོ། །སན་ལ་མི་ མཱི་མ་དཱར་བྷ་ཞེས་པས་ཨི་སའོ། །ཨ་བྷྱཱ་ས་འདི་དབྱིའོ། །འདིས་ཨ་ཡིག་དབྱིའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་བྷའི་པའོ། །ཀ་ཡིག་གི་དྷུཊ་ལ། ཨཱ་ཙཥྚེ། ཨཱ་ཙཀྵེ། ཙཀྵཾངའོ། །ཨཱང་སྔོན་དུའོ། །ཏེ་དང་སེའོ། །འདིས་ཀ་དབྱིའོ། །སེའི་རྐྱེན་ལ་ཥ་དྷ་དག་གི་ས་ལ་ཀའོ། །མཐའི་ས་ཡིག་གི །ཨ་བཱ་བ་ ཀཿ། བསྐ་འགྲོ་བའི་དོན་ཏོ། །འཁྱོག་པོར་བགྲོད་དོ་ལ་ཡ་སྒྲའོ། །ཙེ་ཀྲྀ་ཡི་ཏའི་ཡང་ནའོ་ཞེས་པས་འཇིག་གོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ། །ཧྱསྟ་ནིའི་དིའིའོ། །བྱིངས་ཀྱི་དང་པོར་ཨཊའོ་ཨནའོ། །ཨད་སོགས་ལས་འཇིག་གོ། །གསལ་བྱེད་ལ་དི་སི་དག་གི་ཞེས་པས་དི་ དབྱིའོ། །འདིས་ས་ཡིག་དབྱིའོ། །མཐའི་ཀ་ཡིག་དབྱི་བ་ནི། ཨ་རཱ་རཊ། རཀྵ་བསྲུང་བ་ལའོ། །ཤིན་ཏུ་བསྲུང་ངོ་ལ་ཡ་སྒྲའོ། །གཞན་སྔ་མ་བཞིན་ནོ། །འདིས་ཀ་དབྱིའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། །ས་ཀ་དག་གི་ཞེས་པ་ཅི་ཞེ་ན། ནཪྣཪྟྟི། ནྲྀ་ཏི་ལུས་གཡོ་བ་ལའོ། །ཤིན་ཏུ་གར་བྱེད་དོ་ ལ་ཡ་སྒྲའོ། །འཇིག་གོ། །གཉིས་བརྗོད་དོ། །འཇིག་པ་ལ་རི་རེ་ཕ་དག་ཀྱང་ངོ་ཞེས་པས་ར་ཨཱ་ག་མའོ། །ཏིའོ། །ཡོན་ཏན་ནོ། །བརྩེགས་པའི་དང་པོ་ཞེས་པ་ཅི་ཞེ་ན། བསྟཱ། ཤསྟཱ། དྷུཊ་ལ་ཞེས་པ་ཅི་ཞེ་ན། བསྐ་སྟེ། རཀྵ་སྟེ། ཙ་སྡེའི་འདྲ་བའི་ཡི་གེ་མིན་པ་ལ་ཀིའོ། །དྷུཊ་ལ་ཞེས་པ་དང་མཐའ་ཞེས་པ་ འདི་གཉིས་རྗེས་སུ་འཇུག་སྟེ། སྐྱེས་པར་བརྗོད་པ་ཞེས་པ་འདི་ལས་གོང་དུའོ། །ཙ་སྡེའི་འདྲ་བའི་ཡི་གེ་མིན་པའི་དྷུཊ་ཕ་རོལ་ལ་ཀི་རུ་འགྱུར་ཏེ་མཐའི་འང་ངོ་། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །པཀྟཱ། པཀྵྱ་ཏི། ཡོཀྟཱ། ཡོཥྱ་ཏི། པ་ཙ་འཚེད་པ་ལའོ། །ཡུ་ཛིར་སྦྱོར་བ་ལའོ། །མཐའ་ལས་ངེས་པར་ཡང་ཨ་པ་ཀ ། 195-1-232b ཨ་ཡོ་ཡོ་ཀ །ཤིན་དུའམ་ཡང་ཡང་ལ་ཡ་སྒྲའོ། །དེའི་འཇིག་གོ། །གཉིས་བརྗོད་དོ། །ཧྱསྟ་ནཱིའི་དིའོ། །གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་དབྱིའོ། །འདིས་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། བཙྨི། འདྲ་བའི་ཡི་གེ་མིན་པ་ཞེས་པ་ཅི་ཞེ་ན། ཨཛྫྷ་ཏི། ཨུཉྪ་ཏི། ཨུཛྫྷ་གཏོང་བ་ལའོ། །ཨུཙྪི་ཟ་བ་ ལའོ། ཛའི་ཀ་ཉིད་དུ་མི་འགྱུར་རོ། །སྡེ་པ་སྡེ་པས་འདྲ་བའི་ཡི་གེའོ་ཞེས་པའི་ཚིག་ལས་ར་ཙ་ཚ་ཛ་ཛྷ་ཉ་རྣམས་འདྲ་ཡིག་གི་མིང་ཅན་ནོ། །སྡེ་པའི་མཐའི་སྒྲུབ་པའོ་ཞེས་པའི་ཚིག་ལས་མཐའི་ཙ་སྡེའི་ཀ་ཉིད་དུ་འགྱུར་རོ། །ཞེས་པས་འདྲ་བའི་ཡི་གེ་མིན་པ་སྨོས་པ་སྟེ་བྱིངས་ཀྱིས་ཙ་སྡེ་ཁྱད་པར་དུ་གྱུར་པ་མཐའ་མིན་པའི་ ཡང་ན་མི་འགྱུར་རོ། །ཧའི་ཌྷའོ། །ཧའི་ཌྷ་ཉིད་དུ་འགྱུར་ཏེ་དྷུཊ་ཕ་རོལ་ལའོ། མཐའ་ལའང་ངོ་། །ལེ་ཀྵྱ་ཏི། ཨ་ལེ་ཀྵྱཏ། ལི་ཧ་རོ་མྱང་བ་ལའོ། །སྱ་ཏི་དང་སྱ་ཏའོ། །ཡོན་ཏན་ནོ། །འདིས་ཌྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །སོ་ཌྷཱ། པོ་ཌྷཱ། ས་ཧ་བཟོད་པ། བ་ཧ་ཐོབ་པ། ཏཱའོ། །ས་ཧའི་ཨིཊ་རྣམ་པར་བརྟག་ པའོ། །བ་ཧའི་ད་ཧི་ཞེས་སོགས་ཀྱི་ཨིཊ་མེད་དོ། །འདིས་ཌྷའོ།གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །ཏ་སྡེའི་ཙཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་དྷའི་ཌྷའོ། །ཌྷ་ལ་ཌྷ་དབྱིའོ། །ས་ཧི་བ་ཧི་དག་གི་ཨ་ཡིག་གི་ཨོཏའོ་ཞེས་པས་ཨོ་ཉིད་དོ། །མཐའ་ལས། ཨ་ལེ་ལེ་ཊ། ལི་ཧ་རོ་མྱང་། ཤིན་ཏུ་རོ་མྱོང་ལ་ཡ་སྒྲའོ། །དྷུཊ་ལ་ཞེས་ པ་ཅི་ཞེ་ན། ས་ཧ་ཏེ། ད་དང་པོའི་གྷའོ། །ཆ་ཤས་གང་གི་དང་པོ་ད་ཡིན་པ་དེ་ནི་ད་དང་པོའོ། །བྱིངས་ཉིད་དང་འབྲེལ་པའི་ཆ་ཤས་དང་པོ་ཅན་གྱི་ཧ་ཡིག་གི་གང་ཡིན་པ་དེའི་དྷུཊ་ཕ་རོལ་དང་མཐའ་ལའང་གྷ་ཉིད་དུ་འགྱུར་རོ། །ཌྷ་ཉིད་སེལ་བའོ། །ཨ་དྷོཀྵྱཏ། ཨ་དྷེཀྵྱཏ། དུཧ་འཇོ་བ། ད་ཧི་ཉེ་བར་སོག་པ་ལའོ། །སྱཏའོ། ། བྱིངས་ཀྱི་དང་པོར་ཨཊའོ། །འདིར་ཨ་ཡིག་ཨཱ་ག་མ་བྱས་པ་ན། ཨ་དུ་ཧ། ཨ་དི་ཧ་ཞེས་པ་འདིའི་ཆ་ཤས་གང་བྱིངས་དག་གི་དང་པོ་ཅན་དེའི་ཧ་ཡིག་གང་ཡིན་པ་དེ་གྷ་ཉིད་དོ། །བྱིངས་ཀྱི་གསུམ་པ་དང་པོ་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་ཅེས་པས་གྷའི་ཀའོ། །དོགྡྷ། དོཀྵྱ་ཏི། དུ་ཧ་འཇོ་བ་ལའོ། །ཏཱ་དང་ སྱཏིའོ། །འདིས་གྷའོ། །གྷ་ཌྷ་དྷ་བྷ་རྣམས་ཞེས་པས་ཏཱའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །སྔ་མ་བཞིན་དུ་ཀ་ཉིད་དང་དང་པོ་བཞི་པ་ཉིད་དོ། །གལ་ཏེ་ཡང་བྱིངས་ཆ་ཤས་དེ་དང་པོ་མི་འབྱུང་བ་དེ་ལྟར་ཡང་དང་པོའི་མཐའ་བཞིན་གཅིག་ལའོ་ཞེས་པའི་ཚིག་ལས་གྷ་ཉིད་དོ། །མཐའ་ལ་ཡང་། ཨ་དྷོ་ཀཱ། དུ་ཧ་འཇོ་བ། ཧྱ་སྟ་ནཱིའི་ 195-1-233a དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཨནའོ། །ཨད་སོགས་ལས་འཇིག་གོ། །གསལ་བྱེད་ལ་དི་སི་དག་གི་ཞེས་པས་དེ་དབྱིའོ། འདིས་གྷའོ། །ཕྱིས་པ་ལའང་དི་སི་ཞེས་པས་དའི་དྷའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་གྷའི་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། དུ་ཧ་ཏེ། དྲུ་ཧ་མུ་ཧ་སྣུ་ཧ་སྣི་ཧ་ རྣམས་ཀྱི་དྷུཊ་ལ་གྷ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། དྲོགྡྷ། མོགྡྷ།སྣོགྡྷ། སྣེགྡྷ། དྲུཧ་འཚེ་བ། མུཧ་སེམས་པ་དང་བྲལ་བ་ལའོ། །སྣུཧ་སྐྱུག་པ་ལའོ། །སྣིཧ་དགའ་བ་ལའོ། །ཤྭསྟ་ནིའི་སྟཱའོ། །རདྷ་སོགས་ལས་ཨིཊ་རྣམ་པར་བརྟག་པ་ལའོ། །བཤད་པ་ལས་གྷ་ཉིད་དོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཕྱོགས་གཅིག་ལ། དྲོ་ཌྷ། མོ་ཌྷ། སྣོ་ཌྷ། སྣེ་ཌྷ། ན་ཧའི་དྷའོ། །ན་ཧིའི་དྷའོ། །ན་ཧ་འཆིང་བ་ལའོ་ཞེས་པ་འདིའི་དྷ་ཉིད་དུ་འགྱུར་ཏེ། དྷུཊ་ཕ་རོལ་དང་མཐའ་ལའང་ངོ་། །ཌྷ་ཉིད་སེལ་བའོ། །ནདྷྷཱ། ནཏྶྱ་ཏི། འདིས་ཧའི་དྷའོ། །མཐའ་ལ། ཨ་ནནྟ། ཤིན་ཏུ་འཆིང་ ངོ་ལ་ཡ་སྒྲའོ། །སྔ་མ་བཞིན་འཇིགས་པ་སོགས་སོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ནཧྱ་ཏེ། བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །བྷྲསྫིའི་ངེས་པར་བསྟན་པ་འདི་ཉིད་ལས་བྷྲྀ་ཛ་རུ་བསྒྱུར་བས་ཏེ། བྱཱ་ཀ་ར་ཎའི་མཚོན་བྱའི་རྩ་བ་ཉིད་ཡིན་པའི་ཕྱིར་རོ། །བྷྲསྫ་འཚེད་པ་ལའོ། །སྲྀཛ་སྤྲོ་བ་ལའོ། །མྲྀཛཱུཥ་དག་པ་ལའོ། ། ཡ་ཛ་ལྷ་མཆོད་པ་ལའོ། །རཱྀ་ཛ་གསལ་བ་ལའོ། །བྷྲྀ་ཛ་གསལ་བ་ལའོ་ཞེས་པ་དེ་རྣམས་ནི་བྷྲྀ་ཛ་སོགས་སོ། །འདི་རྣམས་ཀྱི་མཐའི་ཥ་ཉིད་དུ་འགྱུར་ཏེ། དྷུཊ་ཕ་རོལ་དང་མཐའ་ལའང་ངོ་། །བྷྲཥྚ། བྷྲཀྵྱ་ཏི། ཨབྷྲཀྵྱཏ། བརྩེགས་པ་དང་པོ་ས་ཀ་དག་གི་ཞེས་པས་ས་དབྱིའོ། །འདིས་ཥའོ། །ཥ་ཌྷ་དག་གི་ ཀའོ། །ཨ་བ་རཱི། བྷཪྚ་ཡ་སྒྲའོ། འཇིག་གོ། །གཉིས་བརྗོད་དོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །འཇིག་པ་ལ་རཱི་རེ་ཕ་དག་ཀྱང་ངོ་ཞེས་པས་རཱི་ཨཱ་ག་མའོ། །ཧྱ་སྟ་ནཱིའི་དིའོ། །གསལ་བྱེད་ལས་དི་སི་ཞེས་པས་དི་དབྱིའོ། །ཡོན་ཏན་ནོ། །འདིས་ཥའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། །པྲཥྚཱ། པྲཀྵྱཏི། པྲྀཛ་འགྲོ་བ་ལའོ། །པྲྀཛི་ཏྲྀ་ཤ་དག་གི་དབྱངས་ལས་ཞེས་པས་ཨ་ཡིག་ཨཱ་ག་མའོ། །འདིས་ཥའོ། །ཨ་ས་རཱི་སཏཱ། ཡ་སྒྲའོ། །སྔ་མ་བཞིན་དུ་འཇིག་པ་སོགས་སོ། མཱཏྵྚཱ། མཱཏྐྵྱ་ཏི། མྲྀ་ཛུཥ་དག་པ་ལའོ། །ཏཱ་དང་སྱ་ཏིའོ། །ཡོན་ཏན་ནོ། མརྫའི་མཱརྫའོ་ཞེས་པས་མརྫི་རུ་བསྒྱུར་རོ། །འདིས་ཥའོ། ། 195-1-233b ཥ་ཌྷ་དག་གི་ཀའོ། ཨ་མ་རཱི་མཱཏྚ། ཡ་སྒྲའོ། །སྔ་མ་བཞིན་འཇིག་པ་སོགས་སོ། །ཡོན་ཏན་བྱས་པ་ལ་མརྫའི་མཱརྫིའོ། །ཛའི་ཥའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། ཡཥྚ། ཡཀྵྱ་ཏི། ཡཛ་ལྷ་མཆོད་པ་ལའོ། །ཨ་ཡཱ་ཡཊ། ཨ་རཱ་རཱཊ། ཨ་བཱ་བྷཊ། རཱ་ཛི་གསལ་བ་ལའོ། །ཥ་ཉིད་བྱས་པ་ན་ཥའི་ཊའོ། ། རཱ་ཛི་བྷྲ་ཛ་དག་ལས་ཨིཊ་དང་བཅས་པའི་དྷུཊ་དང་པོའི་རྐྱེན་ལ་མི་འབྱུང་ངོ་། །བྷྲ་སྫིའི་བྷྲྀ་ཛ་རུ་བསྒྱུར་བ་ནི་ཡོན་ཏན་དང་བཅས་པའི་རྐྱེན་ལ་ཡང་ན་བཤད་པར་བྱ་སྟེ། བྷྲཛ་ན་མ། བྷརྫ་ན་མ། ཡུཊའང་ངོ་ཞེས་པས་ཡུཊའོ། །དེ་བཞིན་དུ། བྷྲིཥྚཱ། བྷཪྵྚཱ། འདིས་ཥའོ། །བརྩེགས་པའི་དང་པོ་ས་ཀ་ཞེས་པས་ས་ དབྱིའོ། །ཡོན་ཏན་མེད་པ་ལ་ནི་ཇི་ལྟར་ཐོབ་པ་ཉིད་ཀྱི་ཚུལ་ལོ། །བྷྲྀཛྫ་ཏི། བྷྲྀཛྫྱ་ཏེ། ཨནའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །གྲ་ཧི་ཛྱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཚ་ཤ་དག་གིའང་ངོ་། །ཚ་ཤ་ཞེས་པ་འདི་དག་དྷུཊ་ཕ་རོལ་དང་མཐའ་ལའང་ཥ་ཉིད་དུ་འགྱུར་རོ། །པྲཥྚ། པྲཀྵྱ་ཏི། ཨཀྵྚ་ཏེ། ཨ་པྲཀྵྱཏ། བེཥྚཱ། བེཀྵྱཏི། ཨ་བེཀྵྱཏ། པྲཚྪ་ཤེས་པར་འདོད་པ་ལའོ། །བིཥ་འཇུག་པ་ལའོ། །ཨ་པརཱི་པཊྚ། ཨ་བེ་བེཊ། དྷུཊ་ལ་ཞེས་པ་ཅི་ཞེ་ན། པྲྀཙྪྱ་ཏེ། པྲ་བི་ཤྱ་ཏེ། སྐྱེས་པར་བརྗོད་པ་ནི་སྐྱེས་པ་བཞིན་ཨཱ་ཡི་ལའོ། །གང་གི་སྐྱེས་པ་ལ་བཤད་པ་དེ་ནི་སྐྱེས་པར་བརྗོད་པའོ། །སྔར་སྐྱེས་པ་ལ་གང་གིས་བཤད་པ་དེ་ད་ལྟ་བུད་ མེད་ལ་འཇུག་པ་དེའི་ཨཱ་ཡིའི་ཕ་རོལ་ལ་སྐྱེས་པ་བཞིན་འགྱུར་རོ། །སྐྱེས་པའི་རྟགས་ཀྱི་གཟུགས་གང་ཡིན་པ་དེ་འགྱུར་རོ་ཞེས་པའི་དོན་ཏོ། །བྲམ་ཟེ་རྨོ་བཞིན་དུ་སྤྱོད་པ་ནི། བྲཧྨ་ཎཱ་ཡ་ཏེ། ཨེ་ནཱི། ཨེ་ཏཱ་ཡ་ཏེ། ཤྱེ་ནཱི། ཤྱེ་ཏཱ་ཡ་ཏེ། ཧ་རི་ཎཱི། ཧ་རི་ཏཱ་ཡ་ཏེ། ཨེཏ་དང་ཤྱེ་ཏ་དང་ཧི་ར་ཏ་རྣམས་ལས་ཏ་ཨུ་པ་དྷཱ་ལས་ཡང་ན་སྟེ་ཏའི་འང་ ན་ཡིག་གོ་ཞེས་ཨཱིའི་རྐྱེན་ནོ། །དེའི་ཚིག་ལ་བྱེད་པ་པོ་ལ་ཨ་ཡི་ཞེས་པས་ཨཱ་ཡིའོ། །འདིས་སྐྱེས་པ་དང་འདྲ་བར་གྱུར་པ་ན། ཨེཊི། ཤྱེཏ། ཧ་རིཏ་ཞེས་པ་འདི་རྣམས་སུ་བསྒྱུར་རོ། །ཨཱ་ཡིའི་རྐྱེན་ལ་ཞེས་པ་ཅི་ཞེ་ན། བྲཱཧྨ་ཎཱི་ཡ་ཏི། ཡིནའོ། །ཙིའི་ཀི་ཡང་ནའོ་ཞེས་པའི་ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་ རྣམ་པར་བཤད་པའོ། །དེས་ན་བུད་མེད་ཀྱི་རྟགས་ཁོ་ན་སྐྱེས་པ་དང་འདྲ་བར་འགྱུར་གྱི་མ་ནིང་གི་རྟགས་ནི་མིན་ནོ། །ཨ་ཏ་ནུ་ཡ་ཏེ། ནཽའཽ་སྒྲའོ། ཨ་ཏི་སྔོན་དུའོ། །ཆུ་ལས་བསྒྲལ་ཟིན་པའི་གྲུ་གང་ཡིན་པ་དེ་ཨ་ཏི་ནུའོ། །མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །ཨུ་ཡིག་གོ། །ཨ་ཏི་ནུ་གྲུ་བཞིན་དུ་སྤྱོད་དོ་ལ་བྱེད་ 195-1-234a པ་པོ་ལ་ཨཱ་ཡི་ཞེས་ཨ་ཡིའོ། །ནཱ་མི་དང་གསལ་བྱེད་མཐའ་རྣམས་ལས་ཞེས་པས་ཨ་དབྱིའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཨ་ཏི་ནུའི་སྒྲ་ཨ་ཏི་ནོ་རུ་བསྒྱུར་བར་མི་འགྱུར་ཏེ། རྣམ་པར་གཞག་པ་རྣམ་པར་བཤད་པས་རྣམ་པར་ཤེས་པ་ལས་ཀྱང་འདིར་ཡང་མི་འགྱུར་ ཏེ། ཏྲོ་ཎཱི་ཡ་ཏེ། ཤྭ་ཤྲུ་ཡ་ཏེ། ཨ་ལས་ཨཱ་ཏཱ་མ་ཨ་ཐ་མའི་དང་པོའི་ཨིའོ། །ཨཱ་ཏཱ་མ་དང་ཨཱ་ཐཱ་མ་ཞེས་པས་གདབྱིའོ། །དང་པོ་དབྱི་བ་དང་མཐའ་དབྱི་བའང་ངོ་ཞེས་པས་ཨོས་དབྱིའོ། །ཨ་ལས་ཏེ་ཨ་ཡིག་ལས་ཕ་རོལ་གྱི་ཨཱ་ཏཱ་མ་དང་། ཨཱ་ཐཱ་མ་ཞེས་པ་འདི་དག་གི་དང་པོའི་ཨི་ཉིད་དུ་འགྱུར་རོ། །པ་ཙེ་ཏཱམ། པ་ཙེ་ ཐཱམ། པཉྩ་མཱིའི་ཨཱ་ཏཱམ་དང་ཨཱ་ཐཱམའོ། །ཨན་བི། འདིས་ཨཱ་ཡིག་གི་ཨི་ཉིད་དོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཀུརྦཱ་ཏཱམ། ཀུརྦཱ་ཐཱམ། ཀྲྀཉ་བྱེད་པ་ལའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ཨཱ་ཏེ་ཨཱ་ཐེ་ཞེས་པའི་འང་ངོ་། །ཨཱ་ཏེ་དང་ཨཱ་ཐེ་ཞེས་ཟླས་དབྱེའོ། །ཨོས་ སྔ་མ་བཞིན་དུ་འཇིག་གོ། །ཨ་ཡིག་ལས་ཕ་རོལ་གྱི་ཨཱ་ཏེ་དང་ཨ་ཐེ་ཞེས་པ་འདི་དག་གི་དང་པོའི་ཨི་ཉིད་དུ་འགྱུར་རོ། །པ་ཙེ་ཏེ། པ་ཙེ་ཐེ། ཡ་ཛེ་ཏེ། རྣམ་པར་འགྱུར་བ་ངེས་པར་བསྟན་པའི་ཕྱིར་དབྱངས་ཕ་རོལ་ལ་ཨ་ཏེ་དང་ཨ་ཐེ་ཞེས་པ་འདི་དག་རང་བཞིན་དུ་དངོས་པོའི་དོན་ལའོ། །དེས་ན། པ་ཙེ་ཏེ་ཨི་ཏི། པ་ཙེ་ཐེ་ ཨི་ཏི། ཨི་ཏིའི་སྒྲ་ལས་གཞན་གྱི་ཨ་ཡིག་གི་མཐའི་གཉིས་བརྗོད་པ་རང་བཞིན་ཏེ། པ་ཙཱས་བ་ཧེ་ཨི་ཏི། ཨའི་བ་མ་དག་ལ་རིང་པོའོ། །ཡཱ་སྒྲའིང་སཔྟ་སཱིའིའོ། །ཨ་ཡིག་ལས་ཕ་རོལ་གྱི་སཔྟ་མཱིའི་སྒྲ་ཡཱའི་སྒྲའང་ཨི་ཉིད་དུ་འགྱུར་རོ། །པ་ཙེ་ཏ། པ་ཙེ་ཏཱ་མ། པ་ཙེཿ། ཡཱ་ཏ་དང་ཡ་ཏཱ་མ་དང་ཡཱ་སའོ། །ཨནའོ། །འདིས་ ཡཱ་ཡ་ཨིའོ། །ཡ་ཞེས་བརྗོད་པར་བྱ་བ་ལ་སྒྲ་སྨོས་པ་ནི་ཡཱ་སྒྲའི་དབྱངས་དང་བཅས་པ་ཨི་ཉིད་ཀྱི་དོན་ཏོ། །ཕ་རོལ་གྱི་བྱ་བ་ལ་དང་པོ་རྣམ་པར་འགྱུར་བའོ་ཞེས་པའི་ཚིག་ལས་ཡ་ཡིག་ཙམ་གྱིས་ཨི་ཉིད་དུ་འགྱུར་རོ། །འོ་ན་དེའི་ཨི་ཉིད་བྱས་པ་ན་སླར་ཡང་ཡ་ཉིད་ལ་ཡཱ་སྒྲ་ཉིད་དུ་གནས་པ་ཞེས་མདོས་བྱས་པར་འགྱུར་བ་ཅི་ཞེ་ན། བདེན་ཏེ་མདོ་བརྩམས་པའི་ཤུགས་ཨི་ཡིག་གི་ཡ་ཉིད་དུ་མ་བྱས་པར་ཐོས་པར་འགྱུར་རོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཨ་ཏྱཱཏ། སཔྟ་མཱིའི་ཞེས་པ་ཅི་ཞེ་ན། ཙི་ཀཱིཏྵྱཏཱ། ཨཱ་ཤིཥའི་ཡཱཏའོ། །ཨཱའིང་དབྱིའོ། །ནང་གི་ཡན་ལག་ཉིད་ལས་ཨ་ཡིག་དབྱི་བ་ལ་ཐོབ་པ་མེད་པའི་ཕྱིར་ཨི་ཉིད་དུ་མི་འགྱུར་རོ་ཞེས་སཔྟ་མི་སྣོས་ 195-1-234b པས་དབྱངས་བསྒྱུར་བ་ཉིད་ཀྱི་ཕྱིར་དེའི་སྔ་མའི་མི་འགྱུར་རོ། །ཡཱམ་ཡུས་དག་གི་ཨི་ཡམ་ཨི་ཡུས་དག་གོ། །ཨ་ཡིག་ལས་ཕ་རོལ་གྱི་ཡཱ་མ་དང་ཡུས་ཞེས་པ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ་ཨི་ཡཾ་དང་ཨི་ཡུས་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །པ་ཙེ་ཡཱམ། པ་ཙེ་ཡུཿ། ཡ་ཛེ་ཡམ། ཡ་ཛེ་ཡུཿ། སཔྟ་མིའི་ཡཱཾ་ དང་ཡུསའོ། །ཨནའོ། །འདིས་ཨི་ཡམ་དང་ཨི་ཡུས་དག་གོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཀུཪྻཱ་མ། ཀུཪྻུཿ། སཔྟ་མཱིའི་འང་ཡ་ལའོ་ཞེས་པས་ཨུ་ཡིག་དབྱིའོ། །ཤམ་སོགས་རྣམས་ཀྱི་ཡན་ལ་རིང་པོའོ། །མཚོན་པར་བྱ་བའི་ཆེད་དུ་བ་ཉིད་ཀྱི་ཕྱིར་བརྡ་སྤྲོད་པའི་ཤམ་སོགས་བརྒྱད་གཟུང་ངོ་། །ཤ་མུ་ཉེ་བར་ཞི་བ། ཏ་མུ་འདོད་པ། ད་མུ་ཉེ་བར་ཞི་བ། ཤ་མུ་དཀའ་དུ་བ། བྲ་མུ་མི་གནས་པ། ཀྵ་མུཥ་བཟོད་པ། ཀླ་མུ་ངལ་བ། མ་དཱི་དགའ་བ་ལའོ། །འདི་རྣམས་ཀྱི་ཡན་ཕ་རོལ་ལ་རིང་པོར་འགྱུར་རོ། །ཤཱམ་ཏི། ཏ་མྱཏ། ཤཱམྱ་ཏི། བྷྲཱམྱ་ཏི། ཀྵམྱ་ཏི། ཀླམྱ་ཏི། མཱཏྱ་ཏི། དིབ་སོགས་ལས་ཡནའོ། །འདིས་རིང་པོའོ། །ཡན་ ཞེས་པ་ཅི་ཞེ་ན། ཤ་མི་ཏཱ། ཥྛི་བུ་ཀླ་མུ་ཨ་ཙ་མ་རྣམས་ཀྱི་ཨན་ལའོ། །ཥྛི་བུ་ངེས་པར་གནས་པ་ལའོ། །ཀླ་མུ་ངལ་བའོ། །ཙ་མུ་ཟ་བ་ལའོ། །ཨཱང་སྔོན་དུའོ། །འདི་རྣམས་ཀྱི་ཨན་ཕ་རོལ་ལ་རིང་པོར་འགྱུར་རོ། །སྠི་བ་ཏི། ཀླཱ་མ་ཏི། ཨཱ་ཙཱ་མ་ཏི། ཀླ་མུ་ལ་བཤད་པ་ཉིད་ལས་ཨནྦི་ཀ་ར་ཎའོ། །ཨན་ལ་ཞེས་པ་ཅི་ ཞེ་ན། ཥྛ་བཏཱི། ཙ་མུའི་ཨཱང་སྔོན་མ་ཉེ་བའི་ཚིག་ཅན་ལས་གཞན་ལ་མི་འགྱུར་རོ། །ཙ་མ་ཏི་པ་རི་ཙ་མ་ཏི། ཀྲ་མའི་པ་རསྨེེ་ལའོ། །ཨན་ལ་ཞེས་པ་འཇུག་སྟེ། ཛ་ནིའི་བི་ཀ་ར་ཎ་ལ་ཛཱའོ་ཞེས་པ་འདི་ལས་གོང་དུའོ། །ཀྲ་མུ་རྐང་པ་བསྐྱོད་པ་ལའོ་ཞེས་པ་འདིའི་ཨན་དང་པ་རསྨེེའི་ཚིག་ཕ་རོལ་ལ་རིང་པོར་འགྱུར་རོ། །ཀྲཱ་ མ་ཏེ། ཀྲཱ་མ་ཏཿ། ཀྲཱ་མནྟི། ཡན་ཕ་རོལ་ལའང་འདོད་དེ། ཀྲཱ་མྱ་ཏེ། བཤད་པ་ལས་ཡནའོ། །པ་རསྨེེ་ཞེས་པ་ཅི་ཞེ་ན། ཨཱ་ཀྲ་མ་ཏེ་བྷ་ནུཿ། གམ་ཨི་ཥུ་ཡ་མ་རྣམས་ཀྱི་ཚའོ། །པ་རསྨེེ་ཞེས་པ་མི་འཇུག་གོ། །གམླྀ་འགྲོ་བ་ལའོ། །ཨི་ཥུ་འདོད་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ། །འདི་རྣམས་ཀྱི་ཨན་ཕ་རོལ་ལ་ཚ་ཉིད་དུ་ འགྱུར་རོ། །གཙྪ་ཏི། སཾ་གཙྪ་ཏེ། ཨིཙྪ་ཏི། ཡཙྪ་ཏི། སཾ་སྔོན་མ་ཅན་གྱི་ག་མཱི་ཏུ་ཙ་སོགས་སོ། །བཱའི་བི་བའོ། །བ་འཐུང་བ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་བི་བ་རུ་བསྒྱུར་བར་འགྱུར་རོ། །བི་བ་ཏི། བི་བ་ཏིའི་དབྱི་སྟེ་ཞེས་པའི་ཤེས་པར་བྱེད་པ་ལ་ཡོན་ཏན་མེད་དོ། །གྷྲཱའི་ཛི་གྷྲའོ། གྷྲ་ཏྲི་ལེན་པ་ལའོ་ཞེས་པ་འདིའི་ 195-1-235a ཨན་ཕ་རོལ་ལ་ཛི་གྷྲ་རུ་བསྒྱུར་བར་འགྱུར་རོ། །ཛི་གྷྲ་ཏི། དྷྨཱའི་དྷ་མའོ། །དྷྨ་སྒྲ་དང་མེ་ཀུན་དུ་སྦྱོར་བ་དག་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་དྷ་མ་རུ་བསྒྱུར་བར་འགྱུར་རོ། །དྷ་མ་ཏི། སྠཱའི་ཏིཥྛའོ། ཥྛཱ་གནས་པ་ལའོ་ཞེས་པ་འདིའི་ཨན་པ་ཕ་རོལ་ལ་ཏིཥྛ་རུ་བསྒྱུར་བར་འགྱུར་རོ། ཏིཥྛ་ཏི། མྣཱའི་མ་ནའོ། ། མྣཱ་གོམས་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་མ་ན་རུ་བསྒྱུར་བར་འགྱུར་རོ། །མ་ན་ཏི། དཱཎའི་ཡཙྪའོ། །དཱ་ཎ་སྦྱིན་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཡཙྪ་རུ་བསྒྱུར་བར་འགྱུར་རོ། །ཡཙྪ་ཏི། དཱ་ཎའི་ཎ་ཡིག་འདིའི་དོན་ཏོ། །དྲྀ་ཤིའི་པ་ཤྱའོ། །དྲྀ་ཤིར་ལྟ་བ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་པ་ཤྱ་རུ་བསྒྱུར་བར་ འགྱུར་རོ། །པ་ཤྱ་ཏི། ཨརྟིའི་རྀཙྪའོ། །རྀ་འགྲོ་བ་དང་ཐོབ་པ་དག་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་རྀཙྪ་རུ་བསྒྱུར་བར་འགྱུར་རོ། །རྀཙྪཱ་ཏི། སརྟིའི་དྷཱ་བའོ། །དྲི་ཤིར་ལྟ་བ་ལའོ་ཞེས་པ་འདིའི་ཕ་རོལ་ལ་ས་ཤ་རུ་བསྒྱུར་བར་འགྱུར་རོ། །དྷཱ་བ་ཏི། དྷཱ་བ་བསྒྱུར་བ་ནི་འགྱོགས་པར་འགྲོ་བ་ལ་འདོད་པའོ། །དེས་ན་འདིར་ མི་འགྱུར་ཏེ། པྲྀ་ཡཾ་ཨ་ནུ་ས་ར་ཏི། སྲྀ་འགྲོ་བ་ལའོ། །དྷཱ་བུ་འགྲོ་བ་དང་དག་པ་ལའོ་ཞེས་པའི་བྱིངས་གཉིས་ཀྱི། སརྟི། དྷཱ་བ་ཏི། ཞེས་པའི་སྦྱོར་བ་གཉིས་གྲུབ་པ་ལ་སྦྱོར་བ་བརྩམ་པར་བྱ་བ་མིན་ནོ་ཞེས་གསུང་ངོ་། །ཤ་དིའི་ཤཱི་ཡའོ། །ཤདླྀ་ཉམས་པ་ལའོ། །ཤདླྀ་ལ་འཇིགས་པ་དང་འགྲོ་བ་ལ་འཇུག་པ་དང་སྦྱིན་པ་རྣམས་ ལའོ་ཞེས་པས་ཡང་ནའོ། །ཤ་དིའི་ཨན་ཕ་རོལ་ལ་ཤཱི་ཡ་རུ་བསྒྱུར་བར་འགྱུར་རོ། །ཤཱི་ཡ་ཏེ། ཤ་དིའི་ཨནྦི་ཀ་ར་ཎའི་ཡུལ་ལ་ཨཱཏྨ་ནེའི་ཚིག་བཤད་པར་བྱ་སྟེ། རུ་ཙ་སོགས་ཉིད་ཀྱི་ཕྱིར་རོ། །ཥ་དིའི་ཤཱིདའོ། །ཥདླྀ་འཇིགས་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཤཱིད་དུ་བསྒྱུར་བར་འགྱུར་རོ། །རུ་ཏྲ་ཤཱིད་ཏི། ཛ་ནིའི་བི་ཀ་ ར་ཎ་ལ་ཛཱའོ། །ཛ་ནི་རབ་ཏུ་སྐྱེ་བ་ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕ་རོལ་ལ་ཛ་རུ་བསྒྱུར་བར་འགྱུར་རོ། །ཛཱ་ཡ་ཏེ། ཡ་ཛཱ་ཡེ་ཏེ། ཛཱ་ཡནྟེ། དིབ་སོགས་ལས་ཡནའོ། །ཛན་སྐྱེ་བ་ལའོ་ཞེས་པ་འདི་མ་སྨོས་པ་ནི་བི་ཀ་ར་ཎ་མེད་པའི་ཕྱིར་རོ། །ཡན་ལའོ་ཞེས་བྱ་བ་ལ་བི་ཀ་ར་ཎ་སྨོས་པ་ནི་ཕྱི་མའི་དོན་དུའོ། །ཛྙཱའི་འང་ངོ་། །ཛྙཱ་རྟོགས་པ་ ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕ་རོལ་ལ་ཛ་རུ་བསྒྱུར་བར་འགྱུར་རོ། །ཛཱ་ནཱ་ཏི། པཱུ་སོགས་རྣམས་ཀྱི་ཐུང་ངུའོ། །པཱུང་དག་པ་ལའོ་ཞེས་པ་ལ་སོགས་པའི་བི་ཀ་ར་ཎ་ཕ་རོལ་ལ་ཐུང་ངུར་འགྱུར་རོ། །པུ་ནཱ་ཏི། ལུ་ནཱ་ཏི། བསྟྲ་ཎཱ་ཏི། པཱུཉ་དག་པ་ལའོ། །ལུཉ་གཅོད་པ་ལའོ། །སྟྲྀཉ་སྒྲིབ་པ་ལའོ། །ཐུང་ངུའོ། །པུ་སོགས་ 195-1-235b རྣམས་བྲྀཏའི་མཐར་ཐུག་པའི་བར་རྣམས་སོ། །བི་ཀ་ར་ཎ་ལ་ཞེས་པ་ཅི་ཞེ་ན། པུ་ཡ་ཏེ། གསལ་བྱེད་དང་པོ་ཡོན་ཏན་ཅན་གྱི་བྱིངས་ཐམས་ཅད་པ་ལ་ཨུ་ཏའི་འཕེལ་བའོ། །ཨུ་ཡིག་གི་འཕེལ་བར་འགྱུར་ཏེ། གསལ་ཏེ་དང་པོ་ཡོན་ཏན་ཅན་ཏེ། ཡོན་ཏན་དང་བཅས་པའི་བྱིངས་ཐམས་ཅད་པ་ལ་ཡོན་ ཏན་ཅན་ནོ། །ཡོོ་ཏི། ཡོོཥི། སྟཽ་ཏི། སྟོོཥི། ཡུ་སྤེལ་བ་ལའོ། །ཥྚུཉ་བསྟོད་པ་ལའོ། །ཨནྦི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །འདིས་འཕེལ་བའོ། །དེ་བཞིན་དུ། སྟོ་ཏུ། ཨ་སྟོོཏ། པཉྩ་མཱིའི་ཏུ་དང་ཧྱ་སྟ་ནཱིའི་དིའོ། །ཨུ་ཡིག་ཅེས་པ་ཅི་ཞེ་ན། ཨེ་ཏི། ཨེ་ཏུ། ཨི་ནུ་འགྲོ་བ་ལའོ། །ཨཽ་ཞེས་བྱ་བ་མིང་ སྔོན་མ་ཅན་གྱི་འཕེལ་བ་མི་རྟག་པའི་དོན་ཏེ། དེས་ན་བི་ཀ་ར་ཎ་རྣམས་ལས་དེ་དག་གི་མི་འགྱུར་ཏེ། སུ་ནོ་ཏི། ཡོ་ཡོ་ཏི། ཡུ་བསྲེ་བ་ལ་ལའོ། །ཤིན་ཏུ་བསྲེ་བ་ལ་ཡ་སྒྲའོ། །ཙེ་ཀྲཱི་ཡི་ཏའི་ཡང་ན་འཇིག་གོ། །གཉིས་བརྗོད་དོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཡ་བཱ་ནི། ཡུ་བསྲེ་བ་ལའོ། །པཉྩ་མཱིའི་ཨཱ་ནིའོ། ། ཡུཏཿ། ཏསའོ། །བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། སྟོ་ཏཱ། ཨཱུརྞོ་ཏིའི་ཡང་ཡོན་ཏན་ནོ། །ཨཱུརྞིའི་ཨུ་ཡིག་གི་གསལ་བྱེད་དང་པོ་ལ་ཡོན་ཏན་དང་བཅས་པ་ཕ་རོལ་ལ་ཡང་ན་འཕེལ་བར་འགྱུར་རོ། །ཐོབ་པ་ལ་རྣམ་པར་བརྟག་པའོ། །པྲོརྞོ་ཏི། པྲོརྞྞོ་ཏི། པྲོརྞོོ་མི། པྲོརྞོོ་ཥི་གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། བྲོརྞུ་བཱ་ནི། ཡོན་ཏན་ཅན་ལ་ཞེས་པ་ཅི་ཞེ་ན། པྲརྞུ་ཀཏ། ཧྱསྟ་ནཱི་ལ་འང་ངོ་། །ཨཱུརྞུའི་ཧྱ་སྟ་ནཱི་ཕ་རོལ་ལ་ཡོན་ཏན་དུའང་འགྱུར་རོ། །སྔ་མས་ཕྱོགས་གཅིག་ལ་འཕེལ་བའི་དམིགས་བསལ་ལོ། །པྲོོརྞོཏ། ཧྱསྟ་ནཱིའི་དིའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨཽ་ཡིག་ཏུ་བསྒྱུར་བའོ། །ཏྲྀ་ཧིའི་བི་ཀ་ར་ ཎ་ལ་ཨིཊའོ། །གསལ་བྱེད་དང་པོ་ཡོན་ཏན་ཅན་ཞེས་པ་འཇུག་སྟེ། ཏྲྀཧ། ཧི་སི་འཚེ་བ་ལས་སོ་ཞེས་པ་འདིའི་བི་ཀ་ར་ཎ་ལས་ཕ་རོལ་ཏུ་ཨིཏ་ཨཱ་ག་མར་འགྱུར་ཏེ། གསལ་བྱེད་དང་པོ་ཡོན་ཏན་ཅན་ཕ་རོལ་པའོ། །ཨིཊའི་ཊ་ཡིག་ནི་སྔོན་གྱི་སློབ་དཔོན་པ་རབ་ཏུ་གྲགས་པའི་ཨཱ་ག་མར་གསལ་བར་བྱེད་པའི་དོན་དུའོ། ། ཏྲྀ་ཎེ་ཌྷི། ཏྲྀ་ཎེ་ཀྵི། ཏྲྀ་ཎེཏྨི། བཪྟ་མཱ་ནིའི་ཏི་དང་སི་དང་མིའོ། །རུདྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །འདིས་ཨིཊའོ། །ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་དྷའོ། །ཥ་དང་ཊ་སྡེ་ལས་ཞེས་པདྷའི་ཌྷའོ། །ཌྷ་ལ་ཌྷའི་དབྱིའོ། །ས་ཡིག་ཕ་རོལ་ལ་ཥ་ཌྷའི་ལ་ཀའོ། ཨ་ཏྲྀ་ཎེ་ཊ། ཧྱ་སྟ་ནཱིའི་དིའོ། །ན་སྒྲའོ། ། 195-1-236a ཨིཊའོ། །གསལ་བྱེད་ལས་དི་སི་དག་དབྱིའོ། །ཧའི་ཌྷའོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཏྲི་ཎ་ཧཱ་ནི། ཡོན་ཏན་ཅན་ཞེས་པ་ཅི་ཞེ་ན། ཏྲྀཎྜྷཿ། ཏསའོ། །ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །སྔ་མ་བཞིན་དུ་ཌྷ་ཉིད་ལ་སོགས་པའོ། །ན་ལས་སོ་ཞེས་བྱ་བ་ལ་བི་ཀ་ར་ཎ་ སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །བྲཱུ་ལས་ངག་དང་པོར་ཨཱིཊའོ། །གསལ་བྱེད་དང་པོ་ཡོན་ཏན་ཅན་བྱིངས་ཐམས་ཅད་པ་ལ་ཞེས་པ་འཇུག་གོ། །བྲཱུཉ་ལས་ཕ་རོལ་གྱི་ངག་གང་ཡིན་པ་དེའི་གསལ་བྱེད་དང་པོ་ཡོན་ཏན་ཅན་གྱི་བྱིངས་ཐམས་ཅད་པའི་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་ཨིཊ་ལས་ ཀྱང་ཞེས་པའི་དོན་ཏོ། །བྲ་བཱི་ཏི། བྲ་བཱི་ཥ། བྲ་བཱི་མི། བྲ་བཱི་ཏུ། ཨ་བྲ་བཱི་ཏ། གསལ་བྱེད་དང་པོ་ཞེས་པ་ཅི་ཞེ་ན། བྲ་བཱ་ནི། ཡོན་ཏན་ཞེས་པ་ཅི་ཞེ་ན། བྲུ་ཡཱ་ཏ། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། བཀྟཱ་འབྲུའི་རྩིའོ། །ཙེ་ཀྲཱི་ཡི་ཏ། འཇིག་པའི་མཐའ་ལ་ཡང་ན་འདོད་དེ། བོ་བྷ་བཱི་ཏི། བོ་བྷོོ་ཏི། རོ་ར་བཱི་ཏི། རོ་རོོ་ཏི། ཤིན་ཏུ་འབྱུང་ངོ་ཤིན་ཏུ་བརྗོད་དོ་ལ་ཡ་སྒྲའོ། །འཇིག་གོ། །ཙརྐ་རཱི་ཏཾ། པ་རསྨེེ་ཚིག་ལ་སོགས་པའང་ངོ་། །ཨསྟི་ལ་དི་སི་དག་ལའོ། །ཨས་ཡོད་པ་ལའོ། །ཞེས་པ་འདི་ལས་ཕ་རོལ་གྱི་དི་དང་སི་དག་ལས་དང་པོར་སྲིཊ་ཨཱ་ག་མ་འགྱུར་རོ། །ཨཱ་སི་ཏ། ཨཱ་སཱི། ཧསྟ་ནཱིའི་དི་དང་སིའོ། །ཨསྟཱི་ཞེས་པས་ཨ་ཡིག་གི་ ཨཱ་ཡིག་གོ། །དི་དང་ལྷན་ཅིག་སྤྱོད་པ་སྨོས་པས་འདིར་མི་འགྱུར་རོ། །ཨ་སི། སི་ལ་ཨ་ཏིའི་སི་ལའོ་ཞེས་པས་ས་དབྱིའོ། །དི་སི་ཞེས་པ་ཅི་ཞེ་ན། ཨསྟི། ཏི་ངེས་པར་བསྟན་པ་ལ་བྷུ་རུ་བསྒྱུར་བར་བྱས་པ་ན་མི་འགྱུར་ཏེ། ཨ་བྷཱུཏ། ཨ་བྷུཿ། ཨི་ཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། །སི་ཙ་ལས་སོ། །སི་ཙ་ལས་ཕ་རོལ་ གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཨ་ཀཱཪྵཱཿ། ཨ་ལཱ་བྷིཏ། ཨ་ལཱ་བྷིཿ། རུད་སོགས་རྣམས་ལས་ཀྱང་ངོ་། །མཚོན་པར་བྱ་བའི་ངོར་རུད་སོགས་ལྔ་རྣམས་གཟུང་བར་བྱ་སྟེ། རུ་དིར་མཆི་མ་འཛག་པ་ལའོ། །ཉིསྭ་པ་ཉལ་བ་ལའོ། ཤྭས་སྲོག་འཛིན་པ་ལའོ། །ཨནའང་ངོ་། །ཛ་ཀྵ་ཟ་བ་ལའོ། ། འདི་རྣམས་ལས་ཕ་རོལ་གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཨིཊ་ཐོབ་པ་ལའོ། །ཨ་རོ་དཱི་ཏ། ཨ་རོ་དཱིཿ། ཨ་སྭ་པཱི་ཏ། ཨ་སྭ་པཱིཿ། ཨ་ཤྭ་སཱིཏ། ཨ་ཤྭ་སཱིཿ། པྲ་ཎཱིཏ། པྲ་ཎཱིཿ། ཨ་ཛཀྵཱི་ཏ། ཨ་ཛཀྵིཿ། ལྔ་རྣམས་སྨོས་པ་ལས་འདིར་མི་འགྱུར་ཏེ། 195-1-236b ཨ་ཛཱ་གརྦྷ་བཱ་ན། ཡོན་ཏན་ནོ། །གསལ་བྱེད་དི་སི་དག་ཅེས་པས་དི་དབྱིའོ། །ཨད་ལས་ཨཊའོ། །ཨད་ཟ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨཱ་ད་ཏ། ཨཱདཿ། ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨཱ་ཡིག་གོ། །རུད་སོགས་ ལས་ཀྱང་འདོད་དེ། ཨ་རོ་དཏ། ཨ་རོདཿ། ཨ་སྭ་པཏ། ཨ་སྭ་པ། ཨ་ཤྭ་སཏ། ཨ་ཤྭ་སཿ། པྲཱ་ཎ་ཏ། པྲཱ་ཎཿ། ཨ་ཛ་ཀྵཏ། ཨ་ཛ་ཀྵཿ། སའི་ས་ལ་བྱིངས་ཐམས་ཅད་པ་མིན་པ་ལ་ཏའོ། །སའི་ཏེས་ཡིག་དང་པོ་ཅན་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ལ་ཏ་ཉིད་དུ་འགྱུར་རོ། །བཏྶྱ་ཏི། བས་གནས་པ། བི་བཏྶ་ཏི། སནའོ། །ཛིགྷཏྶ་ཏི། ཨ་དིའི་སན་ཨ་དྱ་ཏ་ནཱི་དག་ལ་གྷསླྀའོ་ཞེས་པས་གྷསླྀའོ། །གཉིས་བརྗོད་དོ། །སའི་ས་ལ་ཞེས་པ་ཅི་ཞེ་ན། བཀྵྱ་ཏི། བཙ་སྨྲ་བ་ལའོ། །ས་ལ་ཞེས་པ་ཅི་ཞེ་ན། བསྟཱ། བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨཱསྶི། ཨས་ཉེ་བར་འཇུག་པ་ལའོ། །ཨ་ཎ་ལ་བ་ཙིའི་ཨུ་པ་དྷཱའི་ཨོའོ། །བཙིའོ། ། ཨུ་པ་དྷཱའི་ཨན་ཕ་རོལ་ལ་ཨོ་ཉིད་དུ་འགྱུར་རོ། །ཨ་བོ་ཙཏ། ཨ་བོ་ཙ་ཏཱམ། ཨ་བོ་ཙ་ན། ཨ་སུ་བ་ཙི་ཞེས་པས་ཨནའོ། །ཨ་སྱ་ཏིའི་མཐའ་ཐའོ། །ཨ་སུ་འཕན་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཨ་ཡིག་ཨཱ་ག་མ་འགྱུར་རོ། །ཨཱསྠཏ། སྔ་མ་བཞིན་དུ་ཨ་ཎའོ། །ཤྭ་ཡ་ཏིའི་ཨའོ། །ཊུ་ཨོ་ཤྭི་འགྲོ་བ་དང་ འཕེལ་བ་དག་ལའོ་ཞེས་པ་འདིའི་ཨཎ་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་ཤྭཏ། འདི་ཉིད་ལས་ཤྭ་ཡ་ཏིའི་ཨ་ཡིག་ཏུ་བསྒྱུར་བ་སྒྲུབ་པའི་ཕྱིར་ཨཎའོ། །པ་ཏིའི་པཔྟིའོ། པཏླྀ་འགྲོ་བ་ལའོ་ཞེས་པ་འདིའི་ཨཎ་ཕ་རོལ་ལ་པཔྟིར་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨ་བཔྟཏ། པུཥ་སོགས་ཀྱི་མདོས་ཨཎའོ། །ཀྲྀ་བའི་རའི་ལའོ། །ཀྲྀ་པུ་ནུས་པ་ལའོ་ཞེས་པ་འདིའི་ཡོན་ཏན་བྱས་པའི་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། །ཀལྤྟ། ཀལྤྶྱཏི། ཡོན་ཏན་ནོ། །ར་ཡིག་གི་ལ་ཡིག་གོ། །ཀླྀ་བི་ཙྼྀ་ཏི་མིན་པའི་རྀཏ་ཨུ་པ་དྷཱ་ལས་ཀྱང་ངོ་ཞེས་པའི་ཤེས་པར་བྱེད་པ་ལས་རྀ་ཡིག་གི་ལྀ་ཡིག་ཏུ་བསྒྱུར་བར་འདོད་དེ། དེས་ན། ཙིཀླྀཔྶཏི། སནའོ། །གཉིས་བརྗོད་དོ། །མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ནས་གཞན་ལ་ཡང་ར་ཡིག་གི་མ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། བཱ་རཿ། བཱ་ལཿ། མུ་རཾ། མུ་ལཾ། ལགྷུཿ། རགྷུཿ། ཨ་ལཾ། ཨ་རཾ། ཨུ་སུ་ལཿ། ཨུ་སུ་རཿ། བ་ལི་གྷཿ། པ་རི་གྷཿ། པ་ལྱངྐཿ། ཨཪྻངྐཿ། ཨ་ཡ་ཏི་ལས་ཉེར་བསྒྱུར་གྱིའོ། །རའི་ལ་ 195-1-237a ཞེས་པ་ཁོ་ནའོ། །ཨ་ཡ་ཏི་ལ་སྟེ། ཨ་ཡ་འགྲོ་བ་ལའོ་ཞེས་པ་འདི་ཕ་རོལ་ལ་ཉེར་བསྒྱུར་གྱི་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། །བ་ལཱ་ཡ་ཏེ། པ་ལཱ་ཡེ་ཏེ། པ་ལཱ་ཡནྟེ། ཨ་ཡ་འགྲོ་བ་ལའོ། །པ་རཱ་སྔོན་དུའོ། །འདིས་རའི་ལའོ། །ཨཱ་ཏེ་ཨཱ་ཐེ་ཞེས་པའང་ངོ་ཞེས་པས་ཨིའོ། །པ་ལཱ་ ཡུ་ཏེནྷ་བ་ཏཱ་པྲཏྱ་ཡ། ཞེས་པ་འདིར་ལ་ཉིད་དུ་མི་འགྱུར་ཏེ། པྲ་ཏིའི་སྒྲ་སྔོན་མའི་ཨ་ཡ་ཏིའི་སྦྱོར་བ་མེད་པའི་ཕྱིར་རོ། །ཨ་ཡ་ཏི་ལ་ཞེས་པ་ཅི་ཞེ་ན། པ་རཱ་ཡ་ཡ་ཏ་ཏེ། ཡ་ཏཱི་འབད་པ་ལའོ། །གི་ར་ཏིའི་ཙེ་ཀྲཱི་ཡི་ཏ་ལའོ། །གྲྀ་གསལ་བ་ལའོ་ཞེས་པ་འདིའི་ཙེ་ཀྲཱྀ་ཡི་ཏ་ཕ་རོལ་ལ་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། ། ནི་ཛེ་གི་ལྱ་ཏེ། སྨད་པ་གསལ་བར་བྱེད་དོ་ལ་ཡ་སྒྲའོ། །རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨིརའོ། །འདིས་ལ་ཉིད་དོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ནི་གཱིཪྻ་ཏེ། དབྱངས་ལ་ཡང་ནའོ། །གི་ར་ཏིའི་ར་ཡིག་དབྱངས་ཕ་རོལ་ལ་ཡང་ན་ར་ཉིད་དུ་འགྱུར་རོ། །ནི་གི་ར་ཏི། ནི་གི་ལ་ཏི། ཨནའོ། ། ཨིརའོ། །ཡང་ན་ལ་ཉིད་དོ། །ནི་ག་ལ་ན་མ་ནི་ག་ར་ཎམ། ཡུཊའང་ངོ་ཞེས་པས་ཡུཊའོ། །ཡང་ནའི་སྒྲ་རྣམ་པར་གཞག་པ་རྣམ་པར་བཤད་པ་ཤེས་པར་བྱེད་པ་ལས། པྲ་ཎྡྱ་ངྒེ་ག་ལཿ། བི་ཤེ་ཏུ་ག་རཿ། འདི་རྣམས་ལས་ས་ཙ་སོགས་ལས་ཨ་ཙའོ། །བྱིངས་ཀྱི་གསུམ་པ་དང་པོ་གྷ་ཌྷ་དྷ་བྷ་མཐའི་དང་པོ་ས་དྷྭ་དག་ལ་ བཞི་པ་ཉིད་དོ། །ཆ་ཤས་གང་གི་དང་པོ་གསུམ་པ་ཡིན་པ་དེ་གསུམ་པ་དང་པོའོ། །གྷ་དང་ཌྷ་དང་དྷ་དང་བྷ་མཐའ་ཅན་ཞེས་ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །དང་པོའི་བཞི་པ་ནི་དང་པོ་བཞི་པ་སྟེ། དང་པོའི་དངོས་པོ་བཞི་པ་ཉིད་དོ། །བྱིངས་གང་གི་ཆ་ཤས་གསུམ་ པ་དང་པོའོ། །གྷ་དང་ཌྷ་དང་དྷ་དང་བྷའི་མཐའ་ཅན་གྱི་དང་པོ་གང་ཡིན་པ་དེ་ས་ཡིག་དང་ཧྭེའི་སྒྲ་ཕ་རོལ་ལ་རང་གི་སྡེ་ལ་ཡོད་པའི་བཞི་པར་འགྱུར་རོ། །ཨ་དྷོཀྵྱ་ཏ། ཨ་གྷོ་ཀྵྱ་ཏ། ཨ་བྷོཏྶྱ་ཏ། དུ་ཧ་འཇོ་བ་ལའོ། །གུ་ཧཱུ་སྡོམ་པར་བྱེད་པ་ལའོ། །བུདྷ་རྟོགས་པ་ལའོ། །བྱ་བ་ཤོར་བའི་སྱཏ་དང་། བྱིངས་ཀྱི་དང་པོར་ ཨཊའོ། །དུ་ཧའི་ད་དང་པོའི་གྷའོ། །གུ་ཧའི་ཧའི་ཌྷའོ། །འདིས་དང་པོའི་བཞི་པའོ། སྒྲ་མེད་པ་རྣམས་ལ་ཞེས་པས་གྷའི་ཀ་དང་དྷའི་ཏའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །དྷིཔྶཏི། དནྦྷུ་ཆུ་ལ་འཆོས་པ་ལའོ། །སནའོ། །གཉིས་བརྗོད་དོ། །དནྦྷུའི་ཨི་ཏའང་ངོ་ཞེས་པས་ཨི་ཉིད་དང་ཨ་བྷྱས་དབྱི་བའང་ངོ་། །འདིས་དའི་དྷའོ། ། 195-1-237b འདོད་པའི་དབང་ལས་ན་དབྱིའོ། །སྒྲ་མེད་པ་རྣམས་ལས་ཞེས་པས་བྷའི་པའོ། དྷོཀྵྱ་ཏི། དུ་ཧ་འཇོ་བ། སྱཏིའོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། །དང་པོ་དང་མཐའ་བཞིན་དུ་གཅིག་ལའོ་ཞེས་པའི་ཚིག་ལས་དུ་ཧའི་སྒྲ་བྱིངས་ལ་ཆ་ཤས་སོ། །དྷྭའི་སྒྲ་ལའང་། ཨ་དྷུགྡྷྭཾ། དུཧ་འཇོ་བ། ཨ་དྱ་ཏ་ནཱིའི་དྷྭ་མའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཨིཊ་མེད་པ་ཤིཊ་མཐའ་ཞེས་པས་སཎའོ། །བཤད་པ་ལས་དེ་འཇིག་གོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གྷའི་གའོ། །ནྱ་གྷུ་ཌྷྭམ། གུ་ཧུ་སྒྲིབ་པ་ལའོ། །ནི་སྔོན་དུའོ། །དྷྭམའོ། །སཎའོ། །བཤད་ པ་ལས་ཏེ་འཇིག་གོ། །ཧའི་ཌྷའོ། །འདིས་གྷའི་གའོ། །ཥ་དང་ཊ་སྡེ་ལས་ཞེས་པས་དྷའི་ཌྷའོ། །དྷ་ལ་ཌྷ་དབྱིའོ། །ཨུ་པ་དྷཱའི་རིང་པོའང་ངོ་། །ཨ་བྷུ་དཾ། བུ་དྷ་རྟོགས་པ་ལའོ། །དྷྭ་མའོ། །སི་ཙའོ། །སི་ཙའི་དྷ་ཡིག་ལ་ཞེས་པས་སི་ཙ་དབྱིའོ། །འདིས་བའི་བྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷའི་ དའོ། །གསུམ་པ་དང་པོ་ཅན་ཞེས་པ་ཅི་ཞེ་ན། ཀྲོཏྶྱ་ཏི། ཀྲུ་དྷ་ཁྲོ་བ་ལའོ། །གྷ་ཌྷ་དྷ་བྷ་མཐའ་ཅན་ཞེས་པ་ཅི་ཞེ་ན། དཱ་སྱ་ཏི། སྒྲུབ་པ་གང་ལ་དང་པོ་ཡིན་པ་དེའི་ཚེ་དེའི་བྱ་བའོ་ཞེས་པའི་ཚིག་ལས་ས་ཡིག་ལ་བྱ་བ་ས་ཡིག་དང་པོ་ལ་རྟོགས་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། དི་དམྦྷིཥ་ཏི། ས་དྷྭ་དག་ལ་ཞེས་པ་ཅི་ཞེ་ན། དོགྷྷ། ཕྱིས་པ་ལའང་དི་སི་དག་ལའོ། །བྱིངས་ཀྱི་ཆ་ཤས་གསུམ་པ་དང་པོ་ཅན་གྷ་ཌྷ་དྷ་བྷ་མཐའི་དང་པོ་བཞི་པར་འགྱུར་ཏེ། དི་སི་ཕྱིས་པར་གྱུར་པ་ལའང་ངོ་། །ཨ་དྷོཀ །ཨ་དྷོཀ །དུ་ཧ་འཇོ་བ་ལའོ། །ཧྱསྟ་ནཱིའི་དི་དང་སིའོ། །གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་སི་དབྱིའོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། ། རྫོགས་པ་ལ་ཡང་ནའོ་ཞེས་པ་གྷའི་ཀ་ཡིག་གོ། །ཨ་ཛོ་གྷོ་ཊ། གུ་ཧུ་སྒྲིབ་པ་ལའོ། །ཤིན་དུ་སྒྲིབ་བོ་ལ་ཡ་སྒྲའོ། འཇིག་གོ། །གཉིས་བརྗོད། དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །སྔ་མ་བཞིན་དུ་དི་དབྱིའོ། །ཧའི་ཌྷའོ། །འདིས་གའི་གྷའོ། །སྔ་མ་བཞིན་དུ་ཌྷའི་ཊའོ། །འོ་ན་སི་དབྱི་བའི་ཡུལ་ལ་རྐྱེན་ཕྱིས་པ་ ལ་རྐྱེན་གྱི་མཚན་ཉིད་དོ་ཞེས་པའི་ཚིག་ལས། སྔ་མས་དང་པོ་བཞི་པ་ཉིད་དུ་གྲུབ་བོ་ཞེས་པས་སི་སྨོས་པ་དོན་མེད་དོ་ཞེ་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། ས་ཡིག་ལ་ནི་ཡི་གེའི་བྱ་བ་སྔ་མ་ལ་བསྒྲུབ་པར་བྱའོ། །ཡི་གེ་ལ་སོ་སོར་བརྟེན་པའི་བྱ་བ་རྐྱེན་གྱི་མཚན་ཉིད་ལ་མ་ཡིན་ཏེ་ཡི་གེ་ལ་བརྟེན་པ་ལ་རྐྱེན་གྱི་མཚན་ཉིད་མེད་དོ་ 195-1-238a ཞེས་བཀག་པའི་ཕྱིར་རོ། །ད་དྷཱ་ཏིའི་ཏ་ཐ་དག་ལ་འང་ངོ། །གྷ་ཌྷ་དྷ་བྷ་མཐའ་ཞེས་པ་འདི་ལས་དྷ་མཐའ་སྨོས་པ་འཇུག་སྟེ། ཌུ་དྷཉ་འཛིན་པ་དང་ཁེ་ན་པ་ལའོ་ཞེས་པ་འདི་དྷ་མཐའི་དང་པོ་བཞི་པར་འགྱུར་ཏེ། ས་ཡིག་དང་དྷཱའི་སྒྲ་ཕ་རོལ་ལའོ། །ཏ་ཐ་སྟེ་ཏ་ཡིག་དང་ཐ་ཡིག་དག་ལའང་ངོ་། ། དྷཏྶེ། དྷདྡྷེ། ཌུདྷཱཉ་འཛིན། བརྟ་མཱ་ནའི་སེ་དང་དྷེའོ། །ཨནའོ། །ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ཀྱི་གཉིས་བརྗོད་དོ། །གཉིས་པ་བཞི་པ་ཞེས་པས་དྷའི་དའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་དབྱིའོ། །འདིས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་དྷའི་ཏའོ། །ཏ་ཐ་ལ་ངེས་པར་ཡང་། དྷཏྟཿ། དྷ་ཏྠཿ། ཌུ་དྷྣཉ། ཏས་དང་ཐསའོ། །གཞན་སྔ་མ་བཞིན་ནོ། །དྷའི་མཐའ་ཞེས་པ་ཅི་ཞེ་ན། ད་དྷཱ་ཏི། ད་དྷཱ་སི། ཨཱ་དབྱི་བར་མི་འགྱུར་ཏེ། དེའི་ཡོན་ཏན་སྒྲུབ་པའི་ཕྱིར་རོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་དྲུག་པའི་རྐང་པ་རྫོགས་སོ།། །།བྱིངས་ཐམས་ ཅད་པ་མིན་པའི་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ་ཨཱ་ག་མའོ། །བྱིངས་ལས་གསལ་བྱེད་དང་པོ་ཅན་ཡིན་ལ་ཡ་ཡིག་དང་པོ་ནི་མིན་པའི་བྱིངས་ཐམས་ཅད་པ་མིན་པའི་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པའི་དོན་ཏོ། །དྷ་བ་ཏཱི། བྷ་བི་ཥྱ་ཏི། ཨ་བྷ་ བི་ཥྱ་ཏ། བྷ་བི་ཏཱ། བྷ་བི་ཏུཾ། བྷ་བི་ཏ་བྱཾ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙའོ། །འདོད་པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་ཞེས་པས་ཏུམའོ། །ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པས་ཏ་བྱའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཨཱ་ཏེ། གསལ་བྱེད་དང་པོ་ཞེས་པ་ཅི་ཞེ་ན། བ་བྷཱུ་བ། ཡ་ཡིག་དང་པོའི་ མིན་པའི་ཞེས་པ་ཅི་ཞེ་ན། བྷུ་ཡཱ་ཏ། བྲྀ་ཎོ་ཏི་ལས་སྒྲིབ་པར་བྱེད་པ་ལ་ཞེས་པའི་ཤེས་པར་བྱེད་པ་ལས་བི་ཀ་ར་ཎའི་མི་འགྱུར་ཏེ། གྲྀ་ཧུ་ཏི། སྣུ་ཀྲ་མི་དག་ལས་པ་རསྨེེ་ལའོ། །པ་རསྨེེའི་ཚིག་གི་རྒྱུ་མཚན་རྣམས་ལས་སོ་ཞེས་སློབ་དཔོན་གྱི་བཀླགས་པས་སོ་ཞེས་གསུངས་སོ། །སྣུ་རབ་ཏུ་འཇིགས་པ་ལའོ། ། ཀྲ་མུ་རྐང་པ་འགོད་པ་ལའོ། །འདི་དག་ལས་པ་རསྨེེའི་ཚིག་གི་རྒྱུ་མཚན་གྱི་བྱེད་པ་ལས་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ཅན་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པ་ལ་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །པྲསྣ་བིཏ། ཀྲ་མི་ཏཱ། ཀྲ་མིཥྱ་ཏི། ཙིཀྲ་མིཥྱ་ཏི། འདིར་སྣུ་དང་ཀ་མི་པ་རསྨཻའི་ཚིག་གི་སྔོན་མས་ 195-1-238b གྲུབ་པ་ལ་སླར་ཡང་བརྗོད་པ་ནི་ངེས་པའི་དོན་དུའོ། །པ་རསྨེེའི་ཚིག་གི་རྒྱུ་མཚན་ཁོ་ནས་ཇི་ལྟ་བ་བཞིན་འགྱུར་བའི་ཕྱིར་དེ་དག་ལས་ཨཱཏྨ་ནེའི་རྒྱུ་མཚན་ལས་ནི་མི་འགྱུར་རོ། །པྲསྣོ་ཥཱིཥྚ། པྲ་ཀྲཾ་སཱིཥྚ། བྲསྣོ་ཥྱཏི། བྲ་ཀྲཾ་སྱ་ཏེ། དངོས་པོ་དང་ལས་དག་ལས་ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་པས་ཨཱཏྨ་ནེའི་ཚིག་གོ། ། དེ་བཞིན་དུ། པྲ་ཀྲནྟ། པྲ་དང་ཨུ་པ་སྔོན་དུའོ། །ཀྲ་མི་སོགས་ལས་ཀྱི་དོན་ལ་རུ་ཙ་སོགས་སོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ། །གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་ཞེས་པ་ཁོ་ནའོ། །དེའང་དོན་གྱི་དབང་ལས་བདུན་པའི་མཐའ་ཞེས་པར་བྱའོ། །རུད་སོགས་ཀྱི་ཚོགས་ལས་ཕ་རོལ་གྱི་གསལ་ བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པ་ཅན་གྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །རོ་དི་ཏི། སྭ་པི་ཏི། ཤྭ་སི་ཏི། པྲ་ཎི་ཏི། ཛཀྵི་ཏི་གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། རུ་དནྟི། ཡ་ཡིག་དང་པོ་མིན་པ་ལ་ཞེས་པ་ཅི་ཞེ་ན། རུ་དྱཱཏ། རུདྱ་ཏེ། ཞེས་པ་འདིར་ཨིཊ་ཨཱ་ག་མ་མི་འགྱུར་ཏེ། ཡཎ་བྱས་པ་ལ་བརྟག་པ་བྱས་པ་ཉིད་ཀྱི་ཕྱིར་རོ། །ལྔ་རྣམས་ཀྱི་རུད་སོགས་སྨོས་པ་ལས་འདིར་མི་འགྱུར་ཏེ། ཛཱ་གཏྟི། ཨཱི་ཤ་ལས་ས་ལའོ། །བྱིངས་ཐམས་ཅད་པ་ལའོ་ཞེས་པ་ཁོ་ནའོ། །ཨཱི་ཤ་དབང་ཕྱུག་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ས་ལས་ཏེ། ས་ཡིག་དང་པོ་ཅན་གྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དང་པོར་ཨིཊ་ ཨཱ་ག་མར་འགྱུར་རོ། །ཨཱི་ཤིཥེ། ཨཱི་ཥིཥྭ། ཨཱིཌ་ཛན་དག་གི་ས་དང་དྷྭ་ལའང་ངོ་། །བྱིངས་ཐམས་ཅད་པ་ལའོ་ཞེས་པ་ཁོ་ནའོ། །ཨཱིཌ་བསྟོད་པ་ལའོ། །ཛན་སྐྱེ་བ་ལའོ། །འདི་དག་དང་འབྲེལ་པ་ཅན་གྱི་ས་ཡིག་དང་པོ་ཅན་དང་། དྷྭའི་སྒྲ་དང་པོ་ཅན་གྱི་བྱིངས་ཐམས་ཅད་པ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་ཞིང་། འང་གི་སྒྲ་ ལས་ཨཱི་ཤ་ལས་ཀྱང་ངོ་། །ཨཱི་ཌི་ཥེ། ཨཱི་ཌི་ཥྭ། ཨཱི་ཌི་དྷེ། ཨི་ཌི་དྷྭཾ། བརྟ་མཱ་ནིའི་སེ་དང་དྷེའོ། །པཉྩ་མིའི་སྭ་དང་དྷཱཾའོ། །བྱ་ཏི་ཛ་ཛྙིཥེ། བྱ་ཏི་ཛ་ཛྙི་ཥྭ། བྱ་ཏི་ཛ་ཛྙི་དྷྭེ། བྱ་ཏི་ཛ་ཛྙི་དྷཱཾ། བི་དང་ཨ་ཏི་དག་སྔོན་དུའོ། །ཛུ་ཧོ་ཏི་སོགས་ལས་གཉིས་བརྗོད་དོ། །ཨིཊའོ། །གམ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཏ་སྡེའི་ཙཊའི་སྡེ་པ་ ཞེས་པས་ནའི་ཉའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ་ཞེས་པ་འདི་གཟུང་བར་བྱ་བ་མ་ཡིན་ཏེ། ཡན་གྱིས་འགེགས་པའི་ཕྱིར་རོ། །ཨཱི་ཤ་ལས་ངེས་པར་ཡང་། ཨཱི་ཤི་དྷེ། ཨཱི་ཤི་དྷྭཾ། གམ་ལས་ས་ལ་པ་རསྨེེ་ལའོ། །པ་རསྨེེའི་ཚིག་གི་རྒྱུ་མཚན་ལས་ཞེས་པའི་སློབ་དཔོན་གྱི་མདོ་བཀླགས་པས་བྱིངས་ཐམས་ཅད་པ་མིན་པ་སྨོས་པ་ 195-1-239a རྗེས་སུ་འཇུག་གོ། །པ་རསྨཻའི་ཚིག་གི་རྒྱུ་མཚན་ཅན་གམ་གང་ཡིན་པ་དེ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ས་ཡིག་གང་ཡིན་པ་དེ་ལ་སྟེ། ས་ཡིག་ལ་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །ཡ་མི་ར་མི་ན་མི་ག་མི་ཞེས་པའི་དགག་པ་འགེགས་པའོ། །ག་མི་ཥྱ་ཏི། པ་རསྨེེའི་ཚིག་སྨོས་པ་ ནི་གལ་ཏེ་ས་ཡིག་ཁྱད་པར་གྱུར་པའི་སན་ལས་ཨིཊ་ཨཱ་ག་མར་མི་འགྱུར་རོ། །ཛི་ག་མི་ཥ་ཏི། ཛི་ག་མི་ཥ། ཤནྶི་དང་རྐྱེན་ལས་ཞེས་པས་ཨ་ཡིག་གི་རྐྱེན་ནོ། །བུད་མེད་ལ་ཨ་ལས་ཨཱ་བའོ། །ཛི་ག་མི་ཥུཿ། སན་མཐའ་དང་ཨཱ་ཤང་སི་དང་ཞེས་པས་ཨུའོ། །ཨའིང་དབྱིའོ། །འོ་ན་ག་མི་ཐམས་ཅད་དུ་པ་རསྨེེའི་ཚིག་གི་ རྒྱུ་མཚན་དུ་སྦྱོར་བ་ཉིད་ཀྱི་ཕྱིར་པ་རསྨཻའི་ཚིག་གི་རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། སཾ་གཾ་གཱིཥྚ། སཾ་གཾ་སྱཏེ། གམ་ལས་སཾ་སྔོན་མ་ཅན་ནི་རུ་ཙ་སོགས་སོ། །དེ་བཞིན་དུ། ཨ་དྷི་ཛི་གཱསྶ་ཏེ། ཨིང་འགྲོ་བ་ལའོ། །ཨ་དྷི་སྔོན་དུའོ། །སན་ལ་ཨིཎ་ཨིང་དག་གི་ག་མིའོ། །གཉིས་བརྗོད་དོ། །ཧན་དང་ཨིངའི་གམ་དག་གི་ཨུ་ པ་དྷཱའི་ཞེས་པས་རིང་པོའོ། །འདིར་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གམ་ལས་ཨཱཏྨ་ནེའི་ཚིག་གི་རྒྱུ་མཚན་ནོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ། །ཧན་འཚེ་བ་དང་འགྲོ་བ་ལ་ཞེས་པའི་བྱིངས་འདི་ལས་དང་རྀཏ་མཐའ་རྣམས་ལས་ཀྱང་ཕ་རོལ་གྱི་ས་ཡིག་དང་པོ་ཅན་གྱི་རྐྱེན་ལ་དང་པོར་ཨིཊི་ཨཱ་ག་མར་འགྱུར་རོ། ། ཧ་ནི་མ་ནྱ་ཏི་ལས་ན་ལས་སོ་ཞེས་པ་དང་། རྀཏ་ལ་བྲྀང་བྲིཉ་མིན་པ་ལས་ཞེས་པའི་དགག་པ་འགེགས་པའོ། །ཧ་ནི་ཤྱ་ཏེ། ཀ་རི་ཤྱ་ཏི། སྱ་ལ་ཞེས་པ་ཅི་ཞེ་ན། ཛིགྷཾ་བ་ཏི། ཨ་བྷྱཱས་ལས་ཀྱང་ངོ་ཞེས་པས་གྷའོ། །ཧན་དང་ཨིངའི་གམ་དག་གི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཨཉྫི་ལས་ས་ཙི་ལས་སོ། ཨཉྫུ་གསལ་བ་ ལའོ་ཞེས་པའི་བྱིངས་འདི་ལས་ཕ་རོལ་གྱི་སི་ཙ་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །ཨུ་རྗེས་སུ་འབྲེལ་བ་ཉིད་ལས་རྣམ་པར་བརྟག་པ་ཐོབ་པ་ལའོ། །ཨཱཉྫཱིཏ། ཨཱཉྫཱཥྚཱཾ། ཨཱཉྫི་ཥུཿ། དི་དང་ཏཱམ་དང་ཨན་དང་སི་ཙའོ། །འདིས་ཨིཊའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་སི་ཙ་དབྱིའོ། ཨནའི་ཨུསའོ། ། ཨའི་ཡི་གེའི་ཨ་དབྱིའོ། །སི་ཙ་ལ་ཞེས་པ་ཅི་ཞེ་ན། ཨཾ་ཀྟཱ། ཨཉྫི་ཏཱ། སྭ་ར་ཏི། སུ་ཏི། ཞེས་པ་ཨིཊ་ཡང་ནའོ། །སྟུ་སུ་དྷུ་ཉ་རྣམས་ལས་པ་རསྨེེ་ལའོ། །སི་ཙ་ལ་ཞེས་པ་ཁོ་ནའོ། །ཥྚུཉ་བསྟོད་པ་ལའོ། །ཥུཉ་བཀྲུ་བ་ལའོ། །ཥུ་རབ་ཏུ་སྐྱེ་བ་དང་དབང་ཕྱུག་དག་ལའོ་ཞེས་པས་ཡང་ནའོ། །ཥུ་སྲུ་འགྲོ་བ་ལའོ་ཞེས་ 195-1-239b པ་ཡང་ནའོ། །དྷུཉ་གཡོ་བ་ལའོ། །འདི་རྣམས་ལས་སི་ཙ་ཕ་རོལ་དང་པ་རསྨེེ་ཚིག་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །སྟུ་སུ་འདི་དག་གི་ཨུཏ་ལས་ཡུ་རུ་ཎུ་ཞེས་པའི་དགག་པ་འགེགས་པའོ། །དྷུཉའི་ཡང་སྭརྟི་པུ་ཏི་ཞེས་པས་རྣམ་པར་བརྟག་པའི་འོ། །ཨསྟཱི་བཱིཏ། ཨ་སཱ་བིཏ། ཨ་དྷཱ་བཱིཏ། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་འཕེལ་བའོ། །པ་རསྨེེ་ལ་ཞེས་པ་ཅི་ཞེ་ན། ཨ་སྟོཥྚ། ཨ་སོཥྚ། ཨ་དྷོཥྚ། ཨ་དྷ་བིཥྚ། ཡ་མི་ར་མི་ན་མི་ཨཱཏ་མཐའ་རྣམས་ཀྱི་སི་མཐའ་འང་ངོ་། །གང་གི་མཐའ་ཨཱཏ་ཡིན་པ་དེ་ནི་ཨཱ་ཏ་མཐའ་རྣམས་གོ། །དེ་ནས་ཟླས་དབྱེའོ། །ཡ་མུ་ཉེ་བར་འགོག་པ་ ལའོ། །ར་མུ་རྩེ་བ་ལའོ། །ནམ་འདུད་པ་དང་སྒྲ་ལའོ། །འདི་རྣམས་དང་ཨཏ་མཐའ་རྣམས་ལས་ཀྱང་འདི་རྣམས་དང་འབྲེལ་པའི་སི་ཙ་དང་། པ་རསྨཻའི་ཚིག་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་ཞིང་ས་ཡིག་ཨཱ་ག་མའང་ངོ་། །ཡ་མི་ར་མི་ན་མི་ཞེས་པ་དང་ཨཱཊ་ལས་དབྱངས་གཅིག་པ་ཨིཊ་ཡིན་ནོ་ཞེས་པའི་ཡང་དགག་པ་ འགེགས་པའོ། །ཨ་ཡཾ་སཱིཏ། ཨ་ཡཾ་སིཥྚཱ། ཨ་ཡཾ་སི་ཥུཿ། བྱ་རཾ་སཱི་ཏ། བྱ་རཾ་སིཥྚཱཾ། བྱ་རཾ་སི་ཥྭུཿ། ཨ་ནཾ་སི་ཥུཿ། དི་དང་ཏཱམ་དང་ཨན་དང་སི་ཙ་དང་ཨཱིཊའོ། །འདིས་ཨིཊའོ། །ཨིཊ་ལས་སྔོན་དུ་ས་ཡིག་ཨཱ་ག་མའོ། །སི་ཙ་དབྱིའོ། །ཨ་ནའི་ཨུསའོ། །ཨ་མཐའ་རྣམས་ཀྱི་ཨ་ཡཱ་སཱིཏ། ཨ་ཡཱ་སིཥྚཱཾ། ཨ་ཡཱ་ སི་ཥུཿ། ཡཱ་ཐོབ་པ་ལའོ། །གཞན་སྔ་མ་བཞིན་ནོ། །སྨིང་པཱུང་རཱྀ་ཨཱཉྫུ་ཨ་ཤཱུ་ཀྲཱྀ་གྲཱྀ་དྲྀ་དྷྲྀ་པྲཙྪཱ་རྣམས་ཀྱིས་སན་ལའོ། །སྨིང་འཛུམ་པ་ལའོ། །པཱུང་གཙང་བ་ལའོ། །རྀ་འགྲོ་བ་ལའོ། །ཨཉྫུ་གསལ་བ་ལའོ། །ཨ་ཤཱུ་ཁྱབ་པ་ལའོ། །ཀྲཱྀ་གཡེང་བ་ལའོ། །གྲྀ་གསལ་བར་བྱེད་པ་ལའོ། །དྲྀང་མ་གུས་པ་ལའང་ངོ། ། དྷྲྀང་ངེས་པར་འཇིགས་པ་ལའོ། །བྲཙྪ་ཤེས་པར་འདོད་པ་ལའོ། །འདི་རྣམས་ཀྱི་སན་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །སྨ་ཡ་ཏི་ལ་ཨི་ཡིག་ལས་ཤྭི་ཤྲི་ཌིད་ཤཱིང་ཞེས་པས་དགག་པ་ཐོབ་པ་ལའོ། །པཱུང་ལ་ཨུའི་ཡི་གེ་དང་གུཔ་སོགས་རྣམས་ལས་ཀྱང་ངོ་། །ཏྲྀ་དྷི་རྀ་རྣམས་ཀྱི་རྀཏ་ལས་བྲྀང་བྲྀཉ་མིན་ཞེས་ པ་དང་ཨཉྫུ་ཨ་ཤཱུ་ལ་སྭ་ར་ཏི་སུ་ཏི་ཞེས་པས་རྣམ་པར་བརྟག་པ་ཐོབ་པ་དང་དེ་བཞིན་དུ་ཀྲཱྀ་གྲཱྀ་དག་གི་རཱྀཏ་མཐའ་རྣམས་ཀྱི་སན་ལ་རྣམ་པར་བརྟག་པར་བཤད་པར་བྱ་བ་དང་བྲཙྪི་ཡང་བྲཙྪི་ལས་བྲཙྪ་ལས་སོ་ཞེས་པས་དགག་པ་ཐོབ་པ་ལའོ། །བི་སི་སྨ་ཡི་ཥ་ཏེ། བིད་བིཥ་ཏེ། ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་ 195-1-240a ཨ་ཡིག་ལ་ཨུའི་ཡི་གེའོ་ཞེས་པ་ཨི་ཉིད་དོ། །ཨ་རི་རིཥ་ཏི། དབྱངས་དང་པོ་ལས་གཉིས་པའི་ཞེས་པས་གཉིས་བརྗོད་དོ། །དེ་བཞིན་དུ། ཨཉྫི་ཛི་ཥ་ཏི། ཨ་ཤི་ཤིཥ་ཏི། ཙི་ག་རི་ཥ་ཏི། ཛི་ག་རི་ཥ་ཏི། དི་ད་རི་ཥ་ཏི། དི་དྷ་རི་ཥ་ཏེ། གཡེང་བར་འདོད་དོ། །དེ་བཞིན་དུ་གསལ་བར་ བྱེད་འདོད་དོ། མ་གུས་པར་བྱེད་འདོད་དོ། །འཇིག་པར་བྱེད་འདོད་དོ་ཞེས་པ་ལ་སནའོ། །ཨིཊའོ། །བི་བྲྀཙྪིཥ་ཏི། གྲ་ཧི་སྭ་བི་བྲཙྪ་རྣམས་ཀྱི་སན་ལའོ་ཞེས་པས་སཾ་པྲ་སཱ་ར་ཎའོ། །པཱུངའི་ང་རྗེས་སུ་འབྲེལ་པ་ངེས་པར་བསྟན་པ་ལས་པཱུཉ་ལྡོག་པའི་དོན་དུའོ། །པུ་པཱུ་ཥ་ཏི། རཱྀཏ་མཐའ་རྣམས་དང་བྲྀང་། བྲྀཉ་དག་ལས་སན་ལ་ཨིཊ་ཡང་ན་འདོད་དེ། ཏི་ཏ་རི་ཥ་ཏི། ཏི་ཏཱིཪྵ་ཏི། ཏྲཱྀ་རྐྱལ་བ་ལའོ། རྀཏ་མཐའི་ཨིརའོ། །ན་མི་ར་བ་དག་གསལ་བྱེད་ཅེས་པས་རིང་པོའོ། །བི་བ་རི་ཥ་ཏེ། བུ་བུཪྵ་ཏེ། བི་བ་རི་ཥ་ཏི། བུ་བུཪྵ་ཏི། བྲིང་ཡང་དག་པར་གུས་པ་ལའོ། །བྲྀཉ་འདམ་པ་ལའོ། །ཨིཊ་ཡང་ནའོ། །ཕྱོགས་ གཅིག་ལ་ཨིཊ་མེད་པ་ལ་དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །མཆུར་གྱུར་ཨུ་པ་དྷཱའི་འང་ཞེས་པའི་འང་གི་སྒྲ་ལས་ཨུཊའོ། །སྭ་ར་ཏི། སཱུ་ཏི། སུ་ཡ་ཏི། དྷུཉ་རྣམས་དང་ཨུཏ་རྗེས་སུ་འབྲེལ་པ་རྣམས་ལས་ཀྱང་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་བྱིངས་ཐམས་ཅད་པ་ཡིན་ པ་ལ་དང་པོར་ཨིཊ་ཨཱ་ག་མ་ཡང་ན་བཤད་པར་བྱ་སྟེ། སྭྲྀ་སྒྲ་ལའོ། །སྭ་རི་ཏཱ། སྭརྟཱ།ཥུང་སྲོག་ཆགས་འགྲོ་བ་ལའོ། །སྲ་ས་བི་ཏཱ། པྲ་སོ་ཏ། ཤུང་སྲོག་ཆགས་རབ་ཏུ་སྐྱེ་བ་ལའོ། །ཡན་བྱས་པ་ན། སུ་ཡ་ཏི། ཞེས་ངེས་པ་བསྟན་པའོ། །བྲ་ས་བི་ཏཱ། བྲ་སོ་ཏཱ། དྷུཉ་གཡོ་བ་ལའོ། །བི་དྷ་བི་ཏཱ། བི་ དྷ་ཏཱ། གཱ་ཧི་ཏཱ། གཱ་ཌྷ། ག་ཧུ་སྲུབ་པ་ལའོ། །སུ་ཏི་སུ་ཡ་ཏི་ཞེས་ངེས་པར་བསྟན་པ་ལས་ཥུ་འདེབས་པ་ལའོ་ཞེས་པ་འདི། རུང་ལ་སོགས་པ་ཅན་གྱི་སུ་བ་ཏིའི་མི་འགྱུར་ཏེ། ས་བི་ཏཱ། དྷུཉའམ་ཉ་རྗེས་སུ་འབྲེལ་བ་ནི་དྷུ་རྣམ་པར་གཡེང་བ་ལའོ་ཞེས་པ་འདི་ལྡོག་པའི་དོན་དུའོ། །དྷ་བི་ཏཱ། འདི་ཡང་རྣམ་པར་ གཞག་པ་རྣམ་པར་བཤད་པར་བྱ་སྟེ། དེས་ཨུའི་ཡི་གེ་མ་ཡིན་ཞེས་པ་ཀ་རྗེས་སུ་འབྲེལ་པ་ལ་དགག་པ་ཁོ་ནའོ། །སཱུ་ཏྭ། དྷཱུ་ཏྭ། དེ་བཞིན་དུ་རདྟ་འཚེ་བ་ལའོ། །ན་ཤ་མི་མཐོང་བ་ལའོ། །ཏྲྀ་བ་ཚིམ་པ་ལའོ། །ཏྲྀཔ་དགའ་བ་ལའོ། །དྲུཧ་འཚེ་བ་ལའོ། །མུཧ་སེམས་པ་དང་བྲལ་བ་ལའོ། །སྣུཧ་སྐྱུག་པར་ 195-1-240b བྱེད་པ་ལའོ། །སྣིཧ་དགའ་བ་ལའོ་ཞེས་པ་འདི་རྣམས་ལས་ཀྱང་ངོ་། ར་དྷི་ཏཱ། རདྡྷཱ། ན་ཤི་ཏ། ནཾཥྚཱ། མསྫི་ན་ཤ་དག་གི་དྷུཊ་ལ་ཞེས་པས་ན་ཨཱ་ག་མའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཏཪྤི་ཏཱ། ཏཪྤྟཱ། ཏྲཔྟཱ། དརླི་ཏཱ། དཪྤྟ། ཏྲཔྟཱ། བཤད་པ་ལས་ཡང་ན་ཨ་ཡིག་ཨཱ་ག་མའོ། ཏྲོ་ཧི་ཏ། ཏྲོགྡྷ། ཏྲོདྷཱ། མོ་ཧི་ཏཱ། མོགྡྡྷ། མོདྷཱ། སྣོ་ཧི་ཏཱ། སྣོགྡྷ། སྣོ་ཌྷཱ། སྣེ་ཧི་ཏཱ། སྣེ་གྷ། སྣེཌྷཱ། དྲུཧ་མུཧ་སྣུཧ་སྣིཧ་རྣམས་ཀྱི་བཤད་པ་ལས་གྷ་ཡང་ནའོ། །ཕྱོགས་གཅིག་ལ་ཧའི་ཌྷའོ། །དེ་བཞིན་དུ་ནིར་སྔ་མའི་ཀུཥི་ལས་ཀྱང་ངོ་། །ནིཥྐོ་ཥྚ། ནི་ཀོཥྚ། ནི་རའི་ར་ཡིག་རྣམ་པར་གཅད་བྱ་སྟེ། མི་ཟད་པ་མིན་པའི་རྣམ་པར་ བཅད་པ་ནི་ཞེས་པས་སོ། །ནིའི་སྒྲ་ལས་ས་ཉིད་དོ། །ཨི་བ་མཐའི་བྱིང་རྣམས་ལས་དང་། རྀདྷུ་འཕེལ་བ་ལའོ། །བྷྲསྫ་འཚེད་པ་ལའོ། །དནྦྷུ་ཚུལ་འཆོས་པ་ལའོ། །ཤྲྀཉ་བརྟེན་པ་ལའོ། །ཡུ་བསྲེ་བ་ལའོ། །ཨུཪྞུཉ་སྒྲིབ་པ་ལའོ། །བྷྲྀཉ་འགེངས་པ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །འདི་ཨིན་མཐའ་ལས་ སོ། །ཥ་ཎུ་སྦྱིན་པ་ལའོ། །ཏ་ནུ་རྒྱས་པ་ལའོ། །པཏླྀའགྲོ་བ་ལའོ། །ད་རི་དྲཱ་འགྲོ་བ་ངན་པ་ལའོ། །ཞེས་པ་འདི་རྣམས་ལས་ཀྱང་སན་ལ་ཨིཊ་ཡང་ན་འདོད་དེ། ཨི་བ་མཐའི་ལས། དི་དེ་བི་ཥ་ཏི། དུ་དྱུ་ཥ་ཏི། དི་བུ་རྩེ་བ་ལའོ། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨུཊའོ་ཞེས་པས་པ་ཡིག་གི་ཨཱུཊའོ། །གཉིས་བརྗོད་ དོ། །རྀ་དྷུ་འཕེལ་བ་ལའོ། །ཨརྟི་དྷིཥ་ཏི། སན་དང་ཨིཊའོ། །ཡོན་ཏན་ནོ། །དབྱངས་དང་པོ་ལས་གཉིས་པའི་ཞེས་པས་དྷི་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་དྷའི་དའོ། །ཕྱོགས་གཅིག་ལ་ཨཱིརྟྟྲ་ཏི། འདི་ཨཱ་སྣོ་ཏིའི་ཨཱི་སའོ་ཞེས་པ་འདིར་བསྒྲུབས་ཟིན་ཏོ། །བྷྲསྫ་ལ། བི་བྷྲིཛྫ་ཥ་ཏི། བི་བྷྲིཀྵ་ཏི། བརྩེགས་པའི་དང་པོ་ས་ཀ་ཞེས་པས་ས་དབྱིའོ། །དནྦྷུ་ལ། དི་དམྦྷི་ཥ་ཏི། དྷིཔྶ་ཏི། ཤྲིཉ་བརྟེན་པ་ལ། ཤི་ཤྲ་ཡི་ཥ་ཏི། ཤི་ཤྲཥ་ཏི། ཡུ་ལ་ཡི་ཡ་བི་ཥ་ཏི། ཛ་དང་མཐར་གནས་ཞེས་པས་ཨི་ཉིད་དོ། །ཕྱོགས་གཅིག་ལ། ཡུ་ཡཱུ་ཥ་ཏི། ཨུརྞུཉ་འགེབས་པ་ལའོ། །བྲོརྞུ་ན་བིཥ་ཏི། བྲོརྞུ་ནུཥཏི། དབྱངས་དང་པོ་ལས་གཉིས་པའི་ཞེས་པས་ནུའི་སྒྲ་གཉིས་བརྗོད་དོ། །བྷྲྀཉ་ལ། བི་བྷ་རི་ཥ་ཏི། བུ་བྷུཪྵ་ཏི། ཛྙཱ་ཁོང་དུ་ཆུད་པ་ལའོ། །ཛི་ཛྙཱ་པ་ཡ་ཥ་ཏི། ཛྙཱིཔྶ་ཏི། ཛྙཱ་ལས་ཨིནའོ། །ཨརྟི། ཧྲིཙླི་ཞེས་པས་པ་ཡིག་ཨཱ་ག་མའོ། །ཛྙཱིཔྶ་ཏི་ཞེས་པ་འདིའི་ཨཱ་སྣོ་ཏིའི་ཨི་ཞེས་པ་འདིར་གྲུབ་བོ། །ཥ་ཎུ་ལ། སི་ས་ནི་ 195-1-241a ཥ་ཏི། སི་སཱ་ས་ཏི། དྷུཊ་ལ་ཞེས་པས་ཨཱ་ཉིད་དོ། །ཏ་ནུ་རྒྱས་པ་ལའོ། །ཏི་ཏ་ནི་ཥ་ཏི། ཏི་ཏཾ་ས་ཏི། པཏླྀ་འགྲོ་བ་ལའོ། །པི་པ་ཏི་ཥ་ཏི། པེཏྤ་ཏི། སན་ལ་མི་མཱི་མཱ་དཱ་ཞེས་པ་འདིར་བསྒྲུབས་ཟིན་ཏོ། །ད་རི་དྲ་འགྲོ་བ་ངན་པ་ལའོ། །དི་ད་རི་དྲིཥ་ཏི། དི་ད་རི་དྲཱ་ས་ཏི། ད་རི་དྲ་ཏིའི་བྱིངས་ཐམས་ ཅད་པ་མིན་པ་ཞེས་པས་ཨཱ་དབྱིའོ། །ཨིཊ་མེད་པའི་སན་ལ་བཤད་པར་བྱ་བ་མ་ཡིན་ནོ། །གྲ་ཧི་ལས་པ་རོ྅ཀྵཱ་མིན་པ་ལ་ཨིཊའི་རིང་པོའོ། །གྲ་ཧི་ལས་ཕ་རོལ་གྱི་ཨིཊ་རིང་པོར་འགྱུར་རོ། །པ་རོ྅ཀྵ་མིན་པ་ལ་སྟེ་པ་རོ྅ཀྵ་ལ་ནི་ཨིཊ་གང་ཡིན་པ་དེའི་རིང་པོར་མི་འགྱུར་རོ། །གྲ་ཧཱི་ཏ། གྲ་ཧཱིཥྱ་ཏི། གྲ་ཧཱིཥྱ་ཏ། གྲ་ཧཱི་ ཏཱ། གྲ་ཧཱི་ཏུ་མ། གྲ་ཧཱི་ཏ་བྱཾ། ཨིཊ་སྨོས་པ་ནི་གྲ་ཧི་ལས་གནས་ཅན་ཉིད་ལྡོག་པའི་དོན་དུའོ། །པ་རོ྅ཀྵ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཛ་གྲྀ་ཧི་མ་བ་ཛ་གྲྀ་ཧི་མ། ཨིཊའོ་ཞེས་བརྗོད་པར་བྱ་བ་ལ་རིང་པོ་སྨོས་པ་ནི། རཱྀཏ་མཐའ་རྣམས་དང་བྲྀང་བྲྀཉ་དག་ལས་ཕ་རོལ་གྱི་ཨཱ་ཤཱིཥ་དང་པ་རོ྅ཀྵ་དོར་བར་བྱས་ནས་རིང་པོ་ཡང་ནའོ། ། ཏ་རཱི་ཏཱ། ཏ་རི་ཏཱ། སཾ་བ་རཱི་ཏཱ། སཾ་བ་རི་ཏཱ། ཨཱ་ཤཱིཥ་དང་པ་རོ྅ཀྵ་དག་ལ་ནི་མི་འགྱུར་ཏེ། ཏ་རི་ཥཱིཥྚ། བ་རི་ཥཱིཥྚ། ཏེ་རི་ཐ། ཏེ་རི་བ། ཏེ་རི་མ། ཏྲྀ་རྐྱལ་པ་ལའོ། །ཏྲཱྀ་ཕལ་བྷ་ཛ་ཏྲས་ཞེས་པས་ཨེ་ཉིད་དང་ཨ་བྷྱཱས་དབྱི་བ་དག་གོ། །བ་བ་རི་ཐ། ཤས་དད་པ་དང་པོ་ཞེས་པས་ཨེ་དང་ཨ་བྷྱཱས་དབྱི་བ་དག་མ་ཡིན་ནོ། ། ཙེ་ཀྲི་ཡི་ཏ་དག་འཇིག་པའི་མཐའ་ལས་གྲ་ཧི་ལས་ཨིཊ་རིང་པོར་མི་འདོད་དེ། ཛ་རི་གྲྀ་ཧི་ཏཱ། ཤིན་ཏུ་གཟུང་བར་བྱའོ་ལ་ཡ་སྒྲའོ། །འཇིག་གོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །འཇིག་པ་ལ་རི་རེ་ཕ་དག་ཀྱང་ངོ་ཞེས་པས་རི་ཨཱ་ག་མའོ། །ཨཱཏ་ལས་དབྱངས་གཅིག་པ་ལས་ཨིཊ་མེད་དོ། །ཨིཊ་མེད་ དེ་དབྱངས་གཅིག་པའི་བྱིངས་ཨཱཏ་ལས་ཏེ། ཨ་ཡིག་གི་མཐའ་ཅན་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨིཊ་མི་འགྱུར་རོ། །ཨིཊ་མེད་པ་འགྱུར་རོ་ཞེས་པའི་དོན་ཏོ། །དཱཏཱ། དཱསཱིཥྚ། དསྱཏི། མིན་ཞེས་བརྗོད་པར་བྱ་བ་ལ་ཨིཊ་མེད་པ་ལ་ཞེས་སྨོན་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །དབྱངས་གཅིག་པ་ལ་ ཞེས་པ་ཅི་ཞེ་ན། ད་རི་དྲི་ཏཱ། ད་རི་དྲི་ཏི་བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པས་ཨཱ་དབྱིའོ། །ཨིའི་ཡི་གེ་ལས་ཤྭི་ཤྲི་ཌིང་ཤཱིང་མིན་པ་ལས་སོ། །ཌུ་ཨོ་ཤྭི་འགྲོ་བ་དང་འཕེལ་བ་ལའོ། །ཤྲིཉ་བསྟན་པ་ལའོ། །ཌིང་འཕུར་བ་ལའོ། །ཤཱིང་ཉལ་བ་ལའོ། །འདི་རྣམས་བོར་བའི་ཨིའི་ཡི་གེ་མཐའ་དབྱངས་གཅིག་པའི་ 195-1-241b བྱིངས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཙེ་ཏཱ། ཙེ་ཥྭིཥྚ། ནེ་ཏཱ། ནེཥྱ་ཏི། དབྱངས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། ཨཱ་དཱི་དྷི་ཏཱི། ཨཱི་བེ་བི་ཏཱ། དཱི་དྷཱི་བེ་བི་དག་གི་ཨི་ཡིག་གོ་ཞེས་པས་ཨཱི་ཡིག་དབྱིའོ། །ཤྭི་ཤྲི་ཌཱིང་ཤིང་མིན་པ་ལས་ཞེས་པ་ཅི་ཞེ་ན། ཤྭ་ཡི་ཏཱ། ཤྲ་ཡི་ཏཱ། ཌ་ཡི་ཏཱ། ཤ་ཡི་ཏཱ། ཨུཏ་ལས་ཡུ་རུ་ཎུ་སྣུ་ཀྵུ་ཀྵུ་མ་ཡིན་པ་ལས་སོ། །ཡུ་བསྲེ་བ་ལའོ། །རུ་སྒྲ་ལའོ། །ཎུ་བསྟོད་པ་ལའོ། །སྣུ་རབ་ཏུ་འཛག་པ་ལའོ། །ཊུཀྵུ་སྒྲ་ལའོ། །གྵྞུ་རྣོ་བ་ལའོ། །འདི་རྣམས་སྤངས་པའི་ཨུཏ་ལས་ཏེ་ཨུ་ཡིག་གི་མཐའ་ཅན་དབྱངས་གཅིག་པའི་བྱིངས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་ པ་མ་ཡིན་པ་ལ་ཨཱིཊ་ཨཱ་ག་མ་མི་འགྱུར་རོ། །སྟོ་ཏཱ། སྟོཥྱ་ཏི། ཏ་ཕ་རོལ་བྱེད་པ་ནི་དེའི་དུས་ཀྱི་དོན་དུའོ། །དེས་ན། ལ་བི་ཏཱ། དབྱངས་གཅིག་པ་ལ་ཞེས་པ་ཅི་ཞེ་ན། སྲོརྞ་བི་ཏཱ། ཡུ་རུ་ཎུ་སྣུ་ཀྵུ་ཀྵུ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཡ་བི་ཏཱ། ར་བི་ཏཱ། ན་བི་ཏཱ། སྣ་བི་ཏཱ། ཀྵ་བི་ཏཱ། ཀྵྞ་བི་ཏ། རྀཏ་ལས་བྲྀང་བྲྀཉ་མིན་པ་ ལས་སོ། །བྲྀང་ཡང་དག་པར་གུས་པ་ལའོ། །བྲྀཉ་འདམ་པ་ལའོ། །འདི་དག་དོར་བའི་རྀཏ་ལས་ཏེ་རྀ་ཡིག་མཐའ་ཅན་གྱི་བྱིངས་དབྱངས་གཅིག་པ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཀརྟཱ། ཧརྟཱ། དབྱངས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། ཛཱ་ག་རི་ཏཱ། ཤ་ཀི་ ལས་ཀ་ལས་སོ། །ཤ་ཀ་རྣམ་པར་བཤད་པ་ལས་སོ། །ཤཀླྀ་ནུས་པའོ་ཞེས་པ་ཡང་ནའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཀ་ལས་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱི། ཤཱ་ཤ་ཀི་ཏཱ། ཞེས་སོགས་ལས་དགག་པར་མི་འགྱུར་རོ་ཞེས་ཁ་ཅིག་གོ། །ཤཀྟཱ། པ་ཙི་བ་ཙི་སི་ཙི་ རི་ཙི་མུ་ཙི་ལས་ཙ་ལས་སོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། །བཙ་སྨྲ་བ་ལའོ། །བྲུ་བའི་བ་ཙི་ཡང་ནའོ། །ཥི་ཙ་འཛག་པ་ལའོ། །རི་ཙིར་སྤོང། བི་ཙིར་འཐད་པའི་དངོས་པོ་ལའོ། །མུཙླྀ་གྲོལ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ཨིཊ་ཨཱ་ག་མར་མི་འགྱུར་རོ། །བཀྟཱ། པྲཙྪ་ ལས་ཚ་ལས་སོ། །པྲཙྪཱ་ཤེས་འདོད་པའོ། །ཞེས་པ་འདི་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ཨིཊ་ཨཱ་ག་མར་མི་འགྱུར་ཏེ། གང་གི་ཚེ་ཁྱད་པར་ཅན་དུ་གྱུར་པ་ནའོ། །པྲཥྚ། པྲཀྵྡྱཏི། ཚ་ཤ་དག་གི་ཡང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །པིཙྪི་ལས་ཨིཊ་དང་བཅས་པའོ། །དེའི་ཕྱིར་ 195-1-242a བཀླག་པར་བྱ་བ་མ་ཡིན་ནོ། །ཡུ་ཛི་རུ་ཛི་རནྫི་བྷུ་ཛི་བྷ་ཛི་བྷ་ཛི་སནྫི་ཏྱ་ཛི་བྷྲསྫི་ཡ་ཛི་མསྫི་སྲི་ཛི་ནི་ཛི་བི་ཛི་ཥྭསྫི་ལས་ཛ་ལས་སོ། །ཡུ་ཛིར་སྦྱོར་བ་ལའོ། ཡུ་ཛ་ཏིང་ངེ་འཛིན་ལའོ་ཞེས་པས་ཡང་ནའོ། །རུ་ཛོ་འཇོམས་པ་ལའོ། །རནྫ་ཚོས་པལའོ། །བྷཛ་བསྟེན་པ་ལའོ། །བྷནྫོ་ཉེད་པ་ལའོ། །བྷྲཛ འཚེད་པ་ལའོ། །བྷུཛ་སྐྱོང་བ་ལའོ། །བྷུཛོ་འཁྱོག་པོ་ཉིད་ལའོ། །ཡཛ་ལྷ་མཆོད་པ་ལའོ། །ཥྭནྫ་ཡོངས་སུ་འཁྱུད་པ་ལའོ། །ཊུ་མསྫོ་དག་པ་ལའོ། །ཏྱཛ་སྤོང་བ་ལའོ། །སྲྀཛ་སྤྲོ་བ་ལའོ། །ནི་ཛིར་དག་པ་ལའོ། །བི་ཛིར་ཐ་དད་པའི་དངོས་པོ་ལའོ། །སནྫ་འགྲོགས་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །གང་གི་ཚེ་ཐམས་ཅད་ཀྱི་ཐམས་ཅད་རྣམས་བཤད་པ་ནི་རེ་ཞིག་དཀའོ། །ཡོཀྟཱ། རོཀྟཱ། རངྐཱ་། བྷཀྟཱ། བྷངྐྟཱ། བྷྲཥྚཱ། བརྩེགས་པའི་ས་དག་དག་གི་ཞེས་པས་ས་དབྱིའོ། །བྷྲྀཛ་སོགས་རྣམས་ཀྱི་ཥའོ། །བྷོཀྟཱ། ཡཥྚཱ། པ་རི་ཥྭཾ་ཀྟཱ། མཾ་ཀྟ། མསྫི་ན་ཤ་དག་གི་ ཞེས་པས་ན་ཡིག་ཨཱ་ག་མའོ། །བྲཤྩི། མསྫ་དག་གི་དྷུཊ་ལ་ཞེས་པས་ས་དབྱིའོ། །ཏྱཀྟཱ་སྲཥྚཱ། སྲྀ་ཛི་ཏྲྀ་ཤ་དག་གི་ཨ་ཡིག་ཨཱ་ག་མའོ། །བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །ནེཀྟཱ། བེཀྟཱ། སཾ་ཀྟཱ། མྲྀ་ཛུཥ་དག་པ་ལའོ་ཞེས་པ་འདི་ཨུ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ་དེའི་ཕྱིར་བཀླག་པར་བྱ་བ་མ་ཡིན་ཏེ། མཱཪྵྚ། མཱཪྫི་ཏཱ། མཪྫིའི་མཱཪྫིའོ། །ཏུ་དི་ནུ་དི་ཀྵུ་དི་སྭི་དྱ་ཏི། བིདྱ་ཏི། ཛིནྡ་ཏི་བི་ན་ཏྟི་ཙྪི་དི་བྷི་དི་ཤ་དི་ས་དི་པ་དི་སྐནྡི་ཧ་དི་ཨ་དི་ཁི་དི་ལས་ད་ལས་སོ། །ཏུད་འཐོར་བ་ལའོ། །ནུད་བསྐུལ་བ་ལའོ། །ཀྵུ་དིར་ཕྲ་མོར་བྱེད་པ་ལའོ། །སྭིད་ལུས་ཀྱི་རྣམ་འགྱུར་ལའོ། །དི་བ་སོགས་ལས་ཡནའོ། །བིད་ཡོད་པ་ལའོ། །ཡནའོ། །བིདླྀ་ ཐོབ་པ་ལའོ། །མུ་ཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མའོ། །བིད་རྣམ་པར་དཔྱོད་པ་ལའོ། །རུ་དྷ་སོགས་ལས་དབྱངས་ལས་ན་སྒྲའོ། །ཙྪི་དིར་གཉིས་སུ་བྱེད་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཤདླྀ་འཇོམས་པ་ལའོ། །ཤདླྀ་དམན་པར་བྱེད་པ་ལའོ་ཞེས་པས་ཡང་ནའོ། །སདླྀ་འགྲོ་བ་དང་འཇིག་པ་དང་ ངེས་པར་ཀུན་སྦྱིན་པ་ལའོ། །སདླྀ་ངེས་པར་ཉམས་པ་ལའོ་ཞེས་པས་ཡང་ནའོ། །པ་ད་འགྲོ་བ་ལའོ། །སྐནྡིར་སྐེམས་པ་ལའོ། །ཧ་ད་བཤང་བ་འདོར་བ་ལའོ། །ཨད་ཟ་བ་ལའོ། །ཁི་དི་སྐྱོ་ཉབ་ལའོ། །ཁི་ད་ཡོངས་སུ་གདུང་བ་ལའོ་ཞེས་པས་ཡང་ནའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ 195-1-242b ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཏོཏྟ། ནོཏྟ། ཀྵོཏྟ། སྭེཏྟ། བེཏྟ། དངོས་པོའི་ཡང་ངོ་། །བེཏྟ། ནོར་གྱི་ཐོབ་པོ་ཞེས་པའི་དོན་ཏོ། །བེཏྟ། རྣམ་པར་སྤྱོད་དོ་ཞེས་པའི་དོན་ཏོ། །ཙྪེཏྟཱ། བྷེཏྟ། ཤཏྟཱ། སཏྟཱ། སྐཏྟཱ། པཏྟཱ། ཧཏྟཱ། ཨཏྟཱ། ཁེཏྟཱ། བེད་ཤེས་པའི་དོན་ལ་ཨིཊའོ། །བེ་དི་ཏཱ། རཱ་དྷི་རུ་དྷི་ཀྲུ་དྷི་ཀྵུ་དྷི་བཾ་དྷི་ཤུ་དྷི་ སི་དྷྲ་ཏི་བུ་དྷྲ་ཏི་ཡུ་དྷི་བྱ་དྷི་སཱ་དྷི་ལས་དྷ་ལས་སོ། །ར་དྷ་ཡང་དག་པར་གྲུབ་པ་ལའོ། །རུ་དྷིར་འགོག་པ་ལའོ། ཀྲུ་དྷ་ཁྲོ་བ་ལའོ། །ཀྵུ་དྷ་བཀྲེས་པ་ལའོ། །བཾ་དྷ་འཆིང་བ་ལའོ། །ཤུ་དྷ་གཙང་བ་ལའོ། །ཥི་དྷྱ་ཡང་དག་པར་གྲུབ་པ་ལའོ། །ངེས་པར་བསྟན་པ་ལས་ཡནའོ། །བུ་དྷ་ཁོང་དུ་ཆུད་པ་ལའོ། །ཡུ་དྷ་གཡུལ་ འཁྲུག་པ་ཞལའོ། །བྱ་དྷ་བསྣུན་པ་ལའོ། །སཱ་དྷ་ཡང་དག་པར་འགྲུབ་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །རཱདྡྷཱ། རོདྡྷཱ། ཀྲོདྡྷྭ། ཀྲོདྡྷ། བཾདྡྷཱ། ཤོདྡྷཱ། སེདྡྷཱ། བོདྡྷཱ། ཡོདྡྷཱ། བྱདྡྷཱ། སདྡྷཱ། སཱདྡྷཱ། སིདྷྱིཏི། ཞེས་ཡན་གྱི་ངེས་པར་བསྟན་པ་ལས་ ཥི་དྷུ་འགྲོ་བ་ལའོ་ཞེས་པ་བུ་སོགས་ཅན་འདི་ལྡོག་པའི་དོན་དུའོ། །དེས་ན། སེ་དྷི་ཏཱ། ཧ་ནི་མ་ནྱ་སྟི་ལས་ན་ལས་སོ། །ཧན་འཚེ་བ་ལའོ། །མན་ཤེས་པ་ལའོ། །ཡན་གྱི་ངེས་པར་བསྟན་པ་ལས་སོ། །འདི་དག་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལས་ཨིཊ་ཨཱ་ག་མར་མི་འགྱུར་རོ། །ཏནྟཱ། མནྟཱ། མནྱ་ ཏི་ཞེས་ངེས་པར་བསྟན་པས་ཁ། མ་ནུ་ཁོང་དུ་ཆུད་པ་ལའོ་ཞེས་པའི་ཏན་སོགས་ཅན་འདི་ལྡོག་པའི་དོན་དུའོ། །མ་ནི་ཏཱ། ཨ་པི་ཏ་པི་ཏི་པི་སྭ་པི་བ་པི་ཤ་པི་ཚུ་པི་ཀྵི་པི་ལི་པི་ལུ་པི་སྲི་པི་ལས་པ་ལས་སོ། །ཨཱཔླྀ་ཁྱབ་པ་ལའོ། །ཏབ་ཡང་དག་པར་གདུང་བ་ལའོ། །ཏིབླི་ཟག་པར་བྱེད་པའི་དོན་ཏོ། །ཉཥྭི་བ་ཉལ་བ་ལའོ། ། ཌུབ་པ་ས་བོན་འདེབས་པ་ལའོ། །ཤབ་སྨོད་པ་ལའོ། །ཚུ་བ་རེག་པ་ལའོ། །ཀྵི་པ་གཏོང་བ་ལའོ། །ལི་པ་ཉེ་བར་བྱུག་པ་ལའོ། །ལུཔླྀ་གཅོད་པ་ལའོ། །སྲྀཔླྀ་འགྲོ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨཱཔྟཱ། ཏཔྟཱ། ཏེབྟཱ། སྭཔྟཱ། པཔྟཱ། ཤབྟཱ། ཆོཔྟཱ། ཀྵེཔྟཱ། ལེཔྟཱ། ལོཔྷཱ། པཏྦྷ། སྲཔྟ། བཤད་པ་ལས་ཨཱ་ཡིག་ཨཱ་ག་མ་ཡང་ནའོ། །ཏྲྀ་བི་ཏྲྀ་པི་དག་ར་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་ལ་ཡང་ན་ཞེས་པ་བཀླག་པར་བྱ་བ་མིན་ནོ། །ཡ་བྷི་ར་བྷི་ལ་བྷི་རྣམས་ལས་བྷ་ལས་སོ། །ཡ་བྷ་ཕྱིན་ཅི་ལོག་ཏུ་འཁྲིག་པ་ལའོ། །ར་བྷ་རྩོམ་པ་ལའོ། །ཌུ་ལ་བྷ་ཥ་ཐོབ་པ་ལའོ། ། 195-1-243a འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཡནྟཱ། རནྟཱ། ནནྟཱ། གནྟཱ། ཡ་མི་ར་མི་ན་མི་ག་མི་ལས་མ་ལས་སོ་ཡམ་ཉེ་བར་འཇིག་པ་ལའོ་ར་མུ་རྩེ་བ་ལའོ་ཎམ་འདུད་པ་དང་སྒྲ་ལའོ་གམླྀ་འགྲོ་བ་ལའོ་འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ ཡིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཡནྟཱ། རནྟཱ། ནནྟཱ། གནྟཱ། རྀ་ཤི་རུ་ཤི་ཀྲུ་ཤི་བི་ཤི་ལི་ཤི་དི་ཤི་ཏྲྀ་ཤི་སྤྲྀ་ཤི་མྲྀ་ཤི་དཾ་ཤི་ལས་ཤ་ལས་སོ། །རི་ཤ་ཏུ་ཤ་འཚེ་བ་ལའོ། །ཀྲུ་ཤ་བདེ་བ་ལའོ། །བི་ཤ་འཇུག་པ་ལའོ། །ལིཤ་ཆུང་བའི་དངོས་པོ་ལའོ། །དིཤ་སྤྱིར་བཏང་བ་ལའོ། །དྲྀ་ཤིར་བལྟ་བ་ལའོ། །སྤྲྀ་ཤ་ རེག་པ་ལའོ། །མྲྀ་ཤ་ཀུན་ནས་བཟོད་པ་ལའོ། །དཾ་ཤ་ཟ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་དང་པོར་ཨིཊ་ཨཱ་ག་མར་མི་འགྱུར་རོ། །རེཥྚཱ། རོཥྚཱ། ཀྲོཥྚཱ། བེཥྚཱ། ལེཥྚཱ། དེཥྚཱ། ཏྲཥྚཱ། སྲྀ་ཛི་ཏྲྀ་ཤ་དག་ལས་ཨ་ཡིག་ཨཱ་ག་མའོ། །མཥྚཱ། ཡཏྵྚཱ།བཤད་པ་ལས་ཨ་ ཡིག་ཨཱ་ཡིག་མ་ཡང་ནའོ། །དེ་བཞིན་དུ། མྲཥྚཱ། མཏྵྚ། ཐམས་ཅད་ལ་ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་ཡིག་གོ། །ཏྭི་ཥི་པུ་ཥྱ་ཏི། ཀྲྀཥི། ཤླྀཥྱ་ཏི་དྭི་ཥི་བིཥི་བི་ཥི་ཤིཥི་ཤུ་ཥི་ཏུ་ཥི་དུ་ཥི་ལས་ཥ་ལས་སོ། །ཏྭི་ཥ་གསལ་བ་ལའོ། །པུ་ཥ་རྒྱས་པ་ལའོ། །ཡནའོ། །ཀྲྀཥ་འབྲི་བ་ལའོ། །ཤླིཥ་འཁྱུད་པ་ ལའོ། །དྭིཥ་མི་དགའ་བ་ལའོ། །པིཥླྀ་ཕྲ་མོར་བྱེད་པ་ལའོ། །པིཥླྀ་ཁྱབ་པ་ལའོ། །ཤིཥླྀ་འཇིག་པ་ལའོ། །ཤུཥ་སྐེམས་པ་ལའོ། །ཏུཥ་དགའ་བ་ལའོ། །དུཥ་རྣམས་འགྱུར་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨཱིཊ་ཨཱ་ག་མ་མི་འགྱུར་རོ། །ཏྭེཥྚཱ། པོཥྚཱ། ཀཪྵྚཱ། ཀྲཥྚཱ། ཤླེཥྚཱ། དྭེཥྚཱ། པཥྚཱ། བེཥྚཱ། ཤེཥྚཱ། ཤོཥྚཱ། ཏོཥྚཱ། དོཥྚཱ། པུཥྚཱ་ཏི། ཞེས་པ་ངེས་པ་བསྟན་པ་ཨ་བྷུ་སོགས་ཅན་ལྡོག་པའི་དོན་དུའོ། །པོ་ཥི་ཏཱ། པ་ས་ཏི་དང་གྷ་སི་ལས་པ་ལས་སོ། །པ་ས་གནས་པ་ལའོ། །གྷ་སི་མདོ་ལས་བྱུང་བའི་བྱིངས་སོ། །བསྒྱུར་བ་ལའོ། །འདི་དག་ལས་ཕ་རོལ་ གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །བསྟཱ། གྷསྟ། ཛིགྷཏྤ་ཏི། པ་ས་ཏི་ཞེས་ངེས་པར་བསྟན་པ་ལས་བ་ས་སྒྲིབ་པ་ལའོ་ཞེས་པའི་ཨད་སོགས་ཅན་འདིའི་མི་འགྱུར་ཏེ། བ་སི་ཏཱ། ད་ཧི་དི་ཧི་དུ་ཧི་མི་ཧི་རུ་ཧི་ལི་ཧི་ན་ཧི་བ་ཧི་ལས་ཧ་ལས་སོ། །ད་ཧ་ཐལ་བར་བྱེད་པ་ལའོ། །དི་ཧ་ཉེ་བར་ 195-1-243b སོག་པ་ལའོ། །དུཧ་རབ་ཏུ་འཇོ་བ་ལའོ། །མི་ཧ་གསིང་བྲན་པ་ལའོ། །རུཧ་ས་བོན་ལའོ། །ལི་ཧ་རོ་མྱང་བ་ལའོ། །ཎཧ་འཆིང་བ་ལའོ། །བཧ་ཐོབ་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་དང་བཅས་པར་མི་འགྱུར་རོ། །དགྡྷཱ། དེགྡྷཱ། དོགྡྷཱ། མེདྷཱ། རོཌྷ། ལེཌྷཱ། ནཌྷ། བོཌྷཱ། ད་ཧི་དི་ཧི་དུཧ་རྣམས་ཀྱི་ད་དང་པོའི་གྷའོ། །གཞན་རྣམས་ཀྱི་ཧའི་ཌྷའོ། །ནཧིའི་དྷའོ་ཞེས་པས་དྷའོ། །བཧིའི་ས་ཧི་བ་ཧ་དག་ཨའི་ཡི་གེའི་ཨོཏའོ་ཞེས་པས་ཨེ་ཉིད་དོ། མུཧ་རྣམ་པར་རྨོངས་པ་ལའོ་ཞེས་པ་འདིར་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ། ས་ཧི་ལས་རྟག་ཏུ་ཨིཊ་དང་བཅས་ པའོ། །གྲཧ་གུ་ཧ་དག་གི་སན་ལའོ། །གྲཧ་ཉེ་བར་ལེན་པ་ལའོ། །གུཧུ་སྒྲིབ་པ་ལའོ། །འདི་དག་གི་སན་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཛི་གྷྲི་ཀྵ་ཏི། ཛུ་གྷུ་ཀྵཏི། གྲ་ཧི་སྭ་པི་པྲཙྪ་རྣམས་ཀྱི་སན་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་གའི་གྷའོ། །ཥཌྷྭ་དག་ གི་སཱ་ལ་ཀའོ། །སན་ལ་ཞེས་པ་ཅི་ཞེ་ན། གྲ་ཧི་ཏཱ། གུ་ཧི་ཏཱ། ཨུའི་ཡི་གེ་དང་གུ་པ་སོགས་རྣམས་ལས་ཀྱང་ངོ་། །ཨུའི་ཡི་གེའི་མཐའ་ལས་དང་གུ་པ་སོགས་ཀྱི་མདོ་ལས་ཀྱང་སྟེ་གུ་པ་དང་ཏི་ཛ་དང་ཀིཏ་དང་མན་དང་བ་དྷ་དང་དཱན་དང་ཤཱན་དང་ཞེས་པ་འདི་རྣམས་ལས་སན་ཕ་རོལ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། ། ཨུའི་ཡི་གེ་སྨོས་པས་ཨུ་ཡིག་མཐའ་ཅན་དང་ཨུ་ཡིག་མཐའ་ཅན་རྣམས་ཀྱང་གཟུང་བར་བྱ་སྟེ། ཨུ་ཡིག་མཐའ་ཅན་རྣམས་ནི། ཡུ་རུ་ཎུ་ཀྵུ་སྣུ་ཀྵྞུ་རྣམས་སོ། །ཡུ་ཡུ་ཥ་ཏི། རུ་རུ་ཥ་ཏི། ཎུ་རྣུཥ་ཏི། ཙུ་ཀྵུ་ཥ་ཏི། སུ་སྣུ་ཥ་ཏི། ཙུཀྵྞུ་ཥ་ཏི། ལུ་ལུ་ཥ་ཏི། དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་ པོའོ། །གུ་པ་སོགས་རྣམས་ལས་ཛུ་གུབྶ་ཏེ། ཏི་ཏི་ཀྵ་ཏེ། ཙི་ཀིཏྶ་ཏི། མཱི་མཱཾ་ས་ཏི། བཱི་བྷཏྶ་ཏེ། དི་དཱཾ་ས་ཏི། ཤི་ཤཾ་ས་ཏེ། གུབ་ཏི་ཛ་ཀིཏ་རྣམས་ལས་སནའོ། །མཱན་བརྡ་དཱན་ཞེས་སོགས་ཀྱིས་ཀྱང་སནའོ། །གཉིས་བརྗོད་དོ། །མན་སོགས་རྣམས་ཀྱིས་ཨ་བྷྱསའི་ཐུང་ངུ་དང་ཨི་ཉིད་བྱས་པ་ན་མཱན་པ་དྷ་ དཱན་ཤན་རྣམས་ལས་ཨ་བྷྱསའི་རིང་པོ་ཡང་ངོ་ཞེས་པས་རིང་པོའོ། །བ་དྷི་ལས་བྱིངས་ཀྱི་གསུམ་པ་དང་པོའི་གྷ་ཌྷ་དྷ་བྷ་ཞེས་པ་བའི་བྷའོ། །བྷུ་ལས་སི་ཙ་འཇིག་པ་ལའོ། །བྷུ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་སི་ཙ་འཇིག་པར་གྱུར་པ་ན་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨ་བྷུ་ཏ། ཨིཎ་སྠཱ་ད་བི་བ་ 195-1-244a ཏི་བྷུ་རྣམས་ལས་ཞེས་པས་སི་ཙ་འཇིག་གོ། །སི་ཙ་འཇིག་པ་ཞེས་པ་ཅི་ཞེ་ན། བྱ་ཏྱ་བྷ་བིཥྚི། ཀྲྀ་སྲི་པྲྀ་བྷྲི་སྟུ་དྲུ་ཤུ་སྲུ་རྣམས་ཉིད་ལས་པ་རོ྅ཀྵཱ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །སྲྀ་འགྲོ་བ་ལའོ། །ཌུ་བྷྲིཉ་འཛིན་པ་ལའོ། །བྲྀ་ཞེས་པ་བྲྀང་དང་བྲྀཉ་དག་གོ། སྟུཉ་བསྟོད་པ་ལའོ། །དྲུ་འགྲོ་ བ་ལའོ། །ཤྲུ་རྟོགས་པ་ལའོ། །སྲུ་འགྲོ་བ་ལའོ། །འདི་རྣམས་ལས་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཙ་ཀྲྀབ། ཙ་ཀྲྀམ། དེ་བཞིན་དུ། ས་སྲྀབ། ས་སྲྀམ། བ་བྷྲྀབ། བ་བྷྲྀམ། བ་བྲིབ། བ་བྲིམ། ཏུཥྚུབ། ཏུཥྚུམ། དུ་དྲུམ། ཤུ་ཤྲུམ། སྲུ་སྲུ་མ། ཀྲྀ་ལ་སོགས་པ་རྣམས་ཀྱི་དགག་པ་གྲུབ་ པ་ལ་སྦྱོར་བ་བརྩམས་པ་ནི་ནུས་པའི་དོན་དུའོ། །ཀྲྀ་རྣམས་ཉིད་ལས་པ་རོ྅ཀྵཱ་ལ་ཨིཊ་མེད་པ་དེས་གཞན་རྣམས་ཀྱི་ཨིཊ་བཀག་པ་ལས་ཀྱང་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མའོ། །པེ་ཙི་བ། ཀིམ། གསལ་བྱེད་གཅིག་པའི་དབུས་ཞེས་པས་ཨེ་ཉིད་དང་ཨ་བྷྱས་དབྱི་བ་དག་གོ། །དགག་ཚིག་ངེས་པར་བསྟན་ པ་མི་རྟག་པ་སྟེ། དེས་ན་བྲྀཉ་ལས་ཐལ་ལ་དགག་པ་མི་ནུས་ཏེ། པ་བ་རི་ཐ། རྀ་ཡིག་ལས་ཐལ་ལའོ། །རྀ་ཡིག་མཐའ་ཅན་ལས་ཐལ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །སྔ་མའི་ངེས་པ་ཐོབ་པ་ལའོ། །དདྷྭརྠ། ཛཧརྠ། དྷྲྀ་གནད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཤྭསྟྭཱ་ནཱི་ལ་རྟག་ཏུ་ཨིཊ་མེད་པའི་ངེས་པ་ཉེ་བར་ བསྟན་པ་ལ་ཨ་ཡིག་ལྡན་པའི་བྱིངས་ལས་ཐལ་ལ་ཨིཊ་ཡང་ན་བཤད་པར་བྱའོ། །ཉེ་བར་བསྟན་པ་ནི་མདོ་བཀླགས་པ་དང་བྱིངས་བཀླགས་པའང་ངོ་། །པ་པཀྠ། པེ་ཙེ་ཐ། སཱསྟ་ནཱི་ལ་ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཛ་གྷ་སི་ཐ། ཨ་དིའི་པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་གྷསླྀའོ། །ཤྭསྟ་ནཱི་ལ་གྷས་ལ་ཨིཊ་དང་ བཅས་པ་ཉིད་ཀྱི་ཕྱིར་རྟག་ཏུ་ཨིཊ་མེད་པ་ཉེ་བར་བསྟན་པ་མེད་དོ། །རྟག་ཏུ་སྨོས་པ་ཅི་ཞེ་ན། ཨཱནཉྫི་ཐ། ཨནྫུ་གསལ་བ་ལའོ། །ཐལའོ། །ཨིཊའོ། །དང་པོ་ཨའི་ཐམས་ཅད་དུ་ཞེས་པས་རིང་པོའོ། །དེ་ལས་ན་ཨཱ་ག་མའོ། །ཨནྫི་ལས་ཡང་ན་ཨིཊ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ལ་ཨིཊ་མེད་པ་ཉིད་ཡོད་ཅེས་རྣམ་ པར་བརྟག་པར་འགྱུར་རོ་བ་ལ་རྟག་ཏུ་སྨོས་པས་མི་འགྱུར་རོ། །ཉེ་བར་བསྟན་པ་ལ་ཞེས་པ་ཅི་ཞེ་ན། ཙཀཪྵི་ཐ། ཀྲྀཥ་འབྲི་བ་ལའོ། །ཡོན་ཏན་བྱས་པར་གྱུར་པ་ན་འདི་ཨ་ཡིག་དང་ལྡན་པ་ནི་ཉེ་བར་བསྟན་པ་མ་ཡིན་ནོ། །དེ་བཞིན་དུ་དབྱངས་མཐའ་རྣམས་ལས་དང་པྲོ་ཛི་ཏྲྀ་ཤ་དག་ལས་ཀྱང་ངོ་། །ཡ་ཡཱ་ཐ། ཡ་ཡི་ཐ། 195-1-244b ས་སྲཥྠ། ས་སརྫི་ཐ། ད་ཏྲཥྛ། ད་དཪྴིཐ། སྲྀཛིཊྀ་ཤ་དག་ལས་ཨ་ཡིག་ཨཱ་ག་མའོ། །བྲྀཛ་སོགས་རྣམས་ཀྱི་ཥའོ། །ཚ་ཤ་དག་གིའང་ངོ་། །ཞེས་པས་ཥ་ཉིད་དོ། །ཨ་དི། ཨཏྟི་བྱེ་ཉ་རྣམས་ཀྱི་ཐལ་ལ་རྟག་པར་འདོད་དེ། ཨ་དི་ལས་ཨ་ཡིག་དང་ལྡན་པ་ཉིད་ལས་རྣམ་པར་བརྟག་པ་ཐོབ་པ་ལའོ། །བྱེ་ཉ་ལས་ ཀྱང་དབྱངས་མཐའ་ཉིད་ལས་སོ། །ཨཏྟི་ལས་ནི་དགག་པ་ཐོབ་པ་ལའོ། །ཨཱ་དི་ཐ། ཨ་དི་ལས་ཐལའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཐམས་ཅད་དུ་ཞེས་པས་རིང་པོའོ། །ཨཱ་རི་ཐ། རྀ་འགྲོ་བ་ལའོ། །ཐལའོ། །གཉིས་བརྗོད་དོ། །སྔ་མ་བཞིན་རིང་པོའོ། །ཨིཊའོ། །ཡོན་ཏན་ནོ། །བྱེ་ཉའི་བི་ བྱ་ཡི་ཐ། པ་རོ྅ཀྵཱ་ལ་གཉིས་ཀ་རྣམས་ཀྱི་ཨ་བྷྱཱསའི་ཞེས་པ་སཾ་པྲ་སཱ་ར་ཎའོ། །ཀྲྀཉ་ལས་སུཊ་མེད་པ་ལས་སོ། །གང་ལ་སུཊ་ཡོད་པ་མིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། པ་རོ྅ཀྵ་ལ་ཞེས་པ་འཇུག་གོ། །ཀྲྀཉ་ལས་སུཊ་མེད་པ་སྟེ་སུཊ་ཨཱ་ག་མ་དང་བྲལ་བ་ལས་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། ། ཙ་ཀྲྀབ། ཙ་ཀྲྀམ། ཙ་ཀརྠ་སུཊ་མེད་པ་ལས་ཞེས་པ་ཅི་ཞེ་ན། སཾ་ཙ་ཀ་རི་བ། སཾ་ཙ་སྐ་རི་མ། སཾ་ཙ་སྐ་རི་ཐ། ཌུ་ཀྲྀཉ་བྱེད། སྔཾ་སྔོན་དུའོ། །སཾ་པ་རི་ཨུ་པ་ལས་རྒྱན་ལ་སུ་ཊའོ་ཞེས་པས་སུཊའོ། །གཉིས་བརྗོད་དོ། །ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པའོ། །བརྩེགས་པ་དང་པོའི་རྀཏའི་ཡང་ངོ་ཞེས་པས་ཡོན་ཏན་ནོ། ། སཾ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་དང་འདུས་པ་ལའང་སུཊའོ། །སཾ་དང་པ་རི་དང་ཨུ་པ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་ཀ་རོ་ཏི་ལ་རྒྱན་དང་འདུས་པའི་དོན་ལ་སུཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་སྔོན་གྱི་སློབ་དཔོན་རྣམས་ལ་རབ་ཏུ་གྲགས་པས་ས་ཡིག་ཨཱ་ག་མ་དང་པོར་བསྟན་པའི་དོན་དུའོ། །ཨུ་ ཡིག་ནི་བརྗོད་པའི་དོན་ཏོ། །སཾ་སྐརྟཱ། ཨུས་སྐརྟཱུ། སཾ་ཀརྟཱ། སཾ་ཀརྟུཾ། སཾ་ཀརྟབྱཾ། སམ་དང་པ་རི་དང་ཨུ་པ་རྣམས་ལས་ཞེས་པ་ཅི་ཞེ་ན། པྲ་ཀ་རོ་ཏི། ཀ་རོ་ཏི་པ་ཞེས་པ་ཅི་ཞེ་ན། སཾ་བྷ་བ་ཏི། རྒྱན་དང་འདུས་པ་ལ་ཞེས་པ་ཅི་ཞེ་ན། སཾ་ཀརྟཱ། པ་རི་ཀརྟཱ། ཨུ་པ་ཀརྟཱ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་ པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་རབ་ཏུ་བྱེད་པ་བདུན་པ་རྫོགས་སོ།། །།ཚིག་མཐར་དྷུཊ་རྣམས་ཀྱི་དང་པོའོ། །ཚིག་མཐར་འཇུག་པའི་དྷུཊ་རྣམས་ཀྱི་དང་པོར་འགྱུར་རོ། །ཏྭཏ་ན་ཡ་ནཾ། ཏྭནྣ་ཡ་ནཾ། ཨརྠ་བྷུ་ཏ་ནཱ་ཐཿ། ཨརྠ་བྷུཏྟཱ་ཐ། ཧ་དང་བཞི་པ་མཐའ་ཅན་ཞེས་པས་བྷའོ། །འདིས་དང་པོའོ། ལྔ་ 195-1-245a པ་ལ་ལྔ་པ་ཡང་ནའོ་ཞེས་པས་ཏའི་ནའོ། །ཚིག་མཐར་ཞེས་པ་ཅི་ཞེ་ན། པདྨི། ཙིསྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་གལ་ཏེ་འདི་ཅིའི་ཡུལ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གང་ལ་ཕ་རོལ་གྱི་ཡི་གེ་མི་དམིགས་པའི་དེ་དང་དེའི་ཡུལ་ལོ། །གང་ལ་ཕ་རོལ་འགྱུར་བ་ནི། དེ་དང་དེའི་ཅུང་ ཟད་ཙམ་མོ། །ར་དང་ས་ཡིག་དག་གི་རྣམ་པར་བཅད་པའོ། །ཚིག་མཐར་ཞེས་པ་ཁོ་ནའོ། །ཚིག་མཐར་གྱུར་པའི་རེ་ཕ་དང་ས་ཡིག་དག་རྣམ་པར་བཅད་པར་འགྱུར་རོ། །ཨ་བྷི་བྷཿ། ཌུ་བྷྲྀཉ་འཛིན། ཧྱསྟ་ནཱིའི་དིའོ། །ཛུ་ཧོ་ཏི་སོགས་རྣམས་ཀྱི་གཉིས་བརྗོད་དོ། །བྷྲྀཉ་ཧཱང་མཱང་རྣམས་ཨིཊའོ། །གསར་ བྱེད་ལས་དི་སི་དག་གིའོ་ཞེས་པས་དི་དབྱིའོ། །པ་ཙཱ་བཿ། པ་ཙཱ་མཿ། ཨའི་བ་མ་དག་ལ་ཞེས་པས་རིང་པོའོ། །གྲུབ་པར་གྱུར་པ་ལ་སྦྱོར་བ་བརྩམས་པ་ནི་ངེས་པའི་དོན་དུའོ། །བྱིངས་ཀྱི་ཡུལ་ལ་ཚིག་མཐར་རྣམ་པར་བཅད་པ་ཉིད་དུ་ཇི་སྐད་བཤད་པ་བཞིན་དུ་འགྱུར་མོད། འདིར་མི་འགྱུར་ཏེ། ཨཱསྨཱ་ཏེ། གྷ་ ཌྷ་དྷ་བྷ་རྣམས་ལས་དྷ་མིན་པ་ལས་ཏ་ཐ་དག་གི་དྷའོ། །བྷ་དང་ཌྷ་དང་བྷ་དང་དྷ་རྣམས་ལས་ཏ་ཡིག་དང་ཐ་ཡིག་དྷ་ཉིད་དུ་འགྱུར་ཏེ། དྷ་མིན་པ་སྟེ་དྷཱཉ་ལས་ཕ་རོལ་གྱི་ནི་མི་འགྱུར་རོ། །སྒྲ་མེད་པ་ལ་དང་པོའོ་ཞེས་པ་གྷ་ཌྷ་དྷ་བྷ་རྣམས་ཀྱི་དང་པོ་ཐོབ་པ་ལའོ། །གྷ་ལས། ཨ་དུགྡྷ། ཨ་དུགྡྷཿ། དུཧ་འཇོ་བ་ལའོ། །ཏ་ དང་ཐཱ་སའོ། །སཎའོ། །བཤད་པ་ལས་འཇིག་གོ། །ད་དང་པོའི་གྷའོ། །འདིས་ཏ་ཐ་དག་གི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གྷའི་གའོ། །ཨ་ལཱ་ཌྷི། ཨ་ལཱི་ཌྷཱཿ། མི་ཧ་རོ་མྱང་བ་ལའོ། །སཎའོ། །སྔ་མ་བཞིན་དུ་འཇིག་གོ། །ཧའི་ཌྷའོ། །ཨ་བུདྡྷཿ། ཨ་བུདྡྷཱཱ། བུདྡྷ་རྟོགས་པ་ལའོ། ། དྷུཊ་ལས་ཀྱང་དྷུཊ་ལ་ཞེས་པས་སི་ཙ་འཇིག་གོ། །ཨ་ལབྡྷ། ཨ་ལབྡྷཱཿ། ཌུ་ལ་བྷཥ་ཐོབ་པ་ལའོ། །སྔ་མ་དུ་སི་ཙ་འཇིག་གོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པ་ཅི་ཞེ་ན། ཨ་ཀྲྀཏ། ཨ་ཀྲྀཐཱ། ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་ཞེས་པས་སི་ཙ་དབྱིའོ། །ཏ་ཐ་དག་གི་ཞེས་པ་ཅི་ཞེ་ན། ཨ་དྷུཀྵཱ་ཏཱམ།དུ་ཧ་འཇོ་བ་ལའོ། ། ཨཱ་ཏཱ་མའོ། །སཎའོ། །ད་དང་པོའི་གྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་ད་ཡིག་གི་དྷའོ། །སཎའི་དབྱངས་ལ་མང་པོ་མིན་པ་ཉིད་ལ་ཨ་དབྱིའོ་ཞེས་པས་སཎའི་ཨ་ཡིག་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པའི་དང་པོའོ་ཞེས་པས་གྷའི་ཀའོ། །དྷཱ་མིན་པ་ཞེས་པ་ཅི་ཞེ་ན། དྷཏྟ། དྷཏྠཱ། ད་དྷཱ་ཏིའི་ 195-1-245b ཏ་ཐ་དག་ལ་འང་ངོ་ཞེས་པ་དེ་དག་འདིར་སྒྲུབ་པའོ། །ཥཌྷ་དག་གི་ས་ལ་ཀའོ། །ཥ་ཡིག་དང་ཌྷ་ཡིག་དག་གི་ཀ་ཉིད་དུ་འགྱུར་ཏེ། ས་ལ་སྟེ་ས་ཡིག་དང་པོ་ཕ་རོལ་ལའོ། །བེ་ཀྵྱཏི། ལེ་ཀྵྱཏེ། ཨ་སེ་ཀྵྱཏ། ཨ་པ་ཀྵྱཏ། བི་སི་ཀྵྱཏི། ལི་ལི་ཀྵྱཏི། པིཥླྀ་ཕྱེ་མར་བྱེད་པ་ལའོ། །ལིཧ་རོ་མྱགས་པ་ལའོ། །སྱཏི་ དང་སྱཏའོ། །ལིཧའི་ཧའི་དྷའོ། །འདིས་ཥ་དྷ་དག་གི་ཀའོ། །ཥདྷ་དག་གི་ཞེས་པ་ཅི་ཞེ་ན། ལཔྤྱཏེ། ཌུ་ལ་བྷཥ་ཐོབ་པ་ལའོ། །ས་ལ་ཞེས་པ་ཅི་ཞེ་ན། པེ་ནཥྚི། རུ་དྷ་སོགས་ཀྱི་དབྱངས་ལས་ན་སྒྲའོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཥ་དང་ཊ་སྡེ་ལས་ཕ་རོལ་གྱི་ཏ་སྡེའི་ཊ་སྡེར་འགྱུར་རོ། །ཥ་ལས། བེཥྚ། བིཥཱི་ཕྱེ་མར་བྱེད་པ་ལའོ། །བི་ཤ་འཇུག་པ་ལའོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་ཉིད་དོ། །འདིས་ཊའོ། །ཊ་སྡེ་ལས་ཨཱིཊྚེ། ཨཱིཊ་བསྟོད་པ་ལའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་ཌའི་ཊའོ། །ལེ་དྷཱ། ལི་ཧ་རོ་མྱང་བ་ལའོ། །ཡོན་ཏན་ནོ། །ཧའི་ཌྷའོ། །ཏ་སྡེའི་ཞེས་པ་ཅི་ཞེ་ན། དྭེཥྨི། ཥ་དང་ཊ་སྡེ་ ལས་ཞེས་པ་ཅི་ཞེ་ན། བཀྟི། ཊ་སྡེ་ལས་ཕ་རོལ་ཏ་སྡེའི་ཊ་སྡེར་གྲུབ་པ་ལ་སླར་ཡང་སྒྲུབ་པ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཏ་སྡེའི་ཥ་ལས་ཊ་སྡེའི་ཞེས་པའི་མདོར་བྱའོ། །ཌྷ་ལས་དྷའི་དབྱི་ཞིང་ཨུ་པ་དྷཱའི་རིང་པོ་ཡང་ངོ་། །ཌྷ་ཡིག་ནི་ཌྷ་ཡིག་ཕ་རོལ་ལ་དབྱི་བར་གྱུར་ཏེ་ཨུ་པ་དྷཱའི་ང་རིང་པོའོ། །ལཱི་དྷཿ། ལཱིདྷ་བཱན། གཱུ་དྷཿ། གུ་དྷ་བཱནཿཱ། ལིཧ་རོ་མྱང་བ་ལའོ། །གུ་ཧུ་སྦེད་པ་ལའོ། །ནིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཌྷ་ཉིད་ལ་སོགས་པ་རྣམས་བྱས་པ་ལ་ཌྷ་ལ་དྷའི་དབྱིའོ། །རིང་པོའོ། །དེ་བཞིན་དུ། ཨ་ལཱི་ཌྷ། ཨ་ལཱི་ཌྷཱཿ། ཌྷ་ལ་ཞེས་པ་ཅི་ཞེ་ན། ཨ་ལི་ཀྵ་ཏཱ། ལི་ཧ་རོ་མྱང་བ་ལའོ། །དིའོ། །སཎའོ། ། ཧའི་ཌྷའོ། །ཨུ་པ་དྷཱ་སྨོས་པ་ནི་མིང་སྔོན་མ་ཅན་གྱི་སྒྲུབ་པ་ལས་འདི་མི་རྟག་པའི་དོན་དུའོ། །དེས་ན་རྀ་ཡིག་རིང་པོར་མི་འགྱུར་ཏེ། བྲྀ་ཌྷཿ། བྲྀཧུ་བརྩོན་པ་ལའོ། །ཀྟའོ། །ས་ཧི་བ་ཧ་དག་གི་ཨ་ཡིག་གི་ཨོ་ཏའོ། །ཌྷ་དབྱི་བ་བཟུང་ངོ་། །འདིར་དོན་གྱི་དབང་ལས་བདུན་པའི་མཐའ་ཤེས་པར་བྱ་སྟེ། ས་ཧི་བ་ཧ་དག་གི་ཌྷ་ དབྱི་བར་གྱུར་པ་ལ་ཨའི་ཡི་གེ་ཨོ་ཡིག་ཏུ་འགྱུར་རོ། །རིང་པོའི་དམིགས་བསལ་ལོ། །སོ་ཌྷཱ། བོ་ཌྷཱ། ཥཧ་བཟོད་པ་ལའོ། །བཧ་ཐོབ་པ་ལའོ། །སྔ་མ་བཞིན་དུཌ་ཉིད་ལ་སོགས་པའོ། ཨ་ཡིག་གི་ཨོ་ཉིད་དོ། །ཨུདྦོ་ཌྷཱམ། བཧ་ཐོབ་པ་ལའོ། །ཨུཏ་སྔོན་དུའོ། །ཨདྱ་ཏ་ནཱིའི་ཏཱ་མའོ། །དྷུཊ་ལས་ཀྱང་དྷུཊ་ 195-1-246a ལའོ་ཞེས་པས་སི་ཙ་དབྱིའོ། །ཨའིང་རིང་པོའོ། །ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏ་ཡིག་གི་དྷ་ཡིག་གོ། ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཞེས་པས་དྷའི་ཌྷའོ། །ཌྷ་ལ་ཌྷ་དབྱིའོ། །ཨཱ་ཡིག་གི་ཨེ་ཉིད་དོ། །ཨའི་ཡི་གེ་ཞེས་པ་ཅི་ཞེ་ན། ཨུཌྷཿ། བཧ་ཐོབ་པ་ལའོ། །ཀྟའོ། ། སྭ་བི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ། །ཌྷ་དབྱི་བ་ལ་ཞེས་པ་ཅི་ཞེ་ན། སཧྱ་ཏེ། དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ། །དྷུཊ་རྣམས་ཀྱི་བཞི་པ་ཕ་རོལ་ལ་གསུམ་པར་འགྱུར་རོ། །ཨ་དུ་གྡྷ། ཨ་བུདྡྷ། ཙ་ཀཱདྡྷི། ཙ་ཀཱ་སྲྀ་གསལ་བ་ལའོ། །པཉྩ་མིའི་ཧིའོ། །ཏུ་དྷུཊ་དག་ལས་ཧིའི་དྷིའོ། ། འདིས་སའི་དའོ། །སླར་ཡང་བརྗོད་པ་ནི་བྱིངས་ཀྱི་ཡུལ་ལ་བཞི་པ་ལ་གསུམ་པ་ཉིད་དུ་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་ངེས་པའི་དོན་དུའོ། །དེས་ན་འདིར་མི་འགྱུར་ཏེ། ཤཀྱ་ཏེ། ཤིཊ་མིན་པ་རྣམས་ཀྱི་སྒྲ་མེད་པ་རྣམས་ལ་དང་པོའོ། །དྷུཊ་རྣམས་ཀྱིས་ཞེས་པ་ཁོ་ནའོ། །ཤིཊ་མིན་པ་རྣམས་ཀྱི་སྟེ་ཤིཊ་བོར་ བའི་དྷུཊ་རྣམས་ཀྱི་སྒྲ་མེད་པ་རྣམས་ཕ་རོལ་ལ་དང་པོར་འགྱུར་རོ། །བྷེཏྟཱ། ཙྪེཏྟཱ། བི་བྷིཏྶཏི། ཙྪིཏྶ་ཏི། ཤིཊ་མིན་པ་རྣམས་ཀྱིས་ཞེས་པ་ཅི་ཞེ་ན། ཨསྟི། ཨའི་བ་མ་དག་ལ་རིང་པོའོ། །ཨ་ཡིག་གི་བ་དང་མ་དག་ཕ་རོལ་ལ་རིང་པོར་འགྱུར་རོ། །པ་ཙཱ་མི། པ་ཙ་བཿ། པ་ཙཱ་མཿ། དཱ་བྱི་མི། དཱི་བྱཱ་བཿ། དཱི་བྱཱ་མཿ། ཨའི་ ཞེས་པ་ཅི་ཞེ་ན། ད་དྷྭཿ། ད་དྷྨཿ། ཌུ་དྷཉ་འཛིན། ཛུ་ཧོ་ཏི་སོགས་ཀྱི་གཉིས་བརྗོད། བས་དང་མསའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཨཱ་དབྱིའོ། །གལ་ཏེ་འདིར་རིང་པོར་འགྱུར་ན་ཨཱ་དབྱི་བར་མི་འགྱུར་ཏེ་ཨཏའོ་ཞེས་བྱ་བ་ལ་རིང་པོར་བཟུང་བ་ནི་ཕྱི་མའི་དོན་དུའོ། །དབྱངས་མཐའ་ རྣམས་ཀྱི་སན་ལའོ། །བྱིངས་དབྱངས་མཐའ་ཅན་རྣམས་ཀྱི་སན་ཕ་རོལ་ལ་རིང་པོར་འགྱུར་རོ། །ཙི་ཙཱི་ཥཏི། ཛུ་ཏུ་ཥཏི། ཙི་ཀཱིཪྵ་ཏི། དབྱངས་མཐའ་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། པི་བཀྵ་ཏི། སན་ལ་ཞེས་པ་ཅི་ཞེ་ན། ཙི་ནོ་ཏི། ཧན་དང་ཨིངའི་གམ་དག་གི་ཨུ་པ་དྷཱའི་འོ། །ཨིངའི་གམ་ནི་ཨིངའི་ ག་མའོ། །བྱིངས་ཀྱི་ཧནྟི་དང་སན་ལས་ཨིཎ་ཨིང་དག་གི་ག་མིའོ་ཞེས་པའི་ཡང་ཨིང་གི་གནས་ལ། ག་མི་གང་ཡིན་པ་དེ་དག་གི་སན་ལ་ཨུ་པ་དྷཱ་རིང་པོར་འགྱུར་རོ། །ཛི་གྷཱཾ་ས་ཏི། ཨ་བྷྱཱསའི་འང་ཞེས་པ་བྷའོ། །འདིས་རིང་པོའོ། །ཨ་དྷི་ཛིགྷཱཾ་སཏི། ཨིངའི་སྔོན་དུ་ཨ་དྷིའོ། །སནའོ། །སན་ལ་ཨིན་ཨིང་དག་གི་ 195-1-246b ག་མིའོ་ཞེས་པས་ག་མིའོ། །འདིས་རིང་པོའོ། །ཨིང་སྨོས་པ་ཅི་ཞེ་ན། ཛི་ག་མིཥ་ཏི། གམ་ལས་ས་ལ་པ་རསྨེེ་ལའོ་ཞེས་པས་ཨིཊའོ། །ཨུ་པ་དྷཱ་ཁོ་ནའི་རིང་པོར་འགྱུར་བ་ལས་ཨུ་པ་དྷ་སྨོས་པ་ནི་ཁྱད་པར་གཞན་གསལ་བའི་དོན་དུའོ། །དེས་ན། ཏ་ནོ་ཏིའི་ཨིཊ་མེད་པའི་སན་ལ་རིང་པོར་ཡང་ན་འགྱུར་ཏེ། ཏི་ཏཱཾ་ས་ཏི་ཏ་ནོ་ཏི་ལས་སན་ལ་ཨིཊ་རྣམ་པར་བརྟག་པར་བཤད་དོ། །ཨིཊ་དང་བཅས་པའི་སན་ལ་ནི་མི་འགྱུར་ཏེ། ཏི་ཏ་ནི་ཥ་ཏི། ནཱ་མིནའི་ར་དང་བ་དག་ལས་གསལ་བྱེད་ལ་སྟེ་ཀུར་ཚུར་དག་མ་ཡིན་པའི་འོ། །ན་མི་ནའི་གང་ར་བ་དག་ལ་སྟེ་ར་ཡིག་དང་བ་ཡིག་དེ་དག་ཕ་རོལ་ལ་གསལ་བྱེད་ཕ་རོལ་ཅན་ལ་ རིང་པོར་འགྱུར་ཏེ། ཀུར་ཚུར་དག་མ་ཡིན་པ་སྟེ། ཀུར་དང་ཚུར་ཞེས་པ་འདི་དག་དོར་བར་བྱས་ནས་སོ། །བི་ཤཱིཪྻ་ཏེ། ཨ་བ་གཱུཪྻ་ཏེ། ཨཱ་པུཪྻ་ཏེ། ཤྲཱྀ་འཚེ་བ་ལའོ། །གུ་རཱི་བརྩོན་པ་ལའོ། །པྲཱྀ་སྐྱོང་བ་ལའོ། །སནའོ། །རཱྀཏ་མཐའ་རྣམས་ཀྱི་ཨིརའོ། །མཆུར་གྱུར་ཨུ་པ་དྷཱའི་ཞེས་པས་ཨུར་རོ། ། འདིར་རིང་པོའོ། །བི་ཤཱིངྻཱཏ། ཨ་བ་གུདྱཱཏ། དཱི་བྱ་ཏི། སི་བྱ་ཏི། དིབ་སོགས་ལས་ཡནའོ། །དེ་བཞིན་དུ། ཧུཪྩྪི་ཏཱ། ཧུཪྪ་འཁྱོག་པོ་ལའོ། །ནཱ་མིནའི་ཞེས་པ་ཅི་ཞེ་ན། སྨཪྻ་ཏེ། ཨརྟི་དང་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ཀཪྪུར་དག་གི་མིན་པ་ཞེས་པ་ཅི་ཞེ་ན། ཀུརྻཱཏ། ཌུ་ཀྲྀཉ་བྱེད། ཡཱཏའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏི་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ས་པྟ་མཱིའི་ཡ་ལའང་ངོ་ཞེས་པས་ཨུ་ཡིག་དབྱིའོ། །ཚུཪྻཱ་ཏ། ཚུར་གཅོད་པ་ལའོ། །ཨཱ་ཤཱིཥའི་ཡཱཏའོ། །ཀུ་རའི་སྒྲ་ས་ཊུ་ཀྲྀཉ་བཟུང་བ་ཡིན་གྱི་ཀུ་རུ་སྒྲ་ལའོ་ཞེས་པ་འདིའི་ནི་མ་ཡིན་ནོ། ། ཀུ་རི་ཞེས་ཨི་ཡིག་གི་ངེས་པར་བརྟེན་པ་མ་བྱས་པའི་ཕྱིར་རོ། །འོ་ན་ཀུརྻཱཏ་ཞེས་འདིར་དབྱངས་བསྒྱུར་བ་ཡོངས་སུ་བཤད་པས་ཨུ་ཡིག་ཕྱིས་པའི་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གསལ་བྱེད་ཕ་རོལ་གྱི་ར་ཡིག་མེད་པས་ཐོབ་པ་མེད་པའི་ཕྱིར། ཀ་རོ་ཏི་བཀག་པ་དོན་མེད་དོ་ཞེ་ན། འདི་ཡོད་མོད། རིང་པོའི་ ཆོ་ག་སོ་སོ་ནི་གནས་ཅན་དང་འདྲ་བར་འགྱུར་བ་དག་པར་བྱ་སྟེ་རིང་པོར་སྒྲུབ་པ་ནི། སོ་སོར་གནས་ཅན་དང་འདྲ་བ་མེད་དོ་ཞེས་པའི་ཚིག་ལས་སོ། །གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཀི་ར་ཏི། ནུ་བ་ཏི། ཀྲྀ་བསྐྱོད་པ་ལའོ། །ནུ་བསྟོད་པ་ལའོ། ཨན་བིའོ། །རཱྀཏ་མཐའ་རྣམས་ཀྱི་ཨིརའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ 195-1-247a ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་ཞེས་པས་ཨུ་བའོ། །ཧྱསྟ་ནཱིའི་དི་ལས་སའི་ཏའོ། །ཧྱསྟ་ནཱིའི་དི་གང་ཡིན་པ་དེ་ཕ་རོལ་ལ་ས་ཡིག་གི་ཏ་ཉིད་དུ་འགྱུར་རོ། །ཨ་ཙ་ཀཱ་ཏ། ཨ་ནྭ་ཤཱཏ། ཙཀཱ་སྲྀ་གསལ་བ་ལའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཨ་ནུ་སྔོན་དུའོ། །ཧྱསྟ་ནཱིའི་དིའོ། ། གསལ་བྱེད་ལས་དི་སི་དག་གི་ཞེས་པས་དབྱིའོ། །འདིས་ས་ཡིག་གི་ཏ་ཡིག་གོ། །སའི་ཞེས་པ་ཅི་ཞེ་ན། ཨ་དྷོ་ཀ་། དུ་ཧ་འཇོ་བ་ལའོ། །ད་དང་པོའི་གྷའོ། །ཕྱིས་པ་ལའང་དི་སི་དག་ལའོ་ཞེས་པས་ད་ཡིག་གི་དྷ་ཡིག་གོ། །ཧྱསྟ་ནཱི་ལ་ཞེས་པ་ཅི་ཞེ་ན། ཨ་ཙ་ཀཱ་སཱིཏ། ཧྱ་སྟ་ནཱིའི་སིའི་སྔ་མ་བཞིན་དུ་སི་དབྱིའོ། ། བཤད་པ་ལས་སའི་ཏ་ཉིད་ཡང་ནའོ། །དིའོ། །སི་ཙའོ། །ཨཊའོ། །ཨཱིཊའོ། །དི་ལ་ཞེས་པ་ཅི་ཞེ་ན། ཨ་ཙ་ཀཱ་སྟཱམ། ཧྱསྟ་ནཱིའི་སི་ཕ་རོལ་ལ་ས་ཡིག་ཏ་ཉིད་དུ་ཡང་ན་བཤད་པར་བྱའོ། །ཨ་ཙ་ཀཱཏྟཱཾ། ཨཱ་ཙ་ཀསྟཱ། དདྷ་དཔན་མེད་དག་གི་ཧྱསྟ་ནཱིའི་སིའོ། །སྔ་མ་བཞིན་དུ་སི་དབྱིའོ། །བཤད་པ་ལས་སའི་ཏ་ཉིད་ ཡང་ནའོ། །ད་དྷ་དག་གི་ཧྱསྟ་ནཱིའི་སི་ཕ་རོལ་ལ་ར་ཉིད་དུ་ཡང་ན་བཤད་པར་བྱའོ། །ཨ་བྷི་ན་སྟྭཾ། ཨ་བྷི་ན་རྟྭཾ། ཨ་རུ་སྟྭ་མ། ཨ་རུ་ཎ་རྟྭཾ། བྷི་དི་ར་རྣམ་པར་འབྱེད་པ་ལའོ། །རུ་དྷིར་སྒྲིབ་པ་ལའོ། །ཧྱསྟ་ནཱིའི་སིའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཕ་རོལ་དུ་ན་སྒྲའོ་ཞེས་པས་ན་སྒྲའོ། །སྔ་མ་བཞིན་དུ་སི་དབྱིའོ། ། བཤད་པ་ལས་ད་དང་དྷ་གི་ར་ཉིད་ཡང་ནའོ། །བྱིངས་ཀྱི་དང་པོར་ཨ་ཧྱསྟ་ནཱི་ཨདྱ་ཏ་ནཱི་བྱ་བ་ཤོར་བ་རྣམས་ལ་ཨཊའོ། །བྱིངས་ཀྱི་དང་པོར་ཧྱ་སྟ་ནི་དང་ཨ་དྱ་ཏ་ནཱི་དང་བྱ་བ་ཤོར་བ་རྣམས་ཕ་རོལ་ལ་ཨཊ་ཨཱ་ག་མར་འགྱུར་རོ། །ཨ་ཡ་ཛ་ཏ། ཨ་པ་ཋ་ཏ། ཨ་ཡཱ་ཀྵཱིཏ། ཨ་པ་ཀྵིཏ། ཨའིང་རིང་པོའོ་ཞེས་པས་ རིང་པོའོ། །བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །ཨ་ཀ་རི་ཥྱཏ། ཨ་ཧ་རི་ཥྱཏ། ཧན་དང་རྀཏ་མཐའ་ལས་སྱ་ལའོ་ཞེས་པས་ཨིཊའོ། །བྱིངས་སྨོས་པ་ནི་ཧྱསྟ་ནཱི་སོགས་རྣམས་ཀྱི་ཨཱ་ག་མ་ཅན་ཉིད་ལྡོག་པའི་དོན་དུའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ། །བྱིངས་དབྱངས་དང་པོ་ཅན་རྣམས་ཀྱི་ཧྱསྟ་ནཱི་སོགས་ཕ་ རོལ་རྣམས་ལ་དང་པོར་འཕེལ་བར་འགྱུར་རོ། །ཨ་ཡིག་ཨཱ་ག་མ་འགེགས་པའོ། །ཨཻ་ཀྵཏ། ཨཻ་ཧཏ། ཨཽ་ཧཏ། ཨིཀྵ་བལྟ་བ་ལའོ། །ཨཱི་ཧ་བྱ་བ་ལའོ། །ཨཱུཧ་རྟོག །ཧྱསྟ་ནཱིའི་ཏའོ། །འཕེལ་བའོ། །ཨེེ་ཀྵིཥྚ། ཨེེ་ཧིཥྚ། ཨེེ་ཧིཥྚ། སི་ཙའོ། །ཨིཊའོ། །ཨེེ་ཀྵིཥྡྱཏ། ཨེེ་ཧཥྡྱཏ། ཨཽ་ཧིཥྡྱཏ། ཨའི་ཡི་གེའི་ཨཱ་ 195-1-247b ཡིག་གོ། །དང་པོའི་ཞེས་པ་ཁོ་ནའོ། དང་པོའི་ཨའི་ཡི་གེ་ནི་ཧྱསྟ་ནཱི་ལ་སོགས་པ་རྣམས་ཕ་རོལ་ལ་ཨཱ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨཱ་ཊཏ། ཨཱ་ཊཱིཏ། ཨ་ཊཱི་ཥྱཏ། ཨཊ་པཊ་འགྲོ་བ་ལའོ། །འདིས་ཨ་ཡིག་གི་ཨ་ཡིག་གོ། །ཨཱ་སྣོ་ཏ། ཨབླྀ་ཁྱབ་པ་ལའོ། །སུ་སོགས་ལས་ནུའོ། །ཨ་ཡིག་གི་ཨཱ་ཡིག་གོ། ། ཨཱ་བཏ། པུཥ་སོགས་ཀྱི་མདོས་ཨནའོ། །ཨཱངྶྱཏ། འོ་ན་སྔ་མས་ཨཱའི་ཡི་གེའི་ཨ་ཡིག་ཏུ་འགྱུར་བས་སྦྱོར་བ་བརྩམས་པས་ཅི་བྱ་ཞེ་ན། བདེན་ཏེ། ཨའི་ཡི་གེ་ཐམས་ཅད་ཀྱི་སྒོའི་གནས་སོ་ཞེས་པ་འདིར་ཕྱོགས་གཅིག་ལ་ཐམས་ཅད་ཨའི་ཡི་གེའི་འཕེལ་བ་རྣམས་སུ་འགྱུར་ཞིང་ཨ་ཡིག་ཉིད་ཇི་ལྟ་བར་ འགྱུར་གྱི་ཨཻ་ཨཽ་ཞེས་པ་འདི་དག་ཏུ་མི་འགྱུར་རོ་ཞེས་པས་སྦྱོར་བ་བརྩམས་པ་དོན་དང་བཅས་པའོ། །ཨསྟིའིའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་ཨའི་ཡི་གེ་གང་ཡིན་པ་དེ་ཧྱསྟ་ནཱི་ཕ་རོལ་ལ་ཨཱ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་དྱ་ཏ་ནཱི་དང་བྱ་བ་ཤོར་བ་དག་འཇུག་པ་མ་ཡིན་ཏེ། དེ་དག་ཕ་རོལ་ལ་བྷུ་རུ་བསྒྱུར་ བ་བྱས་པ་ལ་ཨའི་ཡི་གེ་མི་སྲིད་པའི་ཕྱིར་རོ། །ཨསྟིའི་དང་པོ་ཞེས་པས་དབྱི་བ་ཐོབ་པ་ལའོ། །ཨཱསྟཱ་མ། ཨཱ་ས་ནཱ། ཨས་ཡོད་པ་ལའོ། །ཧྱསྟ་ནཱིའི་ཏཱམ་དང་ཨནའོ། །འདིས་ཨཱ་ཡིག་གོ། །ཨེ་ཏིའི་ཡ་ལའོ། །དང་པོ་སྨོས་པ་རྗེས་སུ་འཇུག་སྟེ། ཨིཎ་འགྲོ་བ་ལའོ་ཞེས་པ་འདིའི་ཧྱསྟ་ནཱི་ལ་ཡ་ཡིག་ཏུ་གྱུར་པའི་ཡ་ དེ་ལ་དང་པོར་ཨཱ་ཡིག་ཨཱ་ག་མར་འགྱུར་རོ། ཨཱ་ཡན། ཨིཎ་འགྲོ་བ་ལའོ། །ཧྱསྟ་ནཱིའི་ཨནའོ། །ཨིཎའིང་ངོ་ཞེས་པས་ཡ་ཉིད་དོ། །ཨཱི་ཡིག་ཨཱ་ག་མའོ། །ཡ་ལ་ཞེས་པ་ཅི་ཞེ་ན། ཨ་ག་ཏ། ཨིཎ་སྠཱ་དཱ་ཞེས་པ་ས་སི་ཙ་འཇིག་གོ། །ཨིཎའི་ག་ཞེས་པས་གྲ་རུ་བསྒྱུར་རོ། །མཱ་དང་མཱ་སྨ་སྦྱོར་བ་ལ་མིན་ནོ། ། མཱའི་སྒྲ་དང་མཱ་སྨའི་སྒྲས་སྦྱོར་བར་གྱུར་པ་ན་ཨ་ཡིག་ཨཱ་ག་མ་ལ་སོགས་པ་མི་འགྱུར་རོ། །མཱ་བྷ་བཱན། པཀྵཱིཏ། མསྨ་པཱཀྵཱིཏ། ཨའིང་རིང་པོའོ། །མོཀྵཱིཏ། མཱ་སྨོཀྵཱིཏ། འཕེལ་བར་མི་འགྱུར་རོ། །དེ་བཞིན་དུ། མཱ་བྷ་བཱན། ཨ་ཊཱིཏ། ཞེས་པ་ལ་སོགས་པ་དཔེར་བརྗོད་པར་བྱའོ། །མསྨའི་སྒྲ་དང་ལྷན་ཅིག་ སྦྱོད་པ་ལས་མའི་སྒྲ་ཚིག་ཕྲད་དུ་གཟུང་བར་བྱ་སྟེ། ཏྭཱ་མཱ་ནི་གཉིས་པ་ལའོ་ཞེས་པ་འདི་ནི་མ་ཡིན་ནོ། །དེས་ན་འདིར་དགག་པར་མི་འགྱུར་ཏེ། ས་དཱ་མཱ་བྷ་བཱན་ཤྱཏ། མའི་སྒྲའི་ཏྭཱ་མཱ་ནི་གཉིས་པོ་ལའོ་ཞེས་པས་མཱ་རུ་བསྒྱུར་རོ། །ཨ་པ་ཤྱཏ་ཞེས་པ་ནི་དྲྀ་ཤ་ལས་དིའོ། །དྲྀཤིའི་པ་ཤྱའོ། །ན་མིནའི་མཐའ་ལས་ 195-1-248a བྱིངས་ལས་ཨཱ་ཤཱིཥ་ཨ་དྱ་ཏ་ནཱི་པ་རོ྅ཀྵཱ་རྣམས་ལ་དྷའི་ཌྷའོ། །ནཱ་མིནའི་མཐའ་ཅན་གྱི་བྱིངས་ལས་ཨཱ་ཤཱིཥ་དང་ཨ་དྱ་ཏ་ནཱི་དང་པ་རོ྅ཀྵ་རྣམས་ཕ་རོལ་ལ་དྷ་ཡིག་གང་ཡིན་པ་ཌྷ་ཉིད་དུ་འགྱུར་རོ། །ཙ་ཥཱི་ཌྷྭཾ། སྟོ་ཥཱི་ཌྷྭཾ། ཀྲྀ་ཥཱི་ཌྷྭཾ། རྀཏ་མཐའ་རྣམས་ཀྱིའང་ངོ་ཞེས་པས་ཀྲྀ་ཉའི་ཡོན་ ཏན་མེད་དོ། །ཨ་དྱ་ཏ་ནཱི་ལ། ཨ་ཙེ་དྷཱཾ། ཨ་ཀྲྀ་ཌྷཾ། སི་ཙའི་དྷ་ཡིག་ལའོ་ཞེས་པས་སི་ཙ་དབྱིའོ། །པ་རོ྅ཀྵཱ་ལ། ཙི་ཙྱི་ཌྷེ། ཏུཥྚུ་ཌྷེ། ཙ་ཀྲྀ་ཌྷྭི། ཀྲྀ་སྲྀ་བྷྲྀ་བྲྀ་ཞེས་པའི་ངེས་པ་ལས་ཙི་ནོ་ཏི་ལས་ཨིཊའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །ནཱ་མིནའི་མཐའ་ལས་ཞེས་པ་ཅི་ཞེ་ན། པཀྵི་ཌྷྭཾ། ཌུཔ་ཙཥ་འཚེད་པ་ལའོ། །ཨཱ་ཤཱིཥ་ཨཱདྱ་ཏ་ནཱི་པ་རོ྅ཀྵ་རྣམས་ལ་ཞེས་པ་ཅི་ཞེ་ན། སྟུདྷྭེ། བརྟ་མཱ་ནའི་དྷཱེའོ། །ཨིཊ་ལས་ཕ་རོལ་གྱི་དྷའི་ཨ་ཤཱིཥ་ཨཱ་དྱ་ཏ་ནཱི་པ་རོ྅ཀྵ་རྣམས་ཀྱི་གནས་ལ་ཌྷ་ཉིད་དུ་ཡང་ན་བཤད་པར་བྱའོ། །ལ་བི་ཥཱི་ཌྷྭཾ། ལ་བི་ཥི་ཌྷྚཾ། ཨ་ལ་པི་དྷྭཾ། ཨ་ལ་བི་དྷཾ། སི་ཙའི་དྷ་ཡིག་ལའོ་ ཞེས་པས་སི་ཙ་དབྱིའོ། །ལུ་ལུ་བི་ཌྷྭེ། ལུ་ལུ་བི་དྷྭེ། བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་ཞེས་པས་ཨུ་ཝའོ། །མརྫིའི་མཱརྫིའོ། །མྲྀ་ཛཱུཥ་དག་པ་ལའོ་ཞེས་པ་འདིའི་ཡོན་ཏན་བྱས་པ་ལ་མརྫ་ཞེས་པའི་གཟུགས་ཏེ། མརྫི་རུ་བསྒྱུར་བར་འགྱུར་རོ། །མཱཪྵྚཱ། མཱཪྵྚ་ཏི། མྲྀ་ཛུ་ཥ་དག་པ་ལའོ། །ཏཱ་དང་སྱ་ཏིའོ། ཡོན་ཏན་ནོ། །འདིས་མརྫའི་མཱརྫིའོ། །བྷྲྀཛ་སོགས་རྣམས་ཀྱི་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །མརྫིཞེས་པ་ཅི་ཞེ་ན། མྲྀཥྚཿ། བརྟ་མཱ་ནའི་ཏསའོ། དབྱངས་དང་པོ་ཡོན་ཏན་མེད་པ་ལ་མྲྀ་ཛའི་མཱརྫི་རུ་བསྒྱུར་བ་ཡང་ན་བཤད་པར་བྱ་སྟེ། པ་རི་མཱརྫནྟི། པིར་མྲྀ་ཛནྟི། བྱིངས་ཀྱི་དང་པོའི་ཥའི་སའོ། །བྱིངས་ཀྱི་དང་པོའི་ཥ་ཡིག་གང་ཡིན་པ་དེ་ས་ཉིད་དུ་འགྱུར་རོ། །ས་ཧ་ཏེ། ཥ་ཧ་བཟོད་པ་ལའོ། །སིཉྩཏི། ཥིཙ་ཟག་པ་ལའོ། །མུ་ཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མའོ། །བྱིངས་ཀྱི་ས་ཞེས་པ་ཅི་ཞེ་ན། ཥདྦྷིཿ། དང་པོ་སྨོས་པ་ཅི་ཞེ་ན། ལ་ཥི་ཏཱ། ལ་ཥ་ མཛེས་པ་ལའོ། །མིང་གི་བྱིངས་དང་ཥྭཀྐའི་འང་མི་འདོད་དེ། ཥཎྜཱི་ཡ་ཏི། ཥཎྞའི་སྒྲ་ལས་ཡིནའོ། །ཥཀྐ་ཏེ། ཥྭཀྐ་འགྲོ་བའི་དོན་ཏོ། །ཥྛི་བུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ཨན་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཥྛིབུའི་ས་ཉིད་དུ་མི་འགྱུར་ཏེ། ཥྛཱི་བ་ཏི། ཥྛི་བུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ཞེས་པས་རིང་ 195-1-248b པོའོ། །ཥྛི་བུའི་ཡང་ཥ་ཡིག་ལས་ཕ་རོལ་གྱི་ཋ་ཡིག་གི་ཐ་ཡིག་དག་ཏུ་ཡང་ནའོ་ཞེས་ཁ་ཅིག་གསུང་ངོ་། །གང་གི་ཚེ་ཋ་ཡིག་ཡིན་པ་དེའི་ཚེ། ཊེཥྛཱི་བྱ་ཏི། གང་གི་ཚེ་ཐ་ཡིན་པ་དེའི་ཚེ། ཏེསྠི་བྱ་ཏེ། ཡ་སྒྲའོ། །ན་མིའི་ར་བ་དག་གི་ཞེས་པས་རིང་པོའོ། །གཉིས་པ་བཞི་པ་དག་གི་དང་པོ་གསུམ་པ་དག་ གོ་ཞེས་པས་ཐའི་ཏ་དང་ཐའི་ཏའོ། །ཅི་སྟེ་ས་ཡིག་དང་པོ་བྱིངས་ཐམས་ཅད་རྣམས་ཅིའི་ཕྱིར་བཀླག་པར་བྱ་བ་མིན་ཅི་ཞེ་ན། དེ་ལྟར་ནུས་པ་མ་ཡིན་ནོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་གནས་པའི་ཞེས་པའི་ཚིག་ལས་རྣམ་འགྱུར་གྱི་ས་ཡིག་གི་ཥ་ཉིད་དུ་བསྒྲུབ་པར་བྱ་བ་དེ་མི་འགྱུར་ཏེ། རྣམ་འགྱུར་གྱི་ས་ ཡིག་མི་སྲིད་པའི་ཕྱིར་རོ། །དེས་ན་ལྷག་མའང་ངོ་། །ཎའི་ནའོ། །བྱིངས་ཀྱི་དང་པོའི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་དང་པོའི་ཎ་ཡིག་ན་ཉིད་དུ་འགྱུར་རོ། །ན་མ་ཏི། ཎམ་འདུད་པ་དང་སྒྲ་ལའོ། །ན་ཡ་ཏི། ཎཱིཉ་ཐོབ་པ་ལའོ། །བྱིངས་ཀྱི་དང་པོའི་ཞེས་པ་ཅི་ཞེ་ན། བྷཎ་ཏི། བྷཎ་སྒྲ་ལའོ། །མིང་གི་བྱིངས་ དག་གི་མི་འདོད་དེ། ཎ་ཀཱ་རི་ཡ་ཏི། རྒྱུ་མཚན་ལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་ཉིད་དོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ཞེས་མིང་ལས་སྠཱ་ལས་ཀྱང་ཞེས་པས་ཌའོ།རྒྱུ་མཚན་ནི་བྱེད་པའི་རྒྱུའོ་ཞེས་པའི་དོན་ཏོ། །རྒྱུ་མཚན་ལས་ཏེ་ནཱ་མིའི་ཡི་གེ་དང་ཀ་དང་ར་ལས་ ཕ་རོལ་གྱི་ས་ཡིག་རྐྱེན་ལ་གནས་པ་དང་རྣམ་འགྱུར་ལ་གནས་པ་དང་ཨཱ་ག་མ་ལ་གནས་པ་ཥ་ཉིད་དུ་ཐོབ་བོ། །རེ་ཞིག་ནཱ་མི་ལས། ཙི་ཙཱི་ཥ་ཏི། ཛུ་ཧུ་ཥ་ཏི། དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་པོའོ། །ཀ་ལས། པཀྵྱ་ཏི། ར་ལས། ཙི་ཀཱིཪྵ་ཏི། རྣམ་འགྱུར་གྱི་ས་ཡིག་གི །ས་ཥེ་ཙ། པུ་ཥྭ་པ། ཥྭི་ཙ་ཟག་པ་ལའོ། །ཉི་ཥ་པ་ཉལ་བ་ལའོ། །ཨཊའོ། གཉིས་ཀ་རྣམས་ཀྱི་ཨ་བྷྱཱསའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨཱ་ག་མའི་ས་ཡིག་གི། པ་རིཥྐཏྟཱ། སཾ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་དང་འདུས་པ་ལ་སུཊ་ཞེས་པས་སུཊའོ། །རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། དཱ་སྱ་ཏི། རྐྱེན་དང་རྣམ་ འགྱུར་དང་ཨཱ་ག་མ་ལ་གནས་པ་ཞེས་པ་ཅི་ཞེ་ན། སེ་སི་མྱ་ཏེ། སྱ་མུ་སྭ་ན་དྷྭ་ན་སྒྲ་ལའོ་ཤིན་ཏུ་བའི་དོན་ལ་ཡ་སྒྲའོ། །སྭ་པི་སྱ་མི་བེཉ་རྣམས་ཀྱི་ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་སཾ་པྲ་སཱ་ར་ཎའོ། །ཥ་ཉིད་དུ་གྲུབ་ཟིན་པ་ལ་སླར་བརྗོད་པ་ནི་ཕྱི་མའི་དོན་དུའོ། །རྒྱུ་མཚན་ལས། ཤཱ་ས་བ་སི་གྷ་ས་རྣམས་ཀྱི་སའི་ཥ་ཉིད་དུ་ 195-1-249a ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། ཤ་སི་བ་སི་གྷ་སི་རྣམས་ཀྱིའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །བས་གནས་པ་ལའོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་གྷསིའོ། །འདི་རྣམས་ཀྱི་རྒྱུ་མཚན་ལས་ཕ་རོལ་གྱི་ས་ཡིག་ཥ་ཉིད་དུ་འཐོབ་པོ། །རྐྱེན་དང་རྣམ་ འགྱུར་དང་ཨཱ་ག་མའི་དོན་བརྗོད་པ་མིན་ནོ། །ཤིཥྱ་ཏེ། ཤཱ་སིའི་ཨུ་པ་དྷཱའི་ཨ་ཎ་དང་གསལ་བྱེད་དག་ལ་ཨིཏ་ཅེས་པས་ཨི་ཉིད་དོ། །འདིས་ཥ་ཉིད་དོ། །ཤིཥྚཿ། ཤིཥྚ་བཱན། ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཨུཥྱ་ཏེ། བས་གནས་པ་ལའོ། །སྭ་པི་བ་ཙི་ཞེས་པ་སཾ་པྲ་སཱ་ར་ཎའོ། །ཨུ་ཥི་ཏཿ། ། ཨུ་ཥི་ཏ་བཱན། འགྲོ-བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་ནིཥྛའོ་ཞེས་པས་ཀྟ་བནྡྷུའོ། །སྔ་མ་བཞིན་དུ་སཾ་པྲ་སཱ་ར་ཎའོ། །ནིཥྛཱ་ལའོ་ཞེས་པས་ཨིཊའོ། །ཛཀྵ་ཏུཿ། ཛཀྵུཿ། པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་ཨ་དི་གྷ་སླྀའོ། །གཾ་ཧན་ཛན་ཥན་གྷས་ཞེས་པས་ཨུ་པ་དྷཱ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་ གྷ་ཡིག་ཀ་ཡིག་གོ། །ཥ་ཉིད་དོ། །རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། ཨ་ནུ་ཤཱསྟི། བ་ས་ཏི། ཛ་གྷཱ་ས། སྟཽ་ཏི་ན་ཨིན་མཐའ་ཉིད་དག་གི་ཥ་ཎ་ལའོ། །སྟཽ་ཏི་ཞེས་པ་ཨུ་ཡིག་གི་འཕེལ་བ་སྟེ་གསལ་བྱེད་དང་པོ་ལ་ཞེས་པས་འཕེལ་བའོ། །ཥ་ཎ་ལ་ཞེས་པས་ན་ཥ་ཉིད་བྱས་པར་འདོད་དོ། །སྟཽ་ཏི་དང་ཨིན་མཐའ་རྣམས་ ཀྱིའང་ས་ཡིག་ཥ་ཉིད་དུ་འཐོབ་སྟེ། ཥ་ཎ་ཕ་རོལ་ལའོ། །ཏུཥྚ་ཥ་ཏི། སུ་ཥྭཱ་པ་ཡི་ཥ་ཏི། སི་ཥེ་ཙ་ཡི་ཥ་ཏི། ཉི་ཥྭ་པ་ཉ་ལ་བ་ལའོ། །ཥིཙ་འཛག་པ་ལའོ། །ཉལ་དུ་འཇུག་པར་འདོད་དོ། །དེ་བཞིན་དུ། ཟག་ཏུ་འཇུག་པར་འདོད་དོ་ལ་ཨིནའོ། །སནའོ། །ཨིཊའོ། །ཡོན་ཏན་ནོ། །དྱུ་ཏི་སྭ་པི་དག་གི་ཞེས་པས་སཾ་ པྲ་སཱ་ར་ཎའོ། །སླར་ཡང་བརྩམ་པ་ནི་ངེས་པའི་དོན་དུའོ། །སན་ལ་ཥ་ཉིད་དུ་བྱས་པ་ལ་སྟཽ་ཏི་དང་ཨིན་མཐའ་དག་གི་ཥ་ཉིད་ཡིན་གྱི་གཞན་གྱིས་མ་ཡིན་ནོ། དེས་ན་འདིར་མི་འགྱུར་ཏེ། སུ་སུ་ཥ་ཏི། སི་སི་ཀྵ་ཏི། ཥུཉ་བཀྲུ་བ་ལའོ། ཥི་ཙ་འཛག་པ་ལའོ། །ཥ་ཎ་ལ་ཞེས་པ་ཅི་ཞེ་ན། ཏིཥྛ་ས་ཏི། འདིར་སན་ལ་ ཥ་ཉིད་མེད་དོ་ཞེས་བྱིངས་ཀྱི་ཥ་ཉིད་བཅད་པར་མི་བྱའོ། །སྭི་དི་སྭ་དི་ས་ཧི་རྣམས་ཀྱི་ཨིན་མཐའི་ཥ་ཎ་ལ་ཥ་ཉིད་དུ་མི་འདོད་དེ། སི་སྭ་དེ་ཡི་ཥ་ཏེ། སི་ཧ་ཧ་ཡི་ཥ་ཏི། ཥྭིད་ལུས་ཀྱི་འཛག་པ་ལའོ། །སྭད་ཡྭད་སྭདྷ་རོ་མྱང་བ་ལའོ། ཥཧ་བཟོད་པ་ལའོ། །ལུས་འཛག་ཏུ་འཇུག་པར་འདོད་དོ། །དེ་བཞིན་དུ་རོ་མྱང་དུ་ 195-1-249b འཇུག་པར་འདོད་དོ། །བཟོད་དུ་འཇུག་པར་འདོད་དོ་ལ་ཨིནའོ། །འཇིག་གོ་ཡིས་བྱིས་པ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ། །འཇིག་གོ་ཡིས་ཕྱིས་པ་ནི་འཇིག་གོ་ཡིས་ཕྱིས་པའོ། །རྐྱེན་གྱི་བྱ་བ་མ་ཡིན་པ་ནི་རྐྱེན་ལ་བྱ་བ་མ་ཡིན་ནོ། འཇིག་གོ་ཡིས་སྒྲས་བརྗོད་པ་གང་ལ་དབྱི་བ་བྱས་པ་དེ་ལ་རྐྱེན་གྱི་བྱ་བ་བྱ་བར་ཐོབ་པ་ གང་ཡིན་པ་དེ་རང་བཞིན་གྱིས་མི་འགྱུར་རོ། །རྐྱེན་གྱི་མཚན་ཉིད་ཀྱིས་ཐོབ་པ་ལའོ། །ཨཾ་གཱཿ ཨཎའོ། །གྲགས་པ་རྣམས་ཀྱི་མང་པོ་ཉིད་ལ་བུད་མེད་མིན་པའི་བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པས་ཨཎ་འཇིག་གོ། །འདིར་ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ་ཞེས་པས་འཕེལ་བ་ཐོབ་པ་ལའོ། །དུདྡྷགྡྷཿ། དུཧནྟི། དུ་ཧ་ འཇོ་བ་ལའོ། །ཏས་དང་ཨནྟིའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །འདིར་བི་ཀ་ར་ཎ་ལ་ཨན་ཉིད་ལའང་ངོ་ཞེས་པས་ཡོན་ཏན་ཐོབ་པ་ལའོ། །དེ་དང་པོའི་གྷའོ། །གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ། །དབྱངས་ཀྱི་ཆོ་ག་ནི་དབྱངས་ཀྱི་སྒྲུབ་པའོ། ། གཉིས་སུ་རྗོད་པར་བྱེད་པའི་རྒྱུ་མཚན་ནི་གཉིས་བརྗོད་པའི་རྒྱུ་མཚན་ནོ། །དབྱངས་དང་པོའི་རྐྱེན་ལ་གཉིས་བརྗོད་པའི་རྒྱུ་མཚན་དུ་གྱུར་པ་ལ་སྔར་གཉིས་བརྗོད་པ་བྱས་པ་ན་ཕྱིས་དབྱངས་ཀྱི་ཆོ་ག་བྱ་བར་འགྱུར་རོ། །པ་ས་ཏུཿ། པ་སུཿ། ཛགྨ་རུཿ། ཛགྨུཿ། པཱ་འཐུང་བ་ལའོ། །གམླྀ་འགྲོ་བ་ལའོ། །ཨ་ཏུས་དང་ ཨུསའོ། །འདིར་ཕྱིས་པ་ཉིད་ཀྱི་ཕྱིར་ཨ་དབྱི་བ་དང་ཨུ་པ་དྷཱ་དབྱི་བ་དག་ཏུ་འགྱུར་རོ། །དེ་ལས་ཀྱང་གཉིས་བརྗོད་པར་མི་འགྱུར་ཏེ། དབྱངས་གཅིག་མེད་པ་ལས་སོ། །འདིར་སྔར་ནི་གཉིས་བརྗོད་ཅིང་དེ་ནས་དབྱངས་ཀྱི་ཆོ་གའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །གཾ་ཧན་ཞེས་ པས་ཨུ་པ་དྷཱའི་དབྱིའོ། །ཨཱ་ཊི་ཊཏ། ཨཱ་ཤི་ཤཏ། ཨཊ་པཊ་འགྲོ་བ་ལའོ། །འགྲོ་བར་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་ཟ་རུ་འཇུག་པ་ལ་སྦྱོར་རོ་ལ་ཨིནའོ། །རིང་པོའོ། །དིའོ། །ཙཎའོ། །ཕྱིས་ཉིད་ཀྱི་ཕྱིར་ཀཱ་རི་ཏ་དབྱིའོ། །འདིས་སྔར་བརྗོད་དོ། །དབྱངས་ཀྱི་ཆོ་ག་ཞེས་པ་ཅི་ཞེ་ན། ཨཱ་པི་སྱེ། ཨོ་སྱཱི། ཡཱི་ འཕེལ་བ་ལའོ། །པ་རོ྅ཀྵཱའི་ཨེའོ། །འདིར་ཕྱིས་ཉིད་ཀྱི་ཕྱིར་སྱཱ་ཡའི་པ་རོ྅ཀྵཱ་ལ་པིའོ་ཞེས་པས་པི་རུ་བསྒྱུར་རོ། །དེ་ནས་གཉིས་བརྗོད་དོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ཛེ་གྷྲྀ་ཡ་ཏེ། གྷྲ་དྲི་ལན་པ་ལའོ། །ཡ་སྒྲའོ། །གྷྲ་དྷྨ་དག་གི་ཨཱིའོ་ཞེས་པས་ཨཱིའོ། །དེས་ན་གཉིས་བརྗོད་དོ། །གཉིས་བརྗོད་པའི་རྒྱུ་མཚན་ཞེས་པ་ 195-1-250a ཅི་ཞེ་ན། དུ་དྷུ་ཥ་ཏི། དི་བུ་རྩེ་བ་ལའོ། །སནའོ། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨུཊ་དག་གོ་ཞེས་པས་བ་ཡིག་ཨུཊ་རུ་བསྒྱུར་བའོ། །འདིར་ཨུ་ཡིག་དབྱངས་གཉིས་བརྗོད་པའི་རྒྱུ་མཚན་མ་ཡིན་ནོ། །དེས་ན་སྔར་དབྱངས་ཀྱི་ཆོ་ག་ཡ་ཉིད་དོ། །དེ་ནས་གཉིས་བརྗོད་དོ། །བྱས་པ་ན་ཞེས་སྨོས་ པ་ནི་ཁ་ཅིག་ཏུ་དབྱངས་ཀྱི་ཆོ་ག་སྔར་འཇུག་པའི་དོན་ཏོ། །དེས་ན། ཨ་རི་རི་ཥ་ཏི། ཞེས་པ་འདིར་གཉིས་བརྗོད་པ་ལས་སྔོན་དུ་ཡོན་ཏན་གྲུབ་བོ། །འོ་ན་ཨིཊ་མེད་པར་འང་སན་ལ་གཉིས་བརྗོད་པ་མཐོང་བའི་ཕྱིར་འདིར་ཇི་ལྟར་ཨིཊ་གཉིས་བརྗོད་པའི་རྒྱུ་མཚན་ཉིད་དུ་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་འདིར་ཨིཊ་ ཨཱ་ག་མ་བྱས་པ་ན་ཨིཊ་དང་བཅས་པའི་སན་དབྱངས་ལས་དང་པོར་གཉིས་བརྗོད་པའི་རྒྱུ་མཚན་ནོ་ཞེས་པས་ཡོན་ཏན་ལས་སྔར་གཉིས་བརྗོད་པར་འགྱུར་རོ། །གལ་ཏེའང་ཨིཊ་རྐྱེན་གྱི་ཆ་ཤས་ཉིད་དུ་གྱུར་ན་གཉིས་བརྗོད་པའི་རྒྱུ་མཚན་ཉིད་དུ་མི་འགྱུར་ན། ད་དྷི་ཐ། ཞེས་སོགས་གྲུབ་པར་མི་འགྱུར་བས་ གཉིས་བརྗོད་པ་ལས་སྔོན་དུ་ཨ་དབྱི་བ་འཇུག་པས་དེའི་ཕྱིར། ཨ་རི་རི་ཥ་ཏི། ཞེས་པ་འདིར་སྔོན་དུ་ཡོན་ཏན་འཇུག་པའི་དོན་དུ་བྱ་བ་བྱས་པ་སྨོས་པའོ། །ཌུ་དྷཱཉ་འཛིན་པ་རོ྅ཀྵའི་ཐལའོ། །པ་རོ྅ཀྵ་ལ་སྲྀ་བྲྀ་བྷྲྀ་སྟུ་དྲུ་ཤྲུ་སྲུ་རྣམས་ཉིད་ལས་པ་རོ྅ཀྵཱ་ལའོ། ཀྲྀ་ལ་སོགས་པ་རྣམས་ཀྱི་ངེས་པ་ལས་ཨིཊའོ། ། གཉིས་བརྗོད་དོ། །ཨིཊ་ལ་ཡང་ངོ་ཞེས་པས་ཨཱ་དབྱིའོ། །གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ། །ཡི་གེ་གང་རྣམས་ཀྱི་རབ་ཏུ་སྦྱར་བྱ་མིན་པ་རབ་ཏུ་སྦྱོར་བ་མེད་པ་དེ་ནི་རྗེས་སུ་འབྲེལ་བའི་མིང་ཅན་དུ་འགྱུར་རོ། །ཌུ་ཀྲྀ་ཉའི་ཌུ་ཡིག་དང་ཉ་ཡིག་རྗེས་སུ་འབྲེལ་བ་དག་གོ། །སྔོན་གྱི་སློབ་དཔོན་གྱི་མིང་གི་ཡན་ལག་ཏུ་བྱས་པ་ནི་བྱ་ བའི་དོན་བརྗོད་པའི་མིང་ཅན་དུ་རྟོགས་པར་བྱ་བའི་དོན་ཏོ། །དེས་ན། བ་ཡི་བ་ཙི་སོགས་རྣམས་ཀྱི་ཨི་ཡིག་ཏུ་གྱུར་པའི་ཡང་རབ་ཏུ་སྦྱོར་བ་མེད་པ་ཉིད་ལ་མིང་ཅན་དུ་མི་འགྱུར་རོ། །གལ་ཏེ་འགྱུར་ན་ན་ཡིག་ཨཱ་ག་མའོ། །མིང་ཅན་གང་དུ་དགོས་ཤེ་ན། ཌུ་རྗེས་སུ་འབྲེལ་བ་ལས་ཨ་ཐུའོ་ཞེས་པ་ལ་སོགས་པ་རྣམས་སུའོ། བེ་པ་ཐུཿ། ཊུ་བེ་གྲྀ་ཀ་སི་གཡོ་བ་ལའོ། །ཊུ་རྗེས་སུ་འབྲེལ་པ་ལས་ཞེས་པས་ཨ་ཐུའོ། །ཤ་སོགས་རྣམས་ཤིཊ་ཅེས་པའོ། །ཤ་སོགས་རྣམས་ཏེ་ཤ་དང་ཥ་དང་ས་དང་ཧ་རྣམས་ཤིཊའི་མིང་ཅན་དུ་འགྱུར་རོ། །ཤིཊའི་མིང་གིས་གང་དུ་དགོས་ཤེ་ན། ཨིཊ་མེད་པ་ཨིཊ་མཐའ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨ་ལིཀྵ་ 195-1-250b ཏ། ལིཧ་རོ་མྱང་བ་ལའོ། །དིའོ། །སཎའོ། །ཧའི་ཌྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །ཨི་ཨུ་རྀཏ་མཐར་གནས་ཀྱི་རྒྱུ་མཚན་རྣམས་སཾ་པྲ་སཱ་ར་ཎའོ། །ཨི་དང་ཨུ་དང་རི་ནི་ཨི་ཨུ་རྀཏ་དེ་རྣམས་སོ། །ཨི་ཡིག་དང་ཨུ་ཡིག་དང་རྀ་ཡིག་དེ་རྣམས་ནི་སཾ་པྲ་སཱ་ར་ཎའི་མིང་ཅན་དུ་འགྱུར་རོ། །སཾ་པྲ་སཱ་ར་ཎའི་མིང་གང་དུ་དགོས་ཤེ་ན། མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སཾ་པྲ་སཱ་ར་ཎའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨིཛྱ་ཏེ། སུ་སྱ་ཏེ། སཾ་གྲྀ་ཧྱ་ཏེ། མཐར་གནས་ཀྱི་རྒྱུ་མཚན་རྣམས་ཞེས་པ་ཅི་ཞེ་ན། ས་མ་སྠི་ཏེ།སྠཱ་དཱ་དག་གི་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེ་ལ་ཨིའོ་ཞེས་པས་ཨ་ཉིད་དོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་ཞེས་པས་སི་ཙ་ དབྱིའོ། །གལ་ཏེ་འདིའི་ཨི་ཡིག་གི་མིང་ཅན་དུ་འགྱུར་ན་དེ་མཐའ་རིང་པོ་ཞེས་པས་རིང་པོར་འགྱུར་རོ། །རྒྱུ་མཚན་བྱས་པས་ཇི་ལྟར་འགྱུར་ཞེ་ན། སི་ཙ་དབྱི་བ་བྱས་པ་ན་ནི་དེ་ལ་རིང་པོ་ཐོབ་པ་ལའོ། །ཨར་དང་མཚམས་སྦྱོར་གྱི་ཡི་གེ་སྔ་མ་གཉིས་དག་ཀྱང་ཡོན་ཏན་ནོ། །ཨར་ཞེས་པའི་སྒྲ་འདི་དང་སྔ་མ་དག་ཀྱང་སྟེ་ཨར་ དང་གང་མཚམས་སྦྱོར་གྱི་ཡི་གེའི་སྔ་མ་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཨུའི་ཡི་གེ་ལ་ཨོ་ཞེས་པ་འདི་རྣམས་ཀྱི་མདོས་བྱས་པ་དེ་རྣམས་ནི་ཡོན་ཏན་གྱི་མིང་ཅན་དུ་འགྱུར་རོ། །ཡོན་ཏན་གྱི་མིང་གིས་གང་དུ་དགོས་ཤེ་ན། གསུངས་པ། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ་ཞེས་པ་ལ་སོགས་པ་རྣམས་ སུའོ། །ཀརྟཱ། ཙེ་ཏཱ། སྟོཏཱ། ཨར་དང་ཕྱི་མ་དག་ཀྱང་འཕེལ་བའོ། །ཨཱར་ཞེས་པའི་སྒྲ་འདི་དང་ཕྱི་མ་སྟེ་ཕ་རོལ་གྱི་གང་མཚམས་སྦྱོར་གྱི་ཡི་གེའི་ཕྱི་མ་བཀླགས་པ། ཨེ་ཨོ་ཞེས་པ་འདི་དག་གིས་འཕངས་པའི་ཨཻ་ཨཽ་ཞེས་པ་ཕྱི་མ་འདི་རྣམས་འཕེལ་བའི་མིང་ཅན་རྣམས་སུ་འགྱུར་རོ། །འཕེལ་བའི་མིང་ནི་གང་དུ་ དགོས་ཤེ་ན། ཨའི་ཨུ་པ་བྷཱ་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཞེས་པ་ལ་སོགས་པ་རྣམས་སུའོ། །ཙ་ཀཱ་ར། མི་ནཱ་ཡ། ལུ་ལཱ་བ། གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ་ཞེས་པའི་ཚིག་ལས་སྔ་མ་གཉིས་བརྗོད་པའོ། །དེ་ནས་ཨིན་ཨི་ཙ་ཨཊ་རྣམས་ལ་ཨུ་ པ་དྷཱའི་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ་ཞེས་པས་འཕེལ་བའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་སུ་རྐང་པ་བརྒྱད་པ་རྫོགས་སོ། །ཀུན་བཤད་སྐབས་རྫོགས་སོ། །སྐད་གཉིས་དབང་པོ་ཆོས་རྗེ་སོགས། །ཐུགས་དགོངས་རྫོགས་ 195-1-251a དང་གངས་ཅན་ལ། །སློབ་ཕན་དགའ་སྟོན་བགྱི་བའི་སླད། །སྒྲ་རིག་ཇི་བཞིན་རྩེ་རྨོས་བསྒྱུར།། །།གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་པ་ལ་ཨིཙ་བཞིན་དུའོ། །ཨིཙ་ལྟ་བུ་ནི་ཨིཙ་བཞིན་དུའོ། །ཉ་དང་ཎ་ནི་ཉ་ཎ་དག་སྟེ། དེ་དག་རྐྱེན་གང་གི་རྗེས་སུ་འབྲེལ་བ་ཡིན་པ་ཞེས་རྣམ་པར་སྦྱར་རོ། །ཛྲ་གྲི་ལས་ ཀྲྀཏ་ཤནྟྲྀང་བི་དག་མ་ཡིན་པ་ལའོ་ཞེས་པ་འདི་ལས་ཀྲྀཏ་ལ་ཞེས་པ་རྗེས་སུ་འཇུག་གོ། །ཉ་ཡིག་རྗེས་སུ་འབྲེལ་པ་དང་ཎ་ཡིག་རྗེས་སུ་འབྲེལ་བའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་ལ་བྱིངས་ཀྱི་བྱ་བ་ཨིཙ་དང་འདྲ་བར་འགྱུར་ཏེ། ཨིཙ་ལ་གང་བཤད་པ་དེ་ཉ་ཡིག་དང་ཎ་ཡིག་རྗེས་སུ་འབྲེལ་པ་ཕ་རོལ་ལའང་འགྱུར་རོ་ཞེས་པའི་དོན་ཏོ། ། པཱ་ཀཿ། པཱ་ཙ་ཀཿ། ཌུ་པ་ཙ་ཥ་འཚེད་པ་ལའོ། །འཚེད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །འཚེད་པར་བྱེད་དོ་ཞེས་པས་པུཎ་ཏྲྀ་ཙ་དག་གོ་ཞེས་པས་བུ་ཎའོ། །ཉ་ཡིག་དང་ཎ་ཡིག་དག་འདིའི་དོན་ཏོ། །གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་བུའི་ཨ་ཀར་བསྒྱུར་བའོ། །ཙ་ཛ་དག་ གི་ཀ་ག་དག་གོ་ཞེས་པས་ཙ་ཡིག་གི་ཀ་ཡིག་གོ། །ཇི་ལྟར་ཨི་ཙ་ཕ་རོལ་ལ་ཨའི་ཨུ་པ་དྷཱ་ཞེས་པས་རིང་པོར་བཤད་པ་དེ་ལྟར་འདིར་ཡང་འགྱུར་རོ། །ཀ་རཿ། ཀཱཾ་རཀཿ། ཌུ་ཀྲྀཉ་བྱེད་པ་ལའོ། །བྱེད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །བྱེད་དོ་ཞེས་པ་སྔ་མ་བཞིན་དུ་བུ་ཎ་ཏེ་ཨ་ཀར་བསྒྱུར་བའང་ངོ་། །ཨིཙ་དང་འདྲ་བར་ འགྱུར་བའི་ཕྱིར་ཨའི་ཨུ་པ་དྷཱ་ཞེས་པ་ལ་སོགས་པས་འཕེལ་བའོ། །དཱ་ཡཿ། དཱ་ཡ་ཀཿ། སྟེར་བའོ་ཞེས་པས་གྷཉའོ། །སྟེར་རོ་ཞེས་པས་བུཎའོ། །ཨིཙ་དང་འདྲ་བར་འགྱུར་བའི་ཕྱིར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཨཱ་ཡིའོ་ཞེས་པས་ཨཱ་ཡིའོ། །གྲུབ་པ་སྨོས་པ་ནི་བཀྲ་ཤིས་པའི་དོན་དུའོ། །ཧནྟིའི་ཏའོ། ། ཉ་ཎ་རྗེས་སུ་འབྲེལ་བ་ལ་ཞེས་པ་རྗེས་སུ་འཇུག་གོ། །ཧནྟིའི་ཏ་ཉིད་དུ་འགྱུར་ཏེ། ཉ་ཡིག་དང་ཎ་ཡིག་རྗེས་སུ་འབྲེལ་བའི་ཀྲྀཏ་ཕ་རོལ་ལའོ། །གྷཱ་ཏཿ། གྷཱ་ཏ་ཀཿ། འཇོམས་པའོ་ཞེས་བྱས་ནས་དངོས་པོ་ལ་གྷཉའོ། །འཇོམས་སོ་ཞེས་པས་བུཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཧནྟིའི་ཧའི་ཨིན་ཨིཙ་དག་ལ་ གྷིའོ་ཞེས་པས་ཧེ་ཡིག་གི་གྷ་ཡིག་གོ། །འདིས་ནའི་ཏའོ། །ཨིཊ་དང་བཅས་པ་ཨ་མ་མཐའ་ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་མ་ཡིན་ནོ། །བྱིངས་ཨིཊ་དང་བཅས་པ་ཨཾ་མཐའི་ཉ་ཎ་རྗེས་སུ་འབྲེལ་བའི་ཀྲྀཏ་ཕ་རོལ་ལ་ཨི་ཙ་དང་འདྲ་བའི་བྱ་བར་མི་འགྱུར་རོ། །ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་ 195-1-251b སྟེ། ཝ་མི་དང་། ཀ་མི་དང་ཙམ་རྣམས་ཀྱི་ནི་དགག་པར་འགྱུར་བ་མ་ཡིན་ནོ། །ཤམཿ། ཤམ་ཀཿ། ཏམཿ། ཏམ་ཀཿ། ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ཞི་བའོ། །འདོད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །ཞི་བར་བྱེད་དོ་འདོད་པར་བྱེད་དོ་ཞེས་པ་བུ་ཎ་ཏྲི་ཙ་དག་གོ་ཞེས་པས་བུ་ཎ་ ཏེ་ཨ་ཀར་བསྒྱུར། ཨིཙ་དང་འདྲ་བར་འགྱུར་བར་འགག་པས་རིང་པོ་མེད་དོ། །དེ་བཞིན་དུ། ཤ་མཱི། ཏ་མཱི་སྟེ་ཞི་བའི་ངང་ཚུལ་ལོ། །འདོད་པའི་ངང་ཚུལ་ལོ། །ཞེས་པས་ཤམ་ལ་སོགས་པ་བརྒྱད་རྣམས་ཀྱི་གྷི་ནི་ཎའོ། །ཎ་ཡིག་ནི་ཨིཙ་དང་འདྲ་བར་འགྱུར་བའི་དོན་ཏོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། ། གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །གལ་ཏེ་ཡང་དཔེར་བརྗོད་པ་འདི་རྣམས་ལ་ཨིཊ་ཨཱ་ག་མ་མེད་མོད་དེ་ལྟ་ནའང་། ཨིཊ་དང་བཅས་པ་སྨོས་པས་འདིར་ཨིཊ་དང་བཅས་པའི་བྱིངས་རྣམས་ཉེ་བར་མཚོན་པར་བྱའོ། །ཨིཊ་དང་བཅས་པའི་ཞེས་པ་ཅི་ཞེ་ན། ཡཱ་མཿ། ཡཱ་མ་ཀཿ། སྡོམ་ པའོ། །སྡོམ་པར་བྱེད་དོ་ཞེས་ཀྱང་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་དེ་ལ་ན། ཨུ་ད་ཡ་མཿ། ཨུ་པ་ར་མཿ། ཅི་ལྟར་ཡིན་ཏེ། ཡ་མི་དང་ར་མི་དག་ཨིཊ་དང་བཅས་པ་མ་ཡིན་པ་ལས་སོ་ཞེ་ན། བདེན་ཏེ། ཨཌ་བརྩོན་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ་ཞེས་སོགས་བྱེད་པའི་ཚིག་ལས་དགག་པར་འགྱུར་རོ། ། ཨམ་མཐའ་ཞེས་པ་ཅི་ཞེ་ན། པཱ་ཐཿ། པཱ་ཐ་ཀཿ། ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བཱ་མཿ། ཐཱ་མ་ཀཿ། ཀཱ་མཿ། ཀཱ་མ་ཀཿ། ཨཱ་ཙཱ་མཿ། ཨཱ་ཙཱ་མ་ཀཿ། ཌུ་ཝམ་སྐྱུག་པ་ལའོ། །ཀ་མུ་མཛེས་པ་ལའོ། །ཙ་མུ་ཟ་བ་ལའོ། །ཙ་མི་ལས་ཨཱང་སྔ་མའོ། །སྐྱུག་པའོ། །མཛེས་ པའོ། །ཀུན་ནས་ཟ་བའོ་ཞེས་པས་གྷཉའོ། །སྐྱུག་པར་བྱེད་དོ། །འདོད་པར་བྱེད་དོ། །ཀུན་ནས་ཟ་བར་བྱེད་དོ། །ཞེས་པས་བུ་ཎའོ། །ཨཱང་སྔོན་མ་ཅན་གྱི་ཙ་མི་སྨོས་པར་ཟད་དེ། དེས་ན་འདིར་མི་འགྱུར་རོ། །པི་ར་ཙ་མཿ། གྷཉའོ། །ཨཱ་མཿ། ཅི་ལྟར་ཡིན་ཏེ། འདི་ལས་དགག་པ་ཐོབ་པས་སོ་ཞེ་ན། བརྗོད་པར་ བྱ་སྟེ། འདི་ནི་བྷུ་ལ་སོགས་པའི་ཨམ་འགྲོ་བ་ལའོ་ཞེས་པ་འདིའི་གཟུགས་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཙུར་ལ་སོགས་པའི་ཨམ་ནད་ལའོ་ཞེས་པ་འདིའི་ཡིན་ནོ། །ཨམ་ནད་ལའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །དེ་ལས་དབྱངས་དང་བྲྀ་དྲི་ག་མི་ཞེས་པས་ཨ་ལའོ། ། 195-1-252a ཀཱ་རི་ཏ་དབྱིའོ། །བི་ཤྲཱ་མཿ། ཤྲ་མུ་དཀའ་དུ་བ་ལ་སྟེ་སྐྱོ་བ་ལའོ། །བི་སྔ་མ་དང་གྷཉ། ཇི་ལྟར་ཞེ་ན་བརྗོད་པར་བྱ་སྟེ་སྦྱོར་བ་འདི་ནི་ལེགས་པ་མ་ཡིན་གྱི། བི་ཤྲ་མཿ། ཞེས་པ་ལྟར་འབྱུང་བར་བྱའོ། །དཱི་དྷཱི་བེ་བཱི་དག་གིའང་ངོ་། །མ་ཡིན་ནོ་ཞེས་པ་ཁོ་ནའོ། །དཱི་དྷཱིང་གསལ་བ་ལའོ། །བེ་བཱིང་བྱ་ དགའ་མཚུངས་པ་ལའོ་ཞེས་པ་འདི་དག་གི་ཉ་ཎ་རྗེས་སུ་འབྲེལ་པ་ཕ་རོལ་ལ་ཨིཙ་དང་འདྲ་བའི་བྱ་བར་མི་འགྱུར་རོ། །ཨཱ་དཱི་དྷྱ་ཀཿ། ཨ་དཱི་དྷྱ་ཀཿ། ཨཱ་བེ་བྱ་ཀཿ། ཨཱ་བེ་བྱ་ཀཿ། གསལ་བར་བྱེད་པའི་ངང་ཚུལ་དང་བྱ་དགའ་མཚུངས་པའི་ངང་ཚུལ་ལོ་ཞེས་པ་ནི་ནྟི་ཧིཾ་སི་ཞེས་པས་བུཉའོ། །གསལ་བར་བྱེད་དོ་བྱ་ དགའ་མཚུངས་པར་བྱེད་དོ་ཞེས་པས་བུཎའོ། །ཨིའི་ཡི་གེ་ཞེས་པས་ཡའོ། །ཤ་ལ་བྱིངས་ཐམས་ཅད་པ་བཞིན་ནོ། །ཤ་རྗེས་སུ་འབྲེལ་པ་ལ་ཞེས་པ་རྗེས་སུ་འཇུག་སྟེ་མདོ་ཕྱི་མ་དག་ལའོ། །ཤ་རྗེས་སུ་འབྲེལ་པའི་རྐྱེན་ཕ་རོལ་ལ་བྱིངས་ཐམས་ཅད་པ་དང་འདྲ་བའི་དངོས་པོར་འགྱུར་ཏེ། བྱིངས་ཐམས་ ཅད་པ་ལ་གང་བཤད་པ་དེ་ཤ་ཡིག་རྗེས་སུ་འབྲེལ་པ་ལའང་འགྱུར་རོ་ཞེས་པའི་དོན་ཏོ། །ཛུ་ཧྭ་ཏྲ། ཧུ་སྦྱིན་པ་ལའོ། །ད་ལྟར་བ་ལ་ཤནྟྲྀང་ཞེས་པས་ཤནྟྲྀངའོ། །ང་ཡིག་ནི་ང་ལ་ཡོན་ཏན་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྀ་ཡིག་ནི་ཨུད་དང་རྀ་ཞེས་པའི་དོན་ཏོ། །ཤ་ཡིག་ནི་འདིའི་དོན་ཏོ། །བྱིངས་ཐམས་ཅད་པ་དང་འདྲ་ བར་འགྱུར་བའི་ཕྱིར་ཨན་བི་ཀ་ར་ཎའོ། །ཛུཧོ་ཏི་ལ་སོགས་པ་རྣམས་ལས་འཇིག་གོ། །ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་གཉིས་བརྗོད་པའོ། །ཛུ་ཧོ་ཏིའི་བྱིངས་ཐམས་ཅད་ལའོ་ཞེས་པས་ཝ་ཉིད་དོ། །ཨ་བྷྱཱ་སྟ་ལས་དབྱིའོ་ཞེས་པས་ན་ཡིག་དབྱིའོ། །པ་ཙ་ན། པ་ཐ་ན། སྔ་མ་བཞིན་དུ་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། ། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །ང་ལ་ཡོན་ཏན་མ་ཡིན། ང་རྗེས་སུ་འབྲེལ་བའི་རྐྱེན་ཕ་རོལ་ལ་ཡོན་ཏན་འགྱུར་བ་མ་ཡིན་ནོ། །བི་ད་ན། ལི་ཧ་ན། སུ་ནྭ་ན། བིད་ཤེས་པ་ལའོ། །ལིཧ་རོ་མྱང་བ་ལའོ། །ཥུཉ་འཁྲུད་པ་ལའོ། །སྔ་མ་བཞིན་དུ་ཤནྟྲྀང་དང་ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །སུ་ལ་ སོགས་པ་ལས་ནུའོ། །ནུའི་བི་ཀ་ར་ཎའོ་ཞེས་པས་ཝ་ཉིད་དོ། །ཀ་ལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་བའོ། །ཡ་ལ་བཤད་པ་ནི་ཡ་ལ་བརྗོད་པའོ། །བྲྀ་ཛི་ལས་ཙུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའོ། །ཀྲྀཏྱ་ཡུག་རྣམས་གཞན་ལའང་ཞེས་པས་ཎམའོ། །ཀ་རྗེས་སུ་འབྲེལ་བའི་རྐྱེན་ལ་ཡཎ་དང་འདྲ་བའི་ 195-1-252b དངོས་པོར་འགྱུར་ཞིང་། ཡ་ལ་བརྗོད་པ་བོར་བ་སྟེ། གང་ཡ་ཡིག་ལ་བཤད་པ་ཡ་ཎ་དང་ཨཱ་ཤཱིཥ་དག་ལའོ་ཞེས་པ་ལ་སོགས་པ་དེ་དོར་བའོ་ཞེས་པའི་དོན་ཏོ། །ཀྲྀ་ཏཿ། ཀྲྀཏ་ཝ་ན། ཧྲི་ཏཿ། ཧྲི་ཏ་ཝཱ་ནཿ། བྱ་བའོ། །བྱེད་དོ། །འཕྲོག་པའོ། །འཕྲོག་གོ་ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཡཎ་དང་ འདྲ་བར་འགྱུར་བའི་ཕྱིར་ཡོན་ཏན་མེད་དོ། །གྲྀཧཱིཏཿ། གྲྀཧཱིཏཝཱན། འཛིན་པར་བྱས་ཟིན་ཏོ། །འཛིན་པར་བྱེད་ཟིན་ཏོ། །སྔ་མ་བཞིན་དུ་ཀྟ་དང་ཀྟ་ཝུནྟུའོ། །ཨིཊའོ། །གྲ་ཧི་ལས་པ་རོཉཀྵ་མིན་པ་ལ་ཨིཊའི་རིང་པོའོ། །ཡཎ་དང་འདྲ་བར་འགྱུར་བའི་ཕྱིར་གྲ་ཧི་ཛྱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཡ་ལ་བརྗོད་པ་ བོར་བའོ་ཞེས་པ་ཅི་ཞེ་ན། ཀྲྀཏཿ། ཙིཏཿ། འདི་ལ་ཡཎ་དང་ཨཱ་ཤཱིཥ་དག་ལ་ཡ་ལའོ་ཞེས་པ་དང་། ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཤཱིཥ་ཞེས་པས་རིམ་པ་ཇི་ལྟ་བར་ཨི་ཨཱ་ག་མ་དང་རིང་པོར་ཡང་མི་འགྱུར་རོ། །ཛ་གྲྀའི་ཀྲྀཏ་ལ་ཤནྟྲྀང་བི་དག་མ་ཡིན་པ་ལའོ། །ཛཱ་གརྟིའི་ཀྲྀཏ་ཕ་རོལ་ལ་ཤནྟྲྀང་དང་བི་ཞེས་པ་འདི་དག་ བོར་བ་ལ་ཡཎ་དང་འདྲ་བའི་དངོས་པོར་འགྱུར་རོ། །ཛཱ་ག་རཿ། ཛཱ་ག་ར་ཀཿ། སད་པའོ་ཞེས་པས་གྷཉའོ། །སད་པར་བྱེད་དོ་ཞེས་པས་བུ་ཎའོ། །ཡཎ་དང་འདྲ་བར་འགྱུར་བའི་ཕྱིར་ཡཎ་ཨཱ་ཤཱིཥ་དག་གི་ཡ་ལའོ་ཞེས་པ་འདིས་ཡོན་ཏན་ནོ། །ཛཱ་ག་རི་ཏཿ། ཛཱ་ག་རི་ཏ་ཝཱན། སད་དོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་ པ་ཞེས་པས་ཀའོ། །ནིཥྛའོ་ཞེས་པས་ཀྟ་ཝནྟུའོ། །ཨིཊའོ། །ཡོན་ཏན་ཏེ་སྔ་མ་བཞིན་ནོ། །ཀྲྀཏ་ལ་ཞེས་པ་ཅི་ཞེ་ན། ཛཱ་གྲི་ཏཿ། བརྟ་མཱ་ནའི་ཏས་སོ། །ཤནྟྲྀང་དང་བི་དག་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཛཱ་གྲ་ཏ། བརྟ་མཱ་ན་ལ་ཤནྟྲྀངའོ་ཞེས་པས་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། ། ཨ་བྷྱ་སྟ་ལས་དབྱིའོ་ཞེས་པས་ན་དབྱིའོ། །ཛཱ་གྲྀ་བིཿ། ཛ་གྲྀ་སྟི་ཛ་གྲྀ་རྣམས་ལས་ཀྭིནའོ་ཞེས་པས་ཀྭིནའོ། །སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏའོ་ཞེས་པས་ཨིཊ་མེད་དོ། །རུད་སོགས་དང་ཀྵུ་དྷ་ཀུ་ཥ་ཀླི་ཤ་གུ་དྷྲ་མྲྀད་མྲྀཌ་བད་བས་གྲཧ་རྣམས་མ་ཡིན་པ་ཨིཊ་དང་བཅས་པའི་ཀྟ་ཡོན་ཏན་ཅན་ནོ། །འདི་ལ་ཡོན་ཏན་ཡོད་ དོ་ཞེས་པས་ཡོན་ཏན་ཅན་ནོ། །གང་རྣམས་ཀྱི་དང་པོ་རུཏ་ཡིན་པ་དེ་ནི་རུ་ཏྲ་སོགས་རྣམས་སོ། །དེ་རྣམས་ཀྵུ་དྷ་སོགས་དང་ལྷན་ཅིག་ཟླས་དབྱེ་བྱས་པ་ལ་ནཉའི་བསྡུ་བའོ། །བྱིངས་ལས་ཕ་རོལ་གྱི་ཀྟྭའི་རྐྱེན་ཨིཊ་དང་བཅས་པ་ཡོན་ཏན་ཅན་དུ་འགྱུར་ཏེ། རུཏ་ལ་སོགས་པ་དང་ཀྵུ་དྷ་དང་ཀུཥ་དང་ཀླི་ཤ་དང་གུ་དྷ་དང་མྲྀད་ 195-1-253a དང་མྲྀཌ་དང་བད་དང་བས་དང་གྲཧ་རྣམས་མ་ཡིན་པའོ། །རུཏ་སོགས་རྣམས་ཀྱི་ནི། རུ་དིར་མཆི་མ་འཛག་པ་ལའོ། །བིད་ཤེས་པ་ལའོ། །མུཥ་རྐུ་བ་ལའོ། །ཞེས་པ་འདི་རྣམས་དང་། དེ་བཞིན་དུ། ཀྵུདྷ་བཀྲེས་པ་ལའོ། །ཀུཥ་འབྱིན་པ་ལའོ། །ཀླིཤྦུ་རྣམ་པར་གནོད་པ་ལའོ། །ཀླི་ཤ་ཉེ་བར་ གདུང་བ་ལའོ་ཞེས་པ་ཡང་ནའོ། །གུདྷ་ཡོངས་སུ་དཀྲིས་པ་ལའོ། །མྲྀད་ཞིབ་མོར་བྱེད་པ་ལའོ། །མྲྀཌ་བདེ་བ་ལའོ། །བད་གསལ་བར་སྨྲ་བ་ལའོ། །བས་གནས་པ་ལའོ། །གྲཧ་ཉེ་བར་ལེན་པ་ལའོ་ཞེས་པ་འདི་རྣམས་ཀྱི་ཀྟྭའི་རྐྱེན་གང་ཡིན་པ་དེའི་ཡོན་ཏན་དུ་མི་འགྱུར་རོ། །རུད་སོགས་རྣམས་ནི་རུད་བིད་མུཥ་རྣམས་ཀྱི་ སན་ལའོ་ཞེས་པ་འདིར་གང་གཟུང་བ་དེ་རྣམས་སོ། །ཀ་ལ་ཡཎ་བཞིན་ནོ་ཞེས་ཡོན་ཏན་དགག་པ་ཐོབ་པ་ལས་སོ། །བརྟི་ཏྭཱ། བིརྡྷི་ཏྭཱ། དེ་པི་ཏཱ། པྲི་ཏུ་འཇུག་པ་ལའོ། །བྲིདྷུ་འཕེལ་བའི་བྱིངས་སོ། །དབུ་རྩེ་བ་ལའོ། །འཇུག་པའོ། །འཕེལ་བའོ། །རྩེ་བའོ་ཞེས་པ་བྱེད་པ་པོ་གཅིག་པ་དག་གི་སྔ་མའི་དུས་ལའོ་ཞེས་ པས་ཀྟྭའོ། །ཨིཊའོ། །ཡོན་ཏན་ནོ། །ཤཾསཏྭཱི། ཤནྶུ་བསྟོད་པ་ལའོ། །ཡོན་ཏན་ཅན་གྱི་ཕྱིར་ཨ་ནུཥཾ་ག་དབྱི་བ་མེད་དོ། །ཀྟྭ་ཞེས་པ་ཅི་ཞེ་ན། ནི་ཀུ་ཅི་ཏི། དངོས་པོའི་དོན་ལ་བུད་མེད་ལ་ཀྟིའོ། །ཨིཊའོ། །སྒྲ་ལྡན་དང་ཏི་དག་ལ་ཀྲྀཏ་ལའོ་ཞེས་པའི་ཨིཊ་དགག་པ་འདིར་མི་འགྱུར་ཏེ། ན་ཉས་བསྟན་པ་ནི་མི་རྟག་པའོ་ ཞེས་པའི་ཚིག་གོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། ཀྲྀཏྭཱ། རུཏ་སོགས་དང་ཀྵུདྷ་སོགས་མིན་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། རུ་ད་ཏྭཱ། བེ་ད་ཏྭི། མུ་ཥི་ཏྭཱ། ཀྵུ་དྷི་ཏྭཱ། ཀུ་ཥི་ཏྭཱ། ཀླི་ཤི་ཏྭ། གུ་དྷི་ཏྭཱ། མྲྀ་ད་ཏྭི། མྲྀ་ཌ་ཏྭི། ཨུ་ད་ཏྭི། ཨུ་ཥི་ཏྭཱ། གྲི་ཧཱ་ཏྭ། སྭ་པི་བ་ཙི་ཞེས་པས་བ་དི་དང་བ་སི་དག་གི་སཾ་པྲ་སཱ་ར་ཎའོ། ། ཤཱ་སི་བ་སི་ཞེས་པས་ཥའོ། །ཀྵུ་དྷི་བས་དག་གིའང་ངོ་ཞེས་པས་ཀྵུ་དྷི་དང་བས་དག་གི་ཨིཊའོ། །གྲ་ཧི་ཛྱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །པ་སི་རོ་མྱོང་བ་ལའོ་ཞེས་པ་འདི་འཛིན་པ་མ་ཡིན་ཏེ། སཾ་པྲ་སཱ་ར་ཎ་མེད་པའི་ཕྱིར་ཡོན་ཏན་ཅན་ཉིད་དུ་ཡོད་པ་འམ་མེད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྐནྡ་སྱནྡ་དག་གི་ཀྟྭཱའོ། ། ཡོན་ཏན་ཅན་ཞེས་པ་རྗེས་སུ་འཇུག་སྟེ། ཧླདའི་ཐུང་ངུའོ་ཞེས་པ་འདི་ལས་གོང་དུའོ། །སྐནྡིར་སྐེམ་པ་ལའོ། །སྱནྦུ་འཛག་པ་ལའོ་ཞེས་པ་འདི་དག་གི་ཀྟྭའི་རྐྱེན་ལ་ཡོན་ཏན་དུ་འགྱུར་རོ། །ཨིཊ་དང་བཅས་པ་མ་ཡིན་པའི་དོན་དུ་བརྗོད་པའོ། །སྐཾཏྟྭཱ། སྱཾཏྟྭཱ། བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ་ཞེས་པས་ཀྟྭཱའོ། ། 195-1-253b སྐནྡི་ནི་ཨ་དེ་ནུ་ངི་ཞེས་པས་ཨིཊ་མེད་པའོ་སྱནྡི་ནི་ཨུཏ་རྗེས་སུ་འབྲེལ་བ་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ། །སླར་ཡང་ཀྟ་སྨོས་པ་ནི་ཡཔ་ཏུ་བསྒྱུར་བ་བྱས་ན་ཡོན་ཏན་ཅན་ཉིད་བཟློག་པའི་དོན་དུའོ། །གནས་ཅན་བཞིན་འབྱུང་བའི་ཕྱིར་འགྱུར་རོ། །པྲསྐརྡ། པྲསྱདྱ། ཚིག་སྡུད་ལ་འབྱུང་བ་ལ་ཞེས་པས་ཀྟྭཱའི་རྐྱེན་གྱི་ཡཔའོ། །ཡོན་ཏན་ ཅན་ཉིད་དུ་མི་འགྱུར་བའི་ཕྱིར་ཨ་ནུཥཾ་ག་དབྱིའོ། །གསལ་བྱེད་དང་པོ་ཨུ་ཨི་ཨུ་པ་དྷཱ་ཅན་གྱི་ཝ་མིན་པའི་ཡང་ནའོ། །ཨུ་དང་ཨི་ནི་ཨུ་དང་ཨི་དག་གོ། །ཨུ་དང་ཨི་དག་གང་གི་ཨུ་པ་དྷཱ་ཡིན་པ་དེ་ནི་ཨུ་དང་ཨི་ཨུ་པ་དྷཱ་ཅན་ནོ། །གང་ལ་ཝ་ཡིག་གི་མཐའ་མེད་པ་དེ་ནི་བ་མིན་པ་སྟེ་བ་མིན་པ་དེའིའོ། །དང་པོ་དབྱིའོ་ཞེས་པའི་ ཚིག་ལས་མཐའི་སྒྲ་དབྱིའོ། །བྱིངས་གསལ་བྱེད་དང་པོ་ཅན་ཨུ་ཡིག་དང་ཨི་ཡིག་གི་ཨུ་པ་དྷཱ་ཅན་བ་ཡིག་མཐའ་ཅན་མིན་པའི་ཀྟྭཱའི་རྐྱེན་ཨིཊ་དང་བཅས་པའི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། །ཨིཊ་དང་བཅས་པའི་ཀྟྭཱ་ཡོན་ཏན་ཅན་ནོ་ཞེས་པས་རྟག་ཏུ་ཡོན་ཏན་ཉིད་དུ་ཐོབ་པ་ལའོ། །ཏྱོ་ཏི་ཏྭཱ། དྷོ་ཏི་ཏྭཱ། ལོ་ཁ་ཏྭི། ལི་ཁི་ཏྭཱ། གསལ་བྱེད་དང་པོ་ཅན་ལ་ཞེས་པ་ཅི་ཞེ་ན། ཨེ་ཥི་ཏྭཱ། ཨོ་ཥི་ཏྭཱ། ཨི་ཥུ་འདོད་པ་ལའོ། །ཨུཥ་བསྲེག་པ་ལའོ། །ཨུ་ཨི་ཨུ་པ་དྷཱ་ཅན་འི་ཞེས་པ་ཅི་ཞེ་ན། ནརྟ་ཏྭཱི། ནྭི་ཏཱི་ལུས་རྣམ་པར་འགྱུར་བ་ལའོ། །ཝ་མིན་པའི་ཞེས་པ་ཅི་ཞེ་ན། དེ་བ་ཏྭཱི། ཐམས་ཅད་ཨིཊ་དང་བཅས་པའི་ཀྟྭ་ཡོན་ཏན་ཅན་ནོ་ ཞེས་པས་ཡོན་ཏན་ཅན་ཉིད་དོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། ནུཏྟྭཱ། བྷིཏྟྭཱ། ནུད་བསྐུལ་བ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨུ་ཨི་ཨུ་པ་དྷ་ཅན་གྱི་ཞེས་པ་འདི་ལས་ཨུ་ཡིག་དང་ཨཱི་ཡིག་དག་འཛིན་པ་མ་ཡིན་ཏེ་བཤད་པ་ལས་སོ། །གསལ་བྱེད་དང་པོ་ཅན་ཨུ་ཨི་ཨུ་པ་དྷཱ་ཅན་ཝ་ཡིག་ མཐའ་ཅན་མ་ཡིན་པའི་གང་ཨིཊ་དང་བཅས་པའི་སན་དེ་ནི་ཡང་ན་ཡོན་ཏན་ཅན་ཉིད་དུ་བཤད་པར་བྱའོ། །རུ་རོ་ཙི་ཥ་ཏེ། རུ་རུ་ཙི་ཥ་ཏེ། ལི་ལི་ཁི་ཥ་ཏི། ལི་ལི་ཁི་ཥ་ཏི། ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། བི་བྷཏྶ་ཏི། བྷི་དིར་རྣམ་པར་འཇོམས་པ་ལའོ། །ཏྲྀ་ཥི། མྲྀ་ཥི། ཀྲྀ་ཥི་བཉྩི་ལུ་ཉྩ་རྀཏ་རྣམས་ཀྱི་འང་ངོ་། །ཡང་ ན་ཞེས་པ་འཇུག་སྟེ། ཤིང་སུང་ཞེས་པ་འདི་ལས་གོང་དུའོ། །ཉི་ཏྲྀ་ཥ་སྐོམ་པ་ལའོ། །མྲིཥ་བཟོད་པ་ལའོ། །ཀྲྀཥ་ཆུང་ངུར་བྱེད་པ་ལའོ། །པཉྩ་འགྲོ་བའི་དོན་ནོ། །ལུནྩ་ངེས་པར་སེལ་བ་ལའོ། །རྀཏི་མདོ་ལས་འབྱུང་བའི་བྱིངས་སོ། །འདི་རྣམས་ཀྱི་ཀྟྭའི་རྐྱེན་ཨིཊ་དང་བཅས་པའི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། ། 195-1-254a ཏཪྵི་ཏྭཱ། ཏྲྀཥི་ཏྭཱ། མཪྵི་ཏྭཱ། མྲྀཥི་ཏྭཱ། ཀཪྵི་ཏྭཱ། ཀྲྀཥི་ཏྭཱ། བཉྩི་ཏྭཱ། བ་ཙིཏྭཱ། ལུཉྩི་ཏྭཱ། ལུཙི་ཏྭཱ། ཨརྟི་ཏྭཱ། རྀཏི་ཏྭཱ། ཡོན་ཏན་ཅན་ཉིད་ཀྱི་ཕྱོགས་ལ་ཡོན་ཏན་ཏེ། བཉྩི་ལུཉྩི་དག་གིའང་ཨ་ནུ་ཥཾ་ག་དབྱི་བར་མི་འགྱུར་རོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། བཀྟྭཱ། བཉྩུ་འགྲོ་བི་ལའོ། ། ཨུཏ་རྗེས་སུ་འབྲེལ་པ་དང་པུང་ཞེས་པའི་ཕྱོགས་ལ་ཨིཊའི་ཡོན་ཏན་ཉིད་དུ་མི་འགྱུར་བའི་ཕྱིར་ཨ་ནུ་ཥཾ་ག་དབྱིའོ། །རྀཏ་ཅེས་པས་རྀ་ཡིག་མཐའ་རྣམས་གཟུང་བར་མི་བྱ་སྟེ་བཤད་པ་ལས་སོ། །ཐ་དང་ཕ་མཐའ་རྣམས་ཀྱིའང་ཨ་ནུ་ཥཾ་ག་ཅན་རྣམས་ཀྱིའོ། །ཐ་ཡིག་དང་ཕ་ཡིག་མཐའ་ཅན་རྣམས་ཀྱི་བྱིངས་རྣམས་ཀྱིའང་ ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཀྟྭཱའི་རྐྱེན་ལ་ཡང་ན་ཡོན་ཏན་ཅན་ཉིད་དོ། །གྲནྠིཏྭཱ། གྲཐིཏྭཱ། གུམྥིཏྭཱ། གུཕིཏྭཱ། གྲནྠ་གཞུང་སྒྲིག་པ་ལའོ། །གུཾ་ཕ་འཁྱུད་པ་ལའོ། །ཐ་དང་ཕ་མཐའ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཤནྶིཏྭཱ། ཨིཊ་དང་བཅས་པའི་ཀྟྭཱ་ཡོན་ཏན་ཅན་ནོ་ཞེས་པས་ཡོན་ཏན་ཅན་ཉིད་དོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ ཞེས་པ་ཅི་ཞེ་ན། ཀོ་ཐི་ཏྭཱ། རེ་ཕི་ཏྭཱ། ཀུ་ཐ་རུལ་བར་འགྱུར་བ་ལའོ། །རི་ཕ་དང་རི་ཎ་ཕ་འགྲོ་བ་ལའོ། །ཛ་མཐའ་དང་ན་ཤ་རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཞེས་པ་ཁོ་ནའོ། །བྱིངས་ཛ་ཡིག་གི་མཐའ་ཅན་ཨ་ནུ་ཥཾ་ག་ཅན་ཨིཊ་མེད་པ་རྣམས་ཀྱི་དང་ན་ཤིའི་འང་ཀཏྭཱའི་རྐྱེན་ཡོན་ཏན་ཅན་དུ་ཡང་ན་ འགྱུར་རོ། །བྷཾཀྟྭཱ། བྷཀྟྭཱ། རཾཀྟྭཱ། རཀྟྭཱ། བྷཉྫོ་ཉེད་པ་ལའོ། །རཉྫ་ཚོས་པ་ལའོ། །ཡུ་ཛི་རུ་ཛི་ཞེས་པས་ཨིཊ་མེད་དོ། །ནཾཥྚཱ། ནཥྚཱ། ན་ཤ་མི་མཐོང་བ་ལའོ། །རདྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་རྣམ་པར་བརྟག་པའོ། །མསྫིན་ཤ་དག་གི་དྷུཊ་ལའོ་ཞེས་པས་ན་ཡིག་ཨཱ་ག་མའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཡོན་ཏན་ཅན་ ཉིད་དུ་མི་འགྱུར་བའི་ཕྱོགས་ལ་ཨ་ནུ་ཥཾ་ག་དབྱིའོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཡུཀྟྭཱ། ཡུ་ཛིར་སྦྱོར་བ་ལའོ། །ཨིཊ་མེད་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨཉྫི་ཏྭཱ། ཨཉྫུ་གསལ་བ་ལའོ། །ཤཱིང་པུང་དྷྲྀ་ཥི་ཀྵྭི་དི་ཥྭི་དི་མིང་རྣམས་ཀྱི་ཨིཊ་དང་བཅས་པའི་ནིཥྵཱའོ། །ཤཱིང་ཉལ་བ་ལའོ། །པུང་དག་པར་བྱེད་པ་ལའོ། ། ཉི་ཀིཥཱ་སྤྱི་བརྟོལ་ཅན་ལའོ། །ཉིཀྵྭི་དཱ་སྣུམ་པ་དང་རྨོངས་པ་དག་ལའོ། །ཥྭི་དཱ་ལུས་ཀྱི་རྔམ་འབྱུང་བ་ལའོ། །ཉི་མི་དཱ་སྣུམ་པ་ལའོ། །འདི་རྣམས་ཀྱི་ནིཥྛཱའི་རྐྱེན་ཨིཊ་དང་བཅས་པ་ནི་ཡོན་ཏན་ཅན་དུ་འགྱུར་རོ། །ཀ་ལ་ཡཎ་བཞིན་ཞེས་པ་དགག་པ་ཐོབ་པ་རྣམས་སོ། །ཤ་ཡི་ཏཿ། ཤ་ཡི་ཏ་ཝཱ་ན། པ་བི་ཏཿ། པ་བི་ཏ་ཝཱན། པྲཱ་ 195-1-254b དྷཪྵི་ཏཿ། པྲཱདྷཪྵིཏ་ཝཱན། པྲཀྵྭེ་དི་ཏཿ། པྲ་ཀྵྭེ་དི་ཏ་བཱན། པྲ་སྭེ་དི་ཏཿ། པྲ་སྭེ་དི་ཏ་ཝཱན། པྲ་མེ་དི་ཏཿ། པྲ་མེ་དི་ཏ་བཱན། ཉི་ཌྷ྄ྀཥཱ་ཞེས་པ་ལ་སོགས་པ་རྣམས་ཀྱི་ཨཱ་ཡིག་ནི་ཨཱཏ་རྗེས་སུ་འབྲེལ་པ་ལའང་ངོ་ཞེས་པའི་དོན་ཏོ། །ཉལ་བར་བྱེད་དོ་ཞེས་པས་ཉི་རྗེས་སུ་འབྲེལ་པ་དང་འདོད་པ་ཞེས་པ་འདི་དང་འང་གི་སྒྲ་ལས་ འཇུག་བཞིན་པ་ལ་ཀྟྭའོ། །ནིཥྵཱིའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །དག་པར་བྱས་སོ། །དག་པར་བྱེད་ཟིན་ཏོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །དཔལ་མགོ་མཐོ་བ་ལ་སོགས་པའི་ཆེད་དུ་རབ་ཏུ་ཞུགས་སོ་ཞེས་པ་ལ་སོགས་པ་དག་གོ། །དང་པོའི་ལས་ལ་ཀྟའོ། །བྱེད་པ་པོ་ལའང་ཞེས་པས་ཀྟའོ། །པུང་ཀླི་ཤྲ་ཞེས་པས་ཨིཊའོ། ། ལྷག་མ་རྣམས་ཀྱི་དངོས་པོ་དང་། དང་པོའི་ལས་དག་ལ་ཡང་ནའོ་ཞེས་པས་སོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། བུ་ཏཿ། པྲ་དྷྲྀཥྚཿ། མྲྀཥ་ལས་བཟོད་པ་ལའོ། །བཟོད་པ་ལ་འཇུག་བཞིན་པའི་མྲྀཥཾ་བཟོད་པ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་རྐྱེན་ནིཥྛའི་ཨིཊ་དང་བཅས་པ་ཡོན་ཏན་ཅན་དུ་འགྱུར་རོ། །མཪྵི་ཏཿ། མཪྵིཏ་ཝཱན། བཟོད་པ་བྱས་སོ། །བཟོད་པ་བྱེད་ཟིན་ཏོ། །ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །བཟོད་པ་ཞེས་པ་ཅི་ཞེ་ན། ཨ་པ་མྲྀ་ཥི་ཏཾ། ངག་སྨྲས་སོ། །དངོས་པོ་དང་དང་པོའི་ལས་དག་ལ་ཨུ་ཏ་ཨུ་པ་དྷཱ་ལས་ཡང་ནའོ། །དངོས་པོ་དང་དང་པོའི་ལས་ཀྱི་དོན་ལ། ནིཥྛའི་རྐྱེན་ཨུཏ་ཨུ་པ་དྷཱ་ཅན་གྱི་བྱིངས་ལས་ཕ་རོལ་ ཨིཊ་དང་བཅས་པ་ནི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། །དྱོ་དི་ཏཾ། དྱུ་ཏི་ཏཾ། མོ་དི་ཏཾ། མུ་དི་ཏཾ། དྱུཏ་འབར་བ་ལའོ། །མུད་དགའ་བ་ལའོ། །གསལ་བ་ཉིད་དང་དགའ་བ་ཉིད་དོ་ཞེས་པས་དངོས་པོ་ལ་མ་ནིང་ལ་ཀྟའོ། །དང་པོའི་ལས་ལ། པྲ་དྱོ་དི་ཏཿ། པྲདྷུ་ཏི་ཏཿ། པྲ་མོ་དི་ཏཿ། པྲ་མུ་དི་ཏཿ། གསལ་བའི་ཆེད་དུ་རབ་ཏུ་ཞུགས་ སོ་དགའ་བའི་ཆེད་དུ་རབ་ཏུ་ཞུགས་སོ་ཞེས་པས་དང་པོའི་ལས་ལ་ཀྟའོ། །དངོས་པོ་དང་དང་པོའི་ལས་ལ་ཞེས་པ་ཅི་ཞེ་ན། མུ་དི་ཏཿ། དགའ་བར་བྱེད་དོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་བྱེད་པ་པོ་ལ་ཀྟའོ། །ཨུད་ཨུ་པ་དྷཱ་ཅན་ལས་ཞེས་པ་ཅི་ཞེ་ན། ལི་ཁི་ཏཾ། དངོས་པོ་ལ་མ་ནིང་ལ་ཀྟའོ། །ཡང་ནའི་ སྒྲ་ནི་རྣམ་པར་གཞག་པ་རྣམ་པར་བཤད་བརྗོད་པར་བྱེད་པ་སྟེ། དེས་ན་ཨུཏ་ཨུ་པ་དྷཱ་གང་རྣམས་ཀྱི་ཨན་བི་ཀ་ར་ཎ་ལ་ཡོན་ཏན་མཐོང་བ་དེ་རྣམས་གཟུང་བར་བྱའོ། །དེས་ན་འདིར་མི་འགྱུར་རོ། །གུ་དྷི་ཏཾ། གུ་དྷ་ཡོངས་སུ་བསྐོར་བ་ལའོ་ཞེས་པ་འདི་དི་བ་ལ་སོགས་པའོ། །སྔ་མ་བཞིན་ཀྟའོ། །ཧླཱ་དའི་ཐུང་ངུའོ། །ནིཥྛ་ 195-1-255a སྨོས་པ་སྦྲེལ་བར་བྱའོ། །དེ་ལ་དོན་གྱི་དབང་ལས་བདུན་པའི་མཐའ་ཅན་དུ་ཤེས་པར་བྱའོ། །ཧླཱ་དཱི་བདེ་བ་ལའང་ངོ་ཞེས་པ་འདིའི་ནིཥྛཱ་ཕ་རོལ་ལ་ཐུང་ངུར་འགྱུར་རོ། །པྲཧླནྣཿ། པྲཧླནྣ་ཝཱན། རབ་ཏུ་བདེ་བར་བྱས་སོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛཱའོ་ཞེས་པས་ ཀྟ་ཝནྟའོ། །ཌི་ཤྲེ་ཞེས་པས་ཨིཊ་མེད་དོ། །འདིས་ཐུང་ངུའོ། །ད་ལས་སྔ་མའི་དའིའང་ངོ་ཞེས་པས་ནིཥྛཱ་ན་ཉིད་དེ། སྔ་མའི་དའི་འང་ནའོ། །ནིཥྛཱ་ལ་ཞེས་པ་ཅི་ཞེ་ན། ཨཱ་ཧླཱ་ད་ཡ་ཏི། ཀུན་ནས་བདེ་བར་བྱེད་པ་ལ་རབ་ཏུ་སྦྱོར་རོ་ཞེས་པས་ཨིནའོ། །ཀྲིའི་རྐྱེན་ལའང་འདོད་དེ། པྲཧླཏྟིཿ། དངོས་པོའི་དོན་ལ་བུད་མེད་ ལ་ཀྟིའོ། །ཚཱ་དིའི་གྷ་ཨིས་མནྟྲན་ཀྭིཔ་རྣམས་ལའང་ངོ་། །ཚཱ་དིའི་གྷ་ལ་སྟེ། ཉེར་བསྒྱུར་གཉིས་མེད་པའི་འོ། །ཚཱད་ཡང་དག་པར་སྒྲིབ་པ་ལའོ་ཞེས་པ་འདིའི་གྷའི་རྐྱེན་ཕ་རོལ་ལ་ཐུང་ངུར་འགྱུར་ཏེ། ཉེར་བསྒྱུར་གཉིས་པའི་ནི་མི་འགྱུར་རོ། །པྲཙྪ་དཿ། དནྟ་ཙྪ་དཿ། ཚཱ་དི་ནི་ཙུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའི་མཐའ་ ཅན་ནོ། །འདིས་སོ་རྣམས་སྒྲིབ་པར་བྱེད་དོ་ཞེས་པས་སྐྱེས་པ་ལ་མིང་ལ་གྷའོ། །གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །ཐུང་ངུའོ། །ཀཱ་རི་ཏ་དབྱིའོ། །ཉེར་བསྒྱུར་གཉིས་པ་མིན་པའི་ཞེས་པ་ཅི་ཞེ་ན། ས་མུ་པཙྪ་དཿ། སྔ་མ་བཞིན་དུ་གྷའོ། །ཉེར་བསྒྱུར་དུ་མ་ཅན་གྱི་ཚཱ་དིའང་ཐུང་ངུར་འདོད་པ་མ་ཡིན་ཏེ། ས་མུ་བྷི་ཙྪ་དཿ། ཨི་ས་མནྟྲ་ན་ཀྭིཔ་རྣམས་ལའང་ངོ་། །ཉེར་བསྒྱུར་གཉིས་པ་ཅན་མིན་པའི་ཞེས་པ་ལྡོག་གོ། །ཨིས་དང་མན་དང་ཏྲ་དང་ཀྭིཔ་སྟེ་འདི་རྣམས་ཕ་རོལ་ལ་ཚཱ་དིའི་ཐུང་ངུར་འགྱུར་རོ། །ཨིས་ནི། ཙྪ་དིཿ། འདིས་འགེགས་པར་བྱེད་དོ་ཞེས་པས། ཨར་ཙྪི་ཤུ་ཙི་ཧུ་སྲཾ་པྲཙྪཱ་དི་ཙྪི་དི་རྣམས་ལས་ཨིསའོ་ཞེས་པས་ ཨིསའོ། །ཀཱ་རི་ཏ་དབྱིའོ། །ཐུང་ངུའོ། །མན་ནི། ཙྪདྨཱ། ཙྪདི་ལས་མནའོ། །ཞེས་པས་མནའོ། །ཏྲ་ནི། ཙྪཏྟྲ། ཥ་ནའོ་ཞེས་པས་ཥྚ་ནའོ། །ཥ་ཡིག་ནི་ཨཱི་ཡིག་གི་དོན་ཏོ། །མདོར་ཏྲེའི་སྒྲས་བརྗོད་པ་ལས་ཥ་ཉིད་ལོག་པ་ན་ཊ་ཉིད་ལྡོག་གོ། །ཀྭིཔ་ནི། གྲིཧ་ཙྪ་ཏྲ། ཁང་པ་སྒྲིབ་པར་བྱེད་དོ་ཞེས་པས་ཀིྭཔའོ། །རིང་ པོ་ཉེ་བའི་ཚིག་མི་ཟད་པ་མིན་པའི་ཁ་རྗེས་སུ་འབྲེལ་པ་ལའོ། །ཉེ་བའི་ཚིག་མི་ཟད་པ་མིན་པའི་སྟེ་མི་ཟད་པ་དང་བྲལ་བའི་རིང་པོའི་མཐའ་ཁ་རྗེས་སུ་འབྲེལ་བའི་རྐྱེན་ཡོད་པ་ན་ཐུང་ངུར་འགྱུར་རོ། །ས་ཏིཾ་མནྱ་ཀུ་ལ་ཊཱ། ཏཱ་རུ་ཎིཾ་མནྱཱས་བྲིདྡྷཱ། མན་ཤེས་པ་ལའོ། །ས་ཏཱི་དང་ཏ་རུ་ཎཱིའི་སྒྲ་དག་སྔ་མར་རོ། །དམ་པ་མོར་ 195-1-255b བདག་ཉིད་སེམས་སོ། །གཞོན་ནུ་མར་བདག་ཉིད་སེམས་སོ། །ཞེས་པས་བདག་ཉིད་ལ་ཁ་ཤའང་ངོ་། །ཤ་ཡིག་ནི་ཤ་ལ་བྱིངས་ཐམས་ཅད་པ་བཞིན་ཞེས་པའི་དོན་ཏོ། །ཁ་ཡིག་ནི་འདིའི་དོན་ཏོ། །དིབ་སོགས་ལས་ཡནའོ། །བུད་མེད་ལ་ཨ་ལས་ཨཱཔའོ་ཉེ་བའི་ཚིག་གི་ཐུང་ངུའོ། །ཐུང་ངུ་དང་ཨ་རུཥ་དག་གི་ཞེས་ པས་མ་ཨཱ་ག་མའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། དི་ཝཱ་མནྱཱ་རཱ་ཏྲཱཿ། དོ་ཥཱ་མནྱཱ་མ་ཧཱཿ། མན་ཤེས་པ་ལའོ། །དི་ཝཱ་དང་དོ་ཥཱའི་སྒྲ་དག་སྔ་མར་རོ། །ཉིན་མོ་བཞིན་དུ་བདག་ཉིད་སེམས་སོ། །དོ་ཥཱ་དང་འདྲ་བར་བདག་ཉིད་སེམས་སོ་ཞེས་པས་སྔ་མ་བཞིན་དུ་བ་ཤའོ། །ཁ་རྗེས་སུ་འབྲེལ་པ་ལ་ཞེས་པ་ཅི་ཞེ་ན། བ་ དྷུཾ་མནྱ་ཏེ།དབྱངས་གཅིག་པའི་ནཱ་མིའི་ཨམ་སྟེ་རྐྱེན་བཞིན་འང་ངོ་། །ཉེ་བའི་ཚིག་མི་ཟད་པ་མིན་པའི་ཞེས་པ་དང་ཁ་རྗེས་སུ་འབྲེལ་པ་ལ་ཞེས་པ་འདིར་རྗེས་སུ་འཇུག་གོ། །ཕྱི་མ་ལ་ཡང་ངོ་། །ནཱ་མིའི་མཐའ་ཅན་གྱི་ཉེ་བའི་ཚིག་མི་ཟད་པ་མིན་པ་དབྱངས་གཅིག་པའི་ཁ་རྗེས་སུ་འབྲེལ་པ་ཡོད་ན། ཨམ་ཨཱ་ག་མ་འགྱུར་ ཏེ་དེའང་རྐྱེན་བཞིན་ནོ། །འོ་ན་རྐྱེན་ཇི་བཞིན་ཞེ་ན། བརྗོད་པར་བྱ་སྟེ་ཨམ་དང་ཉེ་བའི་རྐྱེན་སྨོས་པས་ཨམ་གྱི་རྐྱེན་ཁོ་ན་རྟོགས་པར་བྱའི་རྐྱེན་གཞན་ནི་མ་ཡིན་ནོ། །དེ་ལྟའང་ཅི་ཞིག་གི་ཨམ་འཛིན་ཞེ་ན། གཉིས་པ་གཅིག་ཚིག་གོ། །ཅིའི་ཕྱིར་ཞེ་ན། བཤད་པའི་ཕྱིར་རོ། །ཡང་འདི་ཨཱ་ག་མར་འགྱུར་རོ་ཞེས་ཇི་ལྟར་བཤད་ པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། རྐྱེན་དང་འདྲ་བར་བསྒྲེ་བའི་ཤུགས་ལ་སྟེ། གང་གི་ཕྱིར་གལ་ཏེ་འདི་བསྒྱུར་བ་ཡིན་པར་གྱུར་ན་རྐྱེན་དང་འདྲ་བའི་འབྲས་བུ་ཅི་ཞིག་ཏུ་འགྱུར། གཱཾ་མནྱཿ། སྟིཾ་མནྱཿ། ཤྲི་ཡིཾ་མནྱཿ། བྷུ་ཝཾ་མ་ནྱཿ། ནཾ་ར་མནྱཿ། མན་ཤེས་པ་ལའོ། །གོ། སྟྲཱྀ། ཤྲི། བྷུ་ནྲྀ་ཞེས་པ་སྔ་མའོ། །རྡོ་རྗེ་བདག་ཉིད་སེམས་ པར་བྱེད་དོ་ཞེས་པ་ལ་སོགས་པར་ཚིག་རྣམ་པར་སྦྱོར། སྔ་མ་བཞིན་དུ་ཁ་ཤའོ། །ཨམ་ཨཱ་ག་མའོ། །རྐྱེན་དང་འདྲ་བར་འགྱུར་བའི་ཕྱིར་ཨཾ་ཤས་དག་ལ་ཨཱའོ། །ཨམ་ཤས་དག་གི་དང་པོ་དབྱིའོ། ཨཱིཏ་ཨཱུཏ་དག་གི་ཨིཡ་ཨུ་ཝ་དག་དབྱངས་ལའོ། །གྷུཊ་ལའོ་ཞེས་པས་རྀཏ་ཀྱི་ཆོ་ག་རྣམས་འགྱུར་རོ། །ནཱ་མཱིའི་ཞེས་ པ་ཅི་ཞེ་ན། ཛྷཾ་མ་ནྱཱ། ཤེས་པར་བྱེད་དོ་ཞེས་པས་ཛྙ་སྟེ་ནཱ་མིན་ཨུ་པ་དྷཱ་དང་པྲཱྀ་ཀྲཱྀ་གྲཱྀཛྙ་རྣམས་ཀྱི་ཀའོ། །ཞེས་པས་ཀའི་རྐྱེན་ནོ། །ཤེས་པར་བདག་ཉིད་སེམས་སོ་ཞེས་པས་ཁ་ཤའོ། །རིང་པོ་ཉེ་བའི་ཚིག་གི་ཞེས་པས་ཛྙཱའི་སྒྲའི་ཐུང་ངུའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་པས་མ་ཨཱ་ག་མའོ། །གལ་ཏེ་ཨམ་ཨཱ་ག་མར་ 195-1-256a འགྱུར་ན་ཐུང་ངུར་མི་འགྱུར་བར་ཐལ་ཏེ། ཐུང་ངུའི་ཨཱ་ག་མ་བཀག་པའི་ཕྱིར་རོ། །དབྱངས་གཅིག་པའི་ཞེས་པ་ཅི་ཞེ་ན། སེ་ནཱ་ནི་མ་ནྱཿ། དམག་དཔོན་དུ་བདག་ཉིད་སེམས་པར་བྱེད་དོ་ཞེས་པས་ཁ་ཤའོ། །སྔ་མ་བཞིན་དུ་ཐུང་ངུ་དང་མ་ཨཱ་ག་མའང་ངོ་། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། སུ་མ་ནྱཿ མཛེས་པར་བདག་ཉིད་སེམས་སོ་ཞེས་པས་ཁ་ཤའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་མ་མཐའོ། །ཐུང་ངུ་དང་ཨ་རུ་ཥ་ནི་དེ་དག་སྟེ་ཐུང་ངུ་དང་ཨ་རུ་ཥ་དག་གོ། །ཐུང་ངུའི་མཐའ་ཅན་ཉེ་བའི་ཚིག་མི་ཟད་པ་མ་ཡིན་པ་དང་། ཨ་རུ་ཥའི་སྒྲའི་ཁ་རྗེས་སུ་འབྲེལ་བར་གྱུར་པ་ལ་མ་ཡིག་ཨཱ་ག་མར་འགྱུར་རོ། །མཐའི་སྒྲ་ནི་ཨཱ་ག་མ་ ཉིད་དུ་གསལ་བར་བྱེད་དོ་ཞེས་གསུང་ངོ་། །སྟ་ནནྡྷ་ཡཿ། ཨཱ་སྱཾདྷ་ཡཿ། དྷེཊ་འཐུང་བ་ལའོ། །སྟ་ན་དང་ཨཱ་སྱ་དག་སྔ་མའོ། །ནུ་མ་ལས་འཐུང་ངོ་ཞེས་མ་ཤུ་ནི་སྟ་ན་མུཉྫ་ཞེས་པས་ཁ་ཤའོ། །ཨན་བི་ཀ་ར་ཎའོ། །ཨེ་ཨ་ཡའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །འདིས་མ་ཨཱག་མའོ། །ཨ་རུནྟུ་དཿ། ཏུད་བརྡུང་བ་ལའོ། ། ཨ་རུ་ཥ་སྔ་མར་རོ། །ཨ་རུ་ཥ་བརྡུང་ངོ་ཞེས་པ་བ་ཧ་བི་དྷུ་ཨ་རུ་ས་ཏི་ལ་རྣམས་ལ་ཏུད་ལས་སོ་ཞེས་པས་ཁ་ཤའོ། །ཨན་བི་ཀ་ར་ཎའོ། །མ་ཨཱ་ག་མའོ། །བརྩེགས་པ་དང་པོའི་དྷུ་ཊའི་འོ་ཞེས་པས་ས་ཡིག་དབྱིའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། སུ་ཀ་རཿ། བདེ་མོར་བྱས་སོ་ཞེས་པས་ཨཱི་ཥད་དུར་སུ་རྣམས་ལ་ ཞེས་པས་ཁ་ལའོ། །ལ་ཡིག་ནི་དངོས་པོ་དང་ལས་དག་ལ་ཀྲྀ་ཏྱ་ཀྟ་ཞེས་པའི་དོན་ཏོ། །ཁ་ཡིག་ནི་རིང་པོའི་ཉེ་བའི་ཚིག་ཅེས་པའི་དོན་ནོ། །ཨུཥྞ་དང་བྷ་དྲ་དག་གི་ཀ་ར་ཎའི་སྒྲ་ཕ་རོལ་ལ་མ་ཨཱ་ག་མར་བཤད་པར་བྱའོ། །ཨུཥྞཾ་ཀ་ར་ཎཾ། བྷ་རཾ་ཀ་ཎཾ། སཏྱ་དང་ཨཱ་གད་དང་ཨསྟུ་རྣམས་ཀྱི་ཀཱ་ར་ལའོ། །སཏྱ་ཨཱ་ག་ཏ་ཨསྟུ་ སྟེ་དེ་རྣམས་ནི་སཏྱ་དང་ཨཱ་ག་ད་དང་ཨསྟུ་རྣམས་ཏེ།ས་ཏྱ་དང་ཨཱ་ག་ད་དང་ཨསྟུ་ཞེས་པ་འདི་རྣམས་ཀཱ་རའི་སྒྲ་ཕ་རོལ་ལ་མ་ཡིག་ཨཱ་ག་མ་འགྱུར་རོ། །སཏྱཾ་ཀཱ་རཿ། ཨ་ག་དཾ་ཀཱརཿ། ཨསྟུཾ་ཀཱརཿ། བདེན་པར་བྱེད་དོ། །དཔུང་རྒྱན་བྱེད་དོ། །ཨསྟུ་བྱེད་དོ་ཞེས་པས་ལས་ལ་ཨཎའོ། །མ་ཨཱ་ག་མའོ་ཨསྟུའི་སྒྲ་ཚིག་ཕྲད་ དུ་ཁས་བླངས་པ་ན་འཇུག་གོ། །གི་ལ་མ་གི་ལ་མིན་པའིའོ། །ཉེ་བའི་ཚིག་མི་ཟད་པ་མིན་པའི་ཞེས་འཇུག་སྟེ་ཐུང་ངུ་སྨོས་པའང་ངོ་། །ཉེ་བའི་ཚིག་མི་ཟད་པ་མིན་པ་ཐུང་ངུའི་མཐའ་ཅན་གྱི་ལ་མིན་པ་སྟེ་ཀི་ལའི་སྒྲ་བོར་བའི་མ་ཡིག་ཨཱ་ག་མར་འགྱུར་ཏེ། གི་ལའི་སྒྲ་ཕ་རོལ་ལའོ། །ཏི་མིཾ་གི་ལཿ། ཤ་ཏྲུཾ་གི་ལཿ། བྲི་ངེས་པར་ 195-1-256b གནོན་པ་ལའོ། །ཏི་མི་དང་ཤ་ཏྲུའི་སྒྲ་དག་སྔ་མའོ། །ཆུ་སྲིན་གནོན་ནོ། །དགྲ་བོ་གནོན་ནོ་ཞེས་པས། མུ་ལར་བི་བྷུ་ཛ་ལ་སོགས་པ་རྣམས་ལས་ཀྱང་ངོ་ཞེས་པས་ཀའོ། །རཱིཏ་མཐའི་ཨིརའོ། །དབྱངས་ལ་ཡང་ནའོ་ཞེས་པས་ལ་ཉིད་དོ། །འདིས་མ་ཨཱ་ག་མའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། ནི་གི་ལཿ། ངེས་པར་གནོན་ ཏོ་ཞེས་པ་ནཱ་མཱི་ཨུ་པ་དྷཱ་དང་པྲྀ་ཀྲྀ་གྲྀ་ཞེས་པས་ཀའོ། །ཐུང་ངུ་མཐའ་ཅན་གྱི་ཞེས་པ་ཅི་ཞེ་ན། ཏ་ད་གི་ལཿ། དེ་གནོན་ཏོ་ཞེས་པ་མཱུ་ལ་བི་བྷུ་ཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཀའོ། །གི་ལ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། གི་ལ་གི་ལཿ གི་ལ་གནོན་ནོ་ཞེས་པས་སྔ་མ་བཞིན་ཀའོ། །དོན་དང་ལྡན་པའི་གི་ལའི་སྒྲ་གཟུང་བ་སྟེ། དེས་ན་དོན་ མེད་པ་ཅན་ལ་མི་འགྱུར་རོ། །མ་དྷུ་ལི་ཧ་ཏི། ཉེར་བསྒྱུར་ལས་སུ་དུར་དག་མིན་པ་ལས་ལ་བྷའི་བྷ་ལས་སྔོན་དུ་ཁལ་གྷཉ་དག་ལའོ། །ཉེར་བསྒྱུར་ལས་ཕ་རོལ་གྱི་ལ་བྷའི་བྷ་ལས་ཏེ་བྷ་ཡིག་ལས་སྔོན་དུ་ཁལ་དང་གྷཉ་ཕ་རོལ་ལ་མ་ཡིག་ཨཱ་ག་མར་འགྱུར་ཏེ། ཉེར་བསྒྱུར་སུ་དུར་དག་ལས་ཕ་རོལ་གྱི་མི་འགྱུར་རོ། །ཁལ་ལ། ཨཱི་ཥཏ་ པྲ་ལམྦྷཿ། བདེ་བླག་ཏུ་རབ་ཏུ་ཐོབ་པར་བྱེད་དོ་ཞེས་པས། ཨཱི་ཥཏ་སུ་དུར་རྣམས་ལ་ཞེས་པས་ཁལའོ། །འདིས་མ་ཨཱ་ག་མའོ། །གྷཉ་ལ། ཨུ་བ་ལཾ་བྷཿ། ལ་བྷི་ལས་དངོས་པོ་ལ་གྷཉའོ། །ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། ཨཱི་ཥལླབྷཿ བདེ་བླག་ཏུ་ཐོབ་པར་བྱེད་དོ་ཞེས་པས་སྔ་མ་བཞིན་དུ་ཁལའོ། །འོ་ན་འདིར་ར་བྷི་ལ་བྷ་ ཞེས་པ་འདིས་ན་ཨཱ་ག་མ་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འགྱུར་ན་ལ་བྷ་ཞེས་པའི་གཟུགས་འབྲས་བུ་ལས་ཡང་དག་པར་འབྱུང་བ་ཉིད་ཀྱི་ཕྱིར་ཉེར་བསྒྱུར་སྨོས་པས་ཅི་ཞིག་བྱས་པར་འགྱུར། སུ་དུར་དག་མིན་པ་ལས་ཞེས་པ་ཅི་ཞེ་ན། སུ་ལ་བྷཿ། དུརླ་བྷཿ། ཁལའོ། །གལ་ཏེ་དེ་བཞིན་ཡིན་ན་ཇི་ལྟར། སུ་ པྲ་ལཾ་བྷཿ། དུཥྤྲ་ལཾ་བྷཿ ཡིན་ཞེ་ན་བརྗོད་པར་བྱ་སྟེ། འདིར་ནི་སུ་དུར་དག་ལས་ཕ་རོལ་གྱི་ལ་བྷི་མིན་ནོ། །འོ་ན་ཅི་ཞེ་ན། པྲའི་སྒྲ་ལས་ཏེ། སུ་དུར་འབའ་ཞིག་པ་དག་ལས་དགག་པ་བཤད་པར་བྱའོ། །དེས་ན། ཨ་ཏི་སུ་ལཾ་བྷཿ ཨ་ཏི་དུརླཾ་བྷཿ། གལ་ཏེ་དེ་བཞིན་ཅི་ལྟར་ན་ཅི་ལྟར། ཨ་ཏི་སུ་ལ་བྷཾ། ཨ་ཏི་དུརླ་བྷཾ། ཞེས་པ་ ཡིན་ཞེ་ན་བརྗོད་པར་བྱ་སྟེ། སུ་ལ་བྷ་དང་དུར་ལ་བྷའི་དག་འདུས་བྱས་ནས་ཕྱི་ནས་ཨ་ཏིའི་སྒྲ་དང་འབྲེལ་བའོ། །ཕུལ་དུ་བྱུང་བས་རྙེད་པར་སླ་བ་ནི། ཨ་ཏི་སུ་ལ་བྷཾ། དེ་བཞིན་དུ། ཨ་ཏི་དུརླ་བྷཾ། ཨཱང་ལས་ཕ་རོལ་གྱི་ལ་བྷི་ལས་ཡ་ཡིག་དང་པོ་ཅན་གྱི་རྐྱེན་ལ་མ་ཡིག་ཨཱ་ག་མ་བཤད་པར་བྱ་སྟེ། ཨཱ་ལཾ་བྷྱཿ། ཀུན་ནས་ཐོབ་ 195-1-257a པར་བྱའོ་ཞེས་པ་ཤ་ཀི་ས་ཧི་པ་སྡེ་མཐའ་ལས་ཀྱང་ངོ་ཞེས་པས་ཡའོ། །ཡཎ་དང་ཙེ་ཀྲི་ཡི་ཏ་དག་ལའང་མི་འདོད་དེ། ཨཱ་ལ་བྷྱ་ཏེ། ཨཱ་ལ་ལ་བྷྱ་ཏེ། ཤིན་ཏུ་ཀུན་དུ་ཐོབ་པར་བྱའོ་ཞེས་པས་ཡ་སྒྲའོ། །རཱ་ཏྲི་ལས་ཀྲྀཏ་ལ་ཡང་ནའོ། །ར་ཏྲིའི་སྒྲའི་ཀྲྀཏའི་རྐྱེན་ཡོད་པ་ན་མ་ཡིག་ཨཱ་ག་མར་ཡང་ན་ འགྱུར་རོ། །རཱ་ཏྲིཾ་ཙ་རཿ། རཱ་ཏྲི་ཙ་རཿ།མཚན་མོ་རྒྱུ་བར་བྱེད་དོ་ཞེས་པས་ཙ་རི་ལས་ཊའོ། །ར་ཏྲཱི་མ་ཌཿ། རཱ་ཏྲྱ་ཊཿ། མཚན་མོ་འགྲོའོ་ཞེས་པས་པ་ཙ་སོགས་རྣམས་ལས་ཨཙའོ་ཞེས་པས་ཨཙའོ། །ཀྲྀཏ་ལ་ཞེས་པ་ཅི་ཞེ་ན། རཱ་ཏྲི་གཱར་གྱཿ། ཀྲྀཏ་ལ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ་སླར་ཡང་ཀྲྀཏ་སྨོས་པའི་ཕྱིར་གཞན་ ལའང་སྟེ་ཀྲྀཏ་མིན་པ་འགའ་ཞིག་ལའང་བྱ་བ་རྣམ་པར་ཤེས་པར་བྱའོ། །དེས་ན་ཡ་ལ་ཡང་ནའོ་ཞེས་པས་ཨཱ་ཉིད་དོ། །དཔེར་ན། །པྲ་ཁཱ་ཡ། པྲ་ཁ་ནྱ། ཞེས་པ་ལ་སོགས་པ་ལ་འགྱུར་བ་དེ་བཞིན་དུ། ཁཱ་པ་ཏེ། ཁནྱ་ཏེ། ཞེས་པ་ལ་སོགས་པ་ཡང་ངོ་། །པུ་རཾ་ད་ར་བཱ་ཙཾ་ཡ་མ་སརྦཾ་ས་ཧ་དྭི་ཥཾ་ཏ་པ་རྣམས་ཀྱང་ངོ་། །སྒྲ་འདི་ རྣམས་ནི་པཱ་ཏ་ར་བྱས་པ་སྟེ་གྲུབ་པ་ཉིད་ཀྱིས་བཤད་པར་བྱའོ་ཞེས་པའི་དོན་ཏོ། །པུ་རནྡ་རཿ། དྲི་འཇིགས་པ་ལའོ། །འཇིགས་པ་ལ་རབ་ཏུ་སྦྱོར་རོ་ཞེས་ཨིནའོ། །འཕེལ་བའོ། །པུ་ར་སྔོན་མའོ། །གྲོང་འཇོམས་པར་བྱེད་དུ་འཇུག་གོ་ཞེས་པ་ནི་པུ་རནྡ་ར་སྟེ། ལས་ལ་ཨཎའོ། །ཀཱ་རི་ཏ་དབྱིའོ། །ཚིག་སྔ་མའི་ཨམ་ ཨཱ་ག་མ་ཚིག་ཕྲད་དུ་བྱས་པ་སྟེ། བྱིངས་ཀྱིའང་ཐུང་ངུའོ། །བཱ་ཙཾ་ཡ་མཿ། ཡམ་ཉེ་བར་འཇིག་པ་ལའོ། །སྔ་མར་ཝཱ་ཙའོ། །ངག་སྡོམ་མོ་ཞེས་པས་ཨཎའོ། །རིང་པོར་མི་འགྱུར་བ་ཚིག་ཏུ་བྱས་པ་སྟེ། ཨ་མ་ཨཱ་ག་མ་ལའང་ངོ་། །བརྟུལ་ཞུགས་ཀྱི་ཡུལ་ཁོ་ན་ལ་སྒྲ་འདི་བཤད་པར་བྱ་སྟེ། གཞན་ལ། ཝཱ་ག་ཡཱ་མཿ། དྭི་ཥནྟ་ པཿ། ཏ་པི་ནི་ཨིནའི་མཐའ་ཅན་ནོ། །དྭིཥ་སྔ་མའོ། །སྡང་བ་རྡུང་བར་བྱེད་དུ་འཇུག་གོ་ཞེས་པས་ཨཎ་དང་ཐུང་ངུ་ཉིད་དང་མ་ཨཱ་ག་མ་ཚིག་ཕྲད་དུ་བྱས་པའོ། །བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་པ་འདི་ལས་ཐུང་ངུ་ཞེས་པ་འཇུག་སྟེ། ཐུང་ངུའི་མཐའ་ཅན་གྱི་བྱིངས་ཀྱིས་ ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཕ་རོལ་ལ་ཏ་ཡིག་ཨཱ་ག་མར་འགྱུར་རོ། །པུཎྱ་ཀྲྀཏ། པ་ད་ཀྲྀཏ། བསོད་ནམས་བྱས་ཟིན་ནོ། །ཚིག་བྱས་ཟིན་ནོ་ཞེས་པས་སུ་པུཎྱ་པཱ་པ་ཞེས་པས་ཀྲྀཉ་ལས་ཀྭིཔའོ། །འདིས་ཏ་ཡིག་ཨཱ་ག་མའོ། །པྲ་ཀྲྀཏྱ། པྲསྟུཏྱ། བྱེད་པ་པོ་གཅིག་དག་གི་ཞེས་པས་དངོས་པོའི་དོན་ལ་ཀྟྭའོ། ། 195-1-257b ཚིག་སྡུད་ལས་འབྱུང་བ་ལ་ཞེས་པས་ཡཔ་ཏུ་བསྒྱུར་རོ། །པ་ཡིག་ནི་འདིའི་དོན་ནོ། །འོ་ན་པ་རྗེས་སུ་འབྲེལ་བའི་ཀྲྀཏ་ཀྱིས་བྱིངས་འཕངས་པ་དེའི་ཕྱིར། བྱིངས་སྨོས་པ་དོན་མེད་དོ་ཞེ་ན། དེ་ནི་ཡང་དག་པ་མིན་ཏེ། ཉེ་བའི་ཚིག་གི་སྐབས་ཡིན་པ་ཉིད་ཀྱི་ཕྱིར། ཉེ་བའི་ཚིག་ཐུང་ངུའི་མཐའ་ཅན་གྱིའང་པ་རྗེས་སུ་འབྲེལ་ བའི་ཀྲྀཏ་ཡོད་ན། ཏ་ཡིག་ཨཱ་ག་མ་སྲིད་པར་འགྱུར་བས་སོ། །གྲམ་ཎི། གྲོང་འདྲེན་པར་བྱེད་དོ་ཞེས་པ་ཀིྭཔའོ། །ཐུང་ངུའི་མཐའ་ཞེས་པ་ཅི་ཞེ་ན། ཨཱ་ནཱི་ཡ། ཎཱིཉ་ཐོབ་པ་ལའོ། །ཨཱང་སྔ་མའོ། །སྔ་མ་བཞིན་དུ་ཀྟའི་རྐྱེན་ཏེ། དེའི་ཡཔའོ། །པ་རྗེས་སུ་འབྲེལ་བ་ཞེས་པ་ཅི་ཞེ་ན། ཀྲིཏཿ། མཐའ་སྨོས་པ་ནི་རྣམ་ པ་སྣ་ཚོགས་པའི་དོན་ཏོ། །ཐུང་ངུ་སྨོས་པ་བཞིན་དུ་དེ་ཡང་རྗེས་སུ་འཇུག་པར་འགྱུར་རོ། །ཨོཏ་ཨཽཏ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ནོ། །ཀྲྀཏ་ཡ་ནི་ཀྲྀཏ་ཀྱི་ཡིའོ། །ཨོ་ཡིག་དང་ཨཽ་ཡིག་ལས་ཕ་རོལ་གྱི་ཀྲྀཏ་ཀྱི་རྐྱེན་དང་འབྲེལ་པའི་ཡ་ཡིག་ནི་དབྱངས་དང་འདྲ་བར་འགྱུར་རོ། །ཧ་བྱཾ། ལ་བྱཾ། ཧུ་སྦྱིན་ པ་ལའོ། །ལུཉ་གཅོད་པ་ལའོ། །སྦྱིན་སྲེག་སྦྱིན་པར་བྱའོ། །གཅད་པར་བྱ་ཞེས་པས་ཨུའི་ཡི་གེ་ལས་གདོན་མི་ཟ་བ་དེ་བའོ་ཞེས་པས་དབྱངས་ལ་ཡའོ། །ཡོན་ཏན་ནོ། །དབྱངས་བཞིན་འགྱུར་བའི་ཕྱིར་ཨ་ཝར་བསྒྱུར་བའོ། །ཨ་བ་སྱ་ལཱ་བྱཾ། ཨ་བ་སྱ་བྷ་བྱཾ། གདོན་མི་ཟ་བར་གཅད་པར་བྱའོ། །གདོན་མི་ ཟ་བར་འབྱུང་བར་བྱའོ་ཞེས་པས་ཨུའི་ཡི་གེ་ལས་གདོན་མི་ཟ་བ་ལའོ་ཞེས་པས་གྷྱཎའོ། །འཕེལ་བའོ། །དབྱངས་བཞིན་དུ་འགྱུར་བའི་ཕྱིར་ཨཱ་ཝའོ། །ཨ་བ་ཤྱ་མའི་བཤད་པར་བྱ་བ་ལས་མ་ཡིག་དབྱིའོ། །ཨོཏ་དང་ཨཽཏ་དག་ལས་ཞེས་པ་ཅི་ཞེ་ན། ཙ་ཡཿ། ཙིཉ་སོག་པ་ལའོ། །དབྱངས་ལས་ཡའོ། ། ཡོན་ཏན་ནོ། །ཀྲྀཏ་སྨོས་པ་ཅི་ཞེ་ན། ཨུ་པོ་ཡ་ཏེ། བེཉ་སྐུད་པའི་རྒྱུད་ལའོ། །ཨུ་པ་སྔ་མའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཨུའི་ཡི་གེ་ལ་ཨོའོ། །ཛིཀྵི་ངག་གི་ནུས་པ་ལའོ། །ཛི་རྒྱལ་བ་ལའོ། །ཀྵི་ ཟད་པ་ལའོ་ཞེས་པ་འདི་དག་གི་ནུས་པའི་དོན་ལ་ཀྲྀཏའི་ཡ་ཡིག་དབྱངས་བཞིན་དུ་འགྱུར་རོ། །ཛཡྱཿ། ཀྵཡྱཿ། རྒྱལ་བའི་ཆེད་དུ་ནུས་པར་བྱའོ། །ཟད་པའི་ཆེད་དུ་ནུས་པར་བྱའོ་ཞེས་པ་དབྱངས་ལས་ཡའོ། །ཡོན་ཏན་ནོ། །ཨ་ཡའོ། །ནུས་པ་ལ་ཞེས་པ་ཅི་ཞེ་ན། ཛེ་ཡཿ། ཀྵེ་ཡཿ། རྒྱལ་བར་བྱའོ། །ཟད་པར་བྱའོ། ། 195-1-258a ཞེས་པའི་དོན་ཏོ། །ཀྲཱིཉ་ལས་དེའི་དོན་ལའོ། །དེའི་དོན་ནི་དེའི་དོན་ནོ། །ཌུ་ཀྲཱིཉ་ལས་ཕ་རོལ་ཀྲྀཏའི་ཡ་ཡིག་དབྱངས་བཞིན་དུ་འགྱུར་ཏེ། དེའི་དོན་ཏེ་རྫས་བརྗེ་བ་ཡིན་ན། དེ་ཞེས་པས་ཀྲཱིཉ་ལ་བསྙེག་པར་བྱའོ། །ཀྲ་སྦྱོ་གཽཿ། དབྱངས་ལས་སྔ་མའོ། །ཡོན་ཏན་ནོ། །ཨ་ཡའོ། །དེའི་དོན་ལ་ ཞེས་པ་ཅི་ཞེ་ན། ཀྲེ་ཡོ་གཽཿ། རིན་གྱིས་བླང་བར་བྱ་བའི་བ་ལང་ཡོད་པའང་མ་ཡིན་ལ། ཟོང་མེད་པ་ལ་ཡོད་པའང་མ་ཡིན་ནོ་ཞེས་པས་རྫས་བརྗེ་བ་མེད་དོ། །སྦྱར་བ་མིན་པའི་བིའི་དབྱིའོ། །ཀྲྀཏ་སྨོས་པ་སྦྲེལ་ལོ། །ཀྭིཔ་ལ་སོགས་པའི་རྐྱེན་རྣམས་ཀྱི་རྗེས་སུ་འབྲེལ་བ་རྣམས་བསལ་ནས་བ་ཡིག་ཙམ་གང་ཡིན་པ་དེ་འདིར་ གཟུང་བར་བྱའོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །སྦྱར་བ་མིན་པ་སྟེ་ཡི་གེ་གཞན་དང་མི་ལྡན་པའི་པའི་ཀྲྀཏའི་མིང་ཅན་ཝ་ཙམ་གྱི་དབྱི་བར་འགྱུར་རོ། །ཨགྣི་ཙིཏ། མེ་བསགས་པར་བྱེད་དོ་ཞེས་པ་ཨགྣི་ལས་ཙི་ལས་སོ། །ཞེས་པས་ཀྭིཔའོ། །རྗེས་སུ་འབྲེལ་བ་དབྱི་བ་བྱས་པ་ན་འདིས་བ་དབྱིའོ། །བྱིངས་ཀྱི་མཐའ་ཏའོ། ། ཨཪྡྷ་བྷཱཀ །བྷཛ་བསྟེན། ཕྱེད་དུ་འབྱེད་དོ་ཞེས་པ་བྷ་ཛ་ས་ཧ་དག་ལས་བིཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཙ་སྡེ་དང་དྲྀ་ཤ་ཞེས་པས་གའོ། །སྦྱར་བ་མིན་པའི་ཞེས་པ་ཅི་ཞེ་ན། ཛཱ་ཛྪ་གྲྀཿ། ཀྲྀ་ཏཾ་གྱི་མིང་ཅན་གྱི་ཞེས་པ་ཅི་ཞེ་ན། ཨུ་པེ་ཡི་བ། ཨིཎ་འགྲོ་བ་ལའོ། །ཨུ་པ་སྔ་མར་རོ། །ཀྭནྶུ་དང་ཀཱན་ཞེས་པས་ཀྭནྶུའོ། ། གཉིས་བརྗོད་པའོ། །ཨིཎའོ་པ་རོཉཀྵ་ལ་རིང་པོའོ་ཞེས་པས་ཨ་བྷྱཱས་རི་ང་པོའོ། །ཨཪྟི་ཨིཎ་གྷས་དབྱངས་གཅིག་པ་ཞེས་པས་ཨིཊའོ། །ཨཎའི་ཡང་ངོ་ཞེས་པས་ཡའོ། །ཨུ་བེ་ཡི་ཝཱན། ཡང་དག་པར་སྨྲ་བ་ལ་ཨིན་ཀཱ་རི་ཏའོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་ཞེས་པས་མཐའི་དབྱངས་ལ་སོགས་པ་དབྱིའོ། །མིན་ ཀྭན་སྭ་ནི་རྣམས་ཀྱང་ངོ་ཞེས་པའི་སྒྲ་ལས་བིཌའོ། །ཀཱ་རི་ཏ་དབྱིའོ། །དེ་རྣམས་བྱིངས་སོ། །ཞེས་པས་བྱིངས་ཡིན་པ་ཉིད་ཀྱི་ཕྱིར་ཝ་ཡིག་གི་ཀྲྀཏ་ཀྱི་མིང་མེད་དོ། །ཡ་བ་དག་གི་གསལ་བྱེད་ལ་ཡ་མ་ཡིན་པ་ལའོ། །ཡ་ཡིག་དང་ཝ་ཡིག་དག་གི་ཡ་མིན་པ་སྟེ་ཡ་ཡིག་དང་བྲལ་བའི་གསལ་བྱེད་ཕ་རོལ་ལ་དབྱི་བར་ འགྱུར་རོ། །ཀྣུཏཿ། ཀྣུཏ་ཝཱནཿ། ཀྵྨཱཏཿ། ཀྵྨཱཏ་ཝཱནཿ། ཀྣུ་ཡཱི་སྒྲ་ལའོ། །ཀྵྨཱ་ཡཱི་རྣམ་པར་གཡོ་བ་ལའོ། །སྒྲ་བྱས་ཟིན་ནོ། །སྒྲ་བྱེད་དུ་བཅུག་ཟིན་ནོ། །གཡོ་བ་བྱས་ཟིན་ནོ། །གཡོ་བ་བྱེད་དུ་བཅུག་ཟིན་ནོ་ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཡ་ཡིག་དབྱིའོ། །དི་དི་ཝན། བི་ཥི་ཝཱན། དི་བུ་རྩེ་བ་ལའོ། ། 195-1-258b ཥི་བུ་སྐུད་པའི་རྒྱུད་ལའོ། །ཀྭནྶུ་ཀན་ཞེས་པས་ཀྭནྶུའོ། །གཉིས་བརྗོད་པའོ། །བ་དབྱིའོ། །གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཀྣུ་ཡི་ཏཱ། དེ་བི་ཏཱ།ཏྲྀ་ཙའོ། །ཨིཊའོ། །ཡ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པྲཀྣུ་ཡྱ་པྲ་དཱི་བྱ། བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭྣའོ། །ཚིག་སྡུད་ལས་འབྱུང་བ་ཞེས་པས་ཡཔའོ། ། ར་བ་དག་ལ་ཞེས་པས་རིང་པོའོ། །ཨིནའི་ནིཥྛ་ཨིཊ་ཅན་ལའོ། །ནིཥྛ་ལ་གང་ཨིཊ་ཡིན་པ་དེ་ཕ་རོལ་ལ་ཨིན་དབྱི་བར་འགྱུར་རོ། །ཀཱར་ཏིཿ། ཀཱ་རི་ཏཱ་ཝཱ་ཧཱ་རི་ཏཿ། ཧཱ་ར་ཏི་བ་ན། ཀཱ་རི། ཧཱ་རི། བྱེད་དུ་བཅུག་ཟིན། བྱེད་དུ་འཇུག་ཟིན། འཕྲོག་ཏུ་འཇུག་པ་བྱས་ཟིན་ནོ། །འཕྲོག་ཏུ་འཇུག་པར་བྱེད་ཟིན་ནོ་ཞེས་པ་ནིཥྛའོ་ཞེས་ པས་ཀྟ་དང་ཀྟ་བནྟུའོ། །ཨིཊའོ། །འདིས་ཨིན་དབྱིའོ། །ནིཥྛ་ཞེས་པ་ཅི་ཞེ་ན། ཀཱ་ར་ཡི་ཏཱ། ཧཱ་ར་ཡི་ཏཱ། ཨཱ་ལུ་ཨིཥྞུ་ཨཱ་ཡྻ་ཨནྟ་ཨིཏྣུ་རྣམས་ལ་མིན་ནོ། །ཨིན་ཞེས་པ་ཁོ་ནའོ། །ཨཱ་ལུ་དང་ཨིཥྞུ་དང་ཨཱ་ཡྱ་དང་ཨནྟ་དང་ཨིཏྣུ་ཞེས་པས་དི་རྣམས་ཕ་རོལ་ལ་ཨིན་དབྱི་བར་འགྱུར་བ་མ་ཡིན་ནོ། །ཀཱ་རི་ཏའི་ཨཱམ་ཨིཊ་ ཅེས་པས་ཐོབ་པ་ལའོ། །གྲྀཧ་ཡཱ་ལུཿ། སྤྲྀ་ཧ་ཡཱ་ལུཿ། གྲིཧ་འཛིན་པ་ལའོ། །སྤྲྀཧ་འདོད་པ་ལའོ། །ད་ཡི་པ་ཏི་གྲྀ་ཧི་ཞེས་པས་ཨཱ་ལུའོ། །ཡོན་ཏན་ནོ། །དྷཱ་ར་ཡིཥྞུཿ། པཱ་ར་ཡིཥྞུཿ། དྷྲྀཉ་ངེས་པར་འཛིན་པ་ལའོ། །པྲྀ་སྐྱོང་བར་བྱེད་པ་ལའོ། །འཛིན་བཞིན་པ་ལ་རབ་ཏུ་སྦྱོར་རོ། །དེ་བཞིན་དུ་སྐྱོང་བར་བྱེད་དུ་འཇུག་པའི་ཆེད་ དུ་ཡང་ངོ་ཞེས་པས་ཨིནའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིན་ཏེ། ཨའི་འང་དབྱིའོ། །འཕེལ་བའོ། །བྷ་ཛི་ཨ་ལཾ་ཀྲྀཉ་བྷུ་ས་ཧི་ཞེས་པས་ཨིཥྞུའོ། །སྤྲི་ཧཱ་ཡ་ཡྱཿ། སྤྲི་ཧིའི་ཨིན་མཐའ་ཉིད་ལས། ཤཱུ་དཀྵི། སྤྲྀ་ཧི་གྲྀ་ཧི་རྣམས་ན་ལས་ཨཱ་ཡྱའོ་ཞེས་པས་ཨཱ་ཡུའོ། །མཎྜ་ཡནྟཿ། མཎྜི་རྒྱན་ལའོ། །རྒྱན་གྱི་ཆེད་ དུ་སྦྱོར་རོ་ཞེས་པས་ཨིནའོ། །སྟི་བྷུ་བ་ཧི་བ་སི་ཞེས་ཛྷའི་རྐྱེན་ནོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཨནྟར་བསྒྱུར་རོ། །སྟ་ན་ཡ་ཏྣིུཿ།སྟན་གསལ་བར་བྱེད་པ་ལའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའི་འང་དབྱིའོ། །སྟ་ནི་རུ་ཥི་སུ་ཥི་ཞེས་པས་ཨིཏྣུའོ། །ཡང་བ་སྔ་མ་ཅན་ནི་ཡ་པ་ལ་ཨ་ཡའོ། །ཨིན་ གང་ལས་ཡང་བར་སྔ་མ་ན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་བ་སྔ་མ་ཅན་གྱི་ཨིནའི་ཨ་ཡ་རུ་འགྱུར་ཏེ། ཡང་ཕ་རོལ་ལའོ། །པྲ་ཤམ་སྤྱ་རབ་ཏུ་ཞི་བའི་ཆེད་དུ་སྦྱོར་རོ་ཞེས་པས་ཨིནའོ། །རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །བྱེད་པ་པོ་གཅིག་པ་ཞེས་པས་ཀྟྭཱའོ། །བསྡུ་བ་འབྱུང་བ་ལ་ཞེས་པས་ 195-1-259a ཡཔའོ། །དེ་བཞིན་དུ་པྲ་ཎ་མ་སྤྱ་བི་ག་ཎ་སྤྱ་ག་ཎིའི་ཙུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའི་མཐའ་ཅན་ནོ། །འོ་ན་ཨིནའི་ཡང་བ་སྔ་མ་མེད་དེ་བར་དུ་ཆོད་པའི་ཕྱིར་ཞེ་ན། བདེན་ཏེ། སྦྱོར་བ་རྩོམ་པའི་ཤུགས་ལས་ཆོད་པ་ནའང་བྱ་བ་རྣམ་པར་ཤེས་པར་བྱའོ། །ཡང་བ་སྔ་མའི་ཞེས་ པ་ཅི་ཞེ་ན། བིཙཱརྱ། རྣམ་པར་དཔྱད་པ་ལ་རབ་ཏུ་སྦྱོར་རོ། །ཞེས་པས་ཨིནའོ། །ཀྟའོ། །དེའི་ཡཔའོ། །ཨཱ་སྣོ་ཏི་ལས་ཕ་རོལ་གྱི་ཨིནའི་ཡཔ་ཕ་རོལ་ལ་ཨ་པར་ཡང་ན་འདོད་དོ། །པྲ་སྤྱ། པྲཱ་པྱ། ཨཱསླྀ་རྣམ་པར་ཐོབ་པ་ལའོ། །པྲ་སྔ་མའོ། །ཐོབ་ཏུ་འཇུག་པ་ལ་རབ་ཏུ་སྦྱོར་རོ་ཞེས་པས་ཨི་ནོའི། ཀྟྭའོ། ། ཡཔའོ། །ཡང་ན་ཨ་ཡའོ་ཕྱོགས་གཅིག་ལ་ཀཱ་རི་ཏ་དབྱིའོ། །མི་ན་ཏི་སོགས་དང་དཱ་སོགས་ཀྱི་ཨའོ། །གང་རྣམས་ཀྱི་དང་པོ་མཱི་ནཱ་ཏི་ཡིན་པ་དེ་ནི་མཱི་ནཱ་ཏི་ལ་སོགས་པ་རྣམས་སོ། །གང་རྣམས་ཀྱི་དང་པོ་དཱ་ཡིན་པ་དེ་རྣམས་ནི་དཱ་ལ་སོགས་པ་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཡ་པྲ་ལ་ཞེས་པ་ཁོ་ནའོ། །མཱི་ནཱ་ཏི་ལ་ སོགས་པ་རྣམས་ཀྱི་སྟེ་མཱི་ནཱ་ཏི་དང་མི་ནོ་ཏི་དང་དིང་རྣམས་ཀྱི་དང་དེ་བཞིན་དུ། དཱ་ལ་སོགས་པ་རྣམས་ཀྱི་སྟེ་ད་དང་མཱ་དང་གཱ་ཡ་ཏི་དང་། པི་བ་ཏི་དང་། སྠཱ་ད་དང་ཛ་ཧ་ཏི་རྣམས་ཀྱི་ཡཔ་ཕ་རོལ་ལ་ཨཱ་ཉིད་དོ། །ད་ལ་སོགས་པ་རྣམས་ཀྱི་དཱ་མཱ་གཱ་ཡ་ཏི་ཞེས་པ་ཨཱི་ཉིད་ཐོབ་པ་ལའོ། །པྲ་མཱ་ཡ། པ་རི་མཱ་ཡ། པྲ་དཱ་ཡ། མཱིཉ་འཚེ་བ་ལའོ། །ཌུ་མིཉ་རབ་ཏུ་འཕེན་པ་ལའོ། །དིང་ཟད་པ་ལའོ། །ཀྟའོ། །ཡཔའོ། །འདིས་ཨཱ་ཉིད་དོ། །ད་ལ་སོགས་པ་རྣམས་ཀྱི། པྲ་དཱ་ཡ། པྲ་དཱ་ཡ། པྲ་མཱ། པྲ་ཁཱ་ཡ། པྲ་བ་ཡ། པྲ་སྠཱ་ཡ། ཨ་བ་སཱ་ཡ། ཨ་བ་ཧཱ་ཡ། ཨཱི་ཡིག་གི་ཨཱ་ཉིད་དོ། །ཀྵིའི་རིང་པོའོ། །ཀྵི་ཟད་པ་ལའོ་ཞེས་པ་ འདིའི་ཡཱཔ་ཕ་རོལ་ལ་རིང་པོར་འགྱུར་རོ། །པྲ་ཀྵཱི་ཡ། ཀྵི་ཡི་ཀྵཱི་ཞེས་བྱ་རྒྱུ་ལ་རིང་པོ་སྨོས་པ་ནི་ཕྱི་མ་རིང་པོ་རྟག་ཏུ་བ་མ་ཡིན་པའི་དོན་དུའོ། །ནིཥྛཱ་ལའོ། །ཀྵཱིའི་རིང་པོར་ཏེ་ནིཥྛ་ཕ་རོལ་ལའོ། །ཀྵཱི་ཎཿ། ཀྵཱི་ཎ་བནྲ། ཟད་པར་བྱེད་ཟིན་ནོ། །ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛའོ་ཞེས་ པས་ཀྟ་བནྟུའོ། །ཀྵིའི་རིང་པོ་ལས་སོ་ཞེས་པས་ནིཥྛ་ན་ཉིད་དོ། །རིང་པོའི་རྟག་ཏུ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་པོ་དང་ལས་ཀྱི་དོན་དག་ལ་མི་འགྱུར་རོ། །ཀྵི་ཏཾ། མ་ནིང་ལ་དང་པོ་ལ་ཀྟའོ། །མ་ས་ལ། པྲ་ཀྵི་ཏཿ། ནིཥྛའོ་ ཞེས་པས་ཀྟའོ། །ཁྲོས་ཚིག་དང་སྐྱོ་བ་དག་ལ་ནི་རྣམ་པར་བརྟག་པ་སྟེ་ཁྲོས་ཚིག་ལ། ཀྵི་ཎཱ་ཡུ་སྟྭཾ། 195-1-259b ཀྵི་ཏཱ་ཡུ་སྟྭཾ། སྐྱོ་བ་ལ་ནི། ཀྵཱི་ཎ་ཧཾ། ཀྵི་ཏ་ཧོ། སྥཱ་ཡའི་སྒཱིའོ། །སྥ་ཡཱི་ཨོ་སྱ་ཡཱི་འཕེལ་བ་ལའོ་ཞེས་པ་འདིའི་ནིཥྛ་ཕ་རོལ་ལ་སྥཱི་རུ་བསྒྱུར་བར་འགྱུར་རོ། །སྥཱི་ཏཿ། སྥཱི་ཏ་ཝཱན། རྒྱས་པར་བྱས་སོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛ་ལ་ཞེས་པ་ཅི་ཞེ་ན། སྥཱ་ཏིཿ། བུད་མེད་ལ་ ཀྟིའོ། །ཡ་བ་དག་གི་གསལ་བྱེད་ལ་ཞེས་པས་ཡ་དབྱིའོ། །བྱའི་རང་གི་ཡན་ལག་ལ་པཱིའོ། །རང་གི་ཡན་ལག་ལ་འཇུག་བཞིན་པའི་བྱ་ཡཱི་ཨོ་སྱ་ཡཱི་རྒྱས་པ་དང་འཕེལ་བ་ལའོ་ཞེས་པ་འདིའི་ནིཥྛ་ཕ་རོལ་ལ་བཱི་རུ་བསྒྱུར་འགྱུར་རོ། །པཱིཾན་མུ་ཁཾ། རྒྱས་པར་བྱས་ཟིན་ནོ་ཞེས་པ་འགྲོ་བའི་དོན་དང་ཞེས་པས་ ཀྟའོ། །ལུས་སོགས་དང་ཨོཏ་རྗེས་སུ་འབྲེལ་པ་ལས་ཞེས་པས་ན་ཉིད་དོ། །དེ་བཞིན་དུ། བཱི་ནཽ་པ་ཡོ་དྷ་རོ། རང་གི་ཡན་ལག་ནི་ཁུ་བ་མིནཔའི་ལུས་དང་ལྡན་པ་འདིར་གཟུང་བར་བྱའོ། །རང་གི་བའི་ཡན་ལག་ནི་རང་གི་ཡན་ལག་ཅེས་པ་མིན་ནོ། །རྣམ་པ་གཞན་དུ་ན་ནི། སྱ་ནཾ་ཏུདྷི་རཾ། ཞེས་པ་ལ་ སོགས་པ་ཡང་བཱི་རུ་བསྒྱུར་བར་འགྱུར་རོ། །པྱ་ནཾ་ཞེས་པ་འདིར་སྔ་མ་བཞིན་དུ་བྱས་པ་ན་ནིཥྛའི་ན་ཉིད་ལ་ཡ་བ་དག་གི་གསལ་བྱེད་ལ་ཞེས་པས་ཡ་དབྱིའོ། །བཱི་ན་དེ་ཝ་དཏྟཿ། ཞེས་པ་ཅི་ལྟར་ཡིན་ཏེ་འདི་ལ་བྱཱའི་རང་གི་ཡན་ལག་ལ་འཇུག་པ་མིན་པས་སོ་ཞེ་ན། བདེན་ཏེ། པཱ་ནིའི་སྒྲ་དང་པོར་རང་གི་ཡན་ལག་ལ་ འདུས་བྱས་ནས་ལྷས་སྦྱིན་ལ་འཇུག་པར་འགྱུར་རོ། །ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། གང་ལ་ཡན་ལག་སྦོམ་པ་རྣམས་ཡོད་པ་ཞེས་པས་མནྟུ་ལ་སོགས་པ་ཉིད་ཀྱི་ཕྱི་ཨ་ཡིག་རྐྱེན་དུ་བྱས་པ་ནའོ། །ཨཱང་ལས་ཕ་རོལ་གྱི་བྱའི་བཱི་རུ་བསྒྱུར་བར་འདོད་དེ་ཨནྡྷུ་དང་ཨུ་དྷས་དག་གི་དོན་དག་ལའོ། །ཨཱ་བཱིནཿཁྲོན་ པའོ། །ཨཱ་བཱི་ནཾ། བཞོད་དོ། །གྲུབ་པར་གྱུར་པ་ལ་རྩོལ་བ་ནི་ངེས་པའི་དོན་དུའོ། །ཨཱང་ཁོ་ན་ལས་ཨནྡྷུ་དང་ཨུ་དྷས་དག་ལ་ཇི་ལྟ་བ་བཞིན་འགྱུར་གྱི་འདིར་ནི་མི་འགྱུར་ཏེ། པྲ་པྱ་ནཾ། བཞོད་དོ། །ཤྲྀ་ཏཾ་འཚེད་པ་ལ་སྟེ་འོ་མ་དང་མར་དག་ལའོ། །འོ་མ་དང་མར་གྱི་དོན་དག་ལ་འཚེད་པ་རྟོགས་པར་བྱ་བ་ལ་ཤྲྀ་ཏཾ་ ཞེས་པ་ཚིག་ཕྲད་དུ་བྱས་པའོ། །ཤྲྀ་ཏཾ་ཀྵཱི་རཾ། ཤྲྀ་ཏ་ཧ་བིཿ། བཀོལ་བའོ། །ཞེས་པའི་དོན་ཏོ། །ཤྲཱ་འཚེད་པ་ལའོ། །འཚེད་ཟིན་ནོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །བྱིངས་ཀྱི་ཤྲྀ་རུ་བསྒྱུར་བ་ཚིག་ཕྲད་དུ་བྱས་པའོ། །འོ་མ་དང་མར་དག་ལ་ཞེས་པ་ཅི་ཞེ་ན།ཤྲཱ་ཎཱ། འཁུར་བའོ། ། 195-1-260a ཨཱཏ་ལས་མཐར་གནས་བརྩེགས་པ་ལས་སོ་ཞེས་པས་ནིཥྛཱ་ན་ཉིད་དོ། །པྲ་སྟྱའི་སཾ་པྲ་སཱ་ར་ཎའོ། །ཥྚཻ་སྟྱེེ་སྒྲ་དང་འདུས་པ་དག་ལའོ་ཞེས་པ་འདི་པྲ་སྔོན་མ་ཅན་གྱི་སཾ་པྲ་སཱ་ར་ཎར་འགྱུར་ཏེ་ནིཥྛཱ་ཕ་རོལ་ལའོ། །པྲ་སྟཱི་ཏཿ། པྲ་སྟི་ཏ་བཱན། ཥྚཻ། སྟྱཻའི་སྒྲ་དག་ལའོ་རབ་ཏུ་འདུས་པར་བྱས་ཟིན་ཞེས་ པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛཱའོ་ཞེས་པས་ཀྟ་བནྟུའོ། །འདིས་སཾ་པྲ་སཱ་ར་ཎའོ། །དེ་མཐའི་རིང་པོའོ་ཞེས་པས་རིང་པོའོ། །ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱའིའོ། །ཁུ་བའི་གོང་བུ་ནི་ཁུ་གོང་ངོ་། །ཁུ་བའི་གོང་བུ་ལ་རེག་པ་ཡོད་པ་ལའང་ཤྱཻང་འགྲོ་བ་ལའོ་ཞེས་པ་འདིའི་ནིཥྛཱ་ཕ་ རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །རེ་ཞིག་ཁུ་བའི་གོང་བུ་ལ། ཤྭི་ནཾ་གྷྲྀ་ཏཾ། ཤཱི་ནཾ་མེ་ཏཾ། འགྲོ་བར་བྱེད་ཟིན་ནོ་ཞེས་པས་སྔ་མ་བཞིན་དུ་ཀྟའོ། །སཾ་པྲ་སཱ་ར་ཎ་ལ་རིང་པོའོ། །ཤྱེ་ལ་རེག་པ་མ་ཡིན་པ་ལས་སོ་ཞེས་པས་ན་ཉིད་དོ། །རེག་པ་ལ། ཤཱི་ཏཾ་ཛ་ལཾ། ཤཱི་ཏཾ་བརྟ་ཏེ། ཁུ་བའི་གོང་བུ་དང་རེག་པ་དག་ལ་ ཞེས་པ་ཅི་ཞེ་ན། ཤྱ་ནཿ། སོང་ངོ་ཞེས་པའི་དོན་ནོ། །སྔ་མ་བཞིན་དུ་ན་ཉིད་དོ། །པྲ་ཏི་ལས་ཀྱང་ངོ་། །པྲ་ཏིའི་སྒྲ་ལས་ཕ་རོལ་གྱི་ཤྱ་ཡ་ཏི་ནིཥྛཱ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་ཏེ། ཁུ་བའི་གོང་བུ་དང་རེག་པའི་དོན་མིན་པ་བརྗོད་པའོ། །པྲ་ཏི་ཤཱི་ནཿ། པྲ་ཏི་ཤཱི་ན་ཝཱན། ཨ་བྷི་ཨ་བ་དག་ལས་ཡང་ནའོ། །ཨབྷི་ དང་ཨ་བ་ཞེས་པ་འདི་དག་ལས་ཕ་རོལ་གྱི་ཤྱཱ་ཡ་ཏིའི་ནིཥྛཱ་ཕ་རོལ་ལ་ཡང་ན་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ། །ཨ་བྷི་ཤཱི་ནཾ། ཨ་བྷི་ཤཱི་ནཾ། ཨ་བ་ཤྭི་ནཾ། ཨ་བ་ཤྱཱ་ནཾ། ཡང་ན་སཾ་པྲ་སཱ་ར་ཎའོ། །ཤྱེ་ལས་རེག་པ་མིན་དང་ཞེས་པས་ན་ཉིད་དོ། །བེཉ་ཛྱཱ་དག་གི་ཡ་པ་ལ་མ་ཡིན་ནོ། །བེཉཛྱཱ་ཞེས་པ་འདི་དག་གི་ཡ་བ་ཕ་རོལ་ ལ་སཾ་པྲ་སཱ་ར་ཎར་འགྱུར་བ་མ་ཡིན་ནོ། །བེཉ་ནི་ཡཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཐོབ་ལ། ཛྱཱའང་གྲ་ཧ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །པྲ་བཱ་ཡ། པྲ་ཛྱཱ་ཡ། བྱའི་འང་ངོ་། །བྱེཉ་ཞེས་པ་འདིའི་ཡ་པ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ། ཡ་ཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཐོབ་པ་ལ། པྲ་བྱཱ་ཡ། བྱེཉ་སྡོམ་པར་བྱེད་པ་ལའོ། ། སཾ་པ་རི་དག་ལས་ཡང་ནའོ། །སཾ་དང་པ་རི་དག་ལས་ཕ་རོལ་བྱེཉའི་ཡ་བ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་ཡང་ན་མི་འགྱུར་རོ། །སཾ་བཱི་ཡ། སཾ་བྱཱ་ཡ། པ་རི་བཱི་ཡ། པ་རི་བྱཱ་ཡ། སཾ་པྲ་སཱ་ར་ཎ་བྱས་པ་ན་མཐའ་རིང་པོའོ་ཞེས་པས་རིང་པོའོ། །དེ་མཐའ་རིང་པོའོ། །མཐའ་ལ་ཡོད་པ་ནི་མཐའ་ལ་ཡོད་པའོ། །དེ་སྟེ་སཾ་པྲ་སཱ་ར་ 195-1-260b ཎ་ནི་མཐར་ཡོད་པ་རིང་པོར་འགྱུར་རོ། །པྲ་སྟཱི་ཏ་ཿ། པྲ་ཏི་ཤཱི་ནཿ། ཨཱ་ཧུ་ཏཿ། ཛཱི་ནཿ། ཧེཉ་འགྲན་པ་ལའོ། །ཛྱ་ལང་ཚོ་ཉམས་པ་ལའོ། །ཀུན་ནས་འགྲན་པར་བྱེད་ཟིན་ནོ་ཞེས་པ་ནིཥྛཱ་ཞེས་པས་ཀྟའོ། །ལང་ཚོ་ཉམས་པར་བྱེད་ཟིན་ནོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ཅིག་གི་སྭ་བི་ བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཞན་གྱི་གྲི་ཧ་ཛྱཱ་ཞེས་པས་སོ། །འདིས་རིང་པོའོ། །ལུས་སོགས་དང་ཨོ་རྗེས་སུ་འབྲེལ་བ་ཞེས་པས་ན་ཉིད་དོ། །མཐའ་ཞེས་པ་ཅི་ཞེ་ན། གྲྀ་ཧཱི་ཏཿ། བཱ་ཡི་ཀྭ་པའི་ལས་སོ། །བེཉའི་སཾ་པྲ་སཱ་ར་ཎ་ནི་རིང་པོར་འགྱུར་ཏེ། ཀྭིཔྲ་ཕ་རོལ་ལའོ། །ཨུཿ། བེཉ་སྣལ་མའི་རྒྱུད་ལའོ། ། སྣལ་མ་བྱེད་དོ་ཞེས་པས་ཀྭིཔའོ། །སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །དེའི་རིང་པོའོ། །གྲུབ་པར་གྱུར་པ་ལ་རྩོམ་པ་ནི་ངེས་པའི་དོན་དུའོ། །བེཉའི་སཾ་པྲ་སཱ་ར་ཎའི་ཀིྭཔ་ཁོ་ན་ལ་རིང་པོར་ཇི་ལྟ་བཞིན་འགྱུར་གྱི་འདིར་ནི་མི་འགྱུར་རོ། །ཨུ་ཏཿ། སྣལ་མ་བྱེད་ཟིན་ནོ་ཞེས་པས་ཀྟའོ། །སྔ་མ་བཞིན་དུ་སཾ་པྲ་སཱ་ར་ ཎའོ། །ལྔ་པའི་ཨུ་པ་དྷཱའི་དྷུཊ་ལའང་ཡོན་ཏན་མེད་པ་ལའོ། །ལྔ་པའི་མཐའ་ཅན་གྱི་ཨུ་པ་དྷཱ་ནི་ལྔ་པའི་ཨུ་པ་དྷཱའོ། །བྱིངས་ལྔ་པ་མཐའི་ཨུ་པ་དྷཱ་ཅན་གྱི་ཨུ་པ་དྷཱ་རིང་པོར་འགྱུར་ཏེ། ཀིྭཔྲ་ཕ་རོལ་ལ་དང་དྷུཊ་དང་པོ་ཅན་ཡོན་ཏན་མེད་པ་ལའོ། །པྲ་ཤཱན། པྲ་ཏཱ་ནཱ། ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ ལའོ། །རབ་ཏུ་ཞི་བར་བྱེད་དོ། །རབ་ཏུ་འདོད་པར་བྱེད་དོ་ཞེས་པས་ཀཱིཔའོ། །འདིས་རིང་པོའོ། །བྱིངས་ཀྱི་མའི་ནའོ་ཞེས་པས་མཐའི་ནའོ། །ཤཱནྟཿ། ཤཱནྟ་ཝཱན། ཏཱནྟཿ། ཏཱནྟ་བཱནྲ། ཞི་བར་བྱེད་ཟིན་ནོ། །འདོད་པར་བྱེད་ཟིན་ནོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ཌཱིང་ཤཱི་ཞེས་པས་ ཨིཊ་མེད་དོ་ལྔ་པ་སྨོས་པ་ཅི་ཞེ་ན། བཀྟཱ། དྷུཊ་ལ་ཞེས་པ་ཅི་ཞེ་ན། གམྱ་ཏེ། ཡ་ཎའོ། །ཡོན་ཏན་མེད་པ་ལ་ཞེས་པ་ཅི་ཞེ་ན། གནྟཱ། དྷུཊ་དང་པོ་ཅན་ཀྟའི་རྐྱེན་ལ་ཀྲ་མིའི་རིང་པོར་ཡང་ན་བཤད་པར་བྱ་སྟེ། ཀྲཱནྟ། ཀཱནྟཱ། ཨུད་རྗེས་སུ་འབྲེལ་པ་དང་པུང་ཞེས་པས་ཡང་ན་ཨིཊའོ། །དྷུཊ་དང་པོ་ཅན་ལ་ཞེས་ པ་ཅི་ཞེ་ན། ཀྲ་མི་ཏ། རྀ་ཎི་དང་ཏྲྀ་ཎི་དང་གྷྀ་ཎི་རྣམས་ཀྱི་རིང་པོར་མི་འདོད་དེ། རྀ་ཏཾ། ཏྲྀ་ཏཾ། གྷྲྀ་ཏཾ། རྀ་ཎུ་འགྲོ་བ་ལའོ། །ཏྲྀ་ཎུ་ཟ་བ་ལའོ། །གྷྲྀ་ཎུ་འབར་བ་ལའོ། །འགྲོ་བར་བྱེད་ཟིན་ནོ། །བཟའ་བར་བྱེད་ཟིན་ནོ། །འབར་བར་བྱེད་ཟིན་ནོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པར་ཞེས་པས་ཀྟའོ། །བན་ཏི་ཏ་ནོ་ 195-1-261a ཏི་སོགས་ཞེས་པས་ལྔ་པ་དབྱིའོ། །ཚ་བ་དག་གི་ལྔ་པ་ལའང་ག་ཨཱུཊའོ། །ཚ་ཡིག་དང་བ་ཡིག་དག་གི་གྲངས་ཇི་ལྟ་བར་ཤ་དང་ཨཱུཊ་ཅེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ། ཀྭིཔ་དང་། དྷུཊ་ཡོན་ཏན་མེད་པ་དང་ལྔ་པ་ཕ་རོལ་ལའོ། །རེ་ཞིག་ཀྭིཔ་ལ། ཨཀྵ་དྷུ་། སྱཱུ། དི་བུ་རྩེ་བ་ལའོ། །ཥི་བུ་ སྣལ་མའི་རྒྱུད་ལའོ། །ཆོ་ལོ་རྣམས་ཀྱིས་རྩེ་བར་བྱེད་དོ། །སྣལ་མ་བྱེད་དོ་ཞེས་པས་ཀིྭཔའོ། །བ་ཡིག་གི་ཨཱུཊ་ཡིག་ནི་ཨ་ཡིག་ལས་ཨཱུཊའི་འཕེལ་བའོ་ཞེས་པའི་དོན་ཏོ། །གོ་བི་ཊ། གོ་བི་ཤོོ། གོ་བི་ཤཿ། བི་ཚའོ། །བ་ལང་འཇུག་གོ་ཞེས་པས་ཀྭིཔའོ། །ཧ་ཤཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ། །དྷུཊ་ ཡོན་ཏན་མེད་པ་ལ་ནི། སྱཱུཏ། སྱཱུཏ་བཱནྲ། ཥི་བུ་སྣལ་མའི་རྒྱུད་ལའོ། །སྣལ་མ་བྱེད་ཟིན་ནོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །བ་ཡིག་གི་ཨཱུཌའོ། །ཤ་ཡིག་འདིར་དཔེར་མ་བརྗོད་དེ། བྲྀཥྚ་ཞེས་པ་ལ་སོགས་པ་ལ་ཁྱད་པར་མེད་པའི་ཕྱིར། པྲཙྪ་དྲི་བ་ལའོ། །དྲི་བ་བྱེད་ཟིན་ནོ་ཞེས་པས་ཀྟའོ། །གྲ་ཏི་ཛྱཱ་ཞེས་ པས་སཾ་པྲ་སཱ་ར་ཎའོ། །ཚ་ཤ་དག་གིའང་ཞེས་པས་ཥའོ། །ལྔ་པ་ལ་པྲཤྣཿ། པྲཙྪ་ཤེས་པར་འདོད་པ་ལའོ། །བིཙྪི་པྲཙྪི་ཞེས་པས་ནངའོ། །འདིས་མཐའི་ཚའི་ཤའོ། །རྒྱུ་མཚན་མེད་པའི་ཞེས་པའི་ཡོངས་སུ་བཤད་པས་སྔ་མའི་ཚ་ཡིག་གི་ལྡོག་གོ། །སྱོ་མཱ། ཥི་བུ་སྣལ་མའི་རྒྱུད་ལའོ། །མནའོ་ཞེས་པས་མནའོ། ། བ་ཡིག་གི་ཨཱུཊའོ། །ན་མི་མཐའི་ཞེས་པས་ཡོན་ཏན་ནོ། །ཡ་ཉིད་དོ། །ཤྲི་བི་ཨ་བི་མ་བི་ཛ་རི་ཏྭ་ར་རྣམས་ཀྱི་ཨུ་པ་དྷཱའིའོ། །བ་ཡིག་རྗེས་སུ་འཇུག་སྟེ་ཨཱུཊའོ། །ཤྲི་བུ་འགྲོ་བ་དང་སྐེམས་པ་དག་ལའོ། །ཡབ་བསྲུང་བ་ལའོ། །མབ་འཆིང་བ་ལའོ། །ཛྭར་ནང་ལའོ། །ཉི་ཏྭར་ཀུན་དུ་འཁྱམས་པ་ལའོ། །འདི་ རྣམས་ཀྭིཔ་དང་དྷུཊ་ཡོན་ཏན་མེད་པ་དང་། ལྔ་པ་ཕ་རོལ་ལ་བ་ཡིག་ཨཱུཊ་ཏུ་བསྒྱུར་བར་འགྱུར་ཏེ། ཨུ་པ་དྷཱའི་འོ། །ཤྲཱུཿ། ཨཱུཿ། མཱུཿ། ཛཱུཿ། ཏཱུཿ། འགྲོ་བར་བྱེད་དོ། །སྲུང་བར་བྱེད་དོ། །འཆི་བར་བྱེད་དོ། །ན་བར་བྱེད་དོ། །འཁྱམ་པར་བྱེད་དོ། །ཞེས་པས་ཀྭིཔའོ། །བ་ཡིག་གི་དང་པོ་ཨུ་པ་དྷཱའི་ཨཱུཊའོ། །རིང་ པོ་ལས་ཕ་རོལ་དབྱིའོ། །དྷུཊ་ཡོན་ཏན་མེད་པ་ལ། ཤྲཱུ་ཏཿ། ཤྲཱུཏ་བཱན། འགྲོ་བར་བྱས་ཟིན་ནོ་འགྲོ་བར་བྱེད་ཟིན་ནོ་ཞེས་པའོ། །དེ་བཞིན་དུ། ཨུ་ཏིཿ། མུ་ཏིཿ། ཛུ་ཏིཿ། ཧུརྟིཿ། བུད་མེད་ལ་ཀྟིའོ། །འདིས་ཨུཊའོ། །ལྔ་པ་ལ་ནི། ཤྲོ་མཱ། མནའོ་ཞེས་པས་མནའོ། །ཨཱུཊའོ། །ཨོཾ། ཨ་བ་ཏི་ལས་མཐའ་ 195-1-261b དབྱི་བའོ་ཞེས་པས་མནའོ། །དེའི་མཐའི་དབྱངས་དང་པོ་དབྱིའོ། །ཨུཊའོ། །ཡོན་ཏན་ནོ། །ར་ལས་དབྱི་བར་བྱ་བ་དག་གོ། །ར་ཡིག་ལས་ཕ་རོལ་གྱི་ཚ་ཡིག་དང་བི་ཡིག་དག་དབྱི་བར་བྱ་བ་དག་ཏུ་འགྱུར་ཏེ། ཀྭིཔ་དང་དྷུཊ་ཡོན་ཏན་མེད་པ་དང་། ལྔ་པ་ཕ་རོལ་ལའོ། ཧཱུཿ། དྷཱུཿ། ཧུར་ཚ་འཁྱོགས་པོ་ ལའོ། །ཪྷུཪྦཱི་འཚེ་བ་ལའོ། །དངོས་པོའི་དོན་ལ་ཀིྭཔའོ། །འདིས་ཚ་དང་བདག་དབྱིའོ། །ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ། །ཧཱུརཎྞཿ། དྷཱུཪྞྞཿ། བྱིངས་དག་བརྗོད་ཟིན་ཏོ། །ཨཱཏ་རྗེས་སུ་འབྲེལ་པ་ལས་ཀྱང་། ཌིང་ཤི་ཞེས་པ་ལས་ཀྱང་ཨིཌ་མེད་དོ། །བ་དང་ཚ་དག་དབྱི་བར་བྱས་པ་ནར་ལས་ནིཥྛའི་ ཏའི་ན་ཏེ་ཞེས་པས་ནའོ། །ནཱ་མིའི་ར་བ་དག་ལ་ཞེས་པས་རིང་པོའོ། །དེ་བཞིན་དུ། མུཪྟྟིཿ། ཏུཪྟྟིཿ། མུཪྪ་རྨོངས་པ་ལའོ། །ཏུཪྦཱི་འཚེ་བ་ལའོ། །བུད་མེད་ལ་ཀྟིའོ། །སྔ་མ་བཞིན་དུ་རིང་པོའོ། །ཧུཪྨཱ་དྷཪྨཱ་མནྲའི་རྐྱེནའོ། །བ་ན་ཏི་ཏ་ནོ་ཏི་སོགས་ཨིཊ་བཀག་པ་རྣམས་ཀྱི་དྷུཊ་ལ་ལྔ་པ་སྟེ་ཨཱ་ཏའི་ཨཏ་འང་ངོ་། །ཏ་ནོ་ཏི་ གང་རྣམས་ཀྱི་དང་པོ་ཡིན་པ་དེ་རྣམས་ནི་ཏ་ནོ་ཏི་ལ་སོགས་པ་རྣམས་སོ། །གང་རྣམས་ལ་ཨིཊ་བཀག་པ་དེ་རྣམས་ཨིཊ་བཀག་པ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །ཡོན་ཏན་མེད་པ་སྨོས་པ་སྦྲེལ་བར་བྱའོ། །བཎ་དང་ཥ་ཎ་གུས་པ་ལའོ་ཞེས་པ་འདིའི་དང་ཏ་ནོ་ཏི་ལ་སོགས་པ་རྣམས་ཀྱི་དང་། དེ་བཞིན་དུ་ ཨིཊ་བཀག་པ་རྣམས་ཀྱི་ལྔ་པ་དབྱི་བར་བྱ་བར་འགྱུར་ཏེ། དྷུཊ་ཡོན་ཏན་མེད་པ་ཕ་རོལ་ལའོ། །ཨ་ཏའི་ཨཏའང་སྟེ་ཨཱ་ཡིག་གིའང་ཨ་ཡིག་ཏུ་བསྒྱུར་རོ། །བཏིཿ། བཎ་ཥ་ཎའོ། །བུད་མེད་ལ་ཀྟིའོ། །སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏའི་ཞེས་པས་ཨིཊ་མེད་དོ། །ཕྱིས་པ་དང་དབྱངས་བསྒྱུར་བའི་ཡོངས་སུ་ བཤད་པས་ལྔ་པ་ཕྱིས་པ་ལས་སྔ་མའི་ལྔ་པའི་ཨུ་པ་དྷཱ་རིང་པོའོ། །དེ་ནས་འདིས་ལྔ་པ་དབྱིའོ། །ཨཱ་ཡིག་གི་ཨ་ཡིག་ཏུ་བསྒྱུར་རོ། །གཞན་དུ། བ་ནི་ལས་དྷུཊ་དང་པོ་ཅན་ལ་ཨིཊ་ཨཱ་ག་མ་ཡོད་དོ་ཞེས་འདི་དཔེར་མ་བརྗོད་དོ། །ཏ་ནོ་ཏི་སོགས་རྣམས་ཀྱི། ཏ་ཏཿ། ཏ་ཏ་བཱན། ཀྵཏ་བཱན། ཏ་བུ་རྒྱས་པ་ལའོ། །ཀྵ་ ཎུ་འཚེ་བ་ལའོ། །རྒྱས་པར་བྱས་ཟིན་ནོ། །རྒྱས་པར་བྱེད་ཟིན་ནོ། །འཚེ་བར་བྱེད་ཟིན་ནོ་ཞེས་པའོ། །ཌིང་ཤྭི་ཞེས་པས་ཨིཊ་མེད་དོ། །དེ་བཞིན་དུ། ཏ་ཏིཿ། ཀྵ་ཏིཿ། བུད་མེད་ལ་ཀྟའོ། །ཨིཊ་བཀག་པ་རྣམས་ཀྱི། ཡ་ཏཿ། ར་ཏཿ། ན་ཏཿ། ག་ཏཿ། སྡོམ་པར་བྱེད་ཟིན་ནོ། །རྩེ་བར་བྱེད་ཟིན་ནོ། །ཕྱག་བྱེད་ 195-1-262a ཟིན་ནོ། །འགྲོ་བར་བྱེད་ཟིན་ནོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །དེ་བཞིན་དུ། ཡ་ཏིཿ། ར་ཏིཿ། ན་ཏིཿ། ག་ཏིཿ། ལྔ་པ་ཞེས་པ་ཅི་ཞེ་ན། པ་ཀྭཿ། འཚེད་པར་བྱེད་ཟིན་ནོ་ཞེས་པ་སྟེ་ཙ་སྡེའི་ཀྭིའོ། །ཀྵེ་ཤུ་ཙི་པ་ཙ་རྣམས་ཀྱི་མ་ཀ་བ་ཞེས་པས་བ་ཉིད་དོ། དྷུཊ་ ལ་ཞེས་པ་ཅི་ཞེ་ན། ཧ་ནྱ་ཏེ། ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཧནྟ། ཏྲིཙྲའོ། །ཧནྟྭི་ལས་ལྔ་པ་དབྱི་བར་འདོད་དེ། ཨ་དྱ་ཏ་ནཱའི་ཨཱཏྨ་ནེའི་ཚིག་ཕ་རོལ་ལའོ། །ཨཱ་ཧ་ཏ། ཨཱ་ཧ་སཱ་ཏཱཾ། ཨཱ་ཧ་ས་ཏ། ཧནྟི་ཨཱང་སྔོན་མ་ཅན་གྱི་རུ་ཙ་ལ་སོགས་པའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་འོ་ཞེས་པས་སི་ཙ་ དབྱིའོ། །ཕྲ་མ་རྟོགས་པར་བྱ་བ་ལ་ཡ་མི་ལས་ཀྱང་ངོ་། །ཨུ་ཌཱ་ཡ་ཏ། ཡ་མི་ཨཱང་སྔོན་མ་ཅན་ནི་རུ་ཙ་ལ་སོགས་པའོ། །ཨ་དྱི་ཏ་ནཱི་ལས་སི་ཙའོ། །སྔ་མ་བཞིན་དུ་སི་ཙ་དབྱིའོ། །ཕྲ་མ་བྱེད་ཟིན་ནོ་ཞེས་པའི་དོན་ནོ། །བག་མ་ལེན་པ་རྟོགས་པར་བྱ་བ་ལ་ནི་རྣམ་པར་བརྟག་པར་བཤད་པར་བྱའོ། །ཨུ་པཱ་ ཡཏ་ཀ་ནྱཱཾ། ཨུཔཱ་ཡ་ཏ་ཀ་ནྱཱཾ། ཨ་དྱ་ཏ་ནཱི་དང་ཨཱ་ཤཱིཥ་དག་ལའང་ཨཱདྨ་ནེའི་ཚིག་ལས་ག་མི་ལས་ལྔ་པ་དབྱི་བར་ཡང་ན་འདོད་དོ། །ས་མ་ག་ཏ། ས་མ་གཾསྟ། ག་མི་ལས་སཾ་སྔོན་མ་ཅན་ནི་རུ་ཙ་ལ་སོགས་པའོ། །སི་ཙ་དབྱི་བ་སྔ་མ་བཞིན་ནོ། །སཾ་གི་སཱཥྚ། སཾ་གཾ་སཱིཥྚ། ཡཔ་ལ་འོང་། བ་ན་ཏི་དང་ཏ་ནོ་ ཏི་སོགས་དང་ཨིཊ་བཀག་པ་རྣམས་ཀྱི་ལྔ་པ་དབྱི་བར་འགྱུར་ཏེ་ཡཔ་ཕ་རོལ་ལའོ། །པྲ་བ་ཏྱ། པྲ་ཏ་ཏྱ། བྱེད་པ་པོ་གཅིག་ཅེས་པས་ཀྟའོ། །ཚིག་སྡུད་ལ་འབྱུང་བ་ཞེས་པས་ཡཔྲའོ། །ལྔ་པ་ཕྱིས་པ་ན་བྱིངས་ཀྱི་མཐའ་ཏའོ། །མའི་འང་ནའོ། །ཨིཊ་བཀག་པ་རྣམས་ཀྱི་མཱ་ཡིག་ཡང་ན་དབྱི་བར་འགྱུར་ཏེ། ཡཔ་ཕ་རོལ་ལའོ། །པྲ་ཡ་ཏྱ། པྲ་ཡ་མྱི། པྲ་ཎ་ཏྱ། པྲ་ཎ་མྱ། ཏིཀ་ལ་རིང་པོའང་མ་ཡིན་ནོ། །བ་ན་ཏི་དང་ཏ་ནོ་ཏི་སོགས་དང་ཨིཊ་བཀག་པ་རྣམས་ཀྱི་ཏི་ཀ་ཕ་རོལ་ལྔ་པ་དབྱི་བར་འགྱུར་བའང་མ་ཡིན་ཞིང་རིང་པོར་ཡང་མི་འགྱུར་རོ། །བནྟི། ཏནྟི། ཡནྟི། གུས་པར་གྱིས་ཤིག །རྒྱས་པར་གྱིས་ཤིག ། སྡོམ་པར་གྱིས་ཤིག་ཅེས་ཏི་ཀ་ཀྲི་ཏ་དག་མིད་ལའང་ཞེས་ཏི་ཀའོ། །ཨུཎྜིའི་མ་ལའོ། །ཨུཎྜི་འདྲུལ་བ་ལའོ་ཞེས་པ་འདིའི་ལྔ་པ་དབྱི་བར་འགྱུར་ཏེ་མན་ཕ་རོལ་ལའོ། །ཨདྨོ། མནྲའོ་ཞེས་པས་མནྲའོ། །ལྔ་པ་དབྱིའོ་ཨུ་པ་དྷཱའི་ཡོན་ཏན་ནོ། །མ་ནིང་ལས་སི་ཨ་མྲ་དག་གི་ཞེས་པས་སི་དབྱིའོ། །ཨིནྡྷིའི་གྷཉ་ 195-1-262b ལའོ། །ཉི་ཨིནྡྷི་འབར་བ་ལའོ་ཞེས་པ་འདིའི་ལྔ་པ་དབྱི་བར་འགྱུར་ཏེ་གྷཉ་ཕ་རོལ་ལའོ། །ཨེ་དྷཿ། འདིས་འབར་བྱེད་དོ་ཞེས་པ་གསལ་བྱེད་མཐའ་ལས་ཀྱང་ཞེས་པས་གྷཉའོ། །སྱནྡ་རྒྱུག་པ་ལའོ། །སྱནྡྷུ་འཛག་པ་ལའོ་ཞེས་པ་འདིའི་གྷཉ་ཕ་རོལ་ལྔ་པ་དབྱི་བར་འགྱུར་ཏེ། རྒྱུག་པའི་དོན་ལའོ། །རྒྱུག་པ་ནི་ ཤུགས་སོ། །སྱ་དཿ། དངོས་པོ་ལ་གྷཉའོ། །ལྔ་པ་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོར་མི་འགྱུར་ཏེ། མིང་སྔ་མ་ཅན་གྱི་ཆོ་ག་ནི་རྟག་ཏུ་མ་ཡིན་ནོ་ཞེས་པའི་ཚིག་གི་ཕྱིར་རོ། །རྒྱུག་པ་ལ་ཞེས་པ་ཅི་ཞེ་ན། ཏཻ་ལ་སྱ་སྱནྡཿ། གྷཉའོ། །འཛག་པའོ་ཞེས་པའི་དོན་ཏོ། །རཉྫའི་དངོས་པོ་དང་བྱེད་པ་དག་ ལའོ། །རཉྫའི་ལྔ་པ་དབྱི་བར་དངོས་པོ་དང་བྱེད་པའི་དོན་དག་ལ་འགྱུར་ཏེ། གྷཉ་ཕ་རོལ་ཏུ་བྱས་པ་ལའོ། །ར་གཿ། ཚོས་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །ཙ་ཛ་དག་གི་ཀ་ཁ་དག་གོ་ཞེས་པས་གའོ། །བྱེད་པ་ལ། རཱ་གཿ། འདིས་ཚོས་བྱའོ་ཞེས་པ་གསལ་བྱེད་ལས་ཀྱང་ངོ་ཞེས་པས་གྷཉའོ། །དངོས་ པོ་དང་བྱེད་པ་དག་ལ་ཞེས་པ་ཅི་ཞེ་ན། རཾ་གཿ། འདིར་ཚོས་བྱེད་པའོ་ཞེས་པ་སྔ་མ་བཞིན་གྷཉའོ། །པུཥ་དང་གྷི་ནི་ཎ་དག་ལའང་ངོ་། །རཉྫི་ལས་ཞེས་པ་ཁོ་ནའོ། །བུཥ་དང་གྷི་ནི་ཎ་ཕ་རོལ་ལ་རཉྫི་ལས་ལྔ་པ་དབྱི་བར་འགྱུར་རོ། །ར་ཛ་ཀཿ། འཚེད་པ་འདི་བཟོ་བོ་ཡིན་པ་ཞེས་བཟོ་བོ་ལ་བུཥའོ། །ཥ་ཡིག་ནི་ཥ་ ཊ་རྗེས་སུ་འབྲེལ་བ་ཞེས་པའི་དོན་ཏོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །གྷི་ནི་ཎ་ལ་ནི། ར་ག་གི །ཡུ་ཛ་རུ་ཛ་བྷ་ཛ་བྷུ་ཛ་ཞེས་པས་གྷི་ནི་ཎའོ། །ཎ་ཡིག་ནི་ཨི་ཙ་བཞིན་འགྱུར་བའི་དོན་ནོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །གྷ་ཡག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །བྲྀཾ་ཧིའི་ཨིཊ་མིན་ པའི་དབྱངས་ལ་ཡང་ནའོ། །བྲྀ་ཧི་འཕེལ་བ་ལའོ་ཞེས་པ་འདིའི་ལྔ་པ་དབྱི་བར་ཡང་ན་འགྱུར་ཏེ་ཨིཊ་མིན་པའི་དབྱངས་ཕ་རོལ་ལའོ། །བཪྷཀཿ། བྲྀཧ་ཀཿ། བྲྀཧི་འཕེལ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ནོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཨཱ་ག་མའོ། །འཕེལ་ བར་བྱེད་དོ་ཞེས་པས་བུ་ཎའོ། །ཡང་ན་ལྔ་པ་དབྱིའོ། །དེ་བཞིན་དུ། བ་ཪྷཎཾ། བྲི་ཧ་ཎཾ། ཡུཊའང་ངོ་ཞེས་པས་ཡུཊའོ། །དབྱངས་ལས་ཞེས་པ་ཅི་ཞེ་ན། བྲྀཾ་ཧྱ་ཏེ། ཡཎའོ། །ཨིཊ་མིན་པ་ལ་ཞེས་པ་ཅི་ཞེ་ན། བྲྀ་ཧི་ཏཱ། ཏྲི་ཙའོ། །ཨིཊའོ། །བྲིཏ། བྲྀཾ་ཧ་འཕེལ་བའོ་ཞེས་པ་བྱིངས་གཉིས་ཀྱི་སྦྱོར་བ་ 195-1-263a རྣམས་གྲུབ་པ་ཉིད་ཕྱིར་སྦྱོར་བ་བརྩམ་པར་མི་བྱའོ་ཞེས་གསུངས་སོ། །ཡ་མི་མ་ནི་ཏ་མི་ག་མ་རྣམས་ཀྱི་ཀྭིཔ་ལའོ། །ཡ་མི་མ་ནི་ཏ་མི་ག་མ་ཞེས་པ་འདི་རྣམས་ཀྱི་ལྔ་པ་དབྱི་བར་འགྱུར་ཏེ་ཀིྭཔ་ཕ་རོལ་ལའོ། །སཾ་ཡ་ཏ། པ་རཱི་མཏ། པ་རཱི་ཏཏ། གྲ་མ་ག་ཏ། ཡང་དག་པར་སྡོམ་པར་བྱེད་ དོ། །ཡོངས་སུ་ཤེས་པར་བྱེད་དོ། །ཡོངས་སུ་རྒྱས་པར་བྱེད་དོ། །གྲོང་དུ་འགྲོ་བར་བྱེད་དོ་ཞེས་པས་ཀྭིཔའོ། །ལྔ་པ་ཕྱིས་པ་ན་བྱིངས་ཀྱི་ཏ་མཐའོ། །པ་རིའི་སྒྲའི་ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །བིཊ་བན་དག་ལ་ཨཱའོ། །ལྔ་པ་ཞེས་པ་ཁོ་ནའོ། །ལྔ་པའི་ཨ་ཉིད་དུ་འགྱུར་ཏེ། བིཊ་དང་བན་ཕ་རོལ་ ལའོ། །དུརྐྲཱཿ། ཨ་གྲེ་གཿ། ཀྲ་མུ་རྐང་པ་རྣམ་པར་འགོད་པ་ལའོ། །གམླྀ་འགྲོ་བ་ལའོ། །དུར་ཨ་གྲའི་སྒྲ་དག་སྔོན་མའོ། །རིང་པོར་སྐྱེད་པར་བྱེད་དོ། །རྩེ་མོར་འགྲོ་བར་བྱེད་དོ་ཞེས་པས་བིཊའོ། །ཀྲ་མི་ག་མི་ཁ་མི་ཞེས་པས་བ་ཌིའོ། །ཊ་ཡིག་ནི་འདིའི་དོན་ནོ་ཨི་ཡིག་ནི་བརྗོད་པའི་དོན་ནོ། །སྦྱར་བ་མིན་པའི་བའི་ དབྱིའོ་ཞེས་པས་བ་དབྱིའོ། །འདིས་ཨཱ་ཉིད་དོ། །དུརྐཱ་བཱ། ཨ་གྲེ་གཱ་བཱ། ཀྲ་མི་ག་མི་དག་ལས་མནྣི་ཀྭ་ནི་པ་བ་ནི་པ་ཡང་ངོ་ཞེས་པས་བ་ནི་པྲའོ། །ཨཱ་ཉིད་དོ། །ཁ་ནི་ས་ནི་ཛ་ནི་རྣམས་ཀྱི་དྷུཊ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཥ་ནུ་སྦྱིན་པ་ལའོ། །ཛནྲ་སྐྱེད་བ་ལའོ། །ཛ་ནཱི་སྐྱེད་པ་ལའོ་ཞེས་པ་ཡང་ནའོ། །འདི་རྣམས་ ཀྱི་དྷུཊ་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །ཁཱ་ཏཱཿ། ཁཱ་ཏ་བཱཏ། སཱཏཿ། སཱ་ཏ་བཱ་ཏ།ཛཱ་ཏཿ། ཛཱ་ཏ་བཱན། འཇོམས་པར་བྱས་ཟིན་ནོ། །རྐོ་བར་བྱེད་ཟིན་ནོ། །སྦྱིན་པར་བྱས་ཟིན་ནོ། །སྦྱིན་པར་བྱེད་ཟིན་ནོ་ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྟའོ། །སྐྱེ་བར་བྱས་ཟིན་ནོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། ། ཌིང་ཤྭི་མ་ཡིན་པ་ཞེས་པས་ཨིཊ་མེད་དོ། །འདིས་ཨ་ཉིད་དོ། །དེ་བཞིན་དུ། ཁཱ་ཏིཿ། སཱ་ཏིཿ། ཛཱ་ཏིཿ། བུད་མེད་ལ་ཀྟིའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཁ་ནི་ཏྭ། ཏིཙའོ། །ཡ་ལ་ཡང་ནའོ། །ལྔ་པ་ཨུ་པ་དྷཱ་ཅན་ཞེས་པ་འདི་ལས་ཡོན་ཏན་མེད་པ་ཞེས་པ་འཇུག་གོ། །ཁ་ནི་ས་ནི་ཛ་ན་རྣམས་ཀྱི་ཨཱ་ཉིད་དུ་ཡང་ན་འགྱུར་ ཏེ། ཡ་ཡིག་དང་པོ་ཡོན་ཏན་མེད་པ་ཕ་རོལ་ལའོ། །པྲ་ཁཱ་ཡ། པྲ་པཱ་ཡ། པྲ་ཛཱ་ཡ། པྲ་ཁ་ནྱ། པྲ་ས་ནྱ། པྲ་ཛ་ནྱ། བྱེད་པ་པོ་གཅིག་ཅན་དག་གི་ཞེས་པས་ཀྟྭའོ། །ཚིག་སྡུད་ལ་འབྱུང་བ་ལ་ཞེས་པས་ཡཔྲའོ། །ཡང་ན་ཨཱ་ཉིད་དོ། །དེ་བཞིན་དུ། ཁཱ་ཡ་ཏེ། ཁ་ནྱ་ཏེ། པཱ་ཡ་ཏེ། ས་ནྱ་ཏེ། ཛ་ཡ་ཏེ། ཛ་ནྱ་ཏེ། 195-1-263b ཡཎའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། སཱ་ནྱཾ། རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་གྷྱཎའོ། །ཏ་ནོ་ཏི་ལས་ཡཎ་ལ་ཡང་ན་འདོད་དེ། ཏ་ཡ་ཏེ། ཏ་ནྱེ་ཏ། སྥུ་རི་སྥུ་ལི་དག་གི་གྷཉ་ལ་ཨོཏ་ཀྱིའོ། །ཡང་ན་ཞེས་པ་ལྡོག་གོ། །སྥུ་ར་འཕྲོ་བ་ལའོ། །སྥུ་ལ་གཡོ་བ་ལའོ་ཞེས་པ་སྥུ་རི་དང་སྥུ་ལི་འདི་དག་ གི་ཨོ་ཡིག་གི་ཨཱ་ཉིད་དུ་འགྱུར་ཏེ་གྷཉ་ཕ་རོལ་ལའོ། །བི་སྥཱ་རཿ། བི་སྥཱ་ལཿ། སྥུ་རི་དང་སྥུ་ལི་དག་གི་སྔོན་མ་དག་གོ། །དངོས་པོ་ལ་གྷཉའོ། །ཨུ་པ་དྷཱའི་ཡོན་ཏན་ཅན་ནོ། །ཨོ་ཡིག་གི་ཨཱ་ཉིད་དོ། །ཛ་ཧཱ་ཏིའི་ཀྟྭ་ལ་ཨིཏའོ། །ཛ་ཧཱ་ཏིའི་ཨོ་ཧཀ་གཏོང་བ་ལའོ་ཞེས་པ་འདིའི་ཨི་ཉིད་དུ་འགྱུར་ཏེ། ཀྟྭཱའི་རྐྱེན་ཕ་ རོལ་ལའོ། །ཧི་ཏྭཿ། ཛ་ཧཱ་ཏིའི་ཞེས་པ་ཅི་ཞེ་ན། ཧཱ་ཏྭ། ཨོ་ཧཱང་། ཏྱ་ཏི་སྱ་ཏི་མཱ་སྠཱ་རྣམས་ཀྱི་ཏ་ལ་ཡོན་ཏན་མེད་པ་ལའོ། །ཨིཏའི་ཞེས་པ་ཁོ་ནའོ། །དོ་དུམ་བུར་བྱེད་པ་ལའོ། །ཥོ་མཐའི་ལས་ལའོ། །མཱ་འཇལ་བ་ལའོ། །མཱང་འཇལ་བ་ལའོ། །མེན་བརྡབས་ལན་ལའོ། །ཞེས་པ་ཡང་ནའོ། །སྠཱ་གནས་པ་ལའོ། ། འདི་རྣམས་ཀྱི་ཏ་ཡིག་དང་པོ་ཅན་གྱི་ཡོན་ཏན་མེད་པ་ཕ་རོལ་ལ་ཨི་ཉིད་དུ་འགྱུར་རོ། །དྱ་ཏིའི་དྷཱ་མིན་པའི་དའི་ད་ཏའོ་ཞེས་པས་ད་ཏ་རུ་བསྒྱུར་བ་ཐོབ་པ་ལའོ། །དཱ་མཱ་གཱ་ཡ་ཏི་པི་བ་ཏི་སྠཱ་སྱ་ཏི་ཞེས་པས་ཨཱི་ཉིད་ཐོབ་པ་ལའོ། །དི་ཏཿ། དི་ཏ་བཱན། སི་ཏཿ། སི་ཏ་བཱན། མིཏཿ། མི་ཏ་བཱནྲ། སྠི་ཏཿ། སྠི་ཏ་བཱན། དུམ་བུར་ བྱས་ཟིན་ནོ། །དུམ་བུར་བྱེད་ཟིན་ནོ། །མཐའི་ལས་བྱས་ཟིན་ནོ། །མཐའི་ལས་བྱེད་ཟིན་ནོ། །འཇལ་བ་བྱས་ཟིན་ནོ། །འཇལ་བ་བྱེད་ཟིན་ནོ་ཞེས་པ་ལ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྡུའོ། །མཐའི་ལས་བྱེད་ཟིན་ནོ། །གནས་པར་བྱས་ཟིན་ཏོ། །གནས་པར་བྱེད་ཟིན་ཏོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ ཞེས་པས་ཀྟའོ། །འདིས་ཨི་ཉིད་དོ། །ཏ་ཞེས་པ་ཅི་ཞེ་ན། དི་ཡ་ཏེ། དི་མཱ་ག་ཡ་ཏི་ཞེས་པས་ཨཱི་ཉིད་དོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། དཱ་ཏཱ་ཚཱ་ཤ་དག་གི་ཡང་ནའོ། །ཡོན་ཏན་མེད་པ་ཞེས་པ་འཇུག་སྟེ། གྷཉ་ཨ་ལ་དག་ལ་ཞེས་པ་འདི་ལས་སྔོན་དུའོ། །ཙྪོ་གཅོད་པ་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ་ཞེས་ པ་དེ་དག་གི་ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལ་ཡང་ན་ཨི་ཉིད་དུ་འགྱུར་རོ། །ཙྪི་ཏཿ། ཙྪི་ཏ་བཱན། ཙྪཱ་ཏཿ། ཙྪཱ་ཏ་བཱན། ཤི་ཏཿ། ཤི་ཏ་བཱན། ཤཱ་ཏཿ། ཤཱ་ཏ་བཱན། གཅོད་པར་བྱས་ཟིན་ནོ། །གཅོད་པར་བྱེད་ཟིན་ནོ། །ཕྲ་མོར་བྱེད་ཟིན་ནོ་ཞེས་པའོ། །ཤོ་ཕྲ་མོར་བྱེད་པ་ལའོ་ཞེས་པ་འདིའི་བརྟུལ་ 195-1-264a ཞུགས་ཀྱི་ཡུལ་ལ་རྟག་ཏུ་ཨི་ཉིད་དུ་འདོད་དེ། སཾ་ཤི་ཏཿ། བྲམ་ཟེའི་བརྟུལ་ཞུགས་འཛིན་ནོ་ཞེས་པའི་དོན་ཏོ། །ད་དྷ་ཏིའི་ཧིའོ། །ཌུ་དྷཱཉ་འཛིན་པ་ལའོ་ཞེས་པ་འདིའི་ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པ་ལ་ཧི་རུ་བསྒྱུར་བར་འགྱུར་ཏེ། ཡི་གེ་གཅིག་མ་ཡིན་པ་ཉིད་ལས་ཐམས་ཅད་ཀྱིའོ། །ཧི་ཏཱཿ། ཧི་ཏ་བཱན། འཛིན་པར་བྱས་ཟིན་ནོ། །འཛིན་པར་བྱེད་ཟིན་ནོ་ཞེས་པའོ། །ད་དྷཱ་ཏིའི་ཞེས་ངེས་པར་བསྟན་པ་ནི་དྷེ་ཊའི་བཟློག་པའི་དོན་དུའོ། །དེས་ན། དྷཱི་ཏཿ། བཏུང་བར་བྱས་ཟིན་ནོ་ཞེས་པ་དཱ་མཱ་གཱ་ཡ་ཏི་ཞེས་པས་ཨི་ཉིད་དོ། །ཙ་ར་ཕལ་དག་གི་ཨའི་ཨུཏའོ། །ཙར་འགྲོ་བའི་དོན་ནོ། །ཕལ་རྫོགས་པ་ལའོ། ། ཉི་ཕལ་བྲལ་བ་ལའོ་ཞེས་པ་ཡང་ནའོ། །འདི་དག་གི་ཨའི་ཨུ་ཡིག་ཏུ་བསྒྱུར་བར་འགྱུར་ཏེ་ཏ་ཡོན་ཏན་མེད་པ་ཕ་རོལ་ལའོ། །ཙཱུཪྟེཿ། པྲ་ཕུལྟིཿ། བུད་མེད་ལ་ཀྟིའོ། །འདིས་ཨུ་ཉིད་དོ། །ནཱ་མིའི་ར་བ་དག་ལ་ཞེས་པས་རིང་པོའོ། །པྲ་ཕུལྟཿ། རྫོགས་པའི་ཆེད་དུ་རབ་ཏུ་ཞུགས་སོ་ཞེས་པ་དང་པོའི་ལས་ལ་ཀྟའོ། ། བྱེད་པ་པོ་ལའང་ཞེས་པས་ཀྟའོ། །དངོས་པོ་དང་དང་པོའི་ལས་དག་ལའང་ཞེས་པའི་ཕྱོགས་ཨིཊའོ། །ཏ་ཞེས་པ་ཅི་ཞེ་ན། ཙར་ཏིཿ། ཕལ་ཏིཿ། འགྲོ་བར་བྱེད་ཟིན་ནོ། །རྫོགས་པར་བྱེད་ཟིན་ནོ། །ཞེས་པ་སྟེ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །དྷ་མིན་པའི་དཱའི་ད་ཏའོ། །དཱའི་མིང་ཅན་གྱི་དྷཱ་མིན་པ་སྟེ་ དྷེཊ་བོར་བ་དེའི་ད་ཏ་རུ་བསྒྱུར་བར་འགྱུར་ཏེ། ཡོན་ཏན་མེད་པ་ཕ་རོལ་ལའོ། །དཏྟཿ། དཏྟ་བཱན། དཏྟྭཱ། སྦྱིན་པ་བྱས་ཟིན་ཏོ། །སྦྱིན་པ་བྱེད་ཟིན་ཏོ་ཞེས་པ་སྟེ་འདིས་ད་ཏའོ། །དྭ་ཞེས་པ་ཅི་ཞེ་ན། དཱ་ཏཾ་ཀྵེ་ཏྲཾ། དཱཔྲ་གཅོད་པ་ལའོ། །གཅོད་པར་བྱས་ཟིན་ནོ་ཞེས་པའོ། །དྷཱ་མ་ཡིན་པ་ཞེས་པ་ཅི་ཞེ་ན། དྷཱི་ཏཿ། དྷཱི་ཏ་བཱན། དྷེཊ་འཐུང་བ་ལའོ། །བཏུང་བ་བྱས་ཟིན་ནོ། །བཏུང་བ་བྱེད་ཟིན་ནོ་ཞེས་པའོ། །དྷ་མ་ཡིན་པ་ཞེས་པའི་དགག་པ་ནི་དྷེཊ་ལ་ཡིན་གྱི་ཌུ་དྷཱཉ་མ་ཡིན་ཏེ་ཡིན་ན་དེའི་ཧི་རུ་འགྱུར་བ་ལས་ད་དྷ་ཏིའི་ཧིའོ་ཞེས་པའི་ཧི་རུ་བསྒྱུར་བ་ཡོད་པས་སོ། །ཉེར་བསྒྱུར་དབྱངས་ལས་ཏའོ། །དཱའི་ཞེས་པ་ཁོ་ན་སྟེ་དྷཱ་མ་ཡིན་པ་ཞེས་པའང་ངོ་། ། ཉེར་བསྒྱུར་དབྱངས་མཐའ་ཅན་ལས་ཕ་རོལ་དཱའི་མིང་ཅན་དྷེཊ་བོར་བ་དེའི་ཏ་ཡིག་དུ་བསྒྱུར་བར་འགྱུར་ཏེ། ཏ་ཡོན་ཏན་མེད་པ་ཕ་རོལ་ལའོ། །སྔ་མས་ད་ཏ་རུ་བསྒྱུར་བ་འཐོབ་པ་ལའོ། །བྲཏྟཾ། ཙནྡྲ་བར། པྲ་ལ་སོགས་པའི་ཨ་ཙ་ཏའོ་ཞེས་པས་ཨ་ཙའི་ཏེའོ། །ཁར་ལ་ཛྷ་ལའི་ཙརའོ་ཞེས་པས་དའི་ཏའོ། །ཨ་ཙ་ 195-1-264b མ་ཡིན་པ་ལའོ་ཞེས་པས་ཏ་ཕྱི་གཉིས་སུ་འགྱུར་རོ། །དེ་ལྟར་ན་རྐྱེན་གྱི་ཏ་ཡིག་དང་བཅས་པས་ཏ་ཡིག་བཞིར་འགྱུར་རོ། །ཧལ་ལས་ཛྷར་ལ་ཛྷར་རྣམས་ཀྱི་མཐུན་པའི་གནས་སུ་དབྱི་བ་ཡང་ནའོ་ཞེས་པ་ཏ་ཡིག་དབུས་མ་དག་དབྱིའོ། །ཨ་བཏྟཾ། ཕུལ་དུ་བྱུང་བས་སྦྱིན་པ་བྱས་ཟིན་ནོ། །ངེས་པར་སྦྱིན་པ་བྱས་ཟིན་ནོ་ ཞེས་པའོ། །འདིས་ཏ་ཡིག་ཏུ་བསྒྱུར་བའོ། །ཅིའི་ཕྱིར་འདིར་ཏ་ཡིག་གཉིས་སུ་བསྒྱུར་བར་མི་འགྱུར་ཞེ་ན་མ་ཡིན་ཏེ། ཅི་ལྟར་ཞེ་ན། ཉེར་བསྒྱུར་ལས་དཱའི་མིང་ཅན་གྱི་ཕ་རོལ་ལ་བྱ་བ་ནི་དང་པོ་དང་ལྷན་ཅིག་པའོ་ཞེས་པའི་ཚིག་ལས་དང་པོ་དང་བཅས་པ་བསྒྱུར་བར་འགྱུར་བའི་ཕྱིར་རོ། །དབྱངས་ལས་ཞེས་པ་ཅི་ཞེ་ན། ནི་ར་དཏྟཾ། སྔ་མས་ད་ཏ་ཏའོ། །ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། ཤྲི་དཏྟཿ། དཔལ་གྱི་ཟླ་སྦྱིན་པར་བྱའོ་ཞེས་པའོ། །དྷཱ་མིན་པའི་ཞེས་པ་ཅི་ཞེ་ན། པྲ་དྷཱི་ཏཿ། དྷེཊ་འཐུང་བ་ལའོ། །ཨ་ནུ་དཏྟཾ་དང་། སུ་དཏྟཾ་དང་པྲ་དཏྟཾ་ནི་དང་པོའི་ལས་ལ་སྟེ། བི་དཏྟཾ་དང་ཨ་བ་དཏྟཾ་དང་ནི་དཏྟཾ་ཞེས་པ་མི་འདོད་དོ། །ཏ་ཡིག་ཏུ་བསྒྱུར་བར་མི་འགྱུར་ རོ་ཞེས་པའི་དོན་ཏོ། །པྲ་དཏྟཾ་ཞེས་པ་འདི་ནི་དང་པོའི་ལས་ཁོ་ན་ལ་འགྱུར་ཏེ། སྦྱིན་པའི་ཆེད་དུ་རབ་ཏུ་འཇུག་པ་ནི། པྲ་དཏྟཾའོ། །དོན་གཞན་ལ་ནི་པྲཏྟཾ་ཞེས་པ་ཁོ་ནར་འདོད་དེ། གང་ཟག་གཞན་རྣམས་ཨ་ནུ་དཏྟཾ་ལ་སོགས་པ་རྣམས་ལ་རྣམ་པར་བརྟག་པས་ཏ་ཡིག་ཏུ་བསྒྱུར་བར་སྤོབས་པར་བྱེད་དོ། །ཡཔ་ལའང་ཨདའི་ཛ་གྷིའོ། ། ཨ་དིའི་ཛ་གྷིར་བསྒྱུར་བར་འགྱུར་ཏེ། ཏ་ཡོན་ཏན་མེད་པ་ཕ་རོལ་དང་ཡཔྲ་ལའོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཛ་གྷཿ། ཛ་གྷ་བཱན། ཨད་ཟ་བ་ལའོ། །བཟའ་བ་བྱས་ཟིན་ནོ། །བཟའ་བ་བྱེད་ཟིན་ནོ་ཞེས་པ་སྟེ་ཛ་གྷི་རཾ་བསྒྱུར་བའོ། །གྷ་ཌྷ་དྷ་བྷ་རྣམས་ལས་སོ་ཞེས་པས་དྷའོ། །དྷུཊ་རྣམས་ཀྱིས་གསུམ་པའོ་ཞེས་ པས་དྷཱ་ཡིག་གི་ད་ཡིག་གོ། །དེ་བཞིན་དུ། ཛགྷ། ཀྟྭའོ། པྲ་ཛགྷྱ། ཀྟའི་ཡཔའོ། །གྷཉ་ཨལ་དག་ལ་གྷསླྀའོ། །གྷཉ་ཨལ་དག་ཕ་རོལ་ལ་ཨ་དིའི་གྷ་སར་བསྒྱུར་བར་འགྱུར་རོ། །ཨ་ཡིག་ནི་བརྗོད་པའི་དོན་ནོ། །གྷཱསཿ། ཟ་བར་བྱེད་དོ་ཞེས་པ་བྱེད་པ་པོ་མིན་པའི་བྱེད་པ་ཅན་ལའོ་ཞེས་པས་གྷཉའོ། །པྲ་གྷསཿ། དངོས་པོའི་དོན་ཉེར་བསྒྱུར་ལ་སོགས་པ་ལས་ཞེས་པས་ཨལའོ། །ལ་ཡིག་ནི་འདིའི་དོན་ནོ། །ཨ་ཙ་ལའང་འདོད་དེ། པྲ་གྷསཿ། རབ་ཏུ་བཟའ་བར་བྱེད་དོ་ཞེས་པ་འདིའི་པ་ཙ་ལ་སོགས་པ་རྣམས་ལས་ཞེས་པས་ཨཙའོ། །ཀྟ་དང་ཀྟ་བནྟུ་དག་ནི་ནིཥྛའོ། །ཀྟ་དང་ཀྟ་བནྟུ་ཞེས་པ་འདི་དག་ནིཥྛའི་མིང་ཅན་དུ་འགྱུར་རོ། ། 195-1-265a ནིཥྛའི་མིང་གང་དུ་དགོས་ཤེ་ན། ར་ལས་ནིཥྛའི་ཏའི་ན་ཏེ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཀཱིཪྞྞཿ། ཀཱིརྞྞཱ་བཱན། ཤིཪྞྞཿ། ཤིཪྞྞ་བཱན། ཀྲཱྀ་རྣམ་པར་བསྐྱེད་པ་ལའོ། །ཤྲྀ་འཚེ་བ་ལའོ། །བསྐྱོད་པར་བྱས་ཟིན་ནོ། །སྐྱོད་པར་བྱེད་ཟིན་ནོ། །འཚེ་བ་བྱས་ཟིན་ནོ། །འཚེ་བ་བྱེད་ ཟིན་ནོ་ཞེས་པའོ། །ནིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཤྲྀ་ཨུའི་ཡི་གེ་ཞེས་པས་ཨཊ་དགག་པའོ། །རཱྀཏ་མཐའི་ཨིརའོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པའོ། །ར་ལས་ནིཥྛའི་ཞེས་པས་ན་ཉིད་དོ། །ཀྟྭཱ་དང་མ་དང་མཚམས་སྦྱོར་གྱི་ཡི་གེའི་མཐའི་མི་ཟད་པའོ། །ཟླས་དབྱེ་ཁོང་ན་ཡོད་པའི་འབྲུ་མང་པོ་ པའོ། །ཀྟྭཱའི་མཐའ་དང་མ་མཐའ་དང་མཚམས་སྦྱོར་གྱི་ཡི་གེའི་མཐའ་ཅན་གྱི་སྒྲ་མི་ཟད་པའི་མིང་ཅན་དུ་འགྱུར་རོ། །ཀྟྭཱའི་མཐའི་ནི་ཀྲྀ་ཏྭཱ། མ་མཐའ་ནི། སྭ་དུཾ་ཀཱ་རཾ། རོ་མྱང་བ་བྱས་ནས་ཞེས་པའོ། །རོ་མྱང་བ་ལའོ་ཞེས་པས་ཁ་མུཉའོ། །ཁ་ཡིག་ནི་རིང་པོ་དང་ཉེ་བའི་ཚིག་ཞེས་པའི་དོན་ཏོ། །ཨུ་ཡིག་ནི་བརྗོད་པའི་ དོན། ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །ཐུང་ངུ་དང་ཨུ་རུ་ཥ་དག་གི་ཞེས་པས་མ་ཨཱ་ག་མའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ནི། ཀརྟ་བཻ། ཏབཻ། ཀེ་ཀེ་ནྱ་ཏྭཱ་ཞེས་པས་ཏ་བཻའི་རྐྱེན་ནོ། །མི་ཟད་པའི་མིང་ཅན་ཡིན་པ་ན་མི་ཟད་པ་ལས་ཀྱང་ངོ་ཞེས་པས་རྣམ་དབྱེ་འཇིག་གོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་ འགྲེལ་པ་སློབ་མ་ལ་ཕན་པའི་ཀྲྀཏའི་རབ་ཏུ་བྱེད་པ་རྐང་པ་དང་པོ་རྫོགས་སོ།། །།དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། །།༄༅། །གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱིངས་ལས་སོ། ། འདི་ནི་སྤྱིར་བཏང་བ་སྟེ། གང་འོག་ནས་རིམ་པས་འབྱུང་བའི་རྐྱེན་དེ་རྣམས་བྱིངས་ལས་ཕ་རོལ་དུ་འགྱུར་རོ་ཞེས་རིག་པར་བྱའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨན་ཨཀ་ཨནྟ་ཞེས་པ་འདི་ལས་གོང་དུ་སྤྱིར་བཏང་བའོ། །བདུན་པ་བརྗོད་པ་ཉེ་བའི་ཚིག་གོ། །བདུན་པ་བརྗོད་པ་ནི་བདུན་པ་བརྗོད་པའོ། །འདིར་སྤྱིར་བཏང་བའི་ བྱིངས་གང་ལ་བདུན་པ་བརྗོད་པ་སྟེ། བདུན་པའི་མཐའ་ཅན་བརྗོད་པ་དེ་ཉེ་བའི་ཚིག་གི་མིང་ཅན་དུ་འགྱུར་རོ། །ལས་ལ་ཨཎའོ། །འདིར་ལས་ལ་ཞེས་པ་ཉེ་བའི་ཚིག་གོ། །ཀྭཾ་བྷ་ཀ་རཿ། བུམ་པ་བྱེད་དོ་ཞེས་པས་ཨཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །བུམ་པ་ཡོད་པའི་སྒྲ་ཉེ་བའི་ཚིག་གི་མིང་ཅན་ 195-1-265b དེ། དེའི་དེའི་བསྡུ་བའོ་ཞེས་པས་ཀཱ་རའི་སྒྲ་དང་བཅས་པས་ཚིག་བསྡུ་བ་སྟེ། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པས་ཨམ་དབྱིའོ། ལྗི་བའི་མིང་གི་བྱེད་པ་ནི་བྱིངས་ཀྱི་ལས་དང་སྦྲེལ་བ་ཉེ་བའི་ཚིག་གི་མིང་དུ་འགྱུར་བའི་དོན་དུའོ། །དེས་ན་འདིར་མི་འགྱུར་ཏེ། ཕྱོགས་གཅིག་ལ། ཀུམྦྷཾ་ཀ་རོ་ཏི། གལ་ཏེ་འགྱུར་ན་ཨཎའི་རྐྱེན་འགྱུར་རོ། །ཉེ་བའི་ཚིག་རྐྱེན་གྱི་མཐའ་ཅན་གང་ཡིན་པས་ནུས་པ་མ་ཡིན་ཏེ། བྱིངས་དང་བྲལ་བ་དེའི་འདི་མིང་དོན་མེད་པ་མི་འགྱུར་བའོ། །ཏྲྀ་ཏི་ནཱ་ཐ་དག་ལ་ཧར་ཏི་ལས་ཕྱུགས་ལའོ་ཞེས་པ་འདིར་གལ་ཏེ་ཡང་བདུན་པའི་གཉིས་ཚིག་གི་མཐའ་ཐོབ་པ་དེ་ལྟར་ཡང་ཏྲྀ་ཏི་དང་ནཱ་ཐ་དག་ལ་ ཉེ་བའི་ཚིག་གི་མིང་ཅན་ཏེ། ཕྱུགས་ཀྱི་སྒྲ་ནི་བདུན་པའི་མཐའི་དོན་བརྗོད་པའོ། །དེ་བཞིན་དུ་གཞན་ལ་ཉེ་བའི་ཚིག་དང་འབྲེལ་པ་ལས་ཀྱང་འདི་དོན་དང་འབྲེལ་པ་ནང་གི་ཡན་ལག་གོ་ཞེས་པ་དེ་ལས་ཐོབ་པར་བྱའོ། །ཉེ་བའི་ཚིག་གི་མིང་གང་དུ་དགོས་ཤེ་ན། རིང་པོ་ཉེ་བའི་ཚིག་ཅེས་པ་འདིར་རོ། །གལ་ཏེ་མིང་ཡིན་ན་དེ་ སྔ་མར་རོ། །གལ་ཏེ་ཉེ་བའི་ཚིག་དེ་མིང་ཡིན་ན་སྟེ་གལ་ཏེ་རྟགས་ཡིན་པར་གྱུར་ན་དེའི་ཚེ་བྱིངས་ལས་སྔ་མ་ཁོ་ནར་སྦྱར་བར་བྱའོ། །ཀུམྦྷ་ཀཱ་རཿ། ཀཥྛ་དཱ་ཧཿ། ལས་ལ་ཨཎའོ། །མིང་ཞེས་པ་ཅི་ཞེ་ན། བྷོཀྟུ་མིཙྪ་ཏི། ཨིཙྪ་ཏི་བྷོཀྟུཾ། འདོད་པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་ཅན་ཞེས་པས་ཏུམའོ། །དེའི་ དེས་བསྡུ་བའོ། །མིང་ཉེ་བའི་ཚིག་དེའི་དེའི་སྟེ་ཀྲྀ་ཏའི་རྐྱེན་གྱི་མཐའ་ཅན་དེ་དང་བཅས་པས་བསྡུ་བར་འགྱུར་རོ། །གོ་དཿ། ཀམྤ་ལ་དཿ། བ་ལང་སྦྱིན་པར་བྱེད་དོ། །ཀམྤ་ལ་སྦྱིན་པར་བྱེད་དོ་ཞེས་སོ། །ཨཱཏྲ་ལས་ཉེ་བསྒྱུར་བའི་ཌའོ། །བསྡུ་བ་ལ་ཨམ་དབྱིའོ། །ཨམ་མིན་པའི་མི་ཟད་པས་མ་ཡིན་ནོ། །མིང་ཉེ་ བའི་ཚིག་དེའི་མི་ཟད་པའི་ཀྲྀཏ་ཀྱི་མཐའ་དང་ལྷན་ཅིག་པ་དེའི་ཐོག་མའི་དངོས་པོའི་ཚིག་སྡུད་དུ་མི་འགྱུར་ཏེ། ཨམྲ་མ་ཡིན་པ་སྟེ་ཨམ་གྱི་མཐའ་ཅན་གྱི་མི་ཟད་པས་ནི་འགྱུར་རོ། །ཀཱ་ལོ་བྷོཀྟུཾ། བྷོཀྟུཾ། ཀཱ་ལཿ། ཀཱ་ལ་ས་མ་ཡ་བེ་ལཱ། ནུས་པའི་དོན་རྣམས་ལ་ཞེས་པས་ཏུམྲའོ། །ཨམྲ་མིན་པ་ཞེས་པ་ཅི་ཞེ་ན། ཀ་ནྱཱ་དཱ་ཪྴཾ་ བར་ཡ་ཏི། དྲྀ་ཤིར་བལྟ་བ་ལའོ། །མཐའ་དག་ལ་དྲྀ་ཤ་ལས་ཎ་མྲའོ་ཞེས་པ་ཎམའོ། །ཡོན་ཏན་ནོ། །གསུམ་པ་ལ་སོགས་པ་རྣམས་ཀྱི་ཡང་ནའོ། །མི་ཟད་པ་ཞེས་པ་ཁོ་ནའོ། །ཨམྲ་མིན་པ་ཞེས་པ་ལྡོག །གསུམ་པ་ལ་ཨུ་པ་དམ་ཤི་ལའོ་ཞེས་པ་འདི་ནས་བརྩམས་པའི་ཉེ་བའི་ཚིག་བྱེད་པ་པོ་ལ་ཀྲཱྀཏ་རྣམས་སོ་ 195-1-266a ཞེས་པ་འདི་ལས་གང་དུ་འཆད་པར་འགྱུར་བ་དེ་རྣམས་ནི་གསུམ་པ་རྣམས་བརྗོད་པའོ། །གསུམ་པ་ལ་སོགས་པ་ཉེ་བའི་ཚིག་རྣམས་ཀྱི་མི་ཟད་པའི་ཀྲྀཏའི་མཐའ་དང་ལྷན་ཅིག་པས་ཐོག་མའི་དངོས་པོ་བསྡུ་བར་ཡང་ན་འགྱུར་རོ། །མུ་ལ་ཀོ་པ་དཾ་ཤཾ་བྷུཾཀྟེ། མུ་ལ་ཀེ་ནོ་པ་དཾ་ཤཾ་བྷུཾཀྟེ། ཨུ་པ་ད་ཤཾ་མཱུ་ལ་ཀ་ན་བྷུཾཀྟེ། དཾ་ཤ་ཟ་བ་ལའོ། །མུ་ལ་ཀ་དང་ཨུ་པ་སྔོན་དུའོ། །གསུམ་པ་ལ་ཨུ་པ་དམ་ཤ་ལའོ་ཞེས་པས་ཎམའོ། །བསྡུ་བའི་ཕྱོགས་ལ་རྣམ་དབྱེ་དབྱིའོ། །མལ་ནས་ལངས་ནས་རྒྱུག་པར་བྱེད་དོ། །ཤཡྻ་ཡཱ་ཨུཏྠ་ཡཾ་དྷ་བ་ཏི། ཨུཏྠཱ་ཡཾ་ཤཡྻཱ་དྷཱ་བ་ཏི། ཤཡྻོ་ས་དྷཱ་བ་ཏི། ཥྛཱ་འགྲོ་བ་ལྡོག་ པ་ལའོ། །ཤཡྻ་དང་ཨུད་ཅེས་པ་འདི་དག་སྔོན་དུའོ། །ངེས་པར་ཀུན་སྦྱིན་པ་ལ་ཡོངས་སུ་འདོད་པ་ལའོ་ཞེས་པས་ཎམའོ། །ཨཱང་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡི་ཞེས་པས་ཡ་ཡིའོ། །ཨུཌ་ལས་སྠ་དང་སྟཾ་བྷ་དག་གི་སྔ་མའི་ཞེས་པའི་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་སའི་ཏའོ། །ཀྲྀཏའོ། །འདི་ནི་སྤྱིར་ བཏང་བ་སྟེ། འདི་ནས་བརྩམས་པའི་རྐྱེན་གང་ཡིན་པ་དེ་རྣམས་ཀྲྀཏའི་མིང་ཅན་དུ་རིག་པར་བྱའོ། །ཀྲྀཏའི་མིང་གང་དུ་དགོས་ཤེ་ན། བྱེད་པ་པོ་ལ། ཀྲྀཏ་རྣམས་སོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཀཱ་ར་ཀཿ། ཀཪྟཱཿ། བྱེད་དོ་ཞེས་ཝུ་ཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུ་ཎ་ཏྲྀ་ཙ་དག་གོ། །བུད་མེད་མ་ཡིན་པ་ལ་གཟུགས་ མཚུངས་པ་མ་ཡིན་པ་ཡང་ནའོ། །དམིགས་བསལ་གང་གིས་གཟུགས་གང་ཡིན་པ་དེ་ནི་གཟུགས་མཚུངས་པའོ། །གཟུགས་མཚུངས་པ་མིན་པ་ནི་གཟུགས་མཚུངས་པ་མ་ཡིན་པ་སྟེ་སྤྱིར་བཏང་བས་གཟུགས་མ་ཚུངས་པ་མ་ཡིན་པའོ། །སྤྱིར་བཏང་བའི་ཐ་དད་པའི་གཟུགས་ལ་དམིགས་ཀྱིས་བསལ་བས་ཡང་ན་ གནོད་པར་འགྱུར་ཏེ། སྤྱིར་བཏང་བའི་ཡུལ་གྱི་ཕྱོགས་ལ་ཡང་དམིགས་ཀྱིས་བསལ་བ་འཇུག་གོ་ཞེས་པའི་དོན་ཏོ། །བུད་མེད་མ་ཡིན་པ་སྟེ་བུད་མེད་ལ་ཀྟིའོ་ཞེས་པའི་སྐབས་འདིར་སྤྱིར་བཏང་བ་དམིགས་བསལ་གྱིས་རྟག་ཏུ་གནོད་དེ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པ་སྤྱིར་བཏང་ལ། ནཱ་མཱི་ཨུ་པ་དྷཱ་དང་པྲྀ་ཀྲྀ་ཀྲྀ་ཛྷ་རྣམས་ཀྱི་ཀའོ་ ཞེས་པའི་དམིགས་ཀྱིས་བསལ་བས་ཝུ་ཎ་ཏྲྀ་ཙ་དང་བཅས་པ་དེ་དག་ལ་ཡང་ན་གནོད་པར་འགྱུར་ཏེ། བཀྵ་སཿ། བི་ཀྵ་ས་ཀཿ། བིཀྵེ་སྟཱ། རྣམ་པར་བསྐྱེད་དོ་ཞེས་པ་ལ་ནཱ་མི་ཨུ་པ་དྷཱ་ཞེས་པས་ཀའོ། །ཝུཎ་ཏྲི་ཙ་དག་གོ་ཞེས་པ་འདིས་ཝུཎ་ཏྲི་ཙ་དག་གོ། །གཟུགས་མཚུངས་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ལས་ལ་ཨཎ་ཞེས་ 195-1-266b པ་འདིར་སྤྱིར་བཏང་ནས། ཉེར་བསྒྱུར་མེད་པའི་ཨཱཏ་ལས་ཌའོ་ཞེས་པའི་དམིགས་བསལ་དེས་སྤྱིར་བཏང་དེ་ལ་རྟག་ཏུ་གནོད་དེ། གཟུགས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གོ་དཿ། ཉེར་བསྒྱུར་མེད་པའི་ཨཱཏ་ལས་ངའོ། །འོ་ན་ཌ་དང་ཨཎ་དག་གཟུགས་ཐ་དད་པས་མཚུངས་པ་དག་ཏུ་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཡང་ དག་པ་མིན་ཏེ། རྗེས་སུ་འབྲེལ་བ་བྱས་པ་མ་ཡིན་པ་ལ་གཟུགས་མཚུངས་པ་མིན་པའི་ཚིག་ལས་རྗེས་སུ་འབྲེལ་བ་ཅན་དང་། མིང་རྗེས་སུ་འབྲེལ་བ་གཟུགས་ཐ་དད་པར་བྱ་བར་ཅི་ལྟར་འགྱུར། བུད་མེད་མིན་པ་ལ་ཞེས་པ་ཅི་ཞེ་ན། བུད་མེད་ལ་ཀྟིའོ་ཞེས་པ་སྤྱིར་བཏང་བ་དེ་ལ་འདོད་པའི་རྐྱེན་ལས་ཨའོ་ཞེས་ པའི་དམིགས་བསལ་གྱིས་ཀྟི་ཞེས་པ་འདི་ལ་རྟག་ཏུ་གནོད་པར་འགྱུར་ཏེ། ཙི་ཀཱཪྵི་བྱེད་པར་འདོད་པས་ཞེས་པས་འདོད་པའི་རྐྱེན་ལས་ཨའོ་ཞེས་པས་ཀ་རོ་ཏི་ལས་སན་མཐའ་ལས་ཨ་ཡིག་གི་རྐྱེན་ནོ། །ཨའི་འང་དབྱིའོ། །བུད་མེད་ལ་ཨ་ལས་ཨཱ་པའོ། །ཏ་བྱ་ཨ་ནཱ་ཡ་དག་གོ། །བྱིངས་ལས་ཏ་བྱ་ཨ་ནཱི་ཡ་དག་ རྐྱེན་དུ་འགྱུར་རོ། །ཨཱ་སི་ཏ་བྷཾ། ཨཱ་ས་ནཱི་ཡཾ། ཀཪྟ་བྱཾ། ཀ་ར་ཎཱི་ཡཾ། ལས་དང་བྱེད་པ་པོའི་དོན་ལ་བྷི་དི་ལས། ཀེ་ལི་མའི་རྐྱེན་བཤད་པར་བྱའོ། །བྷི་དེ་ལི་མཱ་མཱ་ཥ། རང་ཉིད་ཐོད་ཅེས་བྷི་དི་ལས་ཀེ་ལི་མའི་རྐྱེན་ནོ། །ཀ་ཡིག་ནི་ཀ་ལ་ཡ་ཎ་བཞིན་ཞེས་པའི་དོན་ཏོ། །བ་སི་ལས་བྱེད་པ་པོའི་དོན་ལ་ཏ་བྱ་བཤད་ པར་བྱས་ཏེ་གནས་སོ་ཞེས། བཱསྟ་བྱཿ། དབྱངས་ལས་ཡའོ། །དབྱངས་མཐའི་བྱིངས་ལས་ཡའི་རྐྱེན་འགྱུར་རོ། །བྷ་བྱཾ། ལ་བྱཾ། སྐལ་བ་དང་ལྡན་པར་བྱའོ། །གཅད་པར་བྱའོ་ཞེས་པས་ཡའི་རྐྱེན་ནོ། །ཡོན་ཏན། ཨོཏྲ་ཨཽཏ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ནོ་ཞེས་པས་དབྱངས་བཞིན་དུ་འགྱུར་བའི་ ཕྱིར་ཨ་ཝའོ། །འོ་ན་གསལ་བྱེད་མཐའ་ལས་གྷྱཎ་ཞེས་འཆད་པར་འགྱུར་བའི་ཤུགས་ལས་དབྱངས་མཐའ་ལས་ཡའི་རྐྱེན་ཉིད་འགྱུར་རོ་ཞེས་པས་དབྱངས་སྨོས་པ་དོན་མེད་དོ་ཞེ་ན། བདེན་ཏེ་འོན་ཀྱང་གོ་སླ་བའི་དོན་དུའོ། །ཤ་ཀི་ས་ཧི་པ་སྡེ་མཐའ་ལས་ཀྱང་ངོ་། །ཤ་ཀི་དང་ས་ཧིའི་བྱིངས་ལས་དང་པ་སྡེའི་མཐའ་ཅན་ ལས་ཀྱང་ཡའི་རྐྱེན་དུ་འགྱུར་རོ། །རིའི་ཡི་གེ་དང་གསལ་བྱེད་མཐའ་ལས་གྷྱཎ་ཐོབ་པ་ལའོ། །ཤཀྱཾ། སཧྱཾ། གམྱཾ། ལམྦྷྱཾ། ཀི་དང་ཤ་ཤི་དང་ཡ་ཏི་ཙ་ཏི་རྣམས་ལའང་འདོད་དེ། ཏཀྱཾ། ཤ་བྷཾ། ཡཏྱཾ། ཙཏྱཾ། ཏཀ་ཚེགས་ཀྱིས་འཚོ་བ་ལའོ། །ཤ་ཤ་འཚེ་བ་ལའོ། །ཡ་ཏི་འབད་པ་ལའོ། །ཙ་ཏི་སློང་བ་ལའོ། ། 195-1-267a ཨཱཏ་ཁན་དག་གི་ཨཱིཏའང་ངོ་། །ཨཱ་ཡིག་མཐའི་བྱིངས་དང་ཁན་ལས་ཀྱང་ཡའི་རྐྱེན་འགྱུར་ཞིང་མཐའི་འང་ཨཱི་ཡིག་ཏུ་བསྒྱུར་བའང་ངོ་། །ཨཱ་ཡིག་མཐའ་ལས་ཡའི་རྐྱེན་གྲུབ་པ་ལ་བརྗོད་པ་ནི་ཨཱི་ཉིད་ཀྱི་དོན་ཏེ། ཁན་ལ་ནི་འཇིགས་པ་མེད་པ་བསྒྲུབ་པར་བྱའོ། །དེ་ཡཾ། བེ་ཡཾ། ཁེ་ཡཾ། ཌུདཱཉ་སྦྱིན་པ་ལའོ། །པཱ་འཐུང་བ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཡའི་རྐྱེན་ནོ། །མཐའ་ཨཱི་ཉིད་དོ། །ཡོན་ཏན། ཁ་ནཱའི་ཨའི་ཡི་གེ་ཨིའི་ཡིག་གེ་ལ་ཨེའོ། །འོ་ན་དེའི་འང་ཡོན་ཏན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ་ནང་གི་ཡན་ལག་ཉིད་ལས་ཨེ་ཉིད་འཇུག་པ་ཕྱི་ རོལ་གྱི་ཡན་ལག་ལ་མི་འགྱུར་བའི་ཕྱིར་ཡོན་ཏན་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་ཡན་ལག་ཇི་ལྟར་ཡིན་ཞེ་ན། རྐྱེན་ལ་སྟོས་པ་ཉིད་ཀྱི་ཕྱིར་རོ། །རིང་པོར་བརྗོད་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཡ་མི་མིད་ཙ་རི་ག་ད་རྣམས་ཀྱི་ནི་ཉེར་བསྒྱུར་མེད་པ་ལའོ། །ཡ་མྲ་ཉེ་བར་འཇིག་པ་ལའོ། །མི་དཱི་དག་པ་ ལའོ། །ཙར་འགྲོ་བའི་དོན་ནོ། །ག་ད་མི་གསལ་བའི་སྒྲ་ལའོ། །འདི་རྣམས་ཉེར་བསྒྱུར་མེད་པ་སྟེ་ཉེར་བསྒྱུར་ཡོད་པ་མ་ཡིན་པར་གྱུར་པ་ལ་ཡའི་རྐྱེན་འགྱུར་རོ། །ཡམྱཾ། མདྱཾ། ཙབྱཾ། གདྱཾ། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ཡཱ་མྱཾ། པྲ་མཱ་དྱཾ། བི་ཙཱ་དྱཾ། པྲ་གཱ་དྱཾ། རྀ་ཡིག་དང་གསལ་བྱེད་ མཐའ་ལས་ཞེས་པས་གྷྱཎའོ། །ཙ་རི་ལས་ཨཱང་ལའང་བླ་མ་མ་ཡིན་པ་ལའོ། །ཨཱང་ཉེ་བའི་ཚིག་ལ་ཙ་རི་ལས་བླ་མ་མ་ཡིན་པའི་དོན་ལ་ཡའི་རྐྱེན་དུ་འགྱུར་རོ། །ཨཱ་ཙརྱཿ། བླ་མ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་ཙཱརྱཿ། གྷྱཎའོ། །པཎྱ་ཨ་བདྱ་བདྱ་རྣམས་བཙང་བྱ་སྨད་བྱ་འགོག་པ་མིན་པ་རྣམས་ལའོ། །པཎྱ་ དང་ཨ་བདྱ་དང་བདྱ་ཞེས་པ་འདི་རྣམས། གྲངས་ཇི་ལྟ་བ་བཞིན་དུ། བཙང་བྱ་དང་སྨད་བྱའི་དོན་དང་འགོག་པ་མེད་པ་རྣམས་རྟོགས་པར་བྱ་བཞིན་པ་ན་ཚིག་ཕྲད་དོ། །འགོག་པ་མེད་པ་ནི་བགེགས་པ་མེད་པའོ། །པཎྱཾ་ཏཱཾ་བུ་ལཾ། པཎ་ཐ་སྙད་ལའོ་ཞེས་པ་འདི་ལས་གྷྱཎ་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ཕྲད་དོ། །ཨ་བ་ དྱཾ་པ་པཾ། ནཉ་སྔོན་མ་ལས་བ་དིའི་མིང་ལ་བད་ལས་ཞེས་པས་ཀྱབ་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ཕྲད་དོ། །ཤ་ཏེ་ན་བ་དྱ་ཀ་ནྱ་སཱ་ཧ་སྲེ་ཎ་བདྱ་ཀནྱཱ། བྲྀཉ་འདམ་པ་ལའོ། །བྲིད་ཡྲང་དག་པར་གུས་པ་ལའོ་ཞེས་པ་ཡང་ནའོ། །བྲིཉ་ཏྲིཛུ་ཥྚི་ཞེས་པས་ཀྱཔྲ་ཐོབ་པ་དང་བྲིང་ལ་གྷྱཎ་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ 195-1-267b ཕྲད་དོ། །ཡོན་ཏན། བུད་མེད་ལ་ཨ་ལས་ཨཱ་པའོ། །བཙང་བྱ་བ་དང་སྨད་བྱ་བ་དང་འགོག་པ་མེད་པ་རྣམས་ལ་ཞེས་པ་ཅི་ཞེ་ན། པཱ་ཎྱཿ། ཨ་ནུརྱཿ། བྲྀཏྱཿ། བཱརྱཿ། པ་ཎི་དང་བྲྀང་དག་ལ་རྀ་ཡིག་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱཎའོ། །བྲིཉ་ལ་ཏྲི་ཛུ་ཥི་ཨིཎ་ཞེས་པས་ཀྱཔའོ། །བ་དི་ལས་མིང་ལས་ བདྱ་ལས་ཞེས་པས་ཀྱཔྲའོ། །ནཉ་ལས་དབྱངས་ལས་ཡི་གེ་བཟློག་པར་བྱའོ། །བདྱཱ་ཞེས་པ་ལ་བུད་མེད་ཀྱི་རྟགས་ངེས་པ་བསྟན་པ་ལས་སྐྱེས་པ་ལ་ཚིག་ཕྲད་མེད་ཅིང་། པྲྀརྱཱ་ར་ཌི་ཏྭི་ཛཿ། འདིར་བུད་མ་ཡིན་པ་ལ་དགག་པ་མེད་པ་ཞེས་པས་ཚིག་ཕྲད་ལས་ཡའི་རྐྱེན་འགྱུར་རོ། །གལ་ཏེ་བདྱའི་སྒྲ་བུད་མེད་ཀྱི་ རྟགས་ཉེ་བར་གྱུར་པ་ཞེས་པས་འདིའི་ཅི་ལས་ཡིན་ཞེ་ན། རྣམ་པར་བཤད་པ་ལས་སོ། །བཧྱཾ་བྱེད་པ་ལའོ། །བྱེད་པའི་དོན་ལ་བཧྱཾ་གྱི་སྒྲ་ཚིག་ཕྲད་དོ། །བཧྱཾ་ཤ་ཀ་ཊཾ།འདིས་འདྲེའོ་ཞེས་བྱེད་པ་དང་གཞི་དག་ལའང་ཞེས་པས་ཨུཊའི་རྐྱེན་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ཕྲད་དོ། །བྱེད་པ་ལ་ཞེས་པ་ཅི་ཞེ་ན། བཧྱཾ། གྷྱཎའོ། །ཨརྱ་ཇོ་བོ་རྗེ་རིགས་དག་ལའོ། །ཨརྱའི་སྒྲ་ཇོ་བོ་དང་རྗེ་རིགས་དག་གི་དོན་ལ་ཚིག་ཕྲད་དོ། །ཨརྱཿ། ཇོ་བོའོ། །ཨརྱ་རྗེ་རིགས། རྀ་འགྲོ་བ་ལའོ་ཞེས་པ་འདི་ལས་གྷྱཎ་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ཕྲད་དོ། །ཇོ་བོ་རྗེ་རིགས་དག་ལ་ཞེས་པ་ཅི་ཞེ་ན། ཨརྱཿ། ཨུ་པ་སརྒ་བསྐྱེད་པའི་དུས་ལྡན་མ་ལའོ། ། བསྐྱེད་པའི་ཞེས་པ་གཉིས་ཚིག་གོ། །ཨུ་པ་སརྒའི་སྒྲ་གལ་ཏེ་བསྐྱེད་པ་སྟེ་མངལ་བཟུང་བ་གང་བསྐྱེད་པའི་དུས་ལ་བབ་པ་མངོན་པར་བརྗོད་པར་གྱུར་པ་ན་དེ་ཚིག་ཕྲད་དོ། །ཨུ་པ་སརྱ་གཽཿ། སྲྀ་འགྲོ་བ་ལའོ་ཞེས་པ་འདི་ལས་ཨུ་པ་སྔོན་མ་ཅན་ལ་གྷྱཎ་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ཚིག་ཕྲད་དོ། །བསྐྱེད་པ་ཞེས་པ་ཅི་ཞེ་ན། ཨུ་པ་སཱརྱ་ཤ་ར་དི་བཱ་ར་ཎ་སཱི། འགྲོ་བར་བྱའོ་ཞེས་པའི་དོན་ཏོ། །ཨ་ཛརྱ་ཡང་དག་པར་སོང་བ་ལ་འོང་ངོ་། །ཨ་ཛརྱའི་སྒྲ་གལ་ཏེ་ཡང་དག་པར་སོང་བ་སྟེ། ཡང་དག་པར་སོང་བ་པོའི་བྱིངས་དོན་ཡང་དག་པར་སོང་བ་པོར་བྱེད་པ་པོར་གྱུར་པ་ན་ཚིག་ཕྲད་དོ། །ཨཛྱརྱཾ་ནོསྟུ། ཡང་དག་པར་སོང་བའོ། །ཛྲཱྀཥ་ལང་ཚོ་ ཉམས་པ་ལའོ། །ནཉ་སྔོན་དུའོ། །ལང་ཚོ་ཉམས་པར་མི་བྱེད་དོ་ཞེས་པའི་དོན་ཏོ། །བུཎ་སོགས་རྣམས་ཐོབ་པ་ལ་ཡའི་རྐྱེན་བྱས་པ་ནི་ཚིག་ཕྲད་དོ། །ཡང་དག་པར་སོང་བ་ལ་ཞེས་པ་ཅི་ཞེ་ན། ཨཛ་ཊི་ཏཱ་ཀཾ་བ་ལཿ། ཏྲྀ་ཙ་དང་ཨིཊའོ། །མིང་ལ་བད་ལས་ཀྱཔའོ། །ཉེར་བསྒྱུར་མེད་པ་ལ་ཞེས་པ་འདིར་ 195-1-268a འཇུག་སྟེ། མདོ་ཕྱི་མ་ལའང་ངོ་། །མིང་ཉེ་བའི་ཚིག་ལ་ཉེར་བསྒྱུར་མེད་པའི་བ་དི་ལས་ཡའི་རྐྱེན་འགྱུར་ཞིང་ཀྱཔྲའོ། །ས་ཏྱ་བ་ཏྱཾ། བདེན་པར་བརྗོད་དོ། །ས་ཏྱོ་ཏྱ། བད་གསལ་བའམ་བདེན་པར་སྨྲའོ་ཞེས་པས་ཡའི་རྐྱེན་དང་ཀྱཔྲའོ། །ཀྱཔྲ་ཕ་རོལ་ལ་སོགས་པའི་བརྩི་ ཞེས་པས་སཾ་པྲ་པཱ་སཱ་ར་ཎའོ། །མིང་ལ་ཞེས་པ་ཅི་ཞེ་ན། བདྱཾ། གྷྱཎའོ། །ཉེར་བསྒྱུར་མེད་པའི་ཞེས་པ་ཅི་ཞེ་ན། པྲ་བཱདྱཾ། མྲྀཥཱ་སྔོན་མ་ཅན་གྱི་བ་དི་ལས་ཀྱཔ་ཡང་ན་འདོད་དེ། མྲྀཥཱ་བ་དི་ཏ་བྱཾ། མྲྀ་ཥོ་ཏྱཾ། ཀྱཔྲའི་པ་རྗེས་སུ་འབྲེལ་བ་བྱེད་པ་ནི་བྲྀཉ་དྲི་ཛུཥི་ཞེས་པ་འདིའི་དོན་ནོ། །དེ་ལ་ནི་མདོ་ལས་སླར་ ཡང་ཀྱཔྲ་སྨོས་པ་ནི་གང་འཆད་པར་འགྱུར་བ་དེ་དང་དེའི་ཀྱཔྲ་ལས་པ་རྗེས་སུ་འབྲེལ་བར་གྱུར་པ་ལ་ཉེ་བའི་ཚིག་བྱ་བའོ། །བྷུ་ལས་དངོས་པོ་ལའོ། །མིང་ཉེ་བའི་ཚིག་ལ་ཉེར་བསྒྱུར་མེད་པ་གྱུར་པ་ན་བྷུ་ལས་དངོས་པོའི་དོན་ལ་ཀྱཔྲ་འགྱུར་རོ། །བྲ་ཧཱ་བྷུ་ཡཾ་ག་ཏཿ། དེ་བ་བྷུ་ཡཾ་ག་ཏཿ། ཚངས་པའི་དངོས་པོ། །ལྷའི་ དངོས་པོ་ཞེས་ཀྱཔྲའོ། །འོ་ན་དངོས་པོ་དང་ལས་དག་ལ་ཀྲྀཏྱ་ཀྟ་ཞེས་པའི་ཚིག་ལས་དངོས་པོ་དང་ལས་ཀྱི་དོན་དག་ལ་ཀྱཔྲ་མི་འགྱུར་ཏེ། དེར་ལས་མེད་པ་ཉིད་ལས་བྷུ་ལས་དང་པོ་ཁོ་ན་ལས་ཀྱཔྲ་འགྱུར་ཞེས་པས་དངོས་པོ་སྨོས་པས་ཅི་བྱ། བདེན་མོད་བྷུ་ཐོབ་པ་ལའོ་ཨརྔ་མ་ནེའི་ཚིག་གོ་ཞེས་པ་འདིའི་ཡང་ འདིར་བཟུང་བར་བཤད་པར་བྱ་སྟེ། འདིའི་ལས་ལ་ཡང་ཐོབ་པོ། །ལས་ལ་འབྱུང་བར་མི་འགྱུར་བའི་དངོས་པོ་ཉིད་ཇི་ལྟར་འགྱུར་བ་དེ་ལྟར་དངོས་པོ་སྨོས་པས་བྷཱུ་ཐོབ་པ་ལའོ་ཞེས་པ་འདི་ཙུར་སོགས་ཉིད་ལས་ཨིན་མཐའ་ཅན་ཇི་ལྟར་ཡིན། དེའི་ཕྱིར་འདིར་དངོས་པོ་སྨོས་པ་སྲིད་དོ་ཞེས་པ་ཇི་ལྟར་ཞེ་ན། འདི་ནི་ སྙིང་པོ་མེད་པ་སྟེ་པྲ་བྀཥ་ལས་ཡང་ནའོ་ཞེས་པའི་ཚིག་ལས་རྣམ་པར་བརྟག་པར་འདི་ལས་ཨིན་འདོད་དོ། །ཧ་ནའི་ཏའོ། །དངོས་པོ་ལ་ཞེས་པ་ཁོ་ནའོ། །མིང་ཉེ་བའི་ཚིག་ལ་ཉེར་བསྒྱུར་མེད་པར་གྱུར་པ་ན་ཧནྟི་ལས་དངོས་པོའི་དོན་ལ་ཀྱཔྲ་འགྱུར་ཞིང་ཧ་ནའི་འང་ཏ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཤྭ་ཧ་ ཏྱཱ། བྲྀཥ་ལ་ཧཏྱཱ། ཁྱི་མོ་འཇོས་སོ། །དམངས་རིགས་འཇོམས་སོ་ཞེས་པས་ཀྱཔྲའོ། །ནའི་ཏའོ། །རང་བཞིན་ལས་འདི་བུད་མེད་ལ་འཇུག་གོ། །མིང་ལ་ཞེས་པ་ཅི་ཞེ་ན། གྷཏཿ། དངོས་པོ་ལ་གྷཉའོ། །ཧནྟིའི་ཏའོ། །ཧནྟིའི་ཧའི་གྷིའོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། ཨུ་པ་གྷཱཏཿ། འོ་ན་ 195-1-268b ཀྱཔྲ་ཡོད་པར་མ་གྱུར་པ་ན་གྷྱཎ་དཔེར་བརྗོད་པར་རིགས་སོ་ཞེ་ན། འདི་ཡོད་མོད་འོན་ཀྱང་ཧནྟི་ལས་གྷྱཎ་མ་མཐོང་སྟེ། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །དངོས་པོ་ལ་ཞེས་པ་ཅི་ཞེ་ན། ཤྭ་གྷཱ་ཏྱོ་མྲིག་ཁྱི་རྣམས་ཀྱི་གསད་པར་བྱ་ཞེས་རྀ་ཡིག་དང་གསལ་བྱེད་མཐའ་ལས་ཞེས་པས་ལས་ལ་གྷྱཉའོ། ། བྲྀཉ་དྲིཛུ་ཥི་ཨིཎ་ཤཱ་སུ་སྟུ་གུ་ཧ་རྣམས་ཀྱི་ཀྱཔྲའོ། །བྲྀ་ཞེས་པ་བྲྀཉ་བཟུང་བར་བཤད་པར་བྱའི་བྲྀ་མ་ཡིན་ནོ། །བྲྀཉ་འདམ་པ་ལའོ། །དྲྀང་མ་གུས་པ་ལའོ། །ཛུཥཱི་དགའ་བ་དང་བསྟན་པ་ལའོ། །ཨིཎ་འགྲོ་བའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཥྛཉ་བསྟོད་པ་ལའོ། །གུ་ཧུ་སྦེད་པ་ལའོ། །འདི་རྣམས་ ལས་ཀྱིས་འགྱུར་རོ། །ཨིཎ་དང་སྟུ་དག་ལས་དབྱངས་ལས་ཡའོ་ཞེས་པས་མ་ཐོབ་པ་ལའོ། །ལྷག་མ་རྣམས་ལས་གྷྱཎ་ཐོབ་པ་ལའོ། །བྲྀཏྱཿ། ཨདྲྀཏྱཿ། ཛུཥྱཿ། ཨིཏྱཿ། ཤིཥྱཿ། སྟུཏྱཿ། གུཧྱཿ། ཀྱཔྲའོ། །བྱིངས་ཀྱི་ཏ་མཐའོ། །ཤཱ་སའི་ཨུ་པ་དྷཱའི་ཨཎ་ཞེས་པས་ཨི་ཉིད་དོ། །སླར་ཡང་ཀྱཔྲ་ སྨོས་པ་ནི་ཨུ་ཡིག་ལས་ངེས་ཅན་ལའོ་ཞེས་པ་འདིའི་གྷྱཎ་ལ་གནོད་པའི་དོན་དུའོ། །དེས་ན། ཨ་བ་ཤྱསྟུ་ཏྱཿ། ངེས་པར་བསྟོད་དོ་ཞེས་གྷྱཎ་འགེགས་པ་ཉིད་ཀྱི་ཕྱིར་ཀྱཔྲའོ། །བཤད་པ་ལས་ཨ་བ་ཤྱཾའི་མ་དབྱིའོ། །ཤཾ་སི་དུ་ཧི་གུ་ཧི་རྣམས་ལས་ཀྱང་ཀྱཔྲ་ཡང་ན་བཤད་པར་བྱའོ། །ཤ་ཤྱཾ། ཤཱ་ཤྱཾ། དུཧྱཾ། དོཧྱཾ། གུཧྱཾ། གོཧྱཾ། ཀླྀཔི་ཙྲྀཏི་མིན་པའི་རྀཏ་ཨུ་པ་དྷཱ་ལས་ཀྱང་ངོ་། །ཀླྀཔི་དང་ཙྲྀཏི་མིན་པ་ཞེས་པ་ཀུན་སྡུད་པའི་ཟླས་དབྱེ་ཁོང་ན་གནས་པའི་དགག་པའི་བསྡུ་བའོ། །ངེས་པར་བསྟན་པའི་ཤུགས་ལས་རྀ་ཡིག་ཨུ་པ་དྷཱའི་བྱིངས་ལས་ཀླྀཔི་དང་ཙྲྀཏི་བོར་བ་ལས་ཀྱཔྲ་འགྱུར་རོ། །བྲིཏྱཾ། བྲིདྷྱཾ། བྲྀཏུ་འཇུག་པ་ ལའོ། །བྲྀདྷུ་འཕེལ་བ་ལའོ། །ཀླྀཔི་དང་ཙྲྀཏི་མིན་པ་ཞེས་པ་ཅི་ཞེ་ན། ཀལྟྱཾ། ཙཪྟྟྱཾ། ཀླྀ་པུ་ནུས་པ་ལའོ། །ཙྲྀཏཱི་འཚེ་བ་ལའོ། །ཤ་ཀི་ས་ཧི་པ་སྡེ་ཞེས་པས་ཀླྀཔི་ལས་ཡའི་རྐྱེན་ནོ། །ཙྲྀཏི་ལ་རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱཎའོ། །ཡོན་ཏན་ནོ། །ཀླྀཔིའི་ལའོ། །པཱ་ཎི་སྔོན་མ་ཅན་དང་། ས་མ་པ་སྔོན་མ་ཅན་ལས་ཀྱང་སྲྀ་ཛི་ལས་ཀྱང་མི་འདོད་དེ། པཱ་ཎི་སཪྻཿ། ས་མ་པ་སཪྻཿ། གྷྱཎའོ། །ཡོན་ཏན་ནོ། །ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པས་གའོ། །བྷྲྀཉ་ལས་མིང་མ་ཡིན་པ་ལའོ། །བྷྲྀཉ་ལས་མིང་མ་ཡིན་པའི་ཡུལ་ལས་ཀྱཔྲ་འགྱུར་རོ། །བྷྲྀཏྱཿ། གང་བའོ་ཞེས་པས་ཀྱཔྲའོ། །མིང་མ་ཡིན་པ་ལ་ཞེས་པ་ 195-1-269a ཅི་ཞེ་ན། བྷཱརྱ་ནཱ་མ་ཀྵ་ཏྟྲི་ཡཱཿ། བྷཱརྱ་བ་ཪྷུཿ། གཟུང་བྱ་ལ་ཞེས་པས་གྷྱཎའོ། །འོ་ན་ཇི་སྙེད་ཚོགས་པ་དང་བཅས་པས་འདོད་དོ་ཞེས་པ་འདིས་ཀྱཔྲ་འགྱུར་བས། བྷཱརྱཱ་བ་དྷཱུཿ། ཞེས་པ་འདི་ཅི་ལྟར་ཞེ་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། དངོས་པོའི་དོན་ལ་བྷྲྀཉ་ལས་དེས་ཀྱཔྲ་བྱ་བ་ཡིན་ལ། བྷཱརྱཱ་བ་དྷུ་ ཞེས་པ་འདིར་ལས་ཀྱི་ཚུལ་གྱིས་དོན་རྟོགས་པར་བྱ་བ་ཡིན་པ་དེ་ཅི་ལྟར་ནུས་པར་འགྱུར། སཾ་སྔ་མའི་བྷྲྀཉ་ལས་ཀྱང་ཡང་ན་འདོད་དེ། སཾ་བྷྲྀ་ཏྱཱཿ། སཾ་བྷཱརྱཿ། ཕྱོགས་གཅིག་ལ་གྷྱཎའོ། །ཨ་པི་སཱ་ཏི་དག་ལས་གྲཧ་ལས་ཡང་ནའོ། །ཨ་པི་དང་པྲ་ཏི་དག་ལས་ཕ་རོལ་གྱི་གྲཧ་ལས་ཀྱཔྲ་འགྱུར་རོ། །ཨ་པི་གྲྀ་ཧྱཾ། པྲ་ཏི་གྲྀཧྱཾ། ཚིག་དང་ཕྱོགས་དག་ལའང་ངོ་། །ཚིག་དང་ཕྱོགས་ཀྱི་དོན་ལའང་གྲ་ཧི་ལས་ཀྱཔྲ་འགྱུར་རོ། །པྲ་གྲི་ཧྱཾ་ས་དཾ། གང་གི་དབྱངས་ལ་མཚམས་སྦྱོར་མེད་པའོ། །བཱ་སུ་དེ་བ་གྲྀ་ཧྱཿ། ནོར་ལྷའི་བུའི་ཕྱོགས་ཞེས་པའི་དོན་ཏོ། །རང་དབང་མེད་པ་དང་ཕྱི་རོལ་གྱི་དོན་ལ་ཡང་འདོད་དོ། །རང་དབང་མེད་པ་ནི་ གཞན་དབང་ངོ་། །གྲྀཧྱཾཿ། གཞན་དབང་ཞེས་པའི་དོན་ཏོ། །གང་གི་འགྱུར་བའི་མཚམས་སྦྱོར་མེད་དོ། །གྲ་མ་གྲྀ་ཧྱ་ས་ནཱ། གྲོང་ལས་ཕྱི་རོལ་ཞེས་པའི་དོན་ཏོ། །བི་ལ་ནཱི་པུང་དག་ལས་སྙིགས་མ་རྩྭ་མུཉྫ་དག་ལའོ། །བའི་སྒྲ་ཉེ་བའི་ཚིག་ལ་ནི་དང་པུང་དག་ལས་གྲངས་ཇི་ལྟ་བ་བཞིན་དུ་སྙིགས་མ་དང་རྩ་ མུཉྫའི་དོན་ལ་ཀྱཔྲ་འགྱུར་རོ། །བི་ནཱི་ཡཿ། བི་པཱུ་ཡཿ། སྙིགས་མ་དང་རྩྭ་མུཉྫ་དག་ལ་ཞེས་པ་ཅི་ཞེ་ན། བི་ན་ཡཾ། བི་ར་བྱཱཾ། དབྱངས་ལས་ཡའོ། །ཨོཏ་ཨཽཏྲ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ཞེས་པས་དབྱངས་བཞིན་དུ་འགྱུར་རོ། །ཀྲྀ་བྲྀ་ཥ་མྲྀ་ཛ་རྣམས་ཀྱི་ཡང་ནའོ། །ཊུ་ཀྲྀཉ་བྱེད་པ་ལའོ། །བྲྀཥུ་ བསྟེན་པ་ལའོ། །མྲྀ་ཛུཥ་དག་པ་ལའོ། །འདི་རྣམས་ལས་ཀྱཔྲ་ཡང་ན་འགྱུར་རོ། །ཀྲྀཉ་ལ་གྷྱཎ་དང་གཞན་གཉིས་ལ་རྀཏ་ཨུ་པ་དྷཱ་ཞེས་པས་ཀྱཔྲ་རྟག་ཏུ་ཐོབ་པ་ལའོ། །ཀྲྀཏྱཾ། ཀཱརྱཾ། བྲྀཥྱཾ། བརྟྱཾ། མྲྀཛྱཾ། མཱརྒྱཾ། མྲྀཛའི་གྷཎ་ཕ་རོལ་ལ་མརྫའི་མཱརྫི་རུ་བསྒྱུར་བར་འགྱུར་རོ། །ཙ་ཛ་དག་གི་ཀ་ག་དག་ གོ་ཞེས་པས་གའོ། །སཱུརྱ་རུ་ཙྱ་ཨ་བྱ་ཐྱ་རྣམས་བྱེད་པ་པོ་ལའོ། །སཱུརྱ་རུ་ཙྱ་ཨ་བྱ་ཐྱ་ཞེས་པ་འདི་རྣམས་བྱེད་པ་པོའི་དོན་ལ་ཚིག་ཕྲད་དོ། །བུཎ་སོགས་འགེགས་པའོ། །སཱུརྱ་ཿ། ཥུ་དེད་པ་ལའོ། །འཇིག་རྟེན་དེད་པར་བྱེད་དོ་ཞེས་པས་ཀྱཔྲ། ཚིག་ཕྲད་ལ་རེ་ཕ་ཨཱ་ག་མ་ཡང་ངོ་། །ཡང་ན་པྲྀ་འགྲོ་བ་ལའོ་ 195-1-269b ཞེས་པ་འདིའི་ཨཱུར་དུ་བསྒྱུར་བ་སྟེ་འཇིག་རྟེན་འགྲོ་བར་བྱེད་དོ་ཞེས་པས་ཀྱཔྲའོ། །རུཙྱཿ། རུ་ཙ་གསལ་བ་ལའོ། །གསལ་བར་བྱེད་དོ་ཞེས་པས་ཀྱཔྲའོ། །ཨ་བྱ་ཐྱཿ། བྱ་ཐ་འཇིགས་པ་ལའོ། །ནཉ་སྔོན་དུའོ། །འཇིགས་པ་མ་ཡིན་ནོ་ཞེས་པས་ཀྱཔྲའོ། །བྷིདྱ་ཨུད་དྷྱ་དག་ཆུ་བོ་དག་ལའོ། །བྱེད་པ་པོ་ལ་ཞེས་པ་ ཁོ་ནའོ། །བྷིདྱ་དང་ཨུད་དྷྱ་ཞེས་པ་འདི་དག་ཆུ་བོ་ལ་བྱེད་པ་པོ་རྟོགས་པར་བྱ་བཞིན་པ་ན་ཚིག་ཕྲད་དོ། །བྷདྱཿ། ཆུ་ངོགས་རྣམས་འབྱེད་པར་བྱེད་དོ་ཞེས་པས་ཀྱཔྲའོ། །ཨུདྷྷྱེ། ཆུ་ལས་བྱུང་ངོ་ཞེས་པས་ཀྱཔྲའོ། །ཨུཛྫ་འཕེལ་བ། ཛ་ཡིག་དང་ཛྷ་ཡིག་རིམ་པ་ཇི་ལྟ་བ་བཞིན་ད་དང་དྷའོ། །ཆུ་བོ་ཞེས་པ་ཅི་ཞེ་ན། ཨུཛྫྷི་ཏཱ། ཏྲྀཙའོ། །པུཥྱ་སིདྷྱ་དག་རྒྱུ་སྐར་ལའོ། །པུཥྱ་དང་སིདྷྱ་ཞེས་པ་འདི་དག་རྒྱུ་སྐར་གྱི་དོན་ལ་ཚིག་ཕྲད་དོ། །པུཥྱཿ། སིདྷྱཿ། པུཥ་རྒྱས་པ་ལའོ། །ཥི་དྷུ་ཡང་དག་པར་གྲུབ་པ་ལའོ། །འདི་ལ་དོན་རྣམས་རྒྱས་པར་བྱེད་ཅེས་པ་དང་། འདི་ལ་དོན་རྣམས་འགྲུབ་པར་བྱེད་ཅེས་པ་གཞིའི་དོན་ལ་ཡུཊ་ཐོབ་པ་ལ་ ཀྱཔྲ་ཚིག་ཕྲད་དོ། །རྒྱུ་སྐར་ལ་ཞེས་པ་ཅི་ཞེ་ན། པོ་ཥ་ཎཿ། སེདྷནཿ། ཡུཊའོ། །ཡུ་གྱཾ་ཐེག་པ་ལའོ། །ཡུ་གྱཾའི་སྒྲ་ཐེག་པའི་དོན་ལ་ཚིག་ཕྲད་དོ། །ཐེག་པ་ནི་བཞོན་པའོ། ཡུ་གྱོ྅ཤྭཿ། ཡུ་ཛི་ལས་ཀྱཔྲའོ། །ག་ཉིད་དོ། །ཐེག་པ་ལ་ཞེས་པ་ཅི་ཞེ་ན། ཡོ་གྱོ་བྲཱཧྨ་ཎཿ། གྷྱཎའོ། །ཙ་ཛ་དག་གི་ཀ་ག་དག་གོ་ཞེས་ པས་གའོ། །ཀྲྀཥྚ་པ་ཙ་ཀུཔྱ་དག་མིང་ལའོ། །ཀྲྀཥྚ་པ་ཙྱ་དང་ཀུཔྱ་ཞེས་པ་འདི་དག་མིང་གི་ཡུལ་ལ་ཚིག་ཕྲད་དོ། །ཀྲྀཥྚ་པ་ཙྱ་ནཱ་ལ་ལ་ཤ་ལ་ཡཿ། ཀྲྀཥྚ་སྔོན་མ་ལས་པ་ཙི་ལས་ཀྱཔྲའོ། །ཀུཔྱཾ། གུ་བུ་བསྲུང་བ་ལའོ། །འདི་ལས་ཀྱཔྲའོ། །ག་ཡིག་གི་ཀ་ཡིག་གོ། །གསེར་དང་དངུལ་དག་ལས་གང་གཞན་པ་དེ་ ཀུཔྱཾའོ། །མིང་ལ་ཞེས་པ་ཅི་ཞེ་ན། ཀྲྀཥྚ་པཀྱཿ། གོཔྱཿ། གྷྱཎ་དང་ཡའི་རྐྱེན་ནོ། །རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་གྷྱཎའོ། །ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །བྱིངས་རྀའི་ཡི་གེའི་མཐའ་དང་གསལ་བྱེད་ཀྱི་མཐའ་ལས་ཀྱང་གྷྱཎ་འགྱུར་རོ། །ཀརྱ། ཏཱཪྻཾ། ཌུཀྲྀཉ་བྱེད་པ་ལའོ། །ཏྲྀ་རྐྱལ བྱ་བའོ། །བསྒྲལ་བར་བྱའོ་ཞེས་ལ་གྷྱཎའོ། །འཕེལ་བའོ། །པཱཀྱཾ། བཱཀྱཾ། ཌུ་པ་ཙཥ་འཚེད་པ་ལའོ། །བ་ཙ་སྨྲ་བ་ལའོ། །ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པས་ཀའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །ཨཱང་སྔོན་མ་ཅན་ལས་ན་མ་ལས་གྷྱཎ་འདོད་དེ། ཨཱནཱ་མྱཿ། ཤ་ཀི་ས་ཧི་ཞེས་པས་ཡའི་རྐྱེན་ཐོབ་པ་ལའོ། ། 195-1-270a ཨཱ་སུ་ཡུ་བ་པི་ར་པི་ལ་པི་ཏྲོ་པི་ད་བྷི་ཙམ་རྣམས་ཀྱིའང་ངོ་། །ཨཱང་སྔོན་མ་ལ་སུ་ནོ་ཏིའང་ངོ་། །ཡུ་བསྲེ་བ་ལའོ། །ཌུབ་པ་ས་བོན་དང་སྣལ་མའི་རྒྱུད་ལའོ། །ར་ས་ལས་གསལ་བར་སྨྲ་བ་ལའོ། །ཏྲ་པུཥ་ངོ་ཚ་བ་ལའོ། །དནྦྷུ་ཚུལ་འཆོས་པ་ལའོ། །ཙ་མུ་ཟ་བ་ལའོ། །འདི་རྣམས་ ལས་ཀྱང་གྷྱཎ་འགྱུར་རོ། །དབྱངས་ལས་ཡའོ་ཞེས་པ་དང་ཤ་ཀི་ས་ཧི་ཞེས་པས་ཀྱང་ཡའི་རྐྱེན་ཐོབ་པ་ལའོ། །ཨཱ་སཱ་བྱཾ། ཡཱ་བྱཾ། བཱ་པྱཾ། རཱ་སྱཾ། ལཱ་བྱཾ། ཏྲ་པྱཾ། དཱ་བྷྱཾ། ཨཱཙཱམྱཾ། དནྦྷིའི་ན་ཡིག་ཕྱིས་པ་བྱས་པ་འདི་ཉེ་བར་བླངས་པ་ལས་གྷྱཎ་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱིའོ། །ཨཱང་སྨོས་པ་ནི་སུ་ནོ་ཏི་དང་འབྲེལ་ གྱི་གཞན་དང་མ་ཡིན་ནོ། །ཨཱང་ཞེས་ངེས་པར་བསྟན་པའི་རྣམ་པའོ། །ཨུའི་ཡི་གེ་ལས་ངེས་པ་ཅན་ལའོ། །ངེས་པ་ནི་གདོན་མི་ཟ་བའི་དངོས་པོའོ། །ཨ་བ་ཤྱའི་སྒྲ་ལས་རབ་ཏུ་གྲགས་པ་གཟུང་བའི་ཕྱིར་ཨ་ཀ་ཎའོ། །མཐའི་དབྱངས་དང་པོ་དབྱི་བའང་ངོ་། །ཨུའི་ཡི་གེའི་མཐའ་ཅན་གྱི་བྱིངས་ལས་ངེས་པར་གྱུར་པའི་ དངོས་པོ་ལ་གྷྱཎ་འགྱུར་རོ། ལཱ་བྱཾ། པཱ་བྱཾ། ངེས་པར་གཅོད་དོ། །ངེས་པར་འཐུང་ངོ་ལུཉ་དང་པུཉ་ལ་གྷྱཎའོ། །འཕེལ་བའོ། །ཨོཏ་ཨཽཏ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ཞེས་པས་དབྱངས་བཞིན་དུ་གྱུར་པའི་ཕྱིར་ཨཱ་ཝའོ། །བཤད་པ་ལས་ཨ་བ་ཤྱཾའི་མ་དབྱིའོ། །གདོན་མི་ཟ་བ་ཞེས་པ་ཅི་ཞེ་ན། ལ་བྱཾ། ས་བྱཾ། དབྱངས་ལས་ཡའི་རྐྱེན་ནོ། །སྔ་མ་བཞིན་དུ་དབྱངས་ཀྱི་དངོས་པོའོ། །ཀྲྀཏྱའི་རྐྱེན་གྱུར་པ་ལ་ཨ་བ་ཤྱའི་མ་དབྱི་བ་བཤད་པར་བྱའོ། །ཨ་བ་ཤྱ་གནྟ་བྱཾ། ཨ་པ་ཤྱ་ཀཱ་རྱཾ། ཀྲྀཏྱའི་རྐྱེན་ཞེས་པ་ཅི་ཞེ་ན། ཨ་བ་ཤྱཾ་གནྟ་ཏྲྀ་ཙའོ། །ཀཱ་མ་དང་མཱ་ནས་དག་ཕ་རོལ་ལ་ཏུམའི་རྐྱེན་ཏེ། ཀརྟུམྲ། གང་གི་འདོད་ པ་བྱེད་པ་ཡིན་པ་དེ་ནི། ཀརྟུ་ཀཱམ། དེ་བཞིན་དུ། ཀརྟུ་མ་ནཿ། ཀཱ་ལ་པ་མ་ཡ་བཻ་ལཱ་ནུས་པའི་དོན་ལའང་ངོ་ཞེས་པའི་འང་གི་སྒྲ་ལས་ཏུམའོ། །ཧི་ཏ་དང་ཏ་ཏ་དག་ཕ་རོལ་ལ་སམྲའི་ཡང་ནའོ། །སཾ་ཧི་ཏཿ། སཾ་ཏ་ཏཾ། ས་ཏ་ཏཾ། ཡང་དག་པར་བསྒྲུབས་ཟིན་ཏོ། །ཡང་དག་པར་རྒྱལ་ཟིན་ཏོ་ཞེས་པས་ཀྟའོ། ད་དྷཱ་ ཏི་ཧིའོ། །བ་ན་ཏི་ཏ་ནོ་ཏི་ཞེས་སོགས་ཀྱིས་ལྔ་པ་དབྱིའོ། །པ་ཀ་དང་པ་ཙ་ན་དག་ཕ་རོལ་ལ་མཱཾ་སའི མཐའ་དབྱི་བ་ཡང་ན་བཤད་པར་བྱ་སྟེ། མཱཾ་ས་སྱ། པཱཀ །མཱཾ་སྦཀ །མཱཾ་པ་སཱ་ཀ །ཤ་འཚེད་པར་བྱེད་དོ། །དེ་བཞིན་དུ། མཱཾ་ས་པྱ་པ་ཙ་ནཾ། མཱཾ་སྤཱཙ་ནཾ། མཱཾ་ས་པ་ཙ་ནཾ། དེ་ལྟར་ཐམས་ཅད་བསྡུ་བའི་ཡུ་ཁོ་ན་ 195-1-270b ལའོ་ཞེས་གསུངས་སོ། །པཱ་དྷཱ་དག་གི་མཱ་ན་དང་པཱ་མི་དྷེ་ནི་དག་ལའོ། །པཱ་དྷཱ་ཞེས་པ་འདི་དག་གི་གྲངས་ཇི་ལྟ་བ་བཞིན་དུ་མཱ་ན་དང་པཱ་མི་དྷེ་ནཱིའི་དོན་དག་ལ་གྷྱཎ་འགྱུར་རོ། །པཡྻ་མཱ་ནཾ། དྷཡྻ་སཱ་མི་དྷེ་ནཱི། ཨ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །གྷྱཎའོ། །རྀཙ་ཡིས་དང་ཡཱ་ཡིག་ཡམ་ཤིང་དང་ མར་མེ་འཕེན་པར་བྱེད་པ་དེ་ནི་སྭ་མི་དྷེ་ནཱིའོ། །མཱ་ན་དང་སྭ་མི་དྷེ་ནཱི་དག་ལ་ཞེས་པ་ཅི་ཞེ་ན། བེ་ཡཾ། དྷེཡ། དབྱངས་ལས་ཡའི་རྐྱེན་ནོ། །ཨཱ་ཏ་ཁ་ན་དག་གི་ཞེས་པས་ཨཱི་ཉིད་དོ། །ཡོན་ཏན། པྲ་ཨཱང་དག་ལ་ནཱི་ལས་ཡང་དག་པར་མི་འདོད་པ་དང་མི་རྟག་པ་དག་ལ་དབྱངས་བཞིན་ནོ། །པྲ་དང་ཨཱང་ཞེས་པ་འདི་དག་ཉེ་ བའི་ཚིག་ལ་ཎིཉ་ཐོབ་པ་ལའོ་ཞེས་པ་འདི་ལས་གྲངས་ཇི་ལྟ་བ་བཞིན་ཡང་དག་པར་མི་འདོད་པ་དང་མི་རྟག་པའང་གྷྱཎ་འགྱུར་རོ། །གྷྱཎ་དེའང་དབྱངས་བཞིན་དུ་འགྱུར་རོ། །པྲ་ཎཱ་ཡྻཿ། ཡང་དག་པར་མི་འདོད་དོ་ཞེས་པའི་དོན་ཏོ། །ཨཱ་ནཱ་ཡྻཿ། མེ་མི་རྟག་ཅེས་པའི་དོན་ཏོ། །དབྱངས་བཞིན་དུ་འགྱུར་བའི་ཕྱིར་ཨཱ་ཡར་ བསྒྱུར་རོ། །གལ་ཏེ་ཡང་མི་རྟག་པ་ཞེས་པ་སྤྱིས་ཉེ་བར་གྱུར་པ་དེ་ལྟ་ན་ཡང་ལྷོའི་མེ་ཉིད་མི་རྟག་པ་ལ་རྐྱེན་འདི་བཤད་པར་བྱ་སྟེ་མི་རྟག་པ་ཐམས་ཅད་ལ་ནི་མ་ཡིན་ནོ། །ལྷོའི་མེ་ཅི་ལྟར་མི་རྟག་པ་ཉིད་ཅེས་པ་ཞེ་ན། མི་རྟག་པ་སད་པར་མི་བྱེད་པའི་ཕྱིར་རོ། །ཡང་དག་པར་མི་འདོད་པ་དང་མི་རྟག་པ་ལ་ཞེས་པ་ཅི་ཞེ་ན། པྲ་ ཎེ་ཡཿ། ཨཱ་ནེ་ཡཿ། དབྱངས་ལས་ཡའོ། །སཉྩི་དང་ཀུཎྜ་པ་ལས་མཆོད་སྦྱིན་ལའོ། །དབྱངས་བཞིན་ཞེས་པ་ཁོ་ནའོ། །སཾ་སྔོན་མ་ཅན་གྱི་ཙི་ནོ་ཏི་དང་ཀུཎྜ་སྔོན་མ་ཅན་གྱི་པི་བ་ཏི་ལས་མཆོད་སྦྱིན་མངོན་པར་བརྗོད་པ་ལ་གྷྱཎ་འགྱུར་རོ། །དེ་དབྱངས་བཞིན་འང་ངོ་། །སཉྩ་ཡྻཿ། ཀུཎྜ་པ་ཡྻཿ། དབྱངས་བཞིན་དུ་ འགྱུར་བས་ཙི་ནོ་ཏིའི་ཨཱ་ཡའོ། །མཆོད་སྦྱིན་ལ་ཞེས་པ་ཅི་ཞེ་ན། སཉྩེ་ཡཿ། ཀུཎྜ་པེ་ཡཿ། དབྱངས་ལས་ཡའོ། །ཨཱཏ་ཁན་དག་གི་ཨཱི་འང་ངོ་ཞེས་པས་ཨཱི་ཉིད་དོ། །རཱ་ཛ་སུ་ལའང་ངོ་། །སྒྲ་འདི་མཆོད་སྦྱིན་མངོན་པར་བརྗོད་པ་ལ་ཚིག་ཕྲད་དོ། །རཱ་ཛ་སུ་ཡཿ། རཱ་ཛ་སྔོན་མ་ལས་སུ་ནོ་ཏི་ལས་གྷྱཎའོ། ། རིང་པོའོ། །སནྣཱ་ཡྻ་ནི་ཀཱ་ཡྻ་དག་བསྲེག་བྱ་དང་ངེས་པར་གནས་པ་དག་ལའོ། །འདི་དག་བསྲེག་བྱ་དང་ངེས་པར་གནས་པ་ལའང་ཚིག་ཕྲད་དོ། །སཱནྣཱ་ཡྻཾ། ན་ཡ་ཏི་ལས་སཾ་སྔོན་མ་ཅན་ལས་གྷྱཎའོ། །ཨཱ་ཡར་བསྒྱུར་རོ། །ཉེར་བསྒྱུར་གྱི་རིང་པོའོ། །དི་ཀཱཡྻཿ། ཙི་ནོ་ཏི་ལས་ནི་སྔོན་མ་ཅན་ལས་གྷྱཎའོ། །ཨཱ་ 195-1-271a ཡར་བསྒྱུར་རོ། །ཀ་ཉིད་ཀྱང་ངོ་། །བསྲེག་བྱ་དང་ངེས་པར་གནས་པ་དག་ལ་ཞེས་པ་ཅི་ཞེ་ན། སནྣེ་ཡཿ། ནི་ཙེ་ཡཿ། པ་རི་ཙཱཡྻ་ཨུ་པ་ཙཱཡྻ་དག་མེ་ལའོ། །སྒྲ་འདི་དག་མེ་མངོན་པར་བརྗོད་པ་ལ་ཚིག་ཕྲད་དོ། །པ་རི་ཙཱཡྻཿ། ཨུ་པ་ཙཱཡྻཿ། པ་རི་དང་ཨུ་པ་སྔོན་མའི་ཙི་ནོ་ཏི་ ལས་གྷྱཎའོ། །ཨ་ཡར་བསྒྱུར་རོ། །མེ་ལ་ཞེས་པ་ཅི་ཞེ་ན། པི་ར་ཙེ་ཡཿ། ཨུ་པ་ཙ་ཡཿ། ཙིཏྱ་ཨགྣི་ཙིཏྱ་དག་ཀྱང་ངོ་། །ཙིཏྱ་དང་ཨགྣི་ཙཏྱ་ཞེས་པའི་སྒྲ་འདི་དག་མེའི་ཡུལ་ལ་ཚིག་ཕྲད་དོ། །ཙིཏྱཿ། བསག་པར་བྱའོ་ཞེས་པ་ཙི་ནོ་ཏི་ལས་གྷྱཎའོ། །ཏ་ཡིག་ཨཱ་ག་མ་དང་ཡོན་ཏན་མེད་པའོ། །ཨགྣི་ཙིཏྱཿ། མེ་བསག་པར་བྱའོ་ཞེས་པས་དེ་ཉིད་ཚིག་ཕྲད་དོ། །ཨ་མཱ་བཱ་སྱ་ཡང་ནའོ། །ཨ་མཱ་བཱ་སྱའི་སྒྲ་ཚིག་ཕྲད་དེ། ཡང་ན་སྨོས་པས་བསིའི་ཨུ་པ་དྷཱ་རིང་པོ་རྣམ་པར་བརྟག་པར་བྱའོ་ཞེས་གསུང་ངོ་། །ཨ་མཱ་བ་སྱ། ཡང་ན། ཨ་མཱ་བཱ་སྱཱ། ཨ་མཱའི་སྒྲ་སྔོན་དུའོ། །ཨ་མཱའི་སྒྲ་ནི་ལྷན་ཅིག་པའི་དོན་ཏོ། །དེས་ན་ གང་ཉི་མ་དང་ཟླ་བ་ལྷན་ཅིག་གནས་པ་དེ་ནི། ཨ་མཱ་བཱ་སྭཱ། ཀྱཔྲའོ། །ཚིག་ཕྲད་དོ། །རིང་པོ་ཡང་ན་དང་སཾ་པྲ་སཱ་ར་ཎ་མེད་པ་ཚིག་ཕྲད་དོ། །དངོས་པོའི་དོན་ལ་འདི་ཚིག་ཕྲད་དོ། །ཏ་བཻ་ཀེ་ཀེ་ནྱ་ཏྭཱ་རྣམས་སོ། །བྱིངས་ལས་ཏ་བཻ་དང་ཀེ་དང་ཀེ་ནྱ་དང་ཏྭ་ཞེས་པའི་རྐྱེན་འདི་རྣམས་འགྱུར་རོ། །ཏ་བཻ་ལ། པ་རི་དྷཱ་ཏ་ བཻ། ཀེ་ལ། ཨ་བ་གཱ་ཧེ། གཱ་ཧུ་རྣམ་པར་བསྲུང་བ་ལའོ། །ཀེ་ནྱ་ལ། ཤུ་སྲུ་ཥེ་ཎྱཿ། ཤུ་སྲུ་འགྲོ་བ་ལའོ། །སན་མཐའ་ལས་ཀེནྱའི་རྐྱེན་ནོ། །ཨ་ཡིག་འང་དབྱིའོ། །ཏྭཱ་ལཾ་ཀརྟྭ་ཌ་ཀྲྀཉ་བྱེད་པ་ལའོ། །སྡེབ་སྦྱོར་གྱི་ཡུལ་ཁོ་ན་ལ་རྐྱེན་འདི་རྣམས་སོ་ཞེས་གསུངས་སོ། །དེ་རྣམས་ཀྲྀཏྱ་རྣམས་སོ། །དེ་རྣམས་ ཀྱི་སྒྲས་ཏ་བྱ་དང་ཨནཱི་ཡ་དང་ཀྱཔྲ་དང་གྷྱཎ་དང་ཏ་བཻ་དང་ཀེ་དང་ཀེནྱ་དང་ཏྭ་ཞེས་པ་འདི་རྣམས་གཟུང་བར་བྱ་སྟེ། ཏ་བྱ་ལ་སོགས་པ་དེ་རྣམས་ཀྲྀཏྱའི་མིང་ཅན་དུ་འགྱུར་རོ། །ཀྲྀཏྱ་མིང་གང་དུ་དགོས་ཤེ་ན། དངོས་པོ་དང་ལས་དག་ལ་ཀྲྀཏྱ་ཞེས་པ་འདིར་རོ། །ཀརྟཾ་བྱཾ། ཀ་ར་ཎཱི་ཡཾ། ཏ་བྱ་ལ་སོགས་པ་རྣམས་ཀྲྀཏྱ་ཉིད་ཀྱི་ ཕྱིར་དངོས་པོ་དང་ལས་ཀྱི་དོན་ལ་འགྱུར་རོ། །ཝུཎ་ཏྲྀཙ་དག་གོ། །བྱིངས་ལས་ཝུཎ་ཏྲྀཙ་ཞེས་པའི་རྐྱེན་འདི་དག་འགྱུར་རོ། །ཌུ་ཀྲྀཉ་དང་ཌུཔ་ཙཥའི་བྱིངས་ལ་བུཎ་རྐྱེན་བྱིན་བྱེད་དོ་ཞེས་པ་ལ། ཀཱ་ར་ཀཿ། ཀརྟཱ། འཚེད་པར་བྱེད་དོ་ཅེས་པ། པ་ཙ་ཀཿ། པཀྟ། ཡུ་བུ་ཛྡྷ་ཞེས་པས་བུའི་ཨ་ཀ་རུ་བསྒྱུར་རོ། །ཏྲྀ་ཙའི་ 195-1-271b ཙ་ཡིག་ནི་བྱིངས་ལས་ཏྲྀ་སྒྲའི་ཨཱརའོ་ཞེས་པས་འདིར་ཏྲྀན་གཟུང་བའི་དོན་དུའོ། །ཙ་ཡིག་ལ་རྗེས་སུ་འབྲེལ་བ་མེད་པ་བཟུང་ནས་རྗེས་སུ་འབྲེལ་བ་ཅན་གྱི་མ་ཡིན་ནོ་ཞེས་པའི་ཚིག་ལས་རིའི་རྐྱེན་ཁོ་ན་གཟུང་བར་འགྱུར་གྱི་དྲི་ནའི་ནི་མ་ཡིན་ནོ། །པ་ཙ་སོགས་རྣམས་ལས་ཨཙའོ། །པ་ཙ་སོགས་ཀྱི་བྱིངས་རྣམས་ལས་ ཨཙའི་རྐྱེན་འགྱུར་རོ། །མིང་གི་ཚོགས་ཀྱི་དབུས་སུ་པཙ་དང་བཏ་ཅེས་པ་ལ་སོགས་པ་གང་ཡིན་པའི་སྒྲ་བཀླགས་པ་དེ་རྣམས་ལས་བྱིངས་ཕྱུང་བའི་རང་བཞིན་ཉིད་ཀྱིས་འདིར་ངེས་པར་བསྟེན་པའི་བྱིངས་བཀླག་པར་གནས་པ་ནི་པ་ཙ་སོགས་རྣམས་སུ་གཟུང་བར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་ཅིག་ཤོས་ལྟར་ན་མིང་གི་ཚོགས་ གཞན་རྣམས་ལ་ཙ་སོགས་སུ་བཀླགས་པ་དོན་མེད་པ་ཅན་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་མདོ་ཕྱི་མ་ལ་མདོ་དག་གི་ཡང་ནནྡི་ལ་སོགས་པ་དང་། གྲཧ་ལ་སོགས་པ་གཟུང་བར་བྱ་བ་མ་ཡིན་ནོ། །འཚེད་པ་བྱེད་དོ་ཞེས་པ། པ་ཙཿ། དེ་བཞིན་དུ། པ་ཏཿ། པདཿ། བྷ་བཿ། པཙ། པཏ། བད། བྷབ། སུ་དཌ། དེ་བཌ། ག་ཧཌ། ཙོ་རཊ། སེ་བ། ཤི་ཥ། ཤྭ་པ་ཙ། སརྦསྲ།ཛཱགྲྀ། བྷར་ལ་སོགས་པ་རྣམས་པ་ཙ་ལ་སོགས་པ་རྣམས་སོ། །འདི་ནི་བྱིངས་ཀྱི་ཚོགས་སོ། །ནནྡི་སོགས་ལས་ཡུའོ། །ནནྡི་ལ་སོགས་པའི་བྱིངས་ཀྱི་ཚོགས་ལས་ཡུའི་རྐྱེན་འགྱུར་རོ། །ནནྡི་དང་བཱ་སི་དང་མ་དི་དང་དུཥི་ དང་སཱ་དྷི་དང་བར་དྷི་དང་ཤྭ་བྷི་དང་རོ་ཙི་རྣམས་དང་། ཨིནའི་མཐའ་ཅན་དེ་རྣམས་ལས་ཡུའི་རྐྱེན་ནོ། །ཨིན་གྱི་མཐའ་ཅན་རྣམས་ཁོ་ན་ནི་ནནྡི་སོགས་འདི་རྣམས་ཀྱི་མིང་གི་ཚོགས་སུ་བཀླགས་ཤིང་བཤད་པར་བྱའོ། །ནནྡ་ནཿ། བཱ་ས་ནཿ། མ་ད་ནཿ། དུ་ཥ་ཎཿ། སཱ་དྷ་ནཿ། བརྡྷ་ནཿ། ཤོ་བྷ་ནཿ། རོ་ཙ་ནཿ། ཌུ་ན་དི་ཡང་དག་ པར་བསགས་ལའོ། །བཱ་སྲྀ་སྒྲ་ལའོ། །མ་དཱི་དགའ་བ་ལའོ། །དུཥ་རྣམ་གྱུར་རོ། །རཱ་དྷ་སདྷ་ཡང་དག་པར་གྲུབ་པ་ལའོ། །བྲི་དྷུ་འཕེལ་བ་ལའོ། །ཤུ་བྷ་གསལ་བ་ལའོ། །རུཙ་སྣང་བ་ལའོ། །དགའ་བར་བྱེད་དུ་འཇུག་གོ། །སྒྲ་བྱེད་དུ་འཇུག་གོ། །དེ་བཞིན་དུ་མྱོས་སུ་འཇུག་གོ། །སུན་འབྱིན་དུ་འཇུག་ གོ། །བསྒྲུབ་དུ་འཇུག་གོ། །འཕེལ་དུ་འཇུག་གོ། །མཛེས་སུ་འཇུག་གོ། །གསལ་དུ་འཇུག་གོ། །ཞེས་པས་ཨིནའོ། །མ་དིའི་མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །དུཥའི་ཀཱ་རི་ཏ་ལའོ་ཞེས་པས་དུཥའོ་ཨཱུ་ཉིད་དོ། །དགའ་བར་བྱེད་དོ་ཞེས་པ་ལ་སོགས་པའི་ངག་བྱས་པ་ལ་འདིས་ཡུ་འདིས་ཡུའོ། །ཨ་ནར་ 195-1-272a བསྒྱུར་རོ། །ཀཱ་རི་ཏ་དབྱིའོ། །དེ་བཞིན་དུ། ས་ཧ་ནཿ། ཏ་པ་ནཿ། ད་མ་ན། ཥཧ་བཟོད་པ་ལའོ། །ཏཔ་ཡང་དག་པར་གདུང་བ་ལའོ། །ད་མུ་ཉེ་བར་ཞི་བ་ལའོ། །བཟོད་པར་བྱེད་དོ། །གདུང་བར་བྱེད་དོ། །ཞི་བར་བྱེད་དོ་ཞེས་པ་ལ་ཡུའོ། །ནནྡི་དང་། བཱ་སི་དང་། མ་དི་དང་། དུ་ཥི་དང་། ས་དྷི་དང་། བྲིདྡྷ་དང་། ཤོ་བྷི་དང་། རོ་ཙི་དང་། ས་ཧན་དང་། ཏ་པ་ན་དང་། ཛལྤ་ན་དང་། མ་ད་ན་དང་། དཪྴ་ན་དང་།དཪྤ་ཎ་དང་། རམ་ཎ་དང་། སཾ་ཀྲནྡ་ན་དང་། པ་བན་དང་། ལ་བན་ཞེས་པ་ལ་སོགས་པ་ནནྡི་སོགས་རྣམས་སོ། །འདི་ནི་བྱིངས་ཀྱི་ཚོགས་སོ། །དེས་ན། བི་ཀ་རོ་ཏི་ཞེས་ པས་བི་ཀ་ར་ཎའོ། །གྲཧ་སོགས་ལས་ཎི་ནིའོ། །གྲཧ་ལ་སོགས་པའི་བྱིངས་ཀྱི་ཚོགས་ལས་ཎི་ནིའི་རྐྱེན་ནོ། །གྲཧཱི། ཨུཏྶཱ་ཧཱི། ཨུདྦྷ་སཱི། གྲཧཱ་ཉེ་བར་ལེན་པ་ལའོ། །ཥཧ་བཟོད་པ་ལའོ། །བྷསྲྀ་གསལ་བ་ལའོ། །ཨུཏ་སྔོན་དུའོ། །ལེན་པར་བྱེད་དོ་ཤིན་ཏུ་བཟོད་པར་བྱེད་དོ་ཤིན་ཏུ་གསལ་བར་བྱེད་དོ་ ཞེས་ལ་ཎི་ནིའོ། །ཨི་ཡིག་བརྗོད་པའི་དོན་ཏོ། །ཎ་ཡིག་ནི་ཨི་ཙ་དང་འདྲ་བའི་དོན་ཏོ། །གྲཧ་དང་ཨུཏྶཱ་ཧ་དང་། ཨུདྦྷཱ་ས་དང་། མནྟྲ་དང་། སམྦ་ར་དང་། ནི་རཀྵ་དང་། སཾ་བྷ་བྷྱ་བྷ་ར་དང་། ཨ་དྷྱ་ཧཱར་དང་། ཨ་ཡཱ་ཙ་དང་། ཨ་ཏྲ་ཛ་ཞེས་པ་ལ་སོགས་པ་གྲཧ་སོགས་རྣམས་ཏེ། དབྱངས་ཀྱི་མཐའ་ལ་ཙིཏྟ་དང་འདྲ་ བ་མ་ཡིན་པའི་བྱེད་པ་པོ་ལས་ཞེས་པས་གྲཧ་ལ་སོགས་པའི་ནང་གི་མདོ་བཀླག་པར་བྱའོ། །འདིའི་དོན་དབྱངས་མཐའི་བྱིངས་ལས་ཙིཏྟ་དང་འདྲ་བ་མ་ཡིན་བྱེད་པ་པོ་ཉིད་ཀྱི་ཕྱིར་གང་ཙཏྟ་དང་འདྲ་བའི་བྱེད་པ་པོར་མི་འགྱུར་བ་དེ་ལས་ཎི་ནི་འགྱུར་རོ། །ཨ་ཀཱ་རི་གྷརྨ་སྱ་བཱ་ལཱ་ཏ་པ། མི་བྱེད་དོ་ཞེས་ལ་ཎི་ནིའོ། །འདིར་བཱ་ལཱ་ ཏ་པ། བྱེད་པ་པོ་དེ་ཙཏྟ་དང་འདྲ་བ་མ་ཡིན་པ་འོང་། ནཱ་མི་ཨུ་པ་དྷཱ་དང་། པྲཱི་ཀྲཱཾ་གྲཱྀ་ཛྙཱ་རྣམས་ཀྱི་ཀའོ། །གང་གི་ཨུ་པ་དྷཱ་ནཱ་མ་ཡིན་པ་དེ་ནི་ནཱ་མི་ཨུ་པ་དྷཱའོ། །དེ་ནས་ཟླས་དབྱེ་བའོ། །ནཱ་མི་ཨུ་པ་དྷཱ་ཅན་གྱི་བྱིངས་དང་པྲིཉ་ཚིམ་པ་ལའོ་པྲིད་དགའ་བ་ལའོ་ཞེས་པ་ཡང་ནའོ། །ཀྲཱྀ་རྣམ་པར་བསྐྱོད་པ་ལའོ། །གྲཱྀ་གསལ་ བར་བྱེད་པ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ་ཞེས་པ་འདི་རྣམས་ལས་ཀྱང་ཀའི་རྐྱེན་འགྱུར་ཏེ། བི་ཀྵི་པ། བི་ལི་ཁ། ཀྵི་པ་འདོར་བ་ལའོ། །ལི་ཁ་འདྲི་བ་དང་ཡི་གེ་འགོད་པ་ལའོ། །རྣམ་པར་འདོར་བར་བྱེད་དོ། །འདྲི་བར་བྱེད་དོ་ཞེས་པ་ལ་ཀའོ། །ཕྲྀ་ཎཱ་ཏི། འམ། པྲི་ཡ་ཏེ། ཞེས་པ། པྲྀཡཿ། ཞེས་པ་ཡང་ན་སྟེ་ 195-1-272b ཨིཡ་ཨུཝ་དག་དབྱངས་དང་པོ་ལའོ་ཞེས་པས་ཨིཡའོ། །སྐྱོད་པར་བྱེད་དོ་ལ། ཀ་རིཿ། གསལ་བར་བྱེད་དོ་ལ། ག་རིཿ། ཁོང་དུ་ཆུད་པར་བྱེད་དོ་ལ། ཛྙཿ། མུ་ལ་པི་བྷུ་ཛ་ལ་སོགས་པ་རྣམས་ལས་ཀྱང་ངོ་། །མཱུ་ལ་བི་བྷུ་ཛ་ལ་སོགས་པ་རྣམས་ལས་ཀའི་རྐྱེན་དུ་འགྱུར་རོ། །མཱུ་ལ་བི་བྷུ་ཛཿ། ཀཱ་ཀ་གུ་ཧཿ། ཀུ་མུ་དཾ། བྷུ་ཛོ་འཁྱོག་པོ་ལའོ། །གུ་ཧུ་སྒྲིབ་པ་ལའོ། །མུ་ད་དགའ་བ་ལའོ། །རྩ་བ་རྣམས་འཁྱོག་པོར་བྱེད་དོ། །བྱ་རོག་རྣམས་ལས་སྦེད་པར་བྱེད་དོ། །ཀུ་མུ་ད་དགའ་བར་བྱེད་དོ་ཞེས་ལ་ཀའི་རྐྱེན་ནོ། །གུ་ཧི་ལ་ལས་ལ་ཀའི་རྐྱེན་བཤད་དོ། །མུ་ལ་བི་བྷུ་ཛ་སོགས་བྱིངས་ཀྱི་ཚོགས་སོ། །དེས་ན་བུད་མེད་འཆད་ པ་ལ་ཏྱ་ཁཿ། ཙཀྵིངའི་ཁྱཱཉ་རུ་བསྒྱུར་བ་བྱས་པ་ན་ཀའི་རྐྱེན་ནོ། །ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨཏ་ལས་ཏེ་ཨ་ཡིག་གི་མཐའ་ཅན་གྱི་བྱིངས་ལས་ཌའི་རྐྱེན་འགྱུར་རོ། །སུ་གླཿ། སུམླཿ། གླེེ་དགའ་བ་ཟད་པ་ལའོ། །མླཻ་ལུས་ཀྱི་རྣམ་འགྱུར་ལའོ། །མཛེས་པ་ཟད་དོ། །མཛེས་ པའི་ལུས་རྣམ་འགྱུར་རོ་ཞེས་ལ་ཌའོ། །རྐྱེན་གཞན་བྱེད་པ་ནི་ཧྭ་ཡ་ཏི་ལ་སཾ་པྲ་སཱ་ར་ཎ་མེད་པའི་དོན་དུའོ། །ཨཱཧྭཿ། སྭཧྭཿ། གལ་ཏེ་འདིར་ཀའི་རྐྱེན་གྱུར་པ་ལ་སོགས་པའི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎ་ལ་ཨུ་ཝ་རུ་བསྒྱུར་བ་བྱས་ན། ཨཱ་ཧུ་བཿ། པྲ་ཧུ་བཿ། ཞེས་གཞན་པར་མི་འགྱུར་རོ། །དྷེཊ་དྲྀ་ཤེ་བཱ་གྷྲཱ་དྷྨཱ་ལས་ཤའོ། །ཉེར་ བསྒྱུར་ཉེ་བའི་ཚིག་ལ་དྷེཊ་དང་དྲྀ་ཤི་དང་། པཱ་དང་གྷ་དང་དྷྨཱ་ཞེས་པ་འདི་རྣམས་ལས་ཤངའི་རྐྱེན་དུ་འགྱུར་རོ། །ཨུདྡྷ་ཡཿ། ཨུཏྤཤྱཿ། ཨུཏྤི་བཿ། ཨུཛྫི་གྷྲཿ། ཨུདྡྷ་མ། ཤིན་ཏུ་འཐུང་བར་བྱེད་དོ་ཞེས་སོགས་ཀྱི་དག་བྱས་པ་ལ་ཤངའོ། །ཨན་བི་ཀ་ར་ཎའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །ཉེར་བསྒྱུར་ལ་ ཞེས་པ་ཅི་ཞེ་ན། དྷཱ་ཏཱ། འོ་ན་བཤྱ་ཅི་ལྟར་ཞེ་ན། ཀྲྀཏྱ་དང་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་སོ། །ཛིགྷྲ་ཏ་ལས་མིང་ལ་མི་འདོད་དེ། ཁྱད་པར་ཀུན་སྣོལ་ཞེས་བྱ་གྷྲཿ། ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཊའོ། །སཱ་དྷི་སཱ་ཧི་ས་ཏི་ཙི་ཏི་ཨུ་དེ་ཛི་བི་དི་བྷ་རི་པཱ་རི་ལམྤི་བནྡི་རྣམས་ཀྱི་ཉེར་བསྒྱུར་མེད་པ་ལའོ། །སཱ་དྷ་ཡང་ དག་པར་གྲུབ་པ་ལའོ། །ཥཱཧ་བཟོད་པ་ལའོ། །སཏི་མདོ་ལས་འབྱུང་བའི་བྱིངས་སོ། །ཙི་ཏཱི་ཤེས་པ་ལའོ། །ཨེ་ཛི་གཡོ་བ་ལའོ། །ཨུཏ་སྔོན་དུའོ། །བི་དི་ཐུ་བོ་ཡོད་པའོ། །དྷྲྀང་བརྟེན་པ་ལའོ། །པ་རི་ལས་ཡོངས་སུ་རྫོགས་པ་ལའོ། །པྲྀ་སྐྱོང་བར་བྱེད་པ་དང་ཡོངས་སུ་རྫོགས་པ་དག་ལ་ཞེས་པ་ཡང་ནའོ། ། 195-1-273a ལིཔ་ཉེ་བར་བྱུག་པ་ལའོ། །པིདླ་ཐོབ་པ་ལའོ། །འདི་དག་མུ་ཙ་སོགས་ཉིད་ཀྱི་ཕྱིར་ན་ཡིག་ཨཱ་ག་མ་བྱས་པ་དག་ལ། རིམྤ། བནྡི་ཞེས་པ་འདི་དག་རྗེས་སུ་འབྲེལ་པ་དབྱིའོ། །སཱ་དྷི་ལ་སོགས་པ་འདི་རྣམས་ཀྱི་ཨིན་གྱི་མཐའ་ཅན་རྣམས་དང་ལམྤི་བནྡི་ཞེས་པ་དག་ལས་ཀྱང་ཉེར་བསྒྱུར་ མེད་པར་གྱུར་པ་ལ་ཤངྲ་འགྱུར་རོ། །ས་དྷ་ཡཿ། སཱ་ཧ་ཡཿ། སཱ་ཏ་ཡཿ། ཙེ་ཏ་ཡཿ། ཨུ་དེ་ཛ་ཡཿ། བ་དེ་ཡཿ། དྷཱ་ར་ཡཿ། པཱ་ར་ཡཿ། ལིམྤིཿ། བནྡིཿ། འགྲུབ་པར་བྱེད་དུ་འཇུག་གོ། །དེ་བཞིན་དུ་བཟོད་དུ་འཇུག་གོ། །ཡོད་དུ་འཇུག་གོ། །སེམས་སུ་འཇུག་གོ། །ཤིན་ཏུ་གཡོ་རུ་འཇུག་གོ། །རིག་ཏུ་འཇུག་གོ། ། བརྟན་དུ་འཇུག་གོ། །རྫོགས་སུ་འཇུག་གོ་ཞེས་པ་ལ་ཨིན་ནའོ། །པཱ་ར་ཏི་ཞེས་པ་འདི་ལས་ཙུར་སོགས་ཉིད་ལས་ཨིནའོ། །ཤངའོ། །ཨནྲ་བི་ཀ་ར་ཎའོ། །ཡོན་ཏན་ནོ། །ལི་པི་བི་ད་དག་ལ་མུ་ཙ་སོགས་ལས་ན་ཡིག་ཨཱ་ག་མའོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ལི་པཿ། ནཱ་མི་ཨུ་པ་དྷཱ་དང་པྲཱི་ཞེས་ པས་ཀའོ། །དཱ་ཉ་དྷཉ་དག་ལས་ཡང་ནའོ། །དཱཉ་དང་དྷཉ་དག་ལས་ཉེར་བསྒྱུར་མེད་པར་གྱུར་པ་ལ་ཤང་ཡང་ན་འགྱུར་རོ། །དི་ཧི་ལི་ཧི་ཞེས་པས་ཎའི་དམིགས་བསལ་ལོ། །ད་དཿ། ད་དྟཿ། ཌུ་དཱཉ་སྦྱིན་པ། ཌུདྷཱཉ྄། ཨན་བི་བ་ཀ་ར་ཎའོ། །ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ཀྱིས་གཉིས་ བརྗོད་དོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཨཱ་དབྱིའོ། །ཕྱོགས་གཅིག་ལ། དཱ་ཡཿ། དྷ་ཡཿ། དི་ཧི་ལི་ཧི་ཞེས་པས་ཎའི་རྐྱེན་ནོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ད་ཿ། པྲ་དྷཿ། ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ་ཞེས་པས་ཌའོ། །ཛྭ་ལ་སོགས་དང་དུ་དང་ཎི་དག་ལས་ཎ་ཡང་ནའོ། །ཛྭ་ལ་ལ་ སོགས་པ་ནས་བརྩམས་ནས་ཀ་པ་འགྲོ་བ་ལའོ་ཞེས་པ་འདིའི་མཐར་ཐུག་པ་རྣམས་དང་། ཌུདུ་ཉེ་བར་གདུང་བ་ལའོ། །ཎཱིཉ་ཐོབ་པ་ལའོ་ཞེས་པ་འདི་དག་ལས་ཀྱང་ཉེར་བསྒྱུར་མེད་པར་གྱུར་པ་ལ་ཎའི་རྐྱེན་ཡང་ན་འགྱུར་རོ། །ཛྭཱ་ལཿ། ཛྭ་ལཿ། ཙཱ་ལཿ། ཙ་ལཿ། ཕྱོགས་གཅིག་ལ་ཨཙའི་རྐྱེན་ནོ། །དཱབཿ། ནཱཡཿ། འདི་དག་ལ་རྟག་ཏུ་ཎའི་རྐྱེན་ནོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ཛྭ་ལཿ། ཨཙའོ། །བྷ་བ་ཏི་ལས་ཉེར་བསྒྱུར་མེད་པ་ལ་ཎ་ཡང་ན་བཤད་པར་བྱ་སྟེ། བྷཱ་བཿ། ཎའོ། བྷ་བཿ། ཨཙའོ། །སམ་ཨཱང་དག་ལ་སྲུ་ལས་སོ། །ཡང་ན་ཞེས་པ་ལྡོག་གོ། །སམ་དང་ཨཱང་དང་ཉེ་བའི་ཚིག་ལ་སྲུ་འགྲོ་བ་ལ་ 195-1-273b ཞེས་པ་འདི་ལས་ཎའི་རྐྱེན་འགྱུར་རོ། །སཾ་པྲ་པཿ། ཨཱ་པྲ་བཿ། སཾ་དང་ཨཱང་དག་ཞེས་པ་ཅི་ཞེ་ན། པྲ་བཿ། ཨཙའོ། །ཨ་བ་ལ་ཧྲི་སཱ་དག་གིའོ། །ཨ་བའི་སྒྲ་ཉེ་བའི་ཚིག་ལ་ཧྲིཉ་དང་ཥོ་མཐའི་ལས་ལའོ་ཞེས་པ་འདི་ལས་ཀྱང་ཎའི་རྐྱེན་འགྱུར་རོ། །ཨ་བ་ཧཱ་རཿ། འབད་པར་བྱེད་དོ་ཞེས། ཨ་བ་སཱ་ཡཱཿ། དི་ཧི་ལི་ཧི་ཤླིཥི་ ཤྭ་སི་བྱ་དྷྱ་ཏི་ཨིཎ་ཨ་བ་ཤྱཱ་ཨཱཏ་རྣམས་ཀྱིའོ། །དིཧ་ཉེ་བར་སོགས་པ་ལའོ། །ལི་ཧ་རོ་མྱང་བ་ལའོ། །ཤླིཥ་འཁྱུད་པ་ལའོ། །ཤྭ་ས་སྲོག་འཛིན་པ་ལའོ། །བྱ་དྷ་འཐེར་བ་ལའོ། །ཨིཎ་འགྲོ་བ་ལའོ། །ཨ་ཏི་སྔོན་དུའོ། །ཤྱཻང་འགྲོ་བ་ལའོ། །ཨ་བ་སྔོན་དུའོ། །འདི་རྣམས་དང་ཨཱཏ་མཐའ་རྣམས་ལས་ཀྱང་ཎའི་ རྐྱེན་འགྱུར་རོ། །དི་ཧི་ལི་ཧི་ཤླིཥི་རྣམས་ལས་ནཱ་མི་ཨུ་པ་དྷཱ་ཞེས་པས་ཀའི་རྐྱེན་ཐོབ་པ་ལའོ། །ཨ་བ་ཤྱཱ་ཏི་ལས་ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ་ཞེས་པ་འདི་ཐོབ་པ་ལའོ། །ལྷག་མ་རྣམས་ལ་ཡང་ཨཙ་ཐོབ་པ་ལའོ། །དེ་ཧཿ། ལེཧཿ། ཤླེཥཿ། ཤྭཱསཿ། བྱཱདྷྱཿ། ཨཏྱཱཡཿ། ཨ་བཤྱ་ཡཿ། དཱཡཿ། དྷཡཿ། སོག་པར་བྱེད་དོ། །རོ་མྱོང་བར་བྱེད་དོ། །འཁྱུད་པར་བྱེད་དོ། །སྲོག་འཛིན་པར་བྱེད་དོ། །འཐེར་བར་བྱེད་དོ། །འགྲོ་བར་བྱེད་དོ། །ངེས་པར་འགྲོ་བར་བྱེད་དོ། །སྟེར་བར་བྱེད་དོ། །འཛིན་པར་བྱེད་དོ་ཞེས་པ་ལ་ཎའོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་དི་ཧཿ གྲཧི་ལས་ཡང་ནའོ། །གྲཧི་ལས་ཎའི་རྐྱེན་ ཡང་ན་འགྱུར་རོ། །གྲཱཧཿ། གྲཧཿ། ཕྱོགས་གཅིག་ལ་ཨཙའོ། །འདིར་ཡང་ནའི་སྒྲ་རྣམ་པར་གཞག་པ་རྣམ་པར་བཤད་པ་བརྗོད་པ་སྟེ་དེས་ན་ཆུ་ལ་སྤྱོད་པའི་དོན་ལ། གྲཱཧཱཿ། སྣང་བྱེད་ཅན་ལ་གྲཧཿའོ། །ཁང་པ་ལ་ནི་ཨ་ཀའོ། །གྲཧི་ལས་ཁང་པའི་དོན་ལ་ཨཀའི་རྐྱེན་འགྱུར་རོ། །ཁང་པ་ནི་ཁང་པའམ་གྲི་ཧཾ་ འཛིན་པར་བྱེད་དོ་ཞེས་ཨཀའོ་གྲཧི་ཛྱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །གྲྀཧའི་སྒྲས་ཁྱིམ་ན་གནས་པའི་ཆུང་མ་རྣམས་བརྗོད་པར་བྱ་སྟེ། དཔེར་ན་པཉྩ་ཀྲོ་ཤནྟི་ཞེས་པ་བཞིན་ནོ། །བཟོ་བོ་ལ་བུཥའོ། །བྱིངས་ལས་བཟོ་བོའི་དོན་ལ་བུཥ་ཕ་རོལ་ཏུ་འགྱུར་རོ། །ནྲྀཏི་ཁ་ནུ་རཉྫི་རྣམས་ཉིད་ལས་རྐྱེན་བཤད་པར་བྱའོ། ། ནརྟ་ཀཿ། ནརྟ་ཀཱི། དེ་བཞིན་དུ། ཁ་ན་ཀ། རཱ་ཛ་ཀཿ། གར་བཟོད་བར་བྱེད་པ་ཅན་ཞེས་ཚིག་རྣམ་པར་སྦྱར་བར་བྱས་པ་ལ་བུཥའོ། །ཥ་ཡིག་ནི་ཨཱི་ཡིག་གི་དོན་ཏོ། །ཡུ་བུཛྷ་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །བུཥ་དང་གྷི་ནི་ཎ་དག་ལ་ཞེས་པས་ལྔ་པ་དབྱིའོ། །ཥ་ཊ་རྗེས་སུ་འབྲེལ་བ་ལས་ཨཱིའོ་ཞེས་པས་ཨཱི་ཡིག་གོ། ། 195-1-274a གཱ་ལས་ཐ་ཀའོ། །ཀཻ་གཻ་སྒྲ་ལའོ་ཞེས་པ་འདི་ལས་བཟོ་བོའི་དོན་ལ་ཐ་ཀའི་རྐྱེན་འགྱུར་རོ། །གླུ་དབྱངས་བཟོ་བར་བྱེད་པ་ཅན་ནི། ག་ཐ་ཀཿ། བཟོ་བོ་ལ་ཞེས་པ་ཅི་ཞེ་ན། གཱ་ཏཱ། ཏྲིཙའོ། །ནྱཱུཊ་ཡང་ངོ་། །ག་ཡ་ཏི་ལས་བཟོ་བོའི་དོན་ལ་ཎྱུཊའི་རྐྱེན་འགྱུར་རོ། །གཱ་ཡནཿ། ཎྱུཊའོ། །ཡུ་བུ་ཛྷ་ ཞེས་པས་ཨ་ནར་བསྒྱུར་རོ། །ཨ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །སྦྱོར་བ་བརྩམས་པ་ནི་ཕྱི་མའི་དོན་ནོ། །ཧཱ་ལས་དུས་དང་འབྲུ་དག་ལའོ། །ཧ་ཞེས་པ་ཨོ་ཧཱཀ་གཏོང་བ་ལའོ། །ཨཱང་འགྲོ་བ་ལའོ་ཞེས་པ་ཡང་ནའོ། །ཧའི་བྱིངས་ལས་དུས་དང་འབྲུའི་དོན་ལའང་ཎྱུཊ་ཕ་རོལ་ཏུ་འགྱུར་རོ། ། འདོར་བར་བྱེད་དོ་ཞེས་པ། ཧཱ་ཡནཿ། ལོ་བརྗོད་པར་བྱ་སྟེ། ཆུ་འདོར་བར་བྱེད་ཞེས་པ་ནི། ཧ་ཡནཿ། འབྲུའི་ཁྱད་པར་བརྗོད་པར་བྱའོ། །དུས་དང་འབྲུ་དག་ལ་ཞེས་པ་ཅི་ཞེ་ན། ཧཱ་ཏཱཿ། ཏྲི་ཙའོ། །ཨོ་ཧཱ་ཀའི་ཀ་རྗེས་སུ་འབྲེལ་བར་བྱེད་པ་ནི་ཨོ་ཧཀྲ་ཡོངས་སུ་བཟུང་བའི་དོན་ཏེ། ཀ་ཡིག་ལ་ཧྱ་ས་ཏི་འདོར་བའི་དོན་ཁོ་ན་བཟུང་ བར་འགྱུར་གྱི་འགྲོ་བའི་དོན་ནི་མ་ཡིན་ཏེ། རྗེས་སུ་འབྲེལ་བ་གཅིག་བཟུང་བས་འབྲེལ་པ་ཅན་གཉིས་སོ་ཞེས་པའི་ཚིག་ལས་སོ། །སྨོན་པ་ལ་ཨ་ཀའོ། །སྨོན་པར་རྟོགས་པར་བྱ་བཞིན་པའི་བྱིངས་ལ་ཨཀ་རྐྱེན་དུ་འགྱུར་རོ། །འཚོ་བར་ཤོག་ནི། ཛཱི་བ་ཀཿ། སྨོན་པ་ལ་ཞེས་པ་ཅི་ཞེ་ན། ཛཱི་བ་ཏཱིཿ། པྲུ་པྲི་ལུ་རྣམས་ཀྱི་ ལེགས་པར་བྱེད་པ་ལའོ། །པུང་འགྲོ་བ་ལའོ། །སྲྀ་འགྲོ་བ་ལའོ། །ལུ་གཅོད་པ་ལའོ། །འདི་རྣམས་ཀྱི་ལེགས་པར་བྱེད་པའི་བྱེད་པ་པོའི་དོན་ལ་ཨཀ་རྐྱེན་དུ་འགྱུར་རོ། །ལེགས་པར་འགྲོ་བར་བྱེད་དོ། །པྲ་བ་ཀཿ། དེ་བཞིན་དུ། ས་ར་ཀཿ། ལ་བ་ཀཿ། ལེགས་པར་བྱེད་པ་ལ་ཞེས་པ་ཅི་ཞེ་ན། པྲོ་ཏྭཿ། ཇོ་བོ་དྲག་འབྱོར་ གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏའི་སྐབས་ཀྱི་རྐང་པ་གཉིས་པ་རྫོགས་སོ།། །།ལས་ལ་ཨཎའོ། །ལས་ལ་ཉེ་བའི་ཚིག་ལ་བྱིངས་ལས་ཨཎའི་རྐྱེན་འགྱུར་རོ། །ཀུཾ་བྷ་ཀཱ་རཿ། ཀཥྚ་ད་ཧཿ། བ་དེ་དྷྱ་ཡཿ། བུམ་པ་བྱེད་དོ། །ཤིང་རྣམས་སྲེག་པར་བྱེད་དོ། །རིག་བྱེད་ཀློག་པར་བྱེད་དོ་ལ་ ཨཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །རིང་པོའང་ངོ་། །གྲཱ་མཾ་གཙྪ་ཏི་ཨཱ་དི་ཏྱཾ་ས་ཤྱཏི། ཧི་མ་བནྟོ་ཤྲྀ་ཎོ་ཏི་ཞེས་པ་འདིར་མི་འགྱུར་ཏེ། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཧྭ་བཱ་མཱ་ལས་ཀྱང་ངོ་། །ལས་ཉེ་བའི་ཚིག་ལ་ཧྭེཉ་འགྲན་པ་ལའོ། །བེཉ་སྣལ་མའི་རྒྱུད་ལའོ། །མཱ་ཐུན་མོང་བ་ལའོ། །འདི་ 195-1-274b རྣམས་ལས་ཨཎ་འགྱུར་རོ། །ཉེར་བསྒྱུར་མེད་པའི་ཨཱ་ཏ་ལས་ཌའོ་ཞེས་པ་འདི་ཐོབ་པ་ལའོ། །སྭརྐཱ་ཧྭཱ་ཡཿ། ཏནྟྲ་བཱ་ཡཿ། དྷཱ་ནྱ་མཱ་ཡཿ། མཐོ་རིས་ལ་འགྲན་པར་བྱེད་དོ། །ཐགས་འཐག་པར་བྱེད་དོ། །འབྲས་འཇལ་བར་བྱེད་དོ་ཞེས་ལ་ཨཎའོ། །ཤི་ལི་ཀཱ་མི་བྷཀྵི་ཙ་རི་རྣམས་ལས་ཎའོ། །ཤཱི་ལ་ཉེ་བར་འཛིན་ པ་ལའོ། །ཙུ་སོགས་ཉིད་ལས་ཨིན་མཐའོ། །ཀ་མུ་མཛེས་པ་ལའོ། །བཤད་པ་ལས་ཨིན་ནའོ། །ཙར་འགྲོ་བའི་དོན་ཏོ། །བྷཀྵ་ཟ་བ་ལའོ། །ཙུར་སོགས་ཉིད་ལས་ཨིན་མཐའོ། །ལས་ཉེ་བའི་ཚིག་ལ་བྱིངས་འདི་རྣམས་ལས་ཎའི་རྐྱེན་འགྱུར་རོ། །མཱཾ་ས་ཤཱི་ལཿ། དྷརྨྨ་ཀཱ་མཿ། ཀ་ལྱཱ་ཎཱ་ཙཱ་རཿ། སརྦ་བྷཀྵཿ། ཤའི་ངང་ཚུལ་འཛིན་པར་བྱེད་དུ་འཇུག་གོ། །ཆོས་འདོད་པར་བྱེད་དོ། །བདེ་ལེགས་ཀུན་དུ་སྤྱོད་པར་བྱེད་དོ། །ཐམས་ཅད་ཟ་བར་བྱེད་དུ་འཇུག་གོ་ཞེས་ལ་ཎའོ། །ཀཱ་རི་ཏ་དབྱིའོ། །སྦྱོར་བ་རྩོམ་པར་བྱེད་པ་ནི་བུད་མེད་ལ་ཨཱིའི་རྐྱེན་མི་འགྱུར་བའི་དོན་དེ་འདི་ཨན་ཨེ་ཡ་ཨེ་ཀ་ལས་སོ་ཞེས་པས་ཨིའི་རྐྱེན་འགྱུར་བ་ལ་ འདིར་འགྱུར་བ་མ་ཡིན་ཏེ། མཱཾ་ས་ཤཱི་ལ། ལས་ཉེ་བའི་ཚིག་ལ་ཨཱིཀྵི་དང་ཀྵ་མི་དག་ལས་ཎ་བཤད་པར་བྱ་སྟེ། སུ་ཁ་པྲ་ཏཱི་ཀྵཱ། བ་ཧུ་ཀྵ་མཱ། བདེ་བ་སོ་སོར་མཐོང་ངོ་། །མང་དུ་བཟོད་དོ་ཞེས་ལ་ཎའོ། །བུད་མེད་ལ་ཨ་ལས་ཨཱཔྲའོ། །ཉེར་བསྒྱུར་མེད་པའི་ཨཏ་ལས་ཌའོ། །ལས་ཉེ་བའི་ཚིག་ལ་ཉེར་བསྒྱུར་ མེད་པའི་ཨཱཏ་ལ་ཏེ་ཨཱ་ཡིག་མཐའ་ཅན་གྱི་བྱིངས་ལས་ཌའི་རྐྱེན་དུ་འགྱུར་རོ། །ལས་ལ་ཨཎའོ་ཞེས་པས་ཨཎ་ཐོབ་པ་ལའོ། །གོ་དཿ། ཀམྦ་ལ་དཿ། བ་ལང་སྦྱིན་པར་བྱེད་དོ། །ཀམྦ་ལ་སྦྱིན་པར་བྱེད་དོ་ཞེས་ལ་ཌའོ། །ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། བ་ཌ་བཱ་སནྡ་ཡཿ། རྒོད་མ་ཡང་དག་པར་སྦྱིན་ནོ་ཞེས་པ་ ལས་ཨ་མ་ཎའོ། །མིང་ལ་སྠཱ་ལས་ཀྱང་ངོ་། །ཌ་ཞེས་པ་ཁོ་ནའོ། །མིང་ཉེ་བའི་ཚིག་ལ་ཏིཥྛ་ཏི་ལས་ཌའི་རྐྱེན་འགྱུར་རོ། །མཉམ་དུ་གནས་པར་བྱེད་དོ་ཞེས་པ་ལ། ས་མསྠཿ། དེ་བཞིན་དུ། བི་ཥ་མསྠཿ། ཡ་ཏྲསྠཿ། ཏ་ཏྲསྠཿ། ཐམས་ཅད་ལས་ཨཱ་ཡིག་གི་མཐའ་ཅན་མིང་ཉེ་བའི་ཚིག་ཅན་ལས་ཌའི་རྐྱེན་ འགའ་ཞིག་ཏུ་འདོད་དེ། དེ་ལ་རུས་སྦལ་གྱིས་འཐུང་བར་བྱེད་དོ་ལ། ཀཙྪཱ་པཿ། གཉིས་དག་གིས་འཐུང་བར་བྱེད་པ་ནི། དྭི་པཿ། རྐང་པས་འཐུང་བར་བྱེད་པ་ནི། པཱ་ད་བཿ། ཏུནྡ་ཤོ་ཀ་དག་ལ་པ་རི་མྲྀ་ཛ་ཨཔ་ནུ་ད་དག་གིའོ། །ཏུནྡ་དང་ཤོ་ཀ་དག་རིམ་བཞིན་ཉེ་བའི་ཚིག་པ་རི་སྔོན་མའི་མྲྀ་ཛུ་དག་པ། ཨཔ་སྔོན་ 195-1-275a མའི་ནུད་དེད་པ་ལ་ཌའི་རྐྱེན་དུ་འགྱུར་རོ། །ཏུནྡ་པ་རི་མྲྀ་ཛཿ། ཤོ་ཀཱ་པ་ནུ་དཿ། གདུང་བ་ཡོངས་སུ་དག་པར་བྱེད་དོ། །མྱ་ངན་སེལ་བར་བྱེད་དོ་ལ་ཌའོ། །བྲ་ལ་དཱ་དང་ཛྙ་ལས་སོ། །ལས་ལ་ཞེས་པ་ཁོ་ནའོ། །ལས་ཉེ་བའི་ཚིག་ལ་པྲའི་སྒྲ་ལས་ཕ་རོལ་གྱི་དཱ་དང་ཛྙ་ཞེས་པ་འདི་དག་ལས་ ཌའི་རྐྱེན་འགྱུར་རོ། །པྲ་པཱ་བྲ་དཿ། པ་ཐི་པྲ་ཛྙཿ། ཆུ་ཁང་རབ་ཏུ་སྦྱིན་པར་བྱེད་དོ། །ལམ་རྣམས་རབ་ཏུ་རྟོགས་པར་བྱེད་དོ་ལ་ཌའོ། །གསལ་བྱེད་ལའང་འདི་རྣམས་ཀྱི་ཞེས་པས་པནྠིའི་སྒྲའི་ན་དབྱིའོ། །པྲ་ལ་ཞེས་པ་ཅི་ཞེ་ན། པྲ་སཱ་སཾ་དཱ་ཡཿ། ཆུ་ཁང་ནས་ཡང་དག་པར་སྦྱིན་ནོ་ཞེས་པ་ལ་ལས་ལ་ཨཎའོ། །སམྲ་ ལ་ཁྱ་ལས་སོ། །ལས་ཉེ་བའི་ཚིག་ལ་ས་མྲ་གྱི་སྒྲ་ཕ་རོལ་ལ་ཁྱ་ཞེས་པ་འདི་ལས་ཎའི་རྐྱེན་འགྱུར་རོ། །ཁྱ་ཞེས་པ་ནི་ཙཀྵིང་ཁྱཉ་རུ་བསྒྱུར་བ་གཟུང་བར་བྱའི། ཁྱཱ་གཏམ་པ་ལ་ཞེས་པ་ནི་མ་ཡིན་ཏེ། ལས་མེད་པ་ཅན་ཉིད་ཀྱི་ཕྱིར་དང་འདིའི་སམ་སྔ་མའི་སྦྱོར་བ་མེད་པའི་ཕྱིར་རོ། །གོ་སཾ་ཁྱཿ། ཙཀྵིང་ཁྱཉ་ཏུ་བསྒྱུར་རོ། །དེ་ནས་ བ་ལང་རྗོད་པར་བྱེད་དོ་ཞེས་ལ་ཌའོ། །དེ་བཞིན་དུ། ཨ་ཤྭཱ་སཾ་ཁྱཿ། ག་ལས་ཊཀའོ། །ཉེར་བསྒྱུར་མེད་པ་ལ་ཞེས་པ་ཁོ་ནའོ། །ལས་ལ་ཉེ་བའི་ཚིག་ལ་ཉེར་བསྒྱུར་མེད་པ་ལས་ཀཻ་གཻ་སྒྲ་ལའོ་ཞེས་པ་འདི་ལས་ཌ་ཀའི་རྐྱེན་འགྱུར་རོ། །ཉེར་བསྒྱུར་མེད་པའི་ཨཱཏ་ལས་ཌའོ་ཞེས་པ་འདི་འགེགས་པའོ། །སཱ་མ་གཿ། སཱ་མ་གཱི། སྙེན་པའི་གླུ་ལེན་པར་བྱེད་དོ་ཞེས་ལ་ཌཀའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །དེ་བཞིན་དུ། མརྡྱུ་ར་གཿ། མ་དུ་ར་གཱི། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། སཱ་མ་སཾ་གཱ་ཡཿ། སྙན་ཚིག་གླུ་ཀུན་ནས་ལེན་པར་བྱེད་དོ་ཞེས་ལ་ཨཎའོ། །སུ་ར་ཤཱི་དྷུ་དག་ལ་པི་བ་ཏི་ལས་སོ། །སུ་རཱ་ དང་ཤཱི་དྷུ་དག་གི་ལས་ཉེ་བའི་ཚིག་ལ་ཉེར་བསྒྱུར་མེད་པ་ལས་པི་བ་ཏི་ལས་ཌ་ཀའི་རྐྱེན་འགྱུར་རོ། །ཆང་འཐུང་བར་བྱེད་དོ་ཞེས་ལ། སུ་རཱ་པཱི། ཤཱི་དྷྱ་པཱི། དེ་བཞིན་དུ། སུ་རཱ་པཿ། ཤི་དྷུ་པཿ། སུ་ར་ཤཱི་དྷུ་དག་ལ་ཞེས་པ་ཅི་ཞེ་ན། ཀྵཱིར་པཱ། བུད་མེད་དོ། །ཉེར་བསྒྱུར་མེད་པའི་ཨཱ་ཏ་ལས་ཌའོ། །པི་བ་ཏི་ལ་ཞེས་པ་ཅི་ ཞེ་ན། ཆང་འཐུང་བར་བྱེད་དོ་ཞེས་ལ། སུ་རཱ་པཱ་བྲི་ཥ་ལཱིཿ། པཱ་བསྲུང་བ་ལའོ། །སྔ་མ་བཞིན་ཌའོ། །ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། སུ་རཱ་པྲ་བ་ཡཿ། ཨཎའོ། །ཧྲིཉ་ལས་པ་ཡས་དང་གྱེན་དུ་འདྲེན་པ་མིན་པ་དག་ལ་ཨཙའོ། །ལས་ཉེ་བའི་ཚིག་ལ་གྱེན་དུ་འདྲེན་པ་མ་ཡིན་པ་སྟེ། སྟེང་དུ་འཕེན་པ་མ་ཡིན་ 195-1-275b པ་ལ་འཇུག་བཞིན་པ་ལས་ཧྲིཉ་ལས་ཨ་ཙ་རུ་འགྱུར་ཞིང་གོ་ཆ་རྟོགས་པར་བྱ་བཞིན་པ་ལའོ། །པ་ཡས་དང་ཐ་དད་དུ་སྨོན་པ་ནི། གྱེན་དུ་འཕེན་པ་ལ་ཡང་ཇི་ཞིག་ལྟར་འགྱུར་བའོ། །རེ་ཞིག་གྱེན་དུ་འདྲེན་པ་མ་ཡིན་པ་ལ་ཡན་ལག་འཕྲོག་པར་བྱེད་དོ་ཞེས། ཨཾ་ག་ཧ་རཿ། རྀཀྵ་ཧ་རཿ། པ་ཡ་ས་ལ། ཨསྠི་ཧ་རཿ། ཁྱིའོ། ། ཀ་བ་ཙ་ཧ་རཿ། རྒྱལ་རིགས་གཞོན་ནུའོ། །གྱེན་དུ་འདྲེན་པ་ལ་ནི་བྷཱ་ར་ཧར་ཨཎའོ། །འདི་རྒྱ་དཔེ་ན་མེད་པ་བཅུག་པ་ཡིན། ཨཱང་ལ་དེའི་ངང་ཚུལ་ལའོ། །བྱེད་པ་པོ་གང་གི་བྱིངས་དོན་དང་བཅས་པའི་རང་བཞིན་གྱི་ངང་ཚུལ་དེ་ནི་དེའི་ངང་ཚུལ་ལོ། །ལས་ཉེ་བའི་ཚིག་ལ་ཨཱང་ལས་ཕ་རོལ་གྱི་ཧྲིཉ་ལས་དེའི་ངང་ཚུལ་རྟོགས་ པར་བྱ་བཞིན་པ་ན་ཨཙ་འགྱུར་རོ། །འབྲས་བུ་ལ་ལྟོས་པ་མེད་པར་འཇུག་པ་ནི་དེའི་ངང་ཚུལ་ལོ། །མེ་ཏོག་རྣམས་ཟས་སུ་ཟ་བར་བྱེད་དོ་ཞེས་ལ། སུཥྶཱ་ཧརཿ། ཕ་ལཧ་རཿ། དེའི་ངང་ཚུལ་ཞེས་པ་ཅི་ཞེ་ན། ཁུར་ཟས་སུ་ཟ་བར་བྱེད་དོ་ཞེས་ལ། བྷཱ་ར་ཧཱ་རཿ། ཨཎའོ། །ཨ་དྷ་ལས་ཀྱང་ངོ་། །ཨཱང་ལས་དེའི་ངང་ཚུལ་ ལའོ་ཞེས་པ་མི་འཇུག་གོ་ལས་ཉེ་བའི་ཚིག་ལ་ཨརྟ་ཏི་ལས་ཨ་ཙ་འགྱུར་རོ། །མཆོད་པར་འོས་སོ་ཞེས་ལ། པུ་ཛཱ་དྷཱ། ཨ་ཎའི་གྲུབ་པ་ལ་སྦྱོར་བ་བརྩམས་པ་ནི་བུད་མེད་ལ་ཁྱད་པར་གྱི་དོན་དུ་སྟེ། སྟམྦྷ་དང་ཀརྞ་དག་ཉེ་བའི་ཚིག་ལ་རིམ་པ་ཇི་ལྟ་བར་རིམ་དང་ཛ་པི་དག་ལས་ཨ་ཙ་འདོད་དེ། གྲངས་ཇི་ལྟ་བ་བཞིན་དུ་ ལག་ལྷན་དང་རྩེ་མོ་དག་གི་དོན་ལའོ། །སྡོང་པོ་ལ་དགའ་བར་བྱེད་དོ་ཞེས། སྟམྦྷེ་ར་མཿ། རྣ་བར་ཟླས་བར་བྱེད་དོ་ཞེས། ཀརྞ་ཛ་པཿ། ཨ་ཙའོ། །དྷྲྀཉ་ལས་མཚོན་ཆ་ལའང་དཎྚ་དང་སུ་ཏྲ་དག་མ་ཡིན་པ་ལའོ། །མཚོན་བྱའི་ལས་ཉེ་བའི་ཚིག་ལ་དཎྚ་དང་སུ་ཏྲ་བོར་བ་ན་དྷྲྀཉ་བྷ་བ་ལའོ་ཞེས་པ་འདི་ལས་ཨ་ཙ་འགྱུར་རོ། ། རྡོ་རྗེ་འཛིན་དུ་འཇུག་པར་བྱེད་དོ་ཞེས་ལ། བཛྲ་དྷརཿ། དེ་བཞིན་དུ། ཙཀྲ་དྷརཿ། ཨིཎའི་དོན་ནི་རབ་ཏུ་སྦྱར་བྱ་དང་། རབ་ཏུ་སྦྱོར་བ་པོའི་དངོས་པོ་སྟེ་ནང་གི་བསྒོམ་པར་བྱ་བ་འབའ་ཞིག་ལས་ཀྱང་དྷྲྀཉའི་འཛིན་དུ་འཇུག་གོ་ཞེས་དག་བྱ་བ་སྟེ་རྣམ་པ་གཞན་དུ་ན་ན་ནི་དོན་རྣམས་སུ་འགྱུར་བར་ཐལ་བར་འགྱུར་རོ། །སླར་ཡང་འདིར་ རབ་ཏུ་སྦྱར་བྱ་དང་རབ་ཏུ་སྦྱོར་བ་པོ་ཞེས་པ་དག་ཅི་ཞེ་ན། སྨྲས་པ་རྡོ་རྗེ་ནི་གཟུང་བྱ་སྟེ། རང་གི་ངོ་བོ་ངེས་པར་གནས་པ་དང་དེ་ངེས་པར་གནས་པའོ། །ངེས་པར་གནས་པ་དེ་གང་སྦྱོར་བར་བྱེད་པ་དེ་ནི་སྦྱོར་བ་པོ་སྟེ་རྡོ་རྗེ་ནི་རབ་ཏུ་སྦྱར་བྱའོ། །དཎྚ་དང་སུཏྲ་དག་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། དཎྜ་དྷཱ་རཿ། སུཏྲ་དྷ་རཿ། སུ་ཏྲའི་ 195-1-276a མཚོན་ཆ་མིན་པ་བཀག་པའི་ཤེས་པར་བྱེད་པ་ལས་ཁ་ཅིག་ཏུ་མཚོན་ཆ་མ་ཡིན་པ་ལ་ཡང་ཨཙ་འགྱུར་ཏེ། དེས་ན། ཛྲ་ཊཱ་དྷ་རཿ། བྷུ་བྷ་རཿ། ཞེས་པ་ལ་སོགས་པ་གྲུབ་བོ། །དྷ་ནུས་དཎྚཏྤ་ཏུ་ལམ་གང་ལ་ཨཾ་ཀུ་ཤ་ཡཥྚི་ཤཀྟི་ཏོ་མ་ར་རྣམས་ལ་གྲཧི་ལས་ཡང་ནའོ། །དྷ་ ནུས་དང་དཎྜ་དང་ཏྤཏུ་དང་ལཾ་ག་ལ་དང་ཨཾ་ཀུ་ཤ་དང་ཡཥྚི་དང་ཤཀྟི་དང་ཏོ་མ་ར་ཞེས་པ་འདི་རྣམས་ཀྱི་ལས་ཀྱི་ཉེ་བའི་ཚིག་ལ་གྲཧི་ལས་ཨཙ་འགྱུར་རོ། །ཡང་ནའི་སྒྲ་ནི་སྡུད་པ་ལའོ། །གཞུ་འཛིན་པར་བྱེད་དོ་ཞེས་དྷ་ནུ་རྒྲཧཿ། དེ་བཞིན་དུ། དཎྜ་གྲཧཿ། ཏྤཏུ་གྲཧཿ། ལཱཾ་ག་ལ་གྲཧཿ། ཨཾ་ཀུ་ཤ་གྲཧཿ། ཡཥྚི་གྲཧཿ། ཤཀྟི་གྲཧཿ། ཏོ་མ་ར་གྲཧཿ། འདིས་ཨ་ཙའོ་གྷ་ཊཱི་དང་གྷཊ་ལས་ཀྱང་ཨཙ་འདོད་དེ། གྷ་ཊཱི་གྲཧཿ། གྷཊ་གྲཧཿ། སྟམྦ་ཀརྞ་དག་ལ་ར་མི་ཛ་པ་དག་གིའོ། །སྟམྦ་དང་ཀརྞ་དག་གིས་ཉེ་བའི་ཚིག་ལ་རྀ་མི་དང་ཛ་པི་དག་ལས་གྲངས་ཇི་ལྟ་བ་བཞིན་དུ། ལག་ལྡན་དང་སྐྱོ་མའི་དོན་དག་ལ་ཨཙ་འགྱུར་རོ། །སྟམྤེེར་མཿ། སྡོང་པོ་ལ་དགའ་བྱེད་དོ། །ཀརྞེ་ཛ་སཿ། རྣ་བར་ཟློས་པར་བྱེད་དོ་ལ་ཨཙའོ། །ཤམ་སྔ་མ་རྣམས་ལས་མིང་ལའོ། །བྱིངས་གང་རྣམས་ལས་སྔ་མར་ཤཾ་གྱི་སྒྲ་ཡོད་པ་དེ་རྣམས་ནི་ཤཾ་སྔ་མ་ཅན་རྣམས་སོ། །ཤམ་གྱི་སྒྲ་སྔ་མ་ཅན་གྱི་བྱིངས་གང་ཡིན་པ་དེ་རྣམས་ལས་མིང་གི་ཡུལ་ལ་ཨཙའི་རྐྱེན་འགྱུར་རོ། །བདེ་བར་ བྱེད་དོ་ཞེས་ཤངྐ་རཿ། བདེ་འབྱུང་ཞེས། ཤམྦྷ་བཿ། བདེ་སྤྱོད་ཅེས། ཤཾ་བ་དཿ། བདེ་མཆོག་ཅེས། ཤཾ་བ་རཿ། འདིས་ཨཙའོ། །ཤམ་ལ་མིང་ལའོ་ཞེས་བྱ་བ་ལ་སྔ་མ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ནོ། །གཞི་ལའང་ཤཱིང་ལས་སོ། །གཞི་ལ་ཉེ་བའི་ཚིག་ལ་ཤིང་ལས་ཨཙའི་རྐྱེན་འགྱུར་རོ། །མཁའ་ ལ་ཉལ་ལོ། །ཁ་ཤ་ཡཿ། དེ་བཞིན་དུ། བི་ལེ་ཤ་ཡཿ། བྱེད་པ་ལ་པཱཪྴ་ལ་སོགས་པ་རྣམས་ཉེ་བའི་ཚིག་ལ་ཨཙ་འདོད་དེ། པཱཪྴ་རྣམས་ལས་ཉལ་ལོ། །པཱཪྴ་ཤ་ཡཿ། ཨུཏྟཱ་ན་སོགས་རྣམས་ལ་བྱེད་པ་པོ་ལའོ། །ཨུཏྟཱ་ན་ཉལ་བར་བྱེད་དོ། །ཨུཏྟཱ་ན་ཤ་ཡཿ། ཨ་བ་སཱུ་ཙ་ཤ་ཡཿ། ཙ་རི་ལས་ཊའོ། །གཞི་ ལ་ཉེ་བའི་ཚིག་ལ་ཙ་རི་ལས་ཊའི་རྐྱེན་འགྱུར་རོ། །ཀུ་རུ་རྣམས་སུ་རྒྱུ་བར་བྱེད་དོ་ཀུ་རུ་ཙ་རཿ། རྐྱེན་གཞན་བྱེད་པ་ནི་བུད་མེད་ལ་ཨཱི་ཡིག་གི་དོན་ཏེ། ཀུ་རུ་ཙ་རཱིཿ། ཡང་སྒྲས་གཞན་ཡང་འདིར་ཉེ་བའི་ཚིག་ལ་ཙ་རི་ལས་ཊའི་རྐྱེན་འགྱུར་ཏེ། བསོད་སྙོམས་ལ་རྒྱུའོ་ཞེས་པ། བྷིཀྵཱ་ཙ་རཿ། དམིགས་རྒྱུའོ་ཞེས་སེ་ནཱ་ཙ་རཿ། 195-1-276b ལེན་པའི་ཆེད་དུ་རྒྱུ་བར་བྱེད་དོ་ཞེས། ཨཱ་དཱ་ཡ་ཙ་རཿ། ཉེ་བའི་ཚིག་འདི་རྣམས་ཁོ་ན་ལ་འདིར་རྐྱེན་བཤད་པར་བྱའོ། །སུ་རས་ཨ་གྲ་ཏས་ཨ་གྲེ་རྣམས་ལ་སཏྟཱི་ལས་སོ། །སུ་རས་དང་ཨ་གྲ་ཏས་དང་ཨ་གྲེ་རྣམས་ཉེ་བའི་ཚིག་ཨ་སྲི་འགྲོ་བ་ལའོ་ཞེས་པ་འདི་ལས་ཌའི་རྐྱེན་འགྱུར་རོ། །མདུན་དུ་འགྲོ་བར་བྱེད་དོ་ཞེས། པུ་རསྶ་རཿ། དེ་བཞིན་དུ། ཨ་གྲཏསྶ་རཿ། ཨ་གྲེ་ས་རཿ། ཨ་གྲེའི་ཨེ་ཡིག་གི་མཐའ་ཅན་མི་ཟད་པའོ། །པཱུརྦ་ལ་བྱེད་པ་པོ་ལའོ། །པཱུརྦའི་སྒྲ་བྱེད་པ་པོ་ཉེ་བའི་ཚིག་ལས་སརྟི་ལས་ཌའི་རྐྱེན་འགྱུར་རོ། །སྔོན་དུ་རྒྱུའོ་ཞེས། པཱུརྦ་ས་རཿ། བྱེད་པ་པོ་ཞེས་པ་ཅི་ཞེ་ན། སྔོན་གྱི་ཡུལ་ལ་འགྲོ་བར་བྱེད་དོ་ཞེས། པཱུརྦ་སཱ་རཿ། ཨཎའོ། །ཤཔྡ་ཤློ་ཀ་ཀ་ལ་ཧ་གཱ་ཐཱ་བཻ་ར་ཙཱ་ཊུ་སཱུ་ཏྲ་མནྟྲ་པཏ་རྣམས་མ་ཡིན་པ་ལ་ཀྲྀཉ་ལས་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པ་རྣམས་ལའོ། །ཤཔྡ་སོགས་བོར་བའི་ལས་ཉེ་བའི་ཚིག་ལ་ཀྲྀཉ་ལས་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པ་ལ་འཇུག་བཞིན་པ་ལ་ཌའི་རྐྱེན་འགྱུར་རོ། །འབྲས་བུ་སྒྲུབ་པ་ལ་ སྦྱོར་བའི་དངོས་པོ་ནི་རྒྱུའོ། །འབྲས་བུ་ལྟོས་མེད་དུ་འཇུག་པ་ནི་དེའི་ངང་ཚུལ་ལོ། །རྗེས་སུ་མཐུན་པ་ནི་རྗེས་སུ་མཐུན་པའང་རྒྱུ་ལ། བིདྱ་ཡ་ཤ་སྐི་ར། གྲགས་པ་བྱེད་དོ་ཞེས་པས་ཊའོ། །ཡ་ཤསའི་སྒྲའི་ས་ཡིག་རྣམ་པར་གཅད་པའོ། །མི་ཟད་པ་མིན་པའི་རྣམ་པར་གཅད་པ་ཞེས་པས་སའོ། །དེའི་ངང་ཚུལ་ལ། ཤཱདྡྷ་ཀཱ་རཿ། རྗེས་སུ་མཐུན་པ་ལ། ཨཱ་ཛྙ་ཀཱ་རཿ། བཱ་ཙ་ན་ཀཱ་རཿ། འདིས་ཌའི་རྐྱེན་ནོ། །ཤབྡ་སོགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། སྒྲ་བྱེད་དོ་ཞེས་པས། ཤབྡ་ཀཱ་རཿ། དེ་བཞིན་དུ། ཤློ་ཀ་ཀཱ་རཿ། ཀ་ལ་ཧ་ཀཱ་རཿ། གཱ་ཐཱ་ཀཱ་རཿ། བཻ་ར་ཀཱ་རཿ། ཙཱ་ཊུ་ཀཱ་རཿ། སུ་ཏྲ་ཀཱ་རཿ། མནྟྲ་ཀཱ་རཿ། པ་ད་ཀཱ་རཿ། ཚིགས་སུ་ བཅད་པ་བྱེད་དོ་ཞེས་པས་ལས་ལ་ཨཎའོ། །ཏྱད་སོགས་དང་ཨཱ་དི་ཨནྟ་ཨ་ནནྟ་ཀཱ་ར་བ་ཧུ་བཱ་ཧུ་ཨ་ཧས་དི་བཱ་པི་བྷ་ནི་ཤཱ་པྲ་བྷཱ་བྷས་ཙི་ཏྲ་ཀརྟྲྀ་ནཱནྡཱི་ཀི་མ་ལི་པི་ལི་བི་བ་ལི་བྷཀྟི་ཀྵེ་ཏྲ་གྲངས་རྣམས་ལའང་ངོ་། །ལས་ལ་ཞེས་པ་རྗེས་སུ་འཇུག་གོ། །ཏྱད་སོགས་དང་ཨཱ་དི་དང་ཨནྟ་དང་ཨ་ནནྟ་ཀཱར་དང་བ་ཧུ་དང་བཱ་ཧུ་དང་ཨ་ ཧས་དང་དི་བཱ་དང་བི་བྷ་དང་ནི་ཤཱ་དང་པྲ་བྷཱ་དང་བྷཱསྲ་དང་ཙི་ཏྲ་ཀརྟྲྀ་དང་ནཱནྡི་དང་ཀི་མ་དང་ལི་པི་དང་ལི་བི་དང་བ་ལི་དང་བྷཀྟི་ཀྵེ་ཏྲ་དང་གྲངས་ཏེ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཌའི་རྐྱེན་འགྱུར་རོ། །རྒྱུ་ལ་སོགས་པའི་དོན་བརྗོད་པ་མ་ཡིན་ནོ། །དེ་བྱེད་དོ་ཞེས་པས། ཏྱངྐ་རཿ། དེ་བཞིན་དུ། ཏཏྐརཿ། ཡཏྐརཿ། ཨཱ་དི་ 195-1-277a ཀརཿ། ཨནྟ་ཀརཿ། ཨཱ་ནནྟ་ཀརཿ། ཀཱར་ཀ་རཿ། མང་པོ་བྱེད་དོ་ཞེས། བཱ་ཧུ་ཀ་རཿ། བཱ་ཧུ་ཀ་རཿ། ཨ་ཧ་སྐརཿ། དི་བཱ་ཀ་རཿ། ཉིན་མོར་བྱེད་དོ་ཞེས་པའོ། །བི་བྷཱ་ཀ་རཿ། ནི་ཤཱ་ཀ་རཿ། པྲ་བྷ་ཀརཿ། བྷ་སྐརཿ། མི་ཟད་པ་མིན་པའི་རྣམ་པར་གཅད་པ་ཞེས་པས་ས་ཉིད་དོ། །ཙཏྲ་ཀ་རཿ། ཀརྟྲྀ་ཀ་རཿ། ནཱནྡི་ཀ་རཿ། ཀི་ཀ་རཿ། ལི་པི་ཀ་རཿ། ལི་བི་ཀ་རཿ། བི་ལི་ཀ་རཿ། བྷིཀྟི་ཀ་རཿ། ཀྵེ་ཏྲ་ཀ་རཿ། གྲངས་བཟུང་བས་དོན་གཟུང་བར་བྱ་སྟེ་དེས་ན། ཨེ་ཀ་ཀ་རཿ། དི་ཀ་རཿ། ཏྲི་ཀ་རཿ། བུད་མེད་ལ་ནི། ཏྱངྐ་རཿ། ཞེས་སོགས་སུ་འགྱུར་རོ། །འོ་ན་ཀི་ཀ་རཿ། ཡངྐ་རཿ། ཏཏྐ་རཿ། བ་ཧུ་ཀརཿ། ཞེས་པ་ཅི་ཞེ་ན། བརྗོད་པར་བྱ་སྟེ་འདི་རྣམས་ཨ་ཙ་སོགས་ཀྱི་ཚོགས་ཀྱི་དབུས་སུ་བཀླགས་པ་ལས་སོ། །ཀརྨའི་སྒྲ་ལས་གླ་ལས་སོ། །ཀརྨའི་སྒྲ་ལ་སྟེ་ཀརྨ་ཉེ་བའི་ཚིག་ལ་གླ་ལ་འཇུག་བཞིན་པ་ན་ཀྲྀཉ་ལས་ཊའི་རྐྱེན་འགྱུར་རོ། །གླ་ནི་རིན་ཏེ་ལས་བྱེད་དོ་ཞེས། ཀརྨ་ཀ་རཿ། གླ་ལས་ཞེས་པ་ཅི་ཞེ་ན། ཀརྨྨ་ཀཱ་རཿ། ཨཎའོ། །སྒྲ་སྨོས་པ་ནི་ཀརྨའི་རང་གི་ངོ་བོ་གཟུང་བའི་དོན་དུའོ། །སྟཾ་བ་ཤ་ཀྲིཏ་དག་ལ་འབྲུ་དང་བེའུ་དག་ལ་ཨིསའོ། །སྟམྤ་དང་ཤ་ཀྲྀཏ་དག་གི་ལས་ཉེ་བའི་ཚིག་ལ་གྲངས་བཞིན་དུ་འབྲུ་དང་བེའུའི་དོན་ལ་ཀྲིཉ་ལ་ཨི་སའི་རྐྱེན་འགྱུར་རོ། །སྟམྦ་ཀ་རི། འབྲུའོ། །ཤ་ཀྲྀ་ཏ་ཀ་རིཿ། འབྲུ་དང་བེའུ་དག་ལ་ཞེས་པ་ཅི་ཞེ་ན། སྟམྦ་ཀ་རཿ། ཤ་ཀྲིཏྐ་རཿ། དྲྀ་ཏྲི་ནཱ་ཐ་དག་ལ་ཧརྟི་ལས་ཕྱུགས་ལའོ། །དྲྀཏི་དང་ནཱ་ཐ་དག་གི་ལས་ཉེ་བའི་ཚིག་ལ་ཕྱུགས་ཀྱི་དོན་ལ་ཧྲི་ཉ་ལས་ཨིསྲ་འགྱུར་རོ། །དྲྀ་ཏི་ཧ་རིཿ། ནཱ་ཐ་ཧ་རིཿ། ཕྱུགས་ལ་ཞེས་པ་ཅི་ཞེ་ན། དྲྀ་ཏྲི་ཧཱ་རཿ། ནཱ་ཐ་ཧཱ་རཿ། ཨཎའོ། །ཕ་ལེ་མ་ལ་ར་ཛས་རྣམས་ལས་གྲ་ཧི་ལའོ། །ཕལ་དང་མལ་དང་ ར་ཛས་རྣམས་ལ་ལས་ཉེ་བའི་ཚིག་རྣམས་ལ་གྲ་ཧི་ལས་ཨིས་འགྱུར་རོ། །འབྲས་བུ་རྣམས་འཛིན་པར་བྱེད་དོ་ཞེས། ཕ་ལེ་གྲ་ཧིཿ། ཨེ་ཉིད་བརྗོད་པར་བྱའོ། །མ་ལ་གྲ་ཧིཿ། ར་ཛོ་གྲ་ཧིཿ། དེ་བ་བཱ་ཏ་དག་ལ་ཨ་པི་ལས་སོ། །དེ་བ་དང་བཱ་ཏ་དག་ཉེ་བའི་ཚིག་ལ་ཨཱཔྣོ་ཏི་ལས་ཨ་པི་འགྱུར་རོ། །དེ་བཱ་པིཿ། བཱ་ཏ་པིཿ། ཨཱཏྨ་ཨུ་ད་ར་ཀུཀྵི་རྣམས་ལ་བྷྲྀཉ་ལས་ཁིའོ། །ཨཱཏྨན་དང་ཨུ་ད་ར་ཞེས་པ་འདི་དག་ལས་ཉེ་བའི་ཚིག་ལ་ཌུབྷྲྀཉ་ལས་ཁིའི་རྐྱེན་འགྱུར་རོ། །བདག་ཉིད་འཛིན་ནོ་ཞེས་ཨཱཏྨཾ་བྷ་རེ། དེ་བཞིན་དུ་ཨུ་ད་རམྦྷ་རིཿ། ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་པས་མ་ཨཱ་ག་མའོ། །ཀུཀྵིའི་སྒྲ་ཉེ་བའི་ཚིག་ལ་ཡང་བྷྲྀཉ་ལས་ཁི་འདོད་ 195-1-277b དོ། །ཀུཀྵིམྦྷ་རིཿ། ཨེ་ཛི་ལས་ཁ་ཤའོ། །ཨེ་ཛི་ལས་ཨིན་མཐའ་གཟུང་བར་བྱའོ། །ལས་ཉེ་བའི་ཚིག་ལ་ཨེ་ཛི་གཡོ་བ་ལའོ་ཞེས་པ་འདིའི་ཨིན་མཐའ་ལས་ཁཤྲ་འགྱུར་རོ། །ཡན་ལག་བསྐྱོད་དུ་འཇུག་གོ་ཞེས། ཨཾ་ག་མེ་ཛ་ཡཿ། དེ་བཞིན་དུ། ཛ་ན་མེ་ཛ་ཡཿ། ཁ་ཤའོ། །ཨནའོ། །ཡོན་ཏན་ནོ། །ཤུ་ནཱི་སྟན་ མུཉྫ་ཀུ་ལ་ཨཱ་སྱ་པུཥྤ་རྣམས་ལ་དྷེཊ་ལས་སོ། །འདི་རྣམས་ཀྱི་ལས་ཉེ་བའི་ཚིག་རྣམས་ལ་དྷེཊ་ལས་ཁཤ་འགྱུར་རོ། །ཤུ་ནིནྡྷ་ཡཿ། སྟ་ནནྡྷ་ཡཿ། མུཉྫནྡྷ་ཡཿ། ཀུ་ལནྡྷ་ཡཿ། ཨཱ་སྱནྡྷ་ཡཿ། པུཥྤནྡྷ་ཡཿ། དྷེཊ་འཐུང་བ་ལའོ། །ཤུ་ནཱི་སོགས་ཉེ་བའི་ཚིག་རྣམས་སོ། །ནུ་མ་ལས་འཐུང་བར་བྱེད་དོ་ཁྱི་མོ་ལས་ འཐུང་བར་བྱེད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ཁཤའོ། །རིང་པོའི་ཉེ་བའི་ཚིག་གྲངས་མེད་པ་མིན་པའི་ཁ་རྗེས་སུ་འབྲེལ་པ་ལའོ་ཞེས་པས་ཤུ་ནིའི་སྒྲ་ཐུང་ངོ་། །ཐུང་བ་དང་ཨ་རུ་ཥ་དག་གི་མ་མཐའོ་ཞེས་པས་མ་ཨཱ་ག་མའོ། །ནཱི་ཊཱི་ཀ་ར་མུཥྚི་པཱ་ཎི་ནཱ་སི་ཀ་རྣམས་ལ་དྷྨཱ་ལས་ཀྱང་ངོ་། །འདི་རྣམས་ཀྱི་ལས་ཉེ་བའི་ ཚིག་རྣམས་ལ་དྷེཌ་ལས་ཁཤ་འགྱུར་རོ། །དྷྨཱ་སྒྲ་དང་མེ་སྦྱོར་བ་དག་ལའོ་ཞེས་པ་འདི་ལས་ཡང་ངོ་། །ནཱ་ཊིནྡྷ་ཡཿ། ཀ་རནྡྷ་ཡཿ། མུཥྚིནྡྷ་ཡཿ། སཱ་ཎིནྡྷ་ཡཿ། ནཱ་སི་ཀནྡྷ་ཡཿ། ནཱ་ཌིནྡྷ་མཿ། ཀ་རནྡྷ་མཿ། མུ་ཥྚིནྡྷ་མཿ། པཱ་ཎིནྡྷ་མཿ། ནཱ་སི་ཀནྡྷ་མཿ། དྷེཊ་འཐུང་བ་ལའོ། །དྷྨཱ་སྒྲ་ལའང་སྟེ་མེ་ཡང་དག་པར་སྦྱོར་ བ་ལའོ། །ནཱ་ཊི་སོགས་ཉེ་བའི་ཚིག་རྣམས་སོ། །རྩ་རྣམས་ལ་འཐུང་བར་བྱེད་དོ། །རྩ་རྣམས་ལ་སྒྲོགས་པར་བྱེད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ཁཤའོ། །ཨན་བི། ཨེ་ཨ་ཡ། དྷྨཱུའི་དྷ་མའོ། །ནཱ་ཌི་དང་ནཱ་སི་ཀཱའི་སྒྲ་དག་སྔ་མ་བཞིན་དུ་ཐུང་བ་དང་མ་ཨཱ་ག་མའོ། །བ་ཧི་བི་དྷུ་ཨ་རུས་ཏི་ལ་རྣམས་ལ་ ཏུད་ལས་སོ། །བ་ཧ་དང་བི་དྷ་ཨ་རུས་དང་ཏི་ལ་ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་རྣམས་ལ་ཏུད་ལས་ཁ་ཤི་འགྱུར་རོ། །བ་ཧུཾ་ཏུ་དཿ། བི་དྷུ་ནྟུ་དཿ། ཨ་རུནྟུ་དཿ། ཏི་ལནྟུ་དཿ། བ་ཧ་རྡུང་བར་བྱེད་དོ་ཞེས་པ་འདིས་ཁ་ཤའོ། །ཨ་ན་བི། ཏུད་སོགས་ཀྱི་ཨན་ལའོ་ཞེས་པས་ཡོན་ཏན་མེད་དོ། །སྔ་མ་བཞིན་དུ་མ་ ཨཱ་མ་གའོ། །བརྩེགས་པ་དང་པོའི་དྷུཊའི་འོ་ཞེས་པས་ཨ་རུས་ཞེས་པ་འདིའི་ས་ཡིག་གང་ཡིན་པ་དེ་དབྱིའོ། །བཱཏ་དང་། ས་ར་དྷཾ་དག་ཉེ་བའི་ཚིག་ལ་གྲངས་བཞིན་དུ་ཨ་ཛི་ཛ་ཧཱ་ཏི་དག་ལས་ཁ་ཤ་བཤད་པར་བྱ་སྟེ། རླུང་འགྲོ་བར་བྱེད་དོ་ཞེས། བཱ་ད་མ་ཛཿ། དེ་བཞིན་དུ། སརྡྷཾཛ་ཧཿ། ཨ་ཛ་འགྲོ་བ་ལའོ། །ཨོ་ཧཱ་ 195-1-278a ཀ་ཁ་ཤའོ། །ཨན་བི། ཛུ་ཧོ་ཏི་ལས་འཇིག་གོ། །ཛུ་ཧོ་ཏི་ལ་སོགས་ཀྱི་གཉིས་བརྗོད་དོ། །ཛ་ཧཱ་ཏིའི་ཨཱ་དབྱིའོ། །ཨ་སཱུརྱ་ཨུ་གྲ་དག་ལ་དྲྀ་ཤ་ལས་སོ། །ཀུན་སྡུད་པའི་ཟླས་དབྱེའོ། །ཨ་སཱུརྱ་དང་ཨུ་གྲ་དག་གི་ལས་ཉེ་བའི་ཚིག་ལ་དྲྀ་ཤ་ལས་ཁ་ཤ་འགྱུར་རོ། །ཉི་མ་ལ་ལྟ་ བར་མི་བྱེད་དོ་ཞེས་པ་ཨ་སཱུརྱ་པཾ་ཤྱཿ། ཨུ་གྲཾ་པ་ཤྱཿ། ལ་ལཱ་ཊ་ལ་ཏ་པ་ལས་སོ། །ལ་ལཱ་ཌའི་ལས་ཉེ་བའི་ཚིག་ལ་ཏ་པ་ལས་ཁ་ཤ་འགྱུར་རོ། །དཔྲལ་བ་ལ་ཚ་བར་བྱེད་དོ་ཞེས་པ་ལཱ་ལཱ་ཌནྟ་པཿ། མི་ཏ་ན་ཁ་ཡོངས་སུ་འཇལ་བ་རྣམས་ལ་པ་ཙ་ལས་སོ། །འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ལ་པ་ཙེ་ལས་ཁ་ཤྲ་ འགྱུར་རོ། །ཡོངས་སུ་འཇལ་བའི་སྒྲའི་དོན་གཟུང་བར་བྱའོ། །མི་ཏཾ་པ་ཙཿ། ན་ཁཾ་པ་ཙཿ། ཡོངས་སུ་འཇལ་བ་ལ། པྲསྠཾ་པ་ཙཿ། འཇིག་རྟེན་ན་རབ་ཏུ་གྲགས་པའི་ཡོངས་སུ་འཇལ་བ་གཟུང་བར་བྱའི་གང་གིས་ཡོངས་སུ་གཅད་པར་བྱ་བ་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། མཱ་ས་པ་ཙ་ཏི། ཨེ་ཀཾ་ པ་ཙ་ཏི། ཨཎའི་རྐྱེན་ཡང་མི་འགྱུར་ཏེ་མངོན་པར་བརྗོད་པ་མེད་པ་ལས་སོ། །ཀཱུ་ལ་ལས་ཨུ་དྲུ་ཛ་ཨདྤ་ཧ་དག་གིའོ། །རུ་ཛོ་འཇོམས་པ་བ་ཧ་ཐོབ་པ་ལའོ། །འདི་དག་ཨུད་སྔོན་མ་ཅན་དག་ལས། ཀུ་ལའི་ཉེ་བའི་ཚིག་ལ་ཁཤྲ་འགྱུར་རོ། །ཆུ་རླུང་འཁྲུག་གོ་ཞེས། ཀུ་ལ་མུ་དྲུ་ཛཿ། དེ་བཞིན་དུ། ཀུ་ལ་ མུ་ད་བ་ཧཿ། ཁཤའོ། །ཨནྲ་བིཿ། ཏུད་སོགས་ཀྱི་ཨན་ལ་ཞེས་པས་ཡོན་ཏན་མེད་དོ། །བ་ཧཾ་ལི་ཧ་ཨ་བྷྲ་ལི་ཧ་ཨི་རཾ་མ་དང་བ་རང་ཏ་པ་རྣམས་ཀྱང་ངོ་། །བ་ཧཾ་ལི་ཧཿ། ཨ་བྷཾ་ལི་ཧཿ། ཨི་རཾ་མ་ད། པ་རཾ་ཏ་པ་འདི་རྣམས་ཚིག་ཕྲད་དོ་ཞེས་པ་སྟེ། ལེགས་པ་ཉིད་ཀྱིས་སྨྲ་བར་བྱེད་དོ། །ལི་ཧ་ལ་བ་ཧ་དང་ ཨབྷྲ་ཞེས་པ་སྔོན་མ་ཉིད་ལས་ཁཤ་སྟེ། ཚིག་ཕྲད་དང་ཡོན་ཏན་མེད་པའོ། །བ་ཧ་ལི་ཧ། ཨ་བྷྲཾ་ལི་ཧ། ཐུང་བ་དང་ཨ་རུ་ཥ་དག་གི་ཞེས་པས་མ་ཨཱ་ག་མའོ། །ཨི་རཾ་མ་ད། མ་དཱི་དགའ་བ་ལའོ། །ཨི་རཱ་སྔོན་དུའོ། །ཨི་རའི་ས་དགའ་བར་བྱེད་དོ་ཞེས་ཁཤའོ། །ཚིག་ཕྲད་དོ། །དེ་བ་སོགས་ལས་ཡནའོ་ཞེས་ པ་འདིའི་མེད་པའང་ངོ་། །རིང་པོའི་ཉེ་བའི་ཚིག་ཅེས་པས་ཨི་རཱའི་སྒྲའི་ཐུང་ངུའོ། །པྲིཡ་བ་ཤ་དག་ལ་བ་དི་ལས་ཁའོ། །པྲིཡ་དང་བ་ཤ་དག་ལས་ཉེ་བའི་ཚིག་ལ། བ་དི་ལས་ཁའི་རྐྱེན་འགྱུར་རོ། །པྲི་ཡཾ་བདཿ། བ་ཤཾ་བ་དཿ། རྐྱེན་གཞན་བྱེད་པ་ནི་ཕྱི་མའི་དོན་དུའོ། །གལ་ཏེ་ཕྱི་མ་ལ་ཏཱ་པི་ལས་ཁཤའི་རྐྱེན་ 195-1-278b འགྱུར་བ་ལ་ཨན་བི་ཀ་ར་ཎ་ཡོད་པ་ལ་ཀཱ་རི་ཏ་དབྱི་བར་མི་འགྱུར་རོ། །ཤ་ཏྲུ་དང་པ་ར་དག་ལ་ཏཱ་པི་ལས་སོ། །འདི་དག་ནི་ལས་ཉེ་བའི་ཚིག་ལ་ཏ་པ་ཨིན་གྱི་མཐའ་ཅན་ལས་ཁའི་རྐྱེན་འགྱུར་རོ། །དགྲ་བོ་གདུང་དུ་འཇུག་གོ་ཞེས། ཤ་ཏྲུཾ་ཏ་པཿ། གཞན་གདུང་དུ་འཇུག་གོ་ཞེས། པ་རཾ་ཏ་པཿ། ཁའི་རྐྱེན་ནོ། ། ཀཱ་རི་ཏ་དབྱིའོ། །རྒྱུ་མཚན་མེད་པའི་ཡོངས་སུ་བཤད་པས་རིང་པོ་བཟློག་གོ། །སརྦ་ཀཱུ་ལ་ཨ་བྷྲ་ཀ་རི་ཥ་རྣམས་ལ་ཀཥ་ལས་སོ། །འདི་རྣམས་ཀྱི་ལས་ཉེ་བའི་ཚིག་རྣམས་ལ་ཀཥ་ལས་ཁའི་རྐྱེན་འགྱུར་རོ། །སརྦཾ་ཀཥཿ། ཀཱུ་ལཾ་ཀཥཿ།ཀ་རཱི་ཥཾ་ཀཥཿ། ཨ་བྷྲཾ་ཀཥཿ། འདིའི་ཥའོ། །བྷ་ཡ་རྀ་ཏི་མེ་གྷ་ རྣམས་ལ་ཀྲིཉ་ལས་སོ། །བྷཡ་དང་རྀཏི་དང་མེ་གྷ་ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་རྣམས་ལ་ཀྲྀཉ་ལས་ཁའི་རྐྱེན་འགྱུར་རོ། །བྷ་ཡཾ་ཀ་རཿ། རྀཏི་ཀ་རཿ། མེ་གྷཾ་ཀ་རཿ། ཁའི་རྐྱེན་ནོ། །ཀྵེ་མ་པྲི་ཡ་མ་དྲ་བྷ་དྲ་རྣམས་ལ་ཨཎའོ། །འདི་རྣམས་ཉེ་བའི་ཚིག་རྣམས་ལ་ཀྲྀཉ་ལས་ཁའི་རྐྱེན་འགྱུར་ཨཎ་ཡང་ངོ་། ། ཀྵེ་མ་ཀ་རཿ། པྲི་ཡཾ་ཀ་རཿ། མ་དྲཾ་ཀ་རཿ། བྷ་པྲི་ཀ་རཿ། ཕྱོགས་གཅིག་ལ། ཀྵེ་མཾ་ཀ་རཿ། པྲི་ཡཾ་ཀཱ་རཿ། མ་དྲཾ་ཀཱ་རཿ། བྷ་དྲཾ་ཀཱ་རཿ། ཨཎའོ། །ཅི་སྟེ་ཡང་ན་གཟུང་པ་མ་བྱས་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཁའི་རྐྱེན་ལ་རྣམ་པར་བརྟག་པ་སྤྱིར་ཐོབ་པར་འགྱུར་བ་ཁོ་ན་མ་ཡིན་ཏེ། འདིར་ཨཎ་སྨོས་པ་ལ་ཡོད་པ་ མིན་པའི་ཏིང་ངེ་འཛིན་ཨཎ་འགྱུར་བ་ཇི་ལྟ་བ་དེ་ལྟར་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པར་བརྗོད་པར་འདོད་པ་ཀྲྀཉ་ལས་རྒྱུ་ལའོ་ཞེས་པས་ཊའི་རྐྱེན་ཡང་འགྱུར་རོ། །ས་མཱ་བྷུཏ་ཅེས་པ་འདིས་ཕྱོགས་གཅིག་ལའང་ཇི་ལྟ་བར་འགྱུར་རོ། །དེའི་དོན་ལ་ཨཎ་སྨོས་པའོ། །དངོས་པོ་དང་བྱེད་པ་དག་ལ་ཨཱ་ཤི་ཏ་ལ་བྷཱུ་ ལས་སོ། །ཨཱ་ཤི་ཏའི་སྒྲ་ཉེ་བའི་ཚིག་ལ་བྷཱུ་ལས་དངོས་པོ་དང་བྱེད་པའི་དོན་ལའང་ཁའི་རྐྱེན་འགྱུར་རོ། །ཨཱ་ཤི་ཏའི་དངོས་པོ་ནི། ཨཱ་ཤི་ཏཾ་བྷ་བཾ། འདིས་ཨཱ་ཤི་ཏཾ་བྱེད་དོ། །ཨཱ་ཤི་ཏཾ་བྷ་བཾ། འདིས་ཁའོ། །མིང་ལ་ཏྲཱྀ་བྷྲྀ་བྲྀ་ཛི་དྷཱ་རི་ཏ་བི་ད་མི་ས་ཧ་རྣམས་ཀྱི་མིང་ལའོ། །ཏྲི་རྐྱལ་པ་ལའོ། །ཊུ་བྷྲཾ་ཉ་འཛིན་པ་ལའོ། ། བྲྀ་ཞེས་པས་བྲིང་དང་བྲྀཉ་དག་གཟུང་བར་བྱའོ། །ཛི་རྒྱལ་བ་ལའོ། །དྷྲཱྀ་ཞེས་པ་འདི་ཨིན་ལས་སོ། །ཏཔ་གདུང་བ་ལའོ། །ད་མུ་ཉེ་བར་ཞི་བ་ལའོ། །ཥཧ་བཟོད་པ་ལའོ། །འདི་རྣམས་ཀྱི་བྱིངས་རྣམས་ལས་མིང་ཉེ་བའི་ཚིག་ལ་མིང་གི་ཡུལ་ལ་ཁའི་རྐྱེན་འགྱུར་རོ། །ར་ཐཾ་ཏ་རཿ།བི་ཤྭཾ་བྷ་རཿ། བ་ཏིཾ་བ་རཿ། དྷ་ 195-1-279a ནཉྫ་ཡཿ། ཡུ་གཾ་དྷ་རཿ། ཨ་རཱ་ཏི་ན་པཿ། ཨ་རིནྡ་མཿ། སརྦཾ་ས་ཧཿ། འདིས་ཁའི་རྐྱེན་ནོ། །དྷཱ་རིའི་ཀཱ་རི་ཏ་དབྱིའོ། །རྒྱུ་མཚན་མེད་ནའི་ཡོངས་སུ་བཤད་པས་རང་བཞིན་གྱི་ཡོན་ཏན་ཏེ་ཐུང་ངུའོ། །མིང་ཞེས་པ་རྗེས་སུ་འཇུག་བཞིན་པ་ན་སླར་ཡང་མིང་ལ་ཞེས་པ་འདི་རྣམ་པ་ གསལ་བའི་དོན་དུའོ། །གམ་ལས་ཀྱང་ངོ་། །མིང་ཉེ་བའི་ཚིག་ལ་གམ་ལས་ཀྱང་མིང་གི་ཡུལ་ལ་ཁའི་རྐྱེན་དུ་འགྱུར་རོ། །སུ་ཏཾ་ག་མཿ། བྷུ་ཛ་ག་མཿ། སྦྱོར་བ་ཐ་དད་པ་ནི་ཕྱི་མའི་དོན་དུའོ། །ཨུ་རས་བི་ཧཱ་ཡས་དག་གི་ཨུ་ར་བི་ཧ་དག་ཀྱང་ངོ་། །ཨུ་རས་དང་བི་ཧཱ་ཡས་ཞེས་པ་འདི་དག་ཉེ་བའི་ཚིག་དག་ ལ་ག་མ་ལས་མིང་གི་ཡུལ་ལ་ཁའི་རྐྱེན་འགྱུར་ཞིང་། ཨུ་རས་དང་བི་ཧཱ་ཡས་དག་ཀྱང་གྲངས་ཇི་ལྟ་བ་བཞིན་དུ་ཨུ་ར་དང་བི་ཧ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །བྲང་གིས་འགྲོ་བར་བྱེད་པ་ནི། ཨུ་རཾ་ག་མཿ། ནམ་མཁས་འགྲོ་བར་བྱེད་པ་ནི། བི་ཧཾ་ག་མཿ། མིང་མ་ཡིན་པ་ལའང་ཌའོ། །མིང་ཉེ་བའི་ ཚིག་ལ་གམ་ལས་མིང་དང་མིང་མ་ཡིན་པའི་ཡུལ་ལ་ཡང་ཌའི་རྐྱེན་འགྱུར་རོ། །མཐའ་ལ་འགྲོའོ་ཞེས་པས་ཨནྟ་ཀཿ། དེ་བཞིན་དུ། ཨ་ཏྱནྟ་གཿ། ཨ་དྷྲ་གཿ། མདོ་སྔ་མ་ཡང་འཇུག་སྟེ། དེས་ན། བྲང་གིས་འགྲོ་བར་བྱེད་པ་ནི། ཨུ་ར་གཿ། ནམ་མཁས་འགྲོ་བར་བྱེད་པ་ནི། བི་ཧ་གཿ། བི་ཧཾ་ག་ཏུ་རཾ་ག་བྷུ་ཛཾ་ག་ རྣམས་ཀྱང་ངོ་། །སྒྲ་འདི་རྣམས་ལེགས་པ་ཉིད་ཀྱིས་ཚིག་ཕྲད་དུ་བསྟན་ཏོ། །སྔ་མས་ཌའི་རྐྱེན་གྲུབ་མོད། མ་ཡིག་ཨཱ་ག་མའི་དོན་དུ་ཚིག་ཕྲད་དོ། །བི་ཧཾ་གཿ། ཏུ་ར་གཿ། བྷུ་ཛཾ་གཿ། གམླྀ་འགྲོ་བ་ལའོ། །ནམ་མཁས་འགྲོ་བར་བྱེད་དོ། །མགྱོགས་པོས་འགྲོ་བར་བྱེད་དོ། །ལག་པ་དག་གིས་འགྲོ་ བར་བྱེད་དོ་ལ་ཌའོ། །ཨུ་རས་བི་ཧཱ་ཡས་དག་གི་ཞེས་པས་བི་ཧཱ་ཡས་ཀྱི་སྒྲ་བི་ཧ་རུ་བསྒྱུར་རོ། །གཞན་ལས་ཀྱང་ངོ་། །བྱིངས་གཞན་ལས་ཀྱང་ཇི་ལྟར་མཐོང་བ་བཞིན་ཌའི་རྐྱེན་འགྱུར་རོ། །རི་ལ་ཉལ་བ་ནི། གི་ར་ཤཿ། ཤིང་ལས་ཌའོ། །ཀུཉྫ་རྣམས་ལ་དགའ་བ་ནི་ཀུཉྫ་རཿ། ར་མི་ལས་ཌའོ། །ལས་ལ་ ཧནྟི་ལས་སྨོན་པ་འགྲོ་བ་དག་ལའོ། །ལས་ཉེ་བའི་ཚིག་ལ་སྨོན་པ་དང་འགྲོ་བ་དག་ལ་འཇུག་བཞིན་པའི་ཧནྟི་ལས་ཌ་རྐྱེན་དུ་འགྱུར་རོ། །དགྲ་ཉམས་པར་གྱུར་ཅིག །ཤ་ཏྲུ་ཧཿ། རྒྱང་གྲགས་གཅིག་འགྲོ། ཀྲོ་ཤ་ཧཿ། སླར་ཡང་ལས་སྨོས་པ་ནི་གོ་སླ་བའི་དོན་དུའོ། །ཀླེ་ཤ་ཏ་མས་དག་ལ་ཨ་པ་ལས་སོ། །ཀླེ་ཤ་ 195-1-279b དང་ཏ་མས་དག་ལས་ཉེ་བའི་ཚིག་དག་ལ་ཨ་པ་ལས་ཕ་རོལ་གྱི་ཧནྟི་གང་ཡིན་པ་དེ་ལས་ཊའི་རྐྱེན་འགྱུར་རོ། །ཀླེ་ཤ་ས་ཧཿ། ཏ་མོ་ས་ཧཿ། ཉོན་མོངས་པ་སེལ་བར་བྱེད་དོ། །མུན་པ་སེལ་བར་བྱེད་དོ་ཞེས་ལ་ཌའོ། །འོ་ན་བི་ཥཱ་ས་ཧ་དུཿཁཱ་ས་ཧཿ། ཅི་ཞེ་ན། བརྗོད་པར་བྱ་སྟེ། གཞན་ལས་ཀྱང་ངོ་ཞེས་པ་འདིས་འདིར་ ཌའི་རྐྱེན་ཏེ། སྦྱོར་བ་བརྩམས་པ་ནི་སྤྲོས་པའི་དོན་དུའོ། །ཀུ་མཱ་ར་ཤཱིརྵ་དག་ལ་ཎི་ནིའོ། །ཀུ་མཱ་ར་དང་ཤཱིརྵ་དག་གི་ལས་ཉེ་བའི་ཚིག་ལ་ཧནྟི་ལས་ཎི་ནིའི་རྐྱེན་འགྱུར་རོ། །ཀུ་མཱ་རགྷཱ་ཏཱི། ཤརྵ་གྷཱ་ཏི། ཎི་ནིའོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཎ་ཡིག་ནི་ཨི་ཙ་དང་འདྲ་བའི་དོན་ཏོ། །ཧནྟིའི་ཏའོ། །ཧནྟིའི་ཧའི་གྷིའོ། ། ཛཱ་ཡཱ་པ་ཏི་དག་ལ་མཚོན་བྱེད་ཅན་ལ་ཌ་ཀའོ། །གང་གི་མཚོན་པར་བྱེད་པའི་མཚན་མ་ཡོད་པ་དེ་ནི་མཚོན་བྱེད་ཅན་ནོ། །མནྟུ་སོགས་ཉིད་ལས་ཨ་ཡིག་གི་རྐྱེན་ནོ། །ཛཱ་ཡཱ་དང་བ་ཏི་དག་གི་ལས་ཉེ་བའི་ཚིག་ལ་ཧནྟི་ལས་ཌཀའི་རྐྱེན་འགྱུར་ཏེ། མཚན་ཉིད་དེ་མཚོན་པར་བྱེད་པ་དང་ལྡན་པའི་བྱེད་པ་པོའི་དོན་ལའོ། །ཛཱ་ ཡགྷྣཿ། ཀུ་མཱ་རགྷྣཿ། པ་ཏི་གྷྣཿ། ཀུ་མཱ་རཱི། འདིས་ཌཀའོ། །གམ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའི་ཡང་ངོ་ཞེས་པས་གྷའོ། །མི་མ་ཡིན་པ་བྱེད་པ་པོ་འང་ངོ་། །བྱིངས་དོན་གང་གི་བྱེད་པ་པོ་མ་ཡིན་པ་དེ་ནི་མི་བྱེད་པ་པོའོ། དེས་ན་དགག་པའི་བསྡུ་བའོ། །ལས་ཉེ་བའི་ཚིག་ལ་མི་ མ་ཡིན་པའི་བྱེད་པ་པོའི་བྱིངས་ཀྱི་དོན་ལ་འཇུག་བཞིན་པ་ན་ཧནྟི་ལས་ཌཀ་འགྱུར་རོ། །ཛ་ཡཱ་གྷྣ་སྟི་ལ་ཀཿ། པ་ཏི་གྷྣི་རེ་ཁཱ། ཤླེཥྻ་གྷྣཾ་མ་དྷུཿ། མི་མ་ཡིན་པའི་བྱེད་པའོ་ཞེས་པ་ཅི་ཞེ་ན། ཨཱ་ཁུ་གྷཱ་ཏོ་བྲྀ་ཥ་ལཿ། ལས་ལ་ཨཎའོ། །འོ་ན། ཀྲིཏྲ་གྷྣཿ། ཁལཿ། ཅི་ཞེ་ན། བརྗོད་པར་བྱ་སྟེ། ཀྲྀ་ཏྱ་དང་ཡུཊ་དག་གཞན་ལ་ ཡང་ཞེས་པའི་ཚིག་ལ་ཧ་ཏི་མ་གཏོགས་གྲུབ་པའི་བྱེད་པ་པོ་མིང་ལས་ན་ག་ར་སྔ་མ་ལས་ཧནྟི་ལས་ཌཀ་བཤད་པར་བྱའོ། །དེས་ན། འདིར་མི་འགྱུར་ཏེ། ན་ག་ར་གྷཱ་ཏི་ཧསྟི། ཧསྟི་ཀ་པཱ་ཌ་དག་ལ་ནུས་པ་ལའོ། །ཧསྟི་དང་ཀ་པཱ་ཌ་དག་གི་ལས་ཉེ་བའི་ཚིག་ལ་འཇུག་བཞིན་པའི་ཧནྟི་ལས་ཌཀ་འགྱུར་ཏེ། མི་བྱེད་པ་ པོའི་དོན་བརྗོད་པའོ། །ཧ་སྟི་གྷྣོ་མ་ནུ་ཥྱཿ། ཀ་པཱ་ཌ་གྷྣཿ། ནུས་པ་ལ་ཞེས་པ་ཅི་ཞེ་ན། ཁྱད་པར་གྱི་གླང་པོ་འཇོམས་པ་ནི། ཧསྟི་གྷཱ་ཏཿ། པཱ་ཎི་གྷ་ཏྲཱ་ཌ་གྷ་དག་བཟོ་བོ་ལའོ། །འདི་དག་བཟོ་བོའི་དོན་ལ་ཚིག་ཕྲད་དེ། པཱ་ཎཱི་གྷཿ། ཏཱ་ཊ་གྷཿ། ཞེས་པ་པཱ་ཎི་དང་ཏཱ་ཌ་སྔོན་མའི་ཧནྟི་ལས་ཌཀ་ཚིག་ཕྲད་དེ། གྷ་ཉིད་ཀྱི་ 195-1-280a མཐའི་དབྱངས་སོགས་དབྱི་བའང་ངོ་། །པཱ་ཎི་གྷཿ། ཏཱ་ཌ་གྷཿ། བཟོ་བོ་ལ་ཞེས་པ་ཅི་ཞེ་ན། པཱ་ཎི་གྷཱ་ཏཿ། ཏཱ་ཊགྷཱ་ཏཿ། ནགྣ་པ་ལི་ཏ་པྲི་ཡ་ཨནྡྷ་སྠུ་ལ་སུ་བྷ་ག་ཨཱ་ཌྷྱ་རྣམས་ལ་མ་བྱུང་བ་དེ་བྱུང་བ་རྣམས་ལ་ཀྲིཉ་ལས་བྱེད་པ་པོ་ལ་ཁྱུཊའོ། །མ་བྱུང་བ་དེ་བྱུང་བ་ནི་མ་བྱུང་བ་དེ་བྱུང་ བའོ། །མ་བྱུང་བ་དེ་བྱུང་བ་ལ་འཇུག་བཞིན་པའི་ནགྣ་ལ་སོགས་པའི་ལས་རྣམས་ཉེ་བའི་ཚིག་ལ་ཀྲྀཉ་ལས་བྱེད་པ་པོའི་དོན་ལ་ཁྱུཊ་འགྱུར་རོ། །གང་གིས་གཅེར་བུ་མ་ཡིན་པ་བྱེད་པ་དེ་ནི། ནགྣཾ་ཀ་ར་ཎཾ་གྷྲྀ་ཏཾ། འདིས་ཁྱུཊའོ། །ཁ་ཡིག་ནི་རིང་པོའི་ཉེ་བའི་ཚིག་ཅེས་པའི་དོན་ཏོ། །ཡུ་བུ་ཛྷ་ཞེས་པས་ཨན་ རུ་བསྒྱུར་རོ། །ཐུང་བ་དང་ཨ་རུ་ཥ་དག་ཅེས་པས་མ་ཨཱ་ག་མའོ། །དེ་བཞིན་དུ། པ་ལི་ཏ་ཀ་ར་ཎོ་མཱརྒཿ། པྲི་ཡ་ཀ་ར་ཎ་བརྡྷ་ནཾཿ། ཨནྡྷཾ་ཀ་ར་ཎཿཤོ་ཀཿ། སྠུ་ལཾ་ཀར་ཎཿད་དྷིཿ། སུ་བྷ་གཾ་ཀར་ཎཾ་རཱུ་པཾ། ཨཱཌྷྱ་ཀ་ར་ཎཾ་ཙིཏྟཾ། ཅི་སྟེ་མ་བྱུང་བ་དེ་བྱུང་བའི་དོན་ལ་ནགྣ་སོགས་རྣམས་ལས་རྩྭིའི་རྐྱེན་འདིར་མི་འགྱུར་བ་ཅིའི་ ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་ཁྱུཊའི་ཁ་ཡིག་གིས་མ་ཡིག་ཨཱ་ག་མར་འགྱུར་བས་ཅི་ལྟར་བྱས་པར་མི་འགྱུར། ཙྭིའི་རྐྱེན་གྱི་མཐའ་རྣམས་ཀྱི་མ་ཡིག་ཨཱ་ག་མ་ལ་སོགས་པ་ཐོབ་པ་མ་ཡིན་ཏེ། ཅིའི་རྐྱེན་མཐའ་མི་ཟད་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མ་བྱུང་བ་དེ་བྱུང་བ་ཞེས་པ་ཅི་ཞེ་ན། ཨཌྷྱཾ་ཀུརྦནྟི་ཏཻ་ལེན། བྱིངས་རྣམས་དོན་དུ་མ་ཅན་ཉིད་ཀྱི་ཕྱིར་འདིར་ཀ་རོ་ཏི་མངོན་པར་གསལ་བ་ལ་འཇུག་གོ། །བྷཱུ་ལས་བྱེད་པ་པོ་ལ་ཁིཥྞུ་ཁུ་ཀཉ་དག་གོ། །མ་བྱུང་བ་དེ་བྱུང་བ་ལ་འཇུག་བཞིན་པའི་ནགྣ་ལ་སོགས་པ་ཉེ་བའི་ཚིག་རྣམས་ལ་བྷ་བ་ཏི་ལས་བྱེད་པ་པོའི་དོན་ལ་ཁིཥྞུ་དང་ཁུ་ཀཉའི་རྐྱེན་དག་འགྱུར་རོ། །ནགྣཾ་བྷ་བིཥྞུཿ། ནགྣཾ་བྷཱ་བུ་ ཀཿ། པ་ལི་ཏཾ་བྷ་བིཥྞུཿ། པ་ལི་ཏཾ་བྷཱ་བུ་ཀཿ། པྲི་ཡཾ་བྷ་བིཥྞུཿ། པྲི་ཡཾ་བྷཱ་བུ་ཀཿ། ཨནྡྷཾ་བྷ་བིཥྞུཿ། ཨནྦྷཾ་བྷཱ་བུ་ཀཿ། སྠུ་ལཾ་བྷ་བིཥྞུཿ། སྠུ་ལཾ་བྷྱཱ་བུ་ཀཿ། སུ་བྷ་གཾ་བྷ་བིཥྞུཿ། སུ་བྷ་གཾ་བྷཱ་བུ་ཀཿ། ཨཌྜྷྱཾ་བྷིཥྞུཿ། ཨཱཌྜྷྱཾ་བྷཱ་བུ་ཀཿ། བྱེད་པ་པོ་ལ་ཀྲྀཏའོ་ཞེས་པས་བྱེད་པ་པོ་གཟུང་བ་ཐོབ་པ་ལ་སླར་ཡང་བྱེད་ པ་པོ་སྨོས་པ་ནི། བྱེད་པ་པོ་བཟློག་པའི་དོན་དུའོ། །བྷ་ཛ་ས་ཧ་དག་ལས་བིཎའོ། །མིང་ལ་ཞེས་པ་འཇུག་སྟེ། མིང་ཉེ་བའི་ཚིག་ལ་བྷ་ཛ་དང་ས་ཧ་དག་ལས་བིཎ་འགྱུར་རོ། །ཨརྡྷ་བྷཱ་ཀ །པྲབྷཱ་ཀ །པྲ་བྷ་ཥ་ཊ། བྷ་ཛ་བསྟེན་པ་ལའོ། །ཥཧ་བཟོད་པ་ལའོ། །བྱེད་ཕྱེད་དུ་འགོད་དོ། །རབ་ཏུ་འགོད་དོ། ། 195-1-280b འགྱོགས་པོར་ནུས་སོ་ཞེས་བིཎའོ། །ཎ་ཡིག་ནི་ཨི་ཙ་དང་འདྲ་བར་འགྱུར་བའི་དོན་ཏོ། །ཨི་ཡིག་ན་བརྗོད་པའི་དོན་ཏོ། །བི་དབྱིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །བ་ཧ་ལས་ཀྱང་ངོ་། །མིང་ཉེ་བའི་ཚིག་ལ་བ་ཧ་ལས་བིཎ་འགྱུར་རོ། །པྲཥྛ་བཱ་ཌཿ། འདིའི་ཏྱ་བཱ་ཌཱ་བ་ཧ་ཐོབ་པ་ལའོ། །གསར་དུ་ཐོབ་པར་ བྱེད་དོ། །ཉི་མ་ཐོབ་བྱེད་དོ་ཞེས་ལ་བིཎའོ། །ཨ་ཡིག་མཐའ་མ་ཡིན་པ་ཉེ་བའི་ཚིག་ལ་བ་ཧ་ལས་བིཎ་མ་མཐོང་སྟེ། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །དེས་ན་འདིར་མི་འགྱུར་ཏེ། ཤཱ་ལཱི་བ་ཧ་ཏི། སྦྱོར་བ་རྣམ་པར་དབྱེ་བ་ནི་ཕྱི་མའི་དོན་ཏོ། །ཨ་ནས་ལ་ཌའང་ངོ་། །ཨ་ནས་ལ་ཉེ་བའི་ཚིག་ལ་བ་ཧ་ལས་ བིཎ་འགྱུར་ཞིང་ཨ་ནས་ཀྱིའང་མཐའ་ཌའོ། །ཨན་ཌྭན། བཧ་ཐོབ་པ་ལའོ། །ཨ་ནས་སྔོན་དུའོ། །ཤིང་རྟ་ཐོབ་པར་བྱེད་དོ་ཞེས་ལ་བིཎའོ། །ཨ་ནས་ལ་ཞེས་པས་འདིའི་ཌའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །སི་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །བརྩེགས་པའི་མཐའ་དབྱིའོ། །ཌ་ཞེས་པ་འདི་བསྒྱུར་བ་ཡིན་གྱི་ རྐྱེན་མ་ཡིན་ཏེ། ཨ་ན་ཌྭ་ཧའི་འང་ངོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཀ་བྱ་ཧ་བྱ་སུ་རཱི་ཥ་པུ་རི་ཥྚྱ་རྣམས་ལ་ཎུཊའོ། །འདི་རྣམས་ཉེ་བའི་ཚིག་ལ་བ་ཧ་ལས་ཎུཊ་འགྱུར་རོ། །ཀ་བྱ་བཱ་ཧ་ནཿ། ཧ་བྱ་བཱ་ཧ་ནཿ། སུ་རཱི་ཥ་བཱ་ཧ་ནཿ། པུ་རཱིཥྚྱ་བ་ཧ་ནཿ། ཎྚུ་ཊའོ། །ཨ་བ་ཡཱཿ། ཨུཀྠ། པུ་རོ་ཊཱཿ། ཤྭེ་ཏ་བཿ། རྣམས་ ཀྱང་ངོ་། །འདི་རྣམས་ཀྱི་སྒྲ་ལེགས་པ་ཉིད་ཀྱིས་ཚིག་ཕྲད་དུ་བརྗོད་དེ། ཨ་བ་ཡཱཿ། ཨུ་རྐྠ་ཤཱཿ། པུ་རོ་ཌཱཿ། ཤྭེ་ཏ་བཿ། ཡཛ་ལྷ་མཆོད་པ་ལས་སོ། །ཤྲནྶུ་བསྟོད་པ་ལའོ། །ད་ཤྲི་སྦྱིན་པ་ལའོ། །བཧ་ཐོབ་པ་ལའོ། །ཨ་བ་དང་ཨུརྐྠ་དང་པུ་རས་དང་ཤྭེ་ཏ་ཞེས་པ་སྔོན་དུའོ། །ངེས་པར་མཆོད་དོ། །བསྟོད་ པར་བྱེད་དོ། །སྔོན་དུ་སྦྱིན་པར་བྱེད་དོ། །དཀར་པོས་འཐོབ་པར་བྱེད་དོ་ཞེས་ལཌ་པའི་ཚིག་ཕྲད་དོ། །མཐའི་དབྱངས་དང་པོ་སོགས་དབྱིའོ། །དའི་ཌ་ཉིད་དོ། །ཨནྜུ་དང་ཨས་མཐའི་འང་ཞེས་པས་རིང་པོའོ། །བོད་པའི་ཡུལ་ལ་རིང་པོ་ཉིད་ཀྱང་ཚིག་ཕྲད་དེ། དེས་ན། ཧེ་ཨ་བ་ཡཱཿ། ཧེ་ཨུཀྠ་ཤཱཿ། ཧེ་པུ་ རོ་ཌཱཿ། ཏེ་ཤྭེ་ཏ་བཱཿ། དུཧ་ལས་ཀ་སྡེ་གྷ་རུའང་ངོ་། །ལས་ལ་ཞེས་པ་ཁོ་ནའོ། །ལས་ཉེ་བའི་ཚིག་ལ་དུ་ཧ་ལས་ཀའི་རྐྱེན་འགྱུར་ཏེ་གྷ་ཡིག་ཏུ་བསྒྱུར་བ་འང་ངོ་། །ཀཱ་མ་དུགྷཱཿ། འདོད་པ་འཇོའོ་ཞེས་པ་འདིས་ཀའི་རྐྱེན་ནོ། །ཧའི་གྷ་ཉིད་དུའང་བསྒྱུར་རོ། །བུད་མེད་ལས་ཨཱ་པའོ། །ཀྲ་མི་ག་མི་ཁ་ནི་ས་ནི་ཛན་ 195-1-281a རྣམས་ཀྱི་བིཊའོ། །མིང་ཉེ་བའི་ཚིག་ལ་འདི་རྣམས་ལས་བིཊ་འགྱུར་རོ། །དུ་ར་ཀྲཱཿ། ཨ་གྲེ་གཱཿ། བིཤ་ཁཱཿ། གོ་སཱཿ། ཨབྫཱཿ། རིང་དུ་འགྲོ་བར་བྱེད་དོ། །རྩེ་མོར་འགྲོ་བར་བྱེད་དོ། །དུག་རྣམས་རྐོ་བར་བྱེད་དོ། །བ་ལང་སྦྱིན་པར་བྱེད་དོ། །ཆུ་རྣམས་ལས་སྐྱེ་བར་ བྱེད་དོ་ཞེས་ལ་བིཊའོ། །ཊ་ཡིག་ནི་བིཊ་བན་དག་ལ་ཨའོ་ཞེས་པའི་དོན་ནོ། །བིའི་དབྱིའོ། །བིཊ་བན་དག་ལ་ཞེས་པས་ཨཱ་ཉིད་དོ། །ཨནྣ་མ་ཡིན་པ་ལ་ཨད་ལས་སོ། །ཨནྣ་མ་ཡིན་པ་ཨནྣ་བོར་བའི་མིང་ཉེ་བའི་ཚིག་ལ་ཨ་ན་ཌཱ་ལས་བིཊ་ཕ་རོལ་ཏུ་འགྱུར་རོ། །མ་ཚོས་པ་ཟ་བར་བྱེད་དོ་ཞེས་ ཨཱ་མཱཏ། སསྱཱཏ། བིཊའོ། །ཨནྣ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨནྣདཿ། ཨཎའོ། །ཟེག་ གོང་གི་ཀ་བྱ་ཧ་བྱ་སོགས་ནས་འདིའི་བར་མདོ་རྩ་བའི་གོ་རིམས་དང་ཚིག་ཕྲད་མང་ཉུང་ཅུང་ཟད་མ་མཚུངས་ཀྱང་གཞུང་གཅིག་ན་འདི་བཞིན་ཡོད་པའི་རྟགས་སུ་མངོན་ནོ། མ་ཟ་བར་བྱེད་པ་ནི། ཀ་ཎ་དཿ། ཞེས་པ་འདིར་མི་འགྱུར་ཏེ་མངོན་པར་ བརྗོད་པ་མེད་པ་ལས་སོ། །ཀྲ་བྱ་ལའང་ངོ་། །ཀྲ་བྱ་ཉེ་བའི་ཚིག་ལའང་ཨདི་ལས་བིཊ་འགྱུར་ཏེ། ཤ་ཟ་བར་བྱེད་དོ་ཞེས་ཀྲ་བྱ་ཀ་ཏ་ཏེ། སྔ་མས་གྲུབ་པ་ལ་སྦྱོར་བ་བརྩམས་པ་ནི་རབ་ཏུ་སྤྲོས་པའི་དོན་ཏོ། །ཉེར་བསྒྱུར་ལ་ཡང་མ་ནིན་ཀྭ་ནི་པ་བ་ནི་པ་རྣམས་ཀྱང་ངོ་། །ཉེར་བསྒྱུར་ཉེ་བའི་ཚིག་ལ་བྱིངས་ ལས་མ་ནིན་དང་ཀྭ་ནི་པྲ་དང་བ་ནི་པ་ཞེས་པའི་རྐྱེན་འདི་རྣམས་འགྱུར་ཞིང་། ཀྱང་གི་སྒྲ་ནི་བིཊ་སྡུད་པའི་དོན་དུའོ། །ཡང་གི་སྒྲས་ཉེར་བསྒྱུར་མེད་པ་ལ་ཡང་ངོ་། །སུ་དཱ་མཱཿ། མཛེས་པར་སྦྱིན་པར་བྱེད་དོ་ཞེས་ལ་མ་ནིནའོ། །སུ་དྷཱི་བཱ། ལེགས་པར་འཛིན་པར་བྱེད་དོ་ཞེས་ལ་ཀྭ་ནིཔའོ། །ད་མ་གཱ་ཡ་ ཏི་ཞེས་པས་ཨཱི་ཉིད་དོ། །བྷུ་རི་ད་ད་བཱ། མང་པོ་སྟེར་བར་བྱེད་དོ་ཞེས་ལ་བ་ནིཔའོ། །ཉེར་བསྒྱུར་མེད་པ་ལ་ཡང་དྷི་བཱ། སཱི་བཱ། ཀྭ་ནིཔའོ། །སྔ་མ་བཞིན་དུ་ཨཱི་ཉིད་དོ། །ཀཱི་ལཱ་ལ་པཱཿ། ཆུ་འཐུང་བར་བྱེད་དོ་ཞེས་ལ་བིཊའོ། །ཀྭིཔའང་ངོ་། །བྱིངས་ལས་ཀྭིཔའི་རྐྱེན་འགྱུར་རོ། །ཨུ་ཁཱ་ པྲ་ཏཿ། པཪྞ་དྷྭ་ཏཿ། རླུང་ཡབ་ཀྱིས་ལྟུང་བར་བྱེད་དོ། །ལོ་མ་འཇིག་པར་བྱེད་དོ་ཞེས་ཀྭིཔའོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པས་ན་དབྱིའོ། །སྲ་སི་དྷྭ་ས་དག་གི་འང་ངོ་ཞེས་པས་དའོ། །གྷྲྀ་ཏ་སྤྲི་ཀྲ། མནྟྲ་སྤྲྀཀ །མར་ལ་རེག་པར་བྱེད་དོ། །སྔགས་ཀྱིས་རེག་པར་བྱེད་དོ་ཞེས་ལ་ 195-1-281b ཀྭིཔྲའོ། །ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་ཞེས་པས་ག་ཡིག་དང་ཀ་ཉིད་ཀྱང་ངོ་། །རྀ་ཏྭི་ཀ་ད་དྷྲྀཀ་པྲཀ་དིཀྲ་ཨུཥྞི་ཧ་རྣམས་ཀྱང་ངོ་། །རྀ་ཏྭི་ཀ་དང་ད་དྷྲྀཀ་དང་པྲཀ་དང་དིཀ་དང་ཨུཥྞི་ཧ་འདི་རྣམས་ཀྱི་སྒྲ་ཚིག་ཕྲད་དེ། རྀ་ཏྭི་ཀ་རི་ཏུ་སྔོན་མའི་ཡཛ་ལས་མཆོད་དུ་འགྲོ་བར་བྱེད་དོ་ཞེས་ཀྭིཔྲའོ། །སྭ་པི་ བ་ཙི་ཡཛ་སོགས་ཞེས་པས་སམྤྲ་སཱ་ར་ཎའོ། །སྒྲ་འདི་ཚིག་ཕྲད་དེ་ཁྱད་པར་གྱི་ཡུལ་ལ་འཇུག་པའི་དོན་དུའོ། །ད་དྷྲྀཀ་ཉི་དྷྲྀཥ་སྤྱི་བརྟོལ་བྱེད་དོ་ཞེས་ཀྭིཔྲའོ། །གཉིས་བརྗོད་པ་ཚིག་ཕྲད་དོ། །དྲྀཤ་སོགས་ཉིད་ལས་གའོ། །པྲཀ་པྲྀཛ་འདོར་བ་ལའོ། །འདོར་བར་བྱའོ་ཞེས་ལས་ཀྱི་དོན་ལ་ཀྭིཔྲའོ། ། ཚིག་ཕྲད་དོ། །ཨི་ཡིག་ཨཱ་ག་མའོ། །དཀྲ་དིཤ་ཤིན་ཏུ་འདོར་བ་ལའོ། །ཤིན་ཏུ་འདོར་བར་བྱའོ་ཞེས་ལས་ཀྱི་དོན་ལ་ཀྭིཔྲ་སྟེ་ཚིག་ཕྲད་དོ། །ཨུཥྞི་ཀ །སྣིཧ་དགའ་བ་ལའོ། །ཨུཏ་སྔོན་དུའོ། །ཤིན་ཏུ་དགའ་བར་བྱའོ་ཞེས་ཀྭིཔྲའོ། །ཨུཏ་ཀྱི་ཏ་ཕྱིས་པ་ཚིག་ཕྲད་དོ། །ཏྱད་སོགས་ལ་དཔེ་ལ་དྲྀ་ ཤ་ལས་ལས་ལ་ཊཀ་སཀ་དག་ཀྱང་ངོ་། །ལས་ལ་ཞེས་པ་ཁོ་ནའོ། །ལས་ལ་དཔེ་ལ། ཏྱད་སོགས་ཉེ་བའི་ཚིག་ལ་དྲྀ་ཤ་ལས། ལས་ཀྱི་དོན་ལ་ཀྭིཔ་འགྱུར་ཏེ། ཊཀ་དང་སཀ་དག་ཀྱང་ངོ་། །ཏྱ་ཏྲྀཀ །ཏྱཱ་དྲཱྀ་ཤ། ཏྱཱ་དྲྀ་ཀྵཿ། ཏཱ་དྲྀ་ཤཿ། ཏཱ་དྲྀཀྵཿ། དེ་ལྟ་བུའི་དཔེར་བྱའོ། །འདི་ལྟ་བུའི་དཔེར་བྱའོ་ཞེས་དྲྀ་ཤ་ལས་ཀྭིཔ་དང་ ཊཀ་དང་ས་ཀའོ། །ཀྭིཔ་ཕ་རོལ་ལ་དྲྀ་ཤ་སོགས་ཉིད་ཀྱི་ཕྱིར་ག་ཉིད་དོ། །སཀ་ལ་ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །སརྦ་ནཱ་མའི་ཨཱའོ་ཞེས་པས་ཨཱ་ཉིད་དོ། །ལས་ལ་ཞེས་པ་ཅི་ཞེ་ན། ཏེ་ནེ་བ་དྲྀ་ཤྱ་ཏེ། དཔེ་ལ་ཞེས་པ་ཅི་ཞེ་ན། ས་དྲྀ་ཤྱ་ཏེ། ཏྱད་སོགས་ལ་ཞེས་པ་ ཅི་ཞེ་ན། དེ་བ་ཨི་བ་དྲི་ཤྱ་ཏེ། ས་ཨི་བ་པ་ཤྱ་ཏི། ཨནྱའི་སྒྲ་ཉེ་བའི་ཚིག་ལ་དྲྀ་ཤ་ལས་ཀྭིཔྲ་དང་ཊཀ་དང་སཀ་བཤད་པར་བྱ་སྟེ། གཞན་ལྟ་བུར་མཐོང་བ་ནི། ཨནྱཱ་དྲྀ་ཀཿ། ཨནྱཱ་དྲྀ་ཤཿ། ཨནྱཱ་དྲིཀྵཿ། སྔ་མ་བཞིན་དུ་ཨཱ་ཉིད་དོ། །མིང་ལས་རིགས་མ་ཡིན་པ་ལ་ཎི་ནི་སྟེ་དེའི་ངང་ཚུལ་ལའོ། ། རིགས་མ་ཡིན་པ་རྗོད་པར་བྱེད་པའི་མིང་ཉེ་བའི་ཚིག་ལ་བྱིངས་ལས་དེའི་ལས་དེའི་ངང་ཚུལ་རྟོགས་པར་བྱ་བཞིན་པ་ལ་ཎི་ནིའི་རྐྱེན་འགྱུར་རོ། །ཨུཥྞ་བྷོ་ཛཱི། ཤིགྷྲ་བྷོ་ཛཱ། ཨུ་དཱ་སཱ་རཱ། པྲཏྱ་སཱ་རི། བྷུ་ཛ་བསྟེན་པ་ལའོ། །སྲྀ་འགྲོ་བ་ལའོ། །ཨུཏྲ་དང་ཨཱཌ་དང་པྲ་ཏི་དང་ཨཱཾ་སྔོན་མ་ལས་ཎིནའོ། ། 195-1-282a འཕེལ་བའོ། །རིགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བྲཧྨ་ཎཱ་ནྣི་མནྟྲ་ཡི་ཏཱ། མ་ཏྲི་གསང་བ་སྨྲ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ནི་སྔོན་དུའོ། །ཙུ་ར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཏྲི་ནའོ་ཞེས་པས་ཏྲི་ནའོ། །ཨིཊའོ། །ཡོན་ཏན་ནོ། །དེའི་ངང་ ཚུལ་ལ་ཞེས་པ་ཅི་ཞེ་ན། ཤཱི་གྷྲཾ་བྷུཾ་ཀྟེ། གྲོང་དུ་མྱུར་བར་བདག་འགྲོའོ་ཞེས་པའོ། །འོ་ན་སཱ་དྷུ་ཀཱ་རཱི་འདིར་དེའི་ངང་ཚུལ་རྟོགས་པ་མ་ཡིན་པའི་ཇི་ལྟར་ཞེ་ན། བདེན་ཏེ། དེའི་ངང་ཚུལ་ནི་དེའི་ཆོས་དེ་ལེགས་པར་བྱེད་པ་རྣམས་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་འགྱུར་རོ། །བྱེད་པ་པོ་ལ་ཉེ་བར་ འཇལ་བ་ལའོ། །བྱེད་པ་པོ་ཉེ་བའི་ཚིག་ལ་བྱིངས་ལས་ཎི་ནི་འགྱུར་རོ། །རིགས་ཀྱི་དོན་དང་དེའི་ངང་ཚུལ་མ་ཡིན་པ་བརྗོད་པ་ལའོ། །རྔ་མོ་བཞིན་དུ་ངུ་བར་བྱེད་པ་ནི་ཨུཥྚ་ཀྲོ་ཤཱི། ཀྲོ་ཤི་ལས་འདིས་ཎི་ནིའོ། །བྱ་རོག་ལྟར་སྒྲོགས་པ་ནི། དྷྭཾ་ཀྵ་བི་རཱ་བཱི། རུ་སྒྲ་ལའོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨ་བུ་པཱ་ནི་བ་བྷཀྵ་ཡ་ཏི་མ་ཥཱན། བྷཀྵ་ལ་ཙུ་ར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཉེ་བར་འཇལ་བ་ལ་ཞེས་པ་ཅི་ཞེ་ན། ཨུཥྡྷྲཿ། ཀྲོ་ཤ་ཏི། བརྟུལ་ཞུགས་དང་ཡང་ཡང་དག་ལའང་ངོ་། །མིང་ཉེ་བའི་ཚིག་ལ་བྱིངས་ལས་བརྟུལ་ཞུགས་དང་ཡང་ཡང་རྟོགས་པར་བྱ་བཞིན་པ་ལའང་ཎི་ནིའི་རྐྱེན་འགྱུར་རོ། ། ཡང་ཡང་ནི་ཡང་ཡང་དུ་བྱེད་པའོ། །རེ་ཞིག་ལ་བརྟུལ་ཞུགས་ལ། ཨ་ཤྲདྡྷཱ་བྷོ་ཛཱི། ཨ་ལ་བ་ཎ་བྷོ་ཛཱི། ཤིད་ཟན་མི་ཟའོ། །ལན་ཚྭ་མི་ཟའོ་ཞེས་ལ་ཎི་ནིའོ། །ཡང་ཡང་ལ། ཀྵི་ར་པཱ་ཡ་ཎི་ཨུ་ཤཱི་ན་རཿ། ཀ་ཥཱ་ཡ་པཱ་ཡི་ཎོ་གཱཾ་དྷཱ་རཱཿ། འོ་མ་དང་ཙབ་མོ་ཡང་ཡང་དུ་འཐུང་བར་བྱེད་དོ་ཞེས་པའི་ དོན་ཏེ། མན་ལས་ཏེ་འདིར་སྐྱེས་པ་བཞིན་འང་ངོ་། །མིང་ཉེ་བའི་ཚིག་ལ་མན་ལས་ཎི་ནིའི་རྐྱེན་འགྱུར་ཏེ། འདི་དང་འདིར་ཡང་ཎི་ནིའི་རྐྱེན་གྱི་མཐའ་ལ་སྔ་མ་དང་ཕྱི་མའི་ཚིག་དག་ཏུ་མ་ནྱ་ཏི་སྐྱེས་པ་དང་ཡང་འདྲ་བར་འགྱུར་རོ། །སྐྱེས་པ་དང་འདྲ་བའི་དངོས་པོར་སྒྲུབ་པ་ལ་སྐྱེས་པ་དང་འདྲ་བའི་དངོས་པོའི་ ཚིག་ནི་མི་མཚུངས་པར་སྤྱིར་བཏང་བའི་དོན་དུའོ། །མཛེས་པར་སེམས་ལ་ནི། ཤྭ་བྷ་ན་མཱ་ནཱི་བ་ཌཱི། ཤེས་པ་མ་ནི། བ་ཊུ་མཱ་ནཱི། པ་ཊྭཱིའི་སྒྲ་སྐྱེས་པ་བཞིན་ནོ། །སྐྱེས་པར་བཤད་པ་ཨུང་མ་ཡིན་པའི་མཐའ་ནི་སྐྱེས་པ་དང་འདྲ་བའི་དངོས་པོར་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། 195-1-282b ཁ་ཊྭ་མཱ་ནི་ནཱི། ཁྲི་ནས་ཁེངས་པ་ཅན་མ་ཞེས་པའོ། །བྲཧྨ་བནྡྷུ་མཱ་ནི་ནི། ཎི་ནིའོ། །རྀ་དང་ན་མཐའ་རྣམས་ལས་ནི་ཨཱིའོ། །བདག་ཉིད་ལ་ཁ་ཤའང་ངོ་། །སེམས་པར་བྱེད་པ་དང་ཁེངས་པར་བྱེད་པ་ནི་བདག་ཉིད་ལ་འཇུག་བཞིན་པའི་མན་ལས་ཎི་ནིའི་རྐྱེན་འགྱུར་ཞིང་ཁཤའི་རྐྱེན་འང་ངོ་། །བལྟ་ན་སྡུག་ པའི་བདག་ཉིད་དུ་སེམས་པ་མོ། །དཪྴ་ནཱི་ཡ་མཱ་ནཱི། པཎྜི་ཏ་མཱ་ནཱི། དཪྴ་ནཱི་ཡཾ་མ་ནྱཿ། པཎྜི་ཏཾ་མནྱཿ། ཁཤའོ། །དིབ་སོགས་ལས་ཡནའོ། །ཐུང་བ་དང་ཨ་ཧུ་ཥ་དག་གི་ཞེས་པས་ལ་ཡིག་ཨཱ་ག་མའོ། །བདག་ཉིད་ལ་ཞེས་པ་ཅི་ཞེ་ན། པཎྜི་ཏཾ། དེ་བ་དཏྟོ་ཡ་ཛྙ་དཏྟཾ་མནྱ་ཏེ། བྱེད་པ་ལ་ཡ་ཛ་ ལས་འདས་པ་ལའོ། །བྱེད་པ་ཉེ་བའི་ཚིག་ལ་འདས་པའི་དུས་ལ་ཡཛ་ལས་ཎི་ནིའི་རྐྱེན་འགྱུར་རོ། །ཨགྣིཥྚོ་མ་ཡཱ་ཛཱི། པུ་ཏྲོ་སྱ་ཛ་ནི་ཏཱ། མེའི་མཆོད་སྦྱིན་བྱས་ཟིན་ཏོ་ཞེས་ལ་ཎི་ནིའོ། །འདས་པ་ལ་ཞེས་པ་ཅི་ཞེ་ན། ཨགྣིཥྚོ་མེ་ན་ཡ་ཛ་ཏེ། ལས་ལ་ཧན་ལས་སྨད་པ་ལའོ། །འདས་པ་ལ་ཞེས་པ་ འཇུག་སྟེ། བརྟ་མཱ་ན་ལ་དང་པོའི་ཞེས་པ་འདི་ལས་གོང་དུའོ། །ལས་ཉེ་བའི་ཚིག་ལ་ཧན་ལས་འདས་པའི་དུས་ལས་ཎི་ནིའི་རྐྱེན་འགྱུར་རོ། །པི་ཏྲྀ་བྱ་གྷཱ་ཏཱི། མཱ་ཏུ་ལ་གྷཱ་ཏཱི། ཁུ་བོ་བཅོམ་པར་བྱས་ཟིན་ཏོ། །ཞང་པོ་བཅོམ་ཟིན་ཏོ་ཞེས་ལ་ཎི་ནིའོ། །སྨད་པ་ལ་ནི་བཤད་པར་བྱའོ། །དེས་ན་འདིར་མི་ འགྱུར་ཏེ། ཙཽ་རཾ་ཧ་ཏ་བཱནྲ། ཧན་ལས་དེའི་ཞེས་དང་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །བ་ན་ཏི་ཏ་ནོ་ཏི་སོགས་ཞེས་པས་ལྔ་པ་དབྱིའོ། །བྲཧྨ་བྷྲཱུ་ཎ་བྲྀ་ཏྲ་རྣམས་ལ་ཀྭིཔྲའོ། །བྲཧྨ་དང་བྷྲཱུཎ་དང་བྲྀ་ཏྲ་ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ལ་ཧནྟི་ལས་འདས་པའི་དུས་རྟོགས་བཞིན་པ་ལ་ཀྭིཔ་འགྱུར་ རོ། །ཚངས་པ་བཅོམ་ཟིན་ཏོ། །བྲཧྨ་ཧཱ། དེ་བཞིན་དུ། བྷྲུ་ཎ་ཧཱ། བྲྀ་ཏྲ་ཧཱ། ཀྭིཔའོ། །མདོ་འདིས་འཆད་པར་འགྱུར་བའི་མདོ་གསུམ་ལའང་ཀྭིཔ་ཞེས་པ་འདིས་གྲུབ་པ་ཉིད་ཀྱི་ཕྱིར་སྤྲོས་པའི་དོན་ཏོ་ཞེས་གསུང་ངོ་། །སུ་པུ་ཎྱ་པཱ་པ་ཀརྨ་མནྟྲ་པ་ད་རྣམས་ལ་ཀྲྀཉ་ལས་སོ། །འདི་ རྣམས་ལས་ཉེ་བའི་ཚིག་རྣམས་ལ་འདས་པའི་དུས་ལ་འཇུག་བཞིན་པའི་ཀྲྀཉ་ལས་ཀྭིཔ་འགྱུར་རོ། །ལས་ལ་ཞེས་པའོ། །པུའི་སྒྲའི་ཁྱད་པར་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །མཛེས་པར་བྱས་ཟིན་ཏོ། །སུ་ཀྲྀཏ། དེ་བཞིན་དུ། པུ་ཎྱ་ཀྲྀཏ། པཱ་བ་ཀྲྀཏ། ཀརྨ་ཀྲྀཏ། མནྟྲ་ཀྲྀཏ། པད་ཀྲྀཏ། 195-1-283a བྱིངས་ཀྱི་ཏ་མཐའོ། །སོ་མ་ལ་སུཉ་ལས་སོ། །སོ་མའི་སྒྲ་ཉེ་བའི་ཚིག་ལ་སུཉ་ལས་འདས་པའི་དུས་ལ་ཀྭིཔ་འགྱུར་རོ། །སོ་མས་བཀྲུས་ཟིན་ནོ། །སོ་མ་པུ་ཏ། ཀྭིཔའོ། །བྱིངས་ཀྱི་མཐའ་ལ་ཏའོ། །ཨགྣི་ལ་ཙི་ལས་སོ། །ཨགྣི་ལས་ཉེ་བའི་ཚིག་ལ་ཙི་ལས་འདས་ པའི་དུས་རྟོགས་བཞིན་པ་ལ་ཀྭིཔ་ཕ་རོལ་ཏུ་འགྱུར་རོ། །མེ་བསགས་ཟིན་ལ་ཨགྣི་ཙིཏ། ཀྭིཔའོ། །བི་ཀྲཱི་ལས་སྨད་པ་ལ་ཨིནའོ། །ལས་ཉེ་བའི་ཚིག་ལ་བི་སྔོན་མ་ལས་སྨད་པ་དང་འདས་པའི་དུས་རྟོགས་བཞིན་པ་ལ་ཀྲིཎ་ཏི་ལས་ཨིན་འགྱུར་རོ། །ལཱ་ཀྵ་བི་ཀྲ་ཡཱི་བྲཧྨ་ཎ། རྒྱ་སྐྱེགས་བཙོངས་ ཟིན་ལ་ཨིནྲའོ། །ཡོན་ཏན་ནོ། །དེ་བཞིན་དུ། ལ་བ་ཎ་བི་ཀྲ་ཡཱི། འདིར་སྨི་ཛི་ཀྲི་ཨིང་རྣམས་ཀྱི་ཨིན་ལའོ་ཞེས་པས་ཨཱ་ཉིད་དུ་མི་འགྱུར་ཏོ། །ཨཌ་དང་ཨི་ཙ་ལྷན་ཅིག་སྤྱོད་པའི་ཨིན་དེར་སྨོས་པའི་ཕྱིར་རོ། །སྨད་པ་ལ་ཞེས་པ་ཅི་ཞེ་ན། ལ་བ་ཎ་བི་ཀྲ་ཡོ་བ་ཎི་ཀ །ཨཎའོ། །དྲྀ་ཤི་ལས་ཀྭ་ནིཔྲའོ། ། ལས་ཉེ་བའི་ཚིག་ལ་འདས་པའི་དུས་ལ་དྲྀ་ཤི་ལས་ཀྭ་ནིཔྲ་རྐྱེན་དུ་འགྱུར་རོ། །མེ་རུ་དྲི་ཤྭཱ། རི་རབ་མཐོང་ཟིན་ཞེས་ལ་འདིས་ཀྭ་ནི་པའོ། །པ་རྗེས་སུ་འབྲེལ་པ་བྱེད་པ་ཕྱི་མ་ལ་ཏ་ཡིག་ཨཱ་ག་མའི་དོན་ཏོ། །ས་ཧ་རཱ་ཛནྲ་དག་ལ་ཡུ་དྷ་ལས་སོ། །ས་ཧ་དང་རཱ་ཛན་ཞེས་པ་འདི་དག་གི་ལས་ཉེ་བའི་ཚིག་དག་ལ་ ཡུ་དྷི་ལས་འདས་པའི་དུས་ལ་ཀྭ་ནི་པ་རྐྱེན་དུ་འགྱུར་རོ། །གལ་ཏེ་འདིར་ལས་ལ་ཞེས་པ་འཇུག་སྟེ་དེས་ན་རཱ་ཛའི་ཁྱད་པར་ལ་འཇུག་གི་མི་ཟད་པ་ཉིད་ཀྱི་ཕྱིར་ས་ཧའི་སྒྲ་མ་ཡིན་ཏེ། རཛྙ་ཡུ་དྷྱ་ནྟེ། ཅི་ལྟར་རོ་ཡིན་ཏེ་ལས་རྗེས་སུ་འབྲེལ་བ་མེད་དོ་ཞེ་ན། ཨིན་གྱི་དོན་ཡོད་པ་སྟེ། རབ་ཏུ་སྦྱོར་བ་དགོས་པ་དང་ལྡན་ པ་རྟོགས་པར་བྱའོ། །ལྷན་ཅིག་ཏུ་གཡུལ་ཟིན། ས་ཧ་ཡུདྷྭ། རྒྱལ་པོས་གཡུལ་ཟིན། ར་ཛ་ཡུདྷྭཱ། ཀྭ་ནིཔྲའོ། །ཀྲྀཉ་ལས་ཀྱང་ངོ་། །ས་ཧ་དང་རཱ་ཛན་དག་ལས་ཉེ་བའི་ཚིག་དག་ལ་འདས་པ་ལ་འཇུག་བཞིན་པའི་ཀྲྀཉ་ལས་ཀྭ་ནི་པ་འགྱུར་རོ། །ལྷན་ཅིག་བྱས་ཟིན། ས་ཧ་ཀྲྀ་ཏྭ། རྒྱལ་པོ་ བྱས་ཟིན། ར་ཛཱ་ཀྲྀཏ། འདིས་ཀྭ་ནི་པའོ། །བདུན་པ་དང་ལྔ་པ་མཐའ་ལ་ཛ་ནི་ལས་ཌའོ། །ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །བདུན་པའི་མཐའ་ཅན་དང་། ལྔ་པའི་མཐའ་ཅན་ཉེ་བའི་ཚིག་ལ་འདས་པའི་དུས་ལ་ཛི་ནི་ལས་ཌའི་རྐྱེན་འགྱུར་རོ། །རིགས་ལས་སྐྱེས་པ་ནི། ཀུ་ལ་ཛཾ། ཆུ་ལས་ 195-1-283b སྐྱེས་པ་ནི། ཛ་ལ་ཛཾ། མཚོ་ལས་སྐྱེས་པ་ནི། སཱ་ར་སི་ཛཾ། སྐྱོ་བ་སྐྱེས་པ་ནི། ཁ་ད་ཛཾ། བྲམ་ཟེ་རྣམས་སྐྱེས་པ་ནི། བྲཧྨ་ཎ་ཛཾ། འདིས་ཌའོ། །གཞན་ལའང་ངོ་། །གཞན་ལ་ཡང་ཉེ་བའི་ཚིག་ལ་འདས་པའི་དུས་ལ་ཛ་ནི་ལས་ཌའི་རྐྱེན་འགྱུར་རོ། །མ་སྐྱེས་པར་གྱུར་པ་ནི། ཨ་ཛཿ། སྐྱེས་པའི་རྗེས་ སུ་སྐྱེས་པ་ནི། པུ་མ་ནུ་ཛཿ། བུད་མེད་ཀྱི་རྗེས་སུ་སྐྱེས་པ་ནི། སྡྱཱ་ནུ་ཛཿ། རྗེས་སུ་སྐྱེས་པ་ནི། ཨ་ནུ་ཛཿ། གཉིས་སྐྱེས་པ་ནི། དྭི་ཛཿ། འདིས་ཌའོ། །ནིཥྛཱའོ། །བྱིངས་ལས་འདས་དུས་ལ་ནིཥྛཱའི་རྐྱེན་འགྱུར་རོ། །ཀྲྀ་ཏཿ། ཀྲྀ་ཏ་བཱནྲ། ཧྲྀ་ཏཿ། ཧྲྀ་ཏ་བཱནཿ། སུ་ཡ་ཛ་དག་ལས་དྭ་ནི་པའོ། །ཥུཉ་དང་ ཡཛ་དག་ལས་འདས་པའི་དུས་ལ་དྭ་ནིཔ་རྐྱེན་དུ་འགྱུར་རོ། །ཀུན་བཤད་པའི་སྐབས་ཡིན་པས་དེ་ཉིད་ཀྱི་ཨིན་མོད་སྨོས་པ་ལས་སོ། །གཞན་ལ་ཡང་ཨའི་ཨུ་པ་དྷཱ་ཞེས་པ་འདིར་འཕེལ་བར་མི་འགྱུར་ཏེ། ཁྲུས་བྱས་ཟིན། སུ་ཏྭཱ། མཆོད་པ་བྱས་ཟིན། ཡ་ཛཱ། འདིས་དྭ་ནི་པའོ། །ང་ཡིག་ནི་ང་ལ་ ཡོན་ཏན་མེད་དོ་ཞེས་པའི་དོན་ཏོ། །བྱིངས་ཀྱི་མཐའ་ལ་ཏའོ། །ཛཱིཪྻ་ཏི་ལས་ཨནྟྲྀ་ནའོ། །ཛྲཱིཥ་ལང་ཚོ་ཉམས་པ་ལའོ་ཞེས་པའི་ལས་འདས་པའི་དུས་ལ་ཨནྟྲྀན་རྐྱེན་དུ་འགྱུར་རོ། །ན་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཛ་རན། ཛྲིཥ་ལང་ཚོ་ཉམས་པ་ལའོ། །ལང་ཚོ་ཉམས་ཟིན་ཞེས་ལ་འདིས་ཨནྟྲྀ་ ནའོ། །རྀ་ཡིག་ནི་ཨུཏ་དང་རྀ་ཡིག་ཅེས་པའི་དོན་ཏོ། །ཡོན་ཏན་ནོ། །ཛྲྰིཥྲ་ལས་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏའི་སྐབས་རྐང་པ་གསུམ་པ་རྫོགས་སོ།། །།ཀཱནྶུ་ཀཱན་དག་པ་རོཉཀྵ་བཞིན་འང་ངོ་། ། བྱིངས་ལས་འདས་པའི་དུས་ལ་ཀྭོནྤུ་དང་ཀཱན་དག་རྐྱེན་དུ་འགྱུར་ཞིང་དེ་དག་ཀྱང་པ་རོཉཀྵ་བཞིན་དུ་འགྱུར་རོ། །པ་རོ྅ཀྵ་ཕ་རོལ་ལ་གང་བཤད་པ་དེ་འདི་དག་ལ་འགྱུར་རོ། །བེ་ཙི་བཱན། བེ་ཙ་ནཿ། ཌུ་པ་ཙ་ཥ་འཚེད་པ་ལའོ། །འདིས་ཀྭནྶུ་དང་ཀཱན་དག་གོ། །པ་རོ྅ཀྵ་བཞིན་དུ་འགྱུར་བས། ཙ་ཎ་པ་ རོ྅ཀྵ་ཞེས་པས་གཉིས་བརྗོད་དོ། །གསལ་བྱེད་གཅིག་པུ་པའི་དབུས་ཞེས་པས་ཨེ་ཉིད་དང་ཨ་བྷྱས་དབྱི་བ་དག་གོ། །ཨརྟི་ཨིཎ་གྷས་དབྱངས་གཅིག་པ་ཞེས་པས་ཨིཊའོ། །ཛཀྵི་བཱན། བྱ་ཏི་ཛཀྵ་ཎཿ། ཨཏ་ལ་ཀྭནྶུ་དང་ཀཱན་དག་གོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་གྷསླྀའོ། །གཉིས་བརྗོད་ 195-1-284a དོ། །ཨ་བྷྱཱ་སའི་བྱ་བའོ། །སྔ་མ་བཞིན་དུ་ཨིཊའོ། །གམ་ཧ་ན་ཛ་ན་ཁ་ན་གྷས་ཞེས་པས། ཨུ་པས་ཨུ་པ་དྷཱ་དབྱིའོ། །སྒྲ་མེད་པ་ལ་དང་པོའོ་ཞེས་པས་གྷའི་ཀའོ། །ཤཱ་ས་བ་སི་གྷ་སི་རྣམས་ཀྱིའང་ངོ་ཞེས་པས་ཥའོ། །ཀྭནྶུ་འདིས་ཀ་ཡིག་གཉིས་བཀླག་པར་བྱ་སྟེ། དེའི་ དགོས་པ། ཤི་ཤཱི་རྦནྲ་སོགས་ལ་རྀཏ་མཐའ་རྣམས་ཀྱིའང་ངོ་ཞེས་པ། འདིའི་ཡང་ཡོན་ཏན་དགག་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་པའོ། །ཀཱནའི་རྐྱེན་ལའང་དེའི་དོན་ཉིད་ཀྱི་ཀ་ཡིག་གོ། །དེས་ན། ཤི་ཤི་རཱ་ཎཿ། ཤྲྀ་འཚེ་བ་ལའོ། །ཀྭནྶུ་དང་ཀཱན་དག་གོ། །རྀཏ་མཐའི་ཞེས་པས་ཨིརའོ། །ནཱ་མི་ ཞེས་པས་རིང་པོའོ། །གཉིས་བརྗོད་དོ། །འདིའི་ཡང་དགོས་པ་ནི་ཀྭནྶུ་ལ་ཀ་ཡིག་གཉིས་བཀླག་པར་བྱ་བས་པ་བྷ་ཛྭན་ཞེས་སོགས་ལ། ཨ་ནུ་ཥཾ་ག་དབྱི་བ་ཇི་ལྟ་བར་འགྱུར་གྱི་ཨིནྡྷི་ཤྲནྠི་གྲནྠི་དམྦྷི་རྣམས་ཀྱི་ཞེས་པའི་ངེས་པ་ལས་ཐོབ་པ་མ་ཡིན་ནོ། །བརྟ་མཱ་ནཱ་ལ། དང་པོ་དང་གཞི་གཅིག་མིན་པ་དང་བོད་ པ་དག་ལ། ཤནྟྲྀང་ཨཱན་ཤ་དག་གོ། །གཅིག་ཀྱང་དེ་ཡིན་ལ་གཞི་ཡང་དེ་ཡིན་པ་ནི་གཞི་གཅིག་པའོ། །དང་པོ་དང་གཞི་གཅིག་པ་ནི། དང་པོ་གཞི་གཅིག་སྟེ། དེས་ན་དགག་པའི་བསྡུ་བའོ། །བོད་པའི་སྒྲ་དང་ལྷན་ཅིག་ཟླས་དབྱེ་བའོ། །བྱིངས་ལས་ད་ལྟར་བའི་དུས་ལ་ཤནྟྲྀང་དང་། ཨན་ཤ་ཞེས་ པ་འདི་དག་གི་རྐྱེན་འགྱུར་ཞིང་། དང་པོའི་གཞི་གཅིག་པ་མ་ཡིན་པ་དང་། བོད་པར་གྱུར་པ་ལ་འོང་ངོ་། །དང་པོའི་མཐའ་གཞི་མཚུངས་པར་གྱུར་པ་ལ་མི་འགྱུར་ཞིང་བོད་པའི་ཡུལ་ལ་ཡང་འགྱུར་རོ་ཞེས་པའི་དོན་ཏོ། །དང་པོ་དང་གཞི་གཅིག་མ་ཡིན་པ་ཞེས་བཀག་པ་འདི་བོད་པའི་སྒྲ་ལ་འགེགས་པ་མ་ཡིན་ ནོ། །པཾ་ཙཱ། དེ་བ་དཏྟཾ་པ་ཤྱ་པ་ཙ་མཱན་དེ་བ་དཏྟཾ་པ་ཤྱ། པ་ཙ་ལས་ཤནྟྲྀང་དང་ཨཱ་ན་ཤ་དག་གོ། །ཨནྲ་བི། ཨ་ལས་ཨཱ་ན་ལ་མ་མཐའོ་ཞེས་པས་མ་ཡིག་ཨཱ་ག་མའོ། །དེ་བཞིན་དུ། པ་ཙ་ཏཱ་དེ་བ་དཏྟ་ན་ཀྲྀ་ཏཾ། པ་ཙ་མཱ་ནེ་དེ་བ་དཏྟེ་ན་ཀྲྀ་ཏཾ། བོད་པ་ལ། ཧེ་པ་ཙནྡེ་བ་དཏྟཿ། ཧེ་པ་ཙ་མཱན་དེ་བ་དཏྟཿ། དང་ པོ་དང་གཞི་གཅིག་མིན་པ་སྨོས་པ་ཅི་ཞེ་ན། པ་ཙ་ཏི་དེ་བ་དཏྟཿ། དང་པོ་དང་གཞི་གཅིག་མ་ཡིན་པ་ཞེས་དགག་པ་ལ། ནཉ་བསྟན་པ་མི་རྟག་གོ་ཞེས་པའི་ཚིག་ལས་དེ་མི་རྟག་པར་གྱུར་པ་ན། ས་ན་བྲཧྨ་ཎཿ། ཨསྟི་བྲཧྨ་ཎཿ། བིདྱ་མཱ་ནོ་བྲཧྨ་ཎཿ། བིདྱ་ཏེ་བྲཱཧྨ་ཎཿ། བིདྱ་ཏེ་བྲཱཧྨ་ཎཿ། ཨས་ཡོད་པ་ལའོ། ། 195-1-284b བིད་ཡོད་པ་ལའོ། །ཤནྟྲྀང་དང་ཨཱན་ཤ་དག་གོ། །ཨན་པ། ཨད་སོགས་ལས་འཇིག་གོ། །དིབ་སོགས་ལས་ཡནྲའོ། །ཨསྟིའི་དང་པོའོ་ཞེས་པས་ཨ་དབྱིའོ། །ཨ་ལས་ཨཱ་ན་ལ་མ་མཐའོ་ཞེས་པས་མ་ཡིག་ཨཱ་ག་མའོ། །གལ་ཏེ་དང་པོ་དང་གཞི་གཅིག་མ་ཡིན་པ་སྨོས་པ་དོན་མེད་དོ་ཞེ་ན། དེ་ལྟར་ བརྗོད་པར་བྱ་བ་མ་ཡིན་ཏེ། དང་པོ་དང་གཞི་གཅིག་མ་ཡིན་པ་སྨོས་པ་ཡོད་པ་མིན་པ་ཇི་ལྟ་བ་ཁོ་ན། དང་པོ་མ་ཡིན་པ་ཉིད་ཀྱིས་དང་པོའི་གཞི་གཅིག་པ་ལ་རྟག་ཏུ་འགྱུར་བ་ཇི་ལྟ་བ་དེ་ལྟར་གཞི་གཅིག་པ་ལ་ཡང་འགྱུར་བར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་རྟག་ཏུ་མི་འགྱུར་རོ་ཞེས་པས་དང་པོའི་གཞི་ གཅིག་མ་ཡིན་པ་ཞེས་པ་དོན་དང་བཅས་པའོ། །བྱ་བའི་མཚོན་བྱེད་རྒྱུ་དག་ལའོ། །བརྟ་མཱ་ནཱ་ཞེས་པ་འཇུག་སྟེ་བྱུང་བར་གྱུར་པ་ཡང་དག་པར་བསྔགས་པའི་བར་དུའོ། །རྒྱུ་ནི་རྒྱུའོ། །གང་གི་མཚོན་པར་བྱེད་པ་དེ་མཚོན་བྱེད་དོ། །བྱེད་པའི་རྒྱུ་དང་མཚོན་བྱེད་ཀྱི་རྒྱུ་དག་གི་དོན་ལ་བྱིངས་ལས་ད་ལྟར་བ་ལ་ ཤནྟྲྀང་དང་ཨན་ཤ་དག་གི་རྐྱེན་འགྱུར་ཏེ། དེ་དག་ཀྱང་བྱ་བའི་ཡུལ་གྱི་མཚོན་བྱེད་དང་རྒྱུ་དག་ལ་འགྱུར་རོ། །བྱ་བ་གང་གིས་མཚོན་པར་བྱེད་པ་དང་བྱ་བ་གང་གིས་རྒྱུར་འགྱུར་བའོ་ཞེས་པའི་དོན་ཏོ། །རེ་ཞིག་མཚོན་བྱེད་ལ། ཏིཥྛ་ནྟོ་ནུ་ཤཱས་ཏིག་ཎཀཱཿཤིཥྱ་ན། ཥྛ་འགྲོ་བ་ལྡོག་པ་ལའོ། །ཤནྟྲྀངའོ། །ཨནྲ་བི། ཏིཥྛ་རུ་བསྒྱུར་རོ། །ཛས་སོ། །འདིར་གནས་ཀྱིས་རྗེས་སུ་བསྟན་པ་མཚོན་པར་བྱེད་པ་སྟེ་གང་གི་ཚེ་རྩིས་མཁན་རྣམས་གནས་པ་དེའི་ཚེ་སློབ་མ་རྣམས་ལ་རྗེས་སུ་སྟོན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ། ཤ་ཡཱ་ནཱ་བྷུཉྫ་ཏེ་ཡ་བ་ནཿ། ཤིང་ཉལ་བ་ལའོ། །ཨཱན་ཤའོ། །ཤཱིངའི་བྱིངས་ཐམས་ཅད་ལའོ། ། ཞེས་པས་ཡོན་ཏན་ནོ། །འདིར་ཉལ་བས་ཟ་བ་མཚོན་པར་བྱེད་པ་སྟེ་གང་གི་ཚེ་ཡ་བ་ན་རྣམས་ཉལ་བ་དེའི་ཚེ་ཟ་བར་བྱེད་དོ་ཞེས་པའི་དོན་ཏོ། །རྒྱུ་ལ། ཨརྫ་ཡ་ན་བ་ས་ཏི། ཨརྫ་སོ་སོར་འབད་པ་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཤནྟྲྀངའོ། །ཨན་བི། ཡོན་ཏན་ནོ། །འདིར་ཨརྫ་ གནས་པའི་རྒྱུའོ། །དེ་བཞིན་དུ། ཨ་དྷཱི་ཡཱ་ནོ་ལ་བྷ་ཏེ་ཀ་ནྱཱཾ། ཨིང་གློག་པ་ལའོ། །ཨཱན་ཤའོ། །དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་གོ་ཞེས་པས་ཨིཡའོ། །འདིར་ཀློག་པ་མཛེས་མ་ཐོབ་པའི་རྒྱུའོ། །མཚོན་བྱེད་དང་རྒྱུ་དག་ལ་ཅི་ཞེ་ན། པ་ཙ་ཏི་ཙ། པ་ཋ་ཏི་ཙ། འདིར་འཚེད་པ་དང་ 195-1-285a ཀློག་པ་མཚོན་བྱེད་མིན་ཞིང་རྒྱུ་ཡང་མ་ཡིན་ནོ། །བྱ་བའི་ཞེས་པ་ཅི་ཞེ་ན། དྲ་བྱ་གུ་ཎ་ཡོརྨ་བྷུཏྲ། བྱ་བ་ཁོ་ནའི་འོ། །ཡཱ་ཀཾ་པ་ཏེ་སོ་ཤྭཏྠཿ། ཀ་པི་གཡོ་བ་ལའོ། །འདིར་གཡོ་ཞིང་གཡོ་བའོ། །དེས་ན་ཨ་ཤྭཏྠའི་རྫས་མཚོན་པར་བྱེད་ཀྱི་བྱ་བ་ནི་མ་ཡིན་ནོ། །ཡ་དུ་ཏྲཔླ་བ་ཏེ་ ཏལླ་གྷུཿ། འདིར་ཅིའི་ཕྱིར་མི་འགྱུར་ཏེ། ཧནྟི་ཨི་ཏི་པ་ལཱ་ཡ་ཏེ། བཪྵ་ཨི་ཏི་དྷཱ་བ་ཏི། ཧ་ནན་དང་བཪྵ་ཎ་དག་པ་ལཱ་ཡ་ན་དང་། དྷཱ་བ་ན་དག་གི་རྒྱུར་འགྱུར་རོ་ཞེ་ན། བདེན་ཏེ། ཨི་ཏི་འདིར་རྒྱུ་བརྗོད་པ་མ་ཡིན་ཏེ། ཨི་ཏིའི་རྐྱེན་མེད་པའི་ཕྱིར་རོ། །བེཏྟི་ལས་ཤནྟྲྀངའི་བནྶུའོ། །བིད་ཤེས་པ་ ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ཤནྟྲྀངའི་བནྶུར་བསྒྱུར་བར་འགྱུར་རོ། །བི་དྭན། ད་ལྟར་བ་ལ་ཤནྟྲྀངའོ། །འདིས་བནྶུའོ། །འདིར་རྣམ་པར་བརྟག་པ་བཤད་པར་བྱ་སྟེ། དེས་ན། བི་དནྲ། ཨཱན་འདིར་ཨཱཏྨ་ནེའོ། །ཚིག་ཅེས་པ་འདི་ཕྱིས་པའོ་ཞེས་གསུང་ངོ་། །འདིར་ཞེས་པ་ཕྱིས་ཀྱི་ སྐབས་བསྟན་པ་འདི་དང་འདི་ལ། ཀྲནྶུ་སོགས་ཀྱི་སྐབས་ལ་ཨཱན་གང་ཡིན་པ་དེ། ཨཱཏྨ་ནེའི་ཚིག་གི་མིང་ཅན་དུ་འགྱུར་ཞིང་ཤུགས་ལས་ཀྭནྶུ་དང་ཤནྟྲྀང་དག་པ་རསྨཻའི་ཚིག་གི་མིང་ཅན་ནོ། །ཨཱཏྨ་ནེའི་ཚིག་གི་མིང་གང་དུ་དགོས་ཤེ་ན། དངོས་པོ་དང་ལས་དག་ལ་ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་པ་ འདིར་རོ། །ཙཀྲ་ཎཿ། བྱ་ཏི་བ་བྷུ་བ་ནཿ། ཌུ་ཀྲྀཉ་བྱེད་པ་ལའོ། །བྷཱུ་ཡོད་པ་ལའོ། །ཀྭནྶུ་དང་ཀཱནའོ། །གཉིས་བརྗོད་དོ། །བྷ་བ་ཏིའི་ཨའོ། །བྷུའི་མཐའ་ཝའོ། །པྲསྠཱི་ཡ་མཱ་ནཾ། ཥྛཱ་གནས་པ་ལའོ། །ད་ལྟར་བ་ལ་ཤནྟྲྀང་ཨཱན་ཤའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །ད་མ་ག་ཡ་ཏི་ ཞེས་པས་ཨཱི་ཉིད་དོ། །ཨ་ལས་ཨཱན་ལ་མ་མཐའོ་ཞེས་པས་མ་ཨཱ་ག་མའོ། །ཨི་དྷཱི་ཡ་མཱ་ནཾ། ཨིང་ཀློག་པ་ལའོ། །ཨདྷི་སྔོན་དུའོ། །སྔ་མ་བཞིན་དུ་ཨཱན་ཤ་དང་ཡན་དང་མ་ཨཱ་ག་མ་འང་ངོ་། །ཨཱས་ལས་དེའི་ཨིའོ། །ཨཱས་ལས་ཕ་རོལ་གྱི་ཨཱནའི་རྐྱེན། ཨཱི་ཉིད་དུ་འགྱུར་ཏེ་ཕ་རོལ་གྱི་བྱ་བ་ལ་དང་ པོ་རྣམ་པར་འགྱུར་བའོ་ཞེས་པས་ཨཱ་ཡིག་གིའོ། །ཨཱ་སཱ་ནིཿ། ཨཱས་ཉེ་བར་སྡོད་པ་ལའོ། །ད་ལྟར་བ་ལ་ཤནྟྲྀང་ཨཱན་ཤ་ཞེས་པས་ཨཱན་ཤའོ། །འདིས་ཨཱི་ཉིད་དོ། །དེའི་སྨོས་པ་ནི་ཤཱ་ནང་གི་ཡང་ཨཱི་ཉིད་ཀྱི་དོན་དེ་རང་བཞིན་ཉིད་ནྲ་ཨཱནའི་རྐྱེན་འགྱུར་རོ། །དེས་ན། ཀ་ཏཱི་ཧོ་དཱ་སྭ་ནཱིཿ། ཨཱ་བའི་སྔོན་དུ་ཨུའོ། ། 195-1-285b ཤིན་ཏུ་སྡོད་པར་ནུས་སོ་ཞེས་ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལ་ཤཱ་ནངའོ། །འདིས་ཨཱི་ཉིད་དོ། །ཨ་ལས་ཨཱན་ལ་མ་མཐའོ། །ཨཱ་ལས་ཞེས་པ་དྲུག་པའི་གནས་ལ་ལྔ་པ་སྟེ། དེས་ན་ཨའི་སྟེ་ཨ་ཡིག་མཐའི་སྒྲའི་ཨཱནའི་རྐྱེན་ཕ་རོལ་ལ་མ་ཡིག་ཨཱ་ག་མ་འགྱུར་ཏེ། པ་ཙ་མ་ནཿ། ད་ལྟར་བ་ལ་ ཤནྟྲཱྀང་ཨཱན་ཤ་ཞེས་པས་ཨཱ་ན་ཤའོ། །ཨན་བི། འདིས་མ་ཨཱ་ག་མའོ། །ཨ་ལས་ཞེས་པ་ཅི་ཞེ་ན། སུ་ནྭཱ་ནཿ། ཨཱ་ན་ཤའོ། །བི་ཀ་ར་ཎའི་ནུའི་ཝ་ཡིག་གོ་ཞེས་པས་ཝ་ཉིད་དོ། །བུང་ཡ་ཛ་དག་གི་ཤཱ་ནངའོ། །པུང་དང་ཡ་ཛན་ལས་ཤ་ནང་ཕ་རོལ་ཏུ་འགྱུར་རོ། །པ་བ་མཱ་ནཿ། ཡ་ཛ་མཱ་ནཿ། ཤྭ་ ནངའོ། །ཨན་བི། ཨ་ལས་ཨཱ་ན་ལ་མ་མཐའོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ང་ཡིག་རྗེས་སུ་འབྲེལ་བ་བྱེད་པ་ནི་ཕྱི་མའི་དོན་དུའོ། །ད་ལྟར་བ་ལ་ཤནྟྲྀང་ཨཱན་ཤ་དག་གོ་ཞེས་པ་འདི་ཉིད་དེའི་རབ་ཏུ་སྤྲོས་པས་ཤཱ་ནང་གི་རྐྱེན་མདོ་འདིས་བྱའོ། །ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལའོ། །ནུས་པ་དང་ན་ཚོད་ དང་དེའི་ངང་ཚུལ་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཤཱ་ནང་ཕ་རོལ་ཏུ་འགྱུར་རོ། །ནུས་པ་ལ། ཀ་ཏཱི་ཧ་ནི་གྷྣ་ནཱཿ། ཧནྟིའི་སྔོན་དུ་ནིའོ། །ངེས་པར་འཇོམས་ནུས་སོ་ཞེས་ལ་ཤཱ་ནངའོ། །གམྲ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའི་ཡང་ཞེས་པས་གྷའོ། །ན་ཚོད་ལ། ཀ་བ་ཚ་བ་ ཧ་མཱ་ནཿ། ཐོབ་པར་བྱེད་དོ་ཞེས་ལ་ཤཱ་ནངའོ། །དེའི་ངང་ཚུལ་ལ། བྷུཥ་ཡ་མཱ་ནཿ། བྷུཥ་རྒྱན་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །རྒྱན་གྱི་ངང་ཚུལ་ཞེས་ལ་ཤཱ་ནངའོ། །ཨན་བི། ཡོན་ཏན་ནོ། །མ་ཡིག་ཨཱ་ག་མའོ། །ཨིང་དྷ་རི་དག་ལས་དཀའ་སྤྱད་མིན་པ་ལ་ཤནྟྲྀངའོ། །ཨིང་དང་དྷཱ་ རི་ལས་ཤནྟྲྀང་འགྱུར་ཏེ། དཀའ་སྤྱད་རྟོགས་པར་བྱ་བཞིན་པ་མ་ཡིན་པ་ལའོ། །ཨིང་ལས་ཨཱ་ན་ཤ་དང་དྷཱ་རི་ལས་ཀྱང་ཤནྟྲྀང་ཨཱ་ན་ཤ་དག་ཐོབ་པ་ལའོ། །ཨ་དྷི་ཡན། དྷ་ར་ཡན། ཨིང་ཀློག་པ་ལའོ། །དྷྲྀང་འཛིན་པ་ལའོ། །ཨིནའོ། །ཤནྟྲྀངའོ། །ཨན་བི་ཨིངའི་ཨད་སོགས་ལས་འཇིག་གོ། །དབྱངས་ དང་པོ་ལ་ཨི་ཡ་ཨུ་ཝ་དག་གོ་ཞེས་པས་ཨི་ཡའོ། །ཡོན་ཏན་ནོ། །དཀའ་སྤྱད་མིན་པ་ལ་ཞེས་པ་ཅི་ཞེ་ན། ཀྲྀཙྪེ་ཎ་དྷ་ཡི་ཏེ། ཀྲྀཙྪེ་ཎ་དྷ་ར་ཡ་ཏི། དྭིཥ་ལས་དགྲ་བོ་ལའོ། །དྭིཥ་ལས་དགྲ་བོའི་དོན་ལ་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །དྭིཥ་གཉི་གའི་ཚིག་ཅན་ཉིད་ཀྱི་ཕྱིར་ཤནྟྀང་ཨཱ་ན་ཤ་དག་ཐོབ་པ་ལའོ། ། 195-1-286a དྭི་ཥནྲ། དགྲ་བོ་ལ་ཞེས་པ་ཅི་ཞེ་ན། དྭིཥྚ་པ་ཏི་བྷཱཪྻཱ་སུཉ་ལས་མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བ་ལའོ། །མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བཞིན་པ་ལ་སུཉ་ལས་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །ཤནྟྲྀང་ཨཱ་ན་ཤ་དག་ཐོབ་པ་ལའོ། །སུ་ནྭ་ན། ཤནྟྲྀངའོ། །སུ་སོགས་ ལས་ནུའོ། །བི་ཀ་ར་ཎའི་ཞེས་པས་ཝ་ཡིག་གོ། །མཆོད་སྦྱིན་ཡང་དག་པར་སྦྱར་བ་ལ་ཞེས་པ་ཅི་ཞེ་ན། སུ་ནོ་ཏི་སུ་ར་ཏོ་ཡིན། ཨརྟ་ལས་བསྔགས་པ་ལའོ། །བསྔགས་པ་སྟེ་བསྟོད་བཞིན་པ་རྟོགས་པ་ལ་ཨརྟ་ཏི་ལས། ཤནྟྲྀང་ཏི་ལས་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །ཨརྷན། བསྔགས་པ་ལ་ ཞེས་པ་སྟེ་ཞེ་ན། ཨརྷ་ཏ་ཙཽ་རོ་བ་དྷཾ། དེའི་ངང་ཚུལ་དེའི་ཆོས་དེ་ལེགས་པར་བྱེད་པ་རྣམས་ལ་ཀྭིཔའི་བར་རོ། །བྷྲ་ཛི་ཞེས་པས་ཀྭིཔ། འཆད་པར་འགྱུར་བའི་བར་ཏེ་ཀྭིཔའི་སྒྲ་བརྗོད་པ་འདི་ནས་དེའི་གོང་དུ་འཆད་པར་འགྱུར་བའི་བར་གྱི་རྐྱེན་དེ་རྣམས་ནི་དེའི་ངང་ཚུལ་དང་དེའི་ཆོས་དང་དེ་ལེགས་པར་བྱེད་པ་དང་ བྱེད་པ་པོ་ཡང་རིག་པར་བྱའོ་དེ་ཞེས་པ་བྱིངས་ཀྱི་དོན་ངེས་པར་བསྟན་པ་སྟེ་བྱིངས་ཀྱི་དོན་དང་བཅས་པ་བྱེད་པ་པོ་གང་གི་ངང་ཚུལ་ཡིན་པ་དེ་དེའི་ངང་ཚུལ་ལོ། །བྱིངས་དོན་དང་བཅས་པ་གང་གི་ཆོས་ཡིན་པ་རྣམས་ཏེ། ཚིག་སྡུད་ལས། དེའི་ཆོས་རྣམས་སོ། །བསྡུ་བའི་མཐར་གྱུར་པ་ཞེས་པས་ཨད་བསྡུ་བའི་ མཐའོ། །བྱིངས་དོན་དེ་ལེགས་པར་བྱེད་དོ་ཞེས་པ་དེ་ལེགས་པར་བྱེད་པའོ། །མདོ་ཕྱི་མ་རྣམས་སུ་དཔེར་བརྗོད་འཆད་པར་འགྱུར་རོ། །ཏྲྀནའོ། །བྱིངས་ལས་ཏྲིན་ཕ་རོལ་ཏུ་འགྱུར་ཏེ། དེའི་ངང་ཚུལ་ལས་ལ་དང་དེའི་ཆོས་ལ་དང་དེ་ལེགས་པར་བྱེད་པ་ལ་ཡང་བྱེད་པ་པོ་ལའོ། །དེའི་ངང་ཚུལ་ལ། ཀརྟཱ་ཀ་ཊཱ་ན། བད་ཏཱི། ཛ་ནའི་དམིགས་ཀྱིས་བསལ་བ་རྣམས་སོ། །བྱེད་པའི་ངང་ཚུལ་ལོ། །སྨྲ་བར་བྱེད་པའི་ངང་ཚུལ་ལོ་ཞེས་ལ་ཏྲྀནའོ། །འདིར་བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་ཞེས་པས་དྲུག་པ་ཐོབ་པ་ལ། ནིཥྛཱ་སོགས་རྣམས་ལ་མ་ཡིན་ནོ་ཞེས་པའི་ཕྱིར་མི་འགྱུར་རོ། །དེའི་ཆོས་ལ། མུཎྜ་ཡི་ཏཱ་དཿ། ཤྲ་བིཥྛ་ཡ་ནཱཿ། བདྷུ་མུ་ཌྷ་མ། ཨུ་ད་ཀ་བྲ་ཎེ་ཏཱ་རཿ། ཏོ་ལྭ་ལཿ། བུ་ཏྲེ་ཎ་ཛཱ་ཏེ། མུ་ཌི་དུམ་བུ་ལའོ། །ཨིནའོ། །ཎཱིཉ་ཐོབ་པ་ལའོ། །བྲ་སྔོན་དུའོ། །ཆོས་རྣམས་དུམ་བུར་བྱེད་དོ། །ཆོས་རྣམས་ཐོབ་པར་བྱེད་དོ་ཞེས་ཏྲྀནྲའོ། །ཨིཊའོ། །ཡོན་ཏན་ནོ། །ཛས་སོ། །བྱིངས་ 195-1-286b ལས་ཏྲྀ་སྒྲའི་ཨཱརའོ། །དེར་ལེགས་པར་བྱེད་པ་ལ། གནྟྲཱ་ཁེ་ལཿ། ལེགས་པར་བྱེད་དུ་འགྲོའོ་ཞེས་པས་ཏྲྀནའོ། །ཏྲྀནྲའི་ན་ཡིག་ནི་བྱིངས་ལས་ཏྲི་སྒྲའི་ཞེས་པས་འདིར་ཏྲི་ཙ་གཟུང་བའི་དོན་དུ་སྟེ། རྣམ་པ་གཞན་དུ། རྗེས་སུ་འབྲེལ་བ་མེད་པ་བཟུང་ན། རྗེས་སུ་འབྲེལ་བ་དང་བཅས་པའི་ མ་ཡིན་ནོ་ཞེས་པས་ཏྲྀཙ་གཟུང་བར་མི་འགྱུར་རོ། །བྷྲཱ་ཛི་ཨ་ལཾ་ཀྲྀཉ་བྷཱུ་ས་ཧི་རུ་ཙི་བྲིཏ་བྲིདྷ་ཙ་རི་པྲ་ཛན་ཨ་པ་ཏྲ་པ་ཨིན་རྣམས་ཀྱི་ཨིཥྞུའོ། །བྷྲཛྲི་གསལ་བ་ལའོ། །ཨ་ལང་སྔོན་མ་ལས་ཀྲྀཉའོ། །བྷཱུ་ཡོད་པ་ལའོ། །ཥཧ་བཟོད་པ་ལའོ། །རུ་ཙ་གསལ་བ་ལའོ། །བྲྀཏུ་འཇུག་པ་ལའོ། །བྲྀདྷུ་ འཕེལ་བ་ལའོ། །ཙ་ར་འགྲོ་བའི་དོན་ཏོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །པྲ་སྔོན་དུའོ། །ཏྲ་པུཥ་ངོ་ཚ་བ་ལའོ། །ཨ་པ་སྔོན་དུའོ། །འདི་རྣམས་དང་ཨིན་མཐའ་རྣམས་ལས་ཀྱང་། དེར་ལེགས་པ་སོགས་དང་བྱེད་པ་པོ་རྣམས་ལ། ཨིཥྞུ་འགྱུར་རོ། །བྷྲ་ཛིཥྞུཿ། ཆོས་རྣམས་གསལ་བར་བྱེད་དོ། ། ཡང་ན། ལེགས་པར་གསལ་བར་བྱེད་དོ་ཞེས་ལ་ཨིཥྞུའོ། །དེ་བཞིན་དུ། ཨ་ལཾ་ཀ་རི་ཥྞུཿ། བྷ་བིཥྞུཿ། ས་ཧིཥྞུ། རོ་ཙཥྞུཿ། བརྟིཥྞུཿ། བདྡྷིཥྞུཿ། ཙ་རིཥྞུཿ། པྲ་ཛ་ནིཥྞུཿ། ཨ་པ་ཏྲ་བིཥྞུཿ། དྷ་ར་བིཥྞུཿ། སཱ་ར་ཡིཥྞུཿ། དྷཱ་རི་ལས་ཨིཥྞུའོ། །ཀཱ་རི་ཏའི་ཨཱ་མ་ཨིཊ་བི་ཀ་རི་ཎུ་ཞེས་པས་ཀ་རི་ ཏ་དབྱི་བ་མེད་དོ། །ཀྲྀཉ་ནི་ར་སྔོན་མ་ཅན་ལས་ཀྱང་འདོད་དེ། ནི་རཱ་ཀ་རིཥྞུཿ། ཨུ་ཏ་ལ་མ་དཱི་པ་ཏི་པ་ཙ་རྣམས་ཀྱིའོ། །ཨུཏ་ཉེ་བའི་ཚིག་ལ། མ་དཱི་དགའ་བ་ལའོ། །བད་འགྲོ་བ་ལའོ། །པཏླྀ་འགྲོ་བ་ལའོ། །ཌུ་པ་ཙཥ་འཚེད་པ་ལའོ། །འདི་རྣམས་ལས་ཨིཥྞུ་ཕ་རོལ་ཏུ་འགྱུར་རོ། །ཨུནྨ་དིཥྞུཿ། ཨུཏྤ་དིཥྞུཿ། ཨུཏྤ་ཏིཥྞུཿ། ཨུཏྤ་ཙིཥྞུ། ཛིབྷཱུ་དག་གི་སྣུ་ཀའོ། །ཛི་དང་བྷཱུ་ཞེས་པ་འདི་དག་ལས་སྣུ་ཀ་འགྱུར་རོ། །ཛིཥྞུཿ། བྷུཥྞུཿ། ཤྲྀ་ཨུ་ཡིག་བྲྀ་རིཏ་རྣམས་ཀྱི་ཞེས་པས་བྷཱུ་ལས་ཨིཊ་མེད་དོ། །གླཱ་མླཱ་སྠཱ་ཀྵི་པ་ཙི་པ་རི་མྲྀ་ཛ་རྣམས་ཀྱི་སྣུའོ། །གླཻ་དགའ་བ་ཟད་པ་ལའོ། །མླཻ་ལུས་རྣམ་པར་ ཉམས་པ་ལའོ། །ཥྛཱ་འགྲོ་བ་ལྡོག་པ་ལའོ། །ཀྵི་ཟད་པ་ལའོ། །ཌུ་པ་ཙཥ་འཆེད་པ་ལའོ། །མྲི་ཛཱུཥ་དག་པ་ལའོ། །འདི་རྣམས་ལས་སྣུ་འགྱུར་རོ། །གླཱ་སྣུཿ། མླཱ་སྣུཿ། སྠཱ་སྣུཿ། ཀྵེཥྞཿ། པཀྵྞུཿ། པ་རི་མཱརྐྵྞུཿ། མྲྀ་ཛིའི་མརྫི་འོས་མརྫིའོ། །བྷྲྀ་ཛ་སོགས་ཉིད་ཀྱི་ཕྱིར་ཥའོ། །ཥ་ཌྷ་དག་གི་སལ་ 195-1-287a ཀའོ། །ཏྲ་སི་གྲྀ་དྷ་དྷྲྀ་ཥ་ཀྵི་པ་རྣམས་ཀྱི་རཀྣུའོ། །ཏྲ་སིའི་སྐྲག་པ་ལའོ། །གྲྀ་དྷུ་མངོན་པར་དགའ་བ་ལའོ། །ཉི་དྷྲྀཥ། སྤྱི་བརྟོལ་ལའོ། །ཀྵིཔ་གཏོང་བ་ལའོ། །འདི་རྣམས་ལས་ཀྣུ་འགྱུར་རོ། །ཏྲསྣུཿ། གྲྀདྷྣུཿ། དྷྲྀཥྞུ། ཀྵི་སྣུཿ། སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏ་ལའོ་ ཞེས་པས་ཨིཊ་མེད་དོ། །ཤམྲ་རྣམས་ཀྱི་བརྒྱད་རྣམས་ཀྱི་གྷི་ནི་ཎའོ། །ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ད་མུ་ཉེ་བར་ཞི་བ་ལའོ། །ཤྲ་མུ་དཀའ་དུབ་དང་སྐྱོ་བ་ལའོ། །བྷྲ་མུ་མི་གནས་པ་ལའོ། །ཀྵ་མུཥ་བཟོད་པ་ལའོ། །ཀླ་མུ་དམན་པ་ལའོ། །མ་དཱི་དགའ་བ་ལའོ། །འདི་རྣམས་ ཤམ་སོགས་བརྒྱད་རྣམས་ཏེ། གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །ཤ་མཱི། ད་མཱི། ཏ་མཱི། ཤྲ་མཱི། བྷྲ་མཱི། ཀྵ་མཱི། ཀླ་མཱི། པྲ་མཱ་དཱི། ཨིཊ་དང་བཅས་པའི་ཨམ་མཐའི་ཞེས་པས་རིང་པོ་མེད་དོ། །བརྒྱད་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨ་ས་ཏཱི། ཨ་སི་ཏཱ། ཨ་སུ་འཕེན་པ་ལའོ། །ཏྲྀནའོ། །ཡུ་ཛ་ རུ་ཛ་བྷུ་ཛ་བྷ་ཛ་དྭི་ཥ་དྲུ་ཧ་དུ་ཥ་ཨཱ་ཀྲཱྀ་ཌ་ཏྱ་ཛ་ཨ་ནུ་རུ་དྷཾ་ཨཱང་ཡམ་ཨཱང་ཡས་རཉྫ་ཨ་བྷྱཱ་ཧནྲ་རྣམས་ཀྱིའང་ངོ་། །ཡུ་ཛིར་སྦྱོར་བ་ལའོ། །ཡུ་ཛ་ཏིང་ངེ་འཛིན་ལའོ་ཞེས་པ་ཡང་ནའོ། །རུ་ཛོ་འཇོམས་པ་ལའོ། །བྷུ་ཛ་སྐྱོང་བ་ལའོ། །བྷུ་ཛོ་འཁྱོག་པོ་ལའོ་ཞེས་པ་ཡང་ནའོ། །བྷཛ་བསྟེན་པ་ལའོ། །དྭིཥ་མི་དགའ་བ་ ལའོ། །དྲུཧ་འཁུ་བ་ལའོ། །དུཥ་རྣམ་འགྱུར་ལའོ། །ཀྲཱྀཌ་གནས་པ་ལའོ། །ཨཱང་སྔོན་དུའོ། །ཏྱཛ་སྤོང་བ་ལའོ། །ཨ་ནུ་རུ་དྷ་འདོད་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ། །ཡ་སུ་འབད་པ་ལའོ། །ཨཱང་དག་སྔོན་དུའོ། །རཉྫ་ཚོས་ལའོ། །ཧནྟིའི་ཨ་བྷི་དང་ཨཱང་སྔོན་དུའོ། །འདི་ རྣམས་ལས་གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །ཡོ་གཱི། རོ་གཱི། བྷོ་གཱི། བྷཱ་གཱི། དྭེཥཱི། དྲོཧཱི། དོ་ཥྭི། ཨཱ་ཀྲྀ་ཌི། ཏྱཱ་གཱི། ཨ་ནུ་རོ་དྷི། ཨཱ་ཡཱ་མཱི། ཨཱ་ཡཱ་སཱི། ར་གཱི། ཨ་བྷྱཱ་གྷཱ་ཏཱི། བུཥ་དང་གྷི་ནི་ཎ་དག་ལ་ཡང་ངོ་ཞེས་པས་རཉྫིའི་ལྔ་པ་དབྱི་བར་བྱའོ། །སམྲ་ཡ་སྲྀ་ཛི་པྲྀ་ཙི་ཛྭ་རི་རྣམས་ཀྱིའོ། ། སཾ་གི་སྒྲ་ཉེ་བའི་ཚིག་ལ་སྲི་ཛ་འདོར་བ་ལའོ། །བྲྀ་ཙཱི་ཡང་དག་པར་རེག་པ་ལའོ། །ཛྭ་ར་ནད་ལའོ། །འདི་རྣམས་ལས་གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །སཾ་སརྒྒཱི། སཾ་བརྒཱི། སཾ་ཛྭ་རི། བི་ལ་བི་ཙ་ཀནྠ་ཤྲཾ་བྷུ་ཀ་ཥ་ལ་ཥ་ལ་ཤ་རྣམས་ཀྱིའོ། །བིའི་སྒྲ་ཉེ་བའི་ཚིག་ལ་བི་ཙིར་ཐ་དད་པའི་དངོས་པོ་ལའོ། །ཀནྠ་ 195-1-287b བསྔགས་པ་ལའོ། །ཤྲནྦྷུ་དབུགས་དབྱུང་བ་ལའོ། །ཀཥ་འཚེ་བའི་དོན་ཏོ། །ལཥ་མཛེས་པ་ལའོ། །ལ་ས་སྦྱོར་བ་དང་རོལ་རྩེད་དག་ལའོ། །འདི་རྣམས་ལས་གྷི་ནི་ཎ་འགྱུར་རོ། །བི་བེ་ཀཱི། བི་ཀནྠཱི། བི་ཤྲམྦྷི། བི་ཀཱ་ཥི། བི་ལཱ་ཥཱི། ལཥའི་ཨ་པ་ལའང་འགྱུར་ཏེ། ཨཔ་ལཱཥཱི། པྲ་ལ་དྲུ་མ་ཐ་བ་ད་བ་ས་ར་པ་ལས་རྣམས་ཀྱིའོ། །པྲའི་སྒྲ་ཉེ་བའི་ཚིག་ལ། དྲུ་འགྲོ་བ་ལའོ། །མ་ཐེ་སྲུབ་པ་ལའོ། །བ་ད་བརྡུང་བ་ལའོ། །བ་ས་གནས་པ་ལའོ། །རཔྲ་ལས་གསལ་བར་བརྗོད་པ་ལའོ། །འདི་རྣམས་ལས་གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །པྲ་དྲ་བཱི། པྲ་མ་ཐཱི། པྲ་དྷཱ་དཱི། པྲ་ བཱ་སཱི། བྲ་ར་བཱི། པྲ་ལཱ་པཱི། པ་རིལ་སྲི་ད་ཧ་དག་གིའོ། །པ་རི་ཉེ་བའི་ཚིག་ལ་སྲྀ་དང་དཧ་དག་ལས་གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །པ་རི་པཱ་རི། པ་རི་ད་ཧཱི། ཀྵི་པ་ར་ཌ་བ་ད་བཱི་ད་དེ་བི་རྣམས་ལས་བུ་ཎ་འང་ངོ་། །པ་རི་ལ་ཞེས་པ་འཇུག་གོ། །ཀྵི་པ་དེད་པ་ལའོ། །རཱཊ་ཡོངས་སུ་བཤད་པ་ལའོ། ། བད་གསལ་བར་སྨྲ་བ་ལའོ། །ཨིན་མཐའ་འབའ་ཞིག་ལས་ཀྱང་། དེ་བྲྀ་རྩེ་བ་ལའོ། །པ་རི་ཉེ་བའི་ཚིག་ལ་འདི་རྣམས་ལས་གྷི་ནི་ཎ་འགྱུར་ཞིང་བུ་ཎ་ཡང་ངོ་། །པ་རི་ཀྵེ་པཱི། པ་རི་ཀྵེ་པ་ཀཿ། པ་རི་རཱ་ཊཱི། པ་རི་རཱ་ཊ་ཀཿ། པ་རི་བཱ་དཱི། པ་རི་བ་ད་ཀཿ། ཡོངས་སུ་སྨྲ་རུ་འཇུག་གོ་ཞེས་པས། པ་རི་བཱ་དཱི། པ་རི་བཱ་ད་ཀཿ། བ་རི་དེ་བཱི། པ་རི་དེ་བ་ཀཿ། འོ་ན་ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཀྵིཔ་སོགས་རྣམས་ལས་བུཎའི་རྐྱེན་གྲུབ་པ་ལས་འདི་དོན་མེད་ཅིང་བུཎ་སྨོས་པ་དེའི་ངང་ཚུལ་ལ་སོགས་པ་རྣམས་ཀྱི་དོན་ལ་གྷི་ནི་ཎ་ཡིན་གྱི་བུཎ་འགེགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་བུད་མེད་ལ་གཟུགས་ མཚུངས་པ་ཡང་ནའོ་ཞེས་པའི་ཚིག་གི་ཕྱིར་རོ། །འདིར་བརྗོད་པར་བྱ་སྟེ་བུཎ་སྨོས་པས་འདི་ཤེས་པར་བྱེད་དེ། དེའི་ངང་ཚུལ་ལ་སོགས་པའི་སྐབས་ལ་བྱས་པའི་རྐྱེན་རྣམས་ཀྱི་དེའི་ངང་ཚུལ་ལ་སོགས་པའི་སྐབས་ལ་བྱས་པ་དང་ལྷན་ཅིག་བསྒྲུབ་པའི་གཟུགས་མཚུངས་པ་ཡང་ན་མེད་དོ་ཞེས་པ་སྟེ། དེས་ནཀྵི་ར་སོགས་རྣམས་ལས་དེའི་ངང་ཚུལ་ལས་སོ་ཞེས་པའི་དོན་རྣམས་ལ་གྲུབ་པའི་གཟུགས་མཚུངས་པས་ཡང་ན་ཏྲྀན་ལ་སོགས་པ་རྣམས་ཐོབ་པ་མ་ཡིན་ཏེ་ངེས་ན་འགྱུར་རོ། །ནིནྡི་ཧི་ས་ཀླི་ཤ་ཁཱད། དབྱངས་གཅིག་པ་མིན་པ་བི་ནཱ་ཤི་བྱཱ་བྷཥ་ཨ་སུ་ཡ་རྣམས་ཀྱི་བུཉའོ། །ཀཎྜུ་སོགས་ཡཎ་ 195-1-288a གྱི་མཐའ་ཅན་རྣམས་ཨ་སུ་ཡའི་སྒྲ་དབྱངས་མེད་པ་མདོར་བྱས་པས་གཟུང་བར་བྱའོ། །ནི་དི་སྨད་པ་ལའོ། །ཧི་སི་འཚེ་བ་ལའོ། །ཀླི་ཤ་སྤྱིའོ། །ཁཱ་དྲི་ཟ་བ་ལའོ། །འདི་རྣམས་དང་། དེ་བཞིན་དུ་དབྱངས་གཅིག་པ་མིན་པ་དང་། བི་སྔོན་མ་ཅན་གྱི་ནཱ་ཤི་ཨིན་མཐའ་ ལས་དང་། དབྱངས་སྔོན་མ་ཅན་གྱི་བྷཱཥ་ལས་དང་ཨ་སུ་ཡའི་སྒྲ་དང་ཀཎྜུ་ལ་སོགས་པ་ཡཎའི་མཐའ་ལས་བུཉ་འགྱུར་རོ། །ནནྡི་ཀཿ། ཧི་ས་ཀཿ། ཀླེ་ཤ་ཀཿ། ཁཱ་ད་ཀཿ། དབྱངས་གཅིག་པ་མིན་པ་རྣམས་ལས། ད་རི་དྲཱ་ཡ་ཀཿ། ད་རི་དྲ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལའོ་ཞེས་པས་ཡ་དབྱི་བ་ ཐོབ་སྟེ། འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས། ད་རི་དྲཱ་ཡ་ཀཿ། ཞེས་པར་མི་འགྱུར་རོ། །ག་ཎ་ཀཿ། ག་ཎ་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཨའི་ཡང་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །བི་ནཱ་ཤ་ཀཿ། རྣམ་པར་འཇོམས་པར་བྱེད་དུ་འཇུག་གོ་ཞེས་ལ་ཨིནའོ། །བུཉའོ། །ཀཱ་རི་ཏ་དབྱིའོ། །བྱ་ བྷཱ་ཥ་ཀཿ། ཨ་སཱུ་ཡ་ཀཿ། ཨ་སུའི་སྒྲ་ལས་ཀཎྜུ་སོགས་ཉིད་ཀྱི་ཕྱིར་ཡཎའོ། །ནཱ་མིནའི་མཐའ་རྣམས་ཀྱི་ཡཎ་ཞེས་པས་རིང་པོའོ། །བུཉའོ། །ཨའི་ཡང་དབྱིའོ། །འོ་ན་བི་ནཱ་ཤི་དབྱངས་གཅིག་མིན་པ་ཉིད་ཡིན་པའི་ཕྱིར། འདིའི་དཔེ་བརྗོད་པ་ལས་ལོགས་སུ་བྱས་པ་དོན་མེད་དོ་ཞེ་ན་བདེན་ཏེ། ངེས་ པའི་དོན་དུ་སྟེ་ཨིན་མཐའི་དབྱངས་གཅིག་མིན་གྱི་བི་ནཱ་ཤི་ཉིད་ཀྱི་ཇི་ལྟ་བར་འགྱུར་ལ། འདིར་མི་འགྱུར་བར་བྱས་ནས། ཀཱ་ར་ཡི་ཏཱ། ཏྲྀན་དང་ཨིཊའོ། །ཨ་སུ་ཡའི་སྒྲའི་ཡང་ངེས་པའི་དོན་དུ་དཔེ་བརྗོད་པ་ནི་ཡཎའི་རྐྱེན་མཐའི་དབྱངས་གཅིག་མིན་གྱི་ཨ་སུ་ཡའི་སྒྲ་ཉིད་ཀྱི་ཇི་ལྟ་བ་བཞིན་དུ་འགྱུར་བ་ ལ་འདིར་མི་འགྱུར་ཏེ། ཀཎྜུ་ཡི་ཏ། ཀཎྜུ་ཡའི་སྒྲ་ལས་ཡཎའོ། །ཏྲྀནའོ། །ཨའི་ཡང་དབྱིའོ། །དཀྱུས་མའི་བུཎ་ལ་བུཉ་སྨོས་པ་ནི་གྷི་ནི་ཎ་ཡང་འཇུག་པར་མི་འགྱུར་རོ་ཞེས་པའོ། །ཉེར་བསྒྱུར་ལ་དེ་ཝ་ཀྲུ་ཤ་དག་གིའང་ངོ་། །ཉེར་བསྒྱུར་ཉེ་བའི་ཚིག་ལ་དི་བི་རྩེ་བ་ལའོ་ཞེས་པ་འདིའི་ཨིན་ མཐའ་ལས་དང་ཀྲུ་ཤ་ལས་ཀྱང་བུཉ་ཕ་རོལ་ཏུ་འགྱུར་རོ། །ཨཱ་དེ་བ་ཀཿ། ཨཱ་ཀྲོ་ཤ་ཀཿ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། དེ་བ་ཡི་ཏཱ། ཀྲོཥྚཱ། ཏྲྀནྲའོ། །ཁྲོ་བ་དང་རྒྱན་དང་གཡོ་བ་དང་སྒྲའི་དོན་རྣམས་ལས་ཡུའོ། །ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་བའོ། །བྱིངས་རྣམས་ལས་ཁྲོ་བོའི་དོན་ 195-1-288b རྣམས་དང་རྒྱན་གྱི་དོན་རྣམས་དང་གཡོ་བའི་དོན་རྣམས་དང་སྒྲའི་དོན་རྣམས་ལས་ཡུ་ཕ་རོལ་ཏུ་འགྱུར་རོ། །ཁྲོ་བོའི་དོན་ལ། ཀྲོ་དྷ་ནཿ། ཀོ་བ་ནཿ། ཀྲུ་དྷ་ཁྲོ་བ་ལའོ། །ཀུ་པ་ཁྲོ་བ་ལའོ། །རྒྱན་གྱི་དོན་རྣམས་ལས། མཎྜ་ནཿ། བྷུ་ཥ་ཎཿ། མཎྜི་རྒྱན་ལའོ། །བྷུཥ་རྒྱན་ལའོ། །གཡོ་བའི་དོན་ རྣམས་ལས། ཙ་ལ་ནཿ། ཀམྤནཿ། ཙ་ལ་གཡོ་བ་ལའོ། །ཀ་པི་གཡོ་བ་ལའོ། །སྒྲའི་དོན་རྣམས་ལས། ར་བ་ཎཿ། བྷ་ཎ་ནཿ། རུ་སྒྲ་ལའོ། །རུཙ་སོགས་ལས་ཀྱང་གསལ་བྱེད་དང་པོ་ལས། བྱིངས་ཨཱཏྨ་ནེའི་ཚིག་ཅན་གང་ཡིན་པ་དེ་ནི་རུཙ་སོགས་རྣམས་སོ། །རུཙ་སོགས་ཀྱི་བྱིངས་ ཀྱི་ཚོགས་ལས་གསལ་བྱེད་དང་པོ་ལ་ཡུ་འགྱུར་རོ། །རོ་ཙ་ནཿ། བརྟ་ནཿ། སྱ་ཏ་དྷ་ནཿ། ཛུ་གུ་པྶ་ནཿ། མཱི་མཱ་ནྶནཿ། ཡུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །རུཙ་སོགས་ལས་ཞེས་པ་ཅི་ཞེ་ན། བྷ་བ་ཏཱི། ཏྲིནྲའོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཨེ་དྷཏཱི། ཛུ་ཙཾ་ཀྲ་མྱ་དཾ་ཏྲ་མྱ་ སྲྀ་གྲྀ་དྷི་ཛྭ་ལ་ཤུཙ་རྣམས་ཀྱིའོ། །ཛུ་ཞེས་པ་མདོའོ། །ཙཾ་ཀྲ་མྱ་དང་ད་དྲ་མྱ་སྒྲ་དག་ཙེ་ཀྲི་ཡི་ཏའི་མཐའ་ཅན་ནོ། །སྲྀ་འགྲོ་བ་ལའོ། །གྲྀ་དྷུ་མངོན་པར་འདོར་བ་ལའོ། །ཛྭ་ལ་འབར་བ་ལའོ། །ཤུ་ཙ་མྱ་ངན་ལའོ། །འདི་རྣམས་ལས་ཡུ་ཕ་རོལ་ཏུ་འགྱུར་རོ། །ཛ་བཱ་ནཿ། ཙཾ་ཀྲ་མ་ཎཿ། དཾ་ཏྲ་མ་ཎཿ། ས་ར་ཎཿ། གརྡྷ་ནཿ། ཛྭ་ལནཿ། ཤོ་ཙ་ནཿ། འཁྱོག་པོར་གནོད་པར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་བགྲོད་པར་བྱེད་དོ་ཞེས་ཡ་སྒྲའོ། །གཉིས་བརྗོད་དོ། །རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨ་ཏའི་མཐའ་རྗེས་སུ་ང་རོའོ། །འདིས་ཡུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །ཡའི་ཨན་མིན་པ་ལ་ ཞེས་པས་ཡ་དབྱིའོ། །ཛུ་དང་ཙཾ་ཀྲ་མྱ་དང་དཾ་དྲ་མྱ་དང་སྲྀ་ཞེས་པ་འདི་རྣམས་གཡོ་བའི་དོན་ཉིད་ཀྱི་ཕྱིར་ཁྲོ་བ་དང་རྒྱན་དང་གཡོ་བ་ཞེས་པ་འདིས་ཡུའི་རྐྱེན་གྲུབ་པ་ལ་སླར་ཡང་དཔེར་བརྗོད་པ་ནི་སྤྲོས་པའི་དོན་ཏོ། །ཡ་མཐའ་དང་སཱུ་ད་དཱི་བི་དཀྵི་རྣམས་ཀྱི་མ་ཡིན་ནོ། །གང་རྣམས་ཀྱི་མཐའ་ཡ་ཡིག་ཡིན་ པ་དེ་ནི་ཡ་མཐའོ། །དེ་ནས་ཟླས་དབྱེ་བའོ། །ཡ་ཡིག་གི་མཐའ་ཅན་རྣམས་དང་སཱུ་ད་འཚེ་བར་བྱེད་པ་ལའོ། །དཱི་བཱི་གསལ་བ་ལའོ། །དཱི་ཀྵི་མགོ་ཟླུམ་ལའོ་ཞེས་པ་འདི་རྣམས་ལས་ཡུ་མི་འགྱུར་རོ། །རུཙ་སོགས་ཉིད་ལས་ཐོབ་པ་ལ་དགག་པའོ། །ཀྣུ་ཡི་ཏཱ། ཀྵྨ་ཡེ་ཏཱ། སཱུ་ད་ཏཱི། དཱི་པ་ཏཱ། 195-1-289a དཱིཀྵ་ཏྲི། ཏྲྀནིའོ། །ཤྲྀ་ཀམ་གམ་ཧན་བྲྀཥ་བྷཱུ་སྠཱ་ལ་ཥ་པཏ་བད་རྣམས་ཀྱི་ཨུ་ཀཉའོ། །ཤྲྀ་འཚེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །གམླྀ་འགྲོ་བ་ལའོ། །ཧན་འཚེ་བ་དང་འགྲོ་བ་ལའོ། །བྲྀཥུ་བཀྲུ་བ་ལའོ། །བྷཱུ་ཡོད་པ་ལའོ། །ཥྛཱ་འགྲོ་བ་མི་འཇུག་པ་ལའོ། །ལཥ་མཛེས་ པ་ལའོ། །པཊླྀ་འགྲོ་བ་ལའོ། །པ་ད་རྟོགས་པ་ལའོ། །འདི་རྣམས་ལས་ཨུ་ཀཉ་ཕ་རོལ་ཏུ་འགྱུར་རོ། །ཀི་ཤཱ་རུ་ཀཿ། སུ་ལ་ཡང་འཚེ་བར་བྱེད་དོ་ཞེས་པ་ཨུ་ཀཉའོ། །ཀཱ་མུ་ཀཿ། ཨཱ་གཱ་མུ་ཀཿ། ཨཱ་གྷཱ་ཏུ་ཀཿ། པྲ་བཪྵུ་ཀཿ། པྲ་བྷ་ཝུ་ཀཿ། ཨུ་བསྠཱ་ཡུ་ཀཿ། ཨུ་པ་ལ་ཥྭ་ཀཿ། པྲ་པཱ་ཏུ་ཀཿ། ཨུ་པ་བཱ་དུ་ཀཿ། ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོའོ། །ཧནྟའི་ཏའོ། །ཧའི་གྷིའོ། །ཡོན་ཏན་ནོ། །ཨཱ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡིའོ་ཞེས་པས་ཨཱ་ཡིའོ། །བྲྀཉ་བྷིཀྵི་ལུཎྜི་ཛལྤི་ཀུཊྚ་རྣམས་ཀྱི་ཥཱ་ཀའོ། །བྲྀཉ་འདམ་བ་ལའོ། །བྷི་ཀྵ་སློང་བ་ལའོ། །ལུཎྜ་རྐུ་བ་ལའོ། །ཛལྤ་ ཛ་པ་གསལ་བར་སྨྲ་བ་ལའོ། །ཀུཊྚ་གཅོད་པ་དང་སྨོད་པ་དག་ལའོ། །འདི་རྣམས་ལ་ཥཱ་ཀའི་རྐྱེན་འགྱུར་རོ། །ཥ་ཡིག་ནི་ཨཱི་ཡིག་གི་དོན་ཏོ། །བ་རཱ་ཀཿ། བ་རཱ་ཀཱི། བྷི་ཀྵཱ་ཀཿ། ཛལྤ་ཀཿ། ལུཎྜ་ཀཿ། ཀུཊྚ་ཀཿ། པྲ་ལ་ཛུ་སཱུ་དག་གི་ཨིནའོ། །བྲའི་སྒྲ་ཉེ་བའི་ཚིག་ལ་མདོ་ལས་འབྱུང་བའི་ ཛུ་ཞེས་པ་འདི་དང་ཥུ་དེད་པ་ལའོ་ཞེས་པ་འདི་ལས་ཀྱང་། ཨིན་ཕ་རོལ་ཏུ་འགྱུར་རོ། །པྲ་ཛ་བཱི། པྲ་ས་བཱི། ཛི་ཨིཎ་ཏྲྀ་ཀྵི་བི་ཤྲི་པ་རི་བྷཱུ་བམ་ཨ་བྷྱ་མ་ཨ་བྱ་ཐ་རྣམས་ཀྱིའོ། །ཛི་རྒྱལ་བ་ལའོ། །ཨིཎ་འགྲོ་བ་ལའོ། །དྲྀ་གུས་པ་ལའོ། །ཀྵི་ཟད་པ་ལའོ། །ཤྲིཉ་བསྟེན་པ་ལོ། །བི་སྔོན་དུའོ། ། བྷཱུ་ཡོད་པ་ལའོ། །བ་རི་སྔོན་དུའོ། །ཌུ་པ་མ་སྐྱུག་པ་ལའོ། །ཨམ་འགྲོ་བ་ལའོ། །ཨ་བྷི་སྔོན་དུའོ། །བྱ་ཐའི་སྔོན་དུ་ན་ཉའོ། །འདི་རྣམས་ལས་ཨིན་ཕ་རོལ་ཏུ་འགྱུར་རོ། །ཛ་ཡཱི། ཨ་ཡཱི། ད་རཱི། ཀྵ་ཡཱི། བི་ཤྲ་ཡཱི། པ་རི་བྷ་བཱི། བ་མི། ཨ་བྷྱ་མཱི། ཨ་བྱ་ཐཱི། ད་ཡི་པ་ཏི་གྲྀ་ཧི་སྠྀ་ཧི་ ཤྲ་དྡྷ་ཏནྟྲ་ནི་ཏྲ་རྣམས་ལས་ཨཱ་ལུའོ། །ད་ཡ་སྦྱིན་པ་དང་འགྲོ་བ་དང་བསྲུང་བ་རྣམས་ལའོ། །པ་ད་འགྲོ་བ་ལའོ། །གྲྀ་ཧ་འཛིན་པ་ལའོ། །སྤྲྀ་ཧ་འདོད་པ་ལའོ། །གསུམ་ནི་ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །ཤྲད་སྔོན་མ་ལས་དྷཉའོ། །ཏནྟྲ་ཞེས་པ་མདོ་ལས་འབྱུང་བའོ། །དྲ་སྨད་པ་དང་འགྲོ་བ་ 195-1-289b ལའོ། །ནི་སྔོན་དུའོ། །འདི་རྣམས་ལས་ཨ་ལུ་ཕ་རོལ་ཏུ་འགྱུར་རོ། །ད་ཡཱ་ལུཿ །པ་ད་ཡཱ་ལུཿ། གྲྀ་ཧ་ཡཱ་ལུཿ། སྤྲི་ཧ་ཡཱ་ལུཿ། པ་དི་དང་གྲྀ་ཧི་དང་སྤྲི་ཧི་རྣམས་ལས་ཨིནའོ། །ཨའི་ཡང་དབྱིའོ། །ཨ་ལུ་ཨིཥྞུ་ཞེས་པས་ཀཱ་རི་ཏ་དབྱི་བ་མེད་དོ། །ཤྲདྡྷཱ་ལུཿ། ཏནྡྲ་ལུཿ། ནི་དྲ་ལུཿ། ཤིང་ལས་ཀྱང་འདོད་ དེ། ཤ་ཡཱ་ལུཿ། ཤིཏ་ཨུཥྞ་དག་ལས་ཀྱང་ལྷན་ཅིག་པ་མིན་པ་ལའོ། །ཤཱི་ཏ་དང་ཨུཥྞའི་སྒྲ་དག་ལས་ལྷན་ཅིག་པ་མིན་པའི་བྱེད་པ་པོ་ལ་ཨཱ་ལུ་ཕ་རོལ་ཏུ་འགྱུར་རོ། །སྟབས་གཅིག་པ་མ་ཡིན་ནོ་ཞེས་པའི་དོན་ནི། ལྷན་ཅིག་པ་མིན་པ་སྟེ་པཙ་སོགས་ཉིད་ཀྱི་ཕྱིར་ཨཙའོ། །གྲང་བ་དང་བཅས་པ་མིན་ པ་ནི། ཤཱི་ཏཱ་ལུཿ། དྲོ་བ་དང་བཅས་པ་མིན་པ་ནི། ཨུཥྞ་ལུཿ། ཤ་དི་ས་དི་དྷེཊ་དཱ་སི་རྣམས་ལས་རུའོ། །ཤ་དི་ས་དི་དང་དྷེཊ་ཅེས་པ་འདི་རྣམས་དང་ཌུ་དཱ་ཉ་སྦྱིན་པ་ལའོ། །ཥི་འཆིང་བ་ལའོ་ཞེས་པ་འདི་དག་ལས་ཀྱང་རུའི་རྐྱེན་འགྱུར་རོ། །ཤ་དྲུཿ། ས་དྲུཿ། དྷཱ་རུཿ། དཱ་རུཿ། སེ་རུཿ། སྲྀ་ཨ་དི་གྷས་ རྣམས་ཀྱི་མ་ར་ཀའོ། །སྲྀ་འགྲོ་བ་ལའོ། །ཨད་ཟ་བ་ལའོ། །གྷ་སི་མདོ་ལས་འབྱུང་བའི་བྱིངས་སོ། །འདི་རྣམས་ལས་མ་ར་ཀ་ཕ་རོལ་ཏུ་འགྱུར་རོ། །སྲི་མ་རཿ། ཨསྨ་རཿ། གྷསྨ་རཿ། མི་དི་བྷ་སི་བྷཉྫ་རྣམས་ཀྱི་གྷུ་རའོ། །འདི་རྣམས་ལས་གྷུ་ར་ཕ་རོལ་ཏུ་འགྱུར་རོ། །མེ་དུ་རཿ། པཱ་ཤུ་རཿ། བྷཱ་སུ་ རཿ། བྷཾ་གུ་རཿ། ཙ་ཛ་དག་གི་ཞེས་པས་ག་ཉིད་དོ། །བྷཾ་ཛ་ལས་བྱེད་པ་པོ་ལ་སྦྱོར་བའི་བྱེད་པ་པོ་ཙམ་མིན་ནོ་ཞེས་སྨྲའོ། །དེ་བཞིན་དུ་ཕྱི་མ་ལ་ཚི་དི་བྷི་དི་དག་གོ། །ཚི་དི་བྷི་དི་བི་ད་རྣམས་ཀྱི་ཀུ་རའོ། །འདི་རྣམས་ལས་ཀུ་རའི་རྐྱེན་འགྱུར་རོ། །ཚི་དུ་རཿ། བྷི་དུ་རཿ། བི་དུ་རཿ། བི་ད་ཤེས་པའི་མིང་དོན་ གཟུང་བར་བྱའི་གཞན་མ་ཡིན་ཏེ་མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཛ་གྲྀ་ལས་ཨཱུ་ཀའོ། །ཛཱ་གརྟི་ལས་ཨཱུ་ཀའི་རྐྱེན་འགྱུར་རོ། །ཛཱ་ག་རཱུ་ཀཿ། ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ཀྱི་ཡ་ཛི་ཛ་བི་དཾ་ཤ་བད་རྣམས་ཀྱིའོ། །ཡ་ཛི་དང་ཛ་པི་དང་དཾ་ཤི་དང་བ་དི་རྣམས་ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ལས་ཨཱུ་ཀའི་རྐྱེན་འགྱུར་རོ། ། ཡཱ་ཡ་ཛུ་ཀཿ། ཛཾ་ཛ་བུ་ཀཿ། དཾ་ད་ཤུ་ཀཿ། བཱ་བ་དུ་ཀཿ། ཤིན་ཏུ་མཆོད་པར་བྱེད་དོ། །གསང་ནས་བཟླས་པར་བྱེད་དོ། །དེ་བཞིན་དུ་ཟ་བར་བྱེད་དོ། །ཤིན་ཏུ་སྨྲ་བར་བྱེད་དོ་ཞེས་པས་ཡ་སྒྲའོ། །ཛ་པ་སོགས་རྣམས་ཀྱིའང་ངོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །འདིས་ཨཱུ་ཀའོ། །ཨའི་ཡང་དབྱིའོ། ། 195-1-290a ཡའི་ཨན་མིན་པ་ལ་ཞེས་པས་ཡ་ཡིག་དབྱིའོ། །ཨཱ་ག་མ་མེད་པའི་མཐའི་རིང་པོ་ཞེས་པས་རིང་པོའོ། །དེའི་ཨ་ཙ་ལ་འཇིག་གོ། །དེའི་སྟེ་ཙ་ཀྲཱི་ཡི་ཏའི་ཨ་ཙ་ཕ་རོལ་ལ་འཇིག་པར་འགྱུར་རོ། །ལོ་ལུ་བཿ། པོ་པུ་བཿ། ཤིན་ཏུ་གཅོད་པར་བྱེད་དོ། །ཤིན་ཏུ་དག་པར་བྱེད་དོ་ ལ་ཡ་སྒྲའོ། །གཉིས་བརྗོད་དོ། །པཙ་སོགས་རྣམས་ལས་ཨཙའང་ངོ་ཞེས་པས་ཨཙའོ། །འདིས་ཡ་སྒྲ་འཇིག་གོ། །ཎ་རྗེས་སུ་འབྲེལ་པ་ཞེས་སྦྱོར་བ་རྣམ་པར་གཞག་པ་ལས་ཡོན་ཏན་མེད་དོ། །དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་ཅེས་པས་ཨུ་ཝའོ། །དེ་ལས་ཡཱ་ཏི་ལས་བ་རའོ། །ཙེ་ཀྲཱྀ་ ཡི་ཏའི་མཐའ་དེ་ལས་ཡཱ་ཏི་སྟེ་ཡ་ཐོབ་པ་ལའོ་ཞེས་པ་འདི་ལས་བ་རའི་རྐྱེན་འགྱུར་རོ། །ཡཱ་ཡཱ་བ་རཿ། ཤིན་ཏུ་ཐོབ་པར་བྱེད་དོ་ལ་བཤད་པ་ལས་ཡ་སྒྲའོ། །འདིས་བ་རའི་རྐྱེན་ནོ། །ཨའི་འང་དབྱིའོ། །གསལ་བྱེད་ལ་ཡ་བ་དག་གི་ཞེས་པས་ཡ་དབྱིའོ། །འོ་ན་དབྱངས་བསྒྱུར་བ་ཡོངས་སུ་བཤད་པས་ ཨ་ཡིག་དབྱི་བ་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གསལ་བྱེད་ཕ་རོལ་ཏུ་གྱུར་པ་ཉིད་ལས་ཡ་དབྱི་བ་ཇི་ལྟར་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་ཡ་དབྱི་བའི་སྒྲུབ་པ་རབ་ཏུ་འགེགས་པ་ལ་གནས་ཅན་དང་འདྲ་བར་འགྱུར་བ་ཡ་དབྱི་བའི་སྒྲུབ་པ་སོ་སོར་གནས་ཅན་བཞིན་མིན་ནོ་ཞེས་པའི་ཚིག་ལས་སོ། ། ཀ་སི་པི་སི་བྷཱ་སི་ཨཱི་ཤ་སྠཱ་པྲ་མད་རྣམས་ཀྱིའང་ངོ་། །ཀ་ས་འགྲོ་བ་ལའོ། །པེ་སྲྀ་འགྲོ་བ་ལའོ། །བྷཱ་སྲྀ་གསལ་བ་ལའོ། །ཨཱི་ཤ་དབང་ཕྱུག་ལའོ། །ཥཱ་གནས་པ་ལའོ། །མ་དཱི་དགའ་བ་ལའོ། །པྲ་སྔོན་དུའོ། །འདི་རྣམས་ལས་ཝ་རའི་རྐྱེན་འགྱུར་རོ། །ཀ་ས་རཿ། པ་སྭེ་རཿ། བྷཱ་སྭ་རཿ། ཨཱི་ཤྭ་རཿ། སྠ་བརཿ། པྲ་མ་དྭ་རཿ། སྒྲ་ལྡན་དང་ཞེས་པས་ཨིཊ་མེད་དོ། །སྲྀ་ཛྲཾ་ཨིཎ་ན་ཤ་རྣམས་ཀྱི་ཀྭ་ར་པའོ། །སྲི་དང་ཛི་དང་ཨིཎ་དང་ན་ཤ་ཞེས་པ་འདི་རྣམས་ལས་ཀ་ར་བའི་རྐྱེན་འགྱུར་རོ། །སྲི་ཏྭརཿ། སྲི་ཏྭ་རཱིཿ། ཛི་ཏྭ་རཿ། ཨི་ཏྭ་རཿ། ན་ཤྭརཿ། བྱིངས་ཀྱི་མཐའ་ཏའོ། །ག་མའི་ཏ་འང་ངོ་། །གམ་ལས་ ཀྭ་ར་པ་ཕ་རོལ་ཏུ་འགྱུར་ཞིང་ཏ་ཡིག་ཏུ་བསྒྱུར་བ་འང་ངོ་། །ག་ཏྭ་རཿ། དྭི་པི་ཀམྤི་ཨ་ཛ་སི་ཧིཾ་སི་ཀ་མི་སྨིང་ནམ་རྣམས་ཀྱི་རའོ། །དཱི་པི་གསལ་བ་ལའོ། །ཀམྤི་འདར་བ་ལའོ། །ཛསུ་གྲོལ་བ་ལའོ། །ནཉ་སྔོན་དུའོ། །ཧི་སི་ཧིཾ་ས་འཚེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །སྨིང་འཛུམ་པ་ལའོ། ། 195-1-290b ནམ་འདུད་པ་ལ་སྟེ་སྒྲ་ལ་འང་ངོ་། །འདི་རྣམས་ལས་རའི་རྐྱེན་འགྱུར་རོ། །དཱི་པྲཿ། ཀམྤྲཿ། ཨཛ་སྲིཿ། ཧིཾ་སྲཿ། ཀ་མཿ། སྨེརཿ། ན་མྲཿ། སྔ་མ་བཞིན་དུ་ཨིཊ་མེད་དོ། །སན་མཐའ་དང་ཨཱ་ཤཾ་སི་དང་བྷི་ཀྵ་རྣམས་ཀྱི་ཨུའོ། །བྱིངས་སན་མཐའ་ཅན་དང་ཨཱང་སྔོན་མའི་ཤཾ་སི་དང་བྷིཀྵ་ལས་ཀྱང་ ཨུའི་རྐྱེན་འགྱུར་རོ། །བྱེད་པར་འདོད་དོ་ལ། ཙ་ཀཱི་ཪྵུཿ། འཚེད་པར་འདོད་དོ་ལ། པི་སཀྵུཿ། ཨུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །ཨཱ་ཤཾ་སུཿ། བྷི་ཀྵུཿ། བྷིནྡྷུ་དང་ཨིཙྪུ་ཡང་ངོ་། །བིནྡྷུ་དང་ཨིཙྪུའོ། །ཞེས་པའི་སྒྲ་འདི་དག་ཚིག་ཕྲད་དོ། །བི་དི་ལས་ཨུའི་རྐྱེན་དང་ནི་ཡིག་ཨཱ་ག་མའང་ངོ་། ། ཨི་ཥིའི་ཨཙྪ་ཉིད་ཀྱང་ངོ་། །ཨཱཏ་རྀ་ཡིག་མཐའ་ཨུ་པ་དྷཱ་ཕྱིས་པ་རྣམས་ཀྱི་ཀི་སྟེ་གཉིས་དག་ཀྱང་ངོ་། །གང་རྣམས་ཀྱི་ཨུ་པ་དྷཱ་ཕྱིས་པ་ཡོད་པ་དེ་རྣམས་ནི་ཨུ་པ་དྷཱ་ཕྱིས་པ་ཅན་ནོ། །ཨཱཏ་དང་རྀ་ཡིག་དང་ཨུ་པ་དྷཱ་ཕྱིས་པ་ཅན་ཞེས་ཟླས་དབྱེ་བའོ། །ཨ་ཡིག་མཐའ་ཅན་རྣམས་དང་རྀ་ཡིག་མཐའ་ཅན་ རྣམས་དང་ཨུ་པ་དྷཱ་ཕྱིས་པ་ཅན་རྣམས་ཀྱི་ཀིའི་རྐྱེན་འགྱུར་ཞིང་། འདི་རྣམས་ཀྱིའང་གཟུགས་གཉིས་སུ་འགྱུར་ཏེ། ཚིག་གཉིས་སུ་འགྱུར་རོ་ཞེས་པའི་དོན་ཏོ། །ཨཱ་ཡིག་གི་མཐའ་ཅན་རྣམས་ལས། ཨིཿ། དྷིཿ། པ་འཐུང་བ་ལའོ། །དྷུ་དྷཱཉ་འཛིན་པ་ལའོ། །ཀིའི་རྐྱེན་ནོ། །གཉིས་བརྗོད་དོ། ། བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །རྀ་ཡིག་གི་མཐའ་ཅན་རྣམས་ལས། ཙ་ཀྲིཿ། པ་སྲིཿ། ཌུ་ཀྲྀ་གསུམ་བྱེད་པ་པའོ། །བྲྀ་འགྲོ་བ་ལའོ། །ཨུ་པ་དྷ་ཕྱིས་པ་ཅན་རྣམས་ལས། ཛ་ཛྙིཿ། ཙཁྣིཿ། ཛན་སྐྱེ་བ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །གམ་ཧན་ཛན་ ཁན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ས་ཧི་ཙ་ལི་བ་ཧི་བ་དི་པ་ཏི་རྣམས་ལས་ཀྱང་ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ལས་ཀིའི་རྐྱེན་བཤད་པར་བྱ་སྟེ། སཱ་ས་ཧིཿ། ཙཱ་ཙ་ལིཿ། བཱ་བ་ཏིཿ། བཱ་བ་དིཿ། པཱ་པ་ཏིཿ། ཥ་ཧ་བཟོད་པ་ལའོ། །ཙ་ལ་འདར་བ་ལའོ། །བཧ་ཐོབ་པ་ལའོ། །བད་གསལ་བར་བརྗོད་པ་ ལའོ། །པཏླི་འགྲོ་བ་ལའོ། །ཡ་སྒྲའོ། །བཤད་པ་ལས་ཀིའོ། །ཨའི་ཡང་དབྱིའོ། །ཡའི་ཨན་མིན་པ་ལ་ཞེས་པས་ཡ་དབྱིའོ། །ཏྲྀ་ཥི་དྷྲྀ་ཥི་སྭ་པ་རྣམས་ཀྱི་ན་ཛིངའོ། །འདི་རྣམས་ལས་ན་ཛིང་རྐྱེན་དུ་འགྱུར་རོ། །ཏྲྀཥྞ་ཀ །དྷྲྀཥྞ་ཀ །སྭཔྣ་ཀ །སྔ་མ་བཞིན་དུ་ཨིཊ་མེད་དོ། །ཤྲི་བཾ་དི་དག་གི་ 195-1-291a ཨཱ་རུའོ། །ཤཱི་འཚེ་བ་ལའོ། །བ་དི་མངོན་པར་འདུད་པ་ལའོ། །འདི་དག་ལས་ཨ་རུའི་རྐྱེན་འགྱུར་རོ། །ཤ་རཱ་རུཿ། བནྡཱ་རུཿ། བྷཱི་ལས་རུག་ལུག་དག་ཀྱང་ངོ་། །བྷཱི་འཇིགས་པ་ལའོ་ཞེས་པ་འདི་ལས་རུག་ལུག་ཅེས་པ་འདི་དག་འགྱུར་རོ། །བྷཱི་རཱུཿ། བྷཱི་ལུཿ། རུཀ་ཀ་དང་ལུཀ་ཀ་ དག་ཀྱང་འདོད་དོ། །བྷཱི་རུགཿ། བྷཱི་ལུཀཿ། བྷྲ་ཛི་པྲི་དྷུརྦི་ཨུརྫི་གྲ་བ་རུ་དྷུ་ཏི་བྷས་རྣམས་ཀྱིའང་ཀྭིཔའོ། །བྷྲ་ཛྲྀ་གསལ་བ་ལའོ། །བྲྀ་སྐྱོང་བ་ལའོ། །དྷུརྦ་འཚེ་བ་ལའོ། །ཨུརྫི་སྟོབས་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །ཥྚུའི་སྔོན་དུ་གྲ་བའོ། །དྷུ་ཏ་འབར་བ་ལའོ། །བྷཱ་སྲྀ་སྣང་བ་ལའང་ འདི་རྣམས་ལས་ཀྭིཔ་ཕ་རོལ་ཏུ་འགྱུར་རོ། །བི་བྷཱ་ཊ། ཧ་ཤཥ་ཚ་མཐའ་ཞེས་པས་ཌའོ། །པཱུཿ། པུ་རོོ། མཆུར་གྱུར་ཨུ་པ་དྷཱའི་ཞེས་པས་ཨུརའོ། །ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ། །དྷུཿ།དྷུ་རཽ། ར་ལས་དབྱི་བ་དག་གོ་ཞེས་པས་བ་དབྱིའོ། །ཨུརྐ། ཀྭིཔའོ། །ཀཱ་རི་ཏ་དབྱིའོ། །ཙ་སྡེ་ དང་དྲྀཤ་ཞེས་པ་གའོ། །གྲ་བསྟུ་ཏ། གྲ་བ་བསྟོད་དོ་ཞེས་ཀྭིཔའོ། །བྱིངས་ཀྱི་མཐའ་ཏའོ། །བི་དྷུ་ཏ། བྷཿ། དེའི་ངང་ཚུལ་ལས་སོགས་ཀྱི་དོན་བརྗོད་པར་འདོད་པ་ལའོ། །དྲིན་གྱིས་གནོད་པར་གྱུར་རོ་ཞེས་ཀྭིཔའི་རྐྱེན་གྲུབ་ཀྱང་སླར་ཡང་བརྗོད་པར་བྱའོ། །དྷུ་ཏི་གམ་དག་གཉིས་ཀྱང་ངོ་། །དྷུ་ཏི་ དང་ག་མི་དད་པས་ཀྭིཔ་ཕ་རོལ་ཏུ་འགྱུར་ཞིང་དེ་དག་གི་གཟུགས་ཀྱང་གཉིས་སུ་འགྱུར་རོ། །དི་དྷུ་ཏ། ཛ་གཏ། གསལ་བར་བྱེད་དོ་འགྲོ་བར་བྱེད་དོ་ལ་ཀྭིཔའོ། །དྷུ་ཏི་སྭ་པི་དག་གི་ཨ་བྷྱ་སའི་ཞེས་པས་དྷུ་ཏི་ལས་སཾ་པྲ་སཱ་ར་ཎའོ། །ཡམ་མན་ཏན་གམ་རྣམས་ཀྱི་ཀྭིཔ་ལའོ་ཞེས་པས་ག་མིའི་ལྔ་པ་ དབྱིའོ། །བི་ཤམ་པྲ་རྣམས་ལ་བྷཱུ་ལས་ཌུའོ། །བི་དང་ཤམ་དང་པྲ་ཞེས་པ་འདི་རྣམས་ཉའི་ཚིག་ལ་བྷ་བ་ཏི་ལས་ཌུའི་རྐྱེན་འགྱུར་རོ། །བི་བྷུཿ། ཤམྦྷུཿ། པྲ་བྷུཿ། ཌུའི་རྐྱེན་ནོ། །མཐའི་དབྱངས་སོགས་དབྱིའོ། །དྷེཊ་ལས་ལས་ལ་ཥྚནའོ། །དྷེཊ་ལས་ལས་ཀྱི་དོན་ལ་ཥྚྲནྲ་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་ནི་རྣམ་པ་སྣ་ཚོགས་པའི་ དོན་ཏོ། །དེ་འཐུང་བར་བྱེད་དོ་ཞེས་དྷཱ་ཏཱི། དྷེཊ་འཐུང་བ་ལའོ། །ཥྚྲནའོ། །ཥ་ཡིག་ཨཱི་ཡིག་གི་དོན་ཏོ། །ཥ་ཉིད་མི་འཇུག་པ་ལ་ཊ་ཉིད་ལྡོག་སྟེ། ཨིས་མནྟྲ་ཞེས་ཏ་ཡིག་བརྗོད་པའི་ཕྱིར་རོ། །ཥཊ་རྗེས་སུ་འབྲེལ་པ་ཞེས་པས་ཨཱི་ཡིག་གོ། །ནཱི་དཱ་བ་ཤ་སུ་ཡུ་ཡུ་ཛི་སྟུ་ཏུད་སི་སི་ཙ་མི་ཧ་པ་ཏ་དཾ་ཤ་ན་ཧ་རྣམས་ཀྱི་ 195-1-291b བྱེད་པ་ལའོ། །ཎིཉ་ཐོབ་པ་ལའོ། །དབཱ་གཅོད་པ་ལའོ། །ཤ་སུ་འཚེ་བ་ལའོ། །ཡུ་བསྲེ་བ་ལའོ། །ཡུ་ཛཱ་རི་སྦྱོར་བ་ལའོ། །ཥྚུཉ་བསྟོད་པ་ལའོ། །ཏུད་འཐེར་བ་ལའོ། །ཥིཉ་འཆིང་བ་ལའོ། །ཥི་ཙ་འཛག་པ་ལའོ། །མི་ཧ་སིང་བ་ལའོ། །པཏླྀ་འགྲོ་བ་ལའོ། །དཾ་ཤ་ཟ་བ་ལའོ། །ཎཧ་འཆིང་ བ་ལའོ། །འདི་རྣམས་ལས་བྱེད་པའི་དོན་ལ་ཥྚན་ཕ་རོལ་ཏུ་འགྱུར་རོ། །འདིས་འཐོབ་པར་བྱེད་དོ། །ནེ་ཏྲམ། འདིས་གཅོད་པར་བྱེད་དོ་ཞེས། དཱ་ཏྲཾ། འདིས་འཚེ་བར་བྱེད་དོ་ཞེས། ཤསྟྲཾ། འདི་བསྲེ་བར་བྱེད་དོ་ཞེས། ཡོསྟཱཾ། འདིས་སྦྱོར་བར་བྱེད་དོ་ཞེས། ཡོཀྟྲཾ། འདིས་བསྟོད་པར་བྱེད་དོ་ ཞེས། སྟོ་ཏྲཾ། འདིས་འཐོར་བར་བྱེད་དོ། །ཏོཏྟྲཾ། འདིས་སིང་བར་བྱེད་དོ་ཞེས། སེ་ཏྲཾ། འདིས་འཛག་པར་བྱེད་དོ་ཞེས། སེཀྟྲཾ། འདིས་དྲན་པར་བྱེད་དོ་ཞེས། མེ་ཌྷ། ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་ཌྷའོ། །ཌྷ་ལས་ཌྷའི་དབྱིའོ། །འདིས་འགྲོ་བར་བྱེད་དོ་ཞེས། པཏྟྲ། ཨ་ མ་ཡིན་པ་ལས་ཞེས་པས་ཨིཊ་ཨཱ་ག་མ་མེད་དེ། ཥྞུ་དཾ་ག་ཨེ་ཡིག་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཟ་བར་བྱེད་དོ་ཞེས། དཾཥྞྲ། ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །འདིས་འཆིང་བར་བྱེད་དོ་ཞེས། ནི་ཧིའི་དྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དའོ། ། ཥཌ་རྗེས་སུ་འབྲེལ་པ་ལས་ཨཱིའོ། །སཱུ་ལས་ཐོང་པ་དང་ཕག་དག་ལའོ། །ཐོང་པ་ཕག་དག་གི་ཞེས་དྲུག་པའོ། །སུ་ཞེས་པ་འདིས་པུང་དང་པུཉ་གཟུང་བར་བྱའོ། །པུང་ལས་བྱེད་པ་པོའི་དོན་ལ་ཥྚན་ཕ་རོལ་ཏུ་འགྱུར་ཏེ། དེ་གལ་ཏེ་ཕག་དང་ཐོང་པ་དག་དང་འབྲེལ་པའི་བྱེད་པ། ཧ་ལ་སྱ་སོ་ཏྲཾ། སཱུ་ཀ་ར་སྱ་ པོ་ཏྲཾ། གདོང་བའོ་ཞེས་པའི་དོན་ཏོ། །འདིས་འཐུང་བར་བྱེད་དོ་ཞེས་ཥྚྲནའོ། །ཨརྟི་ལཱུ་དྷཱུ་སཱུ་ཁ་ནིས་ཧི་ཙ་རི་རྣམས་ལས་ཨི་ཏྲནའོ། །རྀ་འགྲོ་བ་ལའོ། །ལཱུཉ་གཅོད་པ་ལའོ། །དྷཱུ་རྣམ་པར་བསྐྱོད་པ་ལའོ། །ཥུ་དེད་པ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཥཧ་བཟོད་པ་ལའོ། །ཙར་འགྲོ་བའི་དོན་ཏོ། ། འདི་རྣམས་ལས་བྱེད་པའི་དོན་ལ་ཨི་ཏྲན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །འདི་འགྲོ་བར་བྱེད་ཅེས། ཨ་རི་ཏྲཾ། འདིས་གཅོད་པར་བྱེད་དོ་ཞེས། བི་ཏྲཾ། འདིས་སྐྱོད་པར་བྱེད་དོ་ཞེས། དྷ་བི་ཏྲཾ། འདིས་འདེད་པར་བྱེད་དོ་ཞེས། ས་བི་ཏྲཾ། འདིས་རྐོ་བར་བྱེད་དོ་ཞེས། ཁ་ནི་ཏྲཾ། 195-1-292a འདིས་བཟོད་པར་བྱེད་དོ་ཞེས། ས་ཧི་ཏྲཾ། འདིས་རྒྱུ་བར་བྱེད་དོ་ཞེས། ཙ་རི་ཏྲཾ། བུང་ལས་མིང་ལའོ། །མིང་གི་ཡུལ་ལ་བུང་ལས་ཨཾ་ཏྲན་ཕ་རོལ་ཏུ་འགྱུར་རོ། །པ་ཝི་ཏྲཾ། རྩ་ཀུ་ཤའི་རྣམ་འགྱུར་བརྗོད་པར་བྱའོ། །བྱེད་པ་པོ་ལ་དྲང་སྲོང་དང་ལྷ་དག་ལའོ། །དྲང་སྲོང་དང་ལྷ་བྱེད་པ་པོ་ལ་ བུང་ལས་ཨི་ཏྲིན་ཕ་རོལ་ཏུ་འགྱུར་རོ། །དག་པར་བྱེད་དོ་ཞེས། ས་བི་ཏྲཾ་རི་ཥིཿ། ལྷ་ལ་དག་པར་ཞེས། ས་བི་ཏྲཾ་རུ་ཏྲཿ། ཉི་རྗེས་སུ་འབྲེལ་པ་དང་འདོད་པ་བློ་མཆོད་པའི་དོན་རྣམས་ལས་ཀྱང་ཀྟའོ། །གང་རྣམས་ཉི་རྗེས་སུ་འབྲེལ་པ་དེ་ནི་ཉི་རྗེས་སུ་འབྲེལ་པའོ། །འདོད་པ་དང་བློ་དང་མཆོད་པ་ཉིད་ནི་གང་རྣམས་ ཀྱི་འདོད་པ་བློ་མཆོད་པའི་དོན་ཏོ། །དེ་ནས་ཟླས་དབྱེའོ། །ཉི་རྗེས་སུ་འབྲེལ་པ་རྣམས་དང་འདོད་པའི་དོན་རྣམས་དང་བློའི་དོན་རྣམས་དང་མཆོད་པའི་དོན་རྣམས་ལས་ཀྱང་ད་ལྟར་བའི་དུས་ལ་ཀྟའི་རྐྱེན་འགྱུར་རོ། །མིནྣཿ། ཀྵིཎྞཿ། ཉི་མི་དཱ་སྣུམ་པ་ལའོ། །ཉི་ཀྵི་དཱ་གྲོལ་བ་ལའོ། །སྣུམ་པར་བྱེད་དོ། །གྲོལ་ བར་བྱེད་དོ་ཞེས་ཀྟའོ། །ཨཱཏ་རྗེས་སུ་འབྲེལ་པ་ལས་ཀྱང་ཞེས་པས་ཨིཊ་མེད་དོ། །ད་ལས་དའི་ཞེས་པས་ན་ཉིད་དོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ཞེས་པས་ན་ཡིག་གི་ཎ་ཡིག་གོ། །འདོད་པའི་དོན་རྣམས་ལས། ར་ཛྙཱམྨཏཿ། ལན་ཤེས་པ་ལའོ། །ཤེས་པར་བྱེད་དོ་ཞེས་ཀྟའོ། །བ་ན་ཏི་ཏ་ནོ་ཏི་སོགས་ཞེས་ པས་ལྔ་པ་དབྱིའོ། །བློའི་དོན་རྣམས་ལས། རཛྙཱ་བུདྡྷཿ། བུདྷ་རྟོགས་པ་ལའོ། །རྟོགས་པར་བྱེད་དོ་ཞེས་ཀྟའོ། །མཆོད་པའི་དོན་རྣམས་ལས། རཱ་ཛྙ་བུ་ཛི་ཏཿ། བུ་ཛི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །མཆོད་དོ་ཞེས་པས་ཀྟའོ། །ཨིནའི་ནིཥྛ་ཨིཊ་ཅན་ལའོ་ཞེས་པས་ཀཱ་རི་ཏ་དབྱིའོ། །ཀྱང་གི་སྒྲས་ གཞན་ལ་ཡང་ད་ལྟར་བ་ལ་ཀྟ་འདོད་དེ། རཀྵི་ཏཿ། རུཥྚཿ། ཧྲྀཥྚཿ། ཏུཥྚ། སཾ་ཡཏཿ། ཨུདྱ་ཏཿ། ཤ་ཡི་ཏཿ། ཏྲྀཔྟཿ། ལིཔྟཿ། པདྡྷཿ། རཀྵ་བསྲུང་བ་ལའོ། །རུཥ་ཁྲོ་བ་ལའོ། །ཧྲྀཥ་ཚི་པ་ལའོ། །ཏུཥཱ་དགའ་བ་ལའོ། །ཡ་མ་ཉེ་བར་འཇིག་པ་ལའོ། །ཨུད་སྔོན་དུའོ། །ཤིང་ཉལ་བ་ ལའོ། །ཏྲྀ་བ་དགའ་བ་ལའོ། །ལིཔ་བྱུག་པ་ལའོ། །བནྡྷ་འཆིང་བ་ལའོ། །ཧྲྀ་ཥི་ལྤ་སྤུ་རྣམས་ལ་ཞེས་པས་ཨིཊ་ཡང་ནའོ། །བ་ན་ནི་ཏ་ནོ་ཏི་ཞེས་སོགས་ཀྱི་ཡ་མའིའང་ལྔ་པ་དབྱིའོ། །ཤཱིང་པུང་ཞེས་པས་ཤཱིངའི་ཡོན་ཏན་ནོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏ་ཀྱི་ 195-1-292b སྐབས་ཀྱི་རྐང་པ་བཞི་པ་རྫོགས་སོ།། །།ཨུཎ་སོགས་རྣམས་བྱུང་བ་ལ་འང་ངོ་། །བྱིངས་རྣམས་ལས་ད་ལྟར་བའི་དུས་ལ་ཨུཎ་སོགས་ཀྱི་རྐྱེན་རྣམས་འགྱུར་ཞིང་བྱུང་བ་སྟེ་འདས་པ་ལའོ། །རེ་ཞིག་ད་ལྟར་བ་ལ། བྱེད་དོ་ལ། ཀཱ་རུཿ། བཱ་ཡུཿ། ཌུ་ཀྲྀཉ་བྱེད་པ་ལའོ། །བ་འགྲོ་བ་ལའོ། ། ཀྲྀ་བཱ་ས་ཛི་མི་སྭ་དི་སྭ་དྷྱ་ཤུ་རྣམས་ལས་ཨུཎའོ། །བྱུང་བ་ལ། བྷ་སི་ཏ་བྷ་སྨཱ། ཙ་ར་ཏི་ཙཾརྨཱ། བྷས་གཙོ་བ་ལའོ། །ཙར་འགྲོ་བའི་དོན་ཏོ། །མནའོ། །སྒྲ་མེད་པ་དག་ལའོ་ཞེས་པས་ཨིཊ་མེད་དོ། །འབྱུང་འགྱུར་ལ་ག་མི་ལ་སོགས་པ་རྣམས་སོ། །ག་མི་ལ་སོགས་པའི་སྒྲ་རྣམས་འབྱུང་འགྱུར་གྱི་དུས་ བསྒྲུབ་པར་འགྱུར་རོ། །སྔ་མས་བྱུང་བ་དང་ད་ལྟར་བ་ཐོབ་པ་ལའོ། །འགྲོ་བར་འགྱུར་ཞེས་ག་མི་ལས་ཨི་ནིའོ་ཞེས་པས་ཨི་ནིའོ། །འོང་བར་འགྱུར་རོ་ཞེས། ཨཱ་གཱ་མཱི། ཨཱང་ལ་ནི་ཏའོ་ཞེས་པས་ཨི་ནིའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །འབྱུང་བར་འགྱུར་རོ་ཞེས་བྷཱ་བཱི། བྷཱུ་ལས་ལས་ཀྱང་ངོ་ཞེས་པས་ཨི་ ནིའོ། །དེ་ལ་ནི་ཏ་ཞེས་པ་འཇུག་སྟེ་དེས་ན་འཕེལ་བའོ། །ག་མཱི། ཨཱ་གཱ་མཱི། བྷ་བཱི། པྲ་ཡཱ་མཱི། བྲ་ཏི་རེ་དྷཱི། པྲ་བོ་དྷཱི་ཞེས་པ་རྣམས་ག་མཱི་སོགས་སོ། །བྱ་བ་ལ་བྱ་བའི་དོན་ལ་བུཎ་ཏུམ་དག་གོ། །བྱ་བ་གང་གིས་བྱ་བའི་དོན་ལ་བྱ་བའི་དོན་སྦྱོར་བ་དེ་ནི་བྱ་བའི་དོན་ཏོ། །འབྱུང་འགྱུར་ལ་ཞེས་པ་ འཇུག་སྟེ། གྷཉ་བསྒྲགས་པ་གོང་དུའོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་ལ། བུཎ་དང་ཏུམ་དག་འགྱུར་རོ། །སཱ་ཙ་ཀོ་བྲ་ཛི་ཏ། སཱ་ཀྟུཾ་པྲ་ཛ་ཏི། ཀ་ར་ཀོ་བྲ་ཛ་ཏི། ཀཪྟུ་ཡྦྲ་ཛ་ཏི། བྱ་བ་ལ་ཞེས་པ་ཅི་ཞེ་ན། བྷིཀྵི་ཥྱེ་ཨིཏྱ་སྱ་ཛ་ཊཱ། འདིར་ཛ་ཊཱའི་སྒྲ་ཉེ་བའི་ཚིག་ཏུ་ གྱུར་པའི་བྷིཀྵའི་བྱ་བ་བརྗོད་པའི་རྐྱེན་མེད་དོ། །བྷིཀྵའི་དོན་ཉིད་ཀྱི་ཕྱིར་རལ་པ་སོགས་ཀྱི་བྱ་བའི་དོན་ཉིད་ཡོད་པ་ཁོ་ནའོ། །བྱ་བའི་དོན་ལ་ཞེས་པ་ཅི་ཞེ་ན། པ་ཏི་ཥྱི་ཏ་དྷཱ་བ་ཏ་སྟེ་དཎྜཿ། འདིར་དྷཱ་བ་བྱ་བ་མིན་པ་ཉེ་བའི་ཚིག་ཏུ་འགྱུར་བ་དེ་ནི་དཎྜ་དང་པཱ་ཏའི་དོན་མ་ཡིན་ཏེ་པ་ཏི་ལས་རྐྱེན་མེད་དོ། །འོ་ན་གལ་ཏེ་བུཎའི་ རྐྱེན་གྲུབ་ཟིན་པས་བུཎ་སྨོས་པ་དེ་ནི་དོན་མེད་དེ་ཏུམའི་ས་འགེགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དོན་ཐ་དད་པའི་ཕྱིར་རོ། །གལ་ཏེ་མི་ཟད་པ་བྱ་བའི་དངོས་པོ་ལ་འགྱུར་རོ་ཞེས་པས་དངོས་པོ་ལ་ཏུམའི་རྐྱེན་དང་བྱེད་པ་པོ་ལ་ནི་བུཎ་ཡིན་ན། འོ་ན་ཤནྟྲྀང་ཨཱན་དག་གིས་གནོད་པར་འགྱུར་རོ་ཞེ་ན། གཟུགས་ 195-1-293a མཚུངས་པའི་ཡང་ནའི་ཆོ་གས་མི་འགྱུར་རོ། །དེ་ལྟ་ན་བུཎ་སྨོས་པ་ལས་འདིར་ཤེས་པར་བྱ་བ་མ་ཡིན་ཏེ། བྱ་བའི་ཚིག་ཉེ་བའི་སྐབས་ལ་གཟུགས་མཚུངས་པའི་ཡང་ནའི་སྒྲུབ་པ་ཡོད་དོ་ཞེས་པས་སོ། །གལ་ཏེ་བྱ་བ་ལ་བྱ་བའི་དོན་འགྱུར་ན་དྲྀན་སོགས་རྣམས་ལས་ཀྱང་འགྱུར་རོ། ། དེའི་ཕྱིར་ཤནྟྀང་དང་ཨཱན་དག་གིས་བུཎ་ལ་གནོད་པར་མི་འགྱུར་བས་བུཎ་སྨོས་སོ། །དངོས་པོ་བརྗོད་པ་རྣམས་ཀྱང་ངོ་། །དངོས་པོ་རྗོད་པར་བྱེད་དོ་ཞེས་པ་ནི་དངོས་པོ་བརྗོད་པ་སྟེ། བྲུའི་བཙིའོ། །མིང་ལས་རིགས་མ་ཡིན་པ་ལ་ཞེས་པས་ཎི་ནིའོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་ དུས་ལ་དངོས་པོ་རྗོད་པར་བྱེད་པའི་རྐྱེན་རྣམས་འགྱུར་རོ། །སཱ་ཀཱ་ཡ་བྲ་ཛ་ཏི། བྷུཀྟ་ཡ་བྲ་ཛ་ཏི། ཀ་རི་ཎ་ཡ་བྲ་ཛ་ཏི། འོ་ན་གྷཉ་སོགས་དངོས་པོ་ལའོ་ཞེས་པ་ལ་སོགས་པ་རྣམས་ཀྱིས་འཆད་པ་ལ་གྲུབ་པས་སྦྱོར་བ་བརྩམས་པ་འདིས་དོན་མེད་དོ་ཞེ་ན། དོན་མེད་པ་ཅན་མིན་ཏེ་བུཎ་དང་ཏུམ་དང་ཨམ་ཞེས་པ་འདིས་ཏུམ་ སོགས་རྣམས་ལ་གནོད་པར་འགྱུར་རོ། །དེའི་ཕྱིར་བྱ་བ་ཉེ་བའི་ཚིག་ལ་གྷཉ་སོགས་མི་འགྱུར་རོ། །ལས་ལའང་ཨཎའོ། །བྱ་བ་ལ་བྱ་བའི་དོན་གྱི་ལས་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་ལ་ཨཎའི་རྐྱེན་འགྱུར་རོ། །ཀཱཎྜལ་བོ་བྲ་ཛ་ཏི། གོ་དཱ་ཡོ་བྲ་ཛ་ཏི། ལས་ལ་ཨཎའོ་ཞེས་པས་གྲུབ་པ་ལ་སྦྱོར་ བ་བརྩམས་པ་ནི་བུཎ་ཏུམ་དག་གོ་ཞེས་པས་བུཎ་གྱིས་གནོད་པ་ལྡོག་པའི་དོན་དུའོ། །ལྷག་མ་ལའང་ཤནྟྲྀང་དང་ཨཱན་དག་སྱ་དང་ལྷན་ཅིག་པ་དག་གོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་རྟོགས་པར་བྱ་བཞིན་པ་ལ་སྱ་དང་ལྷན་ཅིག་ཤྲནྟྲྀང་དང་ཨཱན་ཞེས་པ་འདི་དག་འགྱུར་ཞིང་ལྷག་ མའི་ཡུལ་ལ་འང་ངོ་། །གང་དུ་བྱ་བ་དང་བྱ་བ་མ་ཡིན་པའི་དོན་ཉེ་བའི་ཚིག་མ་ཡིན་པ་ནི་ལྷག་མ་དང་བཅས་པའོ། །ཀ་རིཥྱ་ན་བྲ་ཛ་ཏི། ཀ་རི་ཥྱ་མ་ཎོ་བྲ་ཛ་ཏི། ཧན་དང་རྀཏ་མཐའ་ལས་ཞེས་པས་ཨིཊའོ། །ཨ་ལས་ཨཱན་ལ་མ་མཐའོ་ཞེས་པས་མ་ཨཱ་ག་མའོ། །ལྷག་མ་ལ་འང་ངོ་། །ཀ་རིཥྱན། ཀ་རིཥྱ་མ་ཎཿ། པ་ད་རུ་ཛ་བི་ཤསྤྲྀ་ཤ་ཨུཙ་རྣམས་ཀྱི་གྷཉའོ། །པད་འགྲོ་བ་ལའོ། །རུ་ཛོ་འཇོམས་པ་ལའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །སྤྲྀཤ་ཡང་དག་པར་རེག་པ་ལའོ། །ཨུཙ་ཚོགས་པ་ལའོ། །འདི་རྣམས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་ཞེས་པའི་ཚིག་ལས་བྱེད་པ་པོ་ལའོ། །འགྲོ་བར་བྱེད་པ་ 195-1-293b པོ་ཞེས། པཱ་དཿ། འཇོམས་པར་བྱེད་པ་པོ་ཞེས། རོ་གཿ། འཇུག་པར་བྱེད་པ་པོ་ཞེས་ལ། བེ་ཤཿ། རེག་པར་བྱེད་པ་པོ་ཞེས་ལ། སྤཪྴཿ། ཚོགས་པར་བྱེད་པ་པོ་ཞེས་ལ། ཨོ་ཀཿ། སྲྀ་བརྟན་པ་དང་ནད་དག་ལའོ། །གྷཉ་འཇུག་སྟེ་ཨལ་བསྒྲགས་པ་ལས་གོང་དུའོ། །པྲྀ་འགྲོ་བ་ལའོ་ཞེས་པ་འདི་ལས་ བརྟན་པ་དང་ནད་ཀྱི་དོན་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། །བརྟན་པ་ལ་བརྟན་དུ་འགྲོ་བར་བྱེད་དོ་ཞེས་པས། སཱརཿ། ནད་ལ་ནད་དུ་ཤིན་ཏུ་འགྲོ་བར་བྱེད་དོ་ཞེས། ཨ་ཏི་སཱརཿ། ཐུང་ངུའི་རིང་པོ་ཉིད་དོ། །ཉ་དང་པུང་དག་ལ་གྷཉ་བཤད་པར་བྱ་སྟེ། བི་སཱརཿ། ཉའོ། །སཱ་རཾ་པུངའོ། །དངོས་པོ་ལའོ། །བྱིངས་ ལས་དངོས་པོའི་དོན་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། །འཚེད་པ། པཱ་ཀཿ། འདོར་བ། ཏྱགཿ། དེ་བཞིན་དུ། པཱ་ཀཱཿ། པཀ་དངོས་པོ་ནི་བྱིངས་དོན་གྱི་བརྗོད་བྱའོ། །འོ་ན་བྱིངས་དོན་གྱི་བྱ་བ་དེའི་ཚུལ་གྲུབ་པ་ཉིད་ཀྱི་ཕྱིར། དངོས་པོའི་ཡུལ་ལ་གཉིས་ཀྱི་ཚིག་དང་མང་པོའི་ཚིག་དག་འགྱུར་བ་ཇི་ལྟར་གྲུབ་ ཅེ་ན། འདི་ཡོད་མོད་འོན་ཀྱང་བྱིངས་ཀྱི་དོན་གཉིས་དག་གི་ཆ་ཤས་ལ་འཇུག་པའི་གཅིག་གི་དོན་གྱི་ཚུལ་གྲུབ་པ་ཡོད་པའི་ཚུལ་དེ་ལ་དཀྱུས་མའི་རང་བཞིན་ལས་ཚུལ་གྲུབ་པར་བྱ་བའི་ཆ་ཤས་སུ་གསུངས་སོ། །གང་མ་གྲུབ་པའི་གཟུགས་དེ་ལ་བསྒྲུབ་པར་བྱ་བ་གྷཉ་ལ་སོགས་པའི་རྐྱེན་རྣམས་ཏེ། དེ་ལ་ གཉིས་ཀྱི་ཚིག་དང་མང་པོ་ཚིག་གིས་ཇི་ལྟར་གྲུབ་པར་མི་འགྱུར། བྱེད་པ་པོ་མ་ཡིན་པའི་བྱེད་པ་ཅན་ལའང་མིང་ལའོ། །བྱེད་པ་པོ་མ་ཡིན་པ་སྟེ་བྱེད་པ་པོ་དོར་བའི་ལས་ལ་སོགས་པའི་བྱེད་པ་ཅན་སྒྲུབ་པ་ལ་བྱིངས་ལས་མིང་གི་ཡུལ་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། །དེ་རབ་ཏུ་བྱེད་དོ་ཞེས། པྲ་ཀཱརཿ། དེ་ལས་ཟ་བར་བྱེད་དོ་ཞེས། ཨཱ་ཧ་རཿ། ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །བྱེད་པ་པོ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྒྲ་འབྱིན་ནོ་ཞེས། ནདཿ། པ་ཙ་སོགས་ཉིད་ཀྱི་ཕྱིར་ཨཙའོ། །མིང་ལ་ཞེས་པ་ཅི་ཞེ་ན། ཀརྟ་བྱཿ། ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པས་ལས་ལ་ཏ་བྱའོ། །དྲྀ་དང་ཛྲྀ་དག་ ལས་བྱེད་པ་ལ་གྷཉ་བཤད་པར་བྱ་སྟེ། འདི་རྣམས་ཀྱིས་འཇིག་པར་བྱེད་དོ་ཞེས། དཱ་རཿ། འདིས་ལང་ཚོ་ཉམས་སོ་ཞེས། ཛརཿ། དྲྀ་འཇིགས་པ་ལའོ། །ཛྲཱིཥ་ལང་ཚོ་ཉམས་པ་ལའོ། །གྷཉའོ། །འཕེལ་བའོ། །སྐྱེས་པ་ལ་མིང་ལ་ཞེས་པའི་གྷའི་རྐྱེན་འགེགས་པའོ། །ཐམས་ཅད་ལས་ཡོངས་ 195-1-294a སུ་འཇལ་བ་ལའོ། །གང་གིས་འཇལ་བར་བྱེད་པ་དེ་ནི་ཡོངས་སུ་འཇལ་བའོ། །དངོས་པོ་ལ་བྱེད་པ་པོ་མ་ཡིན་པ་དང་བྱེད་པ་ཅན་ལ་ཞེས་པ་གཉིས་འཇུག་སྟེ། ཀྲྀཏྱ་དང་ཡུཊ་དག་གཞན་ལ་ཡང་ངོ་ཞེས་པ་འདི་ལས་གོང་དུའོ། །མངོན་པར་བརྗོད་པའི་དབང་ལས་ཁ་ཅིག་ཏུ་དངོས་ པོ་ལ་དང་ཁ་ཅིག་ཏུ་ལས་ལ་སོགས་པ་ལ་རྐྱེན་ནོ། །ཡོངས་སུ་འཇལ་བ་ལ་འཇུག་བཞིན་པ་ན། བྱིངས་ཐམས་ཅད་པ་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨལ་འགེགས་པའོ། །སརྦ་ཏྲ་ནིཤྩ་ཡཿ། ནིཥྤ་བཿ། ཙིཉ་སོགས་པ་ལའོ། །པུང་དག་བྱེད་པ་ལའོ། །ནིར་སྔོན་དུའོ། །ནི་རའི་ར་ཡིག་ རྣམ་པར་གཅད་པའོ། །མི་ཟད་པ་མིན་པའི་རྣམ་པར་གཅད་པ་ཞེས་པའི་སྒྲ་ལས་ཥ་ཉིད་དོ། །དེ་སྔོན་མ་ལས་དམིགས་ཀྱིས་བསལ་བ་བར་མ་ཆད་པ་རྣམས་སྒྲུབ་པ་ལ་གནོད་པར་བྱེད་དོ་ཞེས་གྷཉའོ། །དེ་མ་ཐག་པའི་རྐྱེན་ལ་གནོད་པར་བྱེད་དོ། །དེས་ན་ཀྟའི་རྐྱེན་དེས་བེ་དཱ་པ་ལ་ཡོངས་སུ་འཇལ་བ་ ལ་ཀྟིའི་རྐྱེན་ཉིད་འགྱུར་རོ། །ཨུཙྪཏིཿ། ཤྲིཉ་བསྟེན་པ་ལའོ། །ཨུད་སྔོན་དུའོ། །བུད་མེད་ལ་ཀྟིའོ། །ཐམས་ཅད་སྨོས་པའི་དགོས་པ་ནི་སྤྱི་འཕེན་པ་ལ་གནོད་པ་ཀྟའི་རྐྱེན་གནོད་པ་ཡང་མི་འགྱུར་ཞེས་པའོ། །ཨིང་ཨཱ་དག་ལས་ཀྱང་ངོ་། །ཨིང་ཨེ་ཡིག་གི་མཐའ་ལས་ཀྱང་གྷཉ་ཕ་རོལ་ཏུ་འགྱུར་ རོ། །བཀླག་པར་བྱའོ་ཞེས། ཨདྷྱ་ཡཿ། གང་ལས་ཉེ་བར་ཀློག་པ་དེ། ཨུ་པཱ་དྷྱཱ་ཡིཿ། དཱ་ཡཿ། དྷཱ་ཡཿ། ཉེར་བསྒྱུར་ལ་རུ་ལས་སོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་རུ་སྒྲ་ལའོ་ཞེས་པ་འདི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སཾ་རཱ་བཿ། ཨུ་པ་རཱ་བཿ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། ར་བཿ། དབྱངས་ དང་བྲྀ་དྲི་ག་མི་གྲ་ཧ་རྣམས་ཀྱི་ཨལའོ། །སམ་ལ་དུ་ལས་སོ། །སཾ་གྱི་སྒྲ་ཉེ་བའི་ཚིག་ལ་ཊུ་དུ་ཉེ་བར་གདུང་བ་ལའོ་ཞེས་པ་འདི་ལས་གྷཉ་འགྱུར་རོ། །སནྡཱ་བཿ། ཨུད་ལའང་ཡུ་དྲུ་དག་གིའོ། །སཾ་གྱི་སྒྲ་དང་ཨུད་ཀྱི་སྒྲ་ཉེ་བའི་ཚིག་ལའང་ཡུ་དང་དྲུ་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སཾ་ཡཱ་བཿ། སནྡཱ་བཿ། ཨུབྷྱཱ་བཿ། ཨུདྷྲཱ་བཿ། ཉེར་བསྒྱུར་མེད་པ་ལ་ཤྲི་ཎཱི་བྷཱུ་རྣམས་ལས་སོ། །ཉེར་བསྒྱུར་མེད་པ་གྱུར་པ་ལ་ཤྲི་དང་ཎཱི་དང་བྷཱུ་རྣམས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཤྲཡཿ། ནཱ་མཿ། བྷུ་བཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་ཤྲཡཿ། པྲ་ཎ་ཡཿ། པྲ་བྷ་བཿ། འོ་ན། ཨ་ནུ་བྷཱ་བཿ། པྲ་བྷྲ་བཿ། 195-1-294b ཅི་ཞེ་ན། ཀྲྀཏྱ་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་སོ། །བི་ལ་ཀྵུ་ཤྲུ་དག་ལས་སོ། །བིའི་ཉེ་བའི་ཚིག་ལ་ཌུ་ཀྵུ་སྒྲ་ལའོ། །ཤུ་འགྲོ་བ་ལའོ་ཞེས་པ་འདི་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །བིཀྵཱ་བཿ། བི་ཤྲཱ་བཿ། སྟྲྀ་ལས་རྒྱས་པ་ལའང་སྒྲ་མ་ཡིན་པ་ལའོ། །བིའི་སྒྲ་ཉེ་བའི་ཚིག་ལ་སྟྲྀཉ་ གཅོད་པ་ལའོ་ཞེས་པ་འདི་ལས་རྒྱས་པ་སྟེ་རྣམ་པར་རྒྱས་པ་ལ་འཇུག་བཞིན་པ་ན་གྷཉ་ཕ་རོལ་ཏུ་འགྱུར་ཞིང་། སྒྲ་མ་ཡིན་པ་སྟེ་དེའང་སྒྲའི་ཡུལ་ལ་མི་འགྱུར་རོ། །པཊ་སྱ་བིསྟཱརཿ། སྒྲ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བ་ཙ་སཾ་བི་སྟ་རཿ། ཨ་ལའོ། །སྡེབ་སྦྱོར་གྱི་མིང་ལ་ཡང་ངོ་། །སྡེབ་སྦྱོར་གྱི་ཡུལ་གྱི་ མིང་ལ་སྟྲྀ་ཎཱ་ཏི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སྡེབ་སྦྱོར་གྱི་སྒྲས་འདིར་གསུམ་བསྔགས་སོགས་གཟུང་བར་བྱའི་རིག་བྱེད་ཀྱི་མིང་གཟུང་བར་བྱ་བ་མིན་ཏེ་དོན་མེད་པའི་ཕྱིར་རོ། །བཥྚཱི་རཿ། ཕྲེང་དུ་སྒྲིགས་པའོ། །ཨཱ་སྟཱ་རཿ། ཕྲེང་ཞེས་པ་ལ་སོགས་པ་རྣམས་སོ། །སྡེབ་སྦྱོར་གྱི་མིང་ལ་སྔོན་གྱི་སློབ་དཔོན་རྣམས་ ཀྱིས་ཥ་ཉིད་དུ་བཤད་དོ། །པྲ་ལ་དྲུ་སྟུ་ཤྲུ་ལས་སོ། །པྲའི་སྒྲ་ཉེ་བའི་ཚིག་ལ། དྲུ་དང་སྟུ་དང་ཤྲུ་རྣམས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །པྲ་དྲ་བཿ། པྲསྟཱ་བཿ། པྲ་ཤྲ་བཿ། ཨ་བ་ཨུཏ་དག་ལ་ནཱི་ལས་སོ། །ཨ་བ་དང་ཨུཏ་ཉེ་བའི་ཚིག་ལ་ནི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨ་བ་ནཱ་ཡཿ། ཨུནྣ་ཡཿ། ནིར་ ཨ་བྷི་དག་ལ་པཱུ་ལཱུ་དག་གིའོ། །ནིར་དང་ཨ་བྷི་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་པཱུ་དང་ལཱུ་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ནིཥྦཱ་བཿ། ཨ་བྷི་ལཱ་བཿ། ཨུཏ་ནཱི་དག་ལ་གྲྀ་ལས་སོ། །ཨུཏ་དང་ནི་ཞེས་པ་ཉེ་བའི་ཚིག་ལ་གྲྀ་གསལ་བ་ལའོ་ཞེས་པ་འདི་ལས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུ་ད་གཱ་རཿ། ནི་ གཱ་རིཿ། ཨུད་དང་ནི་དག་ལ་ཞེས་པ་ཅི་ཞེ་ན། ག་རཿ། གིར་ཞེས་ངེས་པར་བསྟན་པ་ལས་གྲྀ་སྒྲ་ལའོ་ཞེས་པ་འདི་ལས་མི་འགྱུར་རོ། །ཀྲཱི་ལས་སོ་བ་ལའོ། །ཨུཏ་དང་ནི་དག་ཉེ་བའི་ཚིག་ལས་སོ་བའི་ཡུལ་བྱིངས་དོན་ལ་འཇུག་བཞིན་པ་ལས་ཀྲཱྀ་བསྐྱོད་པ་ལའོ་ཞེས་པ་འདི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུཏྐ་ རོ་དྷཱནྱ་སྱ། ནི་ཀཱ་རོ་དྷཱ་ནྱ་སྱ། བསྐྱོད་དོ་ཞེས་པའི་དོན་ཏོ། །སོ་བ་ལ་ཞེས་པ་ཅི་ཞེ་ན། པུཥྤནི་ཀ་རཿ། ཀིར་ཞེས་སྨོས་པ་ལས་ཀྲཱྀ་འཚེ་བ་ལའོ་ཞེས་པ་འདིའི་ཀྲྀཎ་ཏི་ལས་མི་འགྱུར་རོ། །ནི་ལ་བྲྀ་ཉ་ལས་སོ། །སོ་བ་ལ་ཞེས་པ་ཁོ་ནའོ། །ནིའི་སྒྲ་ཉེ་བའི་ཚིག་ལ་བྲྀ་ཞེས་པ་འདི་ལས་སོ་བ་མངོན་པར་བརྗོད་པ་ལ་ 195-1-295a གྷཉ་ཕ་རོལ་ཏུ་འགྱུར་རོ། །ནཱི་བཱ་ར་ནཱ་མ་དྲ་ཧ་ཡཿ། ཐུང་ངུའི་རིང་པོ་ཉིད་དོ་ཞེས་པས་རིང་པོའོ། །སོ་བ་ལ་ཞེས་པ་ཅི་ཞེ་ན། ནི་བ་རཱ་ཀ་ནྱ། ཨུ་ཏ་ལ་ཤྲི་པཱུ་དག་གིའོ། །ཨུཏ་ཉེ་བའི་ཚིག་ལ་ཤྲི་དང་པཱུ་ཞེས་པ་འདི་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུཙྪ་ཡཿ། ཨུཏྤཱ་བཿ། འོ་ན། པ་ཏ་ནཱནྟཿ། ས་མུ་ཙྪི་ཡཿ། ཅི་ཞེ་ན། གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་ཨཾ་ལ་འགྱུར་རོ། །གྲ་ཧ་ལས་ཀྱང་ངོ་། །ཨུཏ་ཉེ་བའི་ཚིག་ལ་གྲ་ཧ་ལས་ཀྱང་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུདྦྲཱ་ཧཿ། ཨ་བ་ནི་དག་ལ་ཁྲོས་ཚིག་ལའོ། །ཨ་བ་དང་ནི་ཞེས་པ་འདི་དག་ཉེ་བའི་ཚིག་ལ་གྲ་ཧ་ལས་ཁྲོས་ཚིག་ཉེ་བར་ རྟོགས་བཞིན་པ་ན་གྷཉ་ཕ་རོལ་ཏུ་འགྱུར་རོ། །སྐྱོན་རྣམས་བརྗོད་པ་ནི་ཁྲོས་ཚིག་གོ། །ཨ་བ་གྲ་ཧ་སྟེ་བྷུ་ཡཱད། ནི་གྲཱ་ཧ་སྟེ་བྷུ་ཡཱཏ། ཁྲོས་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་བ་གྲ་ཧཿཔ་ད་སྱ། རྣམ་པར་གཅོད་དོ་ཞེས་པའི་དོན་ཏོ། །ནི་གྲ་ཧ་ཤྩོ་ར་སྱ། ཨ་ལའོ། །སཾ་ལ་ཁུ་ཚུར་ལའོ། །སཾ་ཉེ་བའི་ཚིག་ལ་བྱིངས་ ཀྱི་དོན་ཁུ་ཚུར་གྱི་ཡུལ་ལ་འཇུག་བཞིན་པའི་གྲཧ་ལས་གྷཉ་འགྱུར་རོ། །ཨ་ལོ་མལླཱ་སྱ་སཾ་གྲ་ཧཿ། བརྟན་པའི་ཁུ་ཚུར་ཞེས་པའི་དོན་ཏོ། །ཁུ་ཚུར་ལ་ཞེས་པ་ཅི་ཞེ་ན། ས་གྲ་ཧོ་དྷཱ་ནྱ་སྱ། ཨ་བ་ལ་ཆར་པ་དང་འབྲེལ་པ་བྲལ་བ་ལ་ཡང་ནའོ། །ཨ་བ་ཉེ་བའི་ཚིག་ལ་གྲཧ་ལས་གྷཉ་ཡང་ན་འགྱུར་ཏེ། ཆར་པ་ དང་འབྲེལ་པ་བྲལ་བ་མངོན་པར་བརྗོད་པ་ལའོ། །ཨ་བ་གྲཧཿ། ཨ་བ་གྲ་ཧཿ། ཕྱོགས་གཅིག་ལ་ཨ་ལའོ། །པྲ་ལ་སྲབ་ལའོ། །ཡང་ན་ཞེས་པ་ཁོ་ནའོ། །པྲའི་སྒྲ་ཉེ་བའི་ཚིག་ལ་གྲཧ་ལས་སྲབ་མངོན་པར་བརྗོད་པ་ལ་གྷཉ་ཡང་ན་འགྱུར་རོ། །རྟ་ལ་སོགས་པ་རྣམས་ཀྱི་སྣ་ཐག་གི་དོན་ནི་སྲབ་པོ། །པྲ་གྲཧཿ། པྲ་གྲཧཿ། པྲྀ་ཎོ་ཏི་ལས་སྒྲིབ་གཡོགས་ལའོ། །པྲ་ལ་ཞེས་ཁོ་ནའོ། །པྲའི་སྒྲ་ཉེ་བའི་ཚིག་ལ་བྲྀཉ་སྒྲིབ་པ་ལའོ་ཞེས་པ་འདི་ལས་སྒྲིབ་གཡོགས་ཀྱི་དོན་ལ་གྷཉ་ཡང་ན་ཕ་རོལ་ཏུ་འགྱུར་རོ། །པྲ་བ་རཿ། པྲ་བ་རཿ། ཐུང་ངུའི་རིང་པོའོ། །སྒྲིབ་གཡོགས་ཀྱི་ཁྱད་པར་བརྗོད་པ་སྟེ། སྒྲིབ་གཡོགས་ཙམ་ནི་ མ་ཡིན་ནོ། །སྒྲིབ་གཡོགས་ལ་ཞེས་པ་ཅི་ཞེ་ན། པྲ་བ་རཿ། ཨ་ལའོ། །པ་རི་ལ་བྷུ་ལས་མ་གུས་པ་ལའོ། །པ་རིའི་སྒྲ་ཉེ་བའི་ཚིག་ལ་བྷཱུ་ལས་མ་གུས་པ་ལ་འཇུག་བཞིན་པ་ལ་གྷཉ་ཡང་ན་འགྱུར་རོ། །མ་གུས་པ་ནི་གུས་པ་མེད་པའོ། །པ་རི་བྷཱ་བཿ། པི་ར་བྷ་བཿ། ཨཱང་ལ་རུ་སླུ་དག་ལས་སོ། །ཨཱང་ 195-1-295b ཉེ་བའི་ཚིག་ལ་རུ་སྒྲ་ལའོ། །སླུ་འགྲོ་བ་ལའོ་ཞེས་པ་འདི་དག་ལས་གྷཉ་ཡང་ན་འགྱུར་རོ། །ཨཱ་ར་བཿ། ཨཱ་ར་བཿ། ཨཱ་སླ་བཿ། ཨཱ་སླ་བཿ། ཙི་ལས་ལག་པས་ལེན་པ་ལའོ། །ལག་པས་ཀུན་ནས་ལེན་པ་ནི་ལག་པས་ལེན་པའོ། །ལག་པས་ལེན་པའི་ཡུལ་ཙི་ནོ་ཏི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། ། པུཥྤ་པྲ་ཙ་ཡཿ། ཕ་ལ་པྲ་ཙ་ཡཿ། ལག་པས་ལེན་པ་སྨོས་པ་ནི་སོ་སོ་ཉེ་བར་མཚོན་པར་བྱེད་པ་སྟེ། དེས་ན་འདིར་མི་འགྱུར་རོ། །བིཀྵ་ཤི་ཁེ་ར་པ་ལ་པྲ་ཙ་ཡཾ་ཀ་རོ་ཏི། ནིའི་སྒྲ་ལས་རྐུ་བ་ལ་མི་འགྱུར་ཏེ། །པུཥྤ་བྲ་ཙ་ཡཾ་ཀར་ཏི་ཙཽཪྨི་ཎ། ལུས་དང་གནས་དག་ལ་དང་པོའི་ཀའི་འང་ངོ་། །འདི་ལ་གནས་སོ་ ཞེས་གནས་སོ། །ཙི་ནོ་ཏི་ལས་ལུས་དང་གནས་ཀྱི་དོན་ལ་གྷཉ་འགྱུར་ཞིང་ཙི་ནོ་ཏིའི་དང་པོ་གང་ཡིན་པ་དེ་ཀ་ཉིད་དོ། །ཀཱ་ཡཿ། ནི་ཀཱ་ཡཿ། ཕུང་པོར་བྱེད་པའི་དོན་ལ་ཡང་གྷཉ་འདོད་ཅིང་ཀ་ཉིད་ཀྱང་ངོ་། །གོ་མ་ཡ་ནི་ཀཱ་ཡཿ། འོ་ན་དེ་ལྟར་ན། ཀཥྛནི་ཙ་ཡཿ། ཅི་ཞེ་ན། བརྗོད་པར་བྱ་སྟེ་མང་པོ་ཉིད་ཙམ་ བརྗོད་པར་འདོད་ཀྱི་ཕུང་པོར་བྱེད་པ་ནི་མ་ཡིན་ནོ། །འདུས་པ་ལའང་ཨཽཏྟ་རཱ་དྷཪྻ་མ་ཡིན་པ་ལའོ། །ཨུཏྟར་དང་ཨ་དྷ་ར་དེ་ནི་ཨུཏྟ་ར་དང་ཨ་དྷ་རའོ། །དེའི་དངོས་པོ་ནི་ཨཽཏྟ་རཱ་དྷཪྻའོ། །དེ་ནས་ནཉའི་བསྡུ་བའོ། །ཨཽཏྟ་རཱ་དྷཪྻ་མ་ཡིན་པའི་འདུས་པ་མངོན་པར་བརྗོད་པ་ལ་ཙི་ནོ་ཏི་ལས་གྷཉ་འགྱུར་ཞིང་དང་པོའི་འང་ ཀ་ཉིད་དོ། །སྲོག་ཆགས་ཀྱི་ཚོགས་ལ་ནི་འདུས་པའོ། །དེའང་སྐབས་གཉིས་དག་ལས་འཇུག་པ་གཅིག་གི་ཨུཏྟ་ར་ཨ་དྷ་ར་ཡང་ནའོ། །དེ་ལ་ཨུཏྟ་ར་ཨ་དྷ་རའི་ཚོགས་ལ་གཟུང་བར་བྱ་སྟེ་དེར་འདུས་པ་བརྗོད་པ་ལའོ། །བྲཧྨ་ཎ་ནི་ཀཱ་ཡཿ། ཨཽཏྟ་རཱ་དྷཪྻ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཤྭ་ནི་ཙ་ཡཿ། ཨ་ལའོ། ། དབྱངས་དང་བྲྀ་ཏྲྀ་ག་མི་གྲཧ་རྣམས་ཀྱི་ཨ་ལའོ། །བྱིངས་དབྱངས་ཀྱི་མཐའ་ཅན་ལས་དང་། བྲྀ་དང་ཏྲྀ་དང་ག་མི་དང་གྲཧ་རྣམས་ལས་ཀྱང་ཨལ་ཕ་རོལ་དུ་འགྱུར་ཞིང་གྷཉ་འགེགས་པའོ། །དབྱངས་མཐའ་ལས། ཙ་ཡཿ། ཛ་ཡཿ། ན་བཿ། ཀ་རཿ། ཀྲྀ་རྣམ་པར་བསྐྱོད་པ་ལའོ། །བ་རཿ། ད་རཿ། ག་མཿ། གྲ་ཧཿ། བྲྀ་དང་ཏྲྀ་དག་དབྱངས་ཀྱི་མཐའ་ཅན་ཉིད་ཀྱིས་གྲུབ་པ་ལ་སླར་ཡང་ཉེ་བར་བླངས་པ་ནི་རྀ་ཡིག་གི་མཐའ་ཅན་རྣམས་ཀྱི་བྲྀ་དྲྀ་དག་ཁོ་ན་ལས་ཨལ་འགྱུར་གྱི་གཞན་རྣམས་ལས་མ་ཡིན་ནོ། །དེས་ན། ཀཱ་རཿ། ཧཱ་རཿ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཤྲཱྀཎ་ཏི་ལས་རླུང་དང་ཡི་གི་དང་རྒྱུ་ 195-1-296a མཚན་གྱི་དོན་རྣམས་ལ་ཨལ་མི་འདོད་དོ། །རྒྱུ་མཚན་ནི་གཡོགས་པའོ། །ཤཱ་རོ་བཱ་ཡུཿ། ཤ་རོ་པཪྞཿ། ནཱི་ཤ་རཿ། ཐུང་ངུའི་རིང་པོ་ཉིད་དོ། །ཉེར་བསྒྱུར་ལ་ཨཱ་དིའི་འོ། །ཨལ་ཞེས་པ་འཇུག་སྟེ་པ་རི་ལ་ཌའོ་ཞེས་པ་འདི་ལས་གོང་དུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨ་དི་ ལས་ཨལ་ཕ་རོལ་ཏུ་འགྱུར་རོ། །པྲ་གྷ་སཿ། གྷཉ་ཨལ་དག་ལ་གྷ་སིའོ་ཞེས་པས་གྷ་སིར་བསྒྱུར་རོ། །ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། གྷཱ་སཿ། སྔ་མ་བཞིན་དུ་ཨ་དིའི་གྷ་སིའོ། །ནི་ཉེ་བའི་ཚིག་ལ་ཨ་དི་ལས་ཨཎའི་རྐྱེན་ཡང་ན་བཤད་པར་བྱ་སྟེ། ནྱ་དཱཿ། ནི་གྷ་སཿ། ཕྱོགས་གཅིག་ལ་ཨལའོ། ། པྲ་སཱཾ་དག་ལ་མ་དི་ལས་དགའ་བ་ལའོ། །པྲ་དང་སཾ་དག་ཉེ་བའི་ཚིག་ལ་མ་དི་ལས་དགའ་བ་མངོན་པར་བརྗོད་པ་ལ་ཨལ་འགྱུར་རོ། །པྲ་མ་དཿ། སཾ་མ་དཿ། དགའ་བ་ལ་ཞེས་པ་ཅི་ཞེ་ན། པྲ་མཱ་དཿ། སཾ་མཱ་དཿ། ཉེར་བསྒྱུར་མེད་པ་ལ་བྱ་དྷི་ཛ་པ་དག་གིའོ། །ཉེར་བསྒྱུར་མེད་པར་གྱུར་པ་ལས་མོད་ལས་ ཨལ་འགྱུར་ཞིང་བྱ་དྷ་དང་ཛས་དག་ལས་ཀྱང་ངོ་། །མ་དཿ། བྱ་དྷཿ། ཛ་པཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་མཱ་དཿ། ཨཱ་བྱཱ་དྷཿ། ཨུ་པ་ཛཱ་བཿ། སྭན་ཧས་དག་གི་ཡང་ནའོ། །ཉེར་བསྒྱུར་མེད་པར་གྱུར་པ་ལ་སྭན་དང་ཧས་དག་ལས་ཨལ་ཡང་ན་འགྱུར་རོ། །སྭ་ནཿ། སྭ་ནཿ། ཧ་སཿ། ཧ་སཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་སྭ་ནཿ། པྲ་ཧཱ་སཿ། སཾ་ནི་ཨུ་པ་བི་རྣམས་ལའང་ཡམ་ལས་སོ། །ཉེར་བསྒྱུར་མེད་པར་གྱུར་པ་ལ་ཡམ་ལས་ཨལ་ཡང་ན་འགྱུར་ཞིང་། སཾ་དང་ནི་དང་ཨུ་པ་དང་བི་རྣམས་ཉེ་བའི་ཚིག་ལའང་ངོ་། །ཡ་མཿ། ཡཱ་མཿ། སཾ་ཡ་མཿ། སཾ་ཡཱ་མཿ། ནི་ཡ་མཿ། ནི་ཡཱ་མཿ། ཨུ་པ་ཡ་མཿ། ཨུ་པ་ཡཱ་མཿ། བི་ཡ་མཿ། བི་ཡཱ་མཿ། ནི་ལ་གད་ནད་པ་ཋ་སྭན་རྣམས་ཀྱིའོ། །ནིའི་སྒྲ་ཉེ་བའི་ཚིག་ལ་གད་དང་ནད་དང་པ་ཐ་དང་སྭན་ལས་ཨལ་ཡང་ན་འགྱུར་རོ། །ནི་ག་དཿ། ནི་གཱ་དཿ། ནི་ན་དཿ། ནི་ནཱ་དཿ། ནི་པ་ཐཱཿ། ནི་པཱ་ཐཿ། ནི་སྭ་ནཿ། ནི་སྭཱ་ནཿ། ཉེར་བསྒྱུར་མེད་པ་ ཞེས་པའདིར་སྤྲེལ་བར་བྱ་སྟེ་རྣམ་པ་གཞན་དུ་ན་སྭན་ཧས་དག་གི་ཞེས་སྲན་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཀྭཎའི་སྟེ་པི་ཝང་ལའོ། །ནི་ལ་ཞེས་པ་འཇུག་ཅིང་ཉེར་བསྒྱུར་མེད་པ་ཞེས་པ་དང་ཡང་ན་ཞེས་པའང་ངོ་། །ནི་ཉེ་བའི་ཚིག་དང་ཉེར་བསྒྱུར་མེད་པ་ལའང་ངོ་། །ཀྭཎ་ཏི་ལས་པི་ཝང་གི་ཡུལ་ 195-1-296b ལའང་ཨལ་ཡང་ན་འགྱུར་རོ། །ནི་ཀྭ་ཎཿ། ནི་ཀྭཱ་ཎཿ། ཀྭ་ཎཿ། ཀྭཱ་ཎཿ། ཀལྱ་ཎ་པྲ་ཀྭ་ཎ་བཱི་ཎཱ། ཀལྱ་ཎ་པྲ་ཀྭཱ་ཎ་བཱི་ཏཱ། ཀྭ་ཎའི་སྒྲའི་དོན་ཏོ། །པཎ་ལས་ཡོངས་སུ་འཇལ་བ་ལ་རྟག་ཏུའོ། །ཡོངས་སུ་འཇལ་བ་ལ་འཇུག་བཞིན་པའི་པཎ་ལས་ཨལ་རྟག་ཏུ་འགྱུར་རོ། །ཐ་སྙད་ཀྱི་རྩ་བའི་སྒྲའི་དོན་ དང་ཡོངས་སུ་འཇལ་བ་དག་ལ་ཁུ་ཚུར་འགེངས་པ་དེའི་འདི་མངོན་པར་བརྗོད་པའོ། །པཎཿ། ཡོངས་སུ་འཇལ་བ་ལ་ཞེས་པ་ཅི་ཞེ་ན། པཱཎཿ། གླཧ་ཆོ་ལོའི་སྐུགས་རྣམས་ལ་འང་ངོ་། །ཆོ་ལོའི་སྐུགས་ཀྱི་ཡུལ་ལ་འཇུག་བཞིན་པའི་དོན་ལ་གླཧ་དམན་པ་ལའོ་ཞེས་པ་འདི་ལས་ཨལ་འགྱུར་རོ། །ཨཀྵ་སྱ་ གླཧཿ། སྐུགས་སོ་ཞེས་པའི་དོན་ནོ། །ཆོ་ལོ་ཞེས་པ་ཅི་ཞེ་ན། བྲ་ཏ་སྱ་གླཧཿ། སརྟི་ལས་རབ་ཏུ་སྐྱེ་བ་ལའོ། །རབ་ཏུ་སྐྱེ་བ་སྟེ་མངལ་འཛིན་པར་གྱུར་པ་ལ་སརྟི་ལས་ཨལ་དུ་འགྱུར་རོ། །རབ་ཏུ་སྐྱེ་བ་ལ་ཞེས་པ་ཅི་ཞེ་ན། ཨུ་བ་སཱ་རཿ། ག་བཱ་མུ་ས་ས་རཿ། ཨ་བྷི་ཨུ་པ་ནི་བི་རྣམས་ལས་ཧྭའི་ ཧུ་འོང་། ཨ་བྷི་དང་ཨུ་པ་དང་ནི་དང་བི་རྣམས་ཉེ་བའི་ཚིག་ལ་ཧྭ་ལ་ཏི་ལས་ཨལ་འགྱུར་ཞིང་དེའི་ཡང་ཧུ་རུ་བསྒྱུར་བར་འགྱུར་རོ། །ཨ་བྷི་ཧ་བཿ། ཨུ་པ་ཧ་བཿ། ནི་ཧ་བཿ། བི་ཧ་བཿ། སམ་ཨུད་དག་ལ་ཨཛའི་ཕྱུགས་རྣམས་ལའོ། །སཾ་དང་ཨུད་ཉེ་བའི་ཚིག་དག་ལ་ཨཛ་ལས་ཕྱུགས་ཀྱི་ཡུལ་ལ་ ཨལ་བཤད་པར་བྱ་སྟེ། སམ་ཛཿ། ཕྱུགས་རྣམས་ཀྱི་ཚོགས་པའོ་ཞེས་པའི་དོན་ཏོ། །ཨུད་ཛཿ། ཕྱུགས་རྣམས་ཀྱིས་དེད་པར་བྱེད་པ་ཞེས་པའི་དོན་ཏོ། །ཕྱུགས་ལ་ཞེས་པ་ཅི་ཞེ་ན། ས་མཱ་ཛོ་བྲཧྨ་ཎན། ཨུ་ད་ཛཿཀྵཏྟྲིཡཱ་ཎཱཾ། ཨཱང་ལས་གཡུལ་ལའོ། །ཨཱང་ཉེ་བའི་ཚིག་ལ་གཡུལ་བསྒྲུབ་པའི་ ཧྭ་ཡ་ཏི་ལས་ཨལ་འགྱུར་ཞིང་དེའི་ཡང་ཧུ་རུ་བསྒྱུར་བར་འགྱུར་རོ། །ཨཱ་ཧ་བཿ། གང་ལ་གཡུལ་བྱེད་པ་ཅན་ཞེས་ཚིག་རྣམ་པར་སྦྱར་རོ། །གཡུལ་ཞེས་པ་ཅི་ཞེ་ན་ཨཱཾ་ག་ནཱ་མཱ་ཧ་ཡཿ། གྷཉའོ། །དེར་འཐུང་བ་ལ་ཧྭ་ཡ་ཏི་ལས་གྷཉ་འདོད་དེ། ཧུ་རུ་བསྒྱུར་བའང་ངོ་། །ནི་པཱ་ནཾ་ཨུ་ད་ཀཱ་དྷཱ་རཿ། ཨཱ་ཧཱ་བཿ། གང་ལ་འཐུང་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཉེར་བསྒྱུར་མེད་པའི་དངོས་པོ་ལའོ། །ཧྭ་ཡ་ཏི་ལས་ཉེར་བསྒྱུར་མེད་པ་ལ་དངོས་པོའི་དོན་ལ་ཨལ་འགྱུར་ཞིང་ཧུ་རུ་བསྒྱུར་བ་འང་ངོ་། །བོད་པ་རྣམས་ཀྱི། ཧ་བཿ། ཉེར་བསྒྱུར་མེད་པའི་ཞེས་པ་ཅི་ཞེ་ན། ཨ་ཧཱ་ཡཿ། སླར་ཡང་དངོས་པོ་སྨོས་པ་ནི་ལས་ 195-1-297a ལ་སོགས་པ་བྱེད་པ་ཅན་བསལ་བའི་དོན་དུའོ། །ཧནྟིའི་བ་དྷིའང་ངོ་། །ཉེར་བསྒྱུར་མེད་པའི་ཧནྟི་ལས་དངོས་པོའི་དོན་ལ་ཨལ་འགྱུར་ཞིང་ཧནྟིའི་འང་བ་དྷི་རུ་བསྒྱུར་རོ། །གསོད་པ། བ་དྷཿ། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། སཾ་གྷཱ་ཏཿ། འོ་ན་གསོད་པའི་གྷཱ་ཏཱཿ། ཅི་ཞེ་ན། གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་སོ། །མུརྟི་ལས་གྷ་ནིའང་ངོ་། །མཱུརྟཱི་ནི་སྲ་བར་བྱེད་པའོ། །སྲ་བའི་དོན་མངོན་པར་བརྗོད་པ་ལ་ཧནྟི་ལས་ཨལ་འགྱུར་ཞིང་གྷ་ནིར་བསྒྱུར་བའང་ངོ་། །ད་དྷི་གྷ་ནཿ། དྲུག་པ་དེའི་སྐྱེས་བུའོ། །ཨུད་སྔོན་མ་ལས་ཧནྟི་ལས་ཨརྱ་དྷ་ནའི་དོན་ལ་ཨལ་འདོད་ཅིང་གྷ་ནར་ བསྒྱུར་བའང་ངོ་། །ཨུད་གྷ་ནཿ། གང་དུ་ཤིང་བཞག་ནས་ཤིང་གཞན་རྣམས་འཇོག་པ་དེ་ནི། ཨརྱ་དྷཱ་ན་དང་ཨུད་གྷ་ནཿའོ། །ཨརྱ་དྷཱ་ན་ཡན་ལག་གི་དོན་ལ་ཨབ་སྔོན་མའི་ཧནྟི་ལས་ཀྱང་སྟེ། ཨ་པ་གྷ་ནཿ། ལག་པ་དང་རྐང་པ་དག་བརྗོད་པ་སྟེ་ཡན་ལག་གཞན་ནི་མ་ཡིན་ནོ་ཞེས་གསུང་ངོ་། །པྲ་ལས་ཁང་ པའི་ཕྱོགས་གཅིག་ལ་གྷཉའང་ངོ་། །པྲའི་སྒྲ་ལས་ཕ་རོལ་གྱི་ཧནྟི་ལས་ཁང་པའི་ཕྱོགས་གཅིག་བརྗོད་པ་ལས་ཨལ་དང་གྷཉའང་འགྱུར་རོ། །པྲ་གྷཱ་ཎཿ། ཨ་ཡས་བི་དྲུ་རྣམས་ལ་བྱེད་པ་ལའོ། །ཨ་ཡས་དང་བི་དང་དྲུ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལ་བྱེད་པའི་དོན་གྱི་ཧནྟི་ལས་ཨལ་འགྱུར་ཞིང་གྷ་ནི་རུ་བསྒྱུར་ བ་འང་ངོ་། །འདིས་ལྕགས་གཞོམ་མོ་ཞེས་པ། ཨ་ཡོ་གྷ་ནཿ། དེ་བཞིན་དུ། བི་གྷ་ནཿ། དྲུ་གྷ་ནཿ། ཁ་ཅིག་འདི་ཎ་ཉིད་དུ་འདོད་དོ། །པ་རི་ལ་ཌའོ། །པ་རིའི་སྒྲ་ཉེ་བའི་ཚིག་ལ་ཧནྟི་ལས་བྱེད་པའི་དོན་ལ་ཌའི་རྐྱེན་འགྱུར་ཞིང་གྷ་ནི་རུ་བསྒྱུར་བའང་ངོ་། །འདིས་འཇོམས་སོ་ཞེས། པ་རི་གྷཿ། སཾ་ཨུད་དག་ ལ་ཚོགས་པ་དང་བསྔགས་པ་བྱེད་པ་དག་ལའོ། །སཾ་དང་ཨུད་དག་ཉེ་བའི་ཚིག་དག་ལ་འདི་ལས་ཊའི་རྐྱེན་འགྱུར་ཞིང་། གྲངས་ཇི་ལྟ་བ་བཞིན་དུ་ཚོགས་པ་བརྗོད་པ་དང་བསྔགས་པ་ལ་འཇུག་བཞིན་པ་ལའོ། །གྷ་ནི་རུ་བསྒྱུར་བའང་ངོ་། །སཾ་གྷཿཔ་ཤུནཱཾ། ཕྱུགས་ཀྱི་ཚོགས་ལའོ་ཞེས་པའི་དོན་ཏོ། །ཨུད་གྷོ་མ་ ནུ་ཥྱཿ། མི་ལ་བསྔགས་ཞེས་པའི་དོན་ཏོ། །ཚོགས་པ་དང་བསྔགས་པ་དག་ལ་ཞེས་པ་ཅི་ཞེ་ན། སཾ་གྷཱ་ཏཿ། ཨུད་གྷཱ་ཏཿ། ཨུ་པ་ལས་གཞི་ལ་ཀའོ། །ཨུ་པ་ལས་ཕ་རོལ་གྱི་ཧནྟི་ལས་གཞི་མངོན་པར་བརྗོད་པ་ལ་ཀའི་རྐྱེན་འགྱུར་རོ། །སརྦ་ཏོ་པ་གྷྣཾ་བ་ས་ཏེ། གམ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་ 195-1-297b པ་དྷཱ་ཕྱིས་པའི་ཞེས་པས་གྷའོ། །གཞི་ལ་ཞེས་པ་ཅི་ཞེ་ན། ཨུ་པ་གྷཱ་ཏཿ། ས་དང་སྣ་དང་པཱ་དང་བྱ་དྷ་དང་ཧ་ནི་དང་ཡུ་དྷི་རྣམས་ལས་ཀའི་རྐྱེན་བཤད་པར་བྱ་སྟེ། འབྲུ་རྣམས་འདི་ལ་གནས་པར་བྱེད་དོ་ཞེས། པྲསྠ། འདིས་གཙང་བར་བྱེད་དོ་ཞེས། པྲསྣཿ། འདི་ལས་འཐུང་ངོ་ཞེས། པྲ་པཱ་བྱིངས་ཐམས་ ཅད་པ་མ་ཡིན་པ་ལ་ཞེས་པས་ཨཱ་དབྱིའོ། །འདི་ཀུན་དུ་གནོད་པར་བྱེད་དོ་ཞེས། ཨཱ་བ་དྷིཿ། གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །བྱ་བ་འདིས་འཇོམས་པར་བྱེད་དོ་ཞེས། བིགྷྣ། སྔ་མ་བཞིན་དུ་ཨུ་པ་དྷཱ་དབྱི་བ་དང་གྷ་ཉིད་ཀྱང་ངོ་། །འདི་ཀུན་དུ་འཁྲུག་པར་བྱེད་དོ་ཞེས། ཨཱ་ཡུ་དྷ། ཌུ་རྗེས་སུ་འབྲེལ་པ་ལས་ ཨ་ཐུའོ། །ཊུའི་སྒྲ་རྗེས་སུ་འབྲེལ་བའི་བྱིངས་ལས་ཨ་ཐུའི་རྐྱེན་འགྱུར་རོ། །བེ་ས་ཐུཿ། ཀྵ་བ་ཐུཿ། གཡོ་བར་བྱེད། སྒྲོགས་པར་བྱེད་ཅེས་ཚིག་རྣམ་པར་སྦྱར་རོ། །ཊུ་པེ་སྲི་ཀ་པི་གཡོ་བ་ལའོ། །ཊུ་ཀྵུཥ་སྒྲ་ལའོ། །ཊའི་སྒྲ་ནི་འདིའི་དོན་ནོ། །ཌུ་རྗེས་སུ་འབྲེལ་པ་ལས་དེས་ཚར་བ་ལ་ཏྲི་མ་ཀའོ། །ཌུའི་སྒྲ་ རྗེས་སུ་འབྲེལ་པའི་བྱིངས་ལས་བྱིངས་དོན་དེས་ཚར་བའི་དོན་ལ་ཏྲི་མ་ཀ་ཕ་རོལ་ཏུ་འགྱུར་རོ། །སྨིན་པས་ཚར་བ་ལ། པཀྟྲི་མཾ། དེ་བཞིན་དུ་བྱེད་པས་ཚར་བ་ནི། ཀྲྀ་ཏྲི་མཾ། ཌུབ་ཙཥ་འཚེད་པ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །ཌུའི་སྒྲ་ནི་འདིའི་དོན་ཏོ། །ཡཱ་ཙི་བིཙྪ་པྲ་ཙྪི་ཡ་ཛི་སྭ་པི་རཀྵི་ཡཏ་རྣམས་ཀྱི་ནངའོ། ། ཡཱ་ཙི་དང་བཙྪ་དང་པྲཙྪི་དང་ཡཛི་དང་སྭ་པི་དང་རཀྵི་དང་ཡཏྱ་ཞེས་པ་འདི་རྣམས་ལས་ནང་ཕ་རོལ་ཏུ་འགྱུར་རོ། །སློང་བར་བྱེད། ཡཙྙཱཿ། དེ་བཞིན་དུ། བིཤྣཿ། པྲཤྣཿ། ཡཛྙཿ། སྭཔྣཿ། རཀྵྞཿ། ཡཏྣཿ། སྒྲ་ལྡན་དང་ཏི་དག་ལ་ཞེས་པས་ཨིཊ་མེད་དོ། །ཚ་བ་དག་གི་ལྔ་པ་ལ་ཞེས་པས་ཚ་ཡིག་གི་ཤའོ། ། ཉེར་བསྒྱུར་ལ་དཱ་ལས་ཀིའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་དཱའི་མིང་ཅན་ལས་ཀི་རུ་འགྱུར་རོ། །སྦྱིན་པར་བྱ་བ་དང་པོ་ལས་ཐོབ་པ་ནི། ཨཱ་དིཿ། སྒྲུབ་པར་བྱེད་པ་ནི། བིདྷིཿ། ཨནྟར་གྱི་སྒྲ་ཉེ་བའི་ཚིག་ལས་ཀྱང་ཀི་འདོད་དེ། གཞན་འཛིན་ནོ། །ཨཊྟ་དྷིཿ། ལས་ལ་གཞི་ལའང་ངོ་། །ལས་ཉེ་བའི་ཚིག་ ལའང་དཱའི་མིང་ཅན་ལས་གཞིའི་དོན་ལ་ཀིའི་རྐྱེན་དུ་གྱུར་ཏོ། །འདི་ལ་ཆུ་བརྟེན་ཏོ་ཞེས། ཛ་ལ་དྷིཿ། ཤར་དྷིཿ། བུད་མེད་ལ་ཀྟིའོ། །བྱིངས་ལས་བུད་མེད་ཀྱི་ཡུལ་ལ་ཀྟིའི་རྐྱེན་འགྱུར་རོ། །གྷཉ་དང་ཨལ་དག་འགེགས་པའོ། །ཀྲྀ་ཏིཿ། ཙི་ཏྲིཿ། སྟུ་ཏིཿ། སཱ་ཏི་ཧེ་ཏི་ཡུ་ཏི་ཛཱུ་ཏི་རྣམས་ཀྱང་ངོ་། །སྒྲ་འདི་རྣམས་ 195-1-298a ཀྟིའི་རྐྱེན་ཚིག་ཕྲད་དེ། སཱ་ཏིཿ། ཥོ་མཐའི་ཞེས་པ་འདིའི་དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་ཐོབ་པ་ལ། ཏིའི་རྐྱེན་ཚིག་ཕྲད་དོ། །ཧེ་ཏིཿ། ཧི་འགྲོ་བ་ལའོ་ཞེས་པ་འདི་ཡོན་ཏན་ཡང་ནའོ། །ཡུ་ཏིཿ། ཛུཏིཿ། ཡུ་བསྲེ་བ་ལའོ་ཞེས་པ་འདི་མདོའི་རིང་པོ་ཚིག་ཕྲད་དོ། །ཨུ་ཏི་དང་ཀཱིརྟི་དག་གི་ བཀླགས་པ་དོན་མེད་དེ། ཨུཏའི་སྒྲ་ཤྲི་བི་ཨ་བི་མ་བི་ཞེས་པ་འདིར་གྲུབ་བོ། །ཀཱིརྟིའི་སྒྲ་ཡང་ཀཱིརྟི་ཨིཥ་དག་གི་ཀྟིའང་ངོ་ཞེས་པ་འདིརའོ། །བ་ཙི་གཱ་པསྠ་རྣམས་ལས་དངོས་པོ་ལའོ། །བུད་མེད་ལ་ཞེས་པ་འཇུག་སྟེ། ཀྲྀ་ཏྱ་ཡུཊ་རྣམས་ཞེས་པ་འདི་ལས་གོང་དུའོ། །པ་ཙི་དང་གཱ་དང་པཱ་དང་སྠཱ་རྣམས་ལས་ དངོས་པོའི་དོན་ལ་ཀྟིའི་རྐྱེན་འགྱུར་རོ། །ཨཱ་ཏ་ལས་ཀྱང་ངོ་ཉེར་བསྒྱུར་ལ་ཞེས་པས་ཨང་ཐོབ་པ་ལའོ། །པ་ཙི་ལས་ཀྱང་ཥ་རྗེས་སུ་འབྲེལ་པ་ཉིད་ལས་སོ། །པཀྟིཿ། ཨུངྒཱི་ཏིཿ། པྲ་པཱ་ཏིཿ། སཾ་སྠི་ཏཿ། དཱ་མཱ་གཱ་ཡ་ཏི་ཞེས་པས་ཨཱི་ཉིད་དོ། །ཏིཥྛ་ཏི་ལས་དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་དོ། །ཀྲྀཏྱ་དང་ཡུཊ་རྣམས་ གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་ཨང་ཡང་ཇི་ལྟར་མཐོང་བ་བཞིན་འགྱུར་ཏེ། ཨ་བསྠཿ། ཨཱསྠ། བྲཛ་ཡ་ཛ་དག་གི་ཀྱཔའོ། །པྲ་ཛི་དང་ཡ་ཛི་དག་ལས་ཀྱཔ་འགྱུར་ཏེ། ཀྟིའི་རྐྱེན་འགེགས་པའོ། །བྲ་ཛྱ། ཨི་ཛྱ། སྭ་པི་བ་ཛི་ཡ་ཛ་སོགས་རྣམས་ཀྱི་ཞེས་པས་སམྤྲ་སཱ་ར་ཎའོ། །པ་རྗེས་སུ་འབྲེལ་པ་བྱེད་ པར་ནི་ཕྱི་མ་ལ་ཏ་ཡིག་ཨཱ་ག་མའི་དོན་ཏོ། །ས་མ་ཛ། ཨཱས། ནི་ཥད། ནི་པ་ཏི། ཤིང་། སུ། བིད། ཨ་ཊི། ཙ་རི།མ་ནི། བྷྲྀཉ། ཨིཎ་རྣམས་ཀྱི་མིང་ལའོ། །ཨ་ཛི་ལ་སམ་སྔོན་དུའོ། །ཨཱས་ཥད་པ་ཏ་དག་གི་སྔོན་དུ་ནིའོ། །ཤིང་ཉལ་བ་ལའོ། །ཥུཉ་བཀྲུ་བ་ལའོ། །བིད་ཤེས་པ་ལའོ་ཞེས་ པ་འདི་རྣམས་དང་དེ་བཞིན་དུ། ཨཊི་དང་ཙ་རི་དང་། མ་ནི་དང་བྷྲྀཉ་དང་ཨིཎ་ཞེས་པ་འདི་རྣམས་ལས་ཀྱང་མིང་གི་ཡུལ་ལ་ཀྱཔ་ཕ་རོལ་ཏུ་འགྱུར་རོ། །ས་མ་ཛྱཱ། ཨཱ་སྱཱ། ནིཥ་དྱཱ། ནིཔདྱཱ། ཤཡྱ། ཡ་ལ་ཨཱི་ནི་ཨཡའོ་ཞེས་པས་ཨཡའོ། །སུརྱཱ། བིདྱ། ཨ་ཊཱ་ཊྱཱ། ཨཊི་ལས་ཙེ་ཀྲྀ་ཡི་ཏའི་ མཐའ་ལས་ཡའི་རྐྱེན་བཤད་པར་བྱའོ། །དེས་ན། ཨ་ཊཱ་ཊྱའི་སྒྲ་ལས་ཀྱཔའོ། །ཨའི་ཡང་དབྱིའོ། །ཡའི་ཨན་མིན་པ་ལའོ་ཞེས་པས་ཡ་དབྱིའོ། །པ་རི་ཙཪྻཱ། པ་རི་སྔོན་མ་ཉིད་ལས་ཙ་རིའོ། །མནྱཱ། བྷྲྀ་ཏྱཱ། ཨི་ཏྱཱ། འོ་ན། བྷྲྀཏྲིཿ། མ་ན་ནཾ་མ་ཏིཿ། ཞེས་པ་ཅི་ལྟར་ཞེ་ན། བྷྲྀ་ཏི་ལ་ལས་ 195-1-298b ཀྱི་སྒྲས་འདོད་པ་དང་བློ་ཞེས་པས་ཤེས་པར་བྱེད་པ་ལས་སོ། །ཀྲྀཉ་ལས་ཤའང་ངོ་། །ཀྲྀཉ་ལས་ཀྱཔའི་རྐྱེན་འགྱུར་ཞིང་ཤའི་རྐྱེན་འང་ངོ་། །ཀྲྀ་ཏྱ། ཀྲྀ་ཡཱ། བྱེད་དོ་ཞེས་པས་ཤའི་རྐྱེན་ནོ། །ཤ་ཡིག་ནི་བྱིངས་ཐམས་ཅད་པ་དང་འདྲ་བར་འགྱུར་བའི་དོན་ཏོ། །ཡ་ཎ་ཨཱ་ཤིཥ་དག་ལ་ཡ་ལ་ཞེས་ པས་ཨི་ཡིག་ཨཱ་ག་མའོ། །འོ་ན། ཀྲྀ་ཏཿ། ཅི་ལྟར་ཞེ་ན། གཞན་ལའང་ངོ་ཞེས་པའི་ཚིག་ལས་སོ། །སརྟི་ལས་ཀྱང་ཡའོ། །སྲྀ་འགྲོ་བ་ལའོ་ཞེས་པ་འདི་ལས་ཡའི་རྐྱེན་འགྱུར་རོ། །ཀྱང་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །པ་རི་སརྱཱ། པ་རི་སྔོན་མ་ཉིད་ལས་ཡའི་རྐྱེན་ནོ། །ཛཱགརྟྟི་ ལས་ཀྱང་འདོད་དེ། ཛཱ་གརྱཱ། ཨ་ཡིག་ཀྱང་མཐོང་སྟེ། ཛཱ་ག་རཱ། ཨིཙྪཱའོ། །སྒྲ་འདི་ཚིག་ཕྲད་དོ། །ཨི་ཥི་ལས་དངོས་པོའི་དོན་ལ་ཤའི་རྐྱེན་དང་གཞན་དང་འདྲ་བར་ཚ་ཉིད་ཀྱང་ངོ་། །ཨིཙྪ། མིང་ལས་བདག་ཉིད་འདོད་པ་ལ་ཞེས་པ་འདིར་ཨིཙྪའི་སྒྲའི་བརྗོད་པ་ཡོད་པ་ལའོ་ཞེས་པས་ཚིག་ཕྲད་དོན་ མེད་དོ་ཞེས་ཁ་ཅིག་སྨྲའོ། །ཤནྶི་དང་རྐྱེན་ལས་ཨའོ། །ཤནྶཱི་དང་རྐྱེན་ལས་ཀྱང་ཨ་ཡིག་རྐྱེན་དུ་འགྱུར་རོ། །ཨཱ་ཤནྶི་དང་རྐྱེན་ལས་ཀྱང་ཨ་ཡིག་རྐྱེན་དུ་འགྱུར་རོ། །ཨཱ་ཤནྶཱ། ཙི་ཀཱཪྵ། ལོ་ལཱུ་ཡཱ། མདོ་ཕྱི་མས་ཤནྶིའི་རྐྱེན་མི་འགྲུབ་སྟེ་ནི་ཥཱ་ལ་ཨིཊ་མེད་པའི་ཕྱིར་རོ། །ལྗི་བ་ལས་ཀྱང་ནིཥྛཱ་ལ་ཨིཊ་དང་ བཅས་པའིའོ། །ལྗི་བ་ལ་སྟེ་བྱིངས་ལྗི་བ་ལྡན་པ་ལས་ནིཥྛཱ་ཨིཊ་དང་བཅས་པ་ལ་ཨའི་རྐྱེན་འགྱུར་རོ། །འདོད་པ། ཨཱི་ཧཱ་རྟོགས་པ། ཨུཧཱ། དེ་བཞིན་དུ། ཀུཎྜ། ཧུཎྜ། ཀུ་ཌི་བསྲེག་པ་ལའོ། །ཧུ་ཌཱི་འཇོམས་པ་ལའོ། །ལྗི་བ་ལ་ཞེས་པ་ཅི་ཞེ་ན། ནི་གྲྀ་ཧཱི་ཏཱིཿ། ཨིཊའི་རིང་པོའོ། །གྲ་ཧི་ལས་ཞེས་པས་རིང་པོའོ། །ནིཥྛཱ་ལ་ཨིཊ་དང་བཅས་པ་ཅི་ཞེ་ན། དཱིཔྟིཿ། ཥ་རྗེས་སུ་འབྲེལ་པ་དང་བྷིད་སོགས་རྣམས་ལ་ནི་ཨངའོ། །གང་རྣམས་ལ་ཥ་ཡིག་རྗེས་སུ་འབྲེལ་པ་དེ་རྣམས་ནི་ཥ་ཡིག་རྗེས་སུ་འབྲེལ་པའོ། །གང་རྣམས་ཀྱི་དང་པོ་བྷིད་ཡིན་པ་དེ་རྣམས་ནི་བྷིད་སོགས་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཥ་རྗེས་སུ་འབྲེལ་པའི་བྱིངས་རྣམས་དང་བྷིད་སོགས་རྣམས་ལས་ ཀྱང་ཨང་འགྱུར་རོ། །ཀྟིའི་རྐྱེན་འགེགས་པའོ། །པཙ་སོགས་དང་ལྡན་པའི་བྷིད་སོགས་རྣམས་གཟུང་བར་བྱ་སྟེ། ཌུ་པ་ཙཥ། པ་ཙ། ཛྲཱྀཥ་ལང་ཚོ་ཉམས་པ་ལའོ། །ཛ་ར། ཛ་རའི་དབྱངས་ལ་ཛ་རཿཡང་ནའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཡོན་ཏན་ནོ། །ཀྵ་མུཥ་བཟོད་པ་ལའོ། །ཀྵ་མཱ། འོ་ན་ 195-1-299a ཀྵཱནྷཿ། ཅི་ལྟར་ཞེ་ན། ཀྵ་མི་ཀྵི་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཀྵ་མི་ལས་བུད་མེད་ལ་ཀྟིའོ། །ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཌུལ་བྷཥ་ཐོབ་པ་ལའོ། །ཨུ་པ་ལ་བྷཱ། འོ་ན་ཨུ་པ་ལ་བྷིཿ། ཇི་ལྟར་ཞེ་ན། དོན་ཉེ་བར་དམིགས་པ་ན་ཞེས་པས་ཤེས་པར་བྱེད་པ་ ལས་སོ། །གྷཊ་སོགས་ཥ་རྗེས་སུ་འབྲེལ་པ་མ་ཡིན་ཡང་བྱ་བའི་དོན་ཥ་རྗེས་སུ་འབྲེལ་པ་རྣམས་སུ་ཤེས་པར་བྱའོ། །དེས་ན། གྷ་ཊཱ་བྷ་ཐཱ་བྲ་ཐ་བྷིད་སོགས་རྣམས་ལས། བྷིདཱ། ཙྪད། ཨཱར། གིར། རྀ་འགྲོ་བ་ལའོ། །ཨཱང་སྔོན་དུའོ། །སྦྱོར་བ་འདི་ཉིད་མཚོན་ཆ་ཅན་ལའོ། །དེས་ན་འདིར་མི་འགྱུར་ཏེ། །ཨཱརྟིཿ། རྀཏའི་སྒྲ་ལའོ། །ཕ་རོལ་ཏུ་བཤད་པ་ལས་ཨཱངའོ། །ཨཱིར་དུ་བསྒྱུར་རོ། །ཕ་རོལ་དབྱི་བའང་ངོ་། །ཀཱ་ར། ཧཱ་རཱ། ཚོགས་པའི་ཤུགས་ལས་འཕེལ་བའོ། །དེ་བཞིན་དུ། དྷཾ་ར། སྦྱོར་བ་འདི་ཉིད་གཡང་ས་ལའོ། །དེས་ན་འདིར་མི་འགྱུར་ཏེ། དྷྲྀ་ཏི། བྷི་དཱ། ཙྪི་དཱ། ཨཱ་རཱ། ཀཱ་རཱ། ཧཱ་རཱ། དྷ་རཱ། ཀྵི་པཱ། བ་སཱ། ཞེས་པ་ལ་སོགས་པ་རྣམས་ནི་བྷིད་སོགས་རྣམས་སོ། །བྷཱི་ཥི་ཙིནྟི་པཱུ་ཛི་ཀ་ཐི་ཀཱཾ་བི་ཙཪྩི་སྤྲི་ཧི་ཏོ་ལི་དོ་ལི་རྣམས་ལས་ཀྱང་ངོ་། །ཉི་བྷཱི་འཇིགས་པ་ལའོ། །རྒྱུ་ལ་ཨིན་མཐའོ། །ཙི་ཏི་དྲན་པ་ལའོ། །པཱུ་ཛ་མཆོད་པ་ལའོ། །ཀ་ཐ་ངག་སྦྲེལ་བ་ལའོ། །ཀུཾ་བི་བགེགས་པ་ལའོ། །ཙཪྩ་ཀློག་པ་ལའོ། ། སྤྲྀཧ་འདོད་པ་ལའོ། །ཏུ་ལ་སྨྱོ་བར་བྱེད་པ་ལའོ། །དུལ་འདེགས་པ་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །འདི་རྣམས་ལས་ཨང་ཕ་རོལ་ཏུ་འགྱུར་རོ། །ཨི་ཥི་ཤྲནྠི་ཞེས་པས་ཡུའི་རྐྱེན་ཐོབ་པ་ལའོ། །བྷཱིཥཱ། ཙནྟི། པཱུ་ཛཱ། ཀ་ཐཱ། ཀུམྦཱ། ཙཪྩ། སྤྲྀ་ཧཱ། ཏོ་ལཱ། དོ་ལཱ། བི་བྷིད་ལས་ ཨིནའོ། །བྷི་ལས་ཥུའང་ངོ་ཞེས་ཥུཨཱ་ག་མའོ། །ཨངའོ། །ཀཱ་རི་ཏ་དབྱིའོ། །འོ་ན་ཏུ་ལཱ་ཅི་ལྟར་ཞེ་ན། ཏུ་ལ་ལས་གཞལ་བ་དང་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཉེར་བསྒྱུར་ལ་ཨཱཏ་ལས་ཀྱང་ངོ་། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨཱཏ་ལས་ཏེ། ཨཱ་ཡིག་མཐའི་བྱིངས་ལས་ཨང་ཕ་རོལ་ཏུ་འགྱུར་རོ། ། ཨུ་པ་དཱ། ཨུ་པ་དྷཱ། སཾ་སྠཱཱ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། སྠི་ཏིཿ། དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་དོ། །འོ་ན་ཤྲདྡྷཱ་ཅི་ལྟར་ཞེ་ན། ཨཤྲདྷཱ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཨི་ཥི་ཤྭནྠི་ཨཱ་སི་གྷཊི་བནྡི་བི་དི་ཀཱ་རི་ཏའི་མཐའ་རྣམས་ལས་ཡུའོ། །ཨིཥ་འགྲོ་བ་ལའོ། །ཨིཥུ་ཡང་ཡང་ལའོ་ཞེས་པ་ཡང་ 195-1-299b ནའོ། །ཤྲནྠ་གཞུང་སྒྲིག་པ་ལའོ། །ཨཱས་ཉེ་བར་སྡོད་པ་ལའོ། །གྷཊྚ་གཡོ་བ་ལའོ། །བ་དི་བི་དི་སྤྱིའོ། །འདི་རྣམས་དང་ཀཱ་རི་ཏའི་མཐའ་ཅན་རྣམས་ལས་ཀྱང་ཡུའི་རྐྱེན་འགྱུར་རོ། །ཨེ་ཥ་ཎཱ། ཤྲནྠ་ནཱ། ཨཱ་ས་ནཱ། གྷཊྚ་ནཱ། བནྡ་ནཱ། དེ་ཤན་བེ་ད་ནཱ། ཀ་ར་ཎཱ། ཧཱ་ར་ཎཱ། འདིར་ཨི་ཥི་ལས་འདོད་པའི་དོན་མ་ ཡིན་པ་ལ་རྐྱེན་འདི་བཤད་པར་བྱའོ། །ཤྲནྠི་གྷཊྚི་བྷུ་ལས་སོགས་པ་ཅན་གཟུང་བར་བྱའི། ཙུར་སོགས་ཅན་དག་མ་ཡིན་ཏེ། དེ་དག་ཀཱ་རི་ཏའི་མཐའ་ཅན་གྱིས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཀཱིརྟི་དང་ཨིཥི་དག་གི་ཀྟིའང་ངོ་། །ཀྲཱིཏ་ཡང་དག་པར་བསྔགས་པ་ལའོ་ཞེས་པ་འདི་ཨིན་མཐའ་ལས་དང་། ཨིཥ་ལས་ ཀྱང་ཡུའི་རྐྱེན་འགྱུར་ཞིང་ཀྟིའི་རྐྱེནའང་ངོ་། །ཀཱིརྟ་ནཱ། ཀཱིརྟཱིཿ། པརྱེ་ཥ་ཎཱ། པ་རཱི་ཥཱིཿ། པ་རི་སྔོན་མ་ལས་ཨིཥ་འདོད་པའི་དོན་མ་ཡིན་པ་ལ། རྐྱེན་གཉིས་པོ་འདི་དག་བཤད་པར་བྱའོ། །ཀྲཱི་ཏ་ལས་ཙུར་སོགས་ཉིད་ཀྱི་ཕྱིར། མདོར་ངེས་པར་བསྟན་པ་ལས་རཱི་ཡིག་གི་ཨཱི་རའོ། །འདིས་ཡུ་དང་ ཀྱིའང་ངོ་། །ནད་བརྗོད་པ་ལ་བུཉའོ། །ནད་བརྗོད་པར་གྱུར་པའི་བྱིངས་ལས་པུཉ་རྐྱེན་དུ་འགྱུར་རོ། །པྲ་བཱ་ཧི་ཀཱ། བི་སཱུ་ཙི་ཀཱ། བཧ་ཐོབ་པ་ལའོ། །སཱུ་ཙ་ཕྲ་མ་ལའོ། །པྲ་དང་པི་དག་སྔོན་དུའོ། །སཱུ་ཙ་ལ་ཙུར་སོགས་ཉིད་ལས་ཨིནའོ། །བུཉའོ། །ཨ་ཀར་བསྒྱུར་རོ། །བུད་མེད་ལ་ཨཱ་ལས་ ཨཱ་པའོ། །ཀའི་རྐྱེན་ལ་ཞེས་པས་ཨི་ཉིད་དོ། །བརྗོད་པ་སྨོས་པ་ནི་ཚིག་གཞན་བརྗོད་པའི་ནང་ལ་མི་འགྱུར་བ་སྟེ་བུ་བྷུཀྵོ་བྷ་སྨཱ་ཀེ་ན། ཞེས་པའོ་བྷུ་ཛ་ལས་ས་མཐའ་ལས་ཤནྶུའི་རྐྱེན་གྱི་མཐའ་ལས་ཨའོ་ཞེས་པས་ཨ་ཡིག་གོ། །བྷསྨ་ཀའི་སྒྲ་ཉེ་བའི་ཚིག་ལས་འདིར་བུ་བྷུཀྵའི་སྒྲ་ནང་ལ་འཇུག །གལ་ཏེ་དེ་ ལྟར་ན་འདིར་ཐོབ་པར་འགྱུར་ཏེ། ཤི་རརྟྟི། ཨརྟྟིའི། ཤི་རས་སྔོན་དུའོ། །བུད་མེད་ལ་ཀྟིའོ་ཞེ་ན། བདེན་ཏེ། གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་འགྱུར་བའོ། །བྱིངས་དོན་ཙམ་ལ་བུཉ་འདོད་དེ། ཨཱ་སི་ཀཱ། ཤཱ་ཡི་ཀཱ། མིང་ལ་འང་ངོ་། །བྱིངས་ལས་མིང་ལས་བུཉ་ཕ་རོལ་ཏུ་འགྱུར་རོ། །ཨུདྡྷཱ་ ལ་པུཥྤ་བྷཉྫི་ཀཱ། ཨ་བྷྱོ་ཥ་ཁཱ་དི་ཀཱ། བྷཉྫ་ཀུན་ནས་ཉེད་པ་ལའོ། །ཁཱ་དྲི་ཟ་བར་བྱེད་པ་ལའོ། །ཀ་དང་ཙེ་ཀྲཱཾ་ཡི་ཏ་དག་གི་ཞེས་པས་འདི་དག་མིང་ངོ་། །བརྒྱུད་རིམ་འོས་པ་བུ་ལོན་རྣམས་ལ་འང་ངོ་། །བརྒྱུད་རིམ་ནི་བརྒྱུད་པར་སྦྱོར་བའི་རིམ་པའོ། །འོས་པ་ནི་རིགས་པའོ། །བརྒྱུད་རིམ་དང་འོས་པ་དང་ 195-1-300a བུ་ལོན་ཞེས་པ་འདི་རྣམས་ལ་འཇུག་བཞིན་པའི་བྱིངས་ལས་བུཉ་ཕ་རོལ་ཏུ་འགྱུར་རོ། །བརྒྱུད་རིམ་ལ། བྷ་བ་ཏཿཨཱ་སི་ཀཱ། བྷ་བ་ཏཿཤ་ཡི་ཤཱ། འོས་པ་ལ། ཕ་ཡཿཔཱ་ཡི་ཀཱ་ཨརྷ་ཏི། པཱ་མཐུང་བ་ལའོ། །བུཉའོ། །ཨཱ་ཡིར་བསྒྱུར་རོ། །བུ་ལོན་ལ། ཨིཀྵུ་བྷ་ཀྵི་ཀཱ་མེ་དྷཱ་ར་ ཡ་ཏི། བཀྵི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཨུཏྤ་ཏི་ལ་ཡང་འདོད་དེ། པ་ཡཿཔཱ་ཡི་ཀཱ་ཨུཏྤཱ་དི། འདྲི་བ་དང་བཤད་པ་དག་ལ་ཨིཉ་འང་ཡང་ནའོ། །འདྲི་བ་དང་བཤད་པར་བྱ་བ་ལ་འཇུག་བཞིན་པའི་བྱིངས་ལས་བུཉ་འགྱུར་ཞིང་ཨིཉའི་རྐྱེན་ཡང་ངོ་། །དེ་དག་ཀྱང་ཡང་ནའོ། །དེས་ན་རྐྱེན་ གཞན་ཡང་ཇི་ལྟར་མཐོང་བ་བཞིན་འགྱུར་རོ། །རེ་ཞིག་འདྲི་བ་ལ། ཀཱཾ་ཏྭཾ་ཀཱ་རི་ཀཱ་མ་ཀཱཪྵིཿ། ཀཱཾ་ཏྭཾ་ཀཱ་རི་ཀཱ་མ་ཀཱཪྵིཿ། དེ་བཞིན་དུ། ཀཱཾ་ཀྲི་ཡཱ་ཏྭ་མ་ཀཪྵིཿ། ཀཱཾ་ཀྲི་ཏྱཱ། ཤ་དང་ཀྱཔྲའི་རྐྱེན་ནོ། །ཀཱཾ་ཀྲྀ་ཏིཾ། ཀྟིའི་རྐྱེནའོ། །བཤད་པ་ལ། སརྦཱཿཀཱ་རི་ཀཱ། ཨཧ་མ་ཀཱཪྵིཿ། སརྦཿཀཱརཱི། ཀི་ཡཱཿ། འོ་ན། སརྦཿཀྲི་ཏྱཱ། ཨཱ་ཧ་མ་ཀིཪྵཾ། སརྦཱཿཀྲྀ་ཏཱིཿཐམས་ཅད་ལ་ཤཔའོ། །ནཉ་ལ་འཁྲིག་ཚིག་ལ་ཨནིའོ། །ནཉ་ཉེ་བའི་ཚིག་ལ་བྱིངས་ལས་འཁྲིག་ཚིག་མ་རྟོགས་པར་བྱ་བཞིན་པ་ལ་ཨནིའི་རྐྱེན་འགྱུར་རོ། །ཨ་ཀར་ཎི་སྟེ་བྷུ་ཡཱ་ད་བྲི་ཥ་ལཿ། དངོས་པོའི་དོན་ལ་ཨནིའོ། །ནཉ་ཞེས་པ་ཅི་ཞེ་ན། མྲྀ་ཏི་སྟེ་ཛནྨ་ཿ། འཁྲིག་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀ་ཏི་སྟ་སྱ་ཀ་ཊ་སྱ། ཀྲྀ་ཏྱ་དང་ཡུཊ་དག་གཞན་ལ་ཡང་ངོ་། །ཀྲྀ་ཏྱ་དང་ཡུཊ་དོན་གང་ལ་བྱས་པ་དེ་ལས་གཞན་དུ་ཡང་འགྱུར་རོ། །དངོས་པོ་དང་ལས་དག་ལ། གྲྀཿ། ཀྲྀཏྱ། བརྗོད་ཟིན་པ་ལས་དོན་གཞན་ལ་ཡང་འགྱུར་ཏེ། འདིས་འདག་འཆལ་བྱེད་དོ། །ས་ནཱི་ཡམ་ ཙུཪྞཾ། བྱེད་པ་ལ། ཨ་ནཱི་ཡའོ། །གང་གི་ཆེད་དུ་སྦྱིན་པར་བྱ་བ་དེ། དཱ་ནཱི་ཡཿ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་ཨ་ནི་ཡའོ། །དངོས་པོ་ལ་བྱེད་པ་དང་གཞི་དག་ལ་ཡང་ཡུཊ་བརྗོད་ཟིན་པ་ལས་གཞན་དུ་ཡང་འགྱུར་ཏེ། དེ་ངེས་པར་འཐོར་རོ་ཞེས། ཨ་བ་སེ་ཙ་ནཾ། ཥི་ཙ་འཛག་པ་ལའོ། །ལས་ལ་ཡུཊའོ། ། དེ་བཞིན་དུ། རྒྱལ་པོ་རྣམས་ཀྱི་བཟའ་བར་བྱ་བ་ནི། ར་ཛ་བྷོ་ཛ་ནཱཿ། ཤཱ་ལ་ཡཿ། རྒྱལ་པོ་རྣམས་ཀྱིས་གྱོན་པར་བྱ་བ་ནི། རཱ་ཛཱ་ཙྪཱ་ན་ནི་གོས་རྣམས་སོ། །ཙྪ་དི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཡུཌའོ། །ཀཱ་རི་ཏཱ་དབྱིའོ། །གང་ལས་རབ་ཏུ་གདུང་བར་བྱེད་པ། སྲས་ཏཾ་ནང་ངེས་པར་ཀུན་སྦྱིན་པ་ལ་ 195-1-300b ཡུཊའོ། །ཀྲྀཏ་གཟུང་བར་བྱ་བ་ལ། ཀྲྀཏྱ་དང་ཡུཊ་སྨོས་པའི་དགོས་པ་བསམ་པར་བྱ་བ་ནི་ཀྲྀཏ་ཀྱི་རྐྱེན་ཡང་སྦྱོར་བའི་རྗེས་སུ་འབྲངས་པས་དོན་གཞན་ལ་ཡང་བལྟ་བར་བྱ་སྟེ། རྐང་པ་དག་གིས་འཕྲོག་པར་བྱ་བ་ནི། པཱ་ཧཱ་ར་ཀཿ། ལས་ལ་བུཎའོ། །ཡང་གི་སྒྲ་ནི་ཀྲྀཏ་ལ་མི་འཁྲུལ་བའི་དོན་དུ་སྟེ། དེ་ལྟར་ ཡང་ཉེར་བསྒྱུར་མེད་པ་ལ་གྷཱཉ་བརྗོད་ཟིན་པ་སྟེ། ཁ་ཅིག་ཏུ་ཉེར་བསྒྱུར་དང་བཅས་པ་ལས་ཀྱང་མཐོང་སྟེ། ཨ་ནུ་བྷ་བཿ། པྲ་བྷ་བཿ། དངོས་པོ་ལ་མ་ནིང་ལ་ཀྟའོ། །མ་ནིང་ལ་དངོས་པོའི་དོན་ལ་བྱིངས་ལས་ཀྟའི་རྐྱེན་འགྱུར་རོ། །ཧ་སི་ཏམྲ། ཨཱ་སི་ཏཾ། ཡུ་ཊའང་ངོ་། །མ་ནིང་ལ་དངོས་པོའི་དོན་ ལ་བྱིངས་ལས་ཡུཊའང་འགྱུར་རོ། །ཧ་ས་ནཾ། ཨཱ་ས་ནཾ། ཊ་ཡིག་རྗེས་སུ་འབྲེལ་པར་བྱེད་པ་ནི་ཕྱི་མའི་དོན་དུ་སྟེ། སྦྱོར་བ་རྣམ་པར་གཞག་པའང་ངོ་། །བྱེད་པ་དང་གཞི་དག་ལའང་ངོ་། །བྱེད་པ་དང་གཞིའི་དོན་ལའང་བྱིངས་ལས་ཡུཊ་འགྱུར་རོ། །གང་གི་བུད་ཤིང་གཅོད་པ་དེ་ནི། ཨིདྷྨ་བྲཤྩ་ན། གང་ལ་ནུས་པ་གནས་པ་དེ་ནི། ཤཀྟ་དྷཱ་ནཱི་སྠཱ་ཡཱི། སྐྱེས་པ་ལ་མིང་ལ་གྷའོ། །བྱིངས་ལས་མིང་གི་ཡུལ་ལ་གྷའི་རྐྱེན་འགྱུར་ཏེ། བྱེད་པ་དང་གཞི་དག་མངོན་པར་བརྗོད་པའི་སྐྱེས་པའི་ཁྱད་པར་ལའོ། །གསལ་བྱེད་མཐའ་ལས་གྷཉའོ་ཞེས་འཆད་པར་འགྱུར་བའི་ཤུགས་ལས་དབྱངས་མཐའ་ལས་རྐྱེན་འདིའོ། ། འདིར་སོ་རྣམས་སྒྲིབ་པར་བྱེད་དོ་ཞེས་ལ། དནྟ་ཙྪདཿ། ཙྪདི་ལས་ཙུར་སོགས་ཉིད་ཀྱི་ཕྱི་ཨིནྲའོ། །གྷའི་རྐྱེན་ནོ། །ཚཱ་དིའི་གྷ་སིད་ཅེས་པས་ཐུང་ངུའོ། །འདིས་འགྲོ་བར་བྱེད་དོ་ཞེས་ལ། སླབཿ། སླུང་འགྲོ་བ་ལའོ། །དེ་ལ་འདིས་འབྱུང་བར་བྱེད་དོ་ཞེས་ལ། ཨཱ་ཀ་རཿ། ཀྲྀཉའི་སྔོན་དུ་ཨཱངའོ། །གྷའོ། ། སྐྱེས་པ་ལ་ཞེས་པ་ཅི་ཞེ་ན། པྲ་སཱ་དྷ་ནཾ། འདིས་སྒྲུབ་པར་བྱེད་དོ་ཞེས་སྔ་མས་ཡུཊའོ། །གོ་ཙ་ར་སཉྩ་ར། བ་ཧ། པྲ་ཛ། བྱ་ཛ། ཀྲམྲ། ཨཱ་པ་ཎ་ནི་གམ་རྣམས་ལས་ཀྱང་ངོ་། །འདི་རྣམས་སྐྱེས་བུའི་ཁྱད་པར་ལ་བྱེད་པ་དང་གཞི་དག་ལ་གྷའི་རྐྱེན་དུ་གྱུར་པ་རྣམས་ཚིག་ཕྲད་དོ། །གསལ་བྱེད་ མཐའ་ལས་ཀྱང་ཞེས་པས་གྷཉའི་རྐྱེན་ཐོབ་པ་ལའོ། །འདིར་མིག་རྣམས་སྐྱོད་པར་བྱེད་ཅེས་པ།གོ་ཙ་རཿ། གལ་ཏེ་ཡང་འདི་རྣམས་བྱེ་བྲག་ཏུ་རྟོགས་པ་དེ་ལྟ་ན་ཡང་སྒྲ་འདི་སྟེ། སོ་སོར་ཉེ་བར་གནས་སོ་ཞེས་གསུང་ངོ་། །དེ་བཞིན་དུའང་། ལྷས་བྱིན་གྱི་ངག་གི་སྤྱོད་ཡུལ་ཞེས་སྦྱར་རོ། །འདིས་ 195-1-301a ཡང་དག་པར་སྒྱུར་བར་བྱེད་དོ་ཞེས་ལ། སཾ་ཙརཿ། འདིས་ཐོབ་པར་བྱེད་དོ་ཞེས་ལ། བ་ཧཿ། འདིས་བརྟུལ་ཤུགས་བྱེད་དོ། །བྲ་ཛཿ། འདིས་ཟོལ་བྱེད་དོ་ཞེས་ལ། བྱ་ཛཿ། ཨ་ཛ་འགྲོ་བ་ལའོ་ཞེས་པ་འདི་བི་སྔོན་མ་ཅན་ནོ། །དེའི་དངོས་པོ་ཐོབ་པ་དང་དངོས་པོ་མེད་པ་ལའང་ཚིག་ཕྲད་དོ། ། ཀ་སྡེ་དང་པོ་དང་། བྲཛིཿ། ཞེས་པའི་ཚིག་ལས་ག་ཉིད་དུའང་མི་འགྱུར་རོ། །འདིས་རིམ་པར་བྱེད་དོ་ཞེས་ལ། ཀྲ་མཱཿ། འདིས་ཀུན་ནས་འཚོང་ངོ་ཞེས། ཨཱ་པ་ནཾ། འདིས་འགྲོ་བ་རྣམས་ངེས་པར་འགྲོ་ཞེས་པ། ནི་ག་མཿ། ཆོས་ལ་སོགས་པ་རྣམས་སོ། །ཀྱང་གི་སྒྲ་ལས། ཀ་ཤ་དང་ནི་ཀ་ཤ་དག་ལའང་སྟེ་དེར་ འདར་བར་བྱེད་དོ་ཞེས་ལ། ཀ་ཤཿ། དེར་ངེས་པར་འབྱེད་དོ་ཞེས་ལ་། ནི་ཀ་སཿ། ཨ་བ་ཏྲྀ་སྟྲྀ་དག་གི་གྷཉའོ། །ཨ་པའི་སྒྲ་ཉེ་བའི་ཚིག་ལ། ཏྲྀ་དང་སྟྲྀ་དག་ལས་གྷཉ་འགྱུར་ཏེ། སྐྱེས་པ་ལ་འཇུག་པའི་བྱེད་པ་དང་གཞི་དག་ལའོ། །གྷའི་རྐྱེན་འགེགས་པའོ། །དེ་དང་འཇུག་པར་བྱེད་པའམ་དེར་འཇུག་པ་ནི། ཨ་ བ་ཏཱ་རཿ། དེས་སམ་དེར་ཀུན་དུ་འདྲེན་པར་བྱེད་པ་ནི། ཨ་བསྟཱ་རཿ། གྷ་རྗེས་སུ་འབྲེལ་བར་བྱེད་པ་ནི་ཕྱི་མའི་དོན་དུའོ། །གསལ་བྱེད་ལས་ཀྱང་ངོ་། །བྱིངས་གསལ་བྱེད་ཀྱི་མཐའ་ཅན་ལས་ཀྱང་སྐྱེས་པ་ལ་འཇུག་པའི་བྱེད་པ་དང་གཞི་དག་ལས་གྷཉ་འགྱུར་རོ། །འདིས་དག་པར་བྱེད་དོ་ཞེས་ལ། ཨ་སཱ་མཱརྒཿ། མྲྀ་ཛུཥ་དག་པ་ལའོ། །ཨ་པ་སྔོན་དུའོ། །གྷཉའོ། །མརྫའི་མཱརྫིའོ། །ཙ་ཛ་དག་གི་ཞེས་པས་གའོ། །ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །འདི་ལ་སྡིག་པ་འཇིག་པར་བྱེད་དོ་ཞེས་ལ། ནི་ཥཱ། ཥྀདླ་འཇིག་པ་ལའོ། །ཁ་ནི་ལས་ཀྱང་གྷཉ་འང་འདོད་དེ། འདིས་ཀུན་ནས་འཇོམས་སོ་ལ། ཨ་ཁཱ་ནཿ། ཌའི་རྐྱེན་ཡང་མཐོང་སྟེ། འདིས་ཀུན་ནས་འཇོམས་སོ་ལ། ཨཱ་ཁཿ། ཕྱོགས་གཅིག་ལ་གྷའི་རྐྱེན་ནོ། །ཨཱ་ཁ་ནཿ། ཨ་དྷྱཱ་ཡ་ནྱ་ཡ་ཨུ་དྱཱ་བ་སཾ་ཧཱ་ར་ཨ་དྷ་ཨཱ་སཱ་ཡ་རྣམས་ཀྱང་། གྷཉའི་རྐྱེན་གྱི་མཐའ་ཅན་གྱི་སྒྲ་འདི་རྣམས་ཚིག་ཕྲད་དོ། །འདི་ལ་བཀླག་པར་བྱའོ་ཞེས་པ། ཨ་དྷྱཱ་ཡཿ། ཨ་དྷི་སྔོན་མ་ཅན་ གྱི་ཨིང་ལས་གྷཉའོ། །སྐྱེས་པ་ལ་མིང་ལའོ་ཞེས་པས་གྷ་ཐོབ་པ་ལའོ། །དེ་བཞིན་དུ། འདིས་རིགས་པ་བྱེད་དོ་ཞེས་ལ། ནྱ་ཡཿ། ནི་སྔོན་མ་ལས་ཨིཎ་ལ་གྷཉའོ། །འདི་ལ་ཤིན་ཏུ་སྲེ་བར་བྱེད་དོ་ཞེས་ལ། ཨ་དྱཱ་བཿ། ཡུ་བསྲེ་བ་ལའོ། །ཨུད་སྔོན་དུའོ། །དེར་སྡུད་པར་བྱེད་དོ་ཞེས་ལ། སཾ་ཧཱ་རཿ། འདི་ལ་ཀུན་ 195-1-301b འཛིན་པར་བྱེད་དོ་ཞེས་ལ། ཨཱ་དྷཱ་རཿ། དེ་བྱེད་དོ་ཞེས་ལ། ཨཱ་བ་ཡཿ། དྲ་བ་ལ་ནཱི་ལས་གྷཉ་བཤད་པར་བྱ་སྟེ། འདིས་ཀུན་དུ་དྲ་བར་བྱའོ་ཞེས་ལ། ཨཱ་ནཱ་ཡཿ། དྲ་བ་ཞེས་པ་ཅི་ཞེ་ན། ཨཱ་ན་ཡཿ། གྷའི་རྐྱེན་ནོ། །ཨཱི་ཥད་དུར་སུ་རྣམས་ལ་དཀའ་བ་དང་མི་དཀའ་བའི་དོན་རྣམས་ལ་ཁལའོ། །དཀའ་བ་ དང་མི་དཀའ་བའི་དོན་ཅན་རྣམས་ལ་ཞེས་ཟླས་དབྱེ་ཁོ་ན་གནས་པའི་འབྲུ་མང་པོ་པའོ། །དཀའ་བ་དང་དཀའ་བ་མ་ཡིན་པ་ཅན་ཞེས་པ་འདི་དག་གི་དོན་ལ་འཇུག་བཞིན་པའི་ཨཱི་ཥད་དང་དུར་དང་སུ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལ། བྱིངས་ལས་ཁལ་ཕ་རོལ་ཏུ་འགྱུར་རོ། །ལ་ཡིག་ནི་དངོས་པོ་དང་ལས་དག་ ལ་ཀྲྀཏྱ་ཀཱ་ཞེས་པའི་དོན་ཏོ། །དཀའ་བ་ནི་སྡུག་བསྔལ་བའོ་དེ་ནི་དུར་གྱི་ཁྱད་པར་རོ། །མི་དཀའ་བ་ནི་བདེ་བའོ། །དེ་ཡང་ཨཱི་ཥཏ་དང་སུའི་སྒྲ་དག་གོ། །ཨིཥཏྐ་རཿ། དུཿཀར། སུ་ཀ་རཿ། དཀའ་བས་བྱ། སླ་བས་བྱ་ཞེས་པས་ཁ་ལའོ། །དེ་བཞིན་དུ། ཨི་ཥདྡྷོ་ཛཿ། དུཪྦྷོ་ཛཿ། སུབྷོ་ཛཿ། ཨཱི་ཥད་ དུར་སུ་རྣམས་ལ་ཞེས་པ་ཅི་ཞེ་ན། ཀྲྀཙྪ་ཎ་ཀཱརྱཿ། དཀའ་བ་དང་མི་དཀའ་བའི་དོན་རྣམས་ལ་ཞེས་པ་ཅི་ཞེ་ན། ཨི་ཥཀྟཱརྱཾ། ཅུང་ཟད་ཅེས་པའི་དོན་ཏོ། །འོ་ན་ཨཱི་ཥཏ་ལ་སོགས་པ་རྣམས་མི་ཟད་པ་ཉིད་ཀྱི་ཕྱིར་མ་ཡིག་ཨཱ་ག་མ་མི་འགྱུར་བས་ཁ་རྗེས་སུ་འབྲེལ་པར་བྱེད་པས་ཅི་ཞེ་ན། བདེན་ཏེ་ཕྱི་མའི་དོན་དུའོ། ། བྱེད་པ་པོ་དང་ལས་དག་ལའང་བྷཱུ་ཀྲྀཉ་དག་གིའོ། །ཨཱི་ཥད་དུར་སུ་རྣམས་དཀའ་བ་དང་དཀའ་བ་མིན་པའི་དོན་ཅན་རྣམས་ལ་བྱེད་པ་པོ་དང་ལས་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་བྷཱུ་དང་ཀྲྀཉ་ལས་ཁལ་འགྱུར་རོ། །སླ་བས་ཕྱུག་པོར་བྱེད། ཨཱི་ཥ་དཱཧྱཾ་བྷ་བཾ། དུ་རཌྷྱཾ་བྷ་བཾ། སྭཱཌྷྱཾ་བྷ་བཾ། དེ་བཞིན་དུ། ཨཱི་ ཥ་དཱཌྷྱ་ཀ་རཿ། དུ་རཌྷྱཾ་ཀ་རཿ། སྭཌྷྱཾ་ཀཿ། ཨཱཏ་རྣམས་ལས་ད་རི་དྲ་ཏི་མིན་པ་ལས་ཡུའོ། །ཨིཥ་ད་སོགས་འཇུག་ཅིང་བྱེད་པ་པོ་དང་ལས་དག་ནི་ལྡོག་གོ། །ཨཱིཥདྲ་སོགས་རྣམས་ལ་དཀའ་བ་དང་དཀའ་བ་མ་ཡིན་པའི་དོན་ཅན་རྣམས་ཉེ་བའི་ཚིག་ལ་ཨཱ་ཏ་ཏེ་ཨཱ་ཡིག་མཐའ་ཅན་གྱི་བྱིངས་ལས་ཡུ་འགྱུར་ཏེ། ད་ རི་དཱ་ཏི་དོར་བ་ལས་སོ། །བདེ་བས་མཐུང་བ། ཨཱི་ཥཏྤ་ནཿ། དུཿཔཱནཿ། པུ་པཱནཿ། ད་རི་དྲ་ཏི་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨཱི་ཥདྡ་རི་དྲཿ། ཁལ་ལོ། །ད་རི་ཏྲ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཨཱ་དབྱིའོ། །ཤཱས་ཡུདྷི་དྲི་ཤིདྷི་ཥི་མྲྀ་ཥི་རྣམས་ཀྱི་ཡང་ནའོ། །ཨཱི་ཥཏ་ལ་སོགས་པ་རྣམས་ 195-1-302a དཀའ་བ་དང་དཀའ་བ་མ་ཡིན་པའི་དོན་ཅན་རྣམས་ཉེ་བའི་ཚིག་ལ་ཤཱ་སི་དང་ཡུདྷི་དང་དྲི་ཤི་དང་མྲྀཥ་རྣམས་ལས་ཡུའི་རྐྱེན་ཡང་ན་འགྱུར་རོ། །སླ་བས་བསྟན་པ་ནི། ཨཱི་ཥ་ཙྪཱ་ས་ནཿ། ཨཱི་ཥ་ཙྪཱ་སཿ། དུཿཤཱ་ས་ནཿ། དུཿཤཱ་སཿ། སུ་ཤཱ་ས་ནཿ།སུ་ཤཱ་སཿ། སླ་བས་གཡུལ་བྱ་བ་ནི། ཨཱི་ ཥ་དྱོ་དྷ་ནཿ། དུཪྻོ་དྷ་ནཿ། སུ་ཡོ་དྷ་ནཿ། ཨཱི་ཥདྱོ་དྷཿ། དུརྨོ་དྷཿ། སུ་ཡོ་དྷཿ། སླ་བས་མཐོང་བ་ནི། ཨཱི་ཥདྡཪྴ་ནཿ། ཨཱི་ཥདྡཪྴཿ། དུརྡཪྴ་ནཿ། དུརྡཪྴཿ། སུ་དཪྴ་ནཿ། སུ་དཪྴཿ། ཕྱོགས་གཅིག་ལ་ཁལ་འཇུག་གོ། །སླ་བས་སྤྱི་བརྟོལ་བྱེད་པ་ནི། ཨི་ཥདྡྷཪྵཎཿ། ཨཱི་ཥདྡྷཪྵཿ། དུཪྡྷཪྵ་ཎཿ དུཪྡྷཪྵཿ། སུ་དྷཪྵ་ཎཿ། སུ་དྷཪྵཿ། སླ་བས་བཟོད་དོ། །ཨཱི་ཥནྨཪྵ་ཎཿ། ཨཱི་ཥནྨཪྵཿ། དུརྨཪྵ་ཎཿ། དུརྨཪྵཿ། སུ་མཪྵ་ནཿ། སུ་མཪྵཿ། ཡང་ན་སྨོས་པ་ནི་ཁལ་ཕྱོགས་གཅིག་ལ་འཇུག་པའི་དོན་དུའོ། །གལ་ཏེ་ཡུའི་རྐྱེན་གྱིས་ལྷན་ཅིག་པའི་ཁལ་ལ་གནོད་པར་བྱེད་དེ། གཟུགས་ མཚུངས་པར་གྲུབ་པས་ཡང་ན་ལ་གནོད་པར་འགྱུར་རོ་ཞེ་ན། དེ་ལྟར་ན། ཡང་ན་སྨོས་པའི་ཤེས་པར་བྱེད་པ་བུད་མེད་ལ་སྤྱིར་བཏང་བའི་ཕྱིར་གཞན་གྱིས་མ་ཡིན་ནོ། །གཟུགས་མཚུངས་པའི་སྒྲུབ་པ་ཡང་ན་ཞེས་པ་གལ་ཏེ་འགྱུར་ན། མ་ནིང་ལ་དངོས་པོ་ལ་ཀྟའི་རྐྱེན་བཞིན་དུའང་གྷཉའང་འགྱུར་རོ། །འདོད་ པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་རྣམས་ལ་ཏུ་མའོ། །གཉི་ག་ལ་ཡང་འབྲུ་མང་པོ་པའོ། །བྱེད་པ་པོ་གཅིག་པ་རྣམས་ལ་སྟེ་བྱེད་པ་པོ་མཚུངས་པ་ལ་འདོད་པའི་དོན་ཅན་གྱི་བྱིངས་རྣམས་ཉེ་བའི་ཚིག་ལ་བྱིངས་ལས་ཏུམའི་རྐྱེན་འགྱུར་རོ། །ཨིཙྪ་ཏི་བྷོཀྟུམ། བཱཉྪ་ཏི་བྷོཀྟུམྲ། བཱཉྪ་འདོད་པ་ལའོ། ། བྱེད་པ་པོ་གཅིག་པ་རྣམས་ལ་ཞེས་པ་ཅི་ཞེ་ན། དེ་བ་དཏྟཾ་བྷུཉྫནཾ་ཨིཙྪ་ཏི་ཡ་ཛྙ་དཏྟཿ། བྷུཛ་ལས་ད་ལྟར་བ་ལ་ཤནྟྲྀང་ཨཱ་ན་ཤ་ཞེས་པས་ཨཱ་ན་ཤའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །འོ་ན་ཟ་བར་བྱེད་པ་འདོད་པའི་དོན་ཉིད་ཀྱི་ཕྱིར་བྱ་བ་ལ་བྱ་བའི་དོན་ལ་ཝུ་ཎ་ཏུམ་དག་གོ་ཞེས་པ་འདིས་ཏུམ་ གྲུབ་པའི་ཕྱིར་ཏུམ་གྱི་ཚིག་དོན་མེད་དོ་ཞེ་ན། འདི་ཡོད་མོད་འོན་ཀྱང་ཏུམའི་རྐྱེན་བཞིན་བུཎ་ཡང་འགྱུར་རོ། །ཀཱ་ལ་ས་མ་ཡ་བེ་ལཱ་ནུས་པའི་དོན་རྣམས་ལའང་ངོ་། །ནུས་པར་བྱ་བ་ནི་ནུས་པ་སྟེ་སྒྲ་གང་རྣམས་ཀྱི་ནུས་པའི་དོན་དེ་ནི་ནུས་པའི་དོན་རྣམས་སོ། །ཀཱ་ལ་དང་ས་མ་ཡ་དང་བེ་ལཱ་ཞེས་པ་འདི་རྣམས་ཉེ་ 195-1-302b བའི་ཚིག་ལ་དང་ནུས་པའི་དོན་ཏེ་ནུས་པའི་དོན་རྣམས་ལའང་བྱིངས་ལས་ཏུམ་ཕ་རོལ་ཏུ་འགྱུར་རོ། །ཀཱ་ལོ་བྷོཀྟུམྲ། ས་མ་ཡོ་བྷོཀྟུམ། བེ་ལཱ་བྷོཀྟམ། ས་མཪྠ་བྷོཀྟམ། བྷོཀྟུཾ་པརྱཔྟཿ། འང་གི་སྒྲ་ལས་ཇི་ལྟར་མཐོང་བ་བཞིན་གཞན་ལ་ཡང་ཏུམ་འདོད་དེ། བྷོཀྟུ་ཀཱ་མཿ། བྷོཀྟུམ་ནཱཿ། བཤད་པ་ལས་ཏུམའི་ མ་དབྱིའོ། །དང་པོའི་མཐའ་རྣམས་ལ་ཀཱ་ལ་ལ་སོགས་པ་ཉིད་ལ་རྐྱེན་བཤད་དོ། །དེས་ན་འདིར་མི་འགྱུར་ཏེ། ཀཱ་ལ་བྷུཀྟམ། ཞེས་པའོ། །འོས་པ་ལ་ཏྲྀ་ཙའོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་སོ་ཞེས་པའི་ཚིག་ལས་གང་བྱེད་པ་པོ་སྨོས་པ་ཐོབ་པ་དེ་དང་དེའི་འོས་པའི་ཞེས་ཁྱད་པར་ཤེས་པར་བྱའོ། །གང་ བྱེད་པ་པོར་འོས་པ་དེ་ལ་བྱེད་པ་པོ་ལ་བྱིངས་ལས་ཏྲྀཙ་འགྱུར་རོ། །ཀ་ནྱ་ཡཱ་བྷ་བཱ་ན་བོཌྜྷ། ཐོབ་པར་འོས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཧའི་ཌྷའོ་ཞེས་པ་ལ་སོགས་པས་ཌྷ་ཉིད་ལ་སོགས་པ་བྱས་པ་རྣམས་ལས་ཧི་བ་ཧ་དག་གི་ཨ་ཡིག་གི་ཨོཏའོ་ཞེས་པས་ཨོ་ཉིད་དོ། །ཝུ་ཎ་ཏྲྀ་ཙ་དག་གོ་ཞེས་པས་གྲུབ་པ་ལ་སྦྱོར་ བ་བརྩམས་པ་ནི། བྱེད་པ་པོར་འོས་པ་ལ་བདུན་པས་གནོད་པར་མི་འགྱུར་རོ་ཞེས་པའོ། །བུཎ་འགྱུར་རོ་ཞེ་ན། གལ་ཏེ་མངོན་པར་བརྗོད་པ་ཡོད་ན་འགྱུར་རོ། །བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལ་ཀྲྀཏྱ་རྣམས་སོ། །འདི་རྣམས་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཀྲྀཏྱའི་རྐྱེན་འགྱུར་རོ། །ཁས་ ལེན་ནི་འདོད་པ་སྤྱོད་པའོ། །བྷ་བི་ཏཱ་ཀཊཿཀརྟ་བྱཿ། ཀ་ར་ཎཱི་ཡཿ། ཀཱརྱཿ། ཀྲྀཏྱཿ། ཁས་ལེན་པ་ལ། མ་ཡཱ་ཀཊཿཀརྟ་བྱཿ། དུས་ལ་བབ་པ་ལ།ཨ་དྷུ་ནཱ་ཀཊཿཀཪྟ་བྷཿ། བསྒོ་བ་ལ་སོགས་པ་རྣམས་ལ་སློབ་དཔོན་རྣམས་ཀྱིས་པཉྩ་མཱི་བཤད་དོ། །དེས་ཀྲྀཏྱ་རྣམས་ལ་གནོད་པར་མི་འགྱུར་རོ་ཞེས་གྲུབ་ཀྱང་ དེ་སླར་ཡང་བསྒྲུབས་པའོ། །གདོན་མི་ཟ་བ་དང་བུ་ལོན་ཁེན་པ་དག་ལ་ཡང་ཎི་ནིའོ། །བུ་ལོན་ལེན་པ་ནི་བུ་ལོན་ལེན་པའོ། །དེའི་དངོས་པོ་ནི་བུ་ལོན་ལེན་པའོ། །གདོན་མི་ཟ་བ་དང་བུ་ལོན་ལེན་པ་ལ་དེ་དག་དང་བཅས་པས་པའི་བྱིངས་ལས་ཎི་ནིའི་རྐྱེན་འགྱུར་རོ། །གདོན་མི་ཟ་བར་བྱེད་དོ་ཞེས་ལ། ཨ་བ་ ཤྱཾ་ཀཱ་རི། ཨ་བ་ཤྱཾ་དཱ་ཡཱི། ལན་བརྒྱར་སྟེར་བར་བྱེད་དོ་ཞེས་ལ། ཤ་ཏཾ་དཱ་ཡཱི། ས་ཧ་སྲཾ་དཱ་ཡཱི། ཡང་གི་སྒྲས་འདིར་ཀྲྀཏྱ་དང་རྗེས་སུ་མཐུན་པར་ཁ་ཅིག་སེམས་སོ། །དེ་ནི་སྙིང་པོ་མེད་པ་སྟེ། བི་ཧི་ཏཱ། ངག་བྱས་པ་ཉིད་ལའང་ཎི་ནིས་གནོད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དོན་ཐ་དད་པའི་ཕྱིར་རོ། ། 195-1-303a བྱེད་པ་པོ་ལ་ཎི་ནིའོ། །དངོས་པོ་དང་ལས་དག་ལ་ནི་ཀྲྀ་ཏྱའོ། །མིང་ལ་སྨོན་པ་ལའང་ཏིཀ་ཀྲྀཏ་དག་གོ། །བྱིངས་ལས་ཏིཀ་དང་ཀྲྀཏ་ཅེས་པ་འདི་དག་ཕ་རོལ་ཏུ་འགྱུར་ཏེ། མིང་ལའང་སྨོན་པའི་ཡུལ་ལའོ། །རྒྱས་པར་གྱུར་ཅིག །དཱནྟིཿ། སྦྱིན་པར་གྱུར་ཅིག །སནྟིཿ། དེ་བཱ་ཡ། ཨེ་ནཾ། དེ་ཡཱ་སུཿ། དེ་བ་དཏྟཿ། ཡཛྙ་ཨེ་ནཾ་དེ་ཡཱཏ། ཛ་ཡ་ཛྙ་དཏྟ། བ་སུ་བྷུ་ཏི། དེ་བ་བྷུ་ཏིཿ། སླར་ཡང་ཀྲྀཏ་ཀྱི་ཚོགས་ཁྱད་པར་དུ་བྱས་པས་ཏ་ཀས་གནོད་པ་བཟློག་པའི་དོན་དུའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏ་ཀྱི་སྐབས་རྐང་པ་ལྔ་པ་རྫོགས་སོ།། །། བྱིངས་ཀྱི་འགྲེལ་པ་ལ་རྐྱེན་རྣམས་སོ། །བྱིངས་དང་འབྲེལ་པའི་དོན་བཤད་པ་ནི་འདིའོ། །འདིར་བྱིངས་ཀྱི་སྒྲ་བྱིངས་དོན་ལ་འཇུག་སྟེ་དེས་ན་བྱིངས་ཀྱི་དོན་དང་འབྲེལ་པ་ཅན་གྱི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མཚོན་པར་གྱུར་པ་ལ། ཀྲྀཏ་ཀྱི་མིང་ཅན་གྱི་རྐྱེན་རྣམས་ལེགས་པར་འགྱུར་རོ། །དུས་ཐ་དད་ པ་ལ་བྱས་པས་བྱིངས་དང་འབྲེལ་པར་གྱུར་པ་ལེགས་པ་རྣམས་སོ་ཞེས་པའི་དོན་ཏོ། །ཨགྣིཥྚོ་མ་ཡཱ་ཛཱི་སུ་ཏྲོ྅་སྱ་ཛ་ནི་ཏཱ། ཨགྣིཥྚོ་ལས་མཆོད་སྦྱིན་བྱས་ཟིན་ནོ་ཞེས་བྱེད་པ་ལ་ཡཛ་ལས་འདས་པ་ལའོ་ཞེས་པས་འདས་པའི་དུས་ལ་ཎི་ནིའོ། །ཛ་ནི་ཏཱ། ཞེས་པ་ཛ་ནི་ལས་འབྱུང་འགྱུར་གྱི་དུས་ལ་ཤྭསྟ་ནཱིའོ། ། དེ་ལ་འདས་པ་དང་འབྱུང་འགྱུར་དག་ཐ་དད་པ་ལས། ཡཱ་ཛཱི་དང་ཛ་ནི་ཏཱ། སྒྲ་དག་ཁྱད་པར་ཅན་གྱི་དངོས་པོ་མེད་པའི་ཕྱིར་ལེགས་པ་ཉིད་མིན་པ་ཐོབ་བོ། །དེ་ལ་འདིས་ལེགས་པ་ཉིད་བྱ་སྟེ། དེའང་ཅི་ལྟར་ཡིན་ན། ཨགྣིཥྚོ་མ་ཡཱ་ཛི་ཞེས་པ་འདི་ཁྱད་པར་ཡིན་ཏེ། གང་གི་ཚེ་རང་གི་དུས་ཡོངས་སུ་དོར་ནས། ཛ་ནི་ཏཱ་ཞེས་པ་འདིའི་དུས་འོག་ཏུ་དམིགས་པར་བྱེད་དོ། །དེས་ན་དོན་འདི་ཡིན་ཏེ། དེ་ལྟ་བུའི་རྣམ་པས་ཨ་སྱ་སུ་ཏྲོ་ཛ་ནི་ཏཱ། གང་གིས་ན། ཨགྣིཥྚོ་ལས་མཆོད་སྦྱིན་བྱས་ཟིན་པའི་རྒྱུ་ལས་སོ། །འོ་ན། ཛ་ནི་ཏཱ། ཞེས་པ་འདི་ཁྱད་པར་ཅན་ཡིན། ཡཱ་ཛཱི་ཞེས་པ་འདི་མ་ཡིན་པ་ནི་ཅི་ལས་ཤེ་ན། བརྗོད་པར་ བྱ་སྟེ་ཀུན་བཤད་པའི་ཚིག་ནི་ཁྱད་པར་ཅན་ཏེ་བྱ་བ་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཀྲྀཏའི་མཐའ་ཅན་ནི་ཁྱད་པར་ཏེ། ཀྲྀཏ་རྣམས་ནི་བྱེད་པ་པོ་ལ་བསྒྲུབས་པ་ཡིན་པའི་ཕྱིར་དང་བྱེད་པ་པོ་ཡང་བྱ་བའི་གཞན་དབང་ཉིད་ཀྱི་ཕྱིར་རོ། །ཀྲྀཏ་སྨོས་པར་བྱ་བ་ལ་རྐྱེན་གཟུང་བའི་སྐབས་གཞན་དུ་བྱས་པའི་རྐྱེན་ཡོངས་ 195-1-303b སུ་གཟུང་བའི་དོན་དུའོ། །དེས་ན་འདིར་ཡང་ལེགས་པ་ཉིད་དུ་འགྱུར་ཏེ། གོ་ཡཱ་ནཱ་སཱི་ཏྲ། གོ་མཱནྲ་བྷ་བི་ཏཱ། གོ་མཱན་ཞེས་ད་ལྟར་བའི་དུས་ལ་མཱནྟུའོ། །ཨཱ་སཱིཏ་ད་བྷ་བི་ཏཱ་ཞེས་པ་བྱུང་ཟིན་པ་དང་འབྱུང་འགྱུར་གྱི་དུས་ལའང་རྐྱེན་ནོ། །དེ་ལ། གོ་མཱན་ཞེས་པ་འདི་ཁྱད་པར་ཏེ་ད་ལྟར་བ་དོར་ནས་བྱུང་ཟིན་པ་དང་ འབྱུང་འགྱུར་གྱི་དུས་དག་ལ་བརྟེན་པའོ། །རྣམ་པ་དེ་བཞིན་དུ། དེ་བ་དཏྟ་ཨཱ་སཱིཏྲ་ཡ་སྱ་གཱ་བོ་བྷུ་ཏཱཿ། རྣམ་པ་དེ་བཞིན་དུ་ཡང་། ཡཛྙ་དཏྟོ་བྷ་བི་ཏཱ་ཡ་བྱ་གཱ་བོདྷ་བི་ཏཱ་རཿ། ཨ་ལཾ་ཁ་ལུ་དག་ལ་དགག་པ་ལ་ཀྟཱ་ཡང་ནའོ། །ཨ་ལཾ་དང་ཁ་ལུ་ཞེས་པ་འདི་དག་དགག་པའི་མཚན་ཉིད་ཅན་ཉེ་བའི་ཚིག་དག་ལ་ བྱིངས་ལས་ཀྟཱའི་རྐྱེན་ཡང་ན་འགྱུར་རོ། །ཨ་ལཾ་ཀྲྀ་ཏྭཱ། ཁ་ལུ་ཀྲྀ་ཏྭཱ། འདིར་བྱེད་པ་ཁྱད་པར་ཅན་ཏེ། ཕྱོགས་གཅིག་ལ། ཨ་ལཾ་ཀ་ར་ཎེ་ཎ། ཁ་ལུ་ཀ་ར་ཎེ་ན། འདིར་གསུམ་པས་རང་བཞིན་སོགས་ཉིད་ལས་སོ། །ཨ་ལཾ་དང་ཁ་ལུ་དག་ལ་ཞེས་པ་ཅི་ཞེ་ན། མཱ་ཀཪྵི། དགག་པ་དག་ལ་ཞེས་པ་ཅི་ ཞེ་ན། ཨ་ལཾ་ཀཱ་རཿ། ཁ་ལུ་ཀཱ་རཿ། འདིར་ཨ་ལཾ་དང་ཁ་ལུའི་སྒྲ་དང་རྒྱན་དང་ངེས་པའི་དོན་དག་བརྗོད་པའོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ། བྱེད་པ་པོ་གཅིག་སྟེ་མ་ཚང་བར་གྱུར་པའི་གོང་གི་དོན་དག་ལ་དེ་དག་ནི་བྱེད་པ་པོ་གཅིག་པ་དག་གོ། །སྔ་མ་ཡང་འདི་ཡིན་ལ་དུས་ཀྱང་ཡིན་པ་ནི་སྔ་མའི་ དུས་སོ། །བྱེད་པ་པོ་གཅིག་དག་གི་སྟེ་གང་བྱེད་པ་པོ་གཅིག་ཏུ་མཚུངས་པར་གྱུར་པའི་བྱིངས་གཉིས་དག་གི་ནང་ནས་སྔ་མའི་དུས་ལ་བསྒྲུབ་པར་བྱ་བ་གང་ཡིན་པའི་བྱིངས་ཀྱི་དོན་དེ་ལ་འཇུག་བཞིན་པའི་བྱིངས་ལས་ཀྟྭའི་རྐྱེན་འགྱུར་རོ། །སྣ་ཏྭད་ད་ཏི། པི་ཏྭ་ཤེ་ཏ། བྱེད་པ་པོ་གཅིག་དག་གི་ཞེས་པ་ཅི་ཞེ་ན། ག་ཏ་བ་ཏི་བ་ཏི་དེ་བ་དཏྟེ་བྲ་ཛ་ཏི་ཡ་ཛྙ་དཏྟཿ། ནིཥྛ་ཞེས་པས་ག་མི་ལ་ཀྟ་བནྟུའོ། །བན་ཏི་ཏ་ནོ་ཏི་སོགས་ཞེས་པས་ལྔ་པ་དབྱིའོ། །སྔ་མའི་དུས་ལ་ཞེས་པ་ཅི་ཞེ་ན། པ་ཙ་ཏི་ཙ། པ་ཐ་ཏི་ཙ། ཕ་རོལ་ཚུ་རོལ་སྦྱོར་བ་ལའང་ངོ་། །ཕ་རོལ་དང་ཚུ་རོལ་དེ་དག་ནི་ཕ་རོལ་ཚུ་རོལ་དག་གོ། །དེ་དག་སྦྱོར་བ་ནི་ཕ་རོལ་ཚུ་རོལ་སྦྱོར་ བའོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བར་གྱུར་པ་དང་། ཚུ་རོལ་གྱིའང་ཕ་རོལ་གྱི་སྦྱོར་བར་གྱུར་པའི་བྱིངས་ལས་ཀྟའི་རྐྱེན་འགྱུར་རོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བ་ལ། ཨ་ཏི་ཀྲ་མྱ་པརྦ་ཏཾ་ན་དཱི། ཚུ་རོལ་རི་བོས་ཕ་རོལ་ཆུ་ཀླུང་གི་སྦྱོར་བའོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བ་ལ་། ཨ་པྲ་སྱ་ན་ད་པརྦ་ཏཿ། ཕ་ 195-1-304a རོལ་ཆུ་བོས་ཚུ་རོལ་རི་བོའི་སྦྱོར་བའོ། །ཨཱཔླྀ་ཁྱབ་པ་ལའོ། །ནཉ་སྔོན་དུའོ། །ཡང་ཡང་ལ་ཎམྲ་ཡང་ན་སྟེ་ཚིག་གཉིས་དག་ཀྱང་ངོ་། །ལན་གཉིས་བརྗོད་པ་ནི་གཉིས་སོ། །བྱེད་པ་པོ་གཅིག་པ་དག་གི་བྱིངས་དོན་གཉིས་དག་གི་ནང་ནས་དུས་སྔ་མ་ལ་བསྒྲུབ་པར་བྱ་བའི་བྱིངས་དོན་ལ། ཡང་ཡང་གི་ཁྱད་པར་ལ་འཇུག་བཞིན་པའི་བྱིངས་ལས་ཀྟྭའི་རྐྱེན་འགྱུར་ཞིང་ཎམྲ་གྱི་རྐྱེན་འང་ངོ་། །ཀྟྭ་དང་ཎམའི་མཐའ་ཅན་ཡང་ཚིག་གཉིས་སུ་འགྱུར་རོ། །བྷུ་ཀྟྭ་བྷུ་ཀྟྭ་བྲ་ཛ་ཏི། བྷཾ་ཏྲཾ་བྷོ་ཛཾ་བྲ་ཛ་ཏི། པྲཱི་ཏྭ་སཱི་ཏ་ཤེ་ཏྲེ། པཱ་ཡཾ་པྲ་ཡཾ་ཤེ་ཏེ། ཡང་ཡང་ལ་ཞེས་པ་ཅི་ཞེ་ན། པཱི་ཏྭཱ་ཨཱ་ཡཱ་ཏི། འོན་ཀྟྭ་དང་ཎམའི་མཐའ་ ཅན་གྱི་སྒྲ་དག་གཉིས་བརྗོད་པ་མེད་པ་ལས། ཡང་ཡང་ལ་སོ་སོར་རྟོགས་པར་ནུས་པ་མེད་དོ་ཞེས་པའི་ཤུགས་ལས་ཡང་ཡང་ལ་དེའི་གཉིས་བརྗོད་པ་གྲུབ་པོ་ཞེས་པས་ཚིག་གཉིས་ཀྱང་ངོ་ཞེས་པ་འདི་ཅི་ཞེ་ན། དེ་ལྟར་ན་ཇི་ལྟར་མཐོང་བ་བཞིན་གཞན་ལ་ཡང་ཚིག་གཉིས་བརྗོད་པའི་དོན་དུ་ཚིག་གཉིས་ཀྱང་ཞེས་པ་འདིའོ། ། དེས་ན་ཁྱབ་པར་འདོད་པ་ལ་ཚིག་གཉིས་ཀྱིས་འགྱུར་ཏེ། གྲ་མོ་གྲ་མོར་མ་ཎཱི་ཡཿ། ཨུ་པ་རི་དང་ཨ་དྷི་དང་ཨ་དྷས་ཞེས་པ་འདི་རྣམས་ཉེ་བ་ལས་ཏེ། ཨུ་པ་རྱ་ས་རི་གྲ་མཾ། ཨ་དྷྱ་དྷི་གྲཱ་མཾ། ཨརྡོ་རྡོ་གྲ་མཾ། ཨུ་པ་རི་ལ་སོགས་པ་རྣམས་ལ་ཚིག་ལ་གཉིས་བྱས་པ་ན་གཉིས་པ་བཤད་པར་བྱའོ། །ཨུ་པ་རི་ཤ་རི་ སོ་གྷ་ཊ་དྷཾ་ར་ཡ་ཏི།ཞེས་པ་འདིར་ནི་གཉིས་ཀྱི་དངོས་པོར་མི་འགྱུར་ཏེ། ཉེ་བའི་བརྗོད་པར་འདོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །པ་རི་འདོར་བ་ལ་གཉིས་ཀྱི་དངོས་པོར་ཡང་ན་འགྱུར་ཏེ་ཚིག་སྡུད་མེད་པ་ལའོ། །སི་ར་སི་ར་ཏྲི་གརྟེ་བྷྱོ་བྲྀཥྚཿ། པྲ་རི་ཏྲི་གརྟེ་བྷྱོ་བྲྀཥྚིཿ། ཚིག་སྡུད་མེད་པ་ལ་ཞེས་པ་ཅི་ཞེ་ན། ས་རི་ ཏྲི་གརྟ་བྲྀཥྚཿ། པྲི་ར་ཏྲི་གརྟེ་བྷྱཿ། བ་རི་ཏྲི་གརྟ། ཞེས་པ་མི་ཟད་པར་གྱུར་པའོ། །དེ་ལྟར་གཞན་ལ་ཡང་སྦྱོར་བའི་རྗེས་སུ་འབྲངས་པས་གཉིས་ཀྱི་དངོས་པོ་ཤེས་པར་བྱའོ། །ལས་ལ་ཀྲྀཉ་ལས་ཁྲོས་ཚིག་ལ་ཁ་མུཉའོ། །ལས་ཉེ་བའི་ཚིག་ལ་ཀྲྀཉ་ལས་སྨོས་པ་རྟོགས་པར་བྱ་བཞིན་པ་ལ་ཁ་མུཉ་འགྱུར་རོ། ། ཙོ་རཾ་ཀཱར་མ་ཀྲོ་ཤ་ཏི། བྲྀཥ་ལ་ཀཱ་ར་མཱ་ཀྲོ་ཤ་ཏི། ཐུང་བ་དང་ཨ་ཏུ་ཥ་དག་གི་ཞེས་པས་ལ་ཨཱ་ག་མའོ། །བྱིངས་རྣམས་དུ་མ་ཅན་གྱི་ཉིད་ཀྱི་ཕྱིར་འདིར་ཀ་རོ་ཏི་བརྗོད་པ་ལ་འཇུག་སྟེ། དེས་ན། ཙཽ་རོ་སི་བྲྀ་ཥ་ལ་བི། ཞེས་པ་དེ་ལྟ་བུ་བརྗོད་པས་སྨོད་པར་བྱེད་དོ་ཞེས་པའི་དོན་ཏོ། །རོ་མྱང་བ་ལ་ཡང་ངོ་། རོ་མྱང་ 195-1-304b བ་ལ་ཞེས་པ་འདིར་རོ་མྱང་བའི་སྒྲའི་དོན་གཟུང་བར་བྱའོ། །རོ་མྱང་བའི་དོན་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཁ་མུཉ་འགྱུར་རོ། །སྭ་དུཾ་ཀཱ་རཾ་བྷ་ཀྟེ། པང་ཙཾ་ཀཱ་རཾ་བྷུཾ་ཀྟེ། ཡང་ན་ཞེས་པ་འཕེན་ཏེ་དེས་ན། སྭཱ་དུ་ཀྲྀ་ཏཱ་བྷུཾ་ཀྟེ། ཙིའི་ཡུལ་དང་བུད་མེད་ཀྱི་ཡུལ་ལའང་ཁ་མུཉ་མི་འདོད་དེ། སྟྭ་དཱ་ཀྲྀ་ཏྭ་ས་ཡོ་བྷུཾཀྟེ། སྭཱ་དྭཱི་ཀྲྀ་ཏྭ་ཡ་བཱ་གུ་བྷཾ་ཀྟེ། ཙཱི་ཕ་རོལ་ལ་ཙི་ལ་ཡང་ངོ་ཞེས་པའི་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་ཐུང་ངུའི་རིང་པོའོ། །ཨཱི་རྐྱེན་ཡང་སྟེ་ཨུཏ་མཐའ་ལས་ཡོན་ཏན་བརྗོད་པ་ལས་ཞེས་པ་འདིས་སོ། །ཨནྱ་ཐ་དད་ཨེ་བ་མ་དང་ཀ་ཐཾ་དང་ཨིཏྠཾ་རྣམས་ཉེ་བའི་ཚིག་ལ་ཀྲྀཏ་ལས་ཁ་མུཉ་བཤད་པར་བྱ་སྟེ། གལ་ ཏེ་ཀ་རོ་ཏི་དོན་མེད་པ་ཅན་གྱི་སྦྱོར་བ་ཡིན་པར་གྱུར་པ་ལའོ། །ཨནྱ་ཐཱ་ཀཱ་རཾ་བྷུཾཀྟེ། ཨེ་བ་ཀཱ་རཾ་བྷུཀྟེ། ཀ་ཾཐཾ་ཀཱ་རཾ་བྷུཀྟེ། ཨིཏྠ་ཀཱ་རཾ་བྷུཾཀྟེཿ། འདིར་ཐམས་ཅད་དུ་ཀ་རོ་ཏི་འབྲས་བུ་མེད་པའི་སྦྱོར་བའོ། །དེ་ལྟར་གྱུར་པའི་དོན་གང་ཡིན་པའི་དེ་རྟོགས་པར་བྱ་བ་ལ་དེ་ཡོད་པ་མ་ཡིན་ཡང་ཤེས་པར་བྱ་བ་ཉིད་དོ། ། དོན་མེད་པ་ཅན་གྱི་སྦྱོར་བ་ལ་ཞེས་པ་ཅི་ཞེ་ན། ཨ་ནྱ་ཐཱ་ཀྲྀ་ཏྭ་ཤི་རོ་བྷུཀྟེ། འདིར་དོན་དང་བཅས་པའི་ཀ་རོ་ཏིའི་སྦྱོར་བའོ། །ཡོད་པ་མ་ཡིན་པ་ལ་ནི་ཀ་རོ་ཏི་ལ་གོའི་ཟ་བ་བྱ་བ་ལ་ལས་ཉིད་དུ་འགྱུར་རོ། །མཐའ་དག་དྲྀཤ་ལས་ཎམའོ། །ལས་ལ་ཞེས་པ་ཁོ་ནའོ། །མཐའ་དག་གི་ཁྱད་པར་ཅན་གྱི་ལས་ཉེ་བའི་ ཚིག་ལ་དྲྀཤ་ལས་ཎམ་གྱི་རྐྱེན་འགྱུར་རོ། །ཀ་ནྱ་དཱཪྴཾ་བར་ཡ་ཏི། བུ་མོ་གང་དང་གང་མཐོང་བ་དེ་དང་དེ་གདམས་པར་བྱེད་དོ་ཞེས་པའི་དོན་ཏོ། བི་དི་ལས་ཀྱང་མཐའ་དག་ལ་ཎམ་བཤད་པར་བྱ་སྟེ། བྲཱཧྨ་ཎ་བེ་དཾ་བྷོ་ཛ་ཡ་ཏི། བྲམ་ཟེ་དག་དང་གང་ཤེས་པར་བྱེད་པའམ་ཐོབ་པའམ་རྣམ་པར་དཔྱོད་པར་ བྱེད་པ་དེ་དང་དེ་ཐམས་ཅད་ལོངས་སྤྱོད་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡོད་པའི་དོན་ཅན་གྱི་བི་དི་གཟུང་བར་མི་བྱ་སྟེ་ལས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡཱ་བཏ་ལ་བིནྡ་ཛྭི་བ་དག་གིའོ། །བིནྡ་ཏི་ལས་མུཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མ་བྱས་པའི་ཕྱོགས་གཅིག་པའི་བིནྡ་ཞེས་པ་རྗེས་སུ་མཐུན་པར་ བྱས་སོ། །ཡ་བཏ་ཀྱི་སྒྲ་ཉེ་བའི་ཚིག་ལ་བིདླྀ་ཐོབ་པ་ལའོ་ཞེས་པ་འདི་ལས་དང་ཛཱི་བ་ལས་ཀྱང་ཎམ་འགྱུར་རོ། །ཡཱ་བཏ་བེ་དཾ་བྷུཀྟེ། ཡཱ་བཏྲ་ཛི་བཾ་སཏྐ་རཾ་སཱུ་ཛ་ཡ་མི། ཙརྨ་ཨུ་ད་ར་དག་ལ་སུའི་རིའི་འོ། །ཙརྨ་དང་ཨུ་དར་དག་གི་ལས་ཉེ་བའི་ཚིག་ལ་སུ་རི་ཨིན་མཐའ་ཅན་ལས་ཎམ་འགྱུར་རོ། །ཙརྨ་ 195-1-305a པུ་རཾསྟྲྀ་ཎཱཏི། ཨུ་ད་ར་སུ་རཾ་བྷུཾཀྟེ། པུ་རིལ་རྒྱུའི་དོན་ལ་ཞེས་པས་ཨིན་མཐའོ། །ཆར་པའི་ཚད་ལ་སྟེ་ཨུ་དབྱི་བའང་ཡང་ནའོ། །ལས་ཉེ་བའི་ཚིག་ལ་པུ་རི་ལས་ཆར་པའི་ཚད་རྟོགས་པར་བྱ་བཞིན་པ་ལ་ཎམ་འགྱུར་ཏེ། དེའི་ཡང་ཡང་ན་ཨུ་དབྱིའོ། །གོཥྛ་པུ་རཾ་པྲྀཥྚ་ད་བཿ། གོཥྚ་ད་ པྲ་མ་བྲྀཥྚ་ནེས། གོས་དོན་ལ་ཀྣོ་པི་ལས་སོ། །གང་གི་དོན་གོས་ཡིན་པ་དེ་གོས་ཀྱི་དོན་ནོ། །གོས་ཀྱི་དོན་ལ་ལས་ཉེ་བའི་ཚིག་ལ་ཀྣུ་ཡི་སྒྲ་ལའོ་ཞེས་པ་ཨིན་མཐའ་ཅན་འདི་ལས་ཎམྲ་འགྱུར་ཏེ། གལ་ཏེ་ཆར་གྱི་ཚད་རྟོགས་པར་གྱུར་ནའོ། །ཙ་ལཀྣོ་པཾ་བྲྀཥྚཿ། བསྟྲ་ནོ་པཾ་བྲྀཥྚཿ། ཨརྟི་ཧྲཱི་ཙླཱི་རཱི་ ཀྣུ་ཡི་ཞེས་པ་འདིས་ས་ཀྣུ་ཡིའི་ཨིན་ཨ་པ་ཡིག་ཨཱ་ག་མའོ། ཡ་ཡིག་དབྱི་བ་དང་ཡོན་ཏན་ཡང་ངོ་། །གཱ་ཏྲ་དང་པུ་རུ་ཥ་དག་ལ་སྣ་ལས་སོ། གཱ་ཏྲ་དང་པུ་རུ་ཥ་དག་ལ་ལས་ཉེ་བའི་ཚིག་ལ་ཥྞ་གཙང་བ་ལའོ་ཞེས་པ་འདི་ལས་ཎམ་འགྱུར་ཏེ། གལ་ཏེ་ཆར་པའི་ཚད་གྱུར་པ་ནའོ། །གཱ་ཏྲ་སྣ་ཡཾ་བྲྀཥྚཿ། པུ་རུ་ཥ་སྣ་ཡཾ་བྲྀཥྚོ་ད་བཿ། ནི་མཱུ་ལ་ས་མཱུ་ལ་ངག་ལ་ཀ་ཥ་ལས་སོ། །ནི་མཱུ་ལ་དང་ས་མཱུ་ལ་དག་གི་ལས་ཉེ་བའི་ཚིག་ལ་ཀ་ཥ་ལས་ཎམ་གྱི་རྐྱེན་འགྱུར་རོ། །ནི་མཱུ་ལ་ཀ་ཥ་ཏི་ཞེས་པའི་དོན་ཏོ། །ས་མཱུ་ལ་ཀཱ་ཤཾ་ཀ་ཥ་ཏི། ཤུཥྐ་ཙུཪྞ་རུཀྵཾ་རྣམས་ལ་པི་ཥ་ལས་སོ། །ཤུཥྐ་དང་ཙཱུཪྞ་དང་རུཀྵྲ་རྣམས་ལ་ལས་ཉེ་བའི་ ཚིག་ལ་པི་ཥི་ལས་ཎམ་འགྱུར་རོ། །ཤུཥྐ་པེ་ཥཾ་སི་ནཥྚིཿ། ཙཱུརྞ་པེ་ཥཾ་སི་ནཥྚིཿ། རུཀྵ་པེ་ཥཾ་སི་ནཥྚིཿ། ཛཱི་བ་ལ་གྲ་ཧ་ལས་སོ། །ཛཱི་བའི་ལས་ཉེ་བའི་ཚིག་ལ་གྲ་ཧ་ལས་ཎམྲ་འགྱུར་རོ། །ཛཱི་བ་གྲ་ཧཾ་གྲྀཧྞ་ཏི། ཨ་ཀྲྀ་ཏ་དང་ས་མཱུ་ལ་དག་ལ་ཀྲིཉ་དང་ཧནྟི་ལས་སོ། །ཨ་ཀྲྀཏ་དང་ས་མཱུ་ལ་དག་ཉེ་བའི་ཚིག་ལ་ཀྲྀཉ་དང་ ཧནྟི་དག་ལས་ཎམ་བཤད་པར་བྱ་སྟེ། ཨ་ཀྲྀ་ཏ་ཀ་རཾ་ཀ་རོ་ཏི། ས་མཱུ་ལ་གྷཱ་ཏཾ་ཧནྟི། བྱེད་པ་ལ་ཧནྟི་ལས་སོ། །བྱེད་པ་ལ་ཉེ་བའི་ཚིག་ལ་ཧནྟི་ལས་ཎམ་འགྱུར། པཱ་ཎི་གྷྲཱ་ཏཾ་བྷཱུ་མིཾ་ཧནྟི། ལག་པ་དག་གིས་ས་གཞི་ལ་བསྣུན་ཏོ་ཞེས་པའི་དོན་ཏོ། །འཚེ་བའི་དོན་ལས་ལས་གཅིག་པ་ཅན་ལས་ཀྱང་ ཞེས་པས་གྲུབ་པ་ལ་བརྗོད་པ་ནི་མི་འཚེ་བའི་དོན་དུའོ། །གཤེར་བ་ལ་པིཥ་ལས་སོ། །གང་གིས་སྣུམ་པར་བྱེད་པ་དེ་ནི་གཤེར་བའོ། །བྱེད་པ་ལ་ཞེས་པ་ཁོ་ནའོ། །གཤེར་བ་བརྗོད་པའི་བྱེད་པ་ཉེ་བའི་ཚིག་ལ་པིཥ་ལས་ཎམྲ་འགྱུར་རོ། །ཏཻ་ལ་པེ་ཥཾ་ས་ནཥྚིཿ། ཏིལ་མར་གྱིས་སྣུམ་པར་བྱེད་དོ་ཞེས་པའི་ 195-1-305b དོན་ཏོ། །དེ་བཞིན་དུ། བྷྲྀ་ཏ་པེ་ཥཾ་སི་ནཥྚིཿ། ལག་པའི་དོན་ལ་གྲཧ་བརྟི་བྲྀཏ་རྣམས་ཀྱིའོ། གང་གི་དོན་ལག་པ་ཡིན་པ་དེ་ནི་ལག་པའི་དོན་ཏོ། །ལག་པའི་དོན་གྱི་བྱེད་པ་ཉེ་བའི་ཚིག་ལ་གྲ་ཧི་དང་བྲྀཏི་ཨིན་གྱི་མཐའ་ལས་དང་འབའ་ཞིག་པ་ལས་ཀྱང་ཎམ་འགྱུར་རོ། །ཧསྟ་གྲ་ཧཾ་གྲྀཧྞཱ་ཏི། ཀ་ར་གྲཧ་ གྲྀཧྞཱ་ཏི། པཱ་ཎི་གྲཾ་ཧ་གྲྀཧྞཱ་ཏི། ཧསྟ་བརྟྟི་བརྟྟ་ཡ་ཏི། པཱ་ཎི་བརྟཾ་ཀ་ར་བཪྟྟཾ། ཧསྟ་བརྟྟཾ་བརྟྟ་ཏེ། པཱ་ཎི་བརྟྟཾ། བྲྀཏི་ལས་ཨཱ་ཎཪྵ་ཀླག་གོ་ཞེས་གསུངས་སོ། །རང་གི་དོན་ལ་བུ་ཥ་ཡིའོ། །རང་གི་དོན་ནི་རང་དོན་ནོ། །རང་གི་དོན་རྗོད་པར་བྱེད་པ་ཉེ་བའི་ཚིག་ལ་བུ་ཥ་ལས་ཎམ་འགྱུར་རོ། །སྭ་པོ་ཥཾ་པུ་ ཥ་ཏི། གོ་པ་ཥཾ། པི་ཏྲྀ་པོ་ཥ། རཻ་པོ་ཥཾ། གཞི་ལ་བནྡྷའི་འོ། །གཞི་ཉེ་བའི་ཚིག་ལ་བནྡྷ་ཞེས་པའི་བྱིངས་འདི་ལས་ཎམ་འགྱུར་རོ། །ཙཀྲ་བནྡྷཾཧྣ་ཏི། ཙ་ཀྲེ་བདྷ་ཏི། འཁོར་ལོ་འཆིང་ངོ་ཞེས་པའི་དོན་ཏོ། །ཛཱི་བ་པུ་རུ་ཥ་དག་ལ་བྱེད་པ་པོ་དག་ལ་ན་ཤི་བ་ཧི་དག་ལས་སོ། །ཛཱི་བ་དང་པུ་རུ་ཥ་དག་བྱེད་ ལའོ། །བརྗོད་པ་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་ན་ཤི་དང་བ་ཧི་དག་ལས་ཎམ་འགྱུར་རོ། །ཛཱི་བ་ནཱ་ཤཾ་ན་ཤྱ་ཏེ། འཚོ་བ་ཟད་དོ་ཞེས་པའི་དོན་ཏོ། །པུ་རུ་ཥ་བ་ཧཾ་བ་ཧ་ཏི། སྐྱེས་བུ་ཐོབ་པར་བྱེད་དོ་ཞེས་པའི་དོན་ཏོ། །བྱེད་པ་པོ་དག་ལ་ཞེས་པ་ཅི་ཞེ་ན། ཛཱི་བེ་ན་ནཥྚཿ། པུ་རུ་ཥེ་ཎ་ཨཱུཌྷཿ། བ་ཧ་ལས་ཀྟའི་ རྐྱེན་ནོ། །སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ་ཞེས་སོགས་ཀྱི་ཌྷ་ཉིད་ལ་སོགས་པའོ། །ཨུརྡྷ་ལ་ཤུཥི་པཱུ་ར་དག་གིའོ། །བྱེད་པོ་སྨོས་པ་རྗེས་སུ་འཇུག་སྟེ། ཨཱུརྡྷའི་སྒྲ་བྱེད་པ་པོ་ཉེ་བའི་ཚིག་ལ་ཤུ་ཥི་དང་པཱུ་ར་དག་ལས་ཎམ་འགྱུར་རོ། །ཨུདྡྷ་ཤོཥཾ་ཤུ་ཥྱ་ཏི། སྟེང་སྐམས་ཞེས་པའི་དོན་ ཏོ། །ཨུདྡྷ་པཱུ་རཾ་པཱུརྱ་ཏེ། སྟེང་དུ་གང་ངོ་ཞེས་པའི་དོན་ཏོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨུརྡྷྷེཎ་ཤུཥྱ་ཏི། ཨུརྡྷྷེཎ་པཱུརྱ་ཏེ། ལས་ལའང་ཉེ་བར་འཇལ་བ་ལའོ། །བྱེད་པ་པོ་བརྗོད་པ་ཉེ་བར་འཇལ་བ་ཉེ་བའི་ཚིག་ལ་ལས་ལའང་བྱིངས་ལས་ཎམ་འགྱུར་རོ། །ཨ་ཛ་ཀ་ནཱ་ཤཾ་ནཥྚཿ། ཨ་ཛ་ཀ་ བཞིན་དུ་ཉམས་སོ་ཞེས་པའི་དོན་ཏོ། ལས་ལ། རཏྣ་ནི་དྷཱ་ཡཾ་ནི་ཧི་ཏཿ། རིན་པོ་ཆེ་བཞིན་དུ་སྦས་སོ་ཞེས་པའི་དོན་ཏོ། །ཌུ་དྷཉ་འཛིན། ནི་སྔོན་དུའོ། །ཉེ་བར་འཇལ་བ་ལ་ཞེས་པ་ཅི་ཞེ་ན། ཨ་ཛ་ཀོ་ནཥྚཿ། གྷྲྀ་ཏཾ་ནི་ཧི་ཏཾ། ད་དྷཱ་ཏིའི་ཧིའོ་ཞེས་པས་དྷཉའི་ཧིར་བསྒྱུར་རོ། །ཀཥ་ལ་སོགས་ 195-1-306a པ་རྣམས་ལ་དེ་རྣམས་ཉིད་ཀྱི་རྗེས་སུ་སྦྱོར་བའོ། ནི་མཱུ་ལ་ས་མཱུ་ལ་དག་ལ་ཀ་ཥ་ལས་སོ་ཞེས་པ་འདི་ནས་བརྩམས་པའི་བྱིངས་གང་ཡིན་པ་དེ་རྣམས་ཀ་ཥ་སོགས་རྣམས་སོ། །དེ་རྣམས་ལ་རྗེས་སུ་སྦྱོར་བ་ནི་ཕྱི་ནས་སྦྱོར་བ་ཀ་ཥ་སོགས་དེ་རྣམས་ཁོ་ནས་འགྱུར་རོ། །སྔ་མ་ཉིད་དཔེར་ བརྗོད་དོ། ཎམ་གྱི་མཐའི་སྒྲའི་དོན་གསལ་བར་བྱེད་པའི་དོན་དུ་རྗེས་སུ་སྦྱོར་བ་གདོན་མི་ཟ་བར་བྱའོ། །ཀ་ཥ་ལ་སོགས་པ་རྣམས་ཁོ་ནས་བྱ་བ་ཡོད་པའི་བྱ་བ་དེས་དོན་མཚུངས་པའི་བྱིངས་གཞན་རྣམས་ཀྱི་ཞེས་པའི་དོན་དུ་འདིའོ། །དེས་ན། ནི་མཱུ་ལ་ཀྲ་ཥཾ་ཧི་ན་སྟི། ཞེས་པ་ལ་ཀ་ཥི་ལས་དོན་མཚུངས་པའི་ཧེ་ སི་རྗེས་སུ་སྦྱར་བར་བྱའོ། །གསུམ་པ་ལ་ཨུ་པ་དཾ་ཤིའི་འོ། །གསུམ་པའི་མཐའ་ཉེ་བའི་ཚིག་ལ་ཨུ་པ་སྔོན་མ་ཅན་གྱི་དཾ་ཤི་ལས་ཎམྲ་འགྱུར་རོ། །མཱུ་ལ་ཀེ་ནོ་པ་དཾ་ཤཾ་བྷུཾཀྟེ། མཱུ་ལ་ཀོ་པ་དཾ་ཤཾ་བྷུཾཀྟེ། གསུམ་པ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པས་ཕྱོགས་གཅིག་ལ་ཉེ་བའི་ཚིག་གི་བསྡུ་བའོ། །ཡང་ན་ཞེས་པ་ འཇུག་སྟེ། དེས་ན། མཱུ་ལ་ཀ་ནོ་པ་དཾ་ཤྱ་བྷུཀྟེ། འཚེ་བའི་དོན་ལས་ཀྱང་ལས་གཅིག་པ་ཅན་ལས་སོ། ཚིག་གཉི་ག་ཡང་འབྲུ་མང་པོ་པའོ། །གསུམ་པའི་མཐའ་ཉེ་བའི་ཚིག་ལ་འཚེ་བའི་དོན་ཅན་གྱི་བྱིངས་ལས་རྗེས་སུ་སྦྱོར་བཞིན་པའི་བྱིངས་ཀྱི་ལས་གཅིག་པ་ཅན་ལས་ཎམ་འགྱུར་རོ། །དཎྜོ་པ་གྷཱ་ཏ་གཿ། ཀཱ་ལ་ཡ་ཏི། འདིར་བསྣུན་པའི་དང་བགྲང་བའི་ཚིག་ཀྱང་བ་ལང་རྣམས་སུ་ལས་གཅིག་པ་ཅན་ནོ། །དབྱུག་པས་ཉེ་བར་བསྣུན་ཅིང་སྐྱོན་བརྗོད་པའོ། །དེ་བཞིན་དུ། དཎྜ་ཏཱ་ཌ་མ་ཧི་ཥྭི་ག་མ་ཡ་ཏི། དབྱུག་པས་ཉེ་བར་བསྣུན་ཞེས་པའོ། །ལས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། དཎྜེ་ནཱ་ཧཏྱ་ཙོ་ར་གོ་པཱ་ ལ་ཀོ་གཱཿཀཱ་ལ་ཡ་ཏེ། འདིར་བསྣུན་པའི་ལས་ཆོམ་རྐུན་ཏེ་བགྲང་བའི་ལས་བ་ལང་ངོ་། །ཧནྟིའི་ཡས་ལ་ཡང་ངོ་ཞེས་པས་ལྔ་པ་ལ་དབྱིའོ། །བདུན་པ་ལའང་ཚད་དང་ཨཱ་སཱཏྟི་དག་ལའོ། །གསུམ་པའི་མཐའ་ཉེ་བའི་ཚིག་དང་བདུན་པ་སྟེ། བདུན་པའི་མཐའ་ལའང་བྱིངས་ལས་ཎམ་འགྱུར་ཏེ། ཚད་དང་ ཨཱ་སཏྟི་དག་རྟོགས་པར་བྱ་བཞིན་པ་ལའོ། ཚད་ནི་ཆུར་དང་སྲིད་དུའོ། །ཨཱ་སཏྟི་ནི་ཉེ་བའོ། །རེ་ཞིག་ཚད་ལ་དྭྱེད་གུ་ལོཏ་ཀཪྵ་མི་ཀྵཾ་ཙྪི་ནཏྟི། དྭྱངྐུ་ལེ་ནོཏ་ཀཪྵ། ཀྲྀ་ཥ་འབྲི་བ་ལའོ། །ཨུངྲ་སྔོན་དུའོ། །དྭྱ་གུཾ་ལོཏྐཪྵཾ། དྭྱ་གུ་ལེ་ཨུཏྐཪྵཾ། ཨཱ་སཏྟི་ལ་ཀེ་ཤ་གྲཱ་ཧཾ་ཡུ་དྷྱནྟེ། ཀེ་ཥཻརྒྲཱ་ཧཾ། ཀཻ་ཥེ་ཥ་གྲཱ་ཧཾ། 195-1-306b གསུམ་པ་དང་བདུན་པ་དག་ཉེ་བའི་ཚིག་ལ་ཨུ་པ་སྔོན་མ་ལས་པཱི་ཌ་དང་རུ་དྷི་དང་། ཀྲྀཥི་རྣམས་ལས་ཎམ་བཤད་པར་བྱ་སྟེ། གསུམ་པ་དང་བདུན་པ་དག་ལ་དེ་འདྲ་བས་ལས་གཅིག་གིས་དཔེར་བརྗོད་པ་ནི། སཱཪྵོས་པཱི་ཌཾ་ཤེ་ཏེ། པཱཪྴྭ་བྷྱཱཾ་ཨུ་པ་པཱི་ཌཾ། པཱཪྴྭ་ཡོ་རུ་པ་པཱི་ཌཾ། བྲ་ཛོ་པ་རོ་ངྷཾ་གཱཿསྠཱ་པ་ཡ་ཏི། པྲ་ཛེ་ནོ་པ་ རོ་དྷཾ།བྲ་ཛེ་ཨུ་པ་རོ་དྷཾ། པཱ་ཎྱུ་པ་ཀཪྵ་མ་དྷཱ་ནཱ་བྷ་ཀྵ་ཡ་ཏི། པཱ་ཎི་ནོ་པ་ཀཪྵ་མྲ། པཱ་ཎཱ་བུ་པ་ཀཪྵམྲ། ངེས་པར་ཀུན་སྦྱིན་པ་ལ་ཡོངས་སུ་འདོད་པ་ལའོ། །ངེས་པར་ཀུན་སྦྱིན་པ་ཉེ་བའི་ཚིག་ལ་བྱིངས་ལས་ཡོངས་སུ་འདོད་པ་རྟོགས་པར་བྱ་བཞིན་པ་ལ་ཎམ་འགྱུར་རོ། །ཡོངས་སུ་འདོད་པ་ནི་མགྱོགས་པའོ། །མལ་ ནས་ལངས་ནས་རྒྱུག་པར་བྱེད་པ་ནི། ཤཡྻ་ཡ་ཨུཏྠ་ཡཾ། ཥྛ་གནས་པ་ལའོ། ཨུཏ་སྔོན་དུའོ། །ཨུཏ་ལས་སྠ་སྟམྦྷ་དག་གི་སྔ་མའི་ཞེས་པའི་འཇིག་རྟེན་པའི་ཉེ་བར་སྤྱོད་པའི་སས་ཏིཥྛ་ཏིའི་ས་ཡིག་ཏ་ཡིག་གོ། །ཡོངས་སུ་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཡྻ་ཡ་དྷཱ་བ་ཏི། གཉིས་པ་ལའང་ངོ་། །གཉིས་ པའི་མཐའ་ཉེ་བའི་ཚིག་ལ་ཡོངས་སུ་འདོད་པ་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཎམྲ་འགྱུར་རོ། །ཡཥྚི་གྲ་ཧཾ་ཡུདྷྱནྟེ། ལོཥྚ་གྲ་ཧི་ཡུདྷྱནྟ། རང་གི་ཡན་ལག་ལ་མ་ངེས་པ་ལའོ། །ངེས་པ་མ་ཡིན་པའི་རང་གི་ཡན་ལག་ལ་གཉིས་པའི་མཐའ་ཉེ་བའི་ཚིག་ལ་བྱིངས་ལས་ཎམ་འགྱུར་རོ། །གང་ལ་ཡན་ལག་ བཅད་པ་སྲོག་ཆགས་འཆི་བ་མ་ཡིན་དེ་ངེས་པ་མ་ཡིན་པའོ། །ཨཀྵི་ཎ་ཀོ་ཙ་ཛལྤཏ། བྷཱུ་བིཀྵེ་པ་ཀ་ཐ་ཡ་ཏི། ཀུ་ཙུ་ཁ་ཟུམ་པ་ལའོ། །ཀྵི་པ་དེད་པ་ལའོ། །མ་ངེས་པ་ལ་ཞེས་པ་ཅི་ཞེ་ན། ཤིར་ཨུཏ་ཀྵེ་པྱ་ཡ་ཀ་ཐ་ཡ་ཏི། གལ་ཏེ་ད་ལྟར་ན་འདིར་ཐོབ་པ་མ་ཡིན་ཏེ། ཨུ་རཿཔྲ་པེ་ཥཾ་ཡུ་དྷྱནྟེ་ཞེ་ན། བདེན་ ཏེ་གཞན་དུ་ཡང་ངོ་ཞེས་པའི་ཚིག་ལས་འགྱུར་རོ། །ཁྱབ་པར་བྱ་བ་དང་ཀུན་དུ་བསྟེན་པ་དག་རྟོགས་པར་བྱ་བཞིན་པ་ལ་གཉིས་པའི་མཐའ་ཉེ་བའི་ཚིག་ལ། བི་ཤི་དང་བ་ཏི་དང་ས་དི་དང་སྐནྡ་རྣམས་ལ་ཎམ་བཤད་པར་བྱ་སྟེ། བི་ཤི་ལ་སོགས་པའི་བྱ་བ་རྣམས་ཀྱི་དངོས་པོ་མཐའ་དག་གི་དོན་དང་འབྲེལ་པ་ནི་ཁྱབ་ པའོ། །ཀུན་ནས་བསྟེན་པ་ནི་ཡང་ཡང་ངོ་། །བི་ཤི་ཁྱབ་པ་ལ། གེ་ཧཾ་གེ་ཧ་མ་ནུ་པྲ་བེ་ཤ་མཱ་སྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་ཏ་མཱ་སྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་ད་མཱ་སྟེ། གེ་ཧཾ་གེ་ཧ་མ་བ་སྐནྡ་མཱ་སྟེ། བསྟེན་པ་ལ། གེ་ཧ་མ་ནུ་པྲ་བེ་ཤ་མ་ནུ་པྲ་བེ་ཤ་མཱ་སྟེ། གེ་ཧ་མ་ནུ་པྲ་པཱ་ཏ་མ་ནུ་པྲ་པཱ་ཏ་མཱ་སྟེ། གེ་ཧཾ་མ་ནུ་པྲ་པཱ་ད་ 195-1-307a མ་པྲ་ད་མཱ་སྟེ། གེ་ཧམ་བསྐནྡ་མ་བསྐནྡ་མཱ་སྟེ། ཁྱབ་པ་དང་ཀུན་དུ་བསྟེན་པ་གཉིས་བརྗོད་པ་མེད་པར་སོ་སོར་རྟོག་པར་ནུས་པ་མ་ཡིན་ནོ་ཞེས་གཉིས་བརྗོད་པ་བྱས་སོ། །དེ་ལ་ཁྱབ་པ་ལ་རྫས་བརྗོད་པའི་གེ་ཧམའི་གཉིས་བརྗོད་དོ། །རྫས་དང་ལྷན་ཅིག་པའི་སྲིད་ཀྱི་བྱ་བའི་མ་ ཡིན་ཏེ། ཚུལ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་བསྟེན་པ་ལ་ནི་བྱ་བ་བརྗོད་པའི་ཨ་ནུ་པྲ་བེ་ཤ་སོགས་རྣམས་གཉིས་བརྗོད་དོ། །བྱ་བ་དང་ལྷན་ཅིག་པའི་སྲིད་ཀྱི་རྫས་ཀྱི་ཚུལ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་གསུམ་པ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པས། ཕྱོགས་གཅིག་ལ་ཚིག་ སྡུད་པ་དེའི་ཚེ་ནི་དེ་ཉིད་ཀྱིས་ཁྱབ་པ་དང་ཀུན་དུ་བསྟེན་པ་དག་བརྗོད་པ་ཉིད་ཀྱི་ཕྱིར་གཉིས་བརྗོད་པར་མི་འགྱུར་ཏེ། གེ་ཧཱ་ནུ་པྲ་བེ་ཤཾ་ཨཱསྟེ། འོ་ན་ཚིག་བསྡུས་པ་ཁྱབ་པ་དང་བསྟེན་པ་དག་འཆད་པའི་ཆེད་དུ་ཇི་ལྟར་ཡིན་ཞེ་ན། མངོན་པར་བརྗོད་པའི་ནུས་པའི་རང་བཞིན་ལས་སོ། །དུས་རྣམས་ལ་དྲྀ་ ཥ་ཨས་སུ་དག་གི་བྱ་བའི་བར་ལའོ། །བྱ་བ་གཞན་བྱེད་དོ། །བྱ་བའི་བར་གྱི་དུས་བརྗོད་པ་ལ་གཉིས་པའི་མཐའ་ཉེ་བའི་ཚིག་རྣམས་ལ་བྱ་བའི་བར་ཏེ་བྱ་བ་ཆོད་པ་ལ་བྱིངས་ཀྱི་དོན་ལ་འཇུག་བཞིན་པ་ལས། ཏྲྀཥི་དང་ཨ་སྱ་ཏི་དག་ལས་ཎམ་འགྱུར་རོ། །དྭ་ཧཾ་ཏཪྵཾ་གཱཿཔཱ་པ་ཡ་ཏི། དྭ་ཧཾ་ཏཪྵཾ། འདིར་ སྐོམ་པས་འཐུང་བའི་བྱ་བ་ཆོད་པ་ཉིད་དོ། །དྭྱ་ཧ་ཏྱཾ་ས་གཱཿཔ་པ་ཡ་ཏི། དྭ་ཧ་མ་ཏྱ་སཾ། འདིར་ཡང་ཨ་ཏི་ཨ་པ་ན་ལ་འཐུང་བའི་བྱ་བས་ཆོད་པའོ། །བྱ་བའི་བར་ལ་ཞེས་པ་ཅི་ཞེ་ན། ཨ་ཧར་རྱ་བྱེ་ཥུན་ག་ཏཿ། འདིར་ཨ་རྱ་པ་ནས་ག་ཏ་ལ་མ་ཆོད་པའོ། །དུས་རྣམས་ལ་ཞེས་པ་ཅི་ཞེ་ན། ཡོ་ཛ་ན་མ་ ཏྱ་པྱ་གཱཿཔ་ཡ་པ་ཏི། ནཱ་མི་ན་ལ་ཨཱ་དི་ཤི་གྲ་ཧ་དག་གིའོ། །ན་མི་ནའི་སྒྲ་གཉིས་པའི་མཐའ་ཉེ་བའི་ཚིག་ཨཱང་སྔོན་མའི་དི་ཤི་དང་གྲ་ཧ་ལས་ཀྱང་ཎམ་འགྱུར་རོ། །ནཱ་མཱ་ནྱེ་དེ་ཤ་མཱ་ཧྭ་ཡ་ཏི། ནཱ་མཱ་གྲ་ཧ་མཱ་ཧྭ་ཡ་ཏི། ནཱ་མཱ་ནི་གྲཱ་ཧཾ། མི་ཟད་པ་ལ་ཀྲྀཉ་ལས་ཇི་ལྟར་འདོད་པ་བཤད་པ་མིན་པ་ལ་ཀྟའང་ངོ། ། གང་འདོད་པ་ནི་ཇི་ལྟར་འདོད་པའོ། །མི་ཟད་པར་གྱུར་པ་འདོད་པ་ལའོ། །ཇི་ལྟར་འདོད་པར་བཤད་པའོ། །དེ་ནས་དགག་པའི་བསྡུ་བའོ། །མི་ཟད་པ་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཎམ་འགྱུར་ཏེ། ཀྟ་འང་ངོ་། །མངོན་པར་འདོད་པ་བཤད་པ་མིན་པ་རྟོགས་པར་བྱ་བཞིན་པ་ནའོ། །བྲམ་ཟེའི་བུ་མོ་ཁྱོད་སྦྲུམ་ 195-1-307b མམ་ཞེས། ཀཤྩི་ཨུཙྪཻ་ཀཱ་རཾ་ཨཱ་ཙཥྚེ། ཨཙྪཻཿཀྲྀ་ཏྭ། ཨུ་ཙྪཻཿཀྲྀ་ཏྱ། ཇི་ལྟར་འདོད་པར་བཤད་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། བྲཧྨ་ཎ་སུ་ཏྲ་སྟེ་ཛ། ཏ་ཨི་ཏི་ཀཤྩིཏ། ཨུཙྪཿཀྲྀ་ཏྭཱ་ཨཱ་ཙཥྚེ། བྱེད་པ་པོ་གཅིག་པ་དག་ལ་ཞེས་པས་འདིར་ཀྟཱའོ། །གལ་ཏེ་འདིས་ཀྟའི་རྐྱེན་གྱུར་པ་ན་གསུམ་པ་སོགས་ རྣམས་ཀྱི་ཡང་ནའོ་ཞེས་པས་ཚིག་སྡུད་པ་རྣམ་པར་བརྟག་པར་འགྱུར་རོ། །རང་གི་ཡན་ལག་ལ་ཏས་ལའོ། །ཀྟྭཱ་དང་ཎམྲ་དག་འཇུག་སྟེ། ཏས་ཀྱི་རྐྱེན་གྱི་མཐའ་ལ་རང་གི་ཡན་ལག་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཀྟ་དང་ཎམ་དག་འགྱུར་རོ། །མུ་ཁ་ཏཿཀྲྀ་ཏྭཱ། མུ་ཁ་ཏཿཀྲྀ་ཏྱ། མུ་ཁ་ཏཿཀཱ་རཾ། གདོང་ པ་ལ་ཏས་ཞེས་སོགས་ཉིད་ཀྱིས་ཏས་སོ། །རང་གི་ཡན་ལག་ལ་ཞེས་པ་ཅི་ཞེ་ན། སརྦ་ཏཿཀྲྀ་ཏྭཱ། ཏས་ལ་ཞེས་པ་ཅི་ཞེ་ན། མུ་ཁེ་ཀྲྀ་ཏྭཱ། ཏས་ཀྱི་རྐྱེན་སྨོས་པས་མི་ཟད་པ་གཟུང་སྟེ། ཏས་ཁྱད་པར་ཉིད་ཀྱི་ཕྱིར་རོ། །རྐྱེན་གྱི་ཏས་མ་གཏོགས་པའི་ཏས་གཞན་གྱི་མི་ ཟད་པ་ཉིད་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། མུ་ཁ་ཏཿཀྲྀ་ཏྭཱ་ག་ཏཿ། ཏས་སུ་ཉེ་བར་ཟད་པ་ལའོ་ཞེས་པ་འདི་ལས་ཀྭི་པའོ། །ཏིརྱ་ཀྲ། ཉེ་བའི་ཚིག་ལ་ཡོངས་སུ་རྫོགས་པ་རྟོགས་པར་བྱ་བཞིན་པ་ལ་ཀྲྀཉ་ལས་ཀྟཱ་དང་ཎམ་བཤད་པར་བྱ་སྟེ། ཏཱིརྱ་ཀ་ཀྲྀ་ཏྭཱ། ཏིརྱཀ་ཀྲྀ་ཏྭཱ། ཏིརྱཀ་ཀཱ་རཾ། རྫོགས་ པ་རྟོགས་སོ་ཞེས་པའི་དོན་ཏོ། །རྫོགས་པ་ལ་ཞེས་པ་ཅི་ཞེ་ན། ཏིརྱ་ཀཀྲྀ་ཏྭཱ་ལ་ཏཱཾ་ག་ཏཱཾ་ག་ཏཿ། ཏུཥྞི་མཱ་ཞེས་པ་ལའང་བྷཱུ་ལས་སོ། །ཏུཥྞི་ཞེས་པ་བདུན་པ་ཕྱིས་པ་ཅན་ནོ། །ཏུཥྞིམ་གྱི་སྒྲ་ཉེ་བའི་ཚིག་ལ་བྷ་བ་ཏི་ལས་ཀྟྭ་དང་ཎམྲ་དག་འགྱུར་རོ། །ཏུཥྞིཾ་ཏྭི་བྷུ་དྷཱ་ཏིཥྛ་ཏི་ཏུཥྞི་མ་བྷུ་ཡ། ཏུཥྞི་བྷཱ་བཾ། རང་གི་ཡན་ལག་ ལ་ཏས་ལའོ་ཞེས་པ་འགའ་ཞིག་ཏུ་འཇུག་སྟེ། དེས་ན། མུ་ཁ་ཏོ་བྷུ་ཏྭཱ། མུ་ཁ་ཏོ་བྷུ་ཡ། མུ་ཁ་ཏོ་བྷཱ་བཾ། ཞེས་པའི་སྒྲ་ཚིག་གཞན་ཉེ་བ་ལ་ཡང་ཀྟྭ་དང་ཎམ་དག་འཇུག་གོ་ཞེས་པའི་དོན་དུའོ། །དེས་ན། ནཱ་ནཱ་བྷུ་ཡ། ནཱ་ནཱ་བྷུ་ཡ། ནཱ་ནཱ་བྷཱ་བ། བི་ནཱ་བྷུ་ཏྭཱ། བི་ནཱ་བྷུ་ཡ། བི་ན་བྷཱ་བཾ། དྭ་དྷཱི་བྷུ་ཏ། དྭ་དྷཱི་བྷུ་ཡ། དྭ་དྷཱི་བྷཱ་བཾ། དྭཻ་དྷི་བྷ་ཏྭཱ། དྭཻ་དྷི་བྷཾ་ཡ། དྭཻ་དྷཾ་བྷུ་བཾ། འདི་རྣམས་ཉེ་བའི་ཚིག་ལས་ཀྲྀཏ་ལས་ཀྱང་། ཀྟྭཱ་དང་ཎམ་དག་བལྟ་བར་བྱ་སྟེ། ནཱ་ནཱ་ཀྲྀ་ཏྭཱ་ནཱ་ནཱ་ཀྲྀ་ཏྱ། ནཱ་ནཱ་ཀ་རཾ། ཞེས་པ་ལ་སོགས་པ་དཔེར་བརྗོད་པར་བྱའོ། །ཡོད་པའི་དོན་རྣམས་དང་། ཤཀ་དྷྲྀཥ་ཛྙ་གླཱགྷ་ཌ་ར་བྷ་ལ་བྷ་ཀྲ་མ་ས་ཧ་ཨདྷ་རྣམས་ལ་ཏུ་མའོ། ། 195-1-308a གང་རྣམས་ལ་དོན་ཡོད་པ་དེ་ནི་ཡོད་པའི་དོན་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཤཀ་དང་དྷྲྀཥ་དང་ཛྙ་དང་གླ་དང་གྷཌ་དང་ར་བྷ་དང་ལ་བྷ་དང་ཀྲ་མ་དང་ས་ཧ་དང་། ཨ་དྷ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལའང་བྱིངས་ལས་ཏུམ་འགྱུར་ཞིང་ཡོད་པའི་དོན་རྣམས་ཏེ། ཡོད་བཞིན་པའི་དོན་ རྣམས་ལའང་ངོ་། །ཤཀྣོ་ཏི་བྷོ་ཀྟུཾ། ཌྷ྄ྀཥྞ་ཏི་བྷིཀྟུ། ཛཱ་ནཱ་ཏི་བྷོ་ཀྟུཾ། གླཱ་ཡ་ཏི་བྷོ་ཀྟུཾ། གྷ་ཌ་ཏེ་བྷོ་ཀྟུཾ། ཨཱ་ར་བྷ་ཏེ་བྷོ་ཀྟུཾ། ཨཱ་ལ་བྷ་ཏེ་བྷོ་ཀྟུཾ། པྲ་ཀྲ་མ་ཏེ་བྷོ་ཀྟུཾ། ཨུཏྤ་ཧ་ཏ་བྷོ་ཀྟུཾ། ཨདྷ་ཏེ་བྷོ་ཀྟུཾ། ཨསྟི་བྷོ་ཀྟུཾ། བྷ་བ་ཏི་བྷོ་ཀྟུཾ། བིརྱ་ཏེ་བྷོ་ཀྟུཾ། བུཎ་ཏུམ་དག་གོ་ཞེས་པས་གྲུབ་པ་ལ་སྦྱོར་བ་བརྩམས་ པ་ནི། བུ་ཎ་མི་འཇུག་པའི་དོན་དུའོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་སོ། །ཀྲྀཏ་གང་ཡིན་པ་དེ་རྣམས་བྱེད་པ་པོ་འགྱུར་རོ། །རང་གི་དོན་ལ་མི་འཇུག་པའི་དོན་དུ་སྦྱོར་བ་བརྩམས་པ་སྟེ། དོན་ངེས་པ་བསྟེན་པ་མེད་པའི་རྐྱེན་རྣམས་རང་གི་དོན་ལ་འགྱུར་རོ་ཞེས་པའི་ཚིག་ལས་རང་གི་དོན་ལ་ནི་ཀྲྀཏ་རྣམས་འགྱུར་ བས་སོ། །ཀཱ་ར་ཀཿ། ཀཪྟ། ཀུཾ་བྷ་ཀ་རཿ། རྐྱེན་གང་རྣམས་ཀྱི་དོན་བསྟན་པ་མེད་པ་དེ་རྣམས་ཀྱི་དོན་འདིས་བསྒྲུབ་པར་བྱའི་གང་རྣམས་དོན་སོ་སོར་ངེས་པ་ཐོབ་འདོད་པ་རྣམས་ནི་མ་ཡིན་ཏེ། དེས་ན། ནགྣ་པ་ལི་ཏ་པྲྀ་ཡ་ཞེས་ཁུཊ་འདི་བྱེད་པ་ལ་བྱས་པ་བྱེད་པ་པོ་ལ་མི་འགྱུར་རོ། །དངོས་པོ་དང་ལས་དག་ ལ་ཀྲྀཏྱ་ཀྟ་ཁལའི་དོན་རྣམས་སོ། །གང་གི་དོན་དེ་ཡུལ་ཁལ་ལྟ་བུ་ཡིན་པ་དེ་ནི་ཁལའི་དོན་ནོ། །དངོས་པོ་དང་ལས་ཀྱི་དོན་ལའང་ཀྲྀཏྱ་དང་ཀྟ་དང་ཁལའི་དོན་རྣམས་འགྱུར་རོ། །བྱེད་པ་པོ་ལ་ཐོབ་པ་ལའོ། །དོན་སྨོས་པ་ནི་ཁལ་དང་ལྷན་ཅིག་སྤྱོད་པའི་ཡུལ་དེ་གཟུང་བའི་དོན་དུའོ། །དངོས་པོ་ལ་ཀྲྀཏྱ་རྣམས་ནི། ཨཱ་སིཏ་བྱཾ་བྷ་བ་ཏཱ། ཤ་ཡ་ནཱི་ཡཾ་བྷ་བ་ཏ། ལས་ལ། ཀརྟ་པྱ། ཀ་ཊོ་བྷ་བ་ཏཱ། བྷོ་ཛྱཿ། ཨོ་ད་ནོ་བྷ་བ་ཏཱ། དངོས་པོ་ལ་ཀྟ་ནི། ཨཱ་སེ་ཏཾ་བྷ་བ་ཏཱ། ལས་ལ་ཀྟ་ནི། ཀྲྀ་ཏཿ། ཀ་ཊོ་བྷ་བ་ཏཱ། དངོས་པོ་ལ་ཁལ་ནི། ཨཱི་ཥ་ད་ཌྷྱ་བྷ་བཾ་བྷ་བ་ཏཱ། ཕྱུག་པོ་མ་ཡིན་པ་སླ་བས་ཕྱུག་པོར་འབྱུང་ངོ་ཞེས་བྱེད་པ་པོ་ དང་ལས་དག་ལའང་བྷུ་ཀྲྀཉ་དག་གི་ཞེས་པས་ཁལའོ། །ལས་ལ་ཁལྲ་ནི། ཨཱི་ཥཏྐྲི་ཏཿཀ་ཊོ་བྷ་བ་ཏཱ། སླ་བས་བྱའོ་ཞེས། ཨཱི་ཥད་དུ་ཐར་སུ་རྣམས་ལའོ་ཞེས་པས་ཁལྲའོ། །དངོས་པོ་ལ་ཡུ་ནི། ཨཱི་ཥཏསྠཱ་ནཾ་བྷ་བ་ཏྭཱ། བདེ་བར་གནས་སོ་ཞེས་པའོ། །ཨཱ་ཏ་རྣམས་ལ་ད་རི་དྲ་ཏཱི་མིན་པ་ལས་ཡུ་ 195-1-308b ཞེས་པས་ཡུའོ། །ལས་ལ་ཡུ་ནི། ཨཱི་ཥདྡཱ་ནོ་གཽ་ར་བྷ་བ་ཏཱ། བདེ་བས་སྦྱིན་པར་བྱའོ་ཞེས་སྔ་མ་བཞིན་དུ་ཡུའོ། །དང་པོའི་ལས་ལས་ལ་བྱེད་པ་པོ་ལའང་ཀྟའོ། །དང་པོ་བྱུང་བའི་བྱ་བའི་སྐད་ཅིག་ནི་དང་པོའི་ལས་སོ། །དེ་ལ་ཀྟའི་རྐྱེན་བྱས་པ་གང་ཡིན་པ་དེ་བྱེད་པ་པོ་ལ་འགྱུར་རོ། །འང་གི་སྒྲ་ལས་ཇི་ ལྟར་ཐོབ་པ་བཞིན་འང་ངོ་། །ཅི་ཞེ་ན། སླར་ཡང་དང་པོའི་ལས་ལ་ཀྟ་བྱས་པས་དང་པོའི་ལས་འགྱུར་བར་གྱུར་པ་ནིཥྛའོ་ཞེས་པ་འདི་ཉིད་ཀྱིས་སོ། །བྱེད་པ་པོ་ལ། པྲ་ཀྲྀ་ཏ་ཀ་ཊཾ་ད་བ་དཏྟཿ། བྱེད་འདོད་དང་པོར་འཇུག་ཅེས་པའི་དོན་ཏོ། །དངོས་པོ་ལ། པྲ་ཀྲཾ་ཏཾ་ཀ་ཊོ་དེ་བཏྟེན། ལས་ལ། པྲ་ཀྲྀཏ། ག་ཊོ་དེ་བ་དཏྟེ་ན། བྱེད་འདོད་དང་པོར་འཇུག་གོ་ཞེས་པའི་དོན་ཏོ། །པྲའི་སྒྲ་ནི་དང་པོའི་ལས་གསལ་བར་བྱེད་པའོ། །འགྲོ་བའི་དོན་དང་ལས་མེད་པ་དང་། ཨཱ་ཤླིཥ་ཤིང་སྠཱ་ཨཱས་པས་ཛ་ན་རུ་ཧ་ཛིཪྻཏི་རྣམས་ཀྱང་ངོ་། །གང་རྣམས་ཀྱི་དོན་འགྲོ་བ་ཡིན་པ་དེ་རྣམས་ནི་འགྲོ་བའི་དོན་ཏོ། །གང་རྣམས་ཀྱི་ལས་ ཡོད་པ་མ་ཡིན་པ་དེ་རྣམས་ནི་ལས་མེད་པའོ། །དེ་ནས་ཟླས་དབྱེ་བའོ། །འགྲོ་བའི་དོན་རྣམས་དང་ལས་མེད་པ་རྣམས་དང་། ཨཱང་སྔོན་མ་ཅན་གྱི་ཤླིཥ་དང་། ཤིང་དང་། སྠཱ་དང་། ཨཱས་དང་། བས་དང་། ཛན་རུ་ཧ་དང་། ཛཱིཪྻ་ཏི་ཞེས་པ་འདི་རྣམས་ཀྱང་ཀྟའི་རྐྱེན་གང་ཡིན་པ་དེ་བྱེད་པ་པོ་ལ་འགྱུར་རོ། ། ཀྱང་གི་སྒྲ་ལས་ཇི་ལྟར་ཐོབ་པ་བཞིན་ཡང་ངོ་། །བྱེད་པ་པོ་ལ། ག་ཏོ་གྲ་མཾ་ད་བ་དཏྟཿ། དངོས་པོ་ལ། ག་ཏེ་ན་དེ་བ་དཏྟེ་ན། ལས་ལ། ག་ཏོ་གྲཱ་མོད་བ་དཏྟེ་ན། ལས་མེད་རྣམས་ལས། གླ་ནོ་བྷ་བཱན། ཨཱཏ་ལས་མཐར་གནས་བརྩེགས་པའོ་ཞེས་པས་ན་ཉིད་ཀྱི་དངོས་པོའོ། །གླ་ནཾ་བྷ་བ་ཏཱ། ཨཱ་ཤླི་ཥ་ལ། ཨུ་པཱ་ཤླིཥྚོ་གུ་རུ་བྷ་བཱ་ན། ཨཱ་ཤླིཥྚོ་གུ་རུ་རྦྷ་བ་ཏཱ། ཤིང་ལ། ཨ་ཏི་ཤ་ཡ་ཏི་གུ་རུཾ་བྷ་བཱན། ཨ་ཏི་ཤ་ཡི་ཏོ་གུ་རུ་རྦྷ་བ་ཏཱ། ཤིང་དང་པུང་ཞེས་པས་ཡོན་ཏན་ནོ། །སྠ་ལ། ཨུ་པ་སྠི་ཏོ་གོ་རུཾ་བྷ་བ་ཏཱ། ཨ་ཏི་ཤ་ཡི་ཏོ་གུརྦྷཱ་བཱན། ཤཱིང་པུང་ཞེས་པས་ཡོན་ཏན་ནོ། །ཨུ་པ་སྠི་ཏོ་གུ་རུ་རྦྷ་བཱན། དྱ་ཏི་དང་བྱད་ ཅེས་པས་ཨ་ཉིད་དོ། །ཨཱ་ཡ་ལ། ཨུ་པ་སི་ཏོ་གུ་རུཾ་བྷ་བཱན། ཨུ་པཱ་སི་ཏོ་གཱ་རུརྦྷ་བ་ཏཱ། ཨས་ཉེ་བར་སྡོད་པ་ལའོ། བས་ངེས་པར་གནས་པ་ལའོ། །ཨ་ནུ་ཥི་ཏོ་གུ་རུ་བྷ་བཱན། ཨ་ནུ་ཥི་ཏོ་གུ་རུ་རྦྷ་བ་ཏཱ། སྭ་པི་བི་ཙ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ནིཥྛཱ་ལ་ཡང་ངོ་ཞེས་པས་ཨིཌའོ། །ཛན་ལ། ཨ་ནུ་ཛཱ་ 195-1-309a ཏོ་མཱ་ཎ་བ་ཀོ་མཱ་ཎ་བི་ཀཱ། ཨ་ནུ་ཛཱ་ཏཱ་མཱ་ཎ་བི་ཀཱ་མ་ཎ་བ་ཀེ་ན། ཌྷུཊ་ལི་ཁ་ན་ས་ནི་ཛ་ནི་རྣམས་ཀྱི་ཞེས་པས་ཨཱ་ཉིད་དོ། །རུ་ཧ་རབ་ཏུ་སྐྱ་བ་ལའོ། །ཨཱ་རཱུ་ཌྷྀ་བྲྀ་ཀྵཾ་བྷ་བཱནྲ། ཨཱ་རཱུ་ཌྷོ་བྲྀཀྵོ་བྷ་བ་ཏཱ། ཧའི་ཌྷའོ་ཞེས་སོགས་ཀྱི་ས་ཌྷ་ཉིད་སོགས་བྱའོ། །ཛིདྻ་ཏི་ལ། ཨ་ནུ་ཛཱི་ཪྞོ་བྲྀཥ་ལཱི་དེ་བ་ད་ཏཿ། ཨ་ནུ་ཛཱིཪྞོ་བྲྀཥ་ལི་དེ་བ་དཏྟེ་ན། རཱྀཏ་མཐའི་ཨིརའོ། །ར་ལ་ནིཥྛཱའི་ཞེས་པས་ན་ཉིད་དོ། །ཤྲྀ་ཨུ་ཡིག་ཅེས་པས་ཨིཊ་མེད་དོ། །ལས་མེད་པའི་ཡང་བྱིངས་རྣམས་ཉེར་བསྒྱུར་དང་བཅས་པ་རྣམས་ལས་དང་བཅས་པར་འགྱུར་རོ་ཞེས་པས་ལས་མེད་པ་སྨོས་པས། ཤླིཥ་སོགས་རྣམས་འགྲུབ་པ་མ་ཡིན་ནོ་ཞེས་ ཤླིཥ་ལོགས་སུ་སྨོས་སོ། །དཱས་གོ་གྷ་དག་ཡང་དག་པར་རབ་ཏུ་སྦྱིན་པ་ལའོ། །འདི་དག་རབ་ཏུ་སྦྱིན་པ་ལ་ཚིག་ཕྲད་དོ། །གང་གི་ཆེད་དུ་འབངས་བྱ་བ་དེ། དཱསཿ། དཱ་སྲི་སྦྱིན་པ་ལའོ། །པ་ཙ་སོགས་ཉིད་ལས་ཨཙའོ། །གང་འོངས་པའི་ཆེད་དུ་བ་ལང་འཇོམས་པར་བྱེད་པ། དེ་གོ་གྷྲཱཿཨ་ཏི་ཐིཿ། གོ་སྔ་མ་ ལས། ཧནྟི་ལས། ཊཀ་ཚིག་ཕྲད་དེ། གམ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའི་ཞེས་པའི་གྷ་ཡིག་གོ། །ཨ་ཏི་ཐིཿ། མཆོད་པར་འོས་པ་བརྗོད་པའོ། །ཚིག་ཕྲད་ཀྱི་ཤུགས་ལས་གཞན་མ་ཡིན་ནོ། །བྷཱི་མ་སོགས་རྣམས་ངེས་པར་ཀུན་སྦྱིན་པ་ལའོ། །ངེས་པར་ཀུན་སྦྱིན་པ་ལ་བྷཱི་མ་ སོགས་པ་རྣམས་ཀྱི་སྒྲ་རྣམས་ཚིག་ཕྲད་དོ། །ཀྲྀཏ་ཉིད་ཀྱི་ཕྱིར་བྱེད་པ་པོ་ལ་ཐོབ་པ་ལའོ། །བྷཱི་མཿ། བྷཱིཥྨཿ། འདི་ལས་འཇིག་པར་བྱེད་དོ་ཞེས་མ་ཀའོ། །ཥུ་ཨཱ་ཀ་མ་ཡང་ནའོ། །བྷ་ཡཱ་ན་ཀཱ། འདི་ལས་འཇིགས་སོ་ཞེས་ཨཱ་ན་ཀ་ཏེ། ལུ་ཥཱི་ཛྙི་ཞེས་པས་ཨཱ་ན་ཀའི་རྐྱེན་ནོ། །ཙ་རུཿ། འདི་ལས་ལྷ་དང་དྲང་ སྲོང་དང་ཕ་མེས་དང་འབྱུང་པོ་རྣམས་སྤྱོད་པར་བྱེད་དོ་ཞེས་ཙ་རུའོ། །བྷྲྀ་མྲྀ་ཥཱི་ཏྲི་ཙ་རི་དས་ར་ཏ་ནི་མི་མརྫི་རྣམས་ལས་ཨུ་ཞེས་པས་ཨུའི་རྐྱེན་ནོ། །བྷི་མཿ། བྷཱིཥྨཿ། བྷ་ཡཱ་ན་ཀཿ། ཙ་རུཿ། སུ་བཿ། སྲུ་ཀཿ། ཞེས་པ་ལ་སོགས་པ་རྣམས་བྷཱི་མ་སོགས་རྣམས་སོ། །དེ་དག་ལས་གཞན་དུ་ཨུཎ་སོགས་རྣམས་ སོ། །ཡང་དག་པར་རབ་ཏུ་སྦྱིན་པ་དང་ངེས་པར་ཀུན་སྦྱིན་པ་དེ་དག་ལས་བྱེད་པ་ཅན་གཞན་ལ་ཡང་ཨུཎ་སོགས་རྣམས་འགྱུར་རོ། །ཀྲྀཏ་ཉིད་ལས་བྱེད་པ་པོ་ཉིད་ཐོབ་པ་དང་། ལས་རྣམས་ལ་ཡང་བཀླག་པར་བྱའོ། །ཏནྟུཿ། རྒྱས་པར་བྱེད་དོ་ཞེས། ས་ཏི་ནི་ག་མི་མ་སི་ས་ཙི་ཨ་པ་དྷཱིཉ་ཀྲུ་ཤི་རྣམས་ལས་ 195-1-309b ཏུ་ནའོ་ཞེས་པས་ཏུ་ན། འགུགས་པར་བྱེད་དོ་ཞེས། ཀ་ཥིཿཨིའོ་ཞེས་པས་ཨིའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོ། །ཡུ་བུ་ཛྷ་ཞེས་པ་འདི་རྣམས་ཀྱི་གནས་ལ་གྲངས་ཇི་ལྟ་བ་བཞིན་དུ་ཨན་དང་། ཨ་ཀ་དང་། ཨནྟ་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །ནནྡི་སོགས་ལས་ཡུའོ་ དགའ་བར་བྱེད་དོ་ལ། ནནྡ་ནཿ། ཡུཊ་ལའང་། ཨཱ་ས་ནཾ། བུཎ་ཏྲྀ་ཙ་དག་གོ་ཞེས་པས་བུཎའི་རྐྱེན་ལ། ཀ་ར་ཀཿ། ནནྡི་ཧི་ས་ཀླི་ཤ་རྣམས་ལ་ཞེས་པས་བུཉའོ་ཞེས་པ་བུཉ་ལ། ནིནྡ་ཀཿ། ཛི་བི་ཤ་དག་ལས་ཛྷ་ཡང་ངོ་། །ཛ་རནྟཿ། བེ་ཤནྟཿ། ཛྲིཥ་ལང་ཚོ། བི་ཤ་འཇུག །འདིར་ཅིའི་ཕྱིར་མི་འགྱུར། བྷུཛྷུཿ། བྷུ་ཛི་མྲྀང་དག་ལས་ཡུཀ་ཏྱུཀ་དག་གོ་ཞེས་པས་ཡུཀ་རྐྱེན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཨུཎ་སོགས་ཉིད་ཀྱི་ཕྱིར་མི་འགྱུར་ཏེ། ཨུཎ་སོགས་ཀྱི་རྐྱེན་གྱི་མཐའི་མིང་ཅན་གྱི་སྒྲ་རྣམས་གང་ཨིའི་ཡི་གེ་དེ་རྣམས་ཀྱི་ཡུར་གྱུར་པ་མིང་ཅན་རྣམས་སྐབས་གཞན་དུ་བྱས་པས་གཟུང་བར་མི་འགྱུར་རོ། །དེས་ ན་འདིར་མི་འགྱུར་ཏེ། གང་ལ་ཨཱུརྞ་ཡོད་པ་དེ་ནི། ཨུརྞ་ཡུཿ། དེའི་འདི་ཡོད་པ་ཞེས་པས་ཡུའི་རྐྱེན་ནོ། །བསྡུ་བ་ལ་འབྱུང་བ་ལ་ནཉ་མ་ཡིན་པ་ལ་ཀྟྭཱའི་ཡ་པའོ། །ནཉ་མ་ཡིན་པ་ནཉ་ལས་གཞན་པའི་ཉ་དང་འདྲ་བའི་མི་ཟད་པའི་བསྡུ་བ་གང་ཡིན་པ་དེ་ལ་བསྡུ་བ་འབྱུང་བར་འགྱུར་བ་ལ་ཀྟཱའི་རྐྱེན་དུ་ གྱུར་པ་ཡཔ་ཏུ་བསྒྱུར་བར་འགྱུར་རོ། །པྲ་ཀྲྀ་ཏྱ། ཨཱ་ཤྲི་ཏྱ། པྲཎ་མྱ། ཨཱ་ག་ཏྱ། བསྡུ་བ་ལ་ཞེས་པ་ཅི་ཞེ་ན། ཀྲྀ་ཏྭཱ། འབྱུང་བ་སྨོས་པ་ནི་བསྡུ་བ་ལས་སྔར་ཡབ་ཏུ་བསྒྱུར་བའི་དོན་དུ་སྟེ། དེར་བསྡུ་བར་གྱུར་པ་ལ་མ་གྱུར་པ་ནི་ཡབ་ཏུ་བསྒྱུར་རོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཇི་སྲིད་དུ་ཀྵའི་མཐས་ཉེ་ བའི་ཚིག་གི་བསྡུ་བ་བྱ་བ་དེ་སྲིད་དུ། པྲཎ་མྱ་ཞེས་པ་ལ་སོགས་པ་ལ་ཀྟའི་རྐྱེན་ལ་ལྟོས་པ་ནང་གི་ཡན་ལག་ཉིད་ཀྱི་ཕྱིར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོར་འགྱུར་རོ། །འབྱུང་བ་སྨོས་པར་གྱུར་པ་ལ་ནི་ཀྟྭའི་རྐྱེན་སྐྱེས་མ་ཐག་ཡབ་ཏུ་འགྱུར་བ་བྱས་ན་དྷུཊ་མེད་པའི་ཕྱིར་རིང་པོའི་འཇུག་པ་མེད་དོ། དེའི་ཕྱིར་ཡབ་ཏུ་ བསྒྱུར་བ་བྱས་པ་ན་བསྡུ་བའོ། །ནཉ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲཏྭཱ། པཪྻ་རཱ་ས་ཡེཾ། འདི་མ་ཡིན་པར་དགག་པ་སྟེ། དེས་ན་ནཉ་དང་འདྲ་བ་མི་ཟད་པའི་བསྡུ་བ་ལ་ཡབ་ཏུ་བསྒྱུར་བའོ། །དེས་ན་འདིར་མི་འགྱུར་ཏེ། པ་ར་མ་ཀྲྀ་ཏྭཱ། ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་གོ། །ཙ་ཡིག་དང་ 195-1-310a ཛ་ཡིག་དག་དྷུཊ་དང་གྷ་རྗེས་སུ་འདྲེལ་པ་ཕ་རོལ་ལ་གྲངས་ཇི་ལྟ་བ་བཞིན་དུ། ཀ་དང་ག་དག་ཏུ་བསྒྱུར་བར་འགྱུར་རོ། །རྒྱུ་མཚན་སོ་སོ་གྲངས་ཇི་ལྟ་བ་བཞིན་དུ། རྟག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གྲངས་ཇི་ལྟ་བ་བཞིན་ཡོངས་སུ་བཤད་པའོ། །པཀྟ། པཱ་ཀཿ། ཏྱཀྟཾ། ཏྱགཿ། བྷུགྣཿ། བྷུགྣཿ། བྷཉྫོ་ཀུན་ནས་ཉེད་པ་ལའོ། །བྷུ་ཛོ་འཁྱོག་པོ་ལའོ། །ཀུན་ནས་ཉེད་པར་བྱས་ཟིན། ཀུན་ནས་འཁྱོག་པོར་བྱས་ཟིན་ལ་ཀྟའི་རྐྱེན་ནོ། ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པས་ན་དབྱིའོ། །འདིས་གའོ། །ལུ་སོགས་དང་ཨོ་རྗེས་སུ་འབྲེལ་བ་ལས་ཞེས་པས་ན་ཉིད་དོ། །འོ་ན་རྟག་པ་དང་མི་རྟག་པ་གཞན་ཉིད་ཀྱི་ཕྱིར་ན་ ཉིད་དུ་གྱུར་པ་ན་དེ་ལས་དྷུཊ་མེད་པའི་ཕྱིར་ག་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་ངེས་པ་ལ་སོགས་པ་ཡན་ལག་གཞན་སྟོབས་དང་ལྡན་པ་ལས་སོ། །དེ་ན་གསུངས་པ། སྔ་མ་ཕྱི་མ་བསྒྱུར་བ་ལ། །ཕྱི་མའི་ངེས་པ་རྟག་པ་ཉིད། །ཡན་ལག་གཞན་གྱི་ངེས་པ་ལ། །ཉེ་བའི་ཡན་ལག་གཞན་དེ་བཞིན། །བསྒྲུབ་ པ་གཞན་མཁས་སྟོབས་དང་ལྡན། །དངོས་སུ་བསྒྲུབ་པ་བྱས་པ་ལས། །དེ་ལས་གཞན་རྟོགས་པ་ཉིད་ཕྱིར། །སྔོན་དུ་ག་ཉིད་དེ་ནས་ན། །ཇི་ལྟར་ཡན་ལག་གཞན་ཉིད་རྟོགས་ཤེ་ན། །དཀྱུས་མ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ཡང་ཅི་ལྟར་ཞེ་ན། སྨྲས་པ། འདིར་བྱེ་བྲག་ཏུ་རྟོགས་པའི་སྒྲ་རྐྱེན་དང་པོར་ངེས་པར་འཕེན་ པས་དཀྱུས་མ་གསལ་བར་བྱེད་ལ། ཕྱི་ནས་ཉེ་བའི་རྐྱེན་དེ་དག་འཕེན་བཞིན་པས་གང་གཞན་འཕེན་པར་བྱེད་པ་དེ་རང་གི་ཡན་ལག་དང་ཅིག་ཤོས་ནི་ཕྱིའི་ཡན་ལག་གོ། །དེས་ན་དཀྱུས་མ་ལ་བརྟེན་པའི་ནང་གི་ཡན་ལག་ལ་བརྟེན་ནས་ཕྱིའི་ཡན་ལག་རྟོགས་སོ་ཞེས་རབ་ཏུ་འགྲུབ་པོ། །ནྱང་ཀུ་སོགས་རྣམས་ཀྱི་ཧའི་འང་གྷའོ། ། ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པ་ཁོ་ནའོ། །ནྱང་ཀུ་ལ་སོགས་པ་རྣམས་ཀྱི་ཙ་ཛ་དག་ཀ་ག་དག་ཏུ་འགྱུར་ཏེ། དེ་རྣམས་ཀྱི་ཧ་ཡིག་གང་ཡིན་པ་དེ་ཡང་གྷ་ཉིད་དུ་འགྱུར་རོ། །ནྱཾ་ཀུཿ། ཨནྩི་ལས་ནི་སྔོན་དུའོ། །ནི་ལ་ཨཉྩི་ལས་སོ་ཞེས་པས་ཨུའི་རྐྱེན་ནོ། །ཙའི་ཀ་ཉིད་དོ། །བྷྲྀ་གུཿ། བྲ་ཐི་མྲིད་བྷྲ་ཛ་རྣམས་ཀྱི་སཾ་པྲ་སཱ་ར་ཎ་ སྟེ་བ་དབྱི་བ་ཡང་ངོ་ཞེས་པས་བྷྲསྫ་ལས་ཨུའི་རྐྱེན་ནོ། །སཾ་པྲ་སཱར་ཎ་དང་ས་དབྱི་བ་ཡང་ངོ་། །འདིས་གའོ། །ཨ་བ་དཱ་གྷཿ། ནེ་ད་གྷཿ། ད་ཧི་ལས་གྷཉའོ། །འདིས་གྷའོ། །ནྱཾ་ཀུཿ། བྷྲྀ་གུཿ། མངྒུཿ། དཱུ་རེ་པཱ་ཀཿ། སྥ་ལོ་པཱ་ཀཿ། བེ་ཥཾ་གཿ། མ་གྷཿ། ཤྭ་པཱ་ཀཿ། ཏ་ཀྲི། བ་ཀྲུང་། ན་ཀྲཿ། ཨ་བ་དཱ་གྷཿ། 195-1-310b ནི་དཱ་གྷཿ། ཞེས་པ་ལ་སོགས་པ་རྣམས་ན་ནྱང་ཀུ་སོགས་རྣམས་སོ། །ཀ་སྡེ་དང་པོ་དང་བྲ་ཛི་ཨ་ཛི་རྣམས་ཀྱི་མ་ཡིན་ནོ། །བྱིངས་ཀ་སྡེ་དང་པོ་ཅན་དང་བྲ་ཛི་དང་ཨ་ཛི་ལས་ཀྱང་ཙ་དང་ཛ་དག་གི་ཀ་དང་གདག་ཏུ་མི་འགྱུར་རོ། །ཀུ་ཛཿ། ཁརྫཿ། གརྫཿ། ཀུ་ཛསྒྲ་ལའོ། །ཁརྫ་འཕྱིད་པ་ལའོ། །གརྫ་སྒྲ་ལའོ། །གྷཉའོ། ། ཀུཛྱཾ། གྷྱཎའོ། །པ་རི་བྲ་ཛཿ། ས་མཱ་ཛཿ། གྷཉའོ། །མ་ཡིན་ནོ་ཞེས་བྱ་བ་ལ་སྦྱོར་བ་རྣམ་པར་གཞག་པར་བྱས་པ་ནི་ཡང་བའི་དོན་ཏེ། དེས་ནི་འདིར་ཡང་ཇི་ལྟར་མཐོང་བ་བཞིན་དགག་པའོ། །བྷྲ་ཛཿ། ཏརྫཿ། བྷྲྀཛ་གསལ་བ་ལའོ། །ཏརྫ་སྤྱོད་པ་ལའོ། །གྷཉའོ། །དེ་བཞིན་དུ། ཤོ་ཙྱཿ། ཏྭཱ་ཛྱཿ། ཤུ་ཙ་ མྱ་ངན་ལའོ། །ཏྱ་ཛ་ལོང་བ་ལའོ། །གྷྱཎའོ། །འོ་ན་ཤོཀྱཿཞེས་པ་ཅི་ཞེ་ན། ཤུཀ་འགྲོ་བ་ལའོ་ཞེས་པ་འདིའི་གཟུགས་སོ། །གྷྱཎ་ལ་གདོན་མི་ཟ་བ་ལའོ། །གདོན་མི་ཟ་བའི་དོན་ལ་བྷྱཎ་གང་ཡིན་པ་དེ་ཕ་རོལ་ལ་ཙ་དང་ཛ་དག་གི་ཀ་དང་ག་དག་ཏུ་མི་འགྱུར་རོ། །ཨ་བ་ཤྱ་པཱ་ཙྱ་མ། ཨ་བ་ཤྱ་ཡཱ་ཛྱཾ། གདོན་མི་ཟ་བའི་ དོན་ལ་ཞེས་པ་ཅི་ཞེ་ན། པཱ་ཀྱཾ། པྲ་སྔོན་མའི་བ་ཙི་དང་། ཨརྩི་དང་རུ་ཙི་དང་ཡཱ་ཙི་དང་ཡ་ཛི་རྣམས་ཀྱི་བྷྱཎ་ཕ་རོལ་ལ་ཙ་ཛ་དག་གི་ཀ་ག་དག་ཏུ་མི་འགྱུར་རོ། །གདོན་མི་ཟ་བའི་དོན་བརྗོད་པ་མ་ཡིན་ནོ། །པྲ་བཱ་ཙྱཿ། ཨཪྴྱཿ། རོ་ཙྱཿ། ཡཱ་ཙྱཿ། ཡཱ་ཛྱཿ། པྲ་བཱ་ཙྱཿ། ཞེས་པའི་གཞུང་གི་ཁྱད་པར་འགའ་ཞིག་གི་ མིང་ངོ་། །བ་ཙའི་སྒྲ་མ་ཡིན་པ་ལའོ། །བ་ཙི་སྒྲ་མ་ཡིན་པའི་ཡུལ་ལ་གྷྱཎ་ཕ་རོལ་ལ་ཀ་ཉིད་དུ་མི་འགྱུར་རོ། །བཱ་ཙྱཾ། སྒྲ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བཱ་ཀྱཾ། ནི་པྲ་དག་ལས་ཡུ་ཛའི་ནུས་པ་ལའོ། །ནི་དང་པྲ་དག་ལས་ཕ་རོལ་གྱི་ཡུ་ཛིའི་ནུས་པའི་དོན་ལ་གྷྱཎ་ཕ་རོལ་ལ་ག་ཉིད་དུ་མི་འགྱུར་རོ། །ངེས་པར་སྦྱོར་ ནུས་པ་ནི། ནི་ཡོ་ཛྱཿ། རབ་ཏུ་སྦྱོར་ནུས་པ་ནི། པྲ་ཡོ་ཛྱཿ། ནུས་པ་ཞེས་པ་ཅི་ཞེ་ན། ངེས་པར་སྦྱོར་ནུས་པ་མ་ཡིན་པ་ནི། ནི་ཡོ་གྱཿ། རབ་ཏུ་སྦྱོར་བར་ནུས་པ་མ་ཡིན་པ་ནི། པྲ་ཡོ་གྱཿ། བྷུ་ཛའི་ཟས་ལའོ། །ཟས་ཀྱི་ཡུལ་ལ་བྷུཛི་ལས་གྷྱཎ་ཕ་རོལ་ལ་ག་ཉིད་དུ་མི་འགྱུར་རོ། །བྷོ་ཛྱཾ་པཱ་ཡ་སཾ། ཟས་ལ་ ཞེས་པ་ཅི་ཞེ་ན། བྷོ་གྱཿ། ཤཱཊ་ཀཿ། བྷུ་ཛ་ནྱུཔྫ་དག་ལག་པ་དང་ནད་དག་ལའོ། །འདི་དག་གྲངས་ཇི་ལྟ་བ་བཞིན་དུ་ལག་པ་དང་ནད་ཀྱི་དོན་དག་ལ་ཚིག་ཕྲད་དོ། །བྷུ་ཛི་དང་ཨུཔྫ་བསྣམས་པ་ལའོ་ཞེས་པ་འདིའང་ནི་སྔོན་མའི་གྷཉ་ཕ་རོལ་ལ་ག་ཉིད་དང་ཡོན་ཏན་ཉིད་དག་མེད་དོ། །ལག་པ་དང་ནད་དག་ལ་ཞེས་ 195-1-311a པ་ཅི་ཞེ་ན། བྷོ་གཿ། ནྱུཔྒཿ། དྲྀཀ་དྲྀཤ་དྲྀཀྵ་རྣམས་ལས་མཱ་ནའི་སའོ། །ས་མཱ་ནའི་སྒྲས་ཞེས་པ་འདིར་བསྒྱུར་བར་འགྱུར་རོ། དྲྀཀ་དང་དྲྀཤ་དང་དྲྀཀྵ་ཞེས་པ་འདི་རྣམས་ཕ་རོལ་ལའོ། །འོ་ན་ས་མཱ་ནའི་སྒྲ་ལས་ཕ་རོལ་གྱི་དྲྀཀ་སོགས་རྣམས་ཡོད་པ་མ་ཡིན་ནོ་ཞེས་པ་ཅི་ལྟར་དེ་རྣམས་ ཀྱི་རྒྱུ་མཚན་ཉིད་དུ་འགྱུར་ཞེ་ན། བདེན་ཏེ། ཤེས་པར་བྱེད་པའི་ཚིག་གི་འདི་ཉིད་ནི་ས་མཱ་ན། སྔོན་མ་ལས། དྲྀཤ་ལས་ཀྭིཔ་དང་ཌཀ་དང་ས་ཀ་རྣམས་འགྱུར་རོ་ཞེས་པའོ། །ས་དྲྀཀ །ས་དྲ་ཤཿ། ས་དྲྀཀྵཿ། དྲྀ་ཤིར་ལྟ་བ་ལའོ། །ས་མཱ་ན་སྔོན་དུའོ། །མཚུངས་པ་བཞིན་དུ་མཐོང་བར་བྱེད་ དོ་ཞེས་པས་ཀྭིཔ་དང་ས་ཀ་རྣམས་སོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཥའོ། །ཁ་ཌྷ་དག་གི་ཀའོ། །ཨི་དམའི་ཨཱིའོ། །ཨི་དམའི་དྲྀཀ་དང་དྲྀཤ་དང་དྲྀཀྵ་ཕ་རོལ་ལ་སྲི་ཉིད་དུ་འགྱུར་རོ། །ཨི་དྲྀཀ །ཨཱི་དྲྀཤ །ཨཱི་དྲྀཀྵཿ། འདི་ལྟ་བུ་འདི་འདྲའོ་ཞེས་ལས་ལ་ཉེ་བར་འཇལ་བ་ལ། ཏྱད་ལ་སོགས་པ་ལ་ཀྭིཔ་ དང་ཊཀ་དང་ས་ཀ་རྣམས་འགྱུར་རོ། །ཀི་མའི་ཀིའོ། །ཀི་མའི་དྲྀཀ་དྲྀཤ་དྲྀཀྵ་རྣམས་ཕ་རོལ་ལ་ཀཱི་རུ་བསྒྱུར་བར་འགྱུར་རོ། །ཀཱི་དྲྀཀ །ཀཱི་དྲྀཀྵཿ། ཀཱི་དྲྀཀྵཿ། ཅི་ལྟ་བུ་འདྲ་ཞེས་པས་ཀྭིཔ་དང་ཌཀ་དང་ས་ཀ་དག་གི་རྐྱེན་དག་འགྱུར་རོ། །ཨ་དས་ཨ་མུའོ། །ཨ་དསའི་དྲྀཀ་དྲྀཤ་དྲྀཀྵ་རྣམས་ཕ་རོལ་ལ་ཨ་མུ་རུ་ བསྒྱུར་བར་འགྱུར་རོ། །ཨ་མུ་དྲྀཀ །ཨ་མུ་དྲྀཤཿ། ཨ་མ་དྲྀཀྵཿ། དེ་བཞིན་དུ་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །སརྦ་ནཱ་མའི་ཨཱིའོ་ཞེས་པས་ཡངས་ཀྱི་ཨཱ་ཉིད་དུ་བྱས་པ་ན། དེའི་ཡང་མ་ཉིད་ལ་མ་ལས་ཨུ་ཉིད་དོ་ཞེས་པས་ཨུ་ཡིག་གི་ཨུ་ཉིད་ལ་ཡང་ཨ་མུ་དྲྀཀ་ཅེས་པ་ལ་སོགས་པ་སྦྱོར་བརྩམས་ པ་དོན་མེད་དོ་ཞེས་ཁ་ཅིག་གོ། །སརྦ་ནཱ་མའི་ཨཱའོ། །དྲྀཀ་དྲྀཤ་དྲྀཀྵ་རྣམས་ཕ་རོལ་ལ་སརྦ་ནཱ་མའི་ཨཱ་ཉིད་དུ་འགྱུར་རོ། །ཏཱ་དྲྀཀ །ཏཱ་དྲྀཤཿ། ཏཱ་དྲཀྵཿ། ཡཱ་དྲྀཀཿ། ཡཱ་དྲྀཥཿ། ཡཱ་དྲྀཀྵཿ། བི་ཤྭ་ཀ་དེ་བ་དག་གིའང་མའི་དབྱངས་དང་པོ་ཨནྩ་ཏི་ལ་ཀི་ལ་ཨ་དྲིའོ། །སརྦ་ནཱ་མ་དང་བི་ཤྭ་ཀ་དང་ དེ་བ་ཞེས་པ་འདི་རྣམས་ཀྱིའང་མཐའི་དབྱངས་དང་པོ་གང་ཡིན་པ་དེ་ཨནྩ་ཏིའི་བྱིངས་དང་ཀྭིཔའི་རྐྱེན་ཕ་རོལ་ལ་ཨ་དྲི་རུ་བསྒྱུར་བར་འགྱུར་རོ། །ཏ་དྲྱང་། ཡ་དྲྱང་། བེ་ཤྭདྲྱང་། དེ་བ་དྲྱང་། ཏ་མ་ཨཉྩ་ཏྲི། ཡམ་ཨཉྩ་ཏི། བི་དྭ་ཌ་ཀ་ཨཉྩ་ཏི། དེ་བམ་ཨཉྩ་ཏི། དེ་བམ་ཨཉྩ་ཏི། ཞེས་ 195-1-311b ལ་གྲི་པའོ། །འདིས་ཨ་དྲིའོ། །ཨཉྩ་ཏི་ལ་ཞེས་པ་ཅི་ཞེ་ན། བི་ཤྭགྻུཀ །བིཥྭ་ཀ་ལྡན་ནོ་ཞེས་ཡུ་ཛི་ལས་ཀྭིཔའོ། །ཀཱིཔ་ལ་ཞེས་པ་ཅི་ཞེ་ན། བ་ཤྭ་གྀཉྩ་ནཾ། ཡུཊའོ། །ས་ཧ་སཾ་ཏི་རས་རྣམས་ཀྱིས་དྷྲྀ་ས་མི་ཏིར་རྣམས་སོ། ས་ཧ་དང་སཾ་དང་ཏི་རས་ཞེས་པ་འདི་རྣམས་ཀྱི་ཨཉྩ་ཏི་དང་ཀྭིཔ་ཕ་རོལ་ ལ་གྲངས་ཇི་ལྟ་བ་བཞིན་དུ། སདྷྲི་དང་ས་མི་དང་ཏི་ར་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །ས་ཧཱི་ཉྩ་ཏི་ཞེས་པ། ས་དྷྲྱང་། ས་མཉྩ་ཏི་ཞེས་པ། ས་མྱང་། ཏི་རོཉྩ་ཏི་ཞེས་པ། ཏིཪྻང་། རུ་ཧིའི་ཡང་ན་དྷའོ། །ཀྭིཔ་ལ་ཞེས་པ་ཁོ་ན་སྟེ། ཨཉྩ་ཏི་ལ་ཞེས་པ་ལྡོག་གོ། །རུ་ཧིའི་ཀྭིཔ་ཕ་རོལ་ ལ་དྷ་ཉིད་དུ་ཡང་ན་འགྱུར་རོ། །བཱི་རུཏ། བཱི་རུ་དྷཽ། བི་རོ་ཧ་ཏི་ཞེས་ལ་ཀྭིཔའོ། །ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །འདིར་ཡང་ནས་སྒྲ་རྣམ་པར་གཞག་པ་རྣམ་པར་བརྗོད་པའོ། །དེས་ན་རྟག་ཏུ་བི་སྔོན་མའི་རུ་ཧིའི་དྷ་ཉིད་དོ། །གཞན་སྔོན་མའི་ནི་མི་འགྱུར་ཏེ། བྷུ་རུ་ཊྭ། བྷུ་རུ་ཧཽ། །ས་ལས་སྐྱ་ ཞེས་ལ་ཀྭིཔའོ། །བྱིངས་ཀྱི་མའི་ནའོ། །བྱིངས་ཀྱི་མ་ཡིག་ཀྭིཔ་ཕ་རོལ་ལ་ན་ཉིད་དུ་འགྱུར་རོ། །པྲ་ཤཱན། པྲ་ཏཱན། ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ཀིྭཔའོ། །འདིས་མ་ཡིག་གི་ན་ཉིད་དོ། །ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ན་དབྱི་བ་མེད་དེ་མཚན་ཉིད་དང་ལྡན་པ་ ཉིད་ཀྱི་ཕྱིར་རོ། །བྱིངས་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །བ་མ་དག་ལའང་ངོ་། །མ་ཡིག་གི་བ་དང་མ་དག་ཕ་རོལ་ལ་ན་ཉིད་དུ་འགྱུར་རོ། །ཛ་གནྦཱ་ན། ཀྭནྶུ་ཀཱ་ན་དག་ཅེས་པས་ཀྭསྐུའོ། གཉིས་བརྗོད་དོ། །མའི་ན་ཉིད་དོ། །ཛ་གནྨཿ། ག་མི་ལས་ཙེ་ཀྲཱི་ཡི་ཏ་ཞིག་པའི་མཐའ་ལས་བརྟ་ མཱ་ནའི་མསའོ། །སྦྱོར་བ་ཐ་དད་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ནོ། །དབྱངས་ལ་བྱིངས་ཏེ་ཨཱཏ་མ་ཡིན་པ་ལས་སོ། །ཨཱཏ་མ་ཡིན་པ་ཞེས་པ་དང་པོའི་མཐའོ། །ཨཱཏ་མ་ཡིན་པ་ནི་ཨཏ་མེད་པའོ། །ན་ཞེས་པ་ཁོ་ནའོ། །ན་ཡིག་མཐའ་ཅན་གྱི་སྒྲ་དབྱངས་ཕ་རོལ་ལ་བྱིངས་བཞིན་དུ་འགྱུར་རོ། བྱིངས་ཀྱི་གཟུགས་གང་སྔར་ཡོད་པ་དེ་ན་ཡིག་མཐའ་ཅན་གྱི་འགྱུར་རོ་ཞེས་པའི་དོན་ཏེ། ཨཱཏ་མ་ཡིན་པ་སྟེ་བྱིངས་བཞིན་དུ་འགྱུར་བ་ལས། ཨ་ཡིག་དང་ལྡོག་པ་ལ་ཆེས་དགག་པ་བྱས་པ་སྟེ་ཨཱ་ཡིག་ནི་ལྡོག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། པྲ་ཤཱ་མཽ། པྲ་ཤམཿ། ཤ་མི་ལས་ཀིྭཔའོ། །ལྔ་པའི་ཨུ་པ་དྷཱ་ 195-1-312a ཞེས་པས་རིང་པོའོ། །བྱིངས་ཀྱི་མའི་ནའོ་ཞེས་པས་མ་ཡིག་གི་ན་ཉིད་དོ། །འདིར་བྱིངས་དང་འདྲ་བར་འགྱུར་བའི་ཕྱིར་སླར་ཡང་མ་ཡིག་ངེས་པར་བསྟན་པར་བྱའོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། པྲ་ཤཱ་བྷྱཱཾ། ན་ཡིག་མཐའི་སྒྲ་ལས་དབྱངས་སྐྱེས་པ་གང་ཡིན་པ་དེའི་རབ་ཏུ་ཉེ་བའི་རྒྱུ་མཚན་ཉིད་དོ། །དེས་ན་འདིར་ བྱིངས་བཞིན་འགྱུར་བ་མ་ཡིན་ཏེ། པྲ་ཤཱནྟྲ། ཨརྟི་ཨིཎ་གྷས་དབྱངས་གཅིག་པཱ་ཨཱཏ་རྣམས་བནྶི་ལི་ཨིཊའོ། །ཨརྟི་དང་ཨིཎ་དང་གྷས་དང་དབྱངས་གཅིག་པ་དང་ཨཱཏ་ཅེས་པ་འདི་རྣམས་ཀྱི་འབྲེལ་པ་ཅན་གྱི་བནྶི་ལ་ཨིཊ་ཨཱ་ག་མ་དང་པོར་འགྱུར་རོ། །སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏ་ལའོ་ཞེས་པས་དགག་པ་ཐོབ་ལའོ། །ཨརྟིའི། ཨཱ་རི་བཱན། རྀ་འགྲོ་བ་ལའོ་ཀྭནྶུའོ། །གཉིས་བརྗོད་དོ། །རྀ་ཡིག་གི་ཨ་ཡིག་གོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །ཨིཊའོ། །ར་ཉིད་དོ། །ཨིཎའི། ཨཱི་ཡི་བཱན། ཨིཎ་འགྲོ་བའོ།ཀྭནྶུའོ། །གཉིས་བརྗོད་དོ། །ཨིཎའི་པ་རོ྅ཀྵ་ལ་ཞེས་པས་ཨ་བྷྱ་སའི་རིང་པོའོ། །ཨིཊའོ། །ཨིཎའི་འང་ངོ་ཞེས་པས་ཡ་ཉིད་དོ། ། གྷསླྀའི། ཛཀྵི་བཱན། ཨད་ཟ་བ་ལའོ། །ཀྭནྶུའོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་ཨདའི་གྷསླྀའོ། །གཉིས་བརྗོད་དོ། །ག་མ་ཧ་ན་ཛ་ན་ཁན་གྷས་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨིཊའོ། །སྒྲ་མེད་ལ་དང་པོའོ་ཞེས་པས་ཀའོ། །ཤཱ་སི་བས་གྷ་སི་རྣམས་ཀྱིའང་ངོ་ཞེས་པས་ཥའོ། །དབྱངས་གཅིག་པ་རྣམས་ཀྱི། བེ་ཙི་བཱན། པེ་ཋི་བཱན། གསལ་བྱེད་གཅིག་པུ་པའི་དབུས་ཞེས་པས་ཨེ་ཉིད་དང་ཨ་བྷྱ་ས་དབྱི་བ་དག་གོ། །ཨཱཏ་མཐའ་རྣམས་ཀྱི། བ་བི་བཱན། ད་དི་བཱན། ཨིཊའོ། །ཨིཊ་ལ་ཡང་ངོ་ཞེས་པས་ཨཱ་དབྱིའོ། །འོ་ན་ཨརྟི་ལ་སོགས་པ་རྣམས་དབྱངས་གཅིག་པ་རྣམས་ཡིན་པའི་ཕྱིར་དེ་རྣམས་ལོགས་སུ་ཉེ་བར་བླངས་པས་ཅི་བྱ་ཞེ་ན། བདེན་ཏེ། ཨརྟ་སོགས་སྨོས་ པ་རྣམས་ནི་འདི་ཤེས་པར་བྱེད་པ་སྟེ། གང་རྣམས་གཉིས་བརྗོད་པ་བྱས་པ་ན་དབྱངས་གཅིག་པ་ནུབ་པ་ལ་འདིར་དབྱངས་གཅིག་པ་སྨོས་པས་གཟུང་བར་བྱའོ་ཞེས་པ་སྟེ། རྣམ་པ་དེ་ལྟར་ཡང་ཨརྟི་ལ་སོགས་པ་མ་ཡིན་ནོ། །གལ་ཏེ་ཅིའི་དོན་དུ་བསྟེན་པར་བྱ་ཞེ་ན། བི་བྷི་དྭཱ་ན་ཞེས་སོགས་ལ་ཨིཊ་ཨཱ་ག་མ་མི་འགྱུར་དབྱངས་གཅིག་པ་ལས་ བཟུང་སྟེ་ཤིན་ཏུ་འགྱུར་བ་ལའོ། །ག་མ་ཧན་བིད་བི་ཤ་དྲྀཤ་རྣམས་ཀྱི་ཡང་ནའོ། །འདི་རྣམས་ཀྱི་བནྶི་ལ་དང་པོར་ཨིཊ་ཨཱ་ག་མ་ཡང་ན་འགྱུར་རོ། །ཛ་གནྭཱི་ན། གམ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །མ་མ་དག་ལའོ་ཞེས་པས་ནའོ། །ཛགྷྣི་བཱན། ཛགྷ་ནྭཱ་ན། ཨ་བྷྱ་ས་ལས་ཀྱང་ངོ་ཞེས་པས་གྷའོ། །བི་བི་དི་བཱན། བི་བི་དྭཱན། བི་བི་ཤི་བཱན། བི་བི་ཤྭཱན། ད་དྲྀ་ 195-1-312b ཤི་བཱན། ད་དྲྀ་ཤྭཱན། བི་འདིའི་ཐོབ་པའི་དོན་གྱི་གཟུང་བ་སྟེ། ཏུད་སོགས་ཀྱི་བི་ཤི་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །ད་ཤྲན་སཱ་ཧྭན་མི་ཌྷནའང་ངོ་། །ད་ཤྭན་དང་སཱ་ཧན་དང་མི་ཌྷན་ཞེས་པ་འདི་རྣམས་ཚིག་ཕྲད་དོ། །ད་ཤྭན། ད་ཤྲྀ་སྦྱིན་པ་ལའོ། །ཀྲནྶུའོ། །ཨ་བྷྱཱ་ས་ཕྱིན་པ་ཚིག་ཕྲད་དེ། ཨིཊ་མེད་པའང་ངོ་། །སཱ་ཧྭཱན། ཞེས་པའི་ས་ཧིའི་རིང་པ་ཉིད་ཀྱང་ ངོ་། །མཱིཌྷྭཱན། ཞེས་པའི་མི་ཧིའི་ཌྷ་ཉིད་དང་རིང་པོ་ཉིད་ཀྱང་ངོ་། །ཤྲི་ཨུ་ཡིག་བྲི་རཱྀཏ་རྣམས་ཀྱི་ཀ་རྗེས་སུ་འབྲེལ་པ་ལ་མ་ཡིན་ནོ། །ཤྲིཉ་ལས་དང་ཨུ་ཡིག་གི་མཐའ་ལས་དང་བྲྀཉ་བྲྀང་དག་ལས་དང་རཱིཏ་མཐའ་ལས་ཀྱང་ཀ་རྗེས་སུ་འབྲེལ་པ་ཕ་རོལ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །སྤྱིའི་ཐོབ་པ་ལའོ། །ཨཱ་ཤྲེ་ཏཿ། ཨཱ་ཤྲི་ཏ་བཱན། ཀུན་ནས་བསྟེན་པར་བྱས་ཟིན་ཏོ། །ཀུན་ནས་བསྟེན་པར་བྱེད་ཟིན། ཡུཏཿ། ཡུཏ་བཱན། ཡུ་ཏྭཱ། བསྲེ་བར་བྱས་ཟིན་ལ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནཥྛཱིའོ་ཞེས་པས་ཀྟ་བནྟུའོ། །ལུ་ནཿ། ལུ་ན་བཱན། ལུ་ཏྭཱ། གཅད་པར་བྱས་ཟིན། གཅོད་པར་བྱེད་ཟིན་ཏོ། །ལུ་དང་ཨོ་རྗེས་སུ་འབྲེལ་པ་ཞེས་པས་ན་ཉིད་དོ། ། བྲྀ་ཏཿ། བྲྀ་ཏ་བཱན། བྲྀ་ཏྭཱ། བསྒྲིབས་ཟིན་དང་གུས་ཟིན་ཏོ། །ཏཱིརྞཿ། ཏྲིརྞ་བཱན། ཏྭི་རྟྭཱ། བརྒལ་ཟིན་དང་བསྒྲལ་ཟིན་ཏོ། །རཱྀཏ་མཐའི་ཨིརའོ། །ར་ལས་ནཱིཥྛཱིའི་ཏའི་ན་ཞེས་པས་ན་ཉིད་དོ། །ཀ་རྗེས་སུ་འབྲེལ་བ་ལ་ཞེས་པ་ཅི་ཞེ་ན། ཨཱ་ཤྲ་ཡི་ཏཱ། ཤྲེ་ཡ་ཏི་སོགས་དབྱངས་གཅིག་པ་རྣམས་ཀྱི་དགག་པ་བཤད་དོ། །དེས་ན། ཤེ་ཤྲི་ཡི་ ཏཿ། ལོ་ལུ་བི་ཏཿ། ཤྲིཉ་བསྟེན་པ་ལའོ། །ལུཉ་གཅོད་པ་ལའོ། །ཙེ་ཀྲཱི་ཡི་ཏ་ཞིག་པར་འགྱུར་བ་ལ་ཀྟའི་རྐྱེན་ནོ། །ཨིཊའོ། །བྱིངས་ཀྱི་ཨི་ཡིག་ཨུ་ཡིག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་གོ། །ཨུརྞོ་ཏི་ལས་དགག་པ་བཤད་པར་བྱ་སྟེ། པྲོརྣུ་ཏ་བཱན། སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏ་ལའོ། །སྒྲ་ལྡན་དང་ཏི་དག་ལའང་ ཀྲྀཏའི་རྐྱེན་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨཱི་ཤྭ་རཿ། ཀ་ཤི་པི་ཤི་བྷཱི་ས་ཞེས་པས་བ་རའི་རྐྱེན་ནོ། །དཱི་པྲཿ། དཱི་པི་ཀམྤི་ཨ་ཛཱི་སི་ཞེས་པས་རའོ། །དཱིཔྟིཿ། བུད་མེད་ལ་ཀྟིའོ། །འོ་ན། ནི་གྲྀ་ཧཱི་ཏིཿ། ཨུ་པ་སྣི་ཧི་ཏཿ། བྷ་ཎི་ཏཿཅི་ལྟར་ཞེ་ན། ནཉ་བསྟན་པ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །ཀྲྀཏ་སྨོས་པ་ནི་འདིར་ཀྲྀཏ་ཁོ་ན་ལའོ་ཞེས་ གཟུང་བའི་དོན་ཏོ། །ཨིཥུ་ས་ཧ་ལུ་བྷ་རུ་ཥ་རིཥ་རྣམས་ཀྱི་ཏ་ལ་ཡང་ནའོ། །ཨིཥུ་འདོད་པ་ལའོ། །ཥཧ་བཟོད་པ་ལའོ། །ལུ་བྷ་རྐམ་ཆགས་ལའོ། །རུ་ཥ་རི་ཥ་འཚེ་བ་ལའོ། །འདི་རྣམས་ཀྱི་ཏ་ཡིག་དང་པོ་ལ་ཨིཊ་ཡང་ན་འགྱུར་རོ། །འདོད་དོ། །ཨེཥྚ། ཨེ་ཥི་ཏཱ། སྭ་ཌྷཱ། ས་ཧི་ཏཱ། ལོབྡྷཱ། ལོ་བྷི་ཏཱ། རོཥྚཱ། རོ་ཥི་ཏཱ། རེཥྚཱ། རེ་ཥི་ཏཱ། ཨུཏ་ 195-1-313a རྗེས་སུ་འབྲེལ་པ་དང་པུང་ཀླི་ཤ་རྣམས་ཀྱི་ཀྟཱལའོ། །ཨུཏ་རྗེས་སུ་འབྲེལ་བ་རྣམས་དང་པུང་དང་ཀླི་ཤ་དག་ལས་ཀྟའི་རྐྱེན་ལ་ཨིཊ་ཡང་ན་འགྱུར་ཏེ། ཤྭ་མི་ཏྭཱ། ཤྭནྟ། ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །པ་བི་ཏྭ། བུ་ཏྭཱ། ཀླི་ཤི་ཏྭཱ། ཀླིཥྚ། ཀླི་ཤ་ཉེ་བར་གདུང་བའི་དོན་ནི་གཟུང་བར་བྱའི་རྣམ་པར་གནོད་ པའི་དོན་ནི་མ་ཡིན་ནོ། །སཧི་སྭ་ར་ཏི་སུ་ཏི་ཞེས་པའི་ཚིག་ལས་ཡང་ན་ཞེས་པ་ཁོ་ནའོ། །ཛྲཱྀ་བྲ་ཤྩི་དག་ཨིཊའོ། །ཡང་ན་ཞེས་པ་ལྡོག་གོ། །ཛྲཱྀ་ཥ་དང་བྲཤྩ་ཞེས་པ་འདི་དག་ལས་ཀྟྭཱའི་རྐྱེན་ལ་ཨིཊ་འགྱུར་རོ། །ཛྲཱྀ་ཥའི། ཤྲི་ཨུ་ཡིག་བྲེ་རཱྀཏ་རྣམས་ཀྱི་ཞེས་པས་དགག་པ་ཐོབ་པ་ལའོ། །བྲཤྩིའི་ཡང་ཨུཏ་རྗེས་སུ་འབྲེལ་པ་ཉིད་ ལས་རྣམ་པར་བརྟག་པ་ཐོབ་པ་ལའོ། །ཛ་རི་ཏྭཱ། བྲཤྩི་ཏྭཱ། སླར་ཡང་ཨིཊ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཀྵུ་དྷི་དང་བས་དག་ལས་ཀྟྭཱའི་རྐྱེན་ལ་ཨིཊ་འགྱུར་རོ། །རཱ་དྷི་རུ་དྷི་ཞེས་པ་དང་བས་ཏི་དང་གྷ་སི་ལས་ཞེས་པ་དགག་པ་ཐོབ་པ་ལའོ། །ཀྵུ་དྷི་ཏྭཱ། ཨུཥི་ཏྭཱ། སྭ་པི་བ་ཙི་ཞེས་པས་བ་སའི་སཾ་པྲ་སཱ་ར་ཎའོ། །ནིཥྛཱ་ལའང་ ངོ་། ཀྵུ་དྷི་དང་བས་དག་ལས་ནིཥྛཱ་ལའང་ཨིཊ་འགྱུར་རོ། །ཀྵུ་དྷི་ཏ། ཀྵུ་དྷི་ཏ་བཱན། ཨུ་ཥི་ཏ། ཨུ་ཥི་ཏ་བཱན། འགྲོ་བའི་དོན་དང་ལས་མེད་པ་ཞེས་པ་ཀྟའོ། །སྔ་མ་བཞིན་དུ་སཾ་པྲ་སཱ་ར་ཎའོ། །པུང་དང་ཀླི་ཤ་དག་གི་ཡང་ནའོ། །པུང་དང་ཀླི་ཤ་དག་ལས་ནིཥྛཱ་ལ་ཨིཊ་ཡང་ན་འགྱུར་རོ། །ཌཱིང་ཤི་ཞེས་སོགས་ཀྱི་དགག་པ་ཐོབ་ལའོ། །པ་བིཏཿ། དུཏཿ། ཀླི་ཤི་ཏཿ། ཀླིཥྚཿ། ཌཱིང་ཤྭི་ཨཱིཏ་རྗེས་སུ་འབྲེལ་པ་དང་ཨིཊ་ཡང་ན་བ་རྣམས་ཀྱི་པ་ཏི་ནིཥྐུ་ཥ་དག་མ་ཡིན་པའི་མ་ཡིན་ནོ། །གང་རྣམས་ཀྱི་རྗེས་སུ་འབྲེལ་པ་ཨཱིཏ་ཡིན་པ་དེ་རྣམས་ནི་ཨིཏ་རྗེས་སུ་འབྲེལ་པ་རྣམས་སོ། །གང་རྣམས་ལས་ཡང་ན་ཨིཊ་ཡིན་པ་དེ་རྣམས་ནི་ཨིཊ་ཡང་ན་བ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །པ་ཏི་དང་དིཥྐུ་ དག་མ་ཡིན་པ་ཞེས་པ་ནི་ཟླས་དབྱེ་ཁོང་ན་གནས་པའི་ནཉའི་བསྡུ་བའོ། །ཌཱིད་དང་ཤྭི་ཞེས་འདི་དག་དང་། ཨཱིཏ་རྗེས་སུ་འབྲེལ་བ་རྣམས་དང་། ཨིཊ་ཡང་ན་པ་སྟེ་ཨིཊ་རྣམ་པར་བརྟག་པ་རྣམས་ཀྱིའང་པ་ཏི་དང་ནིཥྐུ་ཥ་དག་བོར་བ་ན། ནིཥྛཱ་ལ་ཨིཊ་མི་འགྱུར་རོ། །ཌཱི་ནཿ། ཌི་ན་བཱན། འབར་བར་བྱས་ཟིན། ཤུ་ནཿ། ཤུ་ན་བཱན། སྐྲངས་པར་བྱས་ ཟིན་ཏོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ། །ལུ་སོགས་དང་ཨོ་རྗེས་སུ་འབྲེལ་བ་ལས་ཀྱང་ཞེས་པས་ན་ཉིད་དོ། །ཨཱིཏ་རྗེས་སུ་འབྲེལ་བ་རྣམས་ཀྱི། དཱིཔྟཿ། དཱིཔྟ་བཱན། དཱི་པཱི་འབར་བ་ལའོ། །འབར་བར་བྱས་ཟིན་ལ་སྔ་མ་བཞིན་ཀྟའོ། །ལགྣཿ། 195-1-313b ལགྣ་བཱན། ཨོ་ཛཱི་ཨོ་ལསྫི་སྐྱེངས་པ་ལའོ། །བརྩེགས་པ་དང་པོས་ཀ་དག་གི་ཞེས་པས་ས་དབྱིའོ། །ཙ་ཛ་དག་ཀ་ག་དག་ཅེས་པས་གའོ། །སྔ་མ་བཞིན་དུ་ན་ཉིད་དོ། །ཨུདྦིགྣཿ། ཨུདྦི་གྣ་བཱན། ཨོ་བི་ཛཱི་ས་བོན་ལའོ། །ཨུཏ་སྔོན་དུའོ། །གཞན་སྔ་མ་བཞིན་ནོ། །ཨིཊ་ཡང་ན་བ་རྣམས་ཀྱི། བྲྀཏྟཿ། བྲྀཏྟ་བཱན། ཤཱནྟ་ཿ། ཤནྟ་བཱན། བྲྀཏུ་འཇུག་ པ་ལའོ། །ཤ་མུ་ཉེ་བར་ཞི་བ་ལའོ། །ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །པ་ཏི་དང་ནིཥྐུ་ཥ་དག་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པ་ཏི་ཏཿ། ནིཥྐུ་ཥི་ཏཿ། པ་ཏི་ལས་སན་ལ་ཨིཊ་ཡང་ནའོ། །ནིཥྐུ་ཥི་ཏ་ལས་ནི་ཐམས་ཅད་དུའོ། །ཨིཊ་ཡང་ན་བ་དབྱངས་གཅིག་པ་རྣམས་ཀྱི་དགག་པ་སྟེ། དབྱངས་གཅིག་པ་སྨོས་པ་རྗེས་སུ་འཇུག་པ་ ལའོ། །དེས་ན་འདིར་དགག་པར་མི་འགྱུར་ཏེ། ད་རི་དྲི་ཏཿ། ད་རི་དྲ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཨཱ་དབྱིའོ། །ད་རི་དྲ་ཏིའི་ས་ན་ལ་ཨིཊ་ཡང་ནའོ། །ཨཱཏ་རྗེས་སུ་འབྲེལ་བ་ལས་ཀྱང་ངོ་། །ཨ་ཡིག་རྗེས་སུ་འབྲེལ་པའི་བྱིངས་ལས་ནིཥྛཱ་ལ་ཨིཊ་མི་འགྱུར་རོ། །མིནྣཿ། མིནྣ་བཱན། སྭིནྣཿ། སྭིནྣ་བཱན། ཉི་མི་དཱ་གཤེར་ བ་ལའོ། །སྭི་དཱ་ལུས་རབ་ཏུ་འཛག་པ་ལའོ། །སྣུམ་མོ་ཞེས་པ་ལས་ལ་ཉ་རྗེས་སུ་འབྲེལ་པ་དང་འདོད་པ་ཞེས་པས་ཀའོ། །ད་ལས་སྔ་མའི་ཞེས་པས་ནིཥྛཱའི་ན་ཉིད་དོ། །སྔ་མའི་དའི་འང་ནའོ། །བི་ཨཱད་དག་ལས་ཤྭ་སི་ལས་ནིཥྛཱ་ལ་ཨིཊ་ཡང་ན་འདོད་དེ། བི་ཤྭསྟཿ། བི་ཤྭ་སི་ཏཿ། ཨ་ཤྭསྟཿ། ཨཱ་ཤྭ་སི་ཏཿ། དངོས་པོ་དང་དང་ པོའི་ལས་དག་ལ་ཡང་ནའོ། །ཨཱཏ་རྗེས་སུ་འབྲེལ་པའི་བྱིངས་ལས་དངོས་པོ་དང་དང་པོའི་ལས་ལའང་ནིཥྛཱ་གང་ཡིན་པ་དེ་ལ་ཨིཊ་ཡང་ན་འགྱུར་རོ། །སྔ་མས་དགག་པ་ཐོབ་པ་ལའོ། །མིནྣཾ། མི་དི་ཏཾ། སྭིནྣཾ། སྭེ་དི་ཏཾ། མ་ནིང་ལ་དངོས་པོ་ལ་ཀྟའོ། །སྔར་བཞིན་ན་ཉིད་དོ། །པྲ་མིནྣཿ། པྲ་མེ་དི་ཏ། པྲ་སྭིནྣཿ། པྲ་སྭེ་དི་ཏཿ། དང་པོའི་ལས་ལ་ བྱེད་པ་པོ་ལའང་ཀྟའོ་ཞེས་པས་ཀྟའོ། །ཀྵུ་བྷི་བཱ་ཧི་སྭ་ནི་དྷཱ་ནི་ཕ་ཎི་ཀ་ཥི་གྷུཥ་རྣམས་ཀྱི་ཀ་ཏ་ལ་སྲུབ་པ་ཤིན་ཏུ་བ་ཡིད་མུན་པ་ཨ་ནཱ་ཡས་དང་འོ་བརྒྱལ་བ་དང་སྒྲའི་བྱེ་བྲག་མ་ཡིན་པ་རྣམས་ལ་ཨིཊ་མ་ཡིན་ནོ། །ཀྵུ་བྷ་ཡང་དག་པར་གཡོ་བ་ལའོ། །བཱ་ཧུ་རབ་ཏུ་འབད་པ་ལའོ། །སྭན་དྷྭ་ན་སྒྲ་ལའོ། །ཕཎ་འགྲོ་བ་ལའོ། །ཀཥ་འཚེ་བ་ ལའོ། །གྷུཥི་རྣམ་པར་སྒྲོགས་པ་ལའོ། །འདི་རྣམས་ཀྱི་འབྲེལ་པ་ཅན་གྱི་ཀྟ་ལ་སྟེ་ཀྟའི་རྐྱེན་ལ་ཨིཊ་མི་འགྱུར་ཏེ་གྲངས་བཞིན་དུ་སྲུབ་པ་དང་ཤིན་ཏུ་བ་དང་ཡིད་དང་མུན་པ་དང་ཨ་ནཱ་ཡས་དང་འོ་བརྒྱལ་བ་དང་སྒྲའི་བྱེ་བྲག་མ་ཡིན་པ་ཞེས་པ་འདི་རྣམས་ཀྱི་དོན་ལའོ། །ཀྵུ་བྡྷཿ། བཱ་ཌྷཾ། སྭ་ནྟཾ། དྷྭནྟཾ། ཕཱཎྜཾ། ཀཥྚཾ། གྷུཥྚཾ། སྭིན་ 195-1-314a དྷྭ་ནི་པ་ཎི་རྣམས་ཀྱི་ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཨ་ནཱ་ཡཱས་ཡི་སྟེ་འབད་པ་མེད་པས་གང་འགྲུབ་པ་གང་ཡིན་པ་དེ་ནི་ཡཱཎྜའོ། །དེ་ཡང་ཐམས་ཅད་ནི་མ་ཡིན་ཏེ། འོན་ཀྱང་གང་བཙོས་པ་མིན་ཞིང་ཕྱེ་མ་མིན་པ་ཆུ་ལ་རེག་ཙམ་ལས་རྣམ་པར་ཕྱེ་བའི་ཁུ་བ་དེའོ། །སྲུབ་པ་ལ་སོགས་པ་རྣམས་ལ་ ཞེས་པ་ཅི་ཞེ་ན། ཀྵུ་བྷི་ཏཿ། བཱ་ཧི་ཏཿ། སྭ་ནི་ཏཿ། དྷྭ་ནི་ཏཿ། ཡ་ཎི་ཏཿ། ཀ་ཥི་ཏཿ། གྷུ་ཥི་ཏཿ། འོ་ན་ཀྵུ་བྷྣཿ། རྒྱ་མཚོ་ཅི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཀྵུ་བྷའི་སྒྲ་དང་པོར་སྲུབ་པའི་ཡུལ་ལ་འདུས་བྱས་ནས་ཕྱི་ནས་སྲུབ་པ་ལྟ་བུ་ནི། ཀྵུ་བྡྷ། ཞེས་ཉེ་བར་འཇལ་བ་ལས་རྒྱ་མཚོ་ལ་འཇུག་པར་འགྱུར་རོ། །བཱ་ཧི་ཨིན་མཐའ་ ཅན་པར་མི་འགྱུར་ཏེ། ཨིན་མཐའ་ཅན་མ་ཡིན་པའི་ཀྵུ་བྷི་སོགས་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །ལགྣ་མླིཥྚ་བི་རི་བྡྷཱ་རྣམས་ནུས་པ་མི་གསལ་བ་དབྱངས་རྣམས་ལའོ། །སྒྲ་འདི་རྣམས་གྲངས་བཞིན་དུ་ནུས་པ་དང་མི་གསལ་བ་དང་དབྱངས་ཀྱི་དོན་རྣམས་ལ་ཚིག་ཕྲད་དོ། །ལགྣཿ། ལ་གེ་ཆགས་པ་ལའོ། །ཀྟའི་རྐྱེན་ལ་ ཨིཊ་མེད་པ་དང་། ན་ཉིད་ཀྱི་ཚིག་ཕྲད་དོ། །མླིཥྚཾ། མླེཙྪ་མི་གསལ་བར་བརྗོད་པ་ལའོ། །དངོས་པོ་ལ་མ་ནིང་ལ་ཀྟའོ། །ཨིཊ་མེད་པ་དང་། ཨེ་ཡིག་གི་ཨི་ཉིད་ཀྱང་ཚིག་ཕྲད་དོ། །བི་རིབྡྷཿ། རེ་བྷྲྀ་སྒྲ་ལའོ། །བི་སྔོན་དུའོ། །སྔར་བཞིན་ཚིག་ཕྲད་དོ། །ནུས་པ་མི་གསལ་བ་དབྱངས་རྣམས་ལ་ཞེས་པ་ཅི་ཞེ་ན། ལ་གི་ཏཾ་མླེཙྪཱ་ ཏི། བི་རེ་བྷི་ཏཾ། པ་རི་བྲྀཌྷ་དྲྀཌྷ་དག་ཇོ་བོ་དང་བ་ལ་བཏ་དག་ལའོ། །སྒྲ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ། ཇོ་བོ་དང་བ་ལ་བཏ་ཀྱི་དོན་ལ་ཚིག་ཕྲད་དོ། །པ་རི་བྲྀཌྷཿ། བྲྀཏ་བྲྀཧི་འཕེལ་བ་ལའོ། །པ་རྀ་སྔོན་དུའོ། །ཀྟའི་རྐྱེན་ཕ་རོལ་ལ་ཨིཊ་མེད་ཅིང་ན་དབྱི་བའང་ཚིག་ཕྲད་དོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ད་དབྱི་བར་མི་འགྱུར་ བའོ། །དྲྀཌྷཿ། དྲྀ་ཧི་འཕེལ་བ་ལའོ། །སྔར་བཞིན་དུ་ཚིག་ཕྲད་དོ། །སྦོམ་པོའི་དོན་ལ་ཡང་དྲྀཌྷའི་སྒྲ་ཚིག་ཕྲད་དེ། དྲྀཌྷཿསྠུ་ལ། སྦོམ་པོའོ། །ཇོ་བོ་དང་བ་ལ་བཏ་དག་ལ་ཞེས་པ་ཅི་ཞེ་ན། བ་རི་བྲྀཧི་ཏ། བྲྀཧི་ཏཾ། སཾ་ནི་བི་རྣམས་ལ་ཨརྡི་ལས་སོ། །ནིཥྛཱ་ལ་ཞེས་པ་ཁོ་ནའོ། །སཾ་དང་ནི་དང་བི་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་ ཨརྡ་འགྲོ་བ་སྟེ་སློང་བ་ལའང་ཞེས་པ་འདིའི་ནིཥྛཱ་ལ་ཨིཊ་མི་འགྱུར་རོ། །ས་མཪྞྞཿ། ནྱནྞྞཿ། བྱརྞྞཿ། ཨརྡ་འགྲོ་བ་ལའོ། །སཾ་དང་ནི་དང་བི་རྣམས་སྔོན་དུའོ། །ཀྟའི་རྐྱེན་ནོ། །དེ་ལས་དའི་ཞེས་པས་ན་ཉིད་དོ། །སྔ་མའི་ན་ཡིག་གི་ཎ་ཉིད་དུ་བྱས་པ་ལ་ཏ་སྡེའི་ཙ་ཊའི་སྡེབ་སྦྱོར་བ་ལ་ཞེས་པས་ཎའོ། །ས་ཾནི་བི་རྣམས་ལས་ཞེས་པ་ཅི་ཞེ་ན། 195-1-314b ཨརྡི་ཏཿ། ཨ་བྷི་ལས་ཉེ་བ་ལའོ། །ཨ་བྷིའི་སྒྲ་ལས་ཕ་རོལ་གྱི་ཨརྡིའི་ནིཥྛཱ་ལ་ཨིཊ་མི་འགྱུར་ཏེ། ཉེ་བའི་དོན་ལའོ། །ཨ་བྷྱརྞྞོ་ར་དྲ་བ་པཱ་དཿ། ཉེ་བ་ལ་ཞེས་པ་ཅི་ཞེ་ན། ཨ་བྷྱ་དྷི་ཏཿ། ཤི་ཏེ་ན། རུ་ཥི་ཨ་མ་ཏྭ་ར་སཾ་གྷུ་ཥ་ཨཱ་སྭན་རྣམས་ཀྱི་ཡང་ནའོ། །རུ་ཥ་ཁྲོ་བ་ལའོ། །ཨ་མ་འགྲོ་བ་ལའོ། །ཉི་ཏྭ་རཱ་མགྱོགས་པ་ལའོ། །གྷུཥི་ ལས་སམ་སྔོན་དུའོ། །འདི་རྣམས་ཀྱི་ནིཥྛཱ་ལས་ཨིཊ་ཡང་ན་འགྱུར་རོ། །རུཥི་ཏཿ། རུཥྚཿ། ཨ་མི་ཏཿ། ཨཱནྟ་ཿ། ཏྭ་རི་ཏཿ། ཏཱུརྞཿ། སཾ་གྷུ་ཥི་ཏཿ། སཾ་གྷཥྚཾ། ཨཱ་སྭ་ནི་ཏ། ཨཱ་སྭཱནྟཿ། ཨམ་མི་དང་སྭན་དག་གི་ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཏྭ་རིའི་ཤྲི་བི་ཨ་བི་མ་བི་ཛྭ་རི་ཏྭ་ར་རྣམས་ཀྱི་ཨུ་པ་དྷཱའིའོ་ཞེས་པས་ ཨུ་པ་དྷཱ་དང་བ་ཡིག་དག་གི་ཨུཊའོ། །ར་ལས་ནིཥྛཱའི་ཞེས་པས་ན་ཉིད་དོ། །ཧྲི་ཥི་ལས་སྤུ་རྣམས་ལའོ། །ཧྲིཥ་མགུ་བ་ལའོ། །ཧྲིཥུ་བརྫུ་ལའོ་ཞེས་པ་ཡང་ན་སྟེ། སྤུའི་ཡུལ་ལ་བྱིངས་ཀྱི་དོན་ལ་འཇུག་བཞིན་པ་ལས། ཧྲི་ཥི་ལས་ནིཥྛཱ་ལ་ཨིཊ་ཡང་ན་འགྱུར་རོ། །ཧྲྀཥྚཱ་ནཱི་ལོ་མཱ་ནི། ཧྲྀ་ཥི་ཏཱ་ནི་ལོ་མཱ་ནི། དགའ་བས་སྡུ་ ལངས་སོ་ཞེས་བྱེད་པ་པོ་ལ་ཀྟའོ། །ཧྲིཥྚཾ་ལོ་མ་བྷིཿ། ཧྲྀ་ཥི་ཏཾ་ལོ་མ་བྷིཿ། དངོས་པོ་ལ་མ་ནིང་ལ་ཀྟའོ། །སྤུ་རྣམས་ལ་ཞེས་པ་ཅི་ཞེ་ན། ཧྲྀཥྚཿ། ཙཱཏྟཿ། ཧྲིཥུ་བརྫུ་ལའོ། །ཌཱིང་ཤྭིང་ཨཱིཏ་ཅེས་པས་ཨིཊ་མེད་དོ། །ཡ་མཚན་དང་ཐོགས་པ་དང་བཅས་པ་དག་ལ་ཧྲྀཥི་ལས་རྣམ་པ་འདོད་དེ། ཧྲྀཥྚི་ཏོ་ན་རཿ། ཧྲྀ་ཥི་ཏོ་ན་རཿ། དེ་ཡ་ མཚན་ཆེ་ཞེས་པའི་དོན་ཏོ། །ཧྲྀཥྚཿདནྟཿ། ཧྲྀཥ་ཏཱ་དནྟཱཿ ཐོགས་པ་དང་བཅས་པས་སོ་ཞེས་པའི་དོན་ཏོ། །དཱནྟ་ཤཱནྟ་པཱུརྞ་དསྟ་སྤཥྚ་ཚནྣ་ཛྙ་པྟ་རྣམས་ཀྱང་ཨིནའི་མཐའ་ཡང་ནའོ། །སྒྲ་འདི་རྣམས་ཀྟའི་རྐྱེན་ལ་ཚིག་ཕྲད་དུ་ཡང་ན་འགྱུར་རོ། །དཱནྟཿ། ཤཱནྟཿ། ད་མུ་ཉེ་བར་དུལ་བ་ལའོ། །ཤ་མུ་ཉེ་བར་ཞི་བ་ལའོ། །ཨིནའོ། ། ཨའི་ཨུ་པ་དྷཱ་རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །ཀྟའི་རྐྱེན་ལ་ཨིཊ་མེད་པ་ཡང་ན་ཚིག་ཕྲད་དོ། །ཀཱ་རི་ཏ་དབྱིའོ། །ལྔ་པའི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཀཱ་རི་ཏ་ཕྱིས་པའི་གནས་ཅན་བཞིན་འགྱུར་བ་མེད་དེ། རིང་པོའི་སྒྲུབ་པ་ནི་སོ་སོར་གནས་ཅན་བཞིན་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ། །པུརྞཿ། དསྟཿ། སྤཥྚཿ། ཚནྣཿ། ཛྙ་བྷཱཿ། པུ་རཱི་ཁྱབ་པ་ལའོ། །ད་སུ་ཉེ་བར་འཇོག་པ་ལའོ། །སྦ་ཤ་གནོད་པ་ལའོ། །ཚ་ད་ཡང་དག་པར་སྒྲིབ་པ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །ཨིནའོ། །འདིའི་ཨརྟི་ཧྲཱི་ཙྪི་ཞེས་པས་པ་ཡིག་ཨཱ་ག་མའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །ད་སི་སྤ་ཤི་ཚ་དི་རྣམས་ཀྱི་ཨུ་པ་དྷཱའི་རིང་པོའོ། །ཀྟའི་ 195-1-315a རྐྱེན་ནོ། །ཨིཊ་ཡང་ན་བ་ཚིག་ཕྲད་དོ། །ཨུ་པ་དྷཱའི་ཐུང་ངུ་ཡང་ངོ་། །ཀཱ་རི་ཏ་དབྱིའོ། །པུ་རིའི་ར་ལས་ནིཥྛཱའི་ཏའི་ཞེས་པས་ན་ཉིད་དོ། །ཕྱོགས་གཅིག་ལ། ད་མི་ཏཿ། ཤ་མི་ཏཿ། པུ་རཱི་ཏཿ། དཱ་སི་ཏཿ། སྤཱ་ཤི་ཏཿ། ཚཱ་དི་ཏཿ། ཛྙ་པི་ཏཿ། ར་ལས་ནིཥྛཱའི་ཏའི་ན་སྟེ་པྲཱྀ་མཱུརྩྪི་མ་དི་ཁྱཱ་དྷྱ་ རྣམས་ལས་མ་ཡིན་ནོ། །ནིཥྛཱའི་ཏ་ནི་ནིཥྛཱའི་ཏའོ། །ཏའི་ནི་ནིཥྛཱའི་ཏའོ། །རེ་ཕ་ལས་ཕྱི་མའི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་འགྱུར། པྲྀ་མཱུརྩྪི་མ་དི་ཁྱཱ་དྷྱཱ་རྣམས་ལ་སྟེ་པྲྀ་དང་མཱུརྩྪི་དང་མ་དི་དང་ཁྱཱ་དང་དྷྱཱ་རྣམས་ལས་ནི་ཕ་རོལ་གྱི་མི་འགྱུར་རོ། །མ་དི་ཁྱཱ་དྷྱཱ་རྣམས་ད་ལས་སྔ་མའི་དའི་འང་ངོ་ཞེས་པ་དང་ཨཱཏ་ལས་མཐར་ གནས་བརྩེགས་པ་ལས་སོ་ཞེས་པས་ཐོབ་པ་ལའོ། །ཀཱིརྞྞཿ། ཀཱིརྞ་བཱན། ཤཱིརྞཿ། ཤཱིརྞ་བཱན། ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཤྲཱྀ་འཚེ་བ་ལའོ། །ཤྲྀ་ཨུ་ཡིག་ཅེས་པས་ཨིཊ་མེད་དོ། །རཱྀཏ་མཐའི་ཨིརའོ། །ནཱ་མིནའི་ར་བ་དག་ཅེས་པས་རིང་པོའོ། །ན་ཉིད་དོ། །ར་ལས་ཞེས་པ་ཅི་ཞེ་ན། ཀྲྀ་ཏཿ། ནིཥྛཱ་ སྨོས་པ་ཅི་ཞེ་ན། ཀརྟྟཱ། པྲི་མུཙྪི་མ་དེ་ཁྱཱ་དྷྱཱ་རྣམས་ལས་མ་ཡིན་ནོ་ཞེས་པ་ཅི་ཞེ་ན། པུརྟཿ། མུརྟཿཱ། མཏྟཿ། ཁྱཱ་ཏཿ། དྷྱཱ་ཏཿ། པྲཱྀ་སྐྱོང་བ་ལའོ། །མུརྩྪཱ་སྐྱོང་བ་ལའོ། །མ་དཱི་དགའ་བ་ལའོ། །ཁྱཱ་གཏམ་པ། དྷྱཻ་སེམས་པ་ལའོ། །པྲཱྀ་ཞེས་པ་འདི་མཆུར་གྱུར་ཨུ་པ་དྷཱའི་ཡང་ཨུ་རའོ། །མུརྩྪིའི་ར་ལས་དབྱི་ བར་བྱ་བ་དག་གོ་ཞེས་པས་ཚ་དབྱིའོ། །ནཱ་མིནའི་ར་བ་དག་ཅེས་པས་རིང་པོའོ། །ཙ་རི་ཏ་ཞེས་པ་ལ་སོགས་པ་ལ་ན་ཉིད་དུ་མི་འགྱུར་ཏེ། ཨིཊ་ས་ཏ་ཡིག་གིས་གནོད་པའི་ཕྱིར་རོ། །འོ་ན་དེ་ཉིད་ཀྱི་ཨིཊ་བྱའོ་ཞེས་པས་ཅི་ལྟར་གནོད་དེ་རང་གི་ཆ་ཤས་ཡིན་པས་སོ་ཞེ་ན། དེ་ལྟར་བརྗོད་པ་མ་ཡིན་ནོ། །ཏ་ཡིག་ཙམ་ གྱི་བྱ་བས་ཨིཊའི་བྱ་བ་མ་ཡིན་ནོ། །འོན་ཀྱང་། ཏ་ཡིག་ཨ་ཡིག་དང་ཚོགས་པའི་ནིཥྛཱའི་རྐྱེན་གྱིའོ། །དེའི་ཕྱིར་ནིཥྛཱའི་རྐྱེན་ཨིཊ་ཨཱ་ག་མས་གནོད་པ་མེད་ཀྱི་ཏ་ཡིག་ཙམ་གྱིས་ནི་གནོད་པ་ཉིད་དོ། །ཀྲྀཏའི་བུ་རྒྱུད་ལ་ཀཱརྟིཿ། ཞེས་པ་འདིར་ཡང་མི་འགྱུར་ཏེ། ནང་གི་ཡན་ལག་ལ་ན་ཉིད་དུ་བྱ་བ་ལ་ཕྱིའི་ད་ཕན་ལ་ ལྟོས་པ་ཉིད་ཀྱིས་ཕྱིའི་ཡན་ལག་གི་འཕེལ་བའི་གྲུབ་པར་མ་གྱུར་ན་རེ་ཕ་མེད་པའི་ཕྱིར་རོ། །ད་ལས་སྔ་མའི་དའི་འང་ངོ་། །ད་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ནོར་འགྱུར་ཞིང་སྔ་མའི་ད་ཡིག་གི་འང་ངོ་། །བྷཱིནྣ་བཱན། སྔ་མའི་ཞེས་པ་ཅི་ཞེ་ན། བྷིནྣ་བ་ད་བྷྱཱཾ། བི་དི་ལས་ཀྟ་བནྟུའོ། །འདིས་ན་ཉིད་དོ། །བྷྱཱཾའོ། ། 195-1-315b དྷཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དའོ། །འདིའི་ད་ཡིག་གི་ན་ཉིད་དུ་མི་འགྱུར་རོ། །གལ་ཏེ་མཚན་ཉིད་ལས་བྱུང་བ་ཉིད་ཀྱི་ཕྱིར་མི་འགྱུར་རོ་ཞེ་ན་མཚན་ཉིད་དང་ཁྱད་པར་སོ་སོར་བརྗོད་པའི་ཡོངས་སུ་བཤད་པས་མི་རྟག་པ་ཉིད་བསྟན་པའི་ཕྱིར་ཐོབ་པ་ལའོ། །ཨཱཏ་ལས་མཐར་གནས་བརྩེགས་པ་ལས་སོ། །ཨཱཏ་ལས་ཏི་ཨ་ ཡིག་མཐའ་ཅན་གྱི་བྱིངས་མཐར་གནས་བརྩེགས་པ་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་འགྱུར་རོ། །བི་དྲཱ་ཎཿ། བི་དྲཱ་ཎ་བཱན། གླནཿ། གླཱན་བཱན། དྲ་སྨད་པ་ལའོ། །གླཻ་དགའ་བ་ཟད་པ་ལའོ། །འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ཨཱཏ་ལ་ཞེས་པ་ཅི་ཞེ་ན། ཙྱུ་ཏཿ། མཐར་གནས་བརྩེགས་པ་ལས་ཞེས་པ་ཅི་ ཞེ་ན། སྣེ་ཏཿ། སྣ་གཙང་བ་ལའོ། །བྱིངས་ཀྱི་བརྩེགས་པ་ཉིད་ཁྱད་པར་དུ་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ནིརྱཱ་ཏཿ། ཡཱ་ཐོབ་པ་ལའོ། །ལཱུ་སོགས་དང་ཨོཏ་རྗེས་སུ་འབྲེལ་བ་ལས་ཀྱང་ངོ་། །ལཱུཉ་གཅོད་པ་ལའོ་ཞེས་པ་འདི་ནས་བརྩམས་ཏེ་བྲིཏ་སྒྲའི་མཐར་ཐུག་པའི་བར་གང་ཡིན་པ་དེ་རྣམས་ལཱུ་སོགས་རྣམས་སོ། །ལཱུ་ སོགས་དང་བྱིངས་ཨོ་རྗེས་སུ་འབྲེལ་བ་རྣམས་ལས་ཀྱང་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ཡིག་ཉིད་དུ་འགྱུར་རོ། །ལཱུ་ནཿ། ལཱུ་ན་བཱན། ཛཱི་ནཿ། ཛཱི་ན་བཱན། ཛྱ་ལང་ཚོ་ཉམས་པ་ལའོ། །འདི་ལས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ། ། ཨོ་རྗེས་སུ་འབྲེལ་པ་རྣམས་ལས་ཨུད་བིགྣ། ཨུད་བིགྣ་བཱན། ཨོ་བི་ཛཱི་ཡིད་བྱུང་ལའོ། །ཨོ་ཡིག་འདིའི་དོན་ཏོ། །ལགྣཿ། ལགྣ་བཱན། ཨོ་ལ་ཛི་ཨོ་ལ་རྫི་སྐྱོངས་པ་ལའོ། །པྲ་སཱུ་ནཿ། པྲ་སཱུ་ན་བཱན། ཥུང་སྲོག་ཆགས་མངལ་ནས་གྲོལ་བ་ལའོ། །སུ་སོགས་རྣམས་ཨོ་དི་ཏའོ་ཞེས་པས་ཨོ་ཏ་རྗེས་སུ་འབྲེལ་བའོ། ། དེ་བཞིན་དུ། དུ་ནཿ། དཱུ་ན་བཱན། དུང་ཡོངས་སུ་གདུང་བ་ལའོ། །བུཉའི་ཉམས་པ་ལ་ནི་ཉིད་དུ་བཤད་པར་བྱ་སྟེ། བུ་ནཱ་ཡ་བཱཿ། ཉམས་པ་རྣམས་ཞེས་པའི་དོན་ཏོ། །ཉམས་པ་ལ་ཞེས་པ་ཅི་ཞེ་ན། པུ་ཏ་དྷཱ་ནྱཱཾ། བཀྲ་བ་མ་བྱས་ཞེས་པའི་དོན་ཏོ། །རྀ་ཡིག་དང་ལཱུ་སོགས་རྣམས་ལས་ཀྟ་ནིཥྛཱ་བཞིན་དུ་འདོད་དེ། ཀིརྞྞིཿ། ཀྲྀ་རྣམ་ པར་གཡེང་བ་ལའོ། །ལཱུ་ནིཿ། བུད་མེད་ལ་ཀྟིའོ། །ནིཥྛཱ་བཞིན་ཞེས་བསྟན་པ་ལས་ར་ལས་ནིཥྛཱའི་ཏའི་ཞེས་པས་ན་ཉིད་དོ། །བྲཤྩིའི་ཀའང་ངོ་། །བྲཤྩིའི་ནིཥྛཱ་ཕ་རོལ་ལ་ཀ་ཉིད་དུ་འགྱུར་རོ། །བྲྀཀྞཿ། བྲྀཀྣ་བཱན། ཨོ་བྲཤྩུ་གཅོད་པ་ལའོ། །ཀྟ་དང་ཀྟ་བནྟུའོ། །གྲ་ཧི་ཛྱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །བྲཤྩི་མཤྫ་དག་གི་དྷུཊ་ 195-1-316a ལའོ་ཞེས་པས་མཐའ་དབྱིའོ། །འདིས་ཙ་ཡིག་གི་ཀ་ཉིད་དོ། །ལཱུ་སོགས་དང་ཨོ་རྗེས་སུ་འབྲེལ་པ་ཞེས་པས་ན་ཉིད་དོ། །ཀྵི་ལས་རིང་པོ་ལས་སོ། །ཀྵི་ཟད་པ་ལའོ་ཞེས་པ་འདི་ལས་རིང་པོར་བྱས་པ་ན་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་འགྱུར་རོ། །ཀྵི་ཎཿ། ཀྵཱི་ཎ་བཱན། འགྲོ་བའི་དོན་དང་ལས་མེད་པ་ ཞེས་པས་ཀྟའོ། །ནིཥྛཱ་ལའང་ངོ་ཞེས་པས་རིང་པོའོ། །རིང་པོ་ལས་ཞེས་པ་ཅི་ཞེ་ན། ཀྵི་ཏཾ། དངོས་པོ་ལ་མ་ནིང་ཀའོ། །མི་སྔོན་མ་ཅན་གྱི་བསྒྲུབ་པ་མི་རྟག་གོ་ཞེས་པའི་ཚིག་ལས་རིང་པོ་མེད་དོ། །ཤྱཱ་ལས་རེག་པ་མིན་པ་ལའོ། །ཤྱཻང་འགྲོ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་འགྱུར་ཏེ། གལ་ཏེ་རེག་པ་མིན་ པར་གྱུར་པ་ནའོ། །ཤཱི་ནཾ་གྷྲྀ་ཏཾ། ཤཱི་ནཾ་མེདཿ། ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱཱའི་འོ་ཞེས་པས་སཾ་པྲ་སཱ་ར་ཎའོ། །དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ། །རེག་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཤཱི་ཏཾ་ཛ་ལཾ། ཨཉྩ་ལས་ངེས་པར་ཀུན་སྦྱིན་པ་མ་ཡིན་པ་ལའོ། །ཨཉྩ་འགྲོ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་འགྱུར་ རོ། །གལ་ཏེ་ངེས་པར་ཀུན་སྦྱིན་པ་མ་ཡིན་པར་གྱུར་ནའོ། །ས་མ་ཀྣཿ། ཡང་དག་པར་ཆགས་སོ་ཞེས་པའི་དོན་ཏོ། །ཨནྩིའི་སྔོན་དུ་ས་མའོ། །ཀྟའི་རྐྱེན་ནོ། །ཨ་ནུ་ཥཾ་ག་དབྱིའོ། །ཀ་ཉིད་དོ། །འདིས་ན་ཉིད་དོ། །ངེས་པར་ཀུན་སྦྱིན་པ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨུ་དཀྟ་མུ་ད་ཀཾ་ཀུ་པཱ་ཏ། ཁྲོན་པ་ནས་ཆུ་ཕྱུང་ངོ་ཞེས་པའི་དོན་ཏོ། །ཨཉྩི་ཏཱཿ། ཨཉྩི་ཏ་བཱན། ཞེས་པ་འདིར་མི་འགྱུར་ཏེ། ཨི་ཊས་གནོད་པའི་ཕྱིར་རོ། །འོ་ན་ཨནྩི་ལས་ཨིཊ་མེད་དོ་ཞེས་པས་ཅི་ལྟར་འདི་ལས་ཨིཊ་འགྱུར་ཞེ་ན། མཆོད་པ་ལ་ཨརྩིའི་ཨཊ་དགག་པ་མི་འདོད་དེ།ན་ཉ་ས་བསྟན་པ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །དི་པ་ལས་ལེ་ལོ་ཅན་ལའོ། །དི་བུ་རོལ་རྩེད་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་གི་ན་ ཉིད་དུ་འགྱུར་ཏེ་ལེ་ལོ་ཅན་གྱུར་པ་ལའོ། །ཨཱ་དྷུ་ནཿ། ལེ་ལོ་ཅན་ཞེས་པའི་དོན་ཏོ། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨུཊའོ་ཞེས་པས་བ་ཡིག་གི་ཨུཊའོ། །འོ་ན་ནང་གི་ཡན་ལག་ལ་ཕྱིའི་ཡན་ལག་གྲུབ་པ་ཞེས་པས་ནང་གི་ཡན་ལག་གི་རང་བཞིན་བསྟན་པ་ལ་ཡ་ཉིད་དུ་བྱ་བ་ལ་ཕྱིའི་ཡན་ལག་གི་རྒྱུ་མཚན་གྱི་ཨུཊ་མ་གྲུབ་པ་ཉིད་ཀྱི་ཕྱིར་ཅི་ ལྟར་ཡ་ཉིད་དུ་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་དབྱངས་དག་གིས་བར་མ་ཆོད་ན་ཕྱིའི་ཡན་ལག་མ་གྲུབ་པ་ཡོངས་སུ་བཤད་པའི་རབ་ཏུ་འཇུག་པར་མི་འགྱུར་ཏེ། ཤྭཾ་ཡུ་ཝཾ་མ་གྷྲོ་ན་མ། ཞེས་པས་ཨོ་ཉིད་བྱེད་པའི་ཕྱིར་རོ། །འདིར་ཡང་ཨི་ཡིག་དང་ཨུ་ཡིག་དག་གི་དབྱངས་དག་གིས་བར་མ་ཆོད་པའོ། །ལེ་ལོ་ཅན་ལ་ཞེས་པ་ཅི་ཞེ་ན། 195-1-316b དྷཱུ་ཏ་བརྟྟ་ཏེ། འདིར་ལེ་ལོ་ཅན་མ་ཡིན་པ་རྟོགས་པར་བྱའོ། །ཧྲཱི་གྷྲཱ་ཏྲ་ཨུནྡ་ནུ་ད་བི་ད་རྣམས་ཀྱི་ཡང་ནའོ། །ཧྲཱི་ངོ་ཚ་བ་ལའོ། །གྷྲ་དྲི་ལེན་པ་ལའོ། །ཏྲིང་སྐྱོང་བ་ལའོ། །ཨུནྡི་སློང་བའོ། །ནུ་དཱ་དེད་པ་ལའོ། །བི་ད་རྣམ་པར་འབྱེད་པ་ལའོ། །འདི་རྣམས་ཀྱི་ནིཥྛཱའི་ཏ་ཡིག་གི་ན་ཉིད་དུ་ཡང་ན་འགྱུར་རོ། །ཏྲི་ཎཿ། ཧྲཱི་ ཏཿ། གྷྲཱ་ཎཿ། གྷྲཱ་ཏཿ། ཏྲཱ་ཎཿ། ཏྲཱ་ཏཿ། ས་མུནྣཿ། ས་མུཏྟཿ། ནུནྣཿ། ནུཏྟཿ། བིནྣཿ། བིཏྟཿ། རྣམ་པར་སྤྱོད་པའི་དོན་གྱི་བི་དའི་རྣམ་པར་བརྟག་པ་བཤད་དོ། །ཀྵཻ་ཤུཥི་བ་ཙ་རྣམས་ཀྱི་མ་ཀ་བ་རྣམས་སོ། །ཀྵི་ཟད་པ་ལའོ། །ཤུཥ་སྐེམས་པ་ལའོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། །འདི་རྣམས་ ཀྱི་ནིཥྛཱའི་ཏ་ཡིག་གྲངས་ཇི་ལྟ་བ་བཞིན་དུ། མ་དང་ཀ་དང་བ་རྣམས་གསུམ་དུ་བསྒྱུར་བར་འགྱུར་རོ། །ཀྵམཿ། ཤུཥྐ། པ་ཀྭཿཔྲ་སྟྱཱ་ལས་ཡང་ན་མའོ། །པྲ་སྔོན་མའི་སྟྱཱ་ཡ་ཏི་ལས་ནིཥྛཱའི་ཏ་ཡིག་མ་ཉིད་དུ་ཡང་ན་བཤད་པར་བྱའོ། །པྲསྟཱི་མཿ། པྲསྟྭི་ཏཿ། པྲསྟྱའི་སཾ་པྲ་སཱ་ར་ཎའོ་ཞེས་པས་སཾ་པྲ་སཱ་ ར་ཎའོ། །དེ་མཐའ་རིང་པོའོ་ཞེས་པས་རིང་པོའོ་ཞེས་ཏེ་མ་ཉིད་མེད་པའི་ཕྱོགས་ལ་ཨྭཏ་ལས་མཐར་གནས་བརྩེགས་པ་ལས་སོ་ཞེས་པས་ནིཥྛཱའི་ན་ཉིད་ཅིའི་ཕྱིར་མི་འགྱུར་ཞེ་ན། མི་འགྱུར་ཏེ་ནང་གི་ཡན་ལག་ཉིད་ལས་སཾ་པྲ་སཱ་ར་ཎ་འཇུག་པས་སོ། །ནིརྦཱ་ཎ་རླུང་མ་ཡིན་པ་ལའོ། །ནིརྦཱ་ཎ་ཞེས་པ་ཚིག་ཕྲད་དེ་ ཀླུང་མ་ཡིན་པའི་ཡུལ་ལའོ། །ནིརྦཱ་ཎོ྅གྣིཿ། མེའོ། །འབར་བ་ཞི་བ་ལ་འཇུག་ཅེས་པའམ། བ་འགྲོ་བ་དང་ཞེས་པ་འདིའི་ནིར་སྔོན་མའི་ཎ་ཉིད་ཚིག་ཕྲད་དོ། །རླུང་མ་ཡིན་པ་ཞེས་པ་ཅི་ཞེ་ན། ནིརྦཱཏཿ། རླུང་སྟེ་རླུང་གིས་རླུང་མེད་པའོ། །བྷིཏྟ་རྀཎ་བིཏྟ་རྣམས་དུམ་བུ་བུ་ལོན་ལོངས་སྤྱོད་རྣམས་ལའོ། །སྒྲ་འདི་ རྣམས་ཚིག་ཕྲད་དེ། གྲངས་ཇི་ལྟ་བ་བཞིན་དུ། དུམ་བུ་དང་བུ་ལོན་དང་ལོངས་སྤྱོད་རྣམས་ལ་འཇུག་བཞིན་པ་ནའོ། །བྷིཏྟཾ། བྷི་དི་ལས་ཀྟའི་རྐྱེན་གྱི་ན་ཉིད་མེད་པ་ཚིག་ཕྲད་དོ། །རྀ་ནཾ། རྀ་འགྲོ་བ་ལའོ། །ཎ་ཉིད་ཚིག་ཕྲད་དོ། །བིཏྟཾ། བིདླཾ་ཐོབ་པ་ལའོ། །ན་ཉིད་མེད་པ་ཚིག་ཕྲད་དོ། །བུ་ལོན་སྨོས་པ་ནི་ དུས་གཞན་དུ་སྦྱིན་པར་བྱ་བའི་རྫས་ཉེ་བར་མཚོན་པའི་དོན་ཏོ། །དེས་ན་མཆོག་གི་བུ་ལོན་གྱི་ཡུལ་ལ་རྀཎའི་སྒྲ་ལེགས་སོ། །དུམ་བུ་དང་བུ་ལོན་དང་ལོངས་སྤྱོད་རྣམས་ལ་ཞེས་པ་ཅི་ཞེ་ན། བྷིནྣཿ། རྀ་ཏཾ། བིནྣཾ། ཕུལླ་ཀྵཱི་བ་ཀྲྀ་ཤ་ཨུལླ་གྷ་རྣམས་ཉེར་བསྒྱུར་མེད་པ་ལས་སོ། །ཕུལླ་དང་ཀྵི་བ་དང་ཀྲྀ་ཤ་དང་ཨུལླ་གྷ་ཞེས་ 195-1-317a པའི་སྒྲ་འདི་རྣམས་ཚིག་ཕྲད་གལ་ཏེ་ཉེར་བསྒྱུར་ལས་ཕ་རོལ་ཏུ་མ་གྱུར་ནའོ། །ཕུལླཿ། ཉི་ཕ་ལཱ་རྒྱས་པ་ལའོ། །ཀྟའི་རྐྱེན་ནོ། །ཙ་ར་ཕལ་དག་གི་ཨའི་ཨུཏའོ་ཞེས་པས་ཨུ་ཉིད་དོ། །ཏ་ཡིག་གི་ལ་ཉིད་ཚིག་ཕྲད་དོ། །ཀྵཱི་བཿ། ཀྲྀ་ཤཿ། ཨུལླཱ་གྷཿ།ཀྵཱེ་བྲི་མྱོས་པ་ལའོ། །ཀྲྀཤ་ཕྲ་མོར་བྱེད་པ་ལའོ། ། ལཱ་གྷི་ནུས་པ་ལའོ། །ཨུཏ་སྔོན་དུའོ། །ཀྟའི་རྐྱེན་ནོ། །ཨིཊ་དང་ཏ་ཞེས་པ་འདི་དག་གི་ཚིག་ཕྲད་དོ། །ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་ཕུ་ལི་ཏཿ། པྲ་ཀྵཱི་བི་ཏཿ། པྲ་ཀྲྀ་ཤི་ཏཿ། པྲོལླ་གྷི་ཏཿ། སྔར་བཞིན་ཕ་ལའི་ཨུ་ཉིད་དོ། །ཨུཏ་དང་སཾ་སྔོན་ལ་ནི་ཕུལླ་སྒྲ་ཚིག་ཕྲད་དོ། །ཨུཏྥུལླཿ། སཾ་ཕུལླཱཿ། སྔར་བཞིན་ ཚིག་ཕྲད་ལས་གྲུབ་པའོ། །ཨ་ཡིག་ལས་ཨཱུཊའི་འཕེལ་བའོ། །ཨ་ཡིག་ལས་ཕ་རོལ་གྱི་ཨཱུཊ་འཕེལ་བར་འགྱུར་རོ། །བྷཱཽཿ། ཡཽཿ། བྷཱུ་ཡོད་པ་ལའོ། །ཡུ་བསྲེ་བ་ལའོ། །རྒྱུ་ལ་ཨིནའོ། །འཕེལ་བའོ། །ཀྲིཔའོ། །ཀ་རི་ཏ་དབྱིའོ། །ཆ་བ་དག་གི་ལྔ་པ་ལའང་ཤ་ཨཱུཊའོ་ཞེས་པས་བ་ཡིག་གི་ཨཱུཊའོ། །ཊ་ཡིག་ འདིའི་དོན་ཏོ། །འདིས་ཨཱུཊའི་འཕེལ་བ་ཨཽ་ཡིག་གོ། །འོ་ན་དབྱངས་བསྒྱུར་བའི་ཡོངས་སུ་བཤད་པས་ཀཱ་ར་ཏ་ཕྱིས་པའི་གནས་ཅན་བཞིན་འགྱུར་བའི་ཕྱིར་ཀྭིཔའི་རྐྱེན་ཕ་རོལ་ཏུ་གྱུར་པ་ལ་མེད་པའི་ཕྱིར། ཅི་ལྟར་ཨཱུཊ་བསྒྱུར་བ་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་ཀྭིཔ་ལ་ཕྱིས་པ་ལ་གནས་ཅན་བཞིན་འགྱུར་བ་དགག་པར་ བྱ་སྟེ། ཀླིཔ་ལ་ཕྱིས་པ་ལ་གནས་ཅན་བཞིན་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ། །ཨ་ཡིག་ལས་ཞེས་པ་ཅི་ཞེ་ན། ཨུཿ། ཨ་བ་རཀྵ་སྐྱོང་བ་ལའོ། །ཤྲི་བི་ཨ་བི་མ་བི་ཛྭ་རི་ཏྭ་ར་རྣམས་ཀྱི་ཨུ་པ་དྷཱའིའོ་ཞེས་པས་བ་ཡིག་དང་ཨུ་པ་དྷཱའི་ཨཱུཊའོ། །ཨཽ་ཞེས་བྱ་བ་ལ་འཕེལ་བ་སྨོས་པ་ནི་བཀྲ་ཤིས་པའི་དོན་ཏོ། ། ཞེས་པ་ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏའི་སྐབས་སུ་རྐང་པ་དྲུག་པ་རྫོགས་སོ།། །།ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པ་ཀུན་ཐོབ་བོ་ཞེས་པའོ། །འདི་ནི་ཆོས་ཀྱི་རྗེ་སྐད་གཉིས་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཐུབ་པའི་དབང་པོ་དང་ མཁྱེན་རབ་མི་གཉིས་པ། དཔལ་ལྡན་བློ་གྲོས་བརྟན་པའི་བཀའ་དྲིན་ལས་བདེ་བར་གཤེགས་པའི་གསུང་རབ་དང་ཐ་སྙད་ཀྱི་གཙུག་ལག་རྣམས་ལ་བློ་གྲོས་རྒྱ་ཆེར་ཐོབ་པ་གངས་ཅན་གྱི་ཁྲོད་དུ་སྐད་གཉིས་སྨྲ་བ་ཤཱཀྱའི་དགེ་སློང་བྱང་ཆུབ་རྩེ་མོས་དྭགས་པོ་རྫམ་ཡུལ་དུ་བསྒྱུར་བ་རྫོགས་སོ།། །། 195-1-317b