14-1-1a 14-1-1b ༄༅༅། །རྒྱ་གར་སྐད་དུ། ཤེ་ཀོདྡེ་ཤ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དབང་མདོར་བསྟན་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཁྲིག་ པ་རྣམ་སྤངས་ཤིང་། །ཕྱག་རྒྱ་ཆེ་ལ་མཉམ་པར་སྦྱོར། །ཟག་མེད་བདེ་བ་ལ་འཁྱུད་པ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཉིད་ནི་རྣམ་སྤངས་ཤིང་། །རྟོག་མེད་ཉིད་ལ་རྟག་ཏུ་ཞུགས། །རྣམ་རྟོག་ མི་མངའ་ཆོས་ཀྱི་སྐུ། །རྟོག་བྲལ་སྐུ་ལ་བདག་ཕྱག་འཚལ། །ཟག་བཅས་རྨི་ལམ་གནས་སྐབས་སྤངས། །ཆོས་རྣམས་རྨི་ལམ་ལྟ་བུར་མཁྱེན། །བདེ་བ་གཞན་ལ་སྨོད་མི་མཛད། །ལོངས་སྤྱོད་ རྗོགས་སྐུ་བདག་ཕྱག་འཚལ། །འཇིག་རྟེན་སད་པའི་བྱ་བ་སྤངས། །སྤྲུལ་པའི་མཛད་པས་འཇིག་རྟེན་ལ། །ཟག་མེད་བྱ་བ་སྟོན་མཛད་པ། །གར་མཛད་སྐུ་ལ་བདག་ཕྱག་འཚལ། །འདི་ནི་བྱིས་པ་གང་དག་ རྣམས། །བླ་མ་ལེགས་པར་མ་བསྟེན་པའི། །རྒྱུད་རྣམས་ལོག་པར་སྟོན་བྱེད་པ། །ཤེས་རབ་འཆལ་བ་ཅན་རྣམས་འབྱུང་། །དེ་རྣམས་ལ་ནི་ཕན་བྱའི་ཕྱིར། །བསྡུས་པའི་དབང་གི་རྒྱ་ཆེར་འགྲེལ། །འགྲོ་ 14-1-2a ལ་རྗེས་སུ་བརྩེ་བ་ཡིས། །བདག་གིས་མྱུར་དུ་བྲི་བར་བྱ། །དེ་ལ་བཅོམ་ལྡན་འདས་ས་བཅུ་གཉིས་ཀྱི་དབང་ཕྱུག་གིས་མཆོག་གི་དང་པོའི་སངས་རྒྱས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་བརྟག་པ་ལྔ་པའི་ བདག་ཉིད་གསུངས་པ་ཡིན་ལ། འདི་ནི་བརྟག་པ་རྣམ་པ་ལྔ་ལས་ཀྱང་། འཇིག་རྟེན་ལས་འདས་པའི་དབང་འབའ་ཞིག་སླར་བཟླས་ཏེ་གསུངས་པ་ཡིན་ནོ། །གང་དག་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་ཚིག་ཀྱང་འདི་ཉིད་དེ། བཞི་པ་ལེགས་ པར་སྟོན་པའི་ཕྱིར་རོ། །དེ་བས་ན་བདག་གིས་འདིའི་དོན་རྩ་བའི་རྒྱུད་དུ་བསྟན་པ་དང་། དེའི་རྒྱ་ཆེར་འགྲེལ་རྒྱལ་པོ་ཟླ་བ་བཟང་པོས་མཛད་པ་དང་། གཞན་ཡང་སྔོན་གྱི་མཁན་པོ་ནཱ་གཱ་རྫུ་ན་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་གསལ་བར་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུངས་པ། ཕྱི་མའི་དུས་ཀྱི་རྣལ་འབྱོར་སྤྱོད་མང་དག །བརྐམ་ཞིང་རབ་གཏུམ་མ་བསྡམས་འབྱུང་བར་འགྱུར། །སྡིག་ལ་རབ་དགའ་རྣལ་འབྱོར་ཡོ་བྱད་ ཆགས། །རྒྱུད་ཆེན་འདི་དང་བཞི་པ་འདི་སྤོང་འགྱུར། །རྒོད་ཅིང་དབང་པོ་གཡེངས་ལ་ཕྲག་དོག་ཅན། །གནས་ལ་ཆགས་ཤིང་རྙེད་པ་འདོད་པ་དག །སྦྱོར་བར་བྱེད་པའི་སྐབས་ལ་རྟག་ཏུ་གནས། །བཞི་པ་འདི་ནི་རབ་ཏུ་སྤོང་བར་འགྱུར། །རྐང་ལག་ 14-1-2b རྡེགས་ཤིང་ཁ་ནི་གྱ་ཚོམ་སྨྲ། རྩེ་འཇོ་དགོད་ལ་རྟག་པར་རབ་ཏུ་ཞུགས། གཅིག་ལ་གཅིག་ནི་མགུལ་འཁྱུད་ལག་པ་སྦྲེལ། །གྲོང་དུ་འཇུག་ན་སྤྱོད་ལམ་གཞན་དུ་འཆོས། །མི་རིགས་སྦྱོར་བའི་མཚན་ཉིད་འདི་དག་སྟེ། གཞན་གྱི་བུ་མོ་ལ་ཡང་རྟག་ཏུ་ཆགས། །གཟུགས་ཀྱིས་ཆགས་ཤིང་མདུད་ པ་བོར་བ་ཡིན། །གྲོང་དང་གྲོང་ཁྱེར་ཡུལ་འཁོར་ཀུན་དུ་རྒྱུ། །དེ་དག་བཟའ་དང་བཏུང་ལ་རབ་ཏུ་ཞུགས། །གླུ་དང་བྲོ་གར་དེ་བཞིན་རོལ་མོ་དང་། །ཉོ་འཚོང་ལྷག་པར་བྱེད་ཅིང་རབ་ཏུ་བརྩོན། །བཏུང་བ་དག་ལ་ཆགས་ཤིང་ངོ་ཚ་བོར། མི་རིགས་བརྩོན་པའི་སྤྲིང་ཡིག་བསྐུར་བར་བྱེད། །དམ་ཚིག་དེ་བཞིན་ སྤྱོད་ལམ་བསྟན་ནས་ནི། །ཁྱིམ་པ་དག་དང་བསྟེན་ཅིང་དམ་དྲལ་ནས། །དེ་དག་དམ་ཚིག་ལོག་པར་ཤིན་ཏུ་གནས། །ལས་གང་རྡོ་རྗེ་འཆང་གིས་རྟག་སྨད་པ། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པར་ཞུགས། །དེ་འདྲའི་སྡིག་པ་ཉོན་མོངས་ལས་བྱས་པས། །ལས་ངན་བྱེད་པ་དེ་དག་ངན་སོང་འགྲོ། །དུང་དང་གསེར་ དང་ནོར་བུ་ནོར་མང་དང་། །ཁྱིམ་དང་གཉེན་བཤེས་རྣམ་སྤངས་དཀྱིལ་འཁོར་ཞུགས། །སངས་རྒྱས་བསྟན་པ་འདི་ལ་ངེས་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་རྣལ་འབྱོར་ནན་ཏན་མེད་ པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་དཀྱིལ་འཁོར་ཞུགས། །ངས་ནི་སྔོན་ཚེ་རྣལ་འབྱོར་སྤྱད་པ་ན། །ལུས་དང་སྲོག་ལ་རབ་ཏུ་མ་བལྟས་པར། །ང་ཡིས་ཏིང་འཛིན་ཞི་བ་འདི་བརྩམས་ན། །དེ་དག་དེ་ཚེ་འདི་ཐོས་གང་མོས་འདེབས། །བཟོད་པ་སྤངས་ན་རབ་ཏུ་སྤྲོ་བར་བྱེད། །རྣལ་འབྱོར་སྤྱོད་པ་དེ་ཡིས་ཚིག་ཏུ་ སྨྲ། དམ་ཚིག་ཉམས་ལ་བྱང་ཆུབ་ག་ལ་ཡོད། །དམ་ཚིག་བྲལ་ནས་བྱང་ཆུབ་འདི་ཐོབ་པ། །ངས་ནི་མ་ཐོས་ནམ་ཡང་ཡོད་མ་མཐོང་། །ཤེས་རབ་དམན་ཞིང་ཡོན་ཏན་རྣམ་སྤངས་ལ། །རྒྱུད་ཆེན་མཆོག་གི་ཡོན་ཏན་རྟག་ཏུ་བརྗོད། །འཚོ་བ་མེད་པ་མང་པོ་རྣལ་འབྱོར་བྱེད། །སངས་རྒྱས་བྱང་ཆུབ་ རྣམ་པ་ཀུན་མི་འདོད། །བྱིས་པ་དེ་དག་རྟག་ཏུ་ལྟ་ལ་ཆགས། །སྟོང་པ་ཉིད་ནི་ཐོས་ན་སྔང་སྐྲག་འགྱུར། །གང་དག་དམ་ཚིག་སྲུང་ཞིང་ཡོན་ཏན་ལྡན། །བྱམས་ལ་གནས་ཤིང་རྟག་ཏུ་བཟོད་རྟོགས་པ། །མཉེན་ཞིང་དེས་ལ་ཤིན་ཏུ་ལྡོམ་པ་རྣམས། །དེ་དག་དེ་ཚེ་ཡོངས་སུ་ཉམས་པར་འགྱུར། །གང་ཡང་ 14-1-3a ཤིན་ཏུ་དམ་བྲལ་སེམས་ལྡན་དང་། །མི་བཟད་མ་རུངས་ངན་པའི་ལས་བྱེད་པ། །དམ་ཚིག་མ་ཡིན་སྤྱོད་ཅིང་འཐབ་ལ་དགའ། །དེ་དག་དེ་ཡི་དུས་ན་མཆོད་པར་འགྱུར། །བསྒོམ་པར་བྱ་ཞིང་རབ་ཏུ་གོ་བར་བྱ། །ཟླ་བཟངས་ང་ལ་དད་པའི་ཕྱིར་འབྲང་ན། །བདེ་བར་གཤེགས་པའི་ བསྟན་པ་འདི་དྲན་ནས། །དེ་དག་ལ་ནི་ནམ་ཡང་ཡིད་མ་རྟོན། །དེ་དག་འདོད་ཆགས་ཆེ་ཞིང་ཞེ་སྡང་ཆེ། །གཏི་མུག་ཆེ་ཞིང་ང་རྒྱལ་དྲེགས་པས་རྒྱགས། །ལུས་ཀྱང་མ་དུལ་ངག་ཀྱང་མ་དུལ་ཞིང་། །སེམས་ཀྱང་མ་དུལ་ངན་སོང་གཞོལ་བ་ཡིན། །རྣལ་འབྱོར་དམ་ཚིག་དག་ལ་མི་སྤྱོད་དེ། །ཚིག་ཙམ་ གྱིས་ནི་དངོས་གྲུབ་ཐོབ་མི་འགྱུར། །ནན་ཏན་ལྷུར་བྱེད་དངོས་གྲུབ་ཐོབ་མི་དཀའ། །དེ་བས་དམ་ཚིག་དག་ལ་ནན་ཏན་བྱ། །ཞེས་སོ། །དེ་ལྟ་བུའི་རྣལ་འབྱོར་པའི་མིང་ཙམ་དང་ལྡན་པ་རྣམས་རྣལ་འབྱོར་གྱི་སྤྱོད་པ་ཕྱིན་ཅི་ལོག་པར་སྤྱོད་པར་འགྱུར་བ་བསྟན་པ་དང་། རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ཀྱི་དོན་ ལོག་པར་བཀྲལ་བས་ལོག་པའི་ལམ་དུ་འཇུག་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་ནི་སྐད་ཅིག་མ་འགྱུར་བའི་བདེ་བ་འཇིག་རྟེན་ཕལ་པའི་ཟག་པ་དང་བཅས་པ་ཉིད་ཡིན་ཞེས་བརྗོད་པ་དག་འབྱུང་ངོ་ཞེས་གསུངས་པས་དེ་བས་ན་བདག་གིས་ངེས་པའི་དོན་གྱི་མདོ་དང་། རྒྱུད་གཅིག་ནས་གཅིག་གི་ངེས་པའི་ དོན་གྱིས་གསལ་བར་བྱའོ། །དེ་ལ་རྒྱུད་ཀྱང་ཁ་ཅིག་ནི་དྲང་བའི་དོན་དུ་བསྟན་ལ། ཁ་ཅིག་ནི་ངེས་པའི་དོན་དུ་བསྟན་ལ། ཁ་ཅིག་ནི་གཉིས་ཀ་སྟོན་ཏོ། །དེ་ཡང་ཇི་སྐད་དུ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བཤད་པ་ལས། དགོངས་པས་བཤད་དང་དགོངས་མིན་དང་། །ཇི་ བཞིན་སྒྲ་དང་ཇི་བཞིན་མིན། །དྲང་བའི་དོན་དང་ངེས་པའི་དོན། །རྒྱུད་ནི་མཐའ་དྲུག་མཚན་ཉིད་ཅན། །ཞེས་གསུངས་སོ། །གཞན་ཡང་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའི། དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱའོ་ཞེས་གསུངས་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ ལས་ཇི་སྐད་དུ་ལྷའི་དབང་པོའི་ཏིང་ངེ་འཛིན་ནི་རྣམ་པ་གཉིས་ཏེ། མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང་། །ཞེས་གསུངས་སོ། །གཞན་ཡང་ 14-1-3b དྲང་བ་དང་ངེས་པའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་ལས་ཇི་སྐད་དུ། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་སྲོག་དང་ཕྲལ་ཡང་ངན་སོང་དུ་ཡང་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྗོགས་པའི་བྱང་ཆུབ་ཏུ་མངོན་པར་རྗོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་ གསུངས་པ་ལྟ་བུ་སྟེ། དྲང་བའི་དོན་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགྲ་བཅོམ་པ་གསོད་པར་བརྩོན་པ་ལ་སོགས་པའི་རྣལ་འབྱོར་སྟོབས་དང་ལྡན་པ་རྣམས་ཀྱི་ཞེ་སྡང་གི་རིགས་སུ་སྐྱེས་པ་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ལ་དེ་སྐད་ཅིག་ཙམ་ཞིག་གཞོམ་གྱི། རྣམ་པ་ཀུན་དུ་ གཞོམ་པ་ནི་མ་ཡིན་ནོ། །དེས་ནི་བདག་གཞན་གཉིས་ཀའི་དངོས་གྲུབ་རྒྱུར་གྱུར་པ་ལྟ་བུའོ། །ངེས་པའི་དོན་ནི། སྲོག་ཅེས་བྱ་བ་རླུང་དུ་བཤད། །ཉིན་མཚན་རྣམས་སུ་རབ་རྒྱུ་བའི། །གང་ཞིག་རླུང་ནི་རབ་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་སྟ་བུའོ། །དེ་བཞིན་དུ་ལུས་ ཅན་ཐམས་ཅད་ལ་གནས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྲོག་ཡིན་ལ། དེའི་རྒྱུ་བ་བཅད་པ་ནི་སྲོག་བཅད་པའོ་ཞེས་གསུངས་སོ། །དེ་བས་ན་རྒྱུད་ཐམས་ཅད་ཀྱང་ངེས་པ་དང་དྲང་བའི་དོན་དུ་གནས་པར་རྟོན་པར་བྱས་ལ། དང་པོའི་ལས་ཅན་གྱི་རྣལ་འབྱོར་པ་རྣམས་ལ་ཡང་རྡོ་རྗེ་སློབ་དཔོན་རྟོན་པ་རྣམས་ ཀྱིས་དོན་གཉིས་པོ་ཇི་ལྟ་བ་བཞིན་དུ་རིམ་པས་རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་མ་འོངས་པར་འབྱུང་བར་འགྱུར་བ་ལ་སོགས་པའི་རྡོ་རྗེ་འཆང་གིས་གསུངས་པ་རྣམས་བདག་གིས་གསལ་བར་བསྟན་ཅིང་། དེ་ལྟ་བས་ན་མདོར་བསྟན་པའི་དབང་གི་རྒྱ་ཆེར་འགྲེལ་རྩོམ་པ་ལ་འཇུག་པ་བསྟན་ནས། ད་ ནི་རྒྱུད་ཉིད་ཀྱི་དོན་ལ་འཇུག་པར་བྱའོ། །དེ་ལ་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་བཅུ་པ་ལས་དབང་མདོར་བསྟན་པ་འདི་ཕྱུང་བ་ཡིན་ལ། དེ་ཉིད་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཞུ་བ་པོས་ཞུས་པ་ནི་ཟླ་བ་བཟང་པོས་གསོལ་པ། སྟོན་པ་དབང་ནི་རྣམ་བདུན་དང་། །རྣམ་གསུམ་ དེ་བཞིན་བླ་ན་མེད། །འཇིག་རྟེན་འཇིག་རྟེན་འདས་བསྒྲུབ་ཕྱིར། །བསྡུས་པ་ཡིས་ནི་བདག་ལ་གསུངས། །ཞེས་བྱ་བ་སྨོས་ཏེ། སྟོན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དུས་ཀྱི་འཁོར་ལོའི་ཏེང་ངེ་འཛིན་དུ་ཞུགས་པ་ལ་གུས་པའི་ཚུལ་གྱིས་བོས་པའོ། །དུས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ཉིད་གང་ཡིན། དུས་ 14-1-4a ནི་གང་འཁོར་ལོ་ནི་གང་སྙམ་པ་ལ། ཇི་སྐད་དུ་རྩ་བའི་རྒྱུད་ལས། །ཕྱི་དང་ནང་གི་དབྱེ་བ་ཡིས། །དུས་ནི་རྣམ་པ་གཉིས་སུ་འདོད། །དེ་བཞིན་འཁོར་ལོ་ཡང་རྣམ་གཉིས། །དུས་ཀྱི་འཁོར་ལོར་རབ་ཏུ་བརྗོད། །ཕྱི་ཡི་དུས་ནི་རྣམ་པ་ལྔ། །ནང་གི་སྟེང་འོག་རབ་དབྱེ་བས། །རྣམ་པ་ གཉིས་སུ་ཤེས་བྱ་ཞིང་། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །དྲུག་ཅུ་དང་ནི་བཅུ་གཉིས་ཁྱིམ། དེ་བཞིན་ཉིན་དང་མཚན་མོ་དང་། །བགྲོད་པ་གཉིས་དང་དུས་ཚོད་དེ། །རྣམ་པ་ལྔར་ནི་མངོན་པར་བརྗོད། །སྟོང་ཡང་གཡས་དང་གཡོན་པ་ལ། །འབྱུང་དང་འཇུག་པར་བྱེད་པ་དང་། །དཀྱིལ་འཁོར་ལ་ ལྔ་དབྱེ་བ་ཡིས། །རྣམ་པ་གསུམ་དུ་རབ་ཏུ་བཤད། །འོག་གི་འབྱུང་འཇུག་བྱེ་བྲག་གིས། །རྣམ་པ་གཉིས་སུ་བརྟག་པར་བྱ། །འདི་དག་སྤྱིར་ནི་རྟོགས་པར་བྱ། །བཟང་ངན་བསམ་མི་ཁྱབ་པ་གསུམ། །བཟང་དུས་གང་ཡིན་དེ་བླང་ཞིང་། །ངན་པའི་དུས་ནི་སྤང་བར་བྱ། །བསམ་མི་ཁྱབ་པར་ཀུན་དུ་བླང་། ། རྒྱུད་རྣམས་ཀུན་གྱི་དོན་འདི་ཡིན། །འཁོར་བར་འཁོར་ལོ་རབ་ཏུ་བརྗོད། །ཅེས་གསུངས་པ་ཡིན་ནོ། །གཞན་ཡང་ཡི་གེ་རེ་རེས་བཤད་པ་ནི་བསྡུས་པའི་རྒྱུད་ཀྱི་འགྲེལ་པ་ལས་རྟོགས་པར་བྱའོ། །དབང་ནི་རྣམ་པ་བདུན་ཞེས་པ་ནི་འོག་ནས་སྟོན་བཞིན་པའི་རྣམ་པ་བདུན་ནོ། །རྣམ་གསུམ་ཞེས་པ་ནི་བུམ་པ་ དང་གསང་བ་དང་ཤེས་རབ་ཡེ་ཤེས་སོ། །དེ་བཞིན་བླ་ན་མེད་ཅེས་པ་ནི་བཅུ་གཅིག་པ་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ངོ་། །འཇིག་རྟེན་འཇིག་རྟེན་འདས་བསྒྲུབ་ཕྱིར། ཞེས་པ་ནི་རེ་ཞིག་འཇིག་རྟེན་པའི་དབང་བཅུས་ནི་འཇིག་རྟེན་པ་ཉིད་ཀྱི་འབྲས་བུ་སྟེར་ལ། ཤེས་རབ་ཆེན་པོས་ནི་འཇིག་རྟེན་ལས་ འདས་པ་དང་འཇིག་རྟེན་པའི་འབྲས་བུ་གཉིས་ཀ་སྟེར་བའོ། །ཅིའི་ཕྱིར་ཤེས་རབ་ཆེན་པོས་གཉིས་ཀ་སྟེར་སྙམ་པ་ལ། སྐྱེ་དགུའི་བདག་པོ་ཡིན་པའི་ཕྱིར་དང་། དཔེར་བྱ་ཀུན་ལས་འདས་པའི་ཕྱིར་དང་། ཕྱིར་མི་ལྡོག་པ་ཕྱིར་མི་འོང་བ་ཡིན་པའི་ཕྱིར་དང་། དགེ་སློང་དགྲ་བཅོམ་པ་ཆེན་པོ་ཟག་པ་ཐམས་ཅད་ ཟད་པ་ཡིན་པའི་ཕྱིར་དང་། འཇིག་རྟེན་པའི་འཛག་པའི་འདོད་ཆགས་དང་བྲལ་ནས་མི་འཛག་པའི་འདོད་ཆགས་ཆེན་པོ་ཡིན་པའི་ཕྱིར་དང་། བསླབ་པར་བྱ་བའི་གནས་ཐམས་ཅད་མཐར་སོན་ནས་གང་ལ་ཡང་མི་སློབ་པའི་ཕྱིར་དང་། རང་སངས་རྒྱས་བསེ་རུ་ལྟར་གཅིག་པུ་ཡིན་པའི་ཕྱིར་དང་། གང་ཅི་ཡང་རུང་བ་ 14-1-4b འདུས་པའི་ཚོགས་ཀྱི་དཔོན་དུ་གྱུར་པ་ཡིན་པའི་ཕྱིར་དང་། ནམ་མཁའ་ལས་བྱུང་བ་ཉིད་དང་། རང་འབྱུང་བ་ཉིད་ཡིན་པའི་ཕྱིར་དང་། རྒྱུ་མཐུན་པ་ལས་ཡང་དག་པར་བསྐྱེད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་འཇིན་རྟེན་པའི་ནི་འཇིན་རྟེན་པ་ཉིད་ཡིན་བའི་ཕྱིར་ཏེ། བྱིས་པ་རྣམས་གཟུད་པ་ཡིན་པའི་ ཕྱིར་དང་། ཀུན་རྫོབ་ཉིད་ཡིན་པའི་ཕྱིར་དང་། འགྱུར་བ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང་། ཕུང་པོ་དང་ཁམས་ཟད་པར་བྱེད་པ་ཡིན་པའི་ཕྱིར་དང་། རྒྱུད་གཞན་ལ་ལྟོས་པར་བྱེད་པ་ཡིན་པའི་ཕྱིར་དང་། བཅོམ་པ་ཡིན་པའི་ཕྱིར་དང་། ཁ་མར་བལྟས་པ་ཡིན་པའི་ཕྱིར་དང་། ཞེ་སྡང་བསྐྱེད་པའི་རྒྱུ་ཡིན་ པའི་ཕྱིར་དང་། འཇིག་རྟེན་ཕལ་པ་དང་ཐུན་མོང་ཡིན་པའི་ཕྱིར་དང་། འཁོར་བའི་འབྲས་བུ་སྟེར་བའི་ཕྱིར་རོ། །འདི་ལྟ་སྟེ། གཟའ་དང་ཚེས་དང་སྐར་མ་དང་། །སྦྱོར་བ་དང་ནི་བྱེད་པ་དང་། །འདི་རྣམས་བཟང་ངན་ཤེས་པ་ལ། །འཇིག་རྟེན་འབྲས་བུ་བསྒྲུབ་ན་འགྲུབ། །ཅེས་གསུངས་ལ། ཅིག་ཤོས་ནི་ ཡང་ཇི་སྐད་དུ། །དེ་ཉིད་མེད་པའི་རྣལ་འབྱོར་པས། །ངེས་པར་བརྟུལ་ཞུགས་སྨྱུང་བ་དང་། །ཡི་གེའི་དོན་ལ་བསྒོམས་པས་ནི། །བསྐལ་པ་བྱེ་བ་བརྒྱས་མི་འགྲུབ། །ཅེས་གསུངས་སོ། །དེ་བས་ན་དེ་ཉིད་ཇི་ལྟ་བ་བཞིན་དུ་བདག་གིས་རྟོགས་པར་འགྱུར་བའི་རྣམ་གྲངས་ཀྱིས་བཤད་དུ་གསོལ་ཞེས་པའི་དོན་ཏོ། །དེ་ཡང་ ཚུལ་ཇི་ལྟ་བར་སྙམ་པ་ལ། བསྡུས་པ་ཡིས་ནི་ཞེས་བྱ་བ་སྨོས་པ་ཡིན་ལ། བསྡུས་པ་ཡང་ཚིག་ནི་བསྡུས་པ་ཡིན་ལ་དོན་ནི་རྒྱས་པའི་སྒོ་ནས་ཞེས་དགོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གསུང་བར་བཞེད་ནས་སོ། །ཉོན་ཅིག་ཟླ་བཟངས་ཞེས་པ་ནི་བོད་པའོ། །དབང་གི་དོན་ཞེས་བྱ་བ་ ལ། དབང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དོན་ཞེས་པ་ནི་གོང་དུ་བསྟན་པའོ། །དེ་ཡང་ཡི་གེ་བཞིས་བསྟན་པར་བྱས་ཏེ། ཨ་བྷི་ཥེ་ཀ་ཆེས་བྱ་བ་ནི། སྤྲུལ་པའི་འཁོར་ལོ་རྡོ་རྗེ་སེམས། །ཕྱག་གཉིས་ཧེ་རུ་ཀ་ཡང་དེ། །དེ་ཉིད་ཀྱི་འཇིག་རྟེན་གསུམ་ཁྱབ་པས། །ངོ་བོ་ཉིད་དུའང་དེ་བརྗོད་དེ། །སངས་ རྒྱས་སྐུ་ནི་བདེ་ཆེན་པོ། །ཡེ་ཤེས་རྡོ་རྗེ་ཡང་དེ་ཉིད། །ལྷན་ཅིག་སྐྱེས་དགའ་ཡང་དེ་ཉིད། །རྒྱུ་མཐུན་དག་ཏུ་དེ་བརྗོད་དེ། །དེ་ཉིད་རྩེ་གཅིག་དག་ཏུ་དྲན། །བཞི་པའི་གནས་སྐབས་ཟད་པ་དེ། །ཡི་གེ་མཆོག་སྟེ་རྣམ་པར་དག །རྡོ་རྗེ་སྙིང་པད་དབུས་སུ་བཞུགས། །དེ་ཉིད་ཧཱུྃ་ཡིག་སེམས་དཔར་བརྗོད། །མི་བསྐྱོད་ 14-1-5a པ་ཡང་དེ་ཉིད་དེ། །དེ་ཉིད་ཐུགས་ཀྱི་རྡོ་རྗེར་བརྗོད། །ཁྱབ་འཇུག་དེ་ནི་ཕྱག་བཞི་པ། །དེ་ཉིད་ཛྭཱ་ལ་ཛྭཱ་ལར་བརྗོད། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཆོས་འཁོར་ལ་ཞུགས་རྡོ་རྗེ་ཅན། །དགའ་བ་མཆོག་གི་གཟུགས་འཛིན་པ། །དེ་ཉིད་རྣམ་པར་སྨིན་པར་བརྗོད། །གཉིད་ལོག་པ་ནི་སྤོང་བ་པོ། ། ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་དེ་བརྗོད་དེ། །མགྲིན་པའི་ལོངས་སྤྱོད་འཁོར་ལོ་སྟེ། །འོད་དཔག་མེད་དུ་མངོན་པར་བརྗོད། །གསུང་གི་རྡོ་རྗེ་བརྗོད་པའང་དེས། །ཕྱག་ན་པདྨ་དེ་བཞིན་གཤེགས། །དགའ་བ་མཆོག་ཏུའང་དེ་ལ་བརྗོད། །སྐྱེས་བུ་བྱེད་པ་འང་དེ་ལ་གསུངས། །འཇུག་པ་ དང་ནི་ལྡོག་པ་དང་། །རྨི་ལམ་གནས་སྐབས་ཟད་པའང་དེ། །དེ་ཉིད་ལོངས་སྤྱོད་རྗོགས་པའི་སྐུ། །སངས་རྒྱས་ཆོས་རྣམས་སྟོན་པའང་ཡིན། །ཞལ་གསུམ་རྣམ་པའི་ཕྱག་དྲུག་པ། །དེ་ཉིད་ཁོ་ན་བདེ་བྱེད་བརྗོད། །ཀི་ཏི་ཀི་ཏི་རྡོ་རྗེའང་དེ། །ཧེ་རུ་ཀ་ནི་གསུམ་པར་འགྱུར། །རྟག་ཏུ་དམ་ཚིག་ལ་གནས་པ། ། གང་ཞིག་གནས་པ་ཡོངས་སུ་བགྲོད། །དམ་ཚིག་ཀུན་རྫོབ་དཀར་པོ་སྟེ། །དཔྲལ་བར་བདེ་ཆེན་དགའ་ན་བཞུགས། བདུད་རྩི་ལ་ཞུགས་སེམས་དཔའ་ནི། །ཨོཾ་གྱིས་ཡོངས་སུ་བརྗོད་པར་བྱ། །དེ་ཉིད་རྣམ་པར་སྣང་མཛད་བརྗོད། །སྐུ་ཡི་རྡོ་རྗེ་དེ་ཉིད་དེ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །དེ་ཉིད་ཁོ་ནར་ ཡོངས་སུ་བརྗོད། །དགའ་བ་ཚངས་པའི་གཟུགས་ཡིན་ཏེ། །གཟུགས་ཀྱི་སྐུ་རུ་དེ་ལ་བརྗོད། །སྤྲུལ་པའི་སྐུ་ཡི་མཚན་ཉིད་དེ། །དེ་ཉིད་ཕྱག་ན་འཁོར་ལོར་བརྗོད། །དེ་ཉིད་ལྡོག་དང་རྒྱུ་མཐུན་ཉིད། །དེ་ཉིད་ཁོ་ན་སངས་པ་ཟད། །དེ་ཉིད་པི་ཙུའི་རྡོ་རྗེ་སྟེ། །ཞལ་བརྒྱད་ཧེ་རུ་ཀ་རུ་བརྗོད། །དཔའ་བོ་ཆེན་པོ་ ཞལ་བཞི་པ། །ཕྱག་ནི་བཅུ་དྲུག་རྣམས་དང་ལྡན། །དེ་ལྟར་སྐུ་ཡི་རབ་དབྱེ་བས། །བཞི་པའི་དོན་དུ་ཁྲག་འཐུང་བརྗོད། །ཅེས་གསུངས་ཏེ། དེ་བས་ན་ཡི་གེ་བཞི་པ་ནི་སྤྱོད་པ་དང་གྲོལ་བ་གཉིས་སྟེར་བར་བྱེད་པས་ན། དབང་ཞེས་བྱའོ། །གཞན་ཡང་དག་ཅིང་འཁྲུ་བར་བྱེད་པས་ན་དབང་ཞེས་བྱ་སྟེ། སེམས་ བདེ་བར་བྱེད་པ་ཞེས་བྱའོ། །རྣམ་བདུན་རྣམ་གསུམ་ཞེས་བྱ་བ་ནི་གོང་དུ་བསྟན་པའོ། །རྩའི་ཀུན་དུ་སྤྱོད་པ་ཞེས་པ་ནི་རིགས་ཀྱི་ཀུན་དུ་སྤྱོད་པ་དང་། སྟེང་འོག་དང་གཡས་དང་གཡོན་དང་། ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་ལ་སོགས་པ་སྟེ། འོག་ནས་རྒྱས་པར་སྟོན་པ་བཞིན་ནོ། །རྩོལ་བ་ཞེས་པ་ནི་གྱེན་དུ་རྒྱུ་བ་འབའ་ 14-1-5b ཞིག་གཟུང་གི་གཞན་དུ་ནི་མ་ཡིན་ནོ། །མདོར་བསྡུས་པ་ཡིས་ཁྱོད་ལ་བཤད། །ཅེས་པ་ནི་བཤད་པར་ཞལ་གྱིས་བཞེས་པའོ། །རྒྱུད་ལ་མདོར་བསྡུས་རྣམ་གསུམ་དང་། །ཞེས་པ་ནི་མཆོག་གི་དང་པོའི་སངས་རྒྱས་འདི་དང་བསྡུས་པའི་རྒྱུད་འདི་གཉིས་ཁོ་ན་ཡིན་གྱི་རྒྱུད་གཞན་ནི་རེ་ཞིག་མི་གཟུང་ངོ་། །དེ་ལ་རྒྱུད་ ཅེས་བྱ་བ་ནི། འཇིག་རྟེན་པའི་ཐ་སྙད་ཀྱིས་ཐགས་དང་ཆུ་བོའི་རྒྱུན་ལ་སོགས་པ་ལ་ཡང་འཇུག་མོད་ཀྱི། འོན་ཀྱང་བརྗོད་པར་བྱ་བའི་དོན་དང་། རྗོད་པར་བྱེད་པའི་ཚིག་གཉིས་སུ་ཁོང་དུ་ཆུད་པར་བྱའོ། །དེ་ནི་ཐབས་དང་ཤེས་རབ་དང་ཆ་མཉམ་པ་ཞེས་བྱ་བ་གསུམ་དུ་གནས་སོ། །དེ་བས་ན་མདོར་བསྡུས་པ་རྣམ་པ་ གསུམ་ཡོད་པ་དེ་བཞིན་དུ་རྒྱས་པར་བཤད་པ་ཡང་གསུམ་དུ་འགྱུར་ཞེས་བྱའོ། །དེ་ཡང་གང་ཡིན་སྙམ་པ་ལ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ། །རབ་ཏུ་རྒྱས་པར་བཤད་པ་བཞིན། །ཞེས་གསུངས་ཏེ། མདོར་བསྟན་གསུམ་ཡིན་ནོ། །དེ་ཉིད་ཀྱི་མཚན་ཉིད་མི་ཤེས་པའི་ཕྱིར། མདོར་བསྟན་རྒྱས་ པར་བཤད་པ་ཉིད། །རྒྱུད་ཀྱིས བསྡུས་པ་བརྗོད་པ་ཡིན། །ཞེས་གསུངས་ཏེ། དེ་ཉིད་ནི་རྒྱུད་ཐམས་ཅད་ཀྱི་བརྗོད་པར་བྱ་བ་སྟོང་པ་དང་སྙིང་སྟོན་པར་བྱེད་པའི་ཡི་གེ་ཨེ་ཝཾ་མ་ཡཱ་ཡིན་ལ་དེ་ཉིད་ནི་བསམ་པའི་དབང་གིས་ཁ་ཅིག་ལ་སྡུད་པ་པོའི་ཚིག་ཏུ་སྣང་བ་ཡིན་ནོ། །ཁ་ཅིག་ལ་ནི་བདེན་པ་བཞིའི་ཆོས་ཀྱི་ འཁོར་ལོར་སྣང་ངོ་། །ཁ་ཅིག་ལ་ནི་ཉན་ཐོས་ཀྱི་སྡེ་པའི་རྩ་བ་བཞིར་སྟོན་པར་སྣང་ངོ་། །ཕྱིའི་དངོས་པོའི་སྡེ་སྣོད་ཁ་ཅིག་ལ་ནི་འབྱུང་བ་ཆེན་པོ་བཞི་སྟོན་པའི་ཚིག་ཏུ་སྣང་ངོ་། །དེ་བས་ན་དགྱེས་པའི་རྡོ་རྗེའི་རྒྱུད་ལས་ཀྱང་། དེ་ལྟར་ཐམས་ཅད་བཞི་བཞི་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་ཐུན་མོང་མ་ཡིན་པའི་ ཐེག་པ་འདི་ནི་སྐུ་བཞི་དང་ལྷ་མོ་སྤྱན་མ་ལ་སོགས་པས་བྱིན་གྱིས་བརླབས་པ་སྟོང་པ་ཉིད་དང་། སྟིང་རྗེ་སྟོན་པའི་ཡི་གེ་བཞི་ནི་རྒྱུད་ཀྱི་བསྡུས་པ་ཞེས་དགོངས་སོ། །རབ་ཏུ་མདོར་བསྟན་རྒྱས་བཤད་ནི། །དཀའ་འགྲེལ་ཚིག་ནི་འཇོམས་པའོ། །ཞེས་པ་ནི་ཡི་གེ་བཞིས་སོན་པར་བྱེད་པའི་རྒྱུད་ཀྱི་མིང་ཅན་ཡིན་ལ། དེ་ཡང་གང་ཡིན་ཞེ་ན། ཐོས་པ་དུས་གཅིག་ན་ཞེས་པ་ནས་རྫོགས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་རྟོགས་པར་བྱའོ། །དཀའ་འགྲེལ་ཚིག་ནི་འཇོམས་པ་པོ། །ཞེས་པ་ནི་དེ་ལྟར་གོང་དུ་བསྟན་པའི་རྣམ་པ་བཞི་པོ་ནི་དཀའ་བ་ཡིན་ལ། དེ་འཇོམས་པར་བྱེད་པ་ནི་གཞུང་གི་ཚོགས་འོག་མ་རྣམས་ཡིན་ནོ། །མདོར་བསྟན་ཆེན་ 14-1-6a པོའི་རྒྱས་བཤད་ནི་གང་ཡིན་སྙམ་པ་ལ། འགྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ། །ཞེས་གསུངས་པ་ཡིན་ལ། དེ་ནི་གང་ཡང་རྒྱུད་དང་རྒྱུད་ཀྱི་མིང་ཅན་ཐམས་ཅད་འགྲེལ་བར་བྱེད་པ་སྟེ། རྩ་བའི་རྒྱུད་ཀྱི་འགྲེལ་པ་བྱང་ཆུབ་སེམས་དཔའ་ཟླ་བ་བཟང་པོས་མཛད་པ་ལ་སོགས་པ་ལྟ་ བུ་ཡིན་ནོ། །དེ་ཡང་སྒྲ་དང་རྟོག་གེའི་བསྟན་བཅོས་ཀྱིས་མངོན་པར་ང་རྒྱལ་བའི་མཁས་པ་རྣམས་ཀྱིས་མངོན་པར་ཤེས་པ་མ་ཐོབ་པས་མི་བྱ་སྟེ། རྒྱུད་ཀྱི་དོན་ལེགས་པར་སྟོན་པའི་ཕྱིར་རོ། །དེ་བས་ན། དེ་ཡང་མངོན་ཤེས་ཐོབ་རྣམས་ཀྱིས། བྱ་བ་མ་ཡིན་མཁས་གཞན་མིན། །ཞེས་གསུངས་པ་ལ། བྱང་ཆུབ་ སེམས་དཔའ་པདྨ་དཀར་པོས་ཀྱང་། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས་ངའམ་ང་ལྟ་བུས་བྱའི། ཡུལ་གྱི་ལོངས་སྤྱོད་ལ་ཆགས་པ་དེ་བཞིན་གཤེགས་པའི་གསུང་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་རྒྱུད་ཀྱི་རྣམ་པར་གཞག་པ་དང་། མདོར་བསྟན་པ་དང་། རྒྱ་ཆེར་ འགྲེལ་བྱེད་པའི་གང་ཟག་ལ་སོགས་པ་བསྟན་ནས། ད་ནི་གང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་སྟོང་པ་ཉིད་དང་སྟིང་རྗེའི་བདག་ཉིད་ཕྱི་དང་ནང་དང་གཞན་ལ་རབ་ཏུ་གནས་པ་དེ་ཉིད་མཐའ་དྲུག་གི་ཚུལ་དུ་གནས་པར་བསྟན་པའི་ཕྱིར། དེ་ལྟར་མཐའ་དྲུག་རྣམས་ཀྱི་དག ། ཅེས་གསུངས་ཏེ། དེ་ལ་ མཐའ་དྲུག་གིས་ནི་གོང་དུ་བསྟན་པའི་རྒྱུད་ཀྱི་བསྡུས་པའི་མིང་དང་བཅས་པ་རྣམ་པ་དྲུག་ཡིན་པའང་ཡང་ན་ཨེ་ཝཾ་ནི་འདི་ལྟར་དུ་རྐྱེན་གྱུར་ལ་འོག་ནས་དོན་སྟོན་པ་དང་སྦྱར་བར་བྱའོ། །དེ་ཡང་། རྡོ་རྗེ་རྣལ་འབྱོར་རྣམ་བཞི་དང་། །བྱང་ཆུབ་རྣམ་བཞིའི་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་རིགས་དྲུག་དང་། །ཞེས་ གསུངས་ཏེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ལ་སོགས་པ་བཞི་སྟེ། ཅིའི་ཕྱིར་རྡོ་རྗེ་སྙམ་པ་ལ། འཇིག་རྟེན་པའི་བྱ་བ་བཞི་བཀག་ནས་རྡོ་རྗེ་ལྟ་བུའི་བྱ་བ་ལ་འཇུག་པའི་ཕྱིར་རོ། །དེ་ཡང་ཕྱི་དང་ནང་དང་གཞན་གསུམ་དུ་སྟོན་པར་བྱའོ། །བྱང་ཆུབ་རྣམ་པ་བཞི་ཡང་ཚུལ་དེ་ལྟར་ཁོང་དུ་ཆུད་ པར་བྱ་བ་ཡིན་ལ། གཞན་ཡང་ཀྱེའི་རྡོ་རྗེའི་རྒྱུད་ལས། དང་པོ་སྟོང་པའི་བྱང་ཆུབ་དང་། །གཉིས་པ་ལ་ནི་ས་བོན་དགོད། །གསུམ་པ་ལ་ནི་གཟུགས་རྫོགས་ཤིང་། །བཞི་པར་ཡན་ལག་བཅས་པ་བསྟིམ། །ཞེས་གསུངས་སོ། །དེ་ཡང་ནང་དུ་ནི་འཆི་བའི་སྐད་ཅིག་དང་། ཕྱི་རོལ་དུ་ནི་འཇིག་པ་དང་། གཞན་ 14-1-6b ནི་བརྗོད་དུ་མེད་པའི་ཡི་གེ་སྟེ། སྟོང་པའི་རྡོ་རྗེའོ། །ད་ནང་དུ་ནི་ཁུ་བ། ཕྱི་རོལ་དུ་ནི་ཟླ་བ། གཞན་ནི་དབྱངས་ཡིག་སྟེ། དེ་ལྟར་རྡོ་རྗེ་གཉིས་པའོ། །ནང་དུ་ནི་དེ་དག་ཡོངས་སུ་འགྱུར་བས་གཟུགས་རྗོགས་པ་དང་། ཕྱི་རོལ་དུ་ནི་འཇིག་རྟེན་ཆགས་པ་ཡིན་ལ། གཞན་དུ་ནི་བརྗོད་དུ་མེད་པའི་ཡི་གེ་གཉིས་ ལ་རྗོད་བྱེད་གཅིག་གོ། །རྡོ་རྗེ་གསུམ་པའོ། །ཕྱི་རོལ་དུ་དུམ་བུ་བཅུ་གཉིས་ལ་སོགས་པ་ལེགས་པར་གནས་པ་ཡིན་ལ། ནང་དུ་སྐྱེ་མཆེད་རྣམས་གསལ་བ་ཡིན་ནོ། །གཞན་ནི་དེ་ལྟར་རྗོད་བྱེད་སྒྲུབ་པ་ལས་འགྲོ་བ་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྟར་ན་རྡོ་རྗེ་བཞི་ཡིན་ཞིང་། །རྒྱས་པར་ནི་དྲི་མ་ མེད་པའི་འོད་ལས་ཤེས་པར་བྱའོ། །བྱང་ཆུབ་རྣམ་པ་བཞི་ཞེས་བྱ་བ་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་རྣམ་བཞིའོ། །ཕུང་པོ་ཞེས་པ་ནི་དྲུག་སྟེ། གང་ཞེ་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་སོ། །ཁམས་ཞེས་པ་ཡང་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཡེ་ཤེས་སོ། །སྐྱེ་མཆེད་ཅེས་པ་ནི་བཅུ་གཉིས་ཏེ་གྲགས་པར་ཟད་དོ། །རིགས་དྲུག་ཅེས་པ་ནི་གཟུགས་སའི་ཁམས་ཀྱི་རིགས་དང་། ཚོར་བ་མེའི་ཁམས་ཀྱི་རིགས་དང་། འདུ་ཤེས་ཆུའི་ཁམས་ཀྱི་རིགས་དང་། འདུ་བྱེད་རླུང་གི་ཁམས་ཀྱི་རིགས་དང་། རྣམ་ པར་ཤེས་པ་ནམ་མཁའི་ཁམས་ཀྱི་རིགས་དང་། མཆོག་ཏུ་མི་འགྱུར་བ་ཡེ་ཤེས་ཀྱི་ཁམས་ཀྱི་རིགས་ཏེ། མངལ་ནས་སྐྱེ་བ་རྣམས་ལ་ནི་སྒྲིབ་པ་དང་བཅས་པའི་རིགས་དྲུག་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ནི་ཁམས་དྲུག་གི་རིགས་འགགས་པའི་ཕྱིར་སྒྲིབ་པ་མེད་པ་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་ གདོང་དྲུག་འཇིགས་པ་ཡིན་ནོ། །དེ་ལྟར་བརྗོད་པའི་རིམ་པས་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་མཐའ་དྲུག་གི་ཚུལ་གནས་པ་ཡིན་ལ། དེ་ཡང་ལེའུ་ལྔའི་བདག་ཉིད་ནས་རྒྱས་པར་སྟོན་པ་ཡིན་པས། འཇིག་རྟེན་ཁམས་སོགས་བརྗོད་པ་སྟེ།། ལེའུ་ལྔ་ཡི་དག་པ་སྟེ། །དུས་ཀྱི་འཁོར་ལོར་མངོན་བརྗོད་དེ། ། ཞེས་གསུངས་ཏེ། བདེན་གཉིས་དང་པོའི་སངས་རྒྱས་ཡིན། །ཞེས་བྱ་བ་ནི་དེ་ནི་བརྗོད་པའི་མཆོག་གི་དང་པོའི་སྐུ་ཉིད་རིམ་པ་རྣམ་པ་གཉིས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཡིན་པའམ། ཡང་ན་གང་ཅི་ཡང་རུང་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདེན་པ་གཉིས་དང་མི་འགལ་བར་གསུངས་པའི་ཕྱིར་ 14-1-7a དེ་སྐད་ཅེས་བྱའོ། །ད་ནི་དབང་གི་རྣམ་པར་འབྱེད་པ་དང་། །རྣམ་པར་དག་པ་བསྟན་པའི་ཕྱིར། གང་ཡང་དང་པོའི་དབང་བདུན་ནི་ཞེས་བྱ་བ་སྨོས་ཏེ། ཆུ་ལ་སོགས་པ་བདུན་པོ་ནི་དང་པོ་རྣམ་པར་རྟོག་པ་ཤས་ཆེ་བའི་བྱིས་པ་རྣམས་ལ་བསྟན་པར་བྱ་བ་ཡིན་པས། བྱིས་པ་རྣམས་ནི་གཞུག་ པ་སྟེ། །ཞེས་གསུངས་སོ། །དེ་སྐད་དུ་ཀྱེའི་རྡོ་རྗེ་ལས་ཀྱང་། སྐལ་མེད་སེམས་ཅན་གདུལ་དཀའ་ལ། །དང་པོ་གསོ་སྦྱོང་བསྟན་པར་བྱ། །ཞེས་གསུངས་སོ། །དེ་ནས་བླ་མར་གྱུར་པ་རྣམ་པར་དབྱེ་བ་ནི། འཇིག་རྟེན་ཀུན་རྫོབ་རྣམ་པ་གསུམ། །ཞེས་གསུངས་ཏེ། བུམ་པ་དང་། གསང་བ་དང་། ཤེས་རབ་ ཡེ་ཤེས་ཏེ། བདུན་པོ་ལས་བླ་མར་གྱུར་པ་དེ་ཡང་ཟག་པ་དང་བཅས་པ་ལ་ཉེ་བར་སྤྱོད་པའི་ཕྱིར་ཀུན་རྫོབ་པ་ཞེས་བསྟན་ཅིང་། གཞན་ཡང་མ་འོངས་པའི་དུས་ན་གསུམ་པ་བཅོས་མ་དང་། བཞི་པ་མ་བཅོས་པ་དག་པ་དག །འཁྲུག་ལོང་དུ་སྟོན་པའི་སློབ་དཔོན་གང་འབྱུང་བར་གཟིགས་ནས་དབྱེ་བ་ཐ་དད་པར་ མཛད་པ་ཡིན་ནོ། །བཞི་པ་དག་ནི་དོན་དམ་ཉིད། །ཅེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་ཀུན་རྫོབ་ཀྱི་དབང་བཅུ་ལ་བཞི་པ་བཅུ་གཅིག་པ་ཐ་དད་པར་གསུངས་པ་ཡིན་ནོ། །བཞི་པ་ཞེས་བྱ་བ་ནི་གྲངས་བཞི་ཁོ་ན་ཡིན་གྱི། སློབ་དཔོན་ངན་པའི་མན་ངག་གཞན་ལ་འཁྲུལ་པར་མི་བྱའོ། །གསུམ་པ་དང་། གཉིས་ པ་དང་། དང་པོ་ལ་སོགས་པ་ཅིའི་ཕྱིར་མི་གཞག་ཅེས་དོགས་པ་ལ། དེ་ཡང་ཅི་སྐད་དུ། ས་བོན་ལས་ནི་མྱུ་གུ་དང་། །དེ་ལས་དེ་བཞིན་སྡོང་བུ་དང་། །སྡོང་བུ་ལས་ནི་འབྲས་བུ་རུ། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །ཞེས་གསུངས་ལ། གཞན་ཡང་བྱིས་པ་ལས་དར་ལ་བབ་པ་དང་། དར་ལ་བབ་ པ་ལས་རྒན་པོ་དང་། རྒན་པོ་ལས་ཡོངས་སུ་འཁོགས་པར་འགྱུར་ཞེས་བཤད་དོ། །བདེན་པ་གཉིས་ལྟར་ན་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་རིག་པར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་བཞི་པ་ནི་དོན་དམ་པ་སྟེ་འབྲས་བུའོ། །དེ་བས་ན་ཆོས་རྣམས་བདེན་པ་གཉིས་ཀྱིས་ནི། རྡོ་རྗེ་འཛིན་པ་ངས་བསྟན་ཏེ། །འཇིན་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་ཉིད་ཀྱི་བདེན་པས་སོ། །ཞེས་གསུངས་སོ། །དེའི་གྲངས་བསྟན་པའི་ཕྱིར། ཆུ་དང་ཅོད་པན་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་བཅས་པ་སྟེ། །རྣམ་བདུན་དབང་པོ་རྒྱལ་པོ་ཀྱེ། །ཞེས་གསུངས་ཏེ་ 14-1-7b གོ་སླའོ། །དེ་ཉིད་དག་པ་སྟོན་པ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། །ལུས་ངག་ཡིད་ནི་དག་བྱེད་པ། །མངོན་པར་དབང་བསྐུར་གཉིས་གཉིས་ཏེ། །རྗེས་གནང་ཡེ་ཤེས་དག་པ་ཡིན། །ཞེས་བྱ་བ་ནི་ཆུ་དང་ཅོད་པན་གྱིས་ནི་ཕུང་པོ་སྦྱོང་བར་བྱེད་པ་ཡིན་ནོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུས་ནི་ངག་སྦྱོང་བ་ཡིན་ནོ། ། བརྟུལ་ཞུགས་དང་མིང་གིས་ནི་སེམས་སྦྱོང་བར་བྱེད་པ་ཡིན་ནོ། །རྗེས་སུ་གནང་བས་ཡེ་ཤེས་སྦྱོང་བར་བྱེད་པ་ཡིན་ནོ། །གཞན་ཡང་འཇིག་རྟེན་པའི་རྣམ་པར་གཞག་པ་བདུན་ཡོངས་སུ་སྦྱོང་བར་བྱེད་པ་ནི། གཞན་ཡང་ཁམས་སོགས་ཡང་དག་དག །ཆུ་ཡི་ཁམས་རྣམས་དག་པ་སྟེ། །ཞེས་བྱ་བ་ནི་འཇིག་ རྟེན་ན་གཞོན་ནུ་བཙས་མ་ཐག་པ་འཁྲུ་བའི་ཕྱིར་དང་། ས་དང་། ཆུ་དང་། མེ་དང་། རླུང་སྟེ་མི་བསྐྱོད་པ་ཁམས་བཞི་པོ་སྦྱོང་བའི་ཕྱིར་ཆུས་བཀྲུས་པ་ཡིན་ནོ། །ཅོད་པན་གྱིས་ནི་ཕུང་པོ་དག ། ཅེས་པ་ནི་ཐ་མལ་པའི་ཕུང་པོ་རྒྱལ་བ་རྣམ་པར་སྣང་མཛད་དུ་བསྐྱེད་པ་དང་། འདྲེག་མཁན་གྱིས་གཙུག་ཕུད་ གཞག་པ་ཡིན་ནོ། །དར་དཔྱངས་ཕ་རོལ་ཕྱིན་པ་དག །ཅེས་བྱ་བ་ནི་རྒྱལ་བ་དོན་ཡོད་གྲུབ་པར་བསྐྱེད་པ་དང་། གཞོན་ནུའི་རྣ་བ་ཕུག་པ་ཡིན་ནོ། །གཞན་ཡང་རྒྱལ་བ་རིན་ཆེན་འབྱུང་ལྡན་དུ་བསྐྱེད་པར་བྱ་བ་དང་། གཞོན་ནུ་མ་ལ་བཙས་ནས་སྨྲ་བ་དང་། དགོད་པ་ལ་སོགས་པ་ལས་སྤྱང་བ་དང་། སྟོང་ པ་ཉིད་དང་། སྙིང་རྗེའི་བརྡ་བསྟན་པ་དང་མི་འགྱུར་བའི་བདེ་བའི་བརྡ་བསྟན་པ་དང་། སངས་རྒྱས་གསུང་རྒྱུན་མི་འཆད་པ་དང་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་རྒྱུན་མི་འཆད་པར་བསྐོར་བའི་ཕྱིར་དང་། ནང་དུ་ནི་བདེ་བ་ཆེན་པོའི་སངས་རྒྱས་ཀྱི་གསུང་རྒྱུན་མི་འཆད་པའི་ཕྱིར་དང་། གཞན་ཡང་ཉི་ཟླ་གཅིག་ཏུ་དག་པའོ་ཞེས་གསུངས་ཏེ། གཡས་དང་གཡོན་པའི་ཉི་ཟླའི་མིང་ཅན་དང་། སྒྲ་གཅན་འཛིན་གྱི་མིང་ཅན་གཅིག་ཏུ་དག་པར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །ཞེས་བྱ་བའི་དབང་ཡིན་ནོ། །རྡོ་རྗེ་བརྟུལ་ཞུགས་མི་འཕོ་བ། །ཡུལ་དང་དབང་པོ་དག་པའོ། །གཞན་ཡང་གཞོན་ ནུ་སྐྱེས་པ་རྣམ་པར་རྟོག་པ་མེད་པར་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་། འཕོ་བའི་བདེ་བ་ལས་མི་འཕོ་བར་བྱ་བ་དང་། རྒྱལ་བ་འོད་དཔག་ཏུ་མེད་པར་བསྐྱེད་པ་དང་། ཡུལ་དང་དབང་པོ་ཐ་མི་དད་པར་བྱ་བའི་ཕྱིར་བརྟུལ་ཞུགས་ཀྱི་དབང་ཡིན་ནོ། །མིང་ནི་བྱམས་པ་ལ་སོགས་དག ། ཅེས་བྱ་བ་ནི། གཞན་ཡང་ 14-1-8a གང་གཞོན་ནུ་བུ་བཙས་ནས་མིང་གི་དུས་ལ་བབ་པར་ནི་མིང་བཏགས་པ་དེ་བྱམས་པ་ལ་སོགས་པ་ཚད་མེད་པ་བཞིའི་རང་བཞིན་ཅན་ནོ། །ཁྲོ་བོ་བཞི་བསྐྱེད་པར་བྱ་བའི་ཕྱིར་མིང་ཞེས་བྱ་བའི་དབང་ཡིན་ནོ། །གཞན་ཡང་གང་གཞོན་ནུ་ལོ་བཅུ་དྲུག་ལོན་པ་ལ་བག་མའི་བྱ་བ་བྱེད་པ་ལས་ སྦྱང་བ་དང་། བུ་མོ་ལ་ནི་ལོ་བཅུ་གཉིས་ཏེ། དུས་དེ་ནས་ས་བོན་གྱི་བདེ་བ་འབྱུང་བ་སྟེ། སྦྱང་བའི་ཕྱིར་ཕྱག་རྒྱ་ལག་ཏུ་གཏད་པ་ཙམ་དང་། རྒྱལ་བ་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་ཕྱིར། སྣང་བ་སངས་རྒྱས་ཉིད་དུ་དག ། ཅེས་བྱ་བ་ནི་དབང་ཡིན་ནོ། །དེ་ལྟར་དབང་བདུན་གྱི་དག་པ་བསྟན་ནས། ད་ནི་ དབང་བདུན་པོ་དེ་ཡང་འོངས་སྤྱོད་དང་ལྡན་པ་རྣམས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་སྔོན་དུ་སོང་བ་ལས་བླ་མ་དམ་པ་ལས་བླང་བར་བྱ་བ་ཡིན་ལ། དབང་བདུན་པོ་ནི་འདི་ཡིན་ཏེ། དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ། །ཞེས་གསུངས་པ་ཡིན་ནོ། །བུམ་པ་དང་ནི་གསང་བ་དང་། །ཤེས་རབ་ཡེ་ཤེས་ དངོས་པོར་བརྗོད། །ཅེས་བྱ་བ་ནི་དེ་ལྟར་གོང་དུ་དབང་བདུན་པོ་དག་དང་བཅས་པར་བསྟན་ནས། ད་ནི་ཤེས་རབ་ཡེ་ཤེས་ལ་སོགས་པར་སྟོན་པར་བྱེད་པའོ། །སླར་ཡང་ཤེས་རབ་ཆེན་པོ་ནི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དབང་ངོ་། །དེ་ཡི་ཡེ་ཤེས་མངོན་པར་བརྗོད། །ཅེས་བྱ་བ་ལ་དེ་ཡེ་ཤེས་པ་ནི་འཇིག་ རྟེན་པའོ། །ཡེ་ཤེས་མངོན་པར་བརྗོད་ཅེས་པ་ནི་དྲང་བའི་བདེ་བ་མངོན་པར་བརྗོད་པའོ། །དེ་ཡང་དྲང་བ་ཞེས་བརྗོད་པས། བྱིས་པ་ཁ་ཅིག་གིས་བསམ་པ་ལས་འགྱུར་བ་དང་མི་འགྱུར་བའི་བདེ་བ་འདྲ་ཞེས་དོགས་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འགྱུར་བའི་བདེ་བ་ནི་ནུ་མ་དང་སྐྲར་ལྡན་པ་ལ་བརྟེན་པའི་ཕྱིར་དང་། མི་ འགྱུརབའི་བདེ་བ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་མ་ལ་བརྟེན་པའི་ཕྱིར་རོ། །དེ་བས་ན་དྲང་ཞེས་བྱ་བའི་ཚིག་གིས་དཔེ་མཚོན་པ་ཙམ་ལ་རྗོད་པར་བྱེད་པ་ཡིན་ནོ། །གཞན་ཡང་ནུ་མ་དང་སྐྲར་ལྡན་པའི་མི་མོ་ལ་ཤེས་རབ་ ཅེས་གསུངས་སོ། །དབང་པོ་རྣོན་པོས་ནི་དེ་མཆོག་ཏུ་མི་གཟུང་གི། གང་དེའི་གདུལ་བར་དཀའ་བའི་སྐྱེས་བུ་ལ་གསུངས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། རེ་ཞིག་མི་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བརྡ་ཡིས་གསུངས་པ་ནི་ཇི་སྐད་དུ། བུད་མེད་ 14-1-8b སྐྱེ་གནས་པདྨ་སྟེ། །སྐྱེས་བུའི་དབང་པོ་རྡོ་རྗེ་བརྗོད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་བརྡ་དང་བརྡ་མ་ཡིན་པ་ལ་རྣལ་འབྱོར་པས་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཁྱད་པར་གྱི་ངོ་བོ་བརྗོད་པར་བྱ་བའི་ཕྱིར། འགྱུར་ཞིང་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །དེ་བས་གཞན་ནི་རྒྱུ་ མཐུན་པ་དེ་ལ་འཇིག་རྟེན་པ་ཐམས་ཅད་ནི་ཟག་པ་དང་བཅས་པ་ཡིན་ལ། ཟག་པ་དང་བཅས་པ་ཉིད་ཀྱི་བྱེ་བྲག་ནི་འགྱུར་བ་དང་མཐུན་པ་ལ་སོགས་པ་སྟེ། འཛག་པའི་བདག་ཉིད་ཅན་ནོ། །མངོན་པར་དབང་བསྐུར་རིམ་གསུམ་གྱིས། །ལུས་ངག་ཡིད་ནི་ཡང་དག་དག །བཞི་པ་ཡེ་ཤེས་དག་པ་ནི། །ལུས་ ངག་ཡིད་ནི་དག་པར་བྱེད། །ཅེས་བྱ་བ་ལ་དེ་ལྟར་བརྗོད་པའི་དབང་བཞི་པ་ཡིས་ནི་ལུས་ངག་ཡིད་ཡེ་ཤེས་དང་བཞི་སྦྱོར་བར་བྱེད་པ་སྟེ། གསུམ་པོ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱས་པའི་ཕྱིར་རོ། །བཞི་པ་ཡེ་ཤེས་ལ་སོགས་པ་བཞི་ཆར་སྦྱོང་བ་ནི་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པའི་བཀའ་ ལུང་ངོ་། །དེ་ཡང་ཅི་སྐད་དུ། དང་པོ་མཆོག་གི་སངས་རྒྱས་ལས། །འཇིག་རྟེན་ལྟ་བུའི་ཡེ་ཤེས་ཀྱིས། །ལུས་ངག་ཡིད་ནི་ཉོན་མོངས་པས། །དཀའ་བས་འཇིག་རྟེན་དངོས་གྲུབ་འགྲུབ། །མཆོག་གི་དངོས་གྲུབ་ཐོབ་མི་འགྱུར། །འཇིག་རྟེན་འདས་ལ་གཞོལ་བས་ནི། །སྐྱེ་འགག་མེད་པའང་འགྲུབ་ འགྱུར་ན། །འཇིག་རྟེན་ལྟ་བུ་སྨོས་ཅི་དགོས། དེ་བས་ཕྱག་རྒྱ་ཆེ་ལ་འབད། །ཅེས་གསུངས་སོ། །དེ་བས་ན་བཞི་པས་ནི་ཐམས་ཅད་སྦྱོང་ཞིང་ཐམས་ཅད་འགྲུབ་པ་ཡིན་ནོ། །གཞན་ཡང་འཇིག་རྟེན་པའི་དཔེ་བརྗོད་པར་བྱ་བའི་ཕྱིར། བྱིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས་པ་དང་འདྲ་ཞིང་ཡུན་ ཐུང་ལ་མི་བརྟན་པ་ནི་བུམ་པའོ། །དར་མ་ཞེས་པ་ནི་བྱིས་པའི་ཡོན་ཏན་ནི་ཡར་ལྡན་ལ། འོན་ཀྱང་མི་བརྟན་པས་དར་མ་སྟེ་གསང་བའོ། །རྒན་ཞེས་པ་ནི་གཉིས་པོའི་ཡོན་ཏན་ཡར་ལྡན་ལ་འོན་ཀྱང་འགྱུར་ཞིང་མི་རྟག་པ་སྟེ་ཤེས་རབ་ཡེ་ཤེས་སོ། །བཞི་པ་དག་ནི་སྐྱེ་དགུའི་བདག །ཅེས་བྱ་བ་སྨོས་ཏེ། སྐྱེ་དགུ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྐྲུན་ཞིང་སྐྱེད་པར་མཛད་པས་ན་སྐྱེ་དགུའི་བདག་པོ་ཡིན་ཞིང་། ཡོན་ཏན་བཞི་པོ་ཐམས་ཅད་རྗོགས་པའི་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱའོ། །དེ་ཡང་ནང་དུ་བརྗོད་ན་གང་ཡིན་སྙམ་པ་ལ། ཤེས་རབ་ནུ་མ་ཡན་ལག་ནི། །ཞེས་སྨོས་ཏེ། ཤེས་རབ་ 14-1-9a ནི་མི་མོ་ཡིན་ལ། ནུ་མའི་ཡན་ལག་ནི་ནུ་མའི་ཡན་ལག་གཉིས། རེག་ལས་བྱང་ཆུབ་སེམས་འཕོ་བདེ། །ཞེས་པ་ནི་ནུ་མ་གང་ཡིན་པ་དེ་ལ་རེག་པའི་བདེ་བ་ནི་འགྱུར་བའི་བདེ་བ་སྟེ། དེ་ནི་གང་ཕྱིར་བྱིས་པས་བདེ་བ་ཐོབ་པ་ཡིན་པ་དེའི་ཕྱིར་བྱིས་པའོ། །དཀར་འཛིན་གྱིས་ནི་བྱིས་པ་ དེ་དབང་བསྐུར་བ་ཡིན་ཏེ། དེ་ནི་གསང་སྔགས་ཀྱི་ཚུལ་འདི་ལ་བསྙེན་གནས་ཡིན་ནོ། །གཞན་ཡང་གསང་བ་ནི་མི་མོ་སྟེ་ནུ་མ་དང་སྐྲར་ལྡན་པའོ། །མ་ཉེས་ཞེས་པའི་སྒྲས་ནི་སྙོམས་པར་ཞུགས་པའོ། །ཡུན་རིང་བའི་སྒྲས་ནི་བུམ་པ་ལས་བྱེ་བྲག་ཏུ་བྱས་པ་ཡིན་ལ། དེ་ནི་ཉིས་འགྱུར་རོ། །དེས་ན་དར་ལ་ བབ་པར་ཤེས་པར་བྱའོ། །སྐྱེས་ཞེས་པ་ནི་བདེ་བའོ། །གང་གིས་སྙམ་པ་ལ་བྱང་ཆུབ་སེམས་ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །དེ་ཡང་མི་བརྟན་པས་ན། འཕོ་བ་ཞེས་གསུངས་སོ། །དེ་བས་ན་འཕོ་བའི་བདེ་བའོ། །གང་ཕྱིར་གསང་ལས་བདེ་ཐོབ་པ། །ཞེས་པ་ནི་ གསང་བ་ལ་བརྟེན་ནས་སྐྱེས་བུ་འདོད་ཆགས་ཅན་རྣམས་ཀྱི་བདེ་བ་འབྱུང་བ་ཡིན་ནོ། །དར་ལ་བབ་པ་དེ་དབང་བསྐུར་ཞེས་པ་ནི་བྱིས་པ་ལ་ལྟོས་པའོ། །དེ་ཉིད་ནི་དགེ་བསྙེན་ནོ། །ཡུན་རིང་གསང་བ་མཉེས་ལས་སྐྱེས། །ཞེས་པ་ནི་ཡུན་རིངས་པ་ནི་བུམ་པ་དང་གསང་བ་སྟེ། སུམ་འགྱུར་རོ། །དེ་ཉིད་ དགེ་ཚུལ་ཡིན་ནོ། །རྡོ་རྗེ་རྩེ་མོ་ནི་ནོར་བུའི་རྩེ་མོའོ། །མཐུན་ཞེས་པ་ནི་ཡུན་རིང་དུ་གནས་པ་ལ་བྱའི་ཐམས་ཅད་དུ་མི་འཛག་པ་ནི་མ་ཡིན་ནོ། །གང་ཕྱིར་རྒན་དང་མཐུན་གྱུར་པས། །ཞེས་པ་ནི་རྒན་པོ་དང་འདྲ་ཞིང་ཡུན་རིང་བའོ། །དེ་ཉིད་ནི་ཤེས་རབ་ཡེ་ཤེས་དབང་བསྐུར་ཞེས་བྱ་བ་སྟེ། ཟག་པ་ དང་བཅས་པའི་བདེ་བ་མཐར་སོན་པའོ། །གཞན་ཡང་དེ་ནི་འདོད་པའི་ཁམས་ཀྱི་བདེ་བ་མཐར་གཏུགས་པ་ཡང་ཡིན་ནོ། །ད་ནི་ཕྱག་རྒྱ་ཆེན་མོ་ཞེས་བསྟན་པའི་ཕྱིར། ཕྱག་རྒྱ་ཆེ་ལ་ཞིས་སྨོས་ཏེ། ཡངས་པ་དང་རྒྱ་ཆེ་བ་དང་ཀུན་དུ་བཟང་མོ་དང་། ནམ་མཁའ་ལྟར་དོགས་པ་མེད་པ་གང་ཡིན་པ་ དེ་ནི་ཕྱག་རྒྱ་ཆེན་མོ་ཞེས་བྱའོ། །རྗེས་ཆགས་པས་ཞེས་པ་ནི་གང་ལ་རྗེས་སུ་ཆགས་པའི་དབང་ནི་ཕྱ་ག་རྒྱ་ཆེན་མོའི་དབང་ངོ་། །ཇི་ལྟར་རྗེས་སུ་ཆགས་པར་བྱ་ཞེ་ན། གང་ལའང་མི་གནས་པར་བྱའོ། །དེ་དེ་ལྟར་ཆགས་པར་བྱའོ། །རྒྱུ་མཐུན་ལ་སྐྱེས་བདེ་གང་། །ཞེས་བྱ་བ་ལ། རྒྱུ་མཐུན་ནི་ཐོགས་ 14-1-9b པ་མེད་པའི་རྒྱུ་ལས་ཐོགས་པ་མེད་པའི་འབྲས་བུ་སྐྱེ་བར་མཐུན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ས་བོན་གང་དང་གང་ལས་ནི། །དེ་དང་དེ་ཡི་འབྲས་བུ་འབྱུང་། །ཞེས་གསུངས་པས། གང་ཕྱིར་རྒྱུ་མཐུན་ཉིད་དུ་འགྱུར། །ཞེས་པ་ནི་རྒྱུ་བསྒོམ་པར་བྱ་བ་མེད་པ་ལས་འབྲས་བུ་འཛིན་པ་མེད་པའི་ཡེ་ཤེས་ སུ་འབྱུང་བའོ། །ཕྱག་རྒྱ་ཆེན་མོས་དེ་དབང་བསྐུར། །ཞེས་པ་ནི་དེ་ལྟར་བརྗོད་པའི་དབང་ལ་སྐྱེས་བུ་འགའ་ཞིག་ཞུགས་པ་དེ་ཕྱག་རྒྱ་ཆེན་མོའི་དབང་དུ་ཞུགས་པ་ཡིན་ལ། དེས་ན། དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་བྱ་བ་ཡང་ཡིན་ནོ། །དེ་ཉིད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ བསྐྲུན་པས། སྐྱོབ་པ་ཐམས་ཅད་སྐྱེད་མཛད་མ་ཡིན་ལ། གསུམ་པོ་ལས་གཙོ་བོར་འགྱུར་བ་དང་བརྟན་པ་དང་འདི་དང་གཞན་གཉིས་ཀའི་ཕུན་སུམ་ཚོགས་པ་སྐྱེས་པས་སྐྱེ་དགུའི་བདག་པོ་དེ་ཞེས་བྱ་ཞེས་གསུངས་སོ། །དེ་ལྟ་བུའི་སྟོབས་ཀྱིས་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་རྩེ་མོ་གྱེན་དུ་ བལྟས་པའི་དུས་ན། རྡོ་རྗེ་ནོར་བུའི་རྩེ་རྨོ་ནས་སྤྲུལ་པའི་བར་དུ། རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་དང་། དེ་ཉིད་ཆོས་ཀྱི་འཁོར་ལོར་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་ལོངས་སྤྱོད་ཀྱི་འཁོར་ལོར། །མི་འགྱུར་གཉིས་མེད་བྱང་ཆུབ་སེམས། །ཞེས་བྱ་བ་ལོངས་སྤྱོད་ རྗོགས་པའི་སྐུའོ། །དེ་ཉིད་བདེ་བ་ཆེན་པོའི་འཁོར་ལོར་དམ་ཚིག་སེམས་དཔའ་འདི་ཡིན་ཞིང་ཞེས་བྱ་བ་སྤྲུལ་པའི་སྐུའོ། །གཞན་ཡང་ལུགས་ལས་བཟློག་པའི་དུས་སུ་ནི་དེ་ཉིད་བཟློག་པར་ཤེས་པར་བྱའོ། །རྡོ་རྗེ་རྣལ་འབྱོར་རྣམ་པ་བཞི། །ཞེས་བྱ་བ་ནི་དེ་ལྟར་འགྱུར་བའི་འཕོ་བ་མེད་པའི་བདེ་བ་ཆེན་ པོ་ནི་སྐུའི་རྡོ་རྗེ་ལ་སོགས་པ་རྣམ་པ་བཞི་ཡིན་ལ། དེ་ཉིད་དུས་ཐམས་ཅད་ལ་དབང་དུ་གྱུར་པས། དུས་ཀྱི་འཁོར་ལོ་འདི་རུ་བརྗོད། །ཅེས་བྱའོ། །རྣལ་འབྱོར་རྣམས་ལ་ཐར་སྟེར་བ། །ཞེས་པ་ནི་ཤེས་རབ་ཆེན་པོ་དེ་ཉིད་དོ། །འདི་ཉིད་ཅེས་བྱ་བ་ནི་ཤེས་རབ་ཆེན་པོ་འདི་ཉིད་དོ། །བསྒྲུབ་པར་བྱ་བ་ནི་ཞེས་བྱ་བ་ ནི་ཉམས་སུ་བླངས་པའི་ཐབས་སོ། །དེ་ཉིད་གང་ཡིན་ཞེ་ན། མ་བསམས་པའི་སྣང་བ་དང་ཞེས་གསུངས་ཏེ། མ་བསམས་པ་ནི་བསམ་དུ་མེད་པ་ཡིན་ལ། སྣང་བ་ནི་དེའི་དབང་གིས་བསྐྱེད་པའི་རྟགས་བཅུའོ། །རྟགས་དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས་ཇི་སྐད་དུ། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ 14-1-10a ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་གསུངས་ཏེ། ཤེས་རབ་ཡེ་ཤེས་ནི་གོང་དུ་བརྗོད་པའི་བསམས་པ་ཉིད་དོ། །ཤེས་ རབ་སྟོང་པ་ཉིད་དེ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་དྲིས་པ། འཕགས་པ་རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པ་དེས་སྐད་དུ་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བརྒྱ་བྱིན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པ་དེས་ནམ་མཁའ་ལྟར་ཐོགས་པ་མེད་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཆེན་པོ་ལ་དམིགས་པར་བྱ་བའི་དོན་འདི་ནི་གང་གསང་བ་འདུས་པ་ལས་ ཀྱང་ཇི་སྐད་དུ། དངོས་པོ་མེད་ལས་སྒོམ་པ་མེད། །བསྒོམ་པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་དང་དངོས་མེད་པར། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །དེ་བས་ན་ཤེས་རབ་ཆེན་པོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་སྟོང་པ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཤེས་རབ་དེ་ལྟ་བུར་ཁོ་ན་ ལས་སྤྱོད་དང་གྲོལ་བ་རྙེད་པར་འགྱུར་ཏེ། དེ་ཡང་ཇི་སྐད་དུ། བསམ་དུ་མེད་པ་དེ་བསམས་ན། །དེ་ལས་འཛིན་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་དེ་ལྟ་བུ་ལ་གནས་པའི་རྣལ་འབྱོར་པ་ལ་ཡིད་ཆེས་པར་བྱེད་པའི་རྟགས་ནི། དུ་བ་ལ་སོགས་མཚན་མ་དེ། །ཞེས་བྱ་བ་འབྱུང་བར་གསུངས་ སོ། །དེ་ཡང་ཇི་སྐད་དུ། བསམ་བྱ་བསམ་པར་མི་བྱ་དང་། །ཉིན་མཚན་གཅིག་ཏུ་ཡོངས་རྟོགས་བྱ། །གལ་ཏེ་ཉམས་མྱོང་མ་བྱུང་བ། །དེ་ཚེ་ང་ཡིས་བརྫུན་སྨྲས་ཡིན། །ཞེས་གསུངས་ལ། ཉམས་སུ་མྱོང་བ་ཡང་དུ་བ་ལ་སོགས་པའི་རྟགས་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ཡང་རྣལ་འབྱོར་པས་ རེ་བ་དང་དོགས་པ་ལ་སོགས་པའི་རྟོག་པ་རྣམས་སྤངས་ལ། ཉིན་མཚན་གཅིག་ཙམ་ཡང་དམིགས་པ་རྩེ་གཅིག་ཏུ་བཞག་ན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ལེགས་པར་བསྟན་པ་ནི། །ཤེས་རབ་གཟུགས་ནི་མཁའ་མཉམ་དང་། །ཞེས་གསུངས་ཏེ། ཐོགས་པ་མེད་པའི་ཡིད་ཡིན་ནོ། །དེ་ཉིད་རྟག་ 14-1-10b པ་དང་ཆད་པ་ལས་གྲོལ་བར་བསྟན་པའི་ཕྱིར། ཡོད་དང་མེད་ལས་རྣམ་པར་འདས། །ཞེས་གསུངས་སོ། །སེམས་ཀྱིས་བཅོས་པ་བདུད་དུ་བསྟན་པའི་ཕྱིར། །སེམས་ཀྱི་རྐྱེན་གྱིས་དོན་རྣམས་དང་། །ཞེས་གསུངས་སོ། །སེམས་ཀྱིས་བཅོས་པས་ནི་ཟབ་མོ་ཉིད་རྙེད་པར་མི་འགྱུར་རོ། །གཞན་ཡང་ཏེང་ངེ་ འཛིན་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་སྤང་བར་བྱ་བའི་ཕྱིར། རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་དུ་ཡོངས་སུ་སྤང་བས་སོ། །ཞེས་བྱ་བ་གསུངས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟགས་པས་ཡིད་ཆེས་པར་འབྱུང་བར་མི་འགྱུར་རོ། །དེ་ལྟར་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པ་ལ་འདི་རྣམས་འབྱུང་ བར་འགྱུར་ཏེ་གང་ཞེ་ན། དུ་བ་ཞེས་བྱ་བ་དུ་བ་ལྟ་བུའི་སྣང་བ་ཡིན་གྱི་དུ་བ་ཉིད་ནི་མ་ཡིན་ནོ། །སྨིག་རྒྱུ་ཡང་དེ་ལྟར་མཐོང་བའོ། །མེ་ཁྱེར་ནི་མཁའ་གསལ་ལྟར་སྣང་བའོ། །མར་མེ་ཡང་མར་མེ་ལྟར་སྣང་བ་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ། །འབར་ཞེས་པ་ནི་མེའི་འོད་ཀྱི་སྣང་བ་ལྟ་བུའོ། །ཟླ་བ་ནི་ཟླ་བ་ ལྟ་བུར་སྣང་བའོ། །ཉི་མ་ནི་ཉི་མ་ལྟ་བུར་སྣང་བའོ། །མུན་ཅན་སེལ་ཞེས་པ་ནི་སྒྲ་གཅན་གྱི་སྣང་བའོ། །ཆ་ཤས་ཞེས་པ་ནི་གློག་ལྟར་འབྱུང་བའི་སྣང་བའོ། །ཐིག་ལེ་ཆེ་ཞེས་པ་ནི་དུ་བ་མཇུག་རིངས་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་སྔོན་པོར་སྣང་བའི་མཐོང་བའོ། །དེ་ལྟར་ན་སྣང་བ་བཅུ་ཡིན་ཏེ། དེ་དག་ཀྱང་ཁ་ཅིག་ ནི་ནུབ་མོ་སྣང་ལ་ཉིན་མོ་མི་སྣང་བའོ། །ཁ་ཅིག་ནི་ཉིན་མོ་སྣང་ལ་ནུབ་མོ་མི་སྣང་བ་ཡོད་དོ། །དེ་ཡང་བསྡུས་པའི་ཚུལ་གྱིས་རྟགས་སྔ་མ་གཅིག་ཡིན་པར་དགོངས་སོ། །རླུང་རྣམ་པ་ལྔ་ཡིན་པས་ན་ལྔའོ། །གཅིག་ཉིད་ཤེས་པ་གྱུར་པའི་དབང་གིས་དུ་མར་སྣང་བས་ན་གཅིག་ཡིན་ནོ། །དེ་ལྟར་བརྗོད་པ་དེ་ཡང་ ཕལ་ཆེ་བ་ལ་དགོངས་པ་ཡིན་གྱི། གང་ཟག་གི་བསམ་པའི་དབང་གིས་ནི་རྟགས་མཐའ་ཡས་པར་རྟོགས་པར་བྱའོ། །སློབ་དཔོན་ལ་ལ་དག་གི་ཞལ་སྔ་ནས་ནི་དུ་བ་ལ་སོགས་པར་སྣང་བ་མ་ཡིན་གྱི། ཏིང་ངེ་འཛིན་བརྟན་པ་དང་། བརྟན་པ་མ་ཡིན་པ་སྐད་ཅིག་གིས་ཚད་དུ་རྗོད་པར་བྱེད་དོ། །སྣ་ཚོགས་ གཟུགས་ནི་རབ་ཏུ་གསལ། །ཞེས་བྱ་བ་ནི་དེ་ལྟ་བུ་དུ་བ་ལ་སོགས་པའི་རྟགས་སྣ་ཚོགས་པ་ལ་དམིགས་པའོ། །འདིའི་རྒྱས་པ་ནི་ཙཀྲ་སཾབ་རའི་འགྲེལ་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་ལས་ཁོང་དུ་ཆུད་པར་བྱའོ། །མིག་གཉིས་མ་ཕྱེ་མ་བཙུམས་པས། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྟགས་ 14-1-11a ལ་འདུན་པ་རྣམས་ཀྱི བྱ་བ་ཡིན་གྱི། ཐམས་ཅད་དུ་མ་ཡིན་ནོ། །ཉིན་མོ་དང་མཚན་མོ་དང་བླ་གབ་མེད་པ་ཞེས་བྱ་བ་གསུམ་ཡོད་དེ། དེ་ཡང་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ལྷའི་སྤྱན་ཐོབ་པར་བྱ་བའི་ཕྱིར། འདུན་པ་དང་ལྡན་མ་རྣམས་ཀྱིས་གཟུང་བར་བྱ་བ་མ་ཡིན་ནོ། །གང་ གིས་སྟོང་པར་མ་བརྟགས་པ། །ཞེས་པ་ནི་སོ་སོར་བསྡུད་པ་སྨྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ཉིད་ལ་གཟུགས་བཅུའོ། །རྨི་ལམ་ལྟ་བུར་མཐོང་བའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་དམིགས་པར་བྱ་བ་ཡིན་པས་ན། གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་སོ། །མེད་པའི་གཟུགས་ལ་བསྒོམ་ པ་ནི། །རྣལ་འབྱོར་རྣམས་ཀྱིས་དེ་བསྒོམས་མིན། །ཞེས་པ་ནི་བསྒོམ་པར་བྱ་བའི་ཡུལ་མེད་པར་སྟོན་ཏོ། །སྟོང་པར་མ་བརྟགས་ལྟ་བའི་ཕྱིར། །ཞེས་བྱ་བ་ནི་བསྒོམ་པར་བྱ་བའི་ཤེས་པ་མེད་པ་སྟོན་ཏོ། །དེ་ཉིད་ནི། སེམས་ནི་དངོས་དང་དངོས་པོ་མིན། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་དཔེས་བསྟན་པར་བྱ་བའི ཕྱིར། ཇི་ལྟར་མེ་ལོང་བཀྲ་བ་གཅིག་ལ་ནི། །ཞེས་སྨོས་པ་ཡིན་ཏེ། མེ་ལོང་ནི་མཚོན་པ་ཙམ་ཡིན་ལ། ཆུ་དང་ཚེར་མ་ཅན་གྱི་ཤིང་དང་། མཐེ་བོང་ལ་སོགས་པས་སོ། །དངོས་མེད་ལས་སྐྱེས་བུ་མོས་མཐོང་། །ཞེས་པ་ནི་རྐུན་པོ་ལ་སོགས་པ་མ་མཐོང་བའི་དོན་ལྐོག་ཏུ་གྱུར་པ་མཐོང་བར་བྱེད་པས་དེ་བཞིན་ དུ། །མཁའ་ལ་དེ་བཞིན་རྣལ་འབྱོར་པས། །ཞེས་པ་ནི་མེ་ལོང་དང་འདྲ་བའི་ནམ་མཁའ་དྲི་མ་མེད་པ་ལའོ། །སུས་ཤེ་ན། རྣལ་འབྱོར་པས་ཞེས་གསུངས་པ་ཡིན་ལ། རྣལ་འབྱོར་གྱི་སྒྲ་ཡང་སྙོམས་པར་འཇུག་པ་ལ་ཡིན་གྱི་གང་ལ་གཉིས་སུ་སྣང་བ་དེ་ནི་མ་ཡིན་ནོ། །དེ་ཉིད་ནི་དུས་གསུམ་གཅིག་ཏུ་སྣང་ བའི་དེ་ཁོ་ན་ཉིད་དོ། །དེ་ཡང་གང་ཞེ་ན། འདས་དང་མ་འོངས་ཆོས་དེ་བཞིན། །ཞེས་གསུངས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཆོས་ནི་སྙིང་པོ་མེད་པ་དང་། སྟོང་པ་དང་། གསོབ་དང་། གསོག་དང་། བརྫུན་པ་དང་། སྒྱུ་མ་དང་། མིག་ཡོར་ལ་སོགས་པར་ཤེས་པས་སོ། །དེ་ཡང་དང་པོ་དེ་ལྟར་ཏོགས་ པའི་རྗེས་ལ་དུ་བ་ལ་སོགས་པས་མཐོང་སྟེ། རྟགས་ལ་འདུན་པའི་རྣལ་འབྱོར་པ་ལའོ། །དེའི་རྗེས་ལ་དུས་གསུམ་གྱི་དོན་སྐོག་ཏུ་གྱུར་པ་སྐད་ཅིག་ལ་ཤེས་པ་འབྱུང་ངོ་། །ཡང་ནམ་མཁའ་ཞེས་པ་ནི་སེམས་ཀྱི་ནམ་མཁའ་རྟོགས་པར་བྱའོ། །སེམས་ཀྱི་ནམ་མཁར་གནས་པ་ལས་རྣམ་པར་རྟོགས་པ་ཐམས་ཅད་རང་ 14-1-11b ཞི་བའི་བདེ་བ་ཆེན་པོ་འབྱུང་བ་ལས། སངས་རྒྱས་ཀྱི་གཟུགས་ཞེས་ཀྱང་བྱ་བའོ། །ཇི་སྐད་དུ་ཡང་དང་པོའི་སངས་རྒྱས་ལས། ཕྱི་རོལ་ནམ་མཁའ་མ་ཡིན་པའོ། །སེམས་ཀྱི་ནམ་མཁའ་དབུས་གནས་པ། །མི་རྟོག་པ་ལ་རབ་སྦྱར་ན། །མི་བདག་རྨད་བྱུང་བདེ་ཆེན་བསྐྱེད། །ཞེས་གསུངས་སོ། །རྒྱུ་དེའི་ཕྱིར། འདི་མེད་པས་ན་ཞེས་བྱ་སྟེ། ཡིད་ཀྱི་ནམ་མཁའ་ཆེན་པོ་སྟེ། །སོ་སོར་སྡུད་པའོ། །དངོས་ཡོད་མིན་ཞེས་པ་ནི་རྟགས་ལ་འདུན་པ་རྣམས་ལ་ནི་ཕྱིར་སྣང་བའི་རྟགས་ཀྱང་དོན་ལོགས་པར་ཡོད་པ་མ་ཡིན་པའོ། །དངོས་པོ་སྟོང་པའི་དོན་དུ་ནི་དུ་བ་ལ་སོགས་པའོ། །མཐོང་བ་ནི་རྟོགས་པའོ། །དེ་ཉིད་དངོས་པོ་མེད་ པའི་དོན་ཡིན་པ་ཞེས་བྱ་སྟེ། ངོ་བོ་མེད་པ་ལས་འབྱུང་བའམ། ཡང་དེ་རྣམས་ཉིད་རང་བཞིན་གྱིས་སྟོང་པའོ། །དེའི་དཔེ་ནི། རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས། །ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་དང་འདྲ་བའོ། །འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ་ནི། ཆོས་ཅན་མེད་པ་ལས་ཆོས་ཞེས་གསུངས་པ་ཡིན་ནོ། ། སྐྱེ་བ་ནི་འབྱུང་བའོ། །འདི་ནི་ཞེས་པ་ནི་བདེ་བ་ཆེན་པོའོ། །མཐོང་བ་ཞེས་པ་ནི་རྟོགས་པ་ཁོ་ནའོ། །དཔེ་བསྟན་པའི་ཕྱིར་ཡིད་བཞིན་ནོར་ལྟར་ཞེས་གསུངས་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་ངམ་བུམ་པ་བཟང་པོ་ལྟར་སེམས་ཅན་མཐའ་ཡས་པའི་རེ་བ་སྟེ་བསམ་པ་ཐམས་ཅད་རྗོགས་ པར་མཛད་པ་ཡིན་ནོ། །གོང་དུ་བརྗོད་པའི་དཔེ་ཉིད་བསྟན་པའི་ཕྱིར། གཞོན་ནུ་མ་སྟེ། གྲོང་པའི་ཆོས་ཀྱིས་མ་གོས་པའི་ཕྱིར་རོ། །པྲ་ནི་གོང་དུ་བསྟན་པའོ། །མ་མཐོང་བའི་རྐུན་པོ་ཞེས་པ་ནི་མཚོན་པ་སྟེ། དོན་ལྐོག་ཏུ་གྱུར་པ་གཞན་ཡང་ངོ་། །མཐོང་ཞེས་པ་ནི་པྲ་དེ་རྣམས་ལའོ། །པྲ་དེ་རྣམས་ལ་ཉི་ཚེ་བའི་ མིག་གིས་བལྟ་བ་དེ་བཞིན་དུ་རྣལ་འབྱོར་པས་ནམ་མཁའ་དྲི་མ་མེད་པ་ལ་ཉི་ཚེ་བའི་དམིགས་པས་ལྟ་བ་དེ་ཉིད་ཀྱིས་བསྐྱོད་ཅེས་བྱ་བ་ནི་རྟགས་ལ་འདུན་པ་རྣམས་ཀྱིས་མིག་བཙུམས་པས་སོ། །སྒྲུབ་པ་པོ་ཡིས་གཟིགས་ཞེས་པ་ནི་རྣལ་འབྱོར་པ་ཡིས་ཡོད་པ་དང་མེད་པ་ལས་གྲོལ་བའི་བདག་ཉིད་དུ་ལྟ་བ་ཡིན་པའི་ཕྱིར་ གལ་ཏེ་ཡོད་པའི་གཟུགས་མཐོང་ན་བདག་གི་གདོང་པ་དངོས་ཀྱང་མེ་ལོང་ལ་སོགས་པའི་ནང་དུ་ཅིས་མི་མཐོང་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མེད་པའི་གཟུགས་མཐོང་ན། རི་བོང་གི་རྭ་ཞེས་པ་ནི་མཚོན་པ་ཙམ་སྟེ། ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་མོ་ལ་སོགས་པ་ཇི་ལྟར་མིན་ཏེ། ཅིའི་ཕྱིར་མི་མཐོང་ཞེས་བྱ་ 14-1-12a བའོ། །མིག་གཞན་གྱིས་ནི་ཞེས་བྱ་བ་ལ་རྣལ་འབྱོར་པས་མཐོང་གི། གཞན་གྱིས་མི་མཐོང་ཞེས་བྱའོ། །བདག་གི་མིག་གིས་ཞེས་བྱ་བ་ལ་སྒྲིབ་པ་དང་བྲལ་བའི་མིག་གིས་སོ། །མི་མཐོང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའོ། །འོ་ན་ཇི་ལྟར་མཐོང་ཞེ་ན། སྐྱེ་བ་མེད་པ་མཐོང་བ་ནི་ གཟོད་མ་ནས་སྐྱེ་བ་མེད་པའི་ཆོས་མ་མཐོང་བ་མཐོང་བ་ཞེས་བྱ་སྟེ། དཔེར་ན་བུ་མོ་གཞོན་ནུ་མ་ཞེས་བྱ་བ་ལ་ལོ་བཅུ་གཉིས་མན་ཆད་ལོན་པ་མངལ་གནས་སུ་མི་རུང་བའི་བུ་མཐོང་བ་ལྟ་བུའོ། །དེ་ལྟར་སོ་སོར་སྡུད་པ་ལེགས་པར་བསྟན་ནས། ད་ནི་བདེ་བ་ཆེན་པོ་སྤེལ་བ་བསྟན་པའི་ཕྱིར། གཟུགས་མཐོང་དེ་ ཡི་འོག་ཏུ་ནི། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་དུ་བ་ལ་སོགས་པའི་རྟགས་བཅུ་པོ་མཐོང་ནས། གལ་ཏེ་ཟླ་བའི་རྒྱུན་བཅད་པར་མ་གྱུར་པ་དེ་ལྟ་ན་ནི། སྟེང་དང་འོག་ཏུ་རྩ་གསུམ་ལ། །ཞེས་བྱ་བ་སྨོས་ཏེ། བརྐྱང་མ་དང་། རོ་མ་དང་། ཀུན་འདར་མའི་མིང་ཅན་ཏེ་སྟེང་གི་རྩ་གསུམ་མོ། །འོག་ཏུ་ནི་དྲི་ཆེན་ དྲི་ཆུ་ས་བོན་གྱི་ལམ་མོ། །ལུས་ངག་སེམས་ཀྱི་དགག་པའི་ཕྱིར། །ཞེས་གསུངས་ཏེ། ལུས་དང་ངག་གི་རང་བཞིན་ཅན་གྱི་རླུང་གི་རྒྱུ་བ་དགག་པ་ནི་སྟེང་དུ་ཡིན་ལ། དྲི་ཆེན་དྲི་ཆུའི་ས་བོན་ནི་འོག་གི་དགག་པའོ། །རྒྱུན་མི་འཆད་པར་སྲོག་རྩོལ་བྱ། །ཞེས་པ་ནི་ཉིན་དང་མཚན་དུའོ། །སྲོག་དང་ རྩོལ་བས་ནི་རླུང་ཡོངས་སུ་སྦྱངས་པ་ལ་སོགས་པའོ། །སྔོན་དུ་འགྲོ་བས་འཛིན་པ་སྟོན་ཏོ། །ཉི་ཟླ་སྒྲ་གཅན་ནི་སྟེང་དུའོ། །དྲི་ཆེན་དྲི་ཆུ་ས་བོན་འབབ་པའི་ལམ་ཞེས་པ་འོག་ཏུའོ། །ཆུ་མེ་སྟོང་པ་ཞེས་པ་ནི་གཡས་ཀྱི་སྟེང་འོག་དང་། དབུས་མའི་སྟེང་གི་རིགས་སོ། །ས་རླུང་ཡེ་ཤེས་ཞེས་པ་ནི་གཡོན་པའི་ སྟེང་འོག་དང་དབུས་མའི་འོག་མའོ། །ཡེ་ཤེས་ཀྱི་ཁམས་ཀྱི་རིགས་སོ། །གང་རྣམས་ཉི་ཟླ་མུན་ཅན་ནི། །ཞེས་པ་ནི་སྟེང་གི་མིང་གི་རྣམ་གྲངས་སོ། །དེ་ཉིད་ཁོ་ན་སྟེང་དུ་ལུས་ངག་སེམས་ཀྱི་རྩ་དེ་རྣམས་ཞེས་བྱའོ། །སྲོག་དང་ཐུར་སེལ་རིམ་པ་ཡིས། །ཞེས་པ་ནི་འོག་ཏུ་ཐུར་སེལ་ཡིན་ལ་སྟེང་དུ་སྲོག་ ཡིན་ནོ། །དྲི་ཆེན་དྲི་ཆུ་ས་བོན་འབབ་པ་ནི་འོག་ཏུའོ། །ད་ནི་སྟེང་འོག་གི་རྩ་དྲུག་པོ་ཉིད་རིགས་དྲུག་ཏུ་བསྟན་པར་བྱ་བའི་ཕྱིར། ཐབས་ཀྱི་སྐུ་ནི་ཟླ་བ་ལ། །ཞེས་པ་ནི་སྟེང་གི་གཡོན་པ་འདུ་བྱེད་རླུང་ཞེས་བྱ་བ་སངས་རྒྱས་དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཤེས་རབ་གསུང་ནི་ཉིན་མོ་མི། །ཞེས་པ་ནི་སྟེང་གི་ 14-1-12b གཡས་པ་ཚོར་བ་མེའི་ཁམས་ཞེས་བྱ་བ་སངས་རྒྱས་འོད་དཔག་མེད་འོད་ཀྱི་རང་བཞིན་ནོ། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །ཞེས་བྱ་བ་ནི་འོག་གི་གཡོན་པ་གཟུགས་སའི་ཁམས་ཞེས་བྱ་བ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །དྲི་ཆུ་འབབ་པ་གཙོ་བོའི་གསུང་། །ཞེས་པ་ནི་འོག་གི་གཡས་པ་འདུ་ ཤེས་ཆུའི་ཁམས་ཞེས་བྱ་བ་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །སྟེང་འོག་སེམས་ཀྱི་རྩ་གཉིས་ནི། །ས་བོན་བབ་དང་མུན་ཅན་མ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ཞེས་པ་ནི་སྟེང་གི་དབུས་མར་རྣམ་པར་ཤེས་པ་ནམ་མཁའི་ཁམས་ཞེས་བྱ་བ་སངས་རྒྱས་མི་བསྐྱོད་པའི་རང་ བཞིན་ནོ། །ས་བོན་འབབ་མ་ཤེས་རབ་ཀྱི། །ཞེས་པ་ནི་འོག་གི་དབུས་མ་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་ཀྱི་ཁམས་ཞེས་བྱ་བ་སངས་རྒྱས་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། སྟེང་འོག་རིགས་དྲུག་འདི་ཉིད་དོ། །ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ཆུ་དང་རླུང་དང་ ནམ་མཁའི་ཀྱི་ཁམས་ནི་ས་བོན་ལས་བྱུང་བ་སྟེ། ཕ་དང་འབྲེལ་བ་ཅན་ཕྱི་རིགས་སོ། །ས་དང་མེ་དང་ཡེ་ཤེས་ཀྱི་རྡུལ་ལས་བྱུང་བ་སྟེ། མ་དང་འབྲེལ་བ་ཅན་གྱི་རིགས་སོ། །དེ་ཡང་འདི་སྐད་དུ་གསང་བ་འདུས་པ་བཤད་པའི་རྒྱུད་ལྷ་མོ་བཞིས་ཡོངས་སུ་ཞུས་པ་ཞེས་བྱ་བ་ལས། ཕ་ལས་སྐྱེས་པ་གསུམ་ ཙམ་ན། །དེ་བཞིན་མ་ལས་སྐྱེས་པ་གསུམ། །དེ་དག་དྲུག་ཚོགས་གོང་བུ་ལས། །མི་རྣམས་ཇི་ལྟར་སྐྱེ་བ་ལགས། །ཞེས་གསུངས་སོ། །ཐབས་དང་ཤེས་རབ་སྐུ་དངོས་ཀྱིས། །ལུས་ཅན་རྣམས་ལ་ཡང་དག་གནས། །ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིགས་དྲུག་པོ་ནི་སྐྱེ་འགྲོ་ཐམས་ཅད་ལ་ཐབས་ དང་ཤེས་རབ་ཀྱི་ཚུལ་དུ་གནས་ཞེས་དགོངས་སོ། །སྟེང་འོག་ལྷག་མའི་རླུང་གིས་ནི། །ལུས་ངག་རྩ་ལ་འཆི་ལྟས་ཡིན། །ཞེས་བྱ་བ་ནི་འདིར་མདོར་བསྡུས་པ་ཡིན་གྱི། རྒྱས་པར་ནི་འོག་ནས་སྟོན་ཏོ། །ད་ནི་དབུས་མའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། མུན་ཅན་ས་བོན་འབབ་མ་ལས། །སྐྱེ་དང་ འཆི་བ་གནས་པ་ཡིན། །ཞེས་གསུངས་ཏེ། མའི་མངལ་ནས་སྐྱེས་པ་ལ་ཐུག་པ་དེ་སྲིད་དུ་ནི་ལུས་ཅན་ཞེས་བྱ་བ་ནི་རླུང་གནས་པ་ཡིན་ལ། དེའི་སྟོབས་ཀྱིས་མངོན་པར་ཤེས་པ་འབྱུང་བར་ཡང་ཤེས་སོ། །གཞན་ཡང་འཆི་བའི་དུས་སུ་རླུང་ཐམ་ས་ཅད་འདུས་ནས་དེར་འཇུག་ཅེས་གསུངས་སོ། །དེ་ཡང་ 14-1-13a དང་པོའི་སངས་རྒྱས་ལས་ཇི་སྐད་དུ། ཤི་དང་རྒྱལ་དང་ཏིང་འཛིན་འཐོབ། །གཉིས་གཉིས་འཁྲིག་པའི་གནས་སྐབས་ཏེ། །གནས་སྐབས་བཞི་ལ་འཇུག་འགྱུར་གྱི། །གཞན་དག་ཏུ་ནི་འཇུག་པ་མེད། །ཅེས་གསུངས་སོ། །ཡང་འོག་གི་ས་བོན་འབབ་མ་ལས་ནི་གང་མའི་མངལ་ན་གནས་པ་དེ་ན་ ས་བོན་གྱི་རྣམ་པ་གནས་ལ་འཆི་བའི་དུས་ན་ནི་ལམ་དེ་ནས་ས་བོན་འབྱུང་བས་འཆི་བ་ཡིན་ནོ། །དེ་ཡང་དབང་འདི་ཉིད་ལས་ཇི་སྐད་དུ། ལུས་ཅན་ཐམས་ཅད་འཆི་བ་ནི། །ཟླ་བའི་བདུད་རྩི་ཐུར་དུ་འགྲོ། །ཞེས་གསུངས་སོ། །སྐྱེ་དང་འཆི་བའི་དུས་དང་ནི། །ཞེས་པ་ནི་གོང་དུ་བསྟན་པ་ཉིད་དང་། འཁྲིག་ལས་ ས་བོན་འབབ་པའོ། །ཞེས་པ་ནི་འོག་གི་དབུས་མ་དེ་ནས་སོ། །གཞན་ཡང་རླུང་གི་དབང་དུ་བྱས་ནས་ལུས་ཅན་ཐམས་ཅད་ཐ་མལ་པར་གསུངས་པ་ནི། ཉི་མ་འཕོ་དང་མཉམ་པ་ལ། །ཞེས་བྱ་བ་གསུངས་ཏེ། ཉི་མ་ནི་གཡས་པའོ། །འཕོ་བ་ནི་གཡོན་དུའོ། །མཉམ་པ་ནི་གཉིས་ཀ་ནས་སོ། །མུན་ཅན་མ་ནི་ སྟེང་དུ་འབབ། །ཅེས་པ་ནི་མཉམ་དུ་འབབ་པའི་རླུང་སྟེང་ནས་འབབ་པའོ། །དུས་སྦྱོར་འབྱུང་བའི་མངོན་མཚམས་སུ། །དབུས་མ་ཡིས་ནི་མཉམ་པར་འབབ། །ཅེས་པ་ནི་གཞན་ཡང་དུས་སྦྱོར་བཅུ་གཉིས་པོ་རེ་རེ་ཡང་གཡས་པ་དང་། གཡོན་པ་ལས་དྲུག་དྲུག་ཏུ་འབབ་པ་སྟེ། དེ་ཡང་དྲུག་པ་ནི་ཡེ་ཤེས་ ཅན་ཞེས་བྱ་བ་གཉིས་ཀ་ནས། མཉམ་དུ་འབབ་པ་ཡིན་ནོ། །ལྷག་མ་ནི་གཡས་གཡོན་ནས་དཀྱིལ་འཁོར་ལྔ་ལྔ་འབབ་པ་ཡིན་ཏེ། དེ་ཡང་ཡེ་ཤེས་ཅན་ཞེས་བྱ་བ་ཉིད་མངོན་མཚམས་ཞེས་བྱ་བར་དགོངས་སོ། །དེ་ཉིད། དབུས་མ་ཡིས་ནི་མཉམ་པར་འབབ། །ཅེས་བྱ་བ་ཡིན་ཏེ། རྐང་པ་དང་བཅས་ ལྔ་བཅུ་དྲུག །ཅེས་པ་ནི་དཀྱིལ་འཁོར་ལྔ་ལྔ་པོ་རེ་རེ་ནས་བཅུ་གཅིག་དང་བཞི་ཆ་རེ་རེ་དབུས་མར་འཇུག་ཅིང་རྒྱུ་སྟེ། །དེ་ལྟར་དཀྱིལ་འཁོར་ལྔ་ལས་ལྔ་བཅུ་རྩ་དྲུག་དང་བཞི་ཆ་གཅིག་ནི་དབུས་མའི་རྒྱུ་ཡིན་ལ། དེ་ལྟ་བུ་ཉིད་བཅུ་གཉིས་སུ་བསྒྲེས་པ་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་མཚན་ལ་ཚང་བར་གནས་ སོ། །འབྱུང་འཇུག་དབུགས་སོ་མི་དབང་ཀྱེ། །ཞེས་པ་ནི་གོང་དུ་བརྗོད་པ་དེ་ཉིད་དབུས་མའི་འབྱུང་འཇུག་གོ། །མི་དབང་ཀྱེ་ཞེས་པ་ནི་བོད་པའོ། །བདུན་ཅུ་རྩ་ལྔ་ལྷག་པ་ཡིས། །དྲུག་བརྒྱ་ཉིན་མོ་མཚན་མོའོ། །ཞེས་པ་ནི་ཉིན་ཞག་ཚང་བ་ལ་འཕོ་བ་བཅུ་གཉིས་ཡིན་ཞིང་། འབོ་བ་རེ་རེ་ནས་རྐང་པ་ 14-1-13b དང་བཅས་པ་ལྔ་བཅུ་རྩ་དྲུག་དབུས་མར་རྒྱུ་སྟེ། དེ་ཉིད་བཅུ་གཉིས་སུ་བསྒྲེས་པས་ཉིན་ཞག་གཅིག་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །གང་ཡང་དྲུག་རྒྱས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ། །ཞེས་པས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིད་ཡིན་ཏེ་དེ་ཡང་བརྩི་བའི་ལུགས་ནི་གཅིག་གིས་ མཚན་མའི་འོག་ཏུ་ཐིག་ལེ་གསུམ་བཀོད་ལ། དེ་ལ་ཉི་ཤུ་རྩ་གཅིག་གིས་བསྒྱུར་བས་ཉི་ཁྲི་ཆིག་སྟོང་ཉིད་དུ་གནས་པ་ལས། དེ་ལ་དྲུག་ཁྲི་མཚན་མའི་འོག་ཏུ་ཐིག་ལེ་གཉིས་གནས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །གཡས་པ་དང་ནི་གཡོན་པའི་རྩར། །འདི་ཡིས་དམན་པ་རྣམས་འབབ་ཕྱོགས། །ཞེས་ པ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་དྲུག་བརྒྱ་བདུན་ཅུ་རྩ་ལྔས་དམན་པའི་ལྷག་མ་ནི་ཉི་ཁྲི་དགུ་བརྒྱས་ཉི་ཤུ་རྩ་ལྔར་གནས་པ་ཡིན་ཏེ། གཡས་པ་དང་ནི་གཡོན་པའི་རྒྱུའོ། །ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔ་ལས་ཀྱང་། ལ་ལ་ནཱ་དང་ར་ས་ནཱ། །ཞེས་བྱ་བ་གཡས་གཡོན་སོ་སོ་ནས་ཁྲི་བཞི་བརྒྱ་དྲུག་ཅུ་ རྩ་གཉིས་དང་རྐང་པ་གཉིས་སུ་རྒྱུ་བ་ཡིན་ཏེ། ཕྱེ་བས་གསུམ་དང་བཅས་ལོ་གསུམ། །ཞེས་པ་ནི་ཟླ་བ་ཕྱེད་དང་གཉིས་དང་ལོ་གསུམ་མོ། །དེ་ཅིས་འགྱུར་ཞེ་ན། ལོ་བརྒྱ་ཡིས་ནི་དབུས་མར་འགྱུར། །ཞེས་གསུངས་ཏེ། གང་ཡང་སྐྱེས་བུ་ཚེ་ལོ་བརྒྱ་པ་དེ་ལའོ། །དེ་ལ་ལོ་བརྒྱ་ལ་ནི་ཞག་སུམ་ཁྲི་དྲུག་ སྟོང་ཡིན་ལ། སུམ་ཁྲི་དྲུག་སྟོང་གང་ཡིན་པ་དེ་དྲུག་བརྒྱ་བདུན་ཅུ་རྩ་ལྔས་བསྒྲེས་པར་འགྱུར་བས་བྱེ་བ་ཕྲག་བཞི་དང་སུམ་འབུམ་གྱིས་ལྷག་པའི་ས་ཡ་ཕྲག་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །སྟེང་དུ་གཡས་དང་གཡོན་པ་ནི། །ཉི་ཟླ་ལུག་དང་སེར་སྐྱ་གཞན། །ཞེས་པ་ནི་ཉི་མ་དང་ཟླ་བའི་མིང་ཅན་ལ་མུ་སྟེགས་ ཅན་གཞན་རྣམས་ཞུགས་པའི་ཕྱིར། ལུག་དང་སེར་སྐྱ་ཞེས་བྱ་བ་གསུངས་སོ། །ཡང་ན་ཉི་ཟླ་ནི་སྟེང་ངོ་། །ལུག་དང་སེར་སྐྱ་ནི་འོག་གོ། །ཆུ་དང་མེའི་རང་བཞིན་ཞེས་པ་ནི་གཡས་པའི་སྟེང་འོག་གོ། །པདྨ་རིན་ཆེན་འཛིན་པ་ནི། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་སུ་བཞག་པའི་ཚུལ་ལོ། །འོག་ཏུ་ དྲི་ཆེན་དྲི་ཆུ་འབག ། ཅེས་པ་ནི་འོག་གི་གཡོན་པ་དང་གཡས་པའོ། །ས་དང་རླུང་གི་རང་བཞིན་ཞེས་པ་ནི་གཡོན་གྱི་སྟེང་འོག་ཏུའོ། །གཡས་པ་དང་ནི་གཡོན་པའི་རྩ། །ཞེས་པ་ནི་གོ་སླའོ། །འཁོར་ལོ་རལ་གྲི་འཛིན་པ་ཞེས་པ་ནི། དེ་བཞིན་གཤེགས་པར་བཞག་པའི་ཚུལ་ཏེ། གཡོན་གྱི་སྟེང་འོག་རིམ་ 14-1-14a བཞིན་དུ། སྟེང་དུ་དབུས་མ་འོག་ཏུ་གཡས། །ཞེས་པ་ནི་གོ་སླའོ། །སྒྲ་གཅན་དང་ནི་ས་བོན་འབབ། །ཅེས་པ་ནི་དབུས་མའི་སྟེང་འོག་གོ། །སྟོང་པའི་ཡེ་ཤེས་རང་བཞིན་ཏེ། །ཞེས་པ་ནི་སྟེང་འོག་གི་རིམ་པ་བཞིན་དུའོ། །རྡོ་རྗེ་འཛིན་ནི་སྟེང་མི་བསྐྱོད་པའོ། །རྡོ་རྗེ་འཛིན་པ་ ནི་འོག་རྡོ་རྗེ་སེམས་དཔའོ། །ཟླ་བའི་ལམ་ནི་དྲི་ཆེན་རྩ། །ཞེས་པ་ནི་གཡོན་པའི་སྟེང་འོག་གོ། །ཉི་མས་དྲི་ཆུ་འབབ་པའོ། །ཞེས་པ་ནི་གཡས་པའི་སྟེང་འོག་གོ། །སྐྱེ་འཆི་མཉམ་དུ་འདོད་ཆགས་ལ། །ཞེས་པ་ནི་དབུས་མའི་མིང་ཅན་ནོ། །སྒྲ་གཅན་ས་བོན་འབབ་པའོ། །ཞེས་པ་ནི་སྟེང་འོག་གོ། །སྟེང་ འོག་གི་རྣམ་གྲངས་བསྟན་པའི་ཕྱིར། གང་ཞིག་ལྟེ་སྟེང་ཀུན་འདར་མ་ཞེས་པ་ནི་དེ་ཡང་ལྟེ་བའི་སྟེང་ཡན་ཆད་དུ་དབུས་མའི་མིང་གི་རྣམ་གྲངས་ཡིན་གྱི། འོག་གི་ནི་གཞན་ཡིན་ནོ། །དེ་བས་ན། མུན་འབའ་ཞིག་ཏུ་ཡིད་བཟངས་ཏེ། །ཞེས་གསུངས་པ་དེ་ཡིན་ནོ། །གང་འོག་ནམ་མཁའི་གདོང་དེ་ནི། ། ཞེས་པ་ནི་འོག་གི་རྣམ་གྲངས་སྟོན་པར་བྱེད་པ་སྟེ། དེ་ཡང་། ས་བོན་འབབ་པ་དུང་ཅན་མ། ཞེས་གསུངས་སོ། །ལྟེ་བའི་པདྨའི་སྙིང་མགྲིན་དང་། དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ཞེས་པ་ནི་འཁོར་ལོའི་གནས་བསྟན་པའོ། །ས་ཆུ་མེ་རླུང་སྟོང་པ་ནི། །ཞེས་པ་ནི་རླུང་ལྔའོ། །བསྡུས་པ་ ཡིས་ནི་འབབ་པའོ། །ཞེས་པ་ནི་གཡས་ནས་རྒྱུ་བའོ། །གཤེགས་པ་དང་ནི་བྱོན་པ་སྟེ། །ཞེས་པ་ནི་རླུང་ལྔའོ། །སྐྱེས་པ་ཡིས་ནི་ས་ལ་འཇུག ། ཅེས་པ་ནི་གཡོན་པ་ནམ་མཁའ་རྒྱུ་བའོ། །ལྟེ་བ་ནས་ནི་ལྟེ་བའི་དབུས། །ཞེས་པ་ནི་པདྨ་བཞིའོ། །ཀུན་འདར་མས་ནི་བྱོན་ཞིང་གཤེགས། །ཞེས་པ་ ནི་དབུས་མའི་རྒྱུ་བའོ། །ལྟེ་གསང་ནོར་བུ་པདྨ་ཞེས་པ་ནི་སྤྲུལ་པ་དང་། གསང་བ་དང་། རྡོ་རྗེ་ནོར་བུ་གསུམ་པའོ། །ལུས་ངག་སེམས་ནི་འབབ་མ་སྟེ། །ཞེས་པ་ནི་སྐུ་གསུམ་གྱི་ཚུལ་གྱིས་སོ། །གཤེགས་པ་དང་ནི་བྱོན་པ་དེ། །ཞེས་པ་ནི་ཨ་ཝ་བྷཱུ་ཏཱིའི་རྒྱུ་བ་གཉིས་སོ། །སྡུད་དང་སྐྱེད་པའི་གཟུགས་ ཅན་མ། །ཞེས་པ་ནི་རྒྱུ་བ་གཉིས་པོའི་ཕྱིར་འབྱུང་བ་དང་ནང་དུ་འཇུག་པའོ། །སྐྱེས་བུ་ཀུན་ལ་དུང་ཅན་མ། །ཞེས་པ་ནི་འོག་གི་དབུས་མ་དེ་ཉིད་སྐྱེས་བུ་ཀུན་ལ་མིང་དུ་བཏགས་པ་སྟེ། ཁྲག་གི་རྒྱུ་བ་མེད་པའི་ཕྱིར་རོ། །ཐུར་སེལ་རླུང་ནི་འབབ་པར་བྱེད། །ཅེས་པ་ནི་དབུས་མ་དེ་ཉིད་ནས་རླུང་གི་དུས་སུ་ཐུར་དུ་ 14-1-14b སེལ་བའི་རླུང་འབབ་པ་ཡང་ཡིན་ནོ། །འདི་ནི་བུད་མེད་བདེ་བ་ཡིས། །ཞེས་པ་ནི་འཁྲིག་པའི་དུས་སུའོ། །ས་བོན་ཞེས་པ་ནི་དུས་དེར་ས་བོན་འབབ་པའོ། །དུས་སུ་ཞེས་པ་ནི་ནག་པོའི་ཕྱོགས་སོ། །ཁྲག་འབབ་ཅེས་པ་ནི་དུས་དེར་རྩ་དེ་ནས་ཁྲག་རྒྱུ་བའོ། །སྟེང་གི་གཡས་དང་གཡོན་པ་ནི། །ཐབས་དང་ཤེས་ རབ་སྐུ་ཡི་ཚུལ། །ཞེས་པ་ནི་སྟེང་གི་གཡས་གཡོན་ནོ། །འོག་གི་དྲི་ཆེན་དྲི་ཆུ་འབབ། །ཅེས་པ་ནི་འོག་གི་གཡས་གཡོན་ནོ། །རྡུལ་དང་ས་བོན་འབབ་པ་ནི། །ཞེས་པ་ནི་འོག་གི་དབུས་མའོ། །རྡུལ་འབབ་ཕྱིར་ན་ཙཎྜ་གི། ཞེས་པ་ནི་དུས་དེར་རེག་ཏུ་མི་རུང་བའི་རྒྱུར་རོ། །ས་བོན་འབབ་ཕྱིར་ནམ་ མཁའི་གདོང་། །ཞེས་པ་ནི་བདེ་བ་ཆེན་པོ་ནམཁམཁའི་ནང་ནས་འབབ་པ་རྩ་དེར་འོང་བའི་ཕྱིར་རོ། །སྟེང་དུ་རིགས་ངན་བུད་མེད་ལ། །ཞེས་བ་ནི་སྟེང་གི་དབུས་མའི་དེ་ཉིད་བུད་མེད་རྣམས་ལ་ཁྲག་འབབ་པའི་ཕྱིར་རིགས་ངན་ནོ། །སྐྱེས་བུ་ལ་ནི་ཀུན་སྤངས་བརྗོད། །ཅེས་པ་ནི་བདེ་བའི་སྟོབས་ཀྱིས་ རྟོག་པ་སྤངས་པའི་ཕྱིར་རོ། །རྟག་པར་གཡོན་པའི་རྩ་ལ་ནི། །ཞེས་པ་ནི་སྣ་བུག་གཡོན་པ་ནས་སོ། །རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། །ཞེས་པ་ནི་རྣམ་པར་ཤེས་པ་ནམ་མཁའ་ནས་རྒྱ་བའོ། །ལྔ་ནི་འབྱུང་བ་ལྔའོ། །གཡས་པའི་རྩ་ལ་སོགས་ཏེ་ཞེས་པ་ནི་གཡས་པའི་སྣ་བུ་གནས་དབུགས་ ནས་རྒྱུ་བའོ། །དབུས་སུ་དྲུག་པ་འབབ་པའོ། །ཞེས་པ་ནི་སྣ་བུག་གཉིས་ཀ་ནས་དུས་མཉམ་དུ་འབབ་པ་ནི་དྲུག་པ་ཡེ་ཤེས་ཀྱི་རླུང་ངོ་། །ལྟེ་བའི་པདྨའི་འདབ་མ་ལ། །ཞེས་པ་ནི་སྦྲུལ་པའི་འདབ་མ་ལའོ། །དཀྱིལ་འཁོར་དྲུག་ཅུ་རིམ་པ་བཞིན། །ཞེས་པ་ནི་ཆུ་ཚོད་དྲུག་ཅུའོ། །དུས་སྦྱོར་གཡས་དང་ གཡོན་པ་ལ། །ཞེས་པ་ནི་གཡས་དང་གཡོན་ལས་དུས་སྦྱོར་བཅུ་གཉིས་ཀྱི་ཚད་དུ་འབྱུང་བའོ། །ལུག་སོགས་ཁྱུ་མཆོག་ལ་སོགས་སོ། །ཞེས་པ་ནི་དུས་སྦྱོར་ཀྱི་མིང་ངོ་། །རྩ་བ་གཡོན་དང་དེ་ནས་གཡས། །སྟེང་དང་དབུས་སུ་རིམ་པས་རླུང་། །ཞེས་པ་ནི་འབྱུང་བ་ལྔ་པོ་དེ་ཡང་སྣ་བུག་གཡས་གཡོན་གྱི་ ཕྱོགས་བཞི་དབུས་དང་ལྔ་ནས་འབྱུང་བ་ལྔ་རིམ་བཞིན་དུ་འབྱུང་བའོ། །དཀྱིལ་འཁོར་རེ་རེའི་དབྱུ་གུ་ལས། །ཞེས་པ་ནི་ས་ཆུ་མེ་རླུང་ནམ་མཁའ་དང་། ལྔ་ནི་འབྱུང་བ་སྟེ། ཆུ་ཚོད་ལྔ་ལྔར་རྒྱུའོ། །ས་སོགས་སྣ་བུག་དག་ལའོ། །ཞེས་པ་ནི་ས་ལ་སོགས་པ་ཉིད་དོ། །དྲུག་ཅུར་བཅས་པའི་སུམ་བརྒྱའི་དབུགས། ། 14-1-15a ཞེས་པ་ནི་དཀྱིལ་འཁོར་ལྔ་པོ་རེ་རེ་ལ་ཡང་དབུགས་སུམ་བརྒྱ་དྲུག་ཅུ་འབབ་པའོ། །དེ་གང་ལས་ཤེ་ན། རྩ་ནི་རིམ་པས་འབབ་པའོ། །ཞེས་གསུངས་སོ། །སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་ནི། །ཞེས་པ་ནི་སྟོང་བརྒྱད་བརྒྱའོ། །རྩ་ལྔ་པོ་ཡིས་དེ་རྣམས་འབབ། །ཅེས་པ་ནི་ དཀྱིལ་འཁོར་ལྔའི་རླུང་སྟེ། །སུམ་བརྒྱ་དྲུག་ཅུ་ལས་རྩ་ལྔར་བསྒྲེས་ནའོ། །དྲུག་ཅུ་རྩ་ནི་ཉིན་མཚན་དུ། ལུས་ཅན་རྣམས་ལ་དཀྱིལ་འཁོར་ནི། །ཞེས་པ་བཅུ་གཉིས་ལ་ལྔས་བསྒྲེས་ནས་དྲུག་ཅུ་ཡིན་ནོ། །འདབ་མའི་དབུས་དང་དེ་ནས་ཤར། །ཞེས་པ་ནི་སྣ་བུག་གཡོན་ནས་འབབ་པའི་འདབ་མའི་ དབུས་ནས་འབབ་སྟེ་ནམ་མཁའ་རྒྱུ་བ་ཡིན་ནོ། །དེ་ནས་ཤར་དང་ལྷོ་དང་ནུབ་དང་བྱང་ངོ་། །གཡས་དང་གཡོན་དུ་རིམ་པས་རླུང་། །ཞེས་པ་ནི་གཡས་ཀྱི་རྒྱུ་བའི་རྗེས་ལ་གཡོན་ཡིན་ཞིང་དེ་ཉིད་ནི་རིམ་པས་རླུང་ཞེས་དགོངས་སོ། །གཡོན་ལ་རྟག་པར་མཁའ་སོགས་ཏེ། །གཡས་ལས་སོགས་གཞན་ མའོ། །ཞེས་པ་ནི་གོང་དུ་རྒྱས་པར་བསྟན་པ་ཉིད་དོ། །གཡོན་དུ་སྲིད་པ་རྣམ་ཤེས་སོགས། །གཡས་སུ་ས་སོགས་བསྡུས་པའོ། །ཞེས་པ་ཡང་རྒྱས་པར་བསྟན་ཟིན་ཏོ། །ནུབ་དང་ཤར་དུ་ས་དང་རླུང་། །ཞེས་པ་ནི་འདབ་མ་བཞིར་གནས་པའི་ཤར་ནུབ་བོ། །ཕན་ཚུན་ཐབས་དང་ཤེས་རབ་སྟེ། །ཞེས་པ་ནི་ གཡོན་གྱི་སྟེང་དུ་རླུང་གི་ཡིན་ལ། འོག་སའི་རླུང་ཡིན་པའི་ཕྱིར་རོ། །མཐོ་བོང་དང་ནི་མིང་མེད་ཀྱིས། །གང་གིས་ཁ་ལ་དབང་བསྐུར་ཕྱིར། །ཞེས་པ་ནི་མཐེ་བོང་ས་ཡིན་ལ། སྲིན་ལག་ནི་རླུང་སྟེ། དེ་བས་ན་ཐབས་དང་ཤེས་རབ་དེས་བྱང་ཆུབ་སེམས་མྱང་བའི་དབང་བསྐུར་བ་གསུངས་སོ། །གཡས་དང་ གཡོན་དུ་མེ་དང་ཆུ། །ཞེས་པ་ནི་གཡས་ནི་ལྷོའི་མིང་ཡིན་ལ། གཡོན་ནི་བྱང་ཡིན་ནོ། །དེ་ཉིད་མེ་དང་ཆུ་སྟེ་གཡས་ཀྱི་སྟེང་འོག་མེ་དང་ཆུ་ཡིན་པའི་ཕྱིར་རོ། །ཕན་ཚུན་ཐབས་དང་ཤེས་རབ་བོ། །ཞེས་པ་ནི་གོ་སླའོ། །མཛུབ་མོ་དང་ནི་གུང་མོ་དང་། །གང་ཕྱིར་རལ་གྲིར་འགྱུར་བས་སོ། །ཞེས་པས་ མཛུབ་མོ་ནི་ཆུ་ཡིན་ལ། གུང་མོ་ནི་མེ་ཡིན་ནོ། །དེ་ཉིད་ཀྱིས་ཉོན་མོངས་པ་གཅོད་པས་རལ་གྲི་སྟེ་དོན་ཡོད་གྲུབ་པའོ། །མཆེ་བ་མཐེའུ་ཆུང་གྲི་གུག་སྟེ། །ཞེས་པ་ལ། མཐེའུ་ཆུང་དེ་ཉིད་འོག་ཏུ་མཚོན་པར་བྱེད་པས་ཡེ་ཤེས་ཡིན་ལ། དེ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་འཇོམས་པས་ཟ་བྱེད་ཀྱི་མཆེ་བ་དང་། གཅོད་ 14-1-15b བྱེད་ཀྱི་གྲི་གུག་ཅེས་སུ་དགོངས་སོ། །སྟོང་པ་མི་འགྱུར་སྟེང་འོག་ཏུ། །ཕན་ཚུན་ཐབས་དང་ཤེས་རབ་བོ། །ཞེས་བྱ་བ་ནི་མཐེའུ་ཆུང་གིས་མཚོན་པའི་མི་འགྱུར་བ་ནི་ཤེས་རབ་ཡིན་ལ། འོག་ནས་དོན་སྟོན་པའི་སྟོང་པ་ནི་ཐབས་སོ། །དེ་ཡང་། སྟོང་པ་མཚོན་པར་བྱེད་པ་ནི། སོར་མོ་རྣམས་ནི་ཕན་ཚུན་དུ། དཀྱིལ་འཁོར་བཅུ་ནི་ཡང་བྱའོ། །ཞེས་པ་ནི། དཀྱིལ་འཁོར་བཅུ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་བདག་ཉིད་ཅན་གྱི་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ལྔ་སྟེ་བཅུ་ཡིན་ནོ། །དེ་ཉིད་སྤྱི་བོར་བཞག་པ་ནི། །སྤྱི་བོར་ཐལ་མོ་སྦྱར་བ་ཡིས། །ཞེས་གསུངས་པ་ཡིན་ནོ། །གྲི་གུག་དང་བཅས་ རྩེ་གཅིག་པོ། །ཞེས་པ་ནི་དེ་ཉིད་ཀྱི་སྟེང་སྟེ། སྟོང་པར་མཚོན་པར་བྱེད་པའོ། །སྐྱེད་པ་དང་ནི་སྡུད་བྱེད་པའོ། །ཞེས་པ་ནི་དཀྱིལ་འཁོར་བཅུ་ལའོ། །མཉམ་པ་དེ་ཡང་དབུས་མའི་རྩར། །ཞེས་པ་ནི་དེ་ལྟ་བུའི་དཀྱིལ་འཁོར་བཅུ་མཉམ་པ་དང་མི་མཉམ་པའི་ཚུལ་གྱིས་འབབ་པར་བྱེད་དོ། །དེ་ཡང་འཕོ་ བའི་དུས་སུ་ནི་དབུས་མ་ནས་འབབ་སྟེ། གོང་དུ་རྒྱས་པར་བསྟན་པ་ཉིད་དོ། །ཕུང་པོ་ཁམས་ནི་རྡོ་རྗེ་གསུམ། །ཞེས་གསུངས་ཏེ་ཕུང་པོ་དང་ཁམས་ལ་སོགས་པ་རྒྱུ་བར་བྱེད་པའི་ལམ་གསུམ་ནི་རྡོ་རྗེ་གསུམ་གྱི་མིང་ཅན་རྩ་གསུམ་ཡིན་ནོ། །དབུས་མར་སོང་ནས་གཅིག་ཏུ་འགྱུར། །ཞེས་པ་ནི་རྩ་དབུས་ མར་འདུས་པའོ། །དབུས་མར་འདུས་པ་ཡང་ཚུལ་གཉིས་ཏེ། རྒྱུ་བའི་ཚུལ་གྱིས་འདུས་པ་དང་། །མི་རྒྱུ་བའི་ཚུལ་གྱིས་འདུས་པའོ། །ཅིག་ཏུ་སོང་བ་ནི་དེར་འདུས་པའོ། །ཟླ་བ་ཉི་མའི་རྩ་འགགས་ན། །ཞེས་པ་ནི་སྟེང་འོག་གོ། །དྲི་ཆེན་དྲི་ཆུའི་རྩ་འགག་གོ། །ཞེས་པ་ནི་འོག་ཏུའོ། །སྒྲ་གཅན་རྩ་ ནི་འགག་ཡིན་ནོ། །ཞེས་པ་ནི་སྟེང་གི་དབུས་མའོ། །འོག་གིས་ས་བོན་འབབ་མའོ། །ཞེས་པ་ནི་འོག་འགགས་ཞེས་པ་དང་སྦྱར་རོ། །གྲོལ་ན་འདི་རྣམས་གྲོལ་བར་འགྱུར། །ཞེས་པ་ནི་སྟེང་གྲོལ་ན་འོག་གྲོལ་ཞེས་པའི་དོན་ཏོ། །སྐྱེད་པ་དང་ནི་སྡུད་བྱེད་མ། །ཞེས་པ་ནི་གོང་དུ་བསྟན་པའོ། ། སྲོག་དང་ཐུར་སེལ་ ལམ་གསུམ་གྱིས། །ཞེས་པ་ལ་སྲོག་ནི་སྟེང་ངོ་། །ཐུར་སེལ་ནི་འོག་ཡིན་ནོ། །ལམ་གསུམ་ནི་རྩ་གསུམ་མོ། །རྩ་རྣམས་ཀུན་སྤྱོད་འདི་ཡིན་ནོ། །ཞེས་པ་ནི་གོང་དུ་བསྟན་པའི་རིགས་ཀྱིས་སོ། །དེ་བས་ན་རྩའི་ཀུན་དུ་སྤྱོད་པ་ནི་དེ་ལྟར་ལེགས་པར་བྱ་བ་ཡིན་ནོ། །ད་ནི་ལུས་ཅན་རྣམས་ལ་དུས་མ་ཡིན་ 14-1-16a པར་འཆི་བའི་ལྟས་བརྗོད་པར་བྱ་བའི་ཕྱིར། གཡས་པའམ་ནི་གཡོན་པ་ལ། །ཞེས་པ་ནི་སྣ་བུག་ལའོ། །ཉིན་མཚན་གཅིག་དང་ཞེས་པ་ནི་གཡོན་པ་ལས་སོ། །དེ་བཞིན་ལྔ་ཞེས་པ་ནི། གཡས་པ་ནས་སོ། །ཅིའི་ཕྱིར་གཡོན་པ་ཉི་མ་གཅིག་ཡིན་ལ། གཡས་ལྔ་ ཡིན་ཞེས་དགོངས་པ་ལ། གཡོན་ནི་བྱང་ཆུབ་ཀྱི་སེམས་ཐུར་སེལ་གྱི་རླུང་གི་བདག་པོ་ལུས་ངག་ཡིད་གསུམ་གྱི་བདག་པོ་ཡིན་པའི་ཕྱིར་རོ། །གཡས་པ་དང་ནི་ཡུལ་ལྔ་ལ་འཇུག་པར་བྱེད་པ་དང་། བདེ་བར་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་གྱེན་དུ་རྒྱུ་བའི་རླུང་ཡིན་པའི་ཕྱིར་རོ། །རླུང་ ནི་རབ་ཏུ་འབབ་པ་ན། །ཞེས་པ་ནི་གཡས་པའམ་གཡོན་པ་ལས་སོ། །དེ་ནས་ལོ་གསུམ་གྱིས་འཆི་འགྱུར། །ཞེས་པ་ནི་ལྔ་དང་གསུམ་དང་ཐུན་མོང་དུ་ཤེས་པར་བྱས་ཏེ། གཡས་ནས་ཞག་ལྔ་རྒྱུས་པ་དེ་ལྟར་ན་ནི་ལོ་གསུམ་ན་འཆི་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་དུ་གང་གཡོན་པ་ལས་ཇི་སྐད་དུ་ ཞག་གཅིག་ཏུ་འབབ་པ་དེ་ལྟར་ན་ནི་ལོ་གསུམ་ན་ནི་འཆི་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ལྟར་མདོར་བསྟན་ནས་ད་ནི་གཡས་པ་རྒྱས་པར་བྱ་བའི་ཕྱིར། ལྔ་ཕྱོགས་ཚེས་དང་ཉི་ཤུ་དང་། །དེ་ཉིད་རིམ་པས་རེ་རེ་ལྷག །ཅེས་སོགས་གསུངས་པ་དེས་ནི་དང་པོའི་འཆི་བ་འབྱུང་བའི་གནས་རྒྱས་པ་ཞེས་བྱ་བ་ནས་ བརྩམས་ནས་ཇི་སྲིད་དུ་ཕྱི་མའི་ངེས་པར་འཆི་བར་སྟོན་པའི་གནས་རྒྱས་པའི་དུས་ཞེས་བྱ་བ་འཆི་བའི་རྟགས་དེ་སྲིད་དུ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ལྔ་ཞེས་པ་ནི་གཡས་པ་འབའ་ཞིག་ནས་གང་གི་ཚེ་རྒྱུན་མ་ཆད་པར་ཉིན་མཚན་ལྔ་རྒྱུ་བ་དེ་ལྟར་ན་ནི་ལོ་གསུམ་ན་འཆི་བར་ཤེས་པར་བྱའོ། །དེ་ བཞིན་དུ་ཕྱོགས་ཞེས་པ་ནི་སྔ་མ་ལྔའི་སྟེང་དུ་ལྔ་བསྣནཔའོ། །དེ་ནི་ལོ་གཉིས་ན་འཆི་ཞེས་བྱ་བར་རོ། །ཚེས་ཞེས་པ་ནི་བཅུའི་སྟེང་དུ་ཡང་ལྔ་སྟེ། བཅོ་ལྔ་ཡིན་ལ་དེ་ནི་ལོ་གཅིག་ན་འཆི་བ་ཞེས་སྦྱར་རོ། །ཉི་ཤུ་ཞེས་པ་ནི་ཡང་བཅོ་ལྔའི་སྟེང་དུ་ཡང་ལྔ་སྟེ་ཉི་ཤུ་ཡིན་ལ། དེ་ནི་ཟླ་བ་དྲུག་ནའོ། །དེ་ཉིད་ཅེས་པ་ ནི་ཉི་ཤུའི་སྟེང་དུ་ཡང་ལྔ་སྟེ་ཉི་ཤུ་རྩ་ལྔ་ཡིན་ལ། དེ་ནི་ཟླ་བ་གསུམ་ནའོ། །རེ་རེས་ལྷག་ཅེས་པ་ནི་ཡང་འཆི་ལྟས་གཡས་པ་ནས་ཉི་མ་གཅིག་སྟེ་ཉི་ཤུ་རྩ་དྲུག་གིས་ཏེ་ཟླ་བ་གཉིས་ནའོ། །ཡང་འཆི་ལྟས་གཡས་ཉིད་ནས་ཞག་གཅིག་སྟེ་ཉི་ཤུ་རྩ་བདུན་དུ་རྒྱུ་བས་ནི་ཟླ་བ་གཅིག་ནའོ། །དེ་ལྟར་བརྗོད་པའི་ 14-1-16b ཚུལ་ནི་འཆི་ལྟས་ཀྱི་ཉི་མ་ཞེས་རྟོགས་པར་བྱའོ། །དེ་ནི་འཕོ་བ་བཅུ་གཉིས་ཀྱི་རྟེན་གྱི་རྩ་དྲུག་སྟོང་པར་བྱས་ནས་འདབ་མ་བདུན་པ་ལས་སྲོག་གི་རླུང་ཞུགས་པ་ཡིན་ཏེ། ལྷ་དང་མི་གང་གིས་ཀྱང་བཟློག་པར་ནུས་པ་མ་ཡིན་ནོ། །ཉི་མ་སུམ་ཅུ་གསུམ་གནས་པས། །གཡས་པའི་ཉི་མའི་འཆི་ལྟས་སོ། །ཞེས་ པ་ལས། ཉི་མ་སུམ་ཅུ་རྩ་གསུམ་ནི་འཆི་ལྟས་ཀྱི་ཉི་མའོ། །གནས་ཞེས་པ་ནི་རླུང་ངོ་། །དེ་ཉིད་ནི་གཡས་པའི་འཆི་ལྟས་སོ། །སྔོན་གྱི་ཚེའི་ལྷག་མ་བརྗོད་པའི་ཕྱིར། གསུམ་པ་གཉིས་གཅིག་མཉམ་ཞེས་བྱ་བ་གསུངས་སོ། །དེ་ལ་གསུམ་ནི་ཡོ་སྟེ། ཉི་མ་ལྔ་ཡིས་སོ། །གཉིས་ནི་ཡང་ལོ་ཞེས་སྦྱར་ཏེ་ ཉི་མ་བཅུ་ཡིས་སོ། །གཅིག་ཅེས་པ་ཡང་ལོ་དང་སྦྱར་ཏེ། ཉི་མ་བཅོ་ལྔས་སོ། །དེ་ནི་ལོའི་ཚེའི་ལྷག་མ་ཡིན་ནོ། །དེ་ཡང་མཉམ་ཞེས་བྱ་བ་ནི་འདབ་མ་བཅུ་གཉིས་ལ་གསུམ་སྟོང་བར་མཉམ་པའོ། །ཟླ་བ་ནི་ཞེས་པ་ལ་ཟླ་བའི་ཚེའི་ལྷག་མ་བསྟན་པའོ། །དེ་ཡང་གང་ཡིན་སྙམ་པ་ལ།དྲུག་གསུམ་ ཟུང་ཟླ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཟླ་བ་དྲུག་ནི་ཉི་མ་ཉི་ཤུས་སོ། །ཟླ་བ་གསུམ་ནི་ཉི་མ་ཉི་ཤུ་རྩ་ལྔས་སོ། །ཟུང་ནི་ཟླ་བ་གཉིས་ནི་ཉི་མ་ཉི་ཤུ་རྩ་དྲུག་གིས་སོ། །ཟླ་བ་ནི་ཟླ་བ་གཅིག་སྟེ་ཉི་མ་ཉི་ཤུ་རྩ་བདུན་གྱིས་སོ། །དེ་ནི་རྩ་འདབ་མ་བདུན་སྟོང་ངོ་། །ད་ནི་ངེས་པར་འཆི་བ་སྟོན་པ་རྒྱས་པ་ཞེས་བྱ་བའི་དུས་ན་ཟླ་ བ་གཅིག་ནས་འཆི་བའི་འཆི་ལྟས་ཀྱི་ཉི་མ་བསྟན་པའི་ཕྱིར། ཚེས་ཕྱོགས་ལྔ་དང་ཡོན་ཏན་གཉིས། །གཅིག་གི་ལུས་ཅན་ཚེ་འགྲོ་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལྟར་རྒྱས་པའི་དུས་ན་ཚེ་ཟླ་བ་གཅིག་གནས་པ་ལས། ཚེས་ཞེས་བྱ་བ་ལ་ཉིན་ཞག་བཅོ་ལྔ་རྒྱུས་པ་ལ་ནི་བཅོ་ལྔ་ཉིད་ནས་འཆི་ བའོ། །ཕྱོགས་ཞེས་བྱ་བ་བཅོ་ལྔའི་སྟེང་དུ་བཅུ་རྒྱུས་པས་བཅུ་ཉིད་ནའོ། །ལྔ་ཞེས་བྱ་བ་བཅུ་ལས་ལྔ་རྒྱུས་པས་ལྔ་ཉིད་ནའོ། །ཡོན་ཏན་ཞེས་པ་ནི་ལྔ་ལས་གསུམ་རྒྱུས་པས་གསུམ་ཉིད་ནའོ། །འཆི་ལྟས་ཀྱི་ཉི་མ་སུམ་ཅུ་རྩ་གསུམ་ནི་དེས་ཡོངས་སུ་རྗོགས་པར་འགྱུར་རོ། །གཉིས་ཞེས་པ་ནི་ཐ་མ་ གཡོན་གྱི་ལམ་ཟད་པར་བྱ་བའི་ཕྱིར་གཡོན་གྱི་སྣ་བུག་ཏུ་ཞག་གཉིས་རྒྱུ་བ་སྟེ། འདབ་མ་བཅུ་གཉིས་པ་ཟད་པར་བྱ་བའི་དོན་དུའོ། །དེ་ནི་འདབ་མ་བཅུ་གཉིས་པ་མ་ལུས་པ་སྟོང་པར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་འཆི་ལྟས་ཀྱི་ཉི་མ་སུམ་ཅུ་རྩ་གསུམ་ནི་འདབ་མ་བདུན་ཡན་ཆོད་ལ་འཆི་ལྟས་ཀྱི་ཉི་ 14-1-17a ཤུ་བདུན་གནས་པ་སྟེ། དེའི་རྗེས་ལ་འདབ་མ་ལྔས་སུམ་ཅུ་རྩ་གཉིས་དང་དཀྱིལ་འཁོར་གྱི་གེ་སར་གྱིས་སུམ་ཅུ་གསུམ་མོ། །ཡས་ན་འདབ་མ་དྲུག་པ་ཡན་ཆད་ནི་ངེས་པ་མ་ཡིན་ལ། རྒྱས་པའི་དུས་ཞེས་བྱ་བ་ནས་འདབ་མ་བཅུ་གཅིག་པ་སྟེ། འདབ་མ་བཞི་ལ་བརྩི་བར་བྱ་བ་ སྟེ། ཚེས་ཞེས་པ་བཅོ་ལྔ་ལ་ཕྱོགས་ཞེས་པ་བཅུ་བསྣན་པས་ཉི་ཤུ་རྩ་ལྔ་དང་། དེ་ལ་ལྔ་ཞེས་པ་བསྣན་པས་སུམ་ཅུ་དང་། དེ་ལ་ཡོན་ཏན་ཞེས་པ་གསུམ་བསྣན་པས་སུམ་ཅུ་གསུམ་ཞེས་ཀྱང་འདོད་ལ། འདབ་མ་བཅུ་གཉིས་པ་ནི་གཡོན་པའི་ལམ་ཡིན་པས་གཡས་པར་ནི་བགྲང་ཞེས་བརྗོད་དོ། །དེ་ ཡང་ཇི་སྐད་དུ། དང་པོའི་སངས་རྒྱས་ལས། འཆི་ལྟས་མཚན་མ་ཚེ་ཡི་ལྷག །ཤེས་པར་འདོད་པའི་རྣལ་འབྱོར་པས། །རྩིག་པའམ་ས་གཞི་སྙོམས་པ་ལ། །རྡོ་རྒྱུས་དག་གིས་ཐིག་བཞི་བཏབ། །དེ་ནི་ལོ་ཚེ་བརྒྱད་དུ་འགྱུར། །དེ་རྗེས་ཐིག་གཉིས་བཏབ་གྱུར་པས། །དེ་ཚེ་བཅུ་གཉིས་དག་ཏུ་ཤེས། དེ་ཉིད་འཕར་མ་གསུམ་དུ་བྱ། །ཞེས་གསུངས་ཏེ། དེ་ལ་འཕར་མ་ནང་མ་ལ་ནི་འཆི་ལྟས་ཀྱི་ཉི་མ་རྣམས་བྲི་བར་བྱའོ། །འཕར་མ་བར་མ་ལ་ནི། ཚེའི་ལྷག་མའི་ལོ་དང་ཟླ་བ་བྲི་བར་བྱའོ། །འཕར་མ་ཕྱི་མ་ལ་ནི་ལོ་དང་ཟླ་བ་དེ་ཉིད་ཀྱི་ཞག་གི་མཚན་མ་བྲི་བར་བྱའོ། །དེ་ཡང་འཆི་ལྟས་ཀྱི་མཚན་མ་ནི་ ནང་གི་འཕར་མའི་འདབ་མ་དང་པོ་ལ་ནི་ལྔའི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་ལྔ་པ་ལ་ཐུག་པ་དེ་སྲིད་དུ། རྟགས་ལྔ་ལྔས་བསྣན་པར་བྱ་སྟེ། འདི་ལྟར་གནས་ལ་བཅུ་དང་། གསུམ་ལ་བཅོ་ལྔ་དང་། བཞི་པ་ལ་ནི་ཉི་ཤུ་དང་། ལྔ་པ་ལ་ཉི་ཤུ་ལྔ་རྣམས་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་ དྲུག་པ་དང་། བདུན་པ་ལ་ནི་རིམ་པ་བཞིན་དུ་ཉི་ཤུ་དྲུག་སྟེ། ཉི་ཤུ་བདུན་གྱི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་གང་བརྒྱད་པ་ནས་བཅུ་གཉིས་ལ་ཐུག་པའི་བར་ནི་བཅོ་ལྔ་དང་། བཅུ་དང་། ལྔ་དང་། གསུམ་དང་། གཉིས་ཀྱི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འཕར་མ་བར་མའི་འདབ་མ་དང་པོ་ལ་སོགས་པ་གསུམ་ ལ་ནི་ལོའི་མཚན་མ་སྟེ། གསུམ་དང་། གཉིས་དང་གཅིག་གི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་བཞི་པ་ནས་བདུན་པའི་བར་དུ་ནི་ཟླ་བ་མཚོན་པར་བྱེད་པ་ཡིན། དྲུག་དང་། གསུམ་དང་། གཉིས་དང་། གཅིག་གི་མཚན་མ་བྲི་བར་བྱ་སྟེ། རྒྱས་པའི་དུས་སུ་བརྒྱད་པ་ནས་བཅུ་གཉིས་པ་ལ་ཐུག་པ་ལ་ནི་ 14-1-17b རིམ་པ་བཞིན་དུ། བཅོ་ལྔ་དང་། བཅུ་དང་། ལྔ་དང་། གསུམ་དང་། གཉིས་བྲི་བར་བྱའོ། །དེ་བཞིན་དུ་འཕར་མ་གསུམ་པའི་དང་པོ་ལ་སོགས་པ་ལ་ནི་ལོ་ཟླ་ལ་སོགས་པའི་ཞག་གི་མཚན་མ་སྟོང་བརྒྱད་ཅུ་ལ་སོགས་པའི་རིམ་པ་བཞིན་དུ་བྲིས་ལ་ཚེ་དང་སྲོག་གི་རླུང་རྟོགས་པར་བྱའོ། །ད་ནི་གོང་དུ་བརྗོད་པའི་ལྔ་ ནས་ཉི་ཤུ་ལྔའི་བར་གྱི་བཞི་བཞི་བཅུ་དྲུག་དོར་བ་དེ་རྣམས་བཤད་པར་བྱའོ། །དེ་ཡང་ཇི་སྐད་དུ། ཞག་དྲུག་རྒྱུ་ན་ལོ་གསུམ་ནས་ཉི་ཤུ་རྩ་བཞི་དོར་བས་འཆི། ཞག་བདུན་སྒྱུ་བས་ལོ་གསུམ་ལས། །བཞི་བཅུ་རྩ་བརྒྱད་འདོར་བས་སོ། ། ཞག་བརྒྱད་རྒྱུ་ན་ལོ་གསུམ་ལས། །ཟླ་གཉིས་ཞག་བཅུ་གཉིས་ཀྱིས་སོ། ། ཞག་དགུ་རྒྱུ་ན་ལོ་གསུམ་མོ། །ཉིན་མཚན་དགུ་བཅུ་རྩ་དྲུག་འདོར། །གལ་ཏེ་ཞག་ནི་བཅུ་གཅིག་གྱུ། །ལོ་གཉིས་ཉིན་ཞག་ཉི་ཤུ་བཞིས། །མ་ཚང་བ་ནི་འཆི་བར་བཤད། །ཞག་ནི་བཅུ་གཉིས་ལོ་གཉིས་ལས། །བཞི་བཅུ་རྩ་བརྒྱད་བྲི་བས་སོ། །ཞག་ནི་བཅུ་གསུམ་ལོ་གཉིས་ལས། །ཟླ་གཉིས་ཞག་ ནི་བཅུ་གཉིས་དབྲི། །ཞག་ནི་བཅུ་བཞི་ལོ་གཉིས་ལས། །ཟླ་གསུམ་ཞག་དྲུག་དབྲི་བར་བྱ། །ཉིན་ཞག་བཅུ་དྲུག་རྒྱུ་བ་ནི། །ལོ་གཅིག་ཞག་བཅུ་གཉིས་ན་འཆི། །ཉིན་ཞག་བཅུ་བདུན་རྒྱུ་བ་ནི། །ལོ་གཅིག་ཞག་ནི་ཉི་ཤུ་བཞིས། །མ་ཚང་བ་ན་འཆི་བར་བཤད། །ཞག་བཅོ་བརྒྱད་ཀྱིས་ལོ་གཅིག་ལས། ། ཟླ་གཅིག་ཞག་དྲུག་འདོར་བས་སོ། །བཅུ་དགུ་རྒྱུ་ན་ལོ་གཅིག་ལས། །བཞི་བཅུ་རྩ་བརྒྱད་དོར་བས་སོ། །ཉི་ཤུ་གཅིག་ནི་ཟླ་དྲུག་ལས། །ཞག་དྲུག་མ་ཚང་བ་ཡིས་སོ། །ཉི་ཤུ་རྩོ་གཉིས་ཟླ་གཉིས་ལས། །ཞག་བཅུ་གཉིས་ནི་འདོར་བས་སོ། །ཉིན་ཞག་ཉི་ཤུ་རྩ་གསུམ་རྒྱུ། །བཅོ་བརྒྱད་རྣམ་པར་འདོར་ བས་སོ། །ཞག་ནི་ཉི་ཤུ་རྩ་བཞི་རྒྱུ། །ཉིན་ཞག་ཉི་ཤུ་རྩ་བཞིས་སོ། །ཉིན་ཞག་སུམ་ཅུ་གསུམ་དེ་བཞིན། །འཆི་བའི་མཚན་མ་འབྱུང་བ་ཡིན། །རླུང་འབྱུང་སྟོབས་ལས་ཤེས་བྱ་བ། །དེ་ཡན་ཆད་ལས་ཡོད་མ་ཡིན། །ཞེས་གསུངས་པ་དང་། གཞན་ཡང་རྡོ་རྗེ་མཁའ་འགྲོ་ལས་མདོར་བསྡུས་ཏེ་བཤད་པ་ནི་ འདི་སྐད་དུ། །དང་པོ་ཉི་མ་ཕྱེད་བྱས་ཉི་མ་རངས་པའམ་ཡང་ན་ཉིན་མཚན་དག་གི་བར་དུ་རྒྱུ། །དེ་ལས་ཞག་གཉིས་དང་ནི་ཞག་གསུམ་འོན་ཏེ་ཞག་བཞི་ཁྱབ་པའི་བར་དུ་ནི། །ཉི་མ་ལ་སྟེ་གཡོན་པ་མིན་པའི་རླུང་དག་དབུགས་ལ་བརྟེན་ཏེ་གང་ཞིག་རྒྱུར་གྱུར་པ། །དེ་ལ་གནས་དང་ཉི་མ་ཕྱོགས་དང་བཀྲ་ཤིས་དྲུག་དང་བཞི་ནི་འདིར་ 14-1-18a ཤེས་བྱ། །ལྔ་ལས་ཉི་ཤུ་རྩ་ལྔར་འཛེགས་པར་གྱུར་ལས་ཇི་བཞིན་འཕེལ། །དེ་ལས་རེ་རེ་སྐྱེད་པའི་བཅུ་ནི་སུམ་འགྱུར་བྱས་པས་གསུམ་གྱིས་ལྷག་པ་ཁོ་ནའི་བར། །རྒྱས་པའི་དུས་སུ་དེ་ནི་ལོ་གསུམ་མིག་ཟླ་དྲུག་གསུམ་ཟུང་དང་ཟླ་བ་དྲུག །ལྷག་མ་ཆོས་དང་ཕྱོགས་དང་ མདའ་དང་ཡོན་ཏན་ཐུང་དང་ཟླ་བར་འཚོ་བ་ཡིན། །ཞེས་གསུངས་སོ། །དེ་ཡང་འཆི་བ་འབྱུང་བའི་ཟླ་བ་ནི་དཔྱིད་ཟླ་འབྲིང་པོ་འཕོས་པའི་ཟླ་བ་ཡིན་ཏེ། ལོ་གསུམ་གྱིས་འཆི་ལྟས་ལའོ། །གཞན་ཡང་ཟླ་བ་བཅུ་གཅིག་པ་གང་དང་གང་ལ་འཆི་བའི་མཚན་མ་འབྱུང་བ་དེ་དང་དེ་ནི་རྒྱུད་བཞིན་དུ་བླ་མའི་ཞལ་ལས་ རྟོགས་པར་བྱའོ། །གཅིག་གིས་ལུས་ཅན་ཚེ་འགྲོ་འགྱུར། །ཞེས་པ་ནི་དབུས་མའི་དེ་ནི་གཡས་པའི་འཆི་ལྟས་བསྟན་པའོ། །ད་ནི་གཡོན་པ་བསྟན་པའི་ཕྱིར། །རྩ་བ་ནས་ནི་རེ་རེས་ལྷག ། ཅེས་བྱ་བ་སྨོས་ཏེ། དེ་ལ་སྔོན་བཞིན་དུ་འཆི་ལྟས་ཀྱི་འཁོར་ལོ་འཕར་མ་གཉིས་པ་བྲི་བར་བྱས་ལ། ཚེ་དང་ སྲོག་གི་རླུང་བྲི་བར་བྱའོ། །ཁྱད་པར་སྲོག་གི་རླུང་གི་རྟེན་གྱི་རྩ་བཅུ་གཉིས་ལས་རྩོ་འདབ་མ་དང་པོ་ལ་ནི་འཆི་ལྟས་གསུམ་གྱིས་ཟླ་བ་དྲུག་བསྒྲིབས་སོ། །གཞན་ཡང་འདབ་མ་བཅུ་ལ་རིམ་པ་བཞིན་དུ་འཆི་ལྟས་གསུམ་གསུམ་དང་། ཟླ་བ་གསུམ་གསུམ་དུ་རྟོགས་པར་བྱས་ལ། བཅུ་གཉིས་པ་ནི་གཡས་སུ་ ཞག་གཅིག་རྒྱུ་ཞིང་ཟེ་འབྲུ་དང་ཞག་གཉིས་ཏེ། དེ་ནས་སྲོག་གི་རླུང་འདོར་རོ། །གཡོན་གྱི་ཟླ་བ་འབྱུང་བར་འགྱུར། །ཞེས་པ་ནི་གཡོན་གྱི་འཆི་ལྟས་འབྱུང་བའི་ཚུལ་དེ་ལྟར་འགྱུར་ཞེས་དགོངས་སོ། །ལོ་བརྒྱ་ཡོངས་སུ་རྗོགས་པ་ཡིས། །དབུས་མ་ལས་ནི་འཆི་བར་འགྱུར། །ཞེས་པ་ནི་སྐྱེས་བུ་ལོ་བརྒྱ་ ཡོངས་སུ་རྗོགས་ནས་གལ་ཏེ་ཤི་བར་འགྱུར་བ་དེ་ལྟ་ན་ནི་གཡས་དང་གཡོན་པའི་འཆི་ལྟས་མ་ཡིན་གྱི། ཚེའི་ཚད་དུ་གཏུགས་པ་ཞེས་བྱ་བ་ཡིན་ནོ། །རྒྱུ་བསྟན་པའི་ཕྱིར། མཉམ་དང་མི་མཉམ་པ་ཡིས་ནི། །ཞེས་པ་ནི་སྐྱེ་བའི་དུས་ཀྱི་ཉི་མ་གཡས་གཡོན་ནོ། །དེ་སྐྱེས་ནས་ནི་ཞེས་པ་ནི་གཡས་པ་དང་གཡོན་པ་ ཉིད་ལས་སོ། །དཀྱིལ་འཁོར་འབྱུང་ཞེས་པ་ནི་འཆི་ལྟས་ཀྱིའོ། །དེ་ཡང་ཅིའི་ཕྱིར་སྙམ་པ་ལ། ཕྱོགས་གཉིས་རྣམ་པར་མཉམ་པའི་ཕྱིར། །ཞེས་གསུངས་ཏེ། གཡས་གཡོན་གང་ཡང་རུང་བ་གཅིག་མཉམ་ན་གཅིག་ལས་འབྱུང་བ་ཞེས་དགོངས་སོ། །གཡས་དང་གཡོན་པ་དག་ལས་འབྱུང་། །ཞེས་པ་ནི་ 14-1-18b འཆི་ལྟས་ཀྱི་ཉི་མའོ། །ཕྱོགས་གཉིས་ཡང་དག་གནས་པ་དང་། །གཡས་དང་གཡོན་གྱི་ཀུན་སྤྱོད་དང་། །དཀྱིལ་འཁོར་ལྔ་ནི་འབབ་པ་ཡིས། །གཞན་དུ་ན་ནི་འཆི་བ་ཡིན། །ཞེས་པ་ནི་རླུང་འཁྲུག་པ་མེད་པར་རྒྱུན་ཇི་སྲིད་ལོ་བརྒྱའི་བར་དེ་སྲིད་དུ་འཆི་བར་མི་འགྱུར་ཞེས་དགོངས་སོ། །དེ་ནི་དེ་ལྟ་བུའི་དུས་མ་ཡིན་པའི་འཆི་ བ་བསླུ་བའི་ཕྱིར། འཆི་ལྟས་མཚན་ཉིད་ཤེས་བྱས་ལ། །ཞེས་བྱ་བ་སྨོས་ཏེ། འཆི་ལྟས་ཤེས་པའི་རྗེས་ལའོ། །སྲོག་ནི་ཐིག་ལེར་ཞུགས་པར་བྱ། །ཞེས་པ་ལ་སྲོག་ནི་རླུང་ཡིན་ལ། དེ་ཉིད་ཐིག་ལེ་ནས་དབུས་མར་འཇུག་པ་ཉིད་དོ། །ཀུན་སྤངས་གོ་འཕང་ཞེས་པ་ནི་སྒྲ་གཅན་གྱི་མིང་ཅན་ནོ། །གོ་འཕང་ནི་ གནས་སོ། །རྟེན་བྱས་ལ་ཞེས་པ་ནི་རླུང་དེར་བཅུག་པའོ། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་པ་ནི་རླུང་དེར་ཞུགས་པའི་སྟོབས་ཀྱིས་མེ་འབར་བ་སྟེ། དེ་ཉིད་དུས་ཀྱི་མེ་འབར་བ་ཡང་མ་ཡིན་ནོ། །དེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟག་པའི་ཕྱིར་མ་བཏང་བས་འཆི་བ་བསླུ་བ་ཞེས་པའི་དོན་ ཏོ། །གང་གི་འཆི་བ་བསླུ་ཞེ་ན། ཉི་ཟླར་འགྲོ་བ་གཞོམ་པའི་ཕྱིར། །ཞེས་གསུངས་ཏེ། གཡས་པ་དང་ནི་གཡོན་པ་ཉི་ཟླའི་མིང་ཅན་གང་ཡང་རུང་བར་སོང་བའི་རླུང་གཞོམ་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱིར། རྟག་པར་རྡོ་རྗེ་བསླང་བར་བྱ། །ཞེས་གསུངས་སོ། །བསླང་བ་ནི་མི་འཛག་པའི་བདེ་བས་སོ། ། གཞན་དུ་ན་ནི་ཀུན་སྤངས་ཆར། །ཞེས་པ་ནི་དེ་ལྟ་བུའི་ཐབས་མ་གཏོགས་པ་གཞན་གྱི་སྲོག་གི་རླུང་ནི་འཇུག་པ་མེད་ཅེས་པ་སྟེ། སྒྲ་གཅན་གྱི་མིང་ཅན་ནོ། །འོག་ཏུ་དུང་ཅན་ཐུར་སེལ་ནི། །ཞེས་པ་ནི་འོག་གི་རླུང་ངོ་། །དེར་མ་ཞུགས་ན་འཆི་བ་ཡིན། །ཞེས་པ་ནི་དབུས་མ་དེར་ཁམས་དེ་རྣམས་མ་ཞུགས་ ན་འཆི་བའི་ལྟས་མི་བསླུས་ཞེས་བྱའོ། །འོ་ན་ཇི་ལྟར་བསྒྲུབ་པར་བྱ་སྙམ་པ་ལ། འཆི་བ་བསླུ་བ་འདི་ཉིད་ནི་བསླུ་བའི་ཐབས་འདི་ཉིད་ཅེས་པའི་དོན་ཏོ། །རྣལ་འབྱོར་རྣམས་ལ་དགའ་བར་འགྱུར། །ཞེས་པ་ནི་དགའ་བ་རྣམ་པ་བཞིས་བས་བསླུ་བར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །གཙུག་ཏོར་སྟེང་གི་ པདྨ་ལ། །ཤུ་ཀྲ་བྱུང་ན་དགའ་བ་ཡིན། །ཆེས་པ་ནི་དགའ་བ་རྣམ་པ་བཞི་པོ་ཡང་འཁོར་ལོ་རྣམ་པ་བཞིའི་རྟེན་ཅན་ཡིན་པས། གཙུག་ཏོར་སྟེང་ཞེས་བྱ་བ་འཁོར་ལོ་གཉིས་ཀྱི་བདག་ཉིད་ལས་ཏེ་དགའ་བའི་བདག་ཉིད་དོ། །ཤུ་ཀྲ་ནི་ཁུ་བའོ། །མགྲིན་པ་སྙིང་ག་མཆོག་དགའོ། །ཞེས་པ་ཡང་འཁོར་ལོ་གཉིས་པོ་ 14-1-19a མཆོག་དགའི་རྟེན་ཡིན་ནོ། །དེ་ཡང་དགའ་བྲལ་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །ཞེས་བྱ་བ་ནི་སྤྲུལ་པ་ནས་གསང་བའི་འཁོར་ལོ་ལ་ཐུག་པ་ནི་བི་རཱ་མ་ཞེས་བྱ་བའི་དགའ་བའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །ཞེས་ པ་ནི་གསང་བའི་པདྨ་ནས་ནོར་བུའི་རྩེ་མོར་ནི་ལྷན་ཅིག་སྐྱེས་པའི་རྟེན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་ཆེན་མི་འགྱུར་མངའ་བདག་གོ། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་ཏེ་ནོར་བུའི་མགྲིན་པ་ལས་སོ། །མི་འཕོ་བ་ཡི་ཆགས་པ་ཆེན། །ཞེས་པའི་དོན་ཏོ། །དགའ་ བྲལ་ལས་ནི་བདེ་འཕོ་གང་། །མྱ་ངན་འདས་ལ་བདེ་བའི་གནས། །ཞེས་པ་ནི་རྡོ་རྗེ་ནོར་བུའི་མགྲིན་པ་ལས་འཕོ་བའི་ཆགས་བྲལ་ཆེན་པོ་ནི་མྱ་ངན་ལས་འདས་པའོ། །ས་བོན་ཟླ་བ་གཙུག་ཏོར་ཤར། །ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ཟླ་བ་གཙུག་ཏོར་གྱི་འཁོར་ལོ་ནས་ཚེས་གཅིག་པའི་ཚུལ་དུ་ འབྱུང་བའོ། །གསང་བའི་ཆུ་སྐྱེས་དག་ལ་རྗོགས། །ཞེས་པ་ནི་དེ་ལྟར་ཚེས་གཅིག་ལ་སོགས་པའི་རིམ་པས་གསང་བའི་པདྨ་ནས་ནོར་བུའི་རྩེ་མོར་རྗོགས་པ་ཞེས་པ་ཉ་བ་ཡིན་ནོ། །ཅིའི་ཕྱིར་སྙམ་པ་ལ། ཆ་ནི་བཅུ་དྲུག་མ་གང་སྟེ། །རྡོ་རྗེ་ནོར་བུའི་པད་རྩེར་སོང་། །ཞེས་པ་ཆ་བཅུ་དྲུག་པའི་བདུད་ རྩི་ནོར་བུའི་རྩེ་མོར་འོང་བ་དེའི་ཕྱིར་རོ། །དེ་འོག་འཕོ་བའི་དུས་ཡིན་ནོ། །ནག་པོའི་ཚེས་གཅིག་འབྱུང་བ་ཡིན། །ཞེས་པ་ནི་དེ་ལྟར་ཉའི་རྗེས་ལ་ནག་པོའི་འཕོ་བའི་ཚེས་གཅིག་ལ་འབྱུང་བ་ཡིན་གྱི་གཞན་དུ་མ་ཡིན་ཞེས་པའི་དོན་ཏོ། །སྟོང་ལ་དགའ་བ་བྲལ་བ་ཡིས། །ཉི་མ་མཛོད་སྤུར་འགྲོ་བར་ འགྱུར། །དེ་ཡི་ཆ་ནི་བཅུ་དྲུག་ལ། །གཙུག་ཏོར་པདྨར་སོང་བས་ན། །འདི་ནི་ཟླ་བ་ཟད་པར་བརྗོད། །ཅེས་པ་ནི་བདེ་བའི་རྟེན་ཟླ་བའི་མིང་ཅན་ལུས་པ་མེད་པར་ནམ་མཁའི་ཁམས་སུ་འཛག་པ་དེའི་དུས་ན་ཉི་མའི་མིང་ཅན་དང་། བདུད་རྩི་དག་མཛོད་སྤུའི་གནས་སུ་འགྲོ་སྟེ། གནམ་སྟོང་ཆེན་པོ་ཡིན་གྱི་ ཞིང་དེའི་སྐྱོན་གྱིས་འཇིག་རྟེན་གསུམ་དཀྲུགས་པ་ཡང་ཡིན་ནོ། །འདོད་ཆགས་བདེ་བ་བྲལ་ཕྱིར་རོ། །ཞེས་པ་ནི་བདེ་བའི་རྟེན་བྲལ་བའི་ཕྱིར་རོ་ཞེས་པའོ། །ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བའི་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཞེས་ 14-1-19b པ་ནི་འགྲོ་བ་རྣམས་འཆི་བའི་སྐད་ཅིག་ན་བདེ་བའི་རྟེན་ནོར་བུའི་ལམ་ནས་འབྱུང་ཞིང་ཉི་རྡུལ་སྒྲ་གཅན་གྱི་མིང་ཅན་སྲིད་པ་སྐྱེད་པར་བྱེད་པའི་སྟེང་དུ་ཁ་ལྟ་ཞེས་པའི་དོན་ཏོ། །དེ་ཉིད་དུས་ཀྱི་མེ་འབར་བ་ཡིན་པས་ན་ལུས་ཅན་རྣམས་བསྲེག་ཅིང་གདུང་བ་སྐྱེད་པར་བྱེད་པ་དང་། ཕུང་པོ་དང་ཁམས་མ་རུང་བར་ བྱེད་པ་ཡིན་ནོ། །དེ་བས་ཟླ་བའི་བདུད་རྩི་སྟེ། །འགྲོ་བར་བྱའོ་རྒྱལ་པོ་ཀྱེ། །འོག་ཏུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་མི་འགྱུར་བདེ་བའོ། །ཞེས་པ་ནི་ཉེས་དམིགས་དེ་བས་ན། བྱང་ཆུབ་སེམས་ནི་ཁ་ཡར་བལྟས་པ་ལ་བྱ་ལ། ཉི་རྡུལ་སྒྲ་གཅན་གྱི་མིང་ཅན་ནི་ཁ་མར་བལྟས་པ་ལ་བྱའོ། །རྒྱལ་ པོ་ཀྱེ་ཞེས་པའི་དོན་ཏོ། །མཛོད་སྤུར་ཆུ་སྐྱེས་སངས་རྒྱས་ཀུན། །ཟླ་བའི་བདུད་རྩི་ཉ་ཡིན་ཞིང་། །ཉི་རྡུལ་གནམ་སྟོང་གསང་བ་ལ། །གཙུག་ཏོར་ནོར་བུ་དེ་ཉིད་འཆད། །ཅེས་པ་ནི་སངས་རྒྱས་རྣམས་ལ་ནི་ཟླ་བའི་མིང་ཅན་ཞེས་མཛོད་སྤུའི་པདྨར་ཉ་བ་ཡིན་ལ། ཉི་མ་མིང་ཅན་ནི་ནོར་བུ་ཉ་བའོ། །སྟོན་ པ་རྡོ་རྗེའི་ཚིག་འདི་ནི། །ལུས་ཅན་རྣམས་ལ་ཕྱིན་ཅི་ལོག ། མི་གནས་མྱ་ངན་འདས་པ་ཡིན། །ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་པ་ནི་གོང་དུ་བརྗོད་པའི་རིམ་པས་དེ་བཞིན་གཤེགས་པ་རྣམས་ལས་ལུས་ཅན་རྣམས་ལ་ཟླ་བའི་མིང་ཅན་ནོར་བུ་ལ་ཉ་བ་ཡིན་ལ། ཉི་རྡུལ་གྱི་མིང་ཅན་སྟེང་ གི་པདྨར་ཉ་བ་སྟེ། དེ་བས་ན་ཁམས་རྣམས་གོ་བཟློག་པ་ཡིན་ནོ། །དེ་ཡང་གང་མྱ་ངན་ལས་འདས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཟག་པ་དེའི་སྐྱོན་ལས་གྱུར་པ་ཞེས་དགོངས་སོ། །ནོར་བུ་ཐུགས་དང་གསང་བ་གསུང་། །ལྟེ་བ་སྐུ་ཡི་བདེ་ཆེན་ཕྱིར། །དག་པའི་སྐུ་ལས་སྤྲོས་པ་ནི། །ཆོས་དང་ལོངས་སྤྱོད་ སྤྲུལ་པ་ཡི། ཞེས་པ་ནི་བྱང་ཆུབ་སེམས་ཀྱི་མྱུ་གུ་ལུས་ལས་འབྱུང་བའི་དུས་ན་ལྟེ་བར་སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཆོས་དང་། གསང་བར་གསུང་གི་རྡོ་རྗེ་འོད་དཔག་མེད་ལོངས་སྤྱོད་རྗོགས་པ་དང་། ནོར་བུ་ཐུགས་མི་བསྐྱོད་པ་སྤྲུལ་པའི་སྐུ་སྟེ། མགོ་ཐུགས་པ་དང་། ལོངས་སྤྱོད་པ་དང་། ཐིམ་ པའི་ཚུལ་གྱིས་འབྱུང་ཞེས་པའི་དོན་ཏོ། །འོག་ཏུ་ཐབས་འགྱུར་རྒྱལ་པོ་ཀྱེ། །སྟེང་དུ་ཤེས་རབ་དག་ཏུ་འགྱུར། །ཞེས་པ་ནི་གོང་དུ་བསྟན་པའི་ཁམས་ཕྱིན་ཅི་ལོག་གི་དབང་གིས་སོ། །དཔྲལ་བར་སྐུ་ཡི་རྡོ་རྗེ་ཡིན། །མགྲིན་སྙིང་ལྟེ་བར་འདབ་སྐྱེས་ལ། །སྐུ་གསུང་ཡེ་ཤེས་རྡོ་རྗེ་ཐུགས། །སྤྲུལ་སོགས་ 14-1-20a འདི་རྣམས་སྤྲུལ་པར་མཛད། །ཅེས་པ་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་ལས་བྱང་ཆུབ་སེམས་ཀྱི་མྱུ་གུ་རྡོ་རྗེ་བཞིའི་ཚུལ་གྱིས་འབྱུང་ཞེས་པའི་དོན་ཏོ། །ཕུང་པོ་ཁམས་རྣམས་སྤྲོས་པས་ནི། །སྒྲིབ་པ་མེད་པས་བདེ་བ་ཡི། ཞེས་པ་ནི་ཕྱག་རྒྱ་ཆེན་མོ་སྔོན་སོང་བས་ སྒྲིབ་པ་མེད་པ་ཡིན་ལ། སྒྲིབ་པ་ནི་འཛག་པ། ལས་ཀྱི་ཕྱག་རྒྱ་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བར་འགྱུར་དང་མི་འགྱུར་བའོ། །ཞེས་པ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སམ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དམིགས་ ཏེ། བྱང་ཆུབ་ཀྱི་སེམས་འཕེལ་བ་སྟེ། ལུས་རྒྱས་པ་ནི་མི་འགྱུར་བ། །ཞེས་བྱ་བའི་དོན་ཏོ། །འཕེལ་བ་ལས་ནི་ཞེས་པ་ནས་ཚིགས་སུ་བཅད་པ་དང་བཞི། མི་འགྱུར་བ་ལས་མི་འགྱུར་མེད། །ཅེས་པ་ཡན་ཆད་ནི་རྟོགས་པར་སླའོ། །ཆོས་རྣམས་རང་བཞིན་མེད་པ་ནི། །སྒྱུ་མ་ཟད་དང་འབྱུང་ བཞིན་ནོ། །ཞེས་པ་ནི། ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་ལས་ནི་སྨིག་རྒྱུ་བཞིན་ཏེ། དཔེར་ན་སྨིག་རྒྱུ་ནི་གང་ནས་ཀྱང་མ་འོངས་ལ་གང་དུ་ཡང་མ་འགགས་པ་དེ་བཞིན་ནོ། །འབྱུང་བ་ཟད་པར་མི་འགྱུར་ཏེ། །རང་བཞིན་གྱིས་ནི་སྐྱེ་བ་མེད། །དངོས་དང་དངོས་མིན་མཚན་ཉིད་གཅིག ། སྣ་ ཚོགས་འདི་ནི་མཚན་ཉིད་བྲལ། ཞེས་པ་ནི་གཟོད་མ་ནས་སྐྱེ་བ་མེད་པའི་ཆོས་ནི་རྟག་པ་དང་། བསྒོམ་པ་གོམས་པས་སྐྱེ་བར་བྱེད་པ་ནི་མ་ཡིན་ཏེ། དེ་ཡང་ཇི་སྐད་དུ། འདི་ལ་བསྣན་པ་ཅི་ཡང་མེད། །འདི་ལ་དབྲི་བའང་སོད་མ་ཡིན། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་ པར་གྲོལ། །ཞེས་གསུངས་སོ། །རང་གི་ཤེས་རབ་ལ་འཁྱུད་སེམས། །པདྨར་རྡོ་རྗེ་ནོར་བུ་སོང་། །དེ་ལ་ཟླ་བ་མཐུན་འགྱུར་བ། །ཞེས་པ་ནི་རང་གི་ཤེས་རབ་ནི་ལས་སམ་ཡེ་ཤེས་སོ། །དེ་ལ་འཁྱུད་ཅིང་སྙོམས་པར་འཇུག་པ་ལས་ཟླ་བ་བྱང་ཆུབ་ཀྱི་སེམས་མཐུན་པ་ཞེས་པ་འཛག་པའི་རང་བཞིན་ནི། མི་མཐུན་བསྒོམས་པས་རྒྱུ་མཐུན་ནོ། །ཞེས་པ་ཡན་ལག་དྲུག་གི་སྦྱོར་བས་སོ། །ལུས་ངག་སེམས་ཀྱི་རྩ་རྣམས་ལ། །ལུས་ངག་སེམས་ཀྱིས་བསྒོམ་པར་བྱ། །ཞེས་པ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་ལ་ནཱ་དང་། གསུང་ནི་རྡོ་རྗེ་འོད་དཔག་མེད་ར་ས་ནཱ་དང་། ཐུགས་ནི་རྡོ་རྗེ་ཨ་ཝ་དྷཱུ་ཏཱི་མི་བསྐྱོད་པར་བསྒོམ་ 14-1-20b པའོ། །རྡོ་རྗེ་གསུང་ནི་སྡུད་པ་པོ། །དུང་ཅན་མ་ལ་ཡེ་ཤེས་བསྒོམ། ཞེས་པ་ནི་འོག་གི་དུང་ཅན་མ་བདེ་བ་སྐྱེད་པའི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྒོམ་སྙམ་པ་ལ། མགོ་བོ་ལ་ནི་རིམ་པ་ཡིས། །ཤེས་རབ་ཆགས་པས་ཐིག་ལེ་ཞུགས། ཞེས་པ་ལ། མགོ་བོ་ལས་ནི་རིམ་པ་ཡིས། ཞེས་པ་ནི་ གོང་དུ་བསྟན་ཏོ། །ཤེས་རབ་ཆགས་པས་ནི་ཕྱག་རྒྱ་གསུམ་ལས་སོ། །རྗོགས་པའི་གོ་འཕང་ཞུགས་རྣམས་ལ། །ཞེས་པ་ནི་རྡོ་རྗེ་ནོར་བུ་ལའོ། །དོན་དམ་པས་ནི་བཅིང་བར་བྱ། །ཞེས་པ་ནི་རྡོ་རྗེ་ནོར་བུ་ལ་གནས་པ་དེ་འགྱུར་བ་མེད་པའི་ཕྱག་རྒྱ་ཆེན་པོས་བཅིང་བའོ། །རིམ་པ་ཇི་ལྟར་ཟླ་བ་ཤར། །ཆ་རྣམས་ཀྱིས་ ནི་རྗོགས་པར་འགྱུར། །ཉིན་མོ་བཟུང་བ་རྗོགས་པ་སྟེ། །ཟླ་བ་ཚེས་པ་རྗོགས་པ་མིན། །ཞེས་པ་ནི་ཇི་ལྟར་ཟླ་བ་ནི་ཚེས་གཅིག་ལ་སོགས་པ་བཅོ་ལྔས་ཡོངས་སུ་གང་བ་ལ་རྫོགས་ཞེས་འཇིག་རྟེན་པ་བརྗོད་ཀྱི། མ་རྗོགས་པ་ལ་མ་ཡིན་པ་དེ་བཞིན་དུ། དེ་བཞིན་རིམ་པ་ཡེ་ཤེས་ཤར། །ས་རྣམས་དག་ནི་རྗོགས་ པར་འགྱུར། །ཞེས་པ་སྟེ། ས་ནི་དགའ་བ་བཅུ་དྲུག་གི་སྐྱེ་བའི་སའམ། སྟོང་པ་དང་། སྲོག་དང་། བཟང་པོ་དང་། རྒྱལ་བ་ལ་སོགས་པ་ཡིན་པའམ། ཡང་ན་ས་དང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་སའི་བར་གྱིས་རྗོགས་པའོ། །ཉོན་མོངས་ལ་སོགས་བཅོམ་པས་རྗོགས། ཡེ་ཤེས་འཆད་པ་ རྗོགས་པ་མིན། །ཞེས་པ་ནི་ཉོན་མོངས་པ་ཡང་བག་ལ་ཉལ་བ་ལ་སོགས་པ་མ་ལུས་པ་བཅོམ་པ་ནི་རྗོགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཡེ་ཤེས་ཆད་པ་ཡང་ཡིན་ནོ། །ཟླ་བ་ཡོངས་སུ་རྗོགས་པ་ཡི། །ཉ་ལ་རི་བོང་ཅན་མི་གནས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྗོགས་པ་ནི་ སྐད་ཅིག་ཀྱང་མི་གནས་པ་དེ་བཞིན་དུ་འཁོར་བའི་བག་ཆགས་ཀྱི་མཚན་པས། མི་འགྱུར་བདེ་བ་དེ་བཞིན་སེམས། །སྐྱེ་བ་དང་ནི་འཇིག་པའི་ཕྱོགས། ཡར་ངོ་མར་ངོ་བར་དུ་གནས། །ཞེས་པ་ནི་འཁོར་བའི་བག་ཆགས་ཀྱི་སྐྱོན་གྱིས་མ་སྤངས་པའི་དབང་གིས་ཕྱོགས་གཉིས་སུ་གནས་ཞེས་པའི་དོན་ ཏོ། །དེ་ཉིད་དབུས་སུ་རྗོགས་པ་གང་། །རྗོགས་པ་དེ་ནི་རབ་མི་གནས། །ཞེས་བྱ་བ་ནི་དེ་ཉིད་དབུས་སུ་ཞེས་པ་ནི་ཡར་ངོ་མར་ངོའི་དབུས་སུའོ། །མི་གནས་པ་ནི་གོང་དུ་བཤད་པ་ཉིད་དོ། །སྐད་ཅིག་གཅིག་གིས་རྗོགས་སངས་རྒྱས། །རྗོགས་པ་ལ་ནི་གཡོ་མི་འགྱུར། ཞེས་བྱ་བ་ནི། གོང་དུ་བརྗོད་པའི་ཕྱོགས་ 14-1-21a གཉིས་པོ་སྤངས་པའི་ཚུལ་གྱིས་སྐད་ཅིག་ཐང་ཅིག་ཐམས་ཅད་ཀྱིས་ཡོངས་སུ་གང་བ་ནི་རྡོ་རྗེ་ནོར་བུའོ། །དེ་ཉིད་ནི། གང་ཞིག་རྡོ་རྗེ་ནོར་བུར་སེམས། སྐད་ཅིག་ཐམས་ཅད་དེར་རྗོགས་བྱེད། །དཀར་པོའི་ཕྱོགས་ལ་དེ་མི་གནས། དཀར་མིན་ལ་ཡང་དེ་མི་འགྲོ། །ཞེས་རྒྱས་པར་ གསུངས་པ་ཡིན་ནོ། །དེའི་ཕྱིར། གཉིས་མེད་རྗོགས་པ་ལ་སོང་ན། །ཕྱོགས་གཉིས་པ་ཡི་དབུས་སུ་གནས། །ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཚུལ་ལོ། དེ་ཡང་སྟོང་པ་ཉིད་ནི་ནོར་བུ་ལས་བྲལ་བ་ཡིན་ཞིང་། སྙིང་རྗེ་ནི་བྲལ་བའོ། །གཙུག་ཏོར་ལས་ནི་འབྱུང་བ་དེ། །རྡོ་རྗེ་ནོར་བུར་ རྗོགས་པར་འགྱུར། །ཞེས་པ་ནི་ལུགས་སུ་འབྱུང་བ་བསྟན་པའོ། །དགའ་བྲལ་བཅས་པའི་ཆ་བཅོམ་པ། །རྡོ་རྗེ་ནས་ནི་རྗོགས་པར་འཇོམས། །ཞེས་པ་ནི་འཇིག་རྟེན་ཕལ་པའི་ལུགས་བསྟན་པའོ། །སླར་ཡང་གཙུག་ཏོར་ལས་བྱུང་བ། །ཡང་ན་རྡོ་རྗེ་ནོར་བུར་རྗོགས། །ཞེས་པ་ནི་འཁོར་བ་པའི་སྟེ། འཁོར་ ལོའི་ཚུལ་དུ་འཇུག་ཅེས་པའི་དོན་ཏོ། །དེ་ཡང་གང་ཡིན་ཞེ་ན། དགའ་བྲལ་བཅས་པའི་ཆ་བཅོམ་པ། །ཞེས་གསུངས་ཏེ། སྔོན་དུ་བརྗོད་པ་དག་སྟེ། ལུས་ཅན་ཡེ་ཤེས་བཅོམ་པ་མིན། །ཞེས་པ་ནི་བདེ་བ་ཆེན་པོ་སྐྱེ་བའི་རྟེན་བཅོམ་པ་ཡིན་གྱི། ཡེ་ཤེས་དངོས་མ་བཅོམ་པའི་དོན་ཏོ། །བདེ་བ་ཆེན་པོའི་ རང་བཞིན་འདི། རྗོགས་པའི་སྒྲ་ཡིས་བརྗོད་པར་བྱ། །ཞེས་པ་ནི་བདེ་བ་ཆེན་པོའོ་ཞེས་བྱའོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ་ཡིན་ལ། འོན་ཀྱང་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཞེས་སམ། ས་ཡ་ཐམས་ཅད་ཡོངས་སུ་གང་བ་ཞེས་བྱ་བས་བརྗོད་པར་བྱའོ། །གཞན་ མའི་དངོས་པོའི་མཐའ་ཀུན་ནི། །སྐྱེད་པ་དང་ནི་སྡུད་བྱེད་རྒྱུ། །སྲིད་ནས་མྱ་ངན་འདས་པར་གཤེགས། །དེས་ན་སླར་ཡང་སྲིད་པར་བྱོན། །ཞེས་པ་ནི་བདེ་བ་ཆེན་པོ་ལས་གཞན་པ་འཛག་པའི་བདེ་བའི་རང་བཞིན་ནོ། །དེའི་དཔེ་ནི། རང་ཕྱོགས་གཉིས་ལ་ཟླ་བཞིན་དང་། ཞེས་པ་སྟེ་ནག་པོ་དང་། དཀར་པོའི་ ཕྱོགས་གཉིས་སུ་གནས་པའི་དཔེའོ། །བགྲོད་པ་གཉིས་ལ་ཉི་བཞིན་ནོ། །ཞེས་པ་ནི་ཉི་མ་དང་ཟླ་བ་དྲུག་དྲུག་དང་ལྡན་པའི་བགྲོད་པ་གཉིས་ལ་གནས་པའི་དཔེའོ། །རྫོགས་པ་ལ་མི་གཡོ་བའི་དཔེ་ནི། མི་འགྱུར་སྐད་ཅིག་གིས་ཟོས་པ། །ཞེས་བ་ནི། འཇིག་རྟེན་པ་ཡི་འཛག་པ་ལས། །གཞན་པ་མི་འཛག་ 14-1-21b པ་འདི་ནི། །ཞེས་སུ་སྦྱར་རོ། །འགྱུར་བ་མེད་པའི་སྐད་ཅིག་རྡོ་རྗེ་ནོར་བུ་ནི་དེར་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་གནས་པའི་དབུགས་ཀྱིས་ཟོས་ནས། ས་རྣམས་ཀྱིས་ནི་ཡོངས་རྗོགས་ཉིད། །ཅེས་བྱ་བ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་གཞོན་ནུས་ཆེས་པའི་ཐ་ཚིག་གོ། །དེ་ཉིད་གང་ཡིན་ཞེ་ན། ཕྱོགས་ གཉིས་ཡང་དག་མནན་པ་ནི། ཞེས་བྱ་བ་དཀར་པོའམ་ནག་པོའམ། ཡང་ན་རྟག་པའམ་ཆད་པའི་ཕྱོགས་སམ་མཐའ་མནན་ནས་གདོད་རྗོགས་པར་བྱ་ཞེས་པའི་དོན་ཏོ། །ས་རྣམས་ཀྱིས་ནི་ཡོངས་རྗོགས་ན། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་ཏེ། དུས་དེ་ན་ནི་རྟེན་འབྲེལ་བཅུ་ གཉིས་ལུགས་ལས་བཟློག་པ་ཡིན་ཏེ། ཧེ་རུ་ཀ་ཕྱག་བཅུ་གཉིས་ཀྱི་བརྡ་བསྟན་ཏེ། དེ་ཉིད་བཅུ་གཉིས་སའི་དབང་ཕྱུག་ཡིན་ལ། རྣམ་པ་བཅུ་གཉིས་ལས་རྣམས་ཀྱིས། །རྗོགས་པ་གཉིས་སུ་མེད་པའི་མཆོག ། ཅེས་དགོངས་སོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་ཟླ་བ་ཆ་བཅུ་དྲུག་པར་འགྱུར་བའི་རང་བཞིན་ བསྲུང་བ་ལས་ལུས་རྒྱས་པས་ན། ཆ་རྣམས་ཀྱིས་ནི་རྗོགས་པའི་སེམས། །རྣམ་པ་བཅུ་དྲུག་མི་འགྱུར་བ། །དོན་གཅིག་གཉིས་སུ་མེད་པའི་སེམས། དོན་དམ་པ་ནི་མི་ཉམས་པ། །ཞེས་གསུངས་པ་ཡིན་ནོ། །རྗོགས་པའི་གནས་སྐབས་སེམས་འགྱུར་ན། །ཀུན་ནས་རབ་ཏུ་རྗོགས་པ་ཡིན། །ཞེས་ པ་ནི་བདག་གི་རྡོ་རྗེ་ནོར་བུ་ནས་མི་འགྱུར་བའི་བདེ་བས་དྲི་མ་མེད་པ་མན་ཆད་ཡོངས་སུ་གང་བ་ནས་ཀུན་ནས་རྗོགས་པའི་ཕྱིར་ཀུན་དུ་བཟང་པོ་ཡིན་ནོ། །དུས་དེ་ན་འཇིག་རྟེན་པའི་ཆགས་པ་དང་བྲལ་ཞིང་མི་འགྱུར་བའི་བདེ་བ་ལ་ཆགས་པའི་ཕྱིར། ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཞེས་པ་ཡིན་ནོ། ། རྡོ་རྗེ་ཡན་ལག་མི་འགྱུར་ཆེ། །ཕྱོགས་གཉིས་པ་ཡི་བག་ཆགས་ཀྱིས། ཡོངས་སུ་གང་བ་མ་འདྲེས་པ། །ཞེས་པ་ནི་རྡོ་རྗེ་ཡན་ལག་མེད་པ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་ནོར་བུ་ཡོངས་སུ་གང་བ་ལ་ཡར་ངོ་མར་ངོའི་བག་ཆགས་ཀྱིས་མ་འདྲིས་པ་ཞེས་པའི་དོན་ཏོ། །ཇི་ལྟར་རྒྱ་མཚོ་ཆུ་བོའི་ཆུ། །ཞུགས་ན་ཆུ་ དེ་དང་མཉམ་འགྱུར། །ཞེས་པ་ནི་ཆུ་བྲན་ཐམས་ཅད་དུག་ཅན་དུ་ཞུགས་པ་དེར་རོ་མཚུངས་ཞེས་པའི་དོན་ཏོ། །དེ་བཞིན་དུ་ནི་དངོས་པོའི་ཚོགས། །འགྱུར་བ་དེ་ནི་མི་འགྱུར་སྙམ། །ཞེས་པ་ནི་དེ་བཞིན་དུ་འགྱུར་བ་དང་། མི་འགྱུར་བའི་རོ་གཅིག་གོ། །ཇི་ལྟར་ཁམས་ཀྱི་ཚོགས་འདི་ནི། །ས་བོན་གྱིས་ 14-1-22a ཟོས་རོ་ཉིད་འགྱུར། །ས་བོན་རང་བཞིན་ཉིད་དུ་ནི། །འབྲས་བུ་དུས་གསུམ་ང་རྒྱལ་སྤངས། ཞེས་པ་ནི་དཔེར་ན། འབྲས་བུ་ཐ་དད་པའི་ས་པོན་གྱིས་འབྲས་བུ་ཐ་དད་པ་སྐྱེས་ཀྱང་། རྒྱུ་འབྲས་ཀྱི་རྟོགས་པ་མེད་པའམ། ཡང་ན་ལྕགས་དང་ཟངས་ལ་སོགས་པའི་ཁམས་ ཀྱི་ཚོགས་ལ་གསེར་འགྱུར་གྱི་རྩི་ལ་སོགས་པས་བསྒྱུར་ཀྱང་ཕན་ཚུན་དུ་རྟོགས་པ་མེད་པའོ། །དེ་ལྟར་དངོས་པོའི་ཚོགས་ཀྱང་ནི། །མཆོག་ཏུ་མི་འགྱུར་བ་ཟོས་ནས། །རྣམ་པ་ཐམས་ཅད་རང་བཞིན་འཛིན། །མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར། །ཞེས་པ་ལ། དེ་ལྟར་དངོས་པོའི་ཚོགས་འཛག་ པ་ལ་སོགས་པ་ལ་ནི་མཆོག་ཏུ་འགྱུར་བ་མེད་པའི་ཏིང་ངེ་འཛིན་གྱིས་ཟོས་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་བདེ་བ་ཆེན་པོར་འགྱུར་ཞེས་པའི་དོན་ཏོ། མཆེ་རྨའི་ཚོར་བའི་སྡུག་བསྔལ་ནི། །གཞན་དུའང་མནན་པས་རེག་མིན་ལ། །ཀུན་རྫོབ་གནས་སྐབས་འགྱུར་ན་ནི། །དབང་པོའི་སྒོ་ཡི་ ཡུལ་མ་ཡིན། །ཞེས་པ་ནི་དཔེར་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་མཆེ་བས་སྐྱེས་བུ་གང་ཞིག་ལ་བཟུང་ན། དུག་དེ་མྱུར་དུ་ཁྱབ་པའི་ཚོར་བ་མི་བཟད་པས་དབང་པོ་ཐམས་ཅད་མྱུར་དུ་འགགས་ནས་འཆི་བར་འགྱུར་རོ། །དེ་བཞིན་རྣལ་འབྱོར་རྡོར་ནོར་བུར། །གཞན་དུ་དམ་པའི་བདེ་རིག་མིན། ། སེམས་ནི་རྗོགས་པའི་ཆར་འགྱུར་ན། །དབང་པོའི་སྒོ་ཡི་ཡུལ་ལ་མིན། །ཞེས་པ་ནི་དེ་བཞིན་དུ་རྣལ་འབྱོར་པས་རྡོ་རྗེ་ནོར་བུར་འཛག་པ་མེད་པའི་བདེ་བས་གང་བ་ནི་ལུས་པོ་རྣམས་བདེ་བས་རྒྱས་པ་ཞེས་བྱ་སྟེ། དབང་པོ་རྣམས་བདེ་བ་འགགས་པའི་བདེ་བ་འབྱུང་བ་ཆེས་པའི་དོན་ཏོ། །ཇི་ལྟར་ལྕགས་ ཀྱི་ཕྱོགས་གཅིག་ན། །རོ་བཅུད་ཆེན་པོ་ཡང་དག་གནས། །ལྕགས་ལ་དྲག་པོའི་མེས་གདུངས་ན། །ཀུན་ནས་ཀུན་དུ་འབིགས་པར་བྱེད། །དཔེར་ན་ཞེས་པ་ནི་ལྕགས་དང་ཟངས་ལ་སོགས་པའི་ཕྱོགས་གཅིག་ཏུ་རྩི་བཞག་སྟེ་མེས་དྲག་ཏུ་གདུངས་ན་ཀུན་དུ་ཁྱབ་པར་བྱེད་དོ། །དེ་བཞིན་དུ་ནི་ཕྱོགས་ གཅིག་ན། །མི་འགྱུར་བདེ་བ་ཡང་དག་གནས། །སེམས་ནི་འདོད་ཆགས་མེས་གདུངས་ན། །ཀུན་ནས་ཀུན་དུ་འབིགས་པར་བྱེད། །ཅེས་པ་ནི། བདེ་བ་ཆེན་པོའི་འཁོར་ལོ་ལ་ནི་བྱང་ཆུབ་སེམས་ཀྱི་མིང་ཅན་གནས་པ་ལ་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པའི་འདོད་ཆགས་ཀྱི་མེས་གདུངས་ 14-1-22b བ་བཞིན་བསྲེགས་ནས་ལུས་ཀུན་ལ་ཁྱབ་པར་བྱེད་ཅེས་པའི་དོན་ཏོ། །དེ་ལྟར་ཕུག་པའི་ལྕགས་ལ་ནི། །གང་དུ་ཡང་ནི་དྲི་མ་མེད། །དེ་བཞིན་ཕུག་པའི་སེམས་ལ་ནི། །གང་དུའང་བག་ཆགས་གཡོ་བ་མིན། །ཞེས་པ་ནི་དེ་ལྟར་གསེར་དུ་འགྱུར་བའི་ལྕགས་ལ་སོགས་པའི་གནས་སྐབས་གང་ཡང་ མེད་པ་དེ་བཞིན་དུ་མི་འགྱུར་བའི་བདེ་བས་ཕུག་པའི་སེམས་ལ་ནམ་ཡང་བག་ཆགས་ཀྱི་གོ་སྐབས་ཡོད་པ་ཡང་མ་ཡིན་ནོ། །གསེར་ཉིད་དུ་ནི་ལྕགས་བསྒྱུར་ལ། །མེ་ཡིས་དྲི་མེད་འགྱུར་བ་ལྟར། །དེ་བཞིན་སེམས་ནི་ཡང་ནས་ཡང་། །འདོད་ཆགས་མེས་ནི་དྲི་མེད་འགྱུར། །ཞེས་པ་ནི་ལྕགས་ གསེར་དུ་འགྱུར་བའི་རྐྱེན་མེས་བྱེད་པ་དེ་བཞིན་དུ། སེམས་དྲི་མ་མེད་པའི་རྐྱེན་ནི་སྟོང་པ་ཉིད་ལས་འབྱུང་བའི་མེས་བྱེད་པ་ཡིན་ནོ། །ནོར་བུ་ཆེན་པོ་རྡོ་ལ་རེག །རབ་ཏུ་གསལ་བར་འགྱུར་བ་ལྟར། །དེ་བཞིན་མི་འགྱུར་བདེ་རེག་ན། །སེམས་ནི་བདེ་བ་ཉིད་དུ་འགྱུར། །ཞེས་པ་ནི་དཔེར་ན་ནོར་བུ་དམར་པོའི་ རིགས་ལ་སོགས་པ་རྡོ་ལ་བདར་ན་གསལ་ཞིང་འོད་འབྱུང་བ་དེ་བཞིན་དུ་འགྱུར་བ་མེད་པའི་བདེ་བས་སེམས་ལ་བདར་ན་སེམས་བདེ་ཞིང་གསལ་བར་འགྱུར་ཞེས་པའི་དོན་ཏོ། །འདིར་མང་སྨྲས་པས་ཅི་ཞིག་བྱ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །ལྕགས་ནི་ཀུན་དུ་འབིགས་པ་ཡིན། །རོ་ཡི་ནུས་ མཐུ་བསམ་མི་ཁྱབ། །དོན་དམ་པར་ནི་ཡེ་ཤེས་དངོས། །རྟོགས་པར་ཡང་ནི་ནུས་སམ་ཅི། །ཞེས་པ་ནི་འདིར་བརྗོད་པ་མང་པོས་ཅི་ཞིག་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་འབྲེལ་གྱི་ནུས་པ་བསམ་དུ་མེད་པར་དཔྱད་པར་ཡང་མི་ནུས་ན་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བའི་བདེ་བས་བསྐྱེད་པ་ཅིའི་ ཕྱིར་རྟོག་པར་ནུས་ཞེས་པའི་དོན་ཏོ། །གློ་བུར་དྲི་མས་གཡོགས་པ་ཡི། །སེམས་ལ་ཀུན་ཏུ་འབིགས་པ་ཡིན། །སེམས་ལ་ཀུན་དུ་ཞེས་པ་ནི་སེམས་ཀྱི་དྲི་མ་ཞེས་བྱ་བ་ཡོད་པ་མ་ཡིན་པ་རང་གིས་ཡོངས་སུ་བརྟགས་པ་དེ་ལ་འབིགས་ཞེས་པའི་དོན་ཏོ། །སེམས་ལ་གློ་བུར་དྲི་མ་མེད། །སེམས་ལ་ ཡུན་རིངས་དུས་ནའང་མིན། །སེམས་ལས་མ་གཏོགས་སྐྱེ་བའང་མིན། །སེམས་ལ་ཟད་མེད་གནས་པའང་མེད། །ཅེས་པ་ནི་དྲི་མ་མེད་ཅེས་པ་དང་སྦྱར་རོ། །དེ་ལ་དྲི་མ་མེད་ཅེས་བྱ་བ་ལ། གལ་ཏེ་འདིའི་གློ་བུར་བ་ཡིན་ན་ཞེས་པའི་དོན་ཏོ། །སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་སྔོན་དུ་དྲི་མ་མེད་པའི་ 14-1-23a སེམས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གློ་བུར་ཞེས་བྱ་བ་ལ་སྔ་མ་མེད་པ་ལས་འོངས་པ་མེད་པ་ཞེས་ཏེ་དེ་ལྟར་ན་ནི་སྤངས་ཤིང་ཕྱི་ནས་ཡང་སྐྱེ་བའི་ཕྱིར་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་བྱའོ། །གལ་ཏེ་འདི་ནི་ཡུན་རིངས་ནས། །དེའི་ཕྱིར་དེ་ལ་སྲིད་མིན་གང་། །ཞེས་པ་ནི། གལ་ཏེ་ སེམས་ཀྱི་དྲི་མ་འདི། །སེམས་ཉིད་དེ་ཡི་རང་བཞིན་ཡིན། །ཞེས་དགོངས་ན་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་མི་གཡོ་བ་མ་ཡིན་ཏེ། མེའི་རང་བཞིན་ཚ་བ་མི་འདོར་ཞེས་པའི་དོན་ཏོ། །གལ་ཏེ་སེམས་ལས་མ་གཏོགས་འོངས། །དེ་ལྟར་ནམ་མཁའི་མེ་ཏོག་མཚུངས། །ཞེས་པ་ནི་འོན་ཏེ་སེམས་ལས་མ་ གཏོགས་པ་ཐ་དད་པར་གནས་པ་ཡིན་པ་དེ་ལྟ་ན་ནི་ཡོད་ཀྱང་གནོད་པ་མི་སྐྱེད་དེ། །ནམ་མཁའི་པདྨ་འམ། མོ་གཤམ་གྱི་བུ་ལ་སོགས་པས་ནི་ཕན་པའམ་གནོད་པར་མི་འགྱུར་ཞེས་པའི་དོན་ཏོ། །གལ་ཏེ་སེམས་ལ་རྟག་གནས་ན། །དེ་ལྟར་ཀུན་དུ་ཐར་པ་ཡིན། །ཞེས་པ་ནི་འོན་ཏེ་སེམས་ཀྱི་དྲི་མ་དེ་སྐྱེས་བུ་ དང་གྲིབ་མ་འདྲ་འམ། མར་མེ་དང་འོད་ལྟར་རྟག་པར་གནས་ན་ཡང་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པ་མེད་ཅེས་དགོངས་སོ། །འོ་ན་དེ་ཅིའི་ཕྱིར་ཞེ་ན། དྲི་མ་ཞེས་སམ་སྒྲིབ་པ་ཞེས་པ་ནི་བཏགས་པ་དང་མིང་ཙམ་དང་བྱིས་པ་སོ་སོའི་སྐྱེ་བོས་བཏགས་པ་སྟེ། དཔེར་ན་ནམ་མཁའ་ལེགས་པར་མ་དག་པ་ལ་སྐྱེས་ བུ་འགའ་ཞིག་གིས་སྐྱེས་བུ་འགའ་ལ་ལག་པའི་སོར་མོ་ལྔ་བསྟན་ན། སྦྲུལ་མགོ་གདེངས་པར་འཁྲུལ་ནས་སྐྲག་པ་དང་འདྲའོ། །དེ་ཡང་ཅི་སྐད་དུ། བཅོམ་ལྡན་འདས་ཉིད་ཀྱིས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ ཅིའི་ཕྱིར་ཞེ་ན། ཇི་ལྟར་ཟངས་མའི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དྲི་མེད་ཀྱིས་ནི་ཡང་དག་ནས། །དེ་ཡིས་དེ་ཉིད་ཉམས་པ་མེད། །ཅེས་གསུངས་ཏེ། དཔེར་ན་གང་ཟངས་སམ་ལྕགས་ཀྱི་དྲི་མ་ལ་རྩི་སྨན་ལ་སོགས་པ་བཏབ་ནས་མེ་ལ་བསྲེགས་ན་དྲི་མ་ཚིག་ཅིང་དེ་དག་ ཉིད་ཉམས་པ་མེད་པ་དེ་བཞིན་དུ། དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་ཉམས་པར་འགྱུར། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་ཡིས་ཡེ་ཤེས་ཉམས་པ་མེད། །ཅེས་གསུངས་པ་ནི་སེམས་ཀྱི་དྲི་མ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་མེས་བསྲེག་ན་འཚིག་ཅེས་པའི་དོན་ཏོ། །དེ་ཡང་ཇི་སྐད་དུ། 14-1-23b ཡེ་ཤེས་གཟི་བརྗིད་རབ་འབར་བས། །བདུད་དཔུང་ཡུལ་བཅས་མ་ལུས་བསྲེག །ཅེས་གསུངས་ལ། དེ་ཡང་ཇི་ལྟར་འཇིག་རྟེན་ཕལ་པའི་ཆད་པར་ལྟ་བའི་སྟོང་པ་ཉིད་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་སྟོང་པ་ཉིད་ཀྱི་སེམས་ཞེས་བྱ་བ་ཡང་ཡིན་པར་ དགོངས་སོ། །ཇི་ལྟར་བཅུད་ཀྱིས་ལྕགས་འབིགས་པ། །ལྕགས་ཉིད་དུ་ནི་འགྱུར་བ་མེད། །དེ་བཞིན་བདེ་བས་ཕུག་པའི་སེམས། །སྡུག་བསྔལ་ཉིད་དུ་འགྱུར་མ་ཡིན། །ཞེས་པ་ནི་དཔེར་ན་ཟངས་ལྕགས་ལ་སོགས་པའི་ཁམས་གསེར་དུ་བསྒྱུར་བ་ནི་སླར་ཟངས་དང་ལྕགས་སུ་མི་འགྱུར་བ་དེ་བཞིན་ དུ། མི་འགྱུར་བའི་བདེ་བས་ཕུག་པའི་སེམས་སླར་བཞིན་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་བའི་གནས་སྐབས་མེད་ཅེས་པའི་དོན་ཏོ། །དེ་བས་ན། ཆགས་བྲལ་ལས་ནི་སྡིག་གཞན་མེད། །དེ་ལས་བསོད་ནམས་གཞན་ཡང་མེད། །དེ་བས་རྟག་པར་མི་འགྱུར་བདེ། །སེམས་ནི་དབུག་བྱ་མིན་ དབང་ཀྱེ། །ཞེས་གསུངས་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་བཀྲོངས་པ་བས་ནི་བྱང་ཆུབ་ཀྱི་སེམས་བསད་པ་སྡིག་ཆེ་བ་ཡིན་པས་གཞན་དུ་ཡང་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ལ་བསྐལ་པ་གང་གཱའི་ཀླུང་དུ་བསྙེན་བཀུར་བས་ནི་སྐད་ཅིག་ཙམ་དུ་མི་འགྱུར་བའི་བདེ་བ་ལ་གནས་པའི་ བསོད་ནམས་ཆེས་ཁྱད་པར་འཕགས་ཞེས་དགོངས་སོ། །གཞན་ཡང་སྦྱིན་པ་རྣམས་ཀྱི་ནང་ན་ཡང་འདོད་པའི་སྤྱིན་པ་ཁྱད་པར་དུ་འཕགས་པའོ་ཞེས་གསུངས་སོ། །གཞན་ཡང་མི་འགྱུར་བའི་བདེ་བ་ཆེན་པོ་བརྗོད་པའི་ཡུལ་ལས་འདས་པའི་དཔེ་ནི་བདེ་བ་ལས་མ་གཏོགས་པ་གཞན་དུ་ན། གཞོན་ནུ་མ་ ཡི་དགའ་བ་ནི། །བདེ་བ་སྨྲ་བར་མི་ནུས་ཀྱི། །ལང་ཚོ་ཡིས་ནི་བདེ་ཐོབ་པ། །བདེ་བ་ཆེན་པོ་རང་གིས་རིག །ཅེས་པ་ནི་ཤིན་ཏུ་འདོད་ཆགས་ཀྱི་དབང་དུ་འགྱུར་བ་ལས་སྐྱེ་བ་བདེ་བ་ཡིན་པའི་ཕྱིར། གཞན་ལ་བརྗོད་པར་མི་ནུས་སོ། །དེ་བཞིན་ཏིང་འཛིན་བྲལ་བ་ཡིས། །བདེ་བ་སྨྲ་བར་མི་ནུས་ཀྱིས། །ཏེང་ ངེ་འཛིན་གྱིས་མི་འགྱུར་ཐོབ །།རྣལ་འབྱོར་པ་རྣམས་རང་གིས་རིག །ཅེས་པ་ནི། འཇིག་རྟེན་པའི་འཛག་པའི་འདོད་ཆགས་ཀྱང་དཔེ་ཡིས་བརྗོད་པར་མི་ནུས་ན་མི་འགྱུར་བ་ལས་སྐྱེས་པའི་བདེ་བ་གང་གིས་ཀྱང་བརྗོད་པར་མི་ནུས་ལ་ཏིང་ངེ་འཛིན་ཐོབ་པའི་སྤྱོད་ཡུལ་ཏེ། སོ་སོ་རང་གིས་རིག་པའོ། །མི་འགྱུར་ 14-1-24a ལས་སྐྱེས་ཐེ་ཚོམ་མེད། །ཐམས་ཅད་མཁྱེན་པ་མ་ཐོབ་ཀྱང་། །ཡིད་ལ་བདེ་མིན་ཆགས་བྲལ་བས། །དེ་ལྟར་ཡང་ནི་མི་བྱའོ། །ཞེས་པ་ནི་བྱིས་པ་གང་དག་བདེ་བ་ཆེན་པོའི་སྐུ་འདི་ནི་མི་འགྱུར་བའི་བདེ་བ་ལས་འཁྲུངས་སམ། འོན་ཏེ་མ་ཡིན་ཞེས་དོགས་ན། དེའི་བརྗོད་པ་ ལྟ་ཞིག་གི། ཇི་ལྟར་འགྱུར་བའི་བདེ་བ་ཡང་འཕོ་བ་མེད་པ་དེ་སྲིད་དུ་ལུས་སིམ་ཞིང་རྒྱས་པ་ཡིན་ལ། ཕྱི་རོལ་དུ་འགྱུར་བ་ནི་མེད་པས། དེ་བས་ཆགས་བྲལ་དུ་མི་བྱ། །ཞེས་པའི་དོན་ཏོ། །དེ་ཉིད་ཆགས་བྲལ་ཉེས་དམིགས་བསྟན་པ་ནི། འཕོ་བ་ལ་ནི་ཆགས་བྲལ་འགྱུར། །ཞེས་པ་ནི། སེམས་ཅན་གཞན་དུ་ སྲིད་པ་མེད། །ཅེས་པ་ཡན་ཆད་ཀྱིས་བསྟན་པའོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་བདེ་བ་སྤང་བར་བྱ། །ཞེས་པ་ནི་ཉེས་པ་དེ་ལྟར་བསྟན་པ་དེ་བས་ན་འཛག་པའི་བདེ་བ་སྤངས་ཞེས་པའི་དོན་ཏོ། །གང་གིས་སྲིད་པའི་འཆིང་བ་ལས། །མི་འགྱུར་བ་དེ་འགྱུར་རྣལ་འབྱོར་པ། །ཞེས་པ་ནི་གང་ གིས་སྲིད་པ་འཆིང་བའི་འདུན་པ་ལས་གྲོལ་བར་འདོད་པའི་རྣལ་འབྱོར་པས་ཅིའི་ཕྱིར་ཆགས་པ་དང་བྲལ་བར་བྱེད་པ་ཞེས་པའི་དོན་ཏོ། །འདོད་པའི་བསྟན་བཅོས་ཆགས་ཅན་པས། །ཆགས་བྲལ་བར་ནི་མི་འདོད་ན། །ཞེས་པ་ནི་འཇིག་རྟེན་པའི་སྐད་ཅིག་མའི་བདེ་བ་ཙམ་ཉམས་སུ་ལེན་པའི་ལྷ་དབང་ཕྱུག་ཆེན་པོ་ ལ་སོགས་པ་ཡང་ཆགས་པ་དང་བྲལ་བར་མི་འདོད་པས། ཆགས་པའི་བསྟན་བཅོས་འབའ་དང་ཚ་ལ་ཡཱ་ན་ལ་སོགས་པ་སྟོན་པར་བྱེད་པའི་རྒྱུད་སྟོན་ཅིང་། གཞན་དག་ཀྱང་མཉན་པ་ལ་འབད་པར་བྱེད་ཅིང་བདེ་བ་རྒྱུན་མི་འཆད་པའི་དོན་དུ་འབད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །བདག་གིས་བསྟན་པའི་རྒྱུད་ལ་ ནི། །རྣལ་འབྱོར་པས་ནི་སྡུག་བསྔལ་འདོད། །ཅེས་པ་ནི་ཅིའི་ཕྱིར་ཞེས་སྦྱར་བར་བྱའོ། །དེ་ཡང་བདག་གི་འཁོར་བའི་སྡུག་བསྔལ་འབྱུང་བའི་རྒྱུ་ཆགས་བྲལ་དུ་བསྟན་ལ། སྡུག་བསྔལ་དེ་འགག་པའི་རྒྱུ་ཆགས་བྲལ་སྤངས་པར་བསྟན་པ་ལ་འཇུག་པའི་འབད་པ་མེད་པ་ངོ་མཚར་ཞེས་པའི་དོན་ཏོ། །ས་ བོན་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །དེ་ལྟར་བརྗོད་པའི་རིམ་པས་འགྱུར་བའི་བདེ་བ་སྤངས་ལ། མི་འགྱུར་བའི་བདེ་བས་ལུས་འགྲུབ་ཅེས་དགོངས་སོ། །རྟེན་ནི་འཕོ་བ་ཐོབ་པ་ལ། །རྟེན་བྱེད་ཆགས་པ་བྲལ་བ་ཉིད། །ཅེས་པ་ནི་དེ་ལྟ་བས་ན། བདེ་བའི་རྟེན་བྱང་ཆུབ་ཀྱི་ 14-1-24b སེམས་ཀྱི་མིང་ཅན་འཕོ་བ་དེ་ལ་བརྟེན་པའི་བདེ་བ་ཆེན་པོ་ཡང་འཕོ་ཞེས་བྱའོ། །འོ་ན་རྟེན་དང་རྟེན་བྱེད་ཀྱི་འབྲེལ་པ་གང་དུ་འདོར་བར་འགྱུར་ཞེ་ན། རྟེན་དང་བརྟེན་པའི་འབྲེལ་པ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །སེམས་ཀྱིས་མི་འགྱུར་ཉིད་འཐོབ་པས། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་ པ་ལ། བྱང་ཆུབ་སེམས་ཀྱི་མྱུ་གུ་རྩེ་མོ་གྱེན་དུ་བསྟན་པ་ནི་དྲི་མ་མེད་པ་ཞེས་བྱ་བའི་གནས་སུ་བགྲོད་པ་ནས་འབད་པ་མི་དགོས་ཏེ། རྣལ་འབྱོར་དེ་གྲོང་དང་གྲོང་ཁྱེར་དང་། སྐྱེས་བོ་མང་པོའི་ནང་ན་འདུག་ཀྱང་རུང་། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང་རུང་། ར་རོའམ། བརྒྱལ་ལམ། གཉིད་ལོག་ ཀྱང་རུང་སྟེ། འབད་པ་མི་དགོས་ཞེས་བྱའོ། །དེ་ཡང་གསལ་བར་བསྟན་པ་ནི་མི་འགྱུར་བ་ལས་སྐྱེས་པའི་སྐུ། མཛོད་སྤུའི་འཁོར་ལོར་སོན་པ་ལ། །ཨཱ་ལི་ཀཱ་ལི་འབྱོར་པ་ཡིས། །ཧཱུྃ་ཡིག་མི་འདོད་རྒྱལ་པོ་ཀྱེ། །ཞེས་གསུངས་ཏེ། དེ་ལྟར་མཛོད་སྤུའི་དྲི་མ་མེད་པ་ཞེས་བྱ་བར་བྱང་ཆུབ་ཀྱི་མྱུ་གུས་ཁྱབ་པ་ལ་ ཨ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་། ཀཱ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་དང་། དེའི་བར་དུ་ཧཱུཾ་སྔོན་པོ་སྟེ་དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའི་སྐུ་ལུས་ལས་འོད་ཟེར་སྣ་ལྔ་འཕྲོས་པ་དང་བསྡུས་པའི་སྐུ་ལས་བདུད་རྩིའི་རྒྱུན་འབྱུང་བ་ཡེ་ཤེས་སེམས་ དཔའི་བྱིན་གྱིས་བརླབས་པས་དེ་ལྟ་བུའི་བརྟགས་པའི་སྐུ་ལྟ་མི་དགོས་ཞེས་བྱ་བའམ། ཡང་ན་དེ་ལྟ་བུའི་བརྟགས་པའི་རང་བཞིན་དུ། མཛོད་སྤུར་འགྲོ་བའི་རྒྱུ་མི་བྱེད། །ཅེས་བྱ་བའོ། །ཀྱེ་ཞེས་པ་ནི་ཟླ་བ་བཟང་པོ་ལ་བོད་པའི་ཚིག་གོ། །དེ་ཡང་སྟོང་པ་ལས་བྱུང་བའི་གཟུགས་ནི་རྒྱུ་ཞེས་པའམ། ཡང་ན་མི་འགྱུར་ བ་ལས་སྐྱེས་པའི་རྒྱུ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེའི་སྟོང་པ་ཉིད་ཡིན་ལ། འབྲས་བུ་ནི་བདེ་བ་ཆེན་པོ་ཡིན་ནོ། །འབྲས་བུ་ཡིས་ནི་རྒྱུ་རྒྱས་གདབ། །རྒྱུ་ཡིས་འབྲས་བུ་རྒྱས་གདབ་བོ། །སྟོང་པ་ཉིད་གཟུགས་སྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེའི་གཟུགས་མི་འཛིན། །ཞེས་པ་ནི་གདུལ་བར་དཀའ་བའི་འགྲོ་ བ་ལ་བརྟགས་པའི་ཆོས་ནི་བརྒྱན་པ་ཡིན་ལ། དེ་ཡང་ཐབས་ཀྱི་རིགས་ཅན་དང་། །ཤེས་རབ་ཀྱི་རིགས་ཅན་གྱིས་ཕན་ཚུན་དུ་མཚོན་པ་དང་ལྟོས་པར་བྱ་བའི་ཆེད་དུའོ། །གཞན་ཡང་བརྟགས་པའི་ཆོས་ལ་ནི་སྒྱུ་དང་། འབྲས་བུ་འགྲུབ་ལ། བརྟགས་པ་མ་ཡིན་པ་ལ་ནི་མ་ཡིན་ཏེ། དེ་ཡང་སྟོང་ཉིད་སྙིང་རྗེ་ 14-1-25a དབྱེར་མེད་ལ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་པ་ནི་རྒྱས་གདབ་པ་ལས་གྲོལ་བར་སྟོན་ཏོ། །མྱ་ངན་འདས་དང་བྲལ་བའི་སེམས། །འཁོར་བ་ལས་འདའ་མི་འགྱུར་ལ། །རྟག་དང་ཆད་ལས་ངེས་པར་གྲོལ། །དེ་ཉིད་སྦྱོར་བ་གཉིས་མེད་གཞན། །ཞེས་གསུངས་པ་ ཡིན་ཏེ། གང་ཡང་ལས་ཀྱི་ཕྱག་རྒྱ་ཤེས་རབ་ཀྱི་མིང་ཅན་དང་ཐབས་སྙིང་རྗེའི་མིང་ཅན་དེ་དག་ལ་ནི་ལྟོས་པ་ཡིན་ལ། ཤེས་རབ་ཆེན་པོ་འདི་ནི་ལྟོས་པ་དང་བྲལ་བ་ཡིན་ནོ། །དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། །གཟུགས་ལ་དངོས་པོ་མེད་པ་མིན། །ཞེས་པ་ནི། བྱིས་པ་རྣམས་ཀྱི་རྟོག་པ་བཟློག པ་སྟེ། དེ་ཡང་ཆད་པར་ལྟ་བ་ལ་ཁ་ཅིག་གི་བསམ་པ་ལ་ཀུན་རྫོབ་ཙམ་དུ་ཡང་མེད་སྙམ་པའམ་གཟུགས་ལ་དངོས་པོ་མེད་ཅེས་པ་སྟེ། དུ་བ་ལ་སོགས་པས་འབྱུང་བར་བསྟན་པའོ། །དེ་ཉིད་ཐོར་ཟུག་ཏུ་ལྟ་བ་དགག་པའི་ཕྱིར། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །མི་འགྱུར་བ་ལ་དངོས་པོ་མེད། །ཅེས་གསུངས་ པ་ཡིན་ནོ། །དེ་བས། དངོས་དང་དངོས་མེད་ཡང་དག་སྦྱོར། །རྡོ་རྗེ་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་མེད་རྣམ་པར་གྲོལ། །མེ་ལོང་གི་ནི་པྲ་བཞིན་ནོ། །ཞེས་པ་ནི། དེ་ལྟར་བརྗོད་པའི་རིམ་པས་རྡོ་རྗེ་རྣལ་འབྱོར་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཟུང་དུ་འཇུག་པ་ལ་བྱའོ། །སྲིད་གསུམ་ གཟུགས་ནི་མི་འོང་སྟེ། །འགྱུར་མེད་མི་གྲོལ་མྱ་ངན་འདས། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་། མི་འགྱུར་བའི་བདེ་བ་ནི་སྲིད་པ་དང་ཞི་བའི་མཚན་ཉིད་མཉམ་པ་ཉིད་ཡིན་གྱི། ཐ་དད་པ་མ་ཡིན་པར་དགོངས་སོ། །དེའི་ཕྱིར། ཕན་ཚུན་འཁྱུད་དང་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་པ་ ནས། ཕན་ཚུན་དུ་ནི་རྒྱས་གདབ་མེད། །ཅེས་བྱ་བ་ནི་མི་འགྱུར་བའི་ཤེས་རབ་ཡེ་ཤེས་ཆེན་པོ་ལ་རྒྱས་གདབ་པ་མེད་པར་སྟོན་ཅིང་། གཉིས་ཀ་ལ་མཉམ་པར་གནས་པས་ན་མ་ནིང་གི་གནས་ཀྱི་མཆོག་ཡིན་པར་སྟོན་ཏོ། །འོ་ན་གང་ལ་རྒྱས་གདབ་ཅེ་ན། གང་གི་རྒྱུ་དང་འབྲས་བུ་ཀུན། །དེ་ནི་རྟེན་ཅིང་ འབྲེལ་ལས་འབྱུང་། །ཞེས་གསུངས་ཏེ། བརྟགས་པའི་ཆོས་ལ་རྒྱས་གདབ་པར་གསུངས་ཏེ། གཞན་ལ་མ་ཡིན་ཞེས་དགོངས་སོ། །ཕན་ཚུན་དུ་ནི་རྒྱས་གདབ་གཟུགས། །སྐྱེ་བ་མེད་ཅིང་འདས་པའང་མེད། །ཤེས་རབ་ཀུན་ནས་མྱ་ངན་འདས། །མཆོག་ཏུ་འགྱུར་བ་མེད་པ་སྟེ། །རྒྱུ་དང་འབྲས་བུ་རྣམ་པར་ 14-1-25b གྲོལ། །ཕན་ཚུན་རྒྱ་ཡིས་གདབ་པ་མེད། །ཅེས་པ་ནི་ཤེས་རབ་ཆེན་པོའི་དབང་ལ་ཞེས་བྱ་བར་སྦྱར་རོ། །མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདི་མཐོང་ན། །ཞེས་པ་ནི། སྐྱེ་བ་དང་འགག་པ་དང་གདོད་མ་ནས་བྲལ་བའི་དངོས་པོ་འདིའོ། །ཕྱི་རུ་རྣམ་པར་དབྱེ་བ་ལས། །རང་གི་ སེམས་ལས་དེ་གཞན་མིན། །ཞེས་པ་ནི། གང་ཞིག་བདག་ལས་གཞན་པ་ལྟར་སྣང་བ་འདི་ནི་མ་རིག་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སྣང་བ་གང་དེ་ཉིད་ཤེས་རབ་ཀྱི་མཚོན་གྱིས་དྲལ་ནས་བདག་ལས་གཞན་པ་མི་རྙེད་དོ། །དེ་ཡང་ཇི་སྐད་དུ། སྐྱེས་བུའི་ཀུན་རྟོག་འདོད་ཆགས་སྤང་ བྱ་ཡིས། །འཇིག་རྟེན་སྣ་ཚོགས་གང་དེ་དེ་ལྟར་གནས། །ཞེས་པ་དང་། གཞན་ཡང་འཕགས་པ་ལྷའི་ཞལ་ནས་ཇི་སྐད་དུ། ཕྱི་རོལ་དོན་ནི་ཡོད་མ་ཡིན། །འདི་དག་རང་གི་སེམས་སུ་གདའ། །ཞེས་པ་དང་གཞན་ཅི་ཡང་རུང་སྟེ། མདུན་རྗོགས་ན་དེ་ཅི་ཙམ་ལ་མི་གནས་སོ་ཞེས་པ་དང་། །གཞན ཡང་ས་བཅུ་པའི་མདོ་ལས་ཀྱང་ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་དེ་བས་ན་རྣམ་པར་ཤེས་པ་ཐུགས་ཀྱི་བདག་པོ་སྲིད་པ་གསུམ་གྱི་མགོན་དང་སྐྱབས་ཉིད་ལས་སྣ་ཚོགས་པར་སྣང་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཔལ་ས་ར་ཧའི་ཞལ་ནས། ཐུགས་ཀྱི་བདག་པོ་སྟོན་པའི་མཆོག་ཁྱོད་གཅིག་པུ་བདག་གི་སྐྱབས་གྱུར་ཅིང་། །ཤེས་རབ་ཕ་རོལ་ཕྱིན་པའི་རང་ཞིན་རོལ་པ་རྡོ་རྗེ་བཙུན་མོའི་ཚོགས། །གང་ཞིག་འཁོར་བའི་ངོ་བོས་ཆེར་གནས་དགའ་བ་དེས་འབེབས་ཤིང་། །ཡེ་ཤེས་ནམ་མཁའི་ཡིད་ཀྱི་ཆུ་བོ་རྒྱས་མཛད་དཔལ་ལྡན་བླ་མ་དེ་ ཉིད་ཡིན། །ཞེས་གསུངས་པ་དེ་བས་ན་ཐོགས་པ་མེད་པར་གནས་པའི་རྣལ་འབྱོར་ཡིན་ཏེ། དེའི་ཕྱིར་རང་གིས་རང་ལ་ནི། །གང་ཡང་རྒྱས་གདབ་ནུས་མ་ཡིན། །ཞེས་གསུངས་སོ། །རལ་གྲི་སོ་ཡིས་རང་ལ་ནི། །རལ་གྲི་ཆེན་པོ་གཅོད་དམ་ཅི། །ཞེས་པ་སྟེ་རལ་གྲིས་རང་ལ་རང་མི་གཅོད་པ་ལྟར། རང་གིས་རང་ལ་རྒྱས་གདབ་པར་ནུས་པ་མ་ཡིན་ནོ། །མོ་གཤམ་བུ་མོས་སྦྱར་བ་ན། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ཞེས་གསུངས་པ་ནི། ཡོད་པ་མ་ཡིན་པའི་བཙུན་མོ་ལ་སྤྱང་བས་རྨི་ལམ་དུ་བདེ་བ་འབྱུང་བ་བཞིན་དུ། ནམ་མཁའ་ལས་བྱུང་གཟུགས་ཀྱིས་ནི། །བདག་ལ་བརྟེན་པ་དེ་བཞིན་ནོ། །ཞེས་ 14-1-26a གསུངས་པ་ཡིན་ནོ། །ནམ་མཁའ་ཆེན་པོ་ལ་གནས་ཤིང་བརྟེན་པས་རྒྱ་ཆེ་བའི་ནམ་མཁའ་ཉིད་ལྟ་བུའི་ཡོད་པ་མ་ཡིན་པའི་རྡོ་རྗེ་འཆང་གི་གནས་ཐོབ་པའོ། །ལྷན་ཅིག་སྐྱེས་པའི་ཤེས་རབ་བཅས། །འདི་ནི་ཐབས་མིན་ཤེས་རབ་མིན། །ཞེས་པ་ནི། ཕྱག་རྒྱ་ཆེན་མོ་ལ་ བརྟེན་པས་ནམ་མཁའ་ལས་བྱུང་བའི་བདེ་བ་འདི་ནི་ཐབས་ཞེས་པའམ། ཤེས་རབ་ཅེས་སུ་གང་གིས་ཀྱང་བརྗོད་པར་མི་ནུས་པ་འམ། ཡང་ན་འདི་ནི་སྐྱེས་པ་དང་། མི་མོའི་ཐབས་དང་ཤེས་རབ་ལས་བྱུང་བ་མ་ཡིན་པའོ། །ཀུན་ནས་ཀུན་དུ་ཡོངས་སུ་རྗོགས། །སྒྲིབ་པ་ཐམས་ཅད་སྤངས་པ་དང་། ། ནམ་མཁའ་ལྟ་བུར་གོས་པ་མེད། །ཡུལ་དང་དབང་པོ་སྤངས་པ་ཉིད། །ཅེས་པ་ནི་རྒྱུ་དེ་ལྟ་བུ་ལ་སྙོམས་པར་ཞུགས་པ་ཡང་འབྲས་བུ་དེ་ལྟ་བུ་ཐོབ་ཅེས་པའི་དོན་ཏོ། །ཀུན་དུ་འབྱུང་པོ་ཀུན་ལ་གནས། །མི་ཆོད་མི་ཕྱེད་སྤངས་པ་ཉིད། །ཅེས་པ་ནི་དེ་ལྟ་བུའི་བདེ་བའི་ཡེ་ཤེས་ནི་འགྲོ་བ་ཐམས་ཅད་ལ་གཞིག་ ཏུ་མེད་པའི་ཚུལ་གྱིས་གནས་ཞེས་དགོངས་སོ། །ཅིའི་ཕྱིར་གཞིག་ཏུ་མི་ནུས་སྙམ་པ་ལ། འདིར་ནི་རང་འབྱུང་རྡོ་རྗེ་སེམས། །དོན་ཆེན་མཆོག་ཏུ་མི་འགྱུར་བ། །ཞེས་པ་སྟེ་བྱེད་པ་དང་བྲལ་བའམ། རང་འབྱུང་བའི་ཕྱིར་རོ། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་ བར་མཛད། །ཅེས་པ་ནི་དེ་ལྟ་བུའི་འོད་གསལ་བའི་བདེ་བ་ལས། འགྲོ་བ་རྣམས་ཀྱི་དོན་ཐོགས་པ་མེད་པར་འགྱུར་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ། །ཉོན་མོངས་ཟད་མཛད་དགྲ་ཆེན་པོ། །ཉོན་མོངས་ཞེས་གསུངས་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་བདག་དང་ གཞན་གྱི་ཉོན་མོངས་པ་ཐམས་ཅད་གསོད་པའི་བྱར། དགྲ་ཆེན་པོ་ཡིན་ནོ། །འགྲོ་བའི་དོན་ལ་བཤོལ་བ་མེད་པའམ། བསད་དུ་མེད་པའི་ཡུལ་གནས་པ་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོའི་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་ལྷ་ཆེན་པོ་ ལ་སོགས་པ་འདུལ་བའམ། ནང་གི་ལྷ་མ་ཡིན་གདུལ་དཀའ་བ་འདུལ་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་ཁྲོ་བོ་ཆེ། །ལྷ་མོའི་ཁྲོ་པོ་དགྲ་ཆེན་པོ། །ཞེས་པ་ཡིན་ནོ། །དེ་གང་ཡིན་སྙམ་པ་ལ། དུས་ཀྱི་འཁོར་ལོ་ཆགས་པ་ཆེ། །འཕོ་བའི་ཆགས་པ་སེལ་མཛད་པ། །ཞེས་པ་སྟེ། གང་ཞི་བ་དང་དྲག་པོ་ལ་སོགས་པ་ 14-1-26b དང་འཚམ་པ་ལ་དེ་དང་དེའི་རྣམ་པར་སྟོན་པའོ། །དོན་ཆེན་བཅོམ་ལྡན་འདས་ཀྱིས་འདིར། །རྡོ་རྗེ་མི་ཕྱིད་ཅེས་སུ་གསུངས། །ཞེས་བྱ་བ་སྟེ། དབྱེར་མེད་པའི་རྡོ་རྗེ་ནི་མཆོག་ཏུ་མི་འགྱུར་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ལ། སེམས་དཔའ་ནི། སེམས་དཔའ་སྲིད་པ་གསུམ་གཅིག་ པ། །མཆོག་ཏུ་མི་འགྱུར་དག་ཏུ་བརྗོད། །ཅེས་པ་སྟེ། ལུག་དང་། སེར་སྐྱ་དང་། ཡིད་བཟངས་མ་ཞེས་བྱ་བ་གསུམ་གཅིག་ཏུ་འདུས་པའི་བདེ་བ་ཡིན་ནོ། །མཆོག་ཏུ་མི་འགྱུར་བདེ་བ་གང་། །ས་རྣམས་ཀྱིས་ནི་ཡོངས་རྗོགས་ཉིད། །ཅེས་པ་ནི་གོང་དུ་བསྟན་ཟིན་ཏོ། །འགྱུར་བ་མེད་པའི་ བདེ་བའམ། སེམས་ཅན་རྣམས་ལ་ཆགས་པ་ཆེན་པོ་མངའ་བས་ན། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་མཛད། །ཅེས་གསུངས་པ་ཡིན་ནོ། །སེམས་དཔའ་བྱང་ཆུབ་རྣམ་པར་གནས། །དེའི་ཕྱིར་མི་གཡོ་བྱང་ཆུབ་སེམས། །ཞེས་པ་ནི། འགྱུར་བ་མེད་པའི་ བྱང་ཆུབ་སེམས་ཀྱི་མྱུ་གུའམ། རྟག་པར་སེམས་ཅན་རྣམས་ལ་དམིགས་པས་ན། དེ་སྐད་ཆེས་བྱ་བའོ། །ཉོན་མོངས་ལ་སོགས་ཞེ་སྡང་ཚོགས། །ཞེ་སྡང་ཆེན་པོ་དགྲ་ཆེན་པོ། །ཞེས་པ་ནི་ཞེ་སྡང་ཕལ་པ་གང་ཡིན་པ་དེ་ནི་ཞེ་སྡང་སྐྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །དམ་ཚིག་ཟླ་བའི་བདུད་རྩེ་ དཀར། །འཕོ་བ་མེད་དེ་ཟ་བ་པོ། །ཞེས་པ་ནི། འོད་གསལ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་གནས་པའི་རྣལ་འབྱོར་པས་ལོངས་སྤྱད་པར་བྱ་བ་ནི་འཕོ་བ་མེད་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ཡིན་ཞེས་བྱའོ། །དེ་བས་ན། རིག་པ་འདི་ནི་བྱང་ཆུབ་སེམས། །ཞེས་པ་ནི་འགྱུར་བ་མེད་པ་ལ་ཟའི་འགྱུར་བ་ དང་བཅས་པ་ལ་མི་ཟ་བའི་བྱར་རོ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ་ནི་འཁོར་བའི་གཏི་མུག་བསལ་ནས། བསམ་དུ་མེད་པའི་ཡུལ་ལ་གནས་པའི་ཕྱིར་རམ། ཐོབ་པ་མེད་པའི་རྣམ་པར་འཕྲུལ་པས་གནས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཤེས་རབ་སྐུ་དང་མི་འགྱུར་བཅས། །རྡོ་རྗེ་ཐམས་ཅད་ གཅིག་པོ་ཉིད། །ཅེས་པ་ནི་སྟོབས་དང་སྙིང་རྗེ་མི་ཕྱེད་པའི་རྣལ་འབྱོར་པ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའམ། ཡང་ན་དཀྱིལ་འཁོར་པ་ཇི་སྙེད་པ་དེ་སྙེད་པ་ནི་རྡོ་རྗེ་ཡིན་ལ། དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལས་གཞན་པ་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཁྲོ་བོའི་གཟུགས་ཅན་ 14-1-27a བདུད་རྣམས་ལ། །ཁྲོ་པོ་ཆེན་པོ་དགྲ་ཆེན་པོ། །ཞེས་པ་ནི། ལྷའི་བུ་ལ་སོགས་པའི་བདུད་དམ། ལྷ་དྲག་པོ་འམ། ཡང་ན་མུ་སྟེགས་བྱེད་པ་རྣམས་སྐྲག་པར་བྱེད་པའམ་ཡང་ན་བདུད་དེ། བསམ་གཏན་བཞིའི་རྟེན་ཕྱིར་མི་འདའ་བ་ལ་རྩེ་གཅིག་པ་ལ་དེ་སྐད་ཅེས་བརྗོད་དོ། །མི་ འགྱུར་ཆེན་པོ་བདེ་སྟོབས་ཀྱིས། །ནམ་ཡང་སེམས་ཅན་དོན་མི་འདོར། །སེམས་ཅན་གྲོལ་བའི་ཆགས་ཆེན་པོ། །འགྱུར་བའི་ཆགས་པ་སེལ་བར་མཛད། །ཅེས་པ་ནི། སྔོན་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མདུན་དུ། དངོས་སུ་ཁས་བླངས་པའམ། ཡང་ ན་ཤུགས་ཀྱིས་ཁས་བླངས་པ་ཡིན་པའི་ཕྱིར། བཤོལ་བ་མེད་པའི་དམ་བཅས་པས་སེམས་ཅན་རྣམས་ཇི་ལྟར་ན་གཉིས་སུ་མེད་པའི་ལམ་ལ་དགོད་པར་བྱ་ཞེས་པའམ་ལམ་དམ་པ་ལ་དགོད་པ་ཡིན་པའི་ཕྱིར་རོ། །ད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གྱུར་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཡུལ་དང་དབང་པོ་ལ་སོགས་པ་བསྟན་པའི་ཕྱིར། མི་འགྱུར་ཡེ་ཤེས་ཚོར་བ་ནི། །རྣམ་པ་དྲུག་སྟེ་ཡེ་ཤེས་ཚོར་བ་ལ་སོགས་སུ་བརྗོད་དེ། རྣམ་ཤེས་གཟུགས་དང་འདུ་བྱེད་དང་། །འདུ་ཤེས་ཕུང་པོའི་རིགས་འདི་རྣམས། །ཞེས་བྱ་བ་གསུངས་ཏེ། འགྱུར་བ་མེད་པའི་འགྲུབ་པའི་རྣམ་པ་དྲུག་པོ་འདི་བདེ་བ་ ཞེས་བྱ་བ་རྒྱལ་བ་དྲུག་གི་རིགས་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །ཡེ་ཤེས་མེ་དང་ནམ་མཁའ་ས། །རིམ་པ་དེ་བཞིན་རླུང་དང་ཆུ། ཞེས་བྱ་བ་ལ། བདེ་བ་ཞེས་བྱ་བ་དང་སྦྱར་བར་བྱ་སྟེ། སྟེང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། འོག་ལྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་སྟེ། སྤྱན་མ་ལ་ སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །ཡིད་དང་མིག་དང་རྣ་བ་དང་། །སྣ་དང་ལྕེ་དང་དེ་བཞིན་ལུས། །ཞེས་པ་ནི་ཀུན་དུ་བཟང་པོ་དང་། སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །སྒྲ་དང་རོ་དང་ཆོས་ཀྱི་དབྱིངས། །དྲི་དང་རེག་དང་ཁ་དོག་སྟེ། །ཞེས་པ་ནི། ཡུལ་ རྣམས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གི་ལྕེ་དང་དེ་བཞིན་ལུས། ཤེས་པ་ནི་ཀུན་དུ་བཟང་པོ་དང་། སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །སྒྲ་དང་རོ་དང་ཆོས་ཀྱི་དབྱིངས། །དྲི་དང་རེག་དང་ཁ་དོག་སྟེ། །ཞེས་པ་ནི། ཡུལ་རྣམས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གི་རང་ 14-1-27b བཞིན་དུ་རྟོགས་པར་བྱའོ། །རིགས་དྲུག་པོ་ནི་ཡོངས་སུ་དག །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པ་ནི་དེ་ལྟར་བརྗོད་པའི་རིམ་པས། འཇིག་རྟེན་གསུམ་གྱི་བདག་པོ་རྡོ་རྗེ་འཆང་ཉིད་གདུལ་བར་བྱ་བར་དགོངས་ནས། ཁྲོ་བོའི་ཆ་ལུགས་སུ་གར་དགུའི་ཉམས་དང་ལྡན་པར་བཞུགས ལ། དེས་གདུལ་བ་ལ་སོགས་པ་ལ་བསྟན་པ་ཡིན་ནོ། །གར་ཐབས་དགུ་ནི། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། གཤེ་བ་དང་། བཞད་པ་དང་། སྙིང་རྗེ་དང་། རྔམ་པ་དང་། ངོ་མཚར་བ་དང་། ཞི་བ་ཞེས་བྱའོ། །དབང་གི་སྒྲུབ་པ་འདི་ཉིད་ནི། །མཆོག་ཏུ་མི་འགྱུར་སྒྲུབ་པ་སྟེ། ། ཞེས་པ་སྟེ། དབང་རྣམ་པ་གཉིས་ཡོད་པ་ལས། འཇིག་རྟེན་ལས་འདས་པའི་དབང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་སྒྲུབ་པ་ཞེས་བྱའོ། །རྩ་དང་རིགས་སུ་ཡང་དག་ལྡན། །མདོར་བསྡུས་བཤད་པ་ཟླ་བ་ཀྱེ། །ཞེས་པ་ནི་གཞན་ཡང་བདེ་བ་ཆེན་པོའི་འཇིག་རྟེན་གྱི་ཚུལ་རྩ་བའི་རིགས་དང་ལྡན་པ་བསྟན་ཏེ། དེ་ཡང་གཞུང་རྒྱས་པ་མ་ཡིན་གྱི། གཞུང་བསྡུས་པ་ཡིན་ལ། དོན་རྒྱས་པ་ཞེས་པ་འམ། ཡང་ན་རྒྱས་པ་ནི་དབང་གི་ལེའུ་ལས་བསྟན་ཏེ། དེ་བས་ན་བསྡུས་པའི་ཚུལ་གྱིས་བསྟན་ཞེས་དགོངས་སོ། །འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པ་ལས། ལེའུ་ལྔ་པ་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་ པའི་མདོར་བསྡུས་པའི་ལེའུ་ཞེས་པ་ནི། སྐྱོབ་པའམ། གཡོགས་པས་ལེའུ་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །མཁས་མིན་བློ་ནི་དྲི་མས་གཡོགས། །གཞུང་དོན་ལོག་པར་སྟོན་པར་བྱེད། །བདག་གིས་རྩ་རྒྱུད་སོགས་བལྟས་ནས། །བརྩེ་བས་འགྲེལ་པ་བྲིས་པ་ཡིན། །དང་པོའི་སངས་རྒྱས་ རྒྱུད་ཆེན་གྱི། །མདོར་བསྡུས་དབང་གི་འགྲེལ་བྱས་པའི། །དགེ་བ་བདག་གིས་བསགས་པ་འདིས། །འགྲོ་བ་འགྱུར་མེད་དབང་ཐོབ་ཤོག །དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་བཀོལ་བ། དབང་མདོར་བསྟན་པ་ཞེས་བྱ་བའི་འགྲེལ་པ། རྣལ་འབྱོར་པ་དུས་ཀྱི་འཁོར་ལོའི་ཞབས་ཀྱིས་མཛད་པ་ རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཟླ་བའི་མགོན་པོ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤེ་ཀོདྡེ་ཤ་པཉྩི་ཀ །བོད་སྐད་དུ། དབང་མདོར་བསྟན་པའི་དཀའ་འགྲེལ། དཔལ་དང་པོའི་མཆོག་གི་སངས་ 14-1-28a རྒྱས་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་སྲིད་གསུམ་མགོན་གཅིག་ཆོས་དང་བཅས། །རྫོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བཏུད་ནས། །དཔལ་ལྡན་བླ་མའི་ཞབས་ཀྱིས་མཛད་པའི་མན་ངག་ལས། །དབང་ལ་སོགས་པ་མདོར་བསྟན་ཚིག་ནི་རྒྱས་པར་ བྱ། །དེ་ནས་ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས། དང་པོའི་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོར་དབང་གི་དོན་བཅོམ་ལྡན་འདས་ལ་ཞུས་པ། ཟླ་བ་བཟང་པོས་གསོལ་བ་ཞེས་པའོ། །ཀྱེ་སྟོན་པ་དབང་རྣམ་བདུན་ནི་ཆུ་ལ་སོགས་པ་ནས་རྗེས་སུ་གནང་བའི་མཐར་ཐུག་པའོ། །གཞན་རྣམ་ གསུམ་ནི་བུམ་པ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པའོ། །དེ་བཞིན་བླ་ན་མེད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །འཇིག་རྟེན་འཇིག་རྟེན་འདས་གྲུབ་ཕྱིར། །ཅེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པ་དང་འཇིག་རྟེན་ལས་འདས་པ་ སངས་རྒྱས་ཉིད་དང་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་ཏེ། དེ་རྣམས་ཀྱི་དོན་མདོར་བསྡུས་པར་ནི་བདག་ལ་གསུངས་ཞེས་བྱའོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས། མདོར་བསྟན་པ་ཇི་སྲིད་རྗོགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཆོག་དང་ཞེས་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ ཤེས་སོ། །རྩ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས་སོ། །ཀུན་སྤྱོད་ནི་གཡོན་དང་གཡས་པ་དང་དབུས་མའི་སྦུབས་རྣམས་སུ་འགྲོ་བ་དང་འོང་བའོ། །དེ་དག་རྩའི་ཀུན་སྤྱོད་དོ། །རྩོལ་བ་ཞེས་པ་ནི་སྲོག་རྩོལ་ཏེ་མདོར་བསྡུས་པ་དེ་རྣམས་ཁྱོད་ལ་བཤད་པར་བྱའོ། །ད་ནི་མདོར་བསྡུས་པ་ ལ་སོགས་པའི་རབ་ཏུ་དབྱེ་བ་གསུངས་པ། མདོར་བསྡུས་རྣམ་གསུམ་ནི་རྒྱུད་ཐམས་ཅད་ལའོ། །དེ་བཞིན་དུ་རྒྱས་པར་བཤད་པ་གསུམ་དུ་འགྱུར་རོ། །དེ་དག་མདོར་བསྡུས་པ་དང་རྒྱས་པར་བཤད་པ་དག་གི་རབ་ཏུ་དབྱེ་བ་གསུངས་པ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ། །ཞེས་པ་ནི་མདོར་བསྟན་པའི་ རབ་ཏུ་དབྱེ་བའོ། །རབ་ཏུ་རྒྱས་པར་བཤད་པ་གང་། །ཞེས་པ་ནི་རྒྱས་བཤད་ཆེན་པོ་བསྡུ་བའོ། །འདི་དག་ཀྱང་རྒྱས་བཤད་ཀྱི་རབ་ཏུ་དབྱེ་བ་འདི་རྣམས་ཀྱི་རྣམ་པ་གཞན་གསུངས་པ། མདོར་བསྟན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་གང་ཁོ་ན་མདོར་བསྟན་པ་དེ་ཁོ་ན་རྒྱས་པར་བཤད་པ་སྟེ། དེ་ཡང་རྒྱུད་ཀྱི་ 14-1-28b བསྡུས་པ་བརྗོད་པ་ཡིན་ནོ། །འདིར་ནི་རྒྱས་པར་བཤད་པའི་སྒྲས་བསྡུས་པའི་རྒྱུད་ཆེན་པོ་བརྗོད་པར་བྱ་སྟེ། མདོར་བསྟན་པ་ནི་རྒྱུད་ཆེན་པོ་ལས་གཞན་དུ་གྱུར་པ་དང་། གལ་ཏེ་བསྡུས་པར་བྱེད་པ་པོས་སོ་སོར་བྱས་པའི་དེའི་ཚེ་རྒྱུད་ཆུང་བར་འགྱུར་རོ། །ཇི་ལྟར་མཚན་ཉིད་མངོན་པར་བརྗོད་པའི་ཕྱིར། ངེས་ པར་རྟོགས་པ་རྒྱུད་ཆུང་བར་མངོན་པར་བརྗོད་དོ། །རབ་ཏུ་མདོར་བསྟན་དང་ཞེས་པའི་དང་གི་ཡི་གེ་རབ་ཏུའི་སྒྲས་བསྡུས་པས་རབ་ཏུ་རྒྱས་བཤད་དུ་བརྗོད་དེ། གཉིས་པོ་འདི་དག་རིམ་པ་ཇི་ལྟ་བར་དཀའ་འགྲེལ་ཆུང་བ་དང་དཀའ་འགྲེལ་ཆེན་པོའོ། །དེ་ཡང་ཚིག་ཙམ་འཇོམས་ཀྱི་དོན་ཐམས་ཅད་གསལ་ བ་མ་ཡིན་ནོ། །གང་ཞིག་འགྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ། །ཞེས་པ་བཤད་པར་བྱ་སྟེ། མདོར་བསྟན་ཆེ་དང་ཞེས་པ་ལ་དང་གི་སྒྲས་ཆེན་པོའི་སྒྲ་བསྡུས་པ་རྒྱས་བཤད་ཆེན་པོར་བརྗོད་དེ། གཉིས་པོ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་འགྲེལ་ཆུང་བ་དང་རྒྱ་ཆེར་འགྲེལ་ཆེན་པོར་བརྗོད་ དོ། །དེ་ལྟར་ཞེས་པ་བཤད་པའི་རིམ་པས་སོ། །མཐའ་དྲུག་རྣམས་ཀྱིས་ནི་རྣམ་པ་དྲུག་གིས་རྒྱུད་ཆུང་བ་དང་རྒྱུད་ཆེན་པོ་ལ་སོགས་པ་རྣམས། དག་པ་ནི་ཡོངས་སུ་དག་པའོ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མངོན་པར་རྗོད་བྱེད་འགྱུར། །ཞེས་འཆད་པ་དང་སྦྲེལ་ལོ། །དེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་ རྣམ་བཞི་ཞེས་པ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་མཚན་ཉིད་དོ། །བྱང་ཆུབ་རྣམ་བཞི་ཞེས་པ་སྐད་ཅིག་གཅིག་གིས་མངོན་པར་རྗོགས་པར་བྱང་ཆུབ་པ་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྗོགས་པར་བྱང་ཆུབ་པའི་མཚན་ཉིད་དོ། །ཕུང་པོ་ནི་གཟུགས་དང་། ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་དོ། །ཁམས་དང་ཞེས་པ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །སྐྱེ་མཆེད་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བཅུ་གཉིས་ཏེ། གཟུགས་དང་། སྒྲ་ དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །རིགས་དྲུག་རྣམས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མཚན་ཉིད་དོ། །བདེན་པ་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གོ། །ལུས་ངག་ཡིད་ནི་དག་བྱེད་པ། མངོན་པར་དབང་ 14-1-29a བསྐུར་གཉིས་གཉིས་ཏེ། །ཞེས་མཆུ་དང་ཅོད་པ་ན་དག་གིས་ལུས་དག་པར་བྱེད་དོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དག་གིས་ངག་དག་གོ། །བརྟུལ་ཞུགས་ཆེན་པོ་དང་། མིང་དག་གིས་ཡིད་དག་གོ། །རྗེས་གནང་གིས་ཡེ་ཤེས་དག་པ་ཡིན་ནོ། །གཞན་ཞེས་པ་དག་ལ་ གཞན་ཏེ། དེ་ནི་ཁམས་ལ་སོགས་པ་དག་པར་བྱེད་པའོ། །དེས་ན་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེས་མི་འགྱུར་ཆེན་པོ་དག་གོ། །དྲིལ་བུས་སངས་རྒྱས་གསུང་གི་རྒྱུན་མི་འཆད་དོ། །དེ་ཉིད་ནི་ཉི་ཟླ་གཅིག་ཏུ་དེ་དག་དག་པ་སྟེ། དབུ་མར་རབ་ཏུ་ཞུགས་པའི་མཚན་ཉིད་དོ། །བུམ་པ་ལ་སོགས་པའི་དབང་གི་དཀྱིལ་འཁོར་བཞེངས་ནས་མཐར་ཡང་སྦྱིན་པར་བྱའོ། །གང་ཞིག་ནུ་མའི་ཡན་ལག་ལ་རེག་པ་ལས་བདེ་བ་ཐོབ་པ་ནི་རྙེད་པའོ། །སྐྱོབ་པ་ཐམས་ཅད་སྐྱེད་མཛད་མ། །ཞེས་པ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཏེ སྒྲིབ་པ་མེད་པ་ཉིད་ཀྱིས་སྐྱེད་མཛད་མའོ། །ཤེས་རབ་ནི་བློའོ། །དེའི་གཟུགས་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ། སྒྱུ་མ་དང་རྨི་ལམ་གྱི་སྣང་བའི་མཚན་ཉིད་དོ། །དེས་ན་དེ་ཉིད་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །ཞེས་སོ། །མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་ འདིར་ནི་དམིགས་པ་རྣམ་པ་གཉིས་ཏེ་མངོན་སུམ་སྔོན་དུ་འགྲོ་བར་གྱུར་པ་དང་། རྗེས་དཔག་སྔོན་དུ་འགྲོ་བ་ཅན་ནོ། །དེ་ལ་གང་མངོན་སུམ་སྔོན་དུ་འགྲོ་བ་ཅན་དེ་ནི་རྟོགས་པའི་དྲི་མ་མ་ལུས་པ་དང་རྣམ་པར་བྲལ་བའི་ལམ་བླ་མ་དམ་པའི་མན་ངག་ལས་བྱུང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལས། ནམ་མཁའ་ལ་སྐར་ མ་བཞིན་དུ། ལོངས་སྤྱོད་རྗོགས་པའི་སྐུ་དུ་མ་ཤའི་སྤྱན་གྱིས་གཟུང་བའོ། །དང་པོ་ནི་ཤའི་སྤྱན་གྱིས་རྣལ་འབྱོར་པ་ལས་དང་པོ་པས་སྣ་ཚོགས་པ་མངོན་པར་ཤེས་པ་ལས་གཞན་གྱིས་མཐོང་ངོ་། །དེ་ནས་ལྷའི་སྤྱན་གྱིས་ཏེ། མངོན་པར་ཤེས་པའི་སྐབས་ཀྱི་དབང་ལས་སོ། །དེ་ནས་སངས་རྒྱས་ཀྱི་སྤྱན་ གྱིས་ཏེ། འདོད་ཆགས་དང་བྲལ་བའི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཤེས་རབ་ཀྱི་སྤྱན་གྱིས་ཏེ། བྱང་ཆུབ་སེམས་དཔའི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་ཏེ། ཡང་དག་པར་རྗོགས་པའི་སངས་རྒྱས་ཀྱི་སྐབས་ཀྱི་དབང་ལས་ཏེ། ཉེ་བར་འཛིན་པ་ཐམས་ཅད་ལས་རྣམ་པར་ 14-1-29b གྲོལ་བའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་རྣམས་ཀྱིས་སྟོང་པ་ཉིད་སོ་སོར་མཐོང་བར་བརྗོད་དེ། རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་གྱིས་དམིགས་པ་ནི་དེ་ཁོ་ན་ཉིད་མ་རྟོགས་པ་རི་མོ་ལ་སོགས་པ་ཉེ་བར་བལྟ་བ་ནི། རྣལ་འབྱོར་པ་གསར་བུ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ ལམ་ལ་འཇུག་པའི་དོན་དུའོ། །དེའི་ཕྱིར་མེད་པའི་གཟུགས་རྨི་ལམ་ལ་སོགས་པ་དང་མཚུངས་པ་བསྒོམ་པའོ། །དམིགས་པ་དེ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་ནི་རྟོགས་པར་མི་འགྱུར་ཏེ་རྟོགས་པ་མེད་པའི་རྒྱུ་ལས་ཉེ་བར་བྱུང་བའི་ཕྱིར་རོ། དེས་ན་དེ་ཉིད་དངོས་པོ་ནི་དངོས་པོའི་རང་བཞིན་ནོ། །དངོས་མེད་ ནི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །སེམས་ལ་མེད་པ་ནི་གང་གི་ཕྱིར་སོ་སོར་གསལ་བའི་ཡིད་གཞོམ་དུ་མེད་ཅིང་བརྗོད་པར་མི་ནུས་པ་སྟེ། རྡུལ་ཕྲན་ཚོགས་པའི་དངོས་པོ་འཛིན་པ་མེད་དེ། གཟུགས་བརྙན་བཞིན་ནོ། །དེས་ན་དེ་ཉིད་དཔེས་བསྟན་པ། པྲ་ལ་ཞེས་པ་ལ་སོགས་པ་སྟེ་ པྲའི་སྒྲས་སེམས་ཅན་གྱི་དོན་དུ་མངོན་པར་བརྗོད་དོ། །མེ་ལོང་ནི་མེ་ལོང་ངོ་། །དངོས་མེད་ལས་སྐྱེས་ནི། རྡུལ་ཕྲ་རབ་ཀྱི་ཚོགས་པ་དང་བྲལ་བ་བུ་མོས་མཐོང་ངོ་། །པྲ་ལ་འཇུག་པའི་རྒྱུད་ལས་གསུངས་པ། མེ་ལོང་རལ་གྲི་མཐོ་བོང་དང་། །སྒྲོན་མ་ཟླ་བ་ཉི་མ་དང་། །ཆུ་དང་ཐབས་དང་མིག་རྣམས་ ལ། །པྲ་འབེབས་པ་ནི་བརྒྱད་དུ་བརྗོད། །ཅེས་སོ། དེ་བཞིན་དུ་འདས་པ་དང་མ་འོངས་པའི་ཆོས་རབ་ཏུ་མ་བསམས་པ་མཁའ་ལ་སྟེ། སྟོང་པ་ལ་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ། རྣམ་པར་རྟོག་པ་དང་བྲལ་བའི་ལམ་ཐོབ་པས་མཐོང་ངོ་། །འདི་པྲ་ཕབ་པ་དང་ མཚུངས་པར་ཡིད་གང་དང་གང་གིས་དངོས་པོར་མིན་པ་པྲ་ཕབ་པའི་མཚན་ཉིད་དོ། །དེ་དངོས་ཡོད་མིན་ཞེས་པ་དེ་དག་དངོས་པོར་འགྱུར་བ་མ་ཡིན་ནོ། །གལ་ཏེ་འདིར་གསུངས་པ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །ཞེས་པ་དངོས་པོ་ནི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་དོ། །སྟོང་པ་ནི་རྣམ་པར་ བྲལ་བར་འགྱུར་བའོ། །དེ་ཡང་དེ་དག་གིས་དོན་ཡང་སོ་སོར་གསལ་བའི་མཚན་ཉིད་དོ། །དེའི་མཐོང་ཕྱིར་ནི་རྣམ་པར་རྟོག་པ་མེད་པས་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དངོས་པོ་ནི་རྡུལ་ཕྲན་ཚོགས་པའི་བདག་ཉིད་དོ། །དེ་མེད་པའི་དོན་ནི་སོ་སོར་གསལ་བའི་མཚན་ཉིད་དུ་ཡོད་པར་གསུངས་ཏེ། དཔེར་ 14-1-30a ན་རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས་སོ། །འདི་ཉིད་ཀྱི་དོན་གསུངས་པ། མེད་པ་ལས་ནི་ཞེས་པ་ལ་སོགས་པའོ། །ཡིད་བཞིན་ནོར་ལྟར་ཞེས་པ་ལ་སོགས་པས་རྟོག་པ་དང་འཁྲུལ་བ་མེད་པ་ཉིད་ཡེ་ཤེས་སུ་གསུངས་སོ། །གལ་ཏེ་དེ་ལ་དམིགས་པ་མེད་པར་བརྗོད་ན་ འགྲོ་བའི་དོན་བྱེད་དམ་ཞེ་ན། ཡུལ་གྱི་བསྐྱེད་པ་མ་ཡིན་ནོ་ཞེས་གསུངས་པ། མ་མཐོང་བའི་ཞེས་པ་ལ་སོགས་པ་སྟེ་སྒྲུབ་པ་པོ་ནི་པྲ་བབ་པ་ལ་སོགས་པ་ལ་ཞུགས་པས་སོ། །ཡོད་པའི་གཟུགས་མཐོང་བ་ཞེས་པ་ཡང་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། །མེད་པའི་ གཟུགས་མཐོང་བ་ཞེས་བྱ་བ་ཡང་མ་ཡིན་ནོ་ཞེས་གསུངས་པ། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་མིག་གིས་མཐོང་བ་ཡང་མ་ཡིན་ནོ་ཞེས་གསུངས་པ། མི་མཐོང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་མོད་ཀྱི་རང་གི་མིག་གིས་མཐོང་ཞེ་ན། གསུངས་པ། བདག་གི་མིག་གིས་ཞེས་བྱ་ བ་ལ་སོགས་པའོ། །གཞོན་ནུ་མ་དང་མཚུངས་པ་ནི་ཡིད་དོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པའོ། །དེ་དང་དེའི་བུ་ནི་ཇི་ལྟར་སྐྱེས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྲོག་རྩོལ་གསུངས་པ། གཟུགས་མཐོང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་དང་སྒྱུ་མ་དང་མཚུངས་པའི་གཟུགས་མཐོང་བར་ གྱུར་པས་སོ། །དེའི་འོག་ཏུ་ནི་དེ་མ་ཐག་པར་རོ། །སྲོག་རྩོལ་ནི་དགང་བ་དང་བུམ་པ་ཅན་དང་རྡུལ་མཐའ་ཅན་ནོ། །རྒྱུན་མི་འཆད་པར་ཏེ་བར་ཆད་མེད་པར་བྱའོ། །ཅི་ཞེ་ན་གསུངས་པ་སྟེང་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་གི་རྩ་གསུམ་ནི་ལུས་དང་ངག་དང་ཡིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་ འོག་ཀྱང་ངོ་། །དེ་ལ་གཡོན་དུ་ཟླ་བའི་རྩོ་ནི་ལུས་ཀྱི་ཆོས་ཅན་ནོ། །གཡས་སུ་ཉི་མའི་རྩ་ནི་ངག་གི་ཆོས་ཅན་ནོ། །དབུས་སུ་སྒྲ་གཅན་གྱི་རྩ་ནི་ཡིད་ཀྱི་ཆོས་ཅན་ནོ། །བཤང་བའི་རྩ་ནི་ལུས་ཀྱི་ཆོས་ཅན་ནོ། །གཅིན་གྱི་རྩ་ནི་ངག་གི་ཆོས་ཅན་ནོ། །ཁུ་བའི་རྩ་ནི་ཡིད་ཀྱི་ཆོས་ཅན་ནོ། །ཟླ་བའི་རྩ་ནི་ཆུའི་རང་བཞིན་ནོ། །ཉི་མའི་རྩ་ ནི་མེའི་རང་བཞིན་ནོ། །སྒྲ་གཅན་གྱི་རྩ་ནི་སྟོང་པའི་རང་བཞིན་ནོ། །བཤང་བའི་རྩ་ནི་སའི་རང་བཞིན་ནོ། །གཅིན་གྱི་རྩ་ནི་རླུང་གི་རང་བཞིན་ནོ། །ཁུ་བའི་རྩ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། དེ་ཉིད་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པའོ། །སྲོག་དང་ཐུར་སེལ་རིམ་པ་ཡིས། །ཞེས་བྱ་བ་ནི། སྲོག་ 14-1-30b ནི་ཟླ་བ་དང་ཉི་མ་དང་མུན་ཅན་མའོ། །ཐུར་སེལ་ཡང་ལྷག་མ་རྣམས་སོ། །འདི་རྣམས་ཀྱི་རིགས་དྲུག་བརྟགས་པ་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཆུའི་ཁམས་ནི་ཐབས་ཀྱི་ཁུ་བའི་ཁམས་ཏེ་སྐུར་འགྱུར་རོ། །ཉིན་མོར་བྱེད་པ་མེའི་ཁམས་ནི།ཤེས་རབ་མའི་རྡུལ་གྱི་ཁམས་ཏེ་ གསུང་དུ་འགྱུར་རོ། །དེ་བཞིན་དུ་འཆད་པར་འགྱུར་བའི་ཤེས་རབ་དང་ཐབས་དག་དོན་འདི་ཁོ་ནའོ། །གཙོ་བོ་ནི་ཁུ་བའི་ཁམས་སོ། །ཐབས་དང་ཤེས་རབ་སྐུ་དངོས་ཀྱིས། །ཆེས་བྱ་བ་ནི་རིགས་མི་མཚུངས་པ་དང་འཁྱུད་པས། ཤེས་རབ་ཀྱི་སྐུའི་དངོས་པོ་ནི་ཐབས་སུ་འགྱུར་ཏེ་བདེ་བའི་དུས་སུ་སེམས་དེའི་ རྣམ་པར་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཐབས་ཀྱི་སྐུའི་དངོས་པོ་ཤེས་རབ་ཏུ་ཡང་ངོ་། །འཆི་ལྟས་ནི་དུས་མ་ཡིན་པར་འཆི་བའི་མཚན་ཉིད་དོ། །ལྷག་པའི་རླུང་གིས་འགྱུར་ཏེ་སྟེང་འོག་ཏུ་ཡང་ངོ་། །ལུས་ཞེས་བྱ་བ་སའི་ཁམས་ལ་སོགས་པ་ལ་གསུངས་པ། ལུས་ངག་རྩ་ལ་ནི་ཇི་ལྟར་རིགས་ པར་ལ་ལ་ནཱ་དང་ར་ས་ནཱའོ། ། གང་གི་ཚེ་འོག་ཏུ་བཤང་བའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡོན་པའི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །གང་གི་ཚེ་གཅིན་གྱི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡས་ཀྱི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །དེ་དག་ཀྱང་ཞིབ་ཏུ་བཤད་པར་བྱ་སྟེ། མུན་ཅན་ མ་ས་བོན་འབབ་མ་ལ་འཆི་ལྟས་མེད་དམ་ཞེ་ན། མུན་ཅན་ས་བོན་འབབ་མ་ལས། རླུང་ནི་སྐྱེ་དང་མངལ་ནས་སྐྱེ་བ་དང་། །འཆི་བ་གནས་པ་ཡིན་ནི་རང་གནས་པའོ། །དེ་ཉིད་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །དུས་སྦྱོར་འབྱུང་བའི་མངོན་མཚམས་སུ། ཞེས་པ་གཡོན་པའི་དུས་སྦྱོར་ དང་གཡས་པའི་དུས་སྦྱོར་དང་འཕོ་བའི་མཚམས་སུ་དབུས་མ་ཡིས་ནི་མཉམ་པར་འབབ་པོ། །དབུགས་དབྱུང་བ་དང་རྔུབ་པ་དུ་ཤེ་ན། གསུངས་པ། ལྔ་བཅུ་རྩོ་དྲུག་ཅེས་པ་ལ་སོགས་པའོ། །ཉིན་དང་མཚན་མོ་ལ་ཞེས་པ་ཉིན་མོ་དང་མཚན་མོའི་འཕོ་བ་བཅུ་གཉིས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་ དབུགས་དབུས་མར་འབབ་པོ། །གཡོན་པ་དང་གཡས་པའི་རྩ་རྣམས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་ཀྱིས་དམན་པའི་གང་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པ་དེ་དག་ཏུ་འབབ་པོ། །ཕྱོགས་གསུམ་དང་ལོ་གསུམ་ནི་ལོ་བརྒྱ་གང་བ་ལ་དབུས་མར་འབབ་བོ། །གཡས་པ་སྟེ་ 14-1-31a གཡས་པ་དང་གཡོན་པ་ནི་སྟེང་དུ་སྲོག་རིམ་པ་བཞིན་དུ་ཟླ་བ་དང་ཉི་མའི་མིང་ཅན་ནོ། །ལ་ལ་ནཱ་ནི་ལུག་དང་། སེར་སྐྱ་ནི་གཞན་ཏེ་ར་ས་ནཱའོ། །ཆུ་དང་མེ་ཡི་རང་བཞིན་ཏེ། །ཞེས་པ་སྔར་བཞིན་དུ་རིམ་པ་བཞིན་དུ་པདྨ་འཛིན་པ་དང་། རིན་པོ་ཆེ་འཛིན་པར་བཞེད་དོ། །འོད་དཔག་མེད་ དང་རིན་ཆེན་འབྱུང་ལྡན་ལྷག་པའི་ལྷའོ། །འོག་ཏུ་ཞེས་པ་ཐུར་སེལ་དུའོ། །དབུས་མའི་རྩ་དང་ཞེས་པ་ལ་སོགས་པས་དྲི་ཆེན་དང་དྲི་ཆུ་འབབ་པ་སྟེ། གོང་དུ་མུན་པའི་རྩ་གཉིས་ཀྱི་ཀུན་དུ་སྤྱོད་པའི་རང་བཞིན་གསུངས་པའི་དོན་འདི་སྟེ། གང་ཞིག་སྟེང་དུ་གཡོན་པའི་རྩ་ཡིན་པ་དེའི་འོག་ཏུ་དབུས་ སུ་དྲི་ཆེན་གྱི་རྩར་འགྱུར་རོ། །སྟེང་དུ་གཡས་པ་གང་ཡིན་པ་དེ། འོག་ཏུ་གཡོན་པའི་དྲི་ཆུ་འབབ་པའོ། །དེ་དག་གཉིས་རིམ་པ་བཞིན། འཁོར་ཡོ་འཛིན་པ་དང་། རལ་གྲི་འཛིན་པ་བཞད་དོ། །རྣམ་པར་སྣང་མཛད་དང་། དོན་ཡོད་གྲུབ་པའི་རང་བཞིན་ནོ། །གང་ ཞིག་སྟེང་དུ་དབུས་མ་ཡིན་པ་དེ་འོག་ཏུ་གཡས་པ་ས་བོན་འབབ་པའོ། །དེ་དག་ཀྱང་སྟོང་པ་དང་། ཡེ་ཤེས་ཀྱི་རང་བཞིན་ཏེ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷའོ། །ལྟེ་བའི་ཆུ་སྐྱེས་ལ། སའི་ཡོན་ཏན་ལྔ་སྟེ་དྲི་དང་། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །སྙིང་གའི་ཆུ་ སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །གཙུག་ཏོར་གྱི་ཆུ་ སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲ་ཙམ་མོ། །དེ་རྣམས་བཟུང་ནས་སྡུད་པའི་རིམ་པས་ཀུན་ཁྱབ་མར་གཤེགས་སོ། །སྐྱེད་པ་ཡིས་ནི་སྟོང་པ་ལ་སོགས་པས་ལས་སྟེ་ལྟེ་བའི་དཀྱིལ་འཁོར་ལ་འཇུག་གོ། །འོག་ཏུ་ལྟེ་གསང་ནོར་བུའི་པདྨ་ལ་སྟེ། དུང་ཅན་མ་ལ། ལུས་ངག་སེམས་ནི་འབབ་མ་སྟེ་ནི་སྙིང་ སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉིས་དང་གཅིག་གི་བདག་ཉིད་དོ། །སྡུད་པའི་རིམ་པས་གཤེགས་པའོ། །སྐྱེད་པ་ཡིས་བྱོན་པའོ། །འདི་ནི་དུང་ཅན་མའོ། །བུད་མེད་བདེ་བ་ཡིན་ཏེ་འཁྲིག་པ་ན་ས་པོན་འབབ་བོ། །དུས་སུ་སྟེ་རྡུལ་འབྱུང་བ་ན་ཁྲག་འབབ། །སྲོག་དང་ཐུར་ 14-1-31b སེལ་གྱི་རྩ་དག་ཐབས་དང་ཤེས་རབ་ཀྱི་སྐུའི་དངོས་པོར་གསུངས་པ། སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་དུ་སྲོག་ལ་གཡས་དང་གཡོན་པ་ནི་གཡས་པ་དང་གཡོན་པ་དག་སྟེ་ཤེས་རབ་དང་ཐབས་ཀྱི་སྐུའི་དངོས་པོའོ། །འོག་ཏུ་ནི་ཐུར་སེལ་དུའོ། །སྟེང་དང་འོག་ཏུ་རྡུལ་དང་ས་བོན་འབབ་པའོ། གང་ ཞིག་འོག་ཏུ་བུད་མེད་རྣམས་ཀྱི་ནམ་མཁའི་གདོང་ལས་ས་བོན་འབབ་པ་དེ་ཉིད་གང་གི་ཚེ། རྡུལ་འབབ་པ་དེའི་ཚེ་གཏུམ་མོར་འགྱུར་རོ། །དེའི་དུས་ཉིད་དུ་ཡང་ཟླ་མཚན་གྱི་དུས་ཏེ་བུད་མེད་རྣམས་ཀྱི་སྟེང་གི་རྩ་གཡུང་མོར་འགྱུར་རོ། །དེའི་ཕྱིར་གཉིས་པོ་ཇི་ལྟར་ཡང་བུད་མེད་དག་ལ་སྐྱེས་པའི་རེག་ པ་མེད་པའོ། །སྐྱེས་པའི་ཟླ་མཚན་གྱི་དུས་དང་ས་བོན་འབྱུང་བའི་དུས་སུ་དེ་ཉིད་གཡུང་མོ་དང་ཀུན་འདར་མར་འགྱུར་རོ། །སྣའི་སྤུབས་གཡོན་པ་དང་གཡས་པའི་དཀྱིལ་འཁོར་འཆར་བ་གསུངས་པ། རྣམ་ཤེས་ལ་སོགས་པ་ནི་ནམ་མཁའ་ལ་སོགས་པ་སྐྱེ་བའི་རིམ་པས་སོ། །ས་སོགས་ནི་སྡུད་པའི་ རིམ་པས་སོ། །དབུས་སུ་ནི་དབུ་མའི་ལམ་དུའོ། །དྲུག་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས། དཀྱིལ་འཁོར་རེ་རེའི་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་བཟུང་ནས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཀྱི་དབུགས་ འབབ་པའོ། །འདི་རྣམས་ཀྱི་གཡོན་དང་གཡས་དང་དབུས་མའི་རྩ་རྣམས་ཀྱི་ཉིན་མོ་དང་མཚན་མོ་ལ་རིམ་པ་བཞིན་ལྟེ་བའི་པདྨ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་ལ་དཀྱིལ་འཁོར་དྲུག་ཅུ་སྟེ། དུས་སྦྱོར་གཡོན་པ་ལ་མི་མཉམ་པ་ལུག་ལ་སོགས་པའོ། །དུས་སྦྱོར་གཡས་པ་ལ་མཉམ་པ་ཁྱུ་མཆོག་ལ་སོགས་པའོ། ། དེ་ལ་གཡས་སུ་ཁྱུ་མཆོག་གི་དུས་སྦྱོར་ལ་གང་གི་ཚེ་རླུང་འབབ་པ་དེའི་ཚེ། རྩ་བ་སྟེ་སྣའི་སྦུབས་ཀྱི་འོག་གི་ཆ་ལ་སའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་གཅིག་རྒྱུའོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ཆ་ལ་ཆུའི་དཀྱིལ་འཁོར་རོ། །གཡས་ཏེ་གཡས་ཀྱི་ཆ་ལ་མེའི་དཀྱིལ་འཁོར་རོ། །སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར་རོ། །དབུས་སུ་སྟོང་ པའི་དཀྱིལ་འཁོར་ཏེ། དེ་ལྟར་སྣའི་བུག་པ་གཉིས་པོའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་འབབ་པ་སྟེ། དབྱུ་གུ་ལྔ་པོ་རྣམས་ཀྱིས་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ། །ས་སོགས་ཞེས་པ་ཡང་ཉེ་བར་མཚོན་པ་ཙམ་སྟེ། ནམ་མཁའ་ལ་སོགས་པ་ཡང་བཟུང་ངོ་། །རྩ་གཅིག་ནས་དབུགས་དུ་འབབ་ཅེ་ན་གསུངས 14-1-32a པ། རྩ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པས་ཞེས་བྱ་བ་ནི་ས་ལ་སོགས་པ་དང་། ནམ་མཁའ་ལ་སོགས་པས་སོ། །ལྔ་ཡིས་བསྒྱུར་བས་སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་སུ་འགྱུར་རོ། དེ་རྣམས་ཀྱང་རྩ་ལྔ་པོ་ལ་འབབ་པའོ། །སྟོང་དང་བརྒྱད་བརྒྱའི་དབུགས་ རྣམས་ཀྱང་འཕོ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་མོ་དང་མཚན་མོ་ལ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་སུ་འགྱུར་རོ། །དེ་ཉིད་གསུངས་པ། དྲུག་ཅུ་ཞེས་པ་ལ་སོགས་པའོ། །གཡོན་གྱི་རྩ་ལ་དུས་སྦྱོར་འཆར་བ་གསུངས་པ། འདབ་མའི་དབུས་དང་ཞེས་པ་སྟེ། གང་གི་ ཚེ་གཡོན་པའི་རྩ་ལ་ལུག་ལ་སོག་པ་སྣ་བུག་གི་དབུས་སུ་སྟོང་པའི་དཀྱིལ་འཁོར་འབབ་པ་དེའི་ཚེ་ནང་གི་འདབ་མའི་དབུས་སུ་འབབ་པོ་་ཞེས་པ་མཆོད་པར་བྱའོ། །དེ་ནས་ཤར་ཞེས་པ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་འཁོར་རོ། །ནུབ་ཏུ་ཞེས་པ་ འོག་གི་ཆ་ལ་སའི་དཀྱིལ་འཁོར་རོ། །རིམ་པས་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རིམ་པས་སོ། །མཁའ་སོགས་ཏེ་ཞེས་པ་ལ་སོགས་པས་སྔར་བརྗོད་པ་ཉིད་གསལ་བར་བྱེད་པའོ། །དཀྱིལ་འཁོར་ལྔ་པོ་རྣམས་ཀྱི་ཕན་ཚུན་ཐབས་ཤེས་རབ་ཀྱི་དབྱེ་བ་གསུངས་པ། ནུབ་ཅེས་པ་འོག་གི་ དཀྱིལ་འཁོར་རོ། །ཤར་དུ་ཞེས་པ་སྟེང་གི་དཀྱིལ་འཁོར་དུ་རིམ་པ་བཞིན་དུ་ས་སྟེང་དང་། རླུང་སྟེ་འདི་དག་ཕན་ཚུན་ཐབས་དང་ཤེས་རབ་ཏུ་འགྱུར་བ་གསུངས་པ། མཐེ་བོང་ཞེས་པ་ལ་སོགས་པ་སྟེ་མཐེ་བོང་སའི་རང་བཞིན་ནོ། །མིང་མེད་ནི་རླུང་གི་རང་བཞིན་ཏེ། འདི་དག་ཕན་ཚུན་ཐབས་དང་ ཤེས་རབ་ཉིད་དེ། གཟུང་བ་དང་འཛིན་པའི་ངོ་བོས་སོ། །དེ་ལྟར་ན་རིགས་གཞན་དང་འཁྱུད་པས་འབྲས་བུ་འབྱུང་གི་རང་གི་རིགས་དང་འཁྱུད་པས་མ་ཡིན་ཏེ། རང་ལ་རང་གིས་བྱ་བ་འགལ་བའི་ཕྱིར་རོ། །སའི་ཁམས་ལས་བྱུང་བ་ནི་ལུས་ཀྱི་དབང་པོ་ཡིན་པས། རླུང་གི་ཁམས་ལས་བྱུང་བའི་ཡུལ་ རེག་བྱ་འཛིན་ཏོ། །དེས་ན་གསུངས་པ། མཐོ་བོང་དང་ནི་མིང་མེད་དག །ཅེས་པ་ལ་སོགས་པའོ། །དེ་བཞིན་དུ་གཡས་དང་གཡོན་གྱི་མེ་དང་ཆུ་ཐབས་ཤེས་རབ་ཏུ་འགྱུར་བ་གསུངས་པ། གཡས་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་མེའི་ཁམས་ལས་སྐྱེས་པ་ནི་ཡུལ་རོ་དང་ཆུའི་ཁམས་ལས་བྱུང་ 14-1-32b བའི་རོ་འཛིན་གྱི་དབང་པོས་འཛིན་ནོ། །དེའི་ཕྱིར་མཛུབ་མོ་དང་གུང་མོ་དག་རལ་གྲིར་འགྱུར་བས་སོ། །མཆེ་བའི་ཕྱག་རྒྱ་ནི་ཟླ་བ་ཕྱེད་པའི་ཚུལ་ལོ། །གྲི་གུག་ཅེས་པ་ནི་གྲི་གུག་གི་ཕྱག་རྒྱ་ནི་མཐེའུ་ཆུང་ངོ་། །སྟོང་པ་སྟེ་སྟོང་པའི་དཀྱིལ་འཁོར་དང་མི་འགྱུར་བ་སྟེང་དང་འོག་ཏུ་ཕན་ཚུན་ཐབས་དང་ཤེས་རབ་བོ། ། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །ཞེས་པ་གཡོན་པ་དང་གཡས་པ་ནས་འབབ་པའི་དཀྱིལ་འཁོར་བཅུ་པོ་རྣམས་ཡང་དག་པར་སྦྱོར་བ་ནི་གཅིག་ཉིད་དུ་གྱུར་ཏེ་དབུ་མར་འབབ་པའོ། །དེའི་ཕྱིར་སོར་མོ་རྣམས་ནི་སྟེ། ས་ལ་སོགས་པའི་རང་བཞིན་ཅན་རྣམས་ཐལ་མོ་སྦྱར་བ་སྤྱི་བོར་ནི། མགོ་པོར་བྱས་པ་ རྡོ་རྗེ་རྩེ་གཅིག་པར་འགྱུར་རོ། །འདིས་དེ་དག་ཉེ་བར་མཚོན་པར་བྱའོ། །དབུས་མར་འབབ་པའི་སྦྱོར་བ་འཛག་པ་མེད་པའི་བདེ་བས་བྱང་ཆུབ་ཀྱི་སེམས་སྟེང་ནས་འབབ་པ་རྡོ་རྗེའི་རྩེ་མོར་བྱའོ། །དེ་ཁོ་ན་གྲེ་གུག་དང་བཅས་པ་སྟེ། མི་ཤེས་པ་གཅོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕུང་པོ་ནི་རྣམ་པར་ ཤེས་པ་ལ་སོགས་པའོ། །ཁམས་ནི་ས་ལ་སོགས་པ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །འདི་རྣམས་དབུས་མར་སོང་ན་གཅིག་ཉིད་དུ་འགྱུར་བ་བདེན་པའོ། །འཆི་ལྟས་ཀྱི་མཚན་ཉིད་གསུངས་པ། གཡོན་པ་ཞེས་པ་ལ་སོགས་པ་སྟེ། གཡོན་པའམ་གཡས་པ་ལ་རིམ་ པ་བཞིན་དུ། རླུང་ལྷག་པ་ཞག་གཅིག་དང་། དེ་བཞིན་དུ་ཞག་ལྔ་གང་གི་ཚེ་འབབ་པ་དེའི་ཚེ་ལོ་གསུམ་གྱིས་འཆི་བར་བལྟའོ། །འདི་དག་གི་བར་དུ་གཡས་པའི་རྩའི་འཆི་ལྟས་དེ་རྙེད་པ་བསྟན་ཏོ། །ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ལྔ་སྒྱུ་ན། ལོ་གསུམ་གྱིས་འཆི་ཞིང་སྙིང་སྟོབས་ཟད་པར་བྱེད་ལ་ལོ་ གཅིག་ཏུ་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་རྡུལ་ཟད་པར་བྱ་བའི་དོན་དུ་ཉི་མ་བཅུ་རྒྱུའོ། །སླར་ཡང་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་མུན་པ་ཟད་པའི་དོན་དུ་ཉི་མ་བཅོ་ལྔ་ལ་རྒྱུའོ། །ཉི་མ་ཉི་ཤུ་རྒྱུ་ན་ཚེ་ཟླ་བ་དྲུག་གོ། །ཉི་མ་ཉི་ཤུ་རྩ་ལྔ་རྒྱུ་ན་ཚེ་ཟླ་བ་གསུམ་མོ། །འདིས་ནི་ཉི་མས་ཟླ་བའི་ཡོན་ཏན་སྒྲ་དང་། རེག་ བྱ་དང་། རོ་དང་། གཟུགས་དང་། དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉི་མ་རྣམས་བསྟན་ཏེ། ཁྱིམ་ལྔ་པོ་ཇི་སྲིད་བར་ལྔ་ཚན་ལྔ་པོ་དེས་འཕེལ་ལོ། །དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག་གིས་ལྷག་པའི་རིམ་པས་འཕེལ་ལོ་ཞེས་པའོ། །ཁྱིམ་བདུན་པ་ལ་རྒྱས་པའི་དུས་ཏེ། གང་དུ་སྲོག་འཕེལ་བ་ 14-1-33a མེད་པར་གང་གིས་ཀྱང་བྱ་བར་མི་ནུས་ཏེ། ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་ཞུགས་པའི་ཕྱིར་རོ། །དེ་ནས་རྒྱས་པའི་དུས་ལས་ཁུ་བའི་ཁམས་ཟད་པའི་དོན་དུ་འདབ་མ་བརྒྱད་པ་ལ་སོགས་པ་ལ་རིམ་པས་ཉི་མ་སུམ་ཅུ་རྩ་གསུམ་རྒྱུའོ། །འདིར་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་ ལ་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་མུ་ཁྱུད་གཉིས་ས་ལ་སོགས་པ་ལ་བྲིས་ནས། མུ་ཁྱུད་དང་པོ་ལ་ཤར་ལ་སོགས་པར་ཆུ་སྲིན་ལ་སོགས་པ་དང་། སྐྱེ་བའི་ཁྱིམ་ལ་སོགས་པར་འཆི་ལྟས་ཀྱི་ཉི་མ་དང་། ཚེའི་ལྷག་མ་ལོ་དང་ཟླ་བ་དང་ཉི་མའི་དབྱེ་བས་དགོད་པ་གསུངས་ པ་གསུམ་གཉིས་ཞེས་བྱ་བ་ལ་སོགས་པའོ། །མཉམ་པ་ནི་ལོའོ། །ཟླ་བ་ནི་དྲུག་དང་། གསུམ་དང་། ཟུང་དང་། ཟླ་བ་རྣམས་སོ། །ཉི་མ་ནི་ཚེས་དང་། ཕྱོགས་དང་། ལྔ་དང་། ཡོན་ཏན་དང་། གཉིས་དང་། གཅིག་གིས་དེ་བཞིན་དུ་ལུས་ཅན་རྣམས་ཀྱི་ཚེ་འགྲོ་བར་འགྱུར་རོ། །མུ་ཁྱུད་གཉིས་པ་ལ་ ཡང་མདོར་བསྟན་པ་ཙམ་གྱི་རྗེས་སུ་རྟོགས་པའི་ཕྱིར་དུ་ཉི་མ་འདོར་བ་བརྗོད་པར་བྱས་ཏེ། ཤར་ནི་སྐྱེ་བའི་ཁྱིམ་གྱི་འདབ་མའོ། །འོ་ལས་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་གི་ཉི་མའི་བདག་ཉིད་ལས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མའི་ཚོགས་འདོར་བའོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ནས་འདབ་མ་ གཉིས་པ་ལ་ཉི་མ་ལྷག་པའི་ཚོགས་བཟུང་ནས། སྲོག་ནུས་པ་རབ་ཏུ་འཇུག་སྟེ། དེར་ཡང་རྒྱུ་བའི་ཉི་མ་དང་བཅས་པ་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མ་འདོར་རོ། །དེ་ནས་གཉིས་པ་སྟོང་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་བཟུང་ནས་གསུམ་པ་ལ་འཇུག་སྟེ་དེར་ཡང་། རྒྱུ་བའི་ཉི་མ་དང་བཅས་པ་བདུན་ ཅུས་ལྷག་པའི་ཉི་མ་བརྒྱ་འདོར་རོ། །གསུམ་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་བཟུང་ནས། བཞི་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་བརྒྱད་ཅུ་རྩ་གཉིས་འདོར་རོ། །དེའི་འདབ་མ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་བཟུང་ནས་ལྔ་པ་ལ་འཇུག་སྟེ། དེར་ཡང་ འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ལྔ་བཅུ་རྩ་བདུན་འདོར་རོ། །དེ་ནས་དྲུག་པར་ཉི་མ་ལྷག་མ་རྣམས་བཟུང་ནས་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་རྩ་བརྒྱད་འདོར་རོ། ། དེ་ནས་དྲུག་པ་སྟོང་པར་བྱས་ཏེ། བདུན་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་ 14-1-33b རྩ་བདུན་གྱི་ཚོགས་འདོར་རོ། །བདུན་པ་སྟོང་པར་བྱས་ཏེ། ཉི་མའི་ཚོགས་ལྷག་མ་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅོ་ལྔ་འདོར་རོ། །བརྒྱད་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་ཉི་ཤུ་རྩ་གཅིག་བཟུང་ནས་དགུ་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅུ་འདོར་རོ། །ལྷག་མ་ ཉི་མ་བཅུ་གཅིག་བཟུང་བས་དགུ་པ་སྟོང་པར་བྱས་ཏེ། བཅུ་པ་ལ་འཇུག་སྟེ། བཅུ་པ་ལ་ཉི་མ་ལྔ་འདོར་ཏེ། ལྷག་མ་ཉི་མ་དྲུག་བཟུང་ནས་ཉི་མ་གསུམ་འདོར་རོ། །དེ་ནས་བཅུ་གཅིག་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་གསུམ་བཟུང་ནས་བཅུ་གཉིས་པ་ལ་འཇུག་སྟེ། དེར་ཉི་མ་གཉིས་འདོར་རོ། །ཉི་མ་ལྷག་མ་ གཅིག་བཟུང་ནས་ལྟེ་བ་ལ་འཇུག་སྟེ། །དེ་ལྟར་བརྒྱད་ཅུ་ལྷག་པའི་སྟོང་གི་གྲངས་ཀྱིས་ཉི་མ་དབུས་མའི་ལོ་གསུམ་གྱི་ཉིན་ཞག་གིས་སྲོག་གི་ནུས་པ་ཁྱིམ་བཅུ་གཉིས་འཁོར་ལོ་འདོར་བའོ། །དེ་ནས་རྣམ་པར་ཤེས་པ་ཡང་འདོར་ཏེ། དབུགས་ཀྱི་འཁོར་ལོ་ལས་རྣམ་ཤེས་དང་སྲོག་གི་རླུང་གི་ལྷན་ཅིག་ འགྲོ་བ་གཞན་དུ་འཕོའོ། །གཡོན་པའི་རྩའི་འཆི་ལྟས་བསྟན་པར་བྱ་སྟེ། རྩ་བ་ནས་ནི་ཞེས་པ་ལ་སོགས་པ་སྟེ། རྩ་བ་ནས་ནི་ཞེས་པ་སྲོག་གི་སྐྱེ་བའི་ཁྱིམ་གྱི་ཉི་མ་ལས་རེ་རེས་ལྷག་པ་ནི་ཟླ་བ་འབྱུང་བ་སྟེ། འཕོ་བའི་དུས་ཀྱི་ཟླ་བའི་ཕྱོགས་ཀྱི་དབྱེ་བ་ལ་སོགས་པས་སོ། །འདིར་ཡང་སྔར་བཞིན་དུ་ ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་བྲིས་ནས། མུ་ཁྱུད་དང་པོ་ལ་འཆི་ལྟས་ཀྱི་ཉི་མ་དང་། མུ་ཁྱུད་གཉིས་པ་ལ་ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་པོ་གཞག་པར་བྱའོ། །དེ་ནས་ཟླ་བ་གཅིག་མི་རྒྱུ་སྟེ། འཆི་ལྟས་ཀྱི་ཉི་མ་འཕེལ་ལོ། །ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་ལ་འཇུག་པ་ལ། དེ་ཉིད་ཀྱི་འདབ་མར་ ཉི་མ་གཉིས་རྒྱུའོ། །དེ་ནས་ཟླ་བ་གསུམ་པ་ལ་མི་རྒྱུའོ། །ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་ལ་འཇུག་པ་ནི་ཉི་མ་གསུམ་རྒྱུའོ། །དེ་ནས་ཟླ་བ་དྲུག་པ་ལ་མི་རྒྱུའོ། །དེ་ལྟར་ཟླ་བ་དྲུག་གིས་འཆི་ལྟས་ཀྱི་ཉི་མ་གསུམ་པོ་རྣམས་ཏེ་བར་གྱི་ཉི་མ་གསུམ་རྣམས། མཐར་གཡས་པ་དང་དབུས་མའི་འཆི་ལྟས་ཀྱི་ ཆོས་ཅན་རྣམས་སོ། །དེ་ལྟར་ཟླ་བ་སུམ་ཅུ་རྩ་དྲུག་རྣམས་ལས་འཆི་ལྟས་ཀྱི་ཉི་མ་དང་བཅས་པའི་འཚོ་བའི་ཟླ་བ་དྲུག་སོང་ངོ་། །དེ་ནས་འདབ་མ་དེར་སྲོག་གི་རླུང་མི་རྒྱུའོ། །དེ་ལྟར་ཉིན་མོ་དང་མཚན་མོ་ལ་འཕོ་བ་བཅུ་གཅིག་ཏུ་འགྱུར་ཞིང་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་གཉིས་ཀྱི་དབུགས་ཀྱིས་སོ། །འདབ་མ་ 14-1-34a ཡོངས་སུ་འདོར་བ་ཡིན་གྱི། དབུགས་ཀྱི་འཁོར་ལོ་ནི་དམན་པ་མེད་དོ། །དེ་ནས་འདབ་མ་གཉིས་པ་ལ། ཟླ་བ་བདུན་པ་དང་། བརྒྱད་པ་དང་། དགུ་པ་ལ་གྲངས་བཞིན་དུ། ཉི་མ་བཞི་དང་། ལྔ་དང་། དྲུག་རྣམས་རྒྱུའོ། །དེ་ནས་ཟླ་བ་སུམ་ཅུ་ལས་ཁྱིམ་ཕྱི་མའི་འཚོ་བའི་ ཟླ་བ་གསུམ་སོང་ངོ་། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་ཀུན་དུ་སྤྱོད་དོ། །འདབ་མ་སུམ་ཅུ་ལ་འཕོ་བ་བཅུ་གཉིས་ཉིན་མོ་དང་མཚན་མོར་འགྱུར་རོ། །ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་ཉི་མ་བདུན་དང་བརྒྱད་དང་དགུ་རྣམས་རྒྱུའོ། །ཟླ་བ་ཉི་ཤུ་རྩ་བདུན་རྣམས་ལས་ཟླ་བ་གསུམ་ཆད་ པར་འགྱུར་རོ། །དེ་ལྟར་སྔར་གསུངས་པའི་རྣམ་པས་ཁྱིམ་གྱི་འདབ་མ་གསུམ་འདོར་ཏེ། འདབ་མ་དགུ་པོ་རྣམས་ལ་འཕོ་བར་བྱེད་དོ། །དེ་ལྟར་ཉི་མ་བཅུ་དང་ཉི་མ་བཅུ་གཅིག་དང་ཉི་མ་བཅུ་གཉིས་རྒྱུའོ། །འདབ་མ་བཞི་པ་འདོར་ཏེ། འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་ཆད་པར་འགྱུར་ རོ། །དེ་ལྟར་ཉི་མ་བཅུ་གསུམ་དང་། ཉི་མ་བཅུ་བཞི་དང་། །ཉི་མ་བཅོ་ལྔ་ལའོ། །དེ་ནས་འདབ་མ་ལྔ་པ་དོར་ཏེ། འདབ་མ་བདུན་རྣམས་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ། །དེ་བཞིན་དུ་ཉི་མ་བཅུ་དྲུག་དང་བཅུ་བདུན་དང་བཅོ་བརྒྱད་རྣམས་ཟླ་བ་སོ་སོ་ལ་རིམ་པ་ ཇི་ལྟ་བར་རྒྱུའོ། །འདབ་མ་དྲུག་དོར་ཏེ་འདབ་མ་དྲུག་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅོ་བརྒྱད་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །ཉིན་ཞག་གཅིག་གིས་དམན་པའི་ཉི་ཤུ་དང་། ཉི་ཤུ་རྩ་གཅིག་རྣམས་ཟླ་བ་སོ་སོ་ལ་རྒྱུ་སྟེ། ཁྱིམ་བདུན་པ་དོར་ནས་ཁྱིམ་ལྔ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་ བཅོ་ལྔ་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་ལྟར་ཉིན་ཞག་ཉི་ཤུ་རྩ་གཉིས་དང་ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་རྣམས་རིམ་པ་བཞིན་དུ་རྒྱུ་སྟེ། འདབ་མ་བརྒྱད་པ་སྤངས་ཏེ་འདབ་མ་བཞི་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅུ་གཉིས་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་ལྟར་ཉིན་ཞག་ཉི་ཤུ་རྩ་ལྔ་དང་། ཉི་ཤུ་རྩ་དྲུག་དང་། ཉི་ཤུ་རྩ་བདུན་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ་འདབ་མ་གསུམ་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་དགུ་པོ་རྣམས་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་རྩ་དགུ་དང་། སུམ་ཅུ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་ 14-1-34b བཅུ་པ་དོར་ཏེ་འདབ་མ་གཉིས་སུ་འཕོ་བར་བྱེད་དོ། །ཟླ་བ་དྲུག་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །ཉིན་ཞག་སུམ་ཅུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར་ཏེ། འདབ་མ་བཅུ་གཅིག་པར་འཕོ་བར་བྱེད་དོ། །ཟླ་བ་གསུམ་ལས་འཚོ་བའི་ ཉིན་ཞག་དག་དགུ་བཅུ་རྣམས་ཀྱིས་ཆད་པར་འགྱུར་རོ། །དེ་ནས་སྔར་གྱི་འདབ་མར་མི་རྒྱུ་བ་ཉིན་ཞག་གསུམ་ལས་འདབ་མ་བཅུ་གཉིས་པར་ཉིན་ཞག་གཉིས་རྒྱུའོ། །དེ་ནས་འདབ་མ་བཅུ་གཉིས་པ་དོར་ཏེ། དེ་ནས་ལྟེ་བ་ལ་ཉི་མ་གཅིག་རྒྱུ་སྟེ། ཇི་སྲིད་དུ་སྲོག་གི་དབུགས་ཀྱི་འཁོར་ལོ་རྣམ་པར་ཆད་པར་གྱུར་ གྱི་བར་དུའོ། །དེ་ལྟར་གཡོན་པའི་འཆི་ལྟས་ཀྱིས་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བར་འགྱུར་རོ། །དབུས་མར་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་སྟེ། དུས་སུ་འཆི་བ་ནི་ལོ་བརྒྱ་རྗོགས་པ་ལ་དབུ་མར་རྒྱུ་བ་སྟེ། མཉམ་དང་མི་མཉམ་ཉིན་ཞག་གིས་ནི་ཁྱུ་མཆོག་ལ་སོགས་པ་དང་། ལུག་ ལ་སོགས་པ་ལ་མ་སྐྱེས་པས་དཀྱིལ་འཁོར་ལ་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་རྣམས་སོ། །ཕྱོགས་གཉིས་རྣམ་པར་ཉམས་པའི་ཕྱིར་ནི། གང་གཡས་པ་དང་གཡོན་པའི་ཕྱོགས་གཉིས་སོ། གཞན་དུ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འཆི་བ་བསླུ་བའི་དོན་དུ་གསུངས་པ། འཆི་ལྟས་མཚན་ཉིད་ཅེས་བྱ་བ་ལ་སོགས་ཏེ། སྲོག་ནི་སྟེ་སྲོག་གི་རླུང་དཔྲལ་བར་གཞུག་པར་བྱའོ། །ཀུན་སྤངས་གོ་འཕང་ནི་དབུ་མར་རྒྱུ་བ་ཉིད་དོ། །གཞན་དུ་ཞེས་པ་གལ་ཏེ་ཟླ་བ་དང་ཉི་མར་འགྲོ་བ་འགོག་པ་དང་། རྡོ་རྗེ་བླང་བ་མེད་ན་དེའི་ཚེ་ཀུན་སྤངས་མའི་ལམ་དུ་སྲོག་གི་རླུང་མི་འཇུག་གོ། །འོག་ ཏུ་ཡང་ཐུར་སེལ་གྱི་རླུང་དུང་ཅན་མར་མི་འཇུག་གོ། །དེ་ལྟར་ཅིར་འགྱུར་ཞེ་ན་གསུངས་པ། དེ་མ་ཞུགས་ན་འཆི་བ་ཡིན་ཏེ། སྲོག་དང་ཐུར་སེལ་གྱི་རླུང་དེ་དག་ཀུན་སྤངས་དང་། དུང་ཅན་མར་མ་ཞུགས་ན་འཆི་བ་ཁོ་ནའོ། །དགའ་བ་རྣམས་ཀྱི་དབྱེ་བ་གསུངས་པ། ཁུ་བ་ཞེས་བྱ་བལ་སོགས་པ་སྟེ། གཙུག་ཏོར་ནས་ཞེས་པ་ནི་དེའི་སྐབས་ནས་སོ། །མཛོད་སྤུའི་པདྨ་རུ་ནི་སྨིན་མའི་དབུས་སུ་ཁུ་བ་འོངས་པ་དགའ་བ་སྟེ་དང་པོའོ། །དེ་ནས་མགྲིན་པ་དང་སྙིང་གར་མཆོག་ཏུ་དགའ་བ་སྟེ། གཉིས་པའོ། །དེ་ནས་རྣམ་པར་དགའ་བ་ནི་རྩེ་བ་དང་དམ་དུ་འཁྱུད་པ་དང་ཤིང་ཡིག་དང་། མགྲིན་པའི་གླུ་ཛ་ན་ལ་ 14-1-35a སོགས་པའི་མཚན་ཉིད་ལྟེ་བ་དང་གསང་བར་བྱང་ཆུབ་ཀྱི་སེམས་སོང་ན་སྣ་ཚོགས་པའི་དགའ་བ་སྟེ་གསུམ་པའོ། །གསང་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་བཞི་པའོ། །དེ་ཡང་རབ་ཏུ་མི་གནས་མྱ་ངན་འདས་ཏེ། རབ་ཏུ་མི་གནས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་དངོས་པོ་མེད་པའི་ཕྱིར་རོ། །འཁོར་བ་པའི་ཆགས་པ་ཟད་པའི་ཕྱིར་ཆགས་པ་ཆེན་པོ་སྟེ། ལུས་མེད་རྡོ་རྗེ་ནི་མི་འགྱུར་བའོ། །མངའ་བདག་ནི་ཁམས་གསུམ་གྱི་ཁྱབ་བདག་སྟེ། དེ་རྣམས་ཐམས་ཅད་དེའི་གོ་འཕང་འདོད་པ་དང་མངོན་པར་འདོད་ པའི་ཕྱིར་རོ། །སླར་ཡང་མྱ་ངན་ལས་འདས་པ་དང་། རབ་ཏུ་གནས་པ་གང་ཞེ་ན། གསུངས་པ། ཆགས་བྲལ་ལས་གང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་རྒྱས་པར་གསུངས་པ། ས་བོན་ཉིད་ཟླ་བ་སྟེ། བདུད་རྩི་ཡིན་པའི་ཕྱིར་ཏེ། དེ་གཙུག་ཏོར་དུ་ཤར་རོ། །དཔྲལ་བར་གང་བའོ། །དགའ་ བ་དང་པོ་ལ་སོགས་པའི་དབྱེ་བས། དཀར་པོའི་ཚེས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་མཚན་ཉིད་དོ། །མདོར་བསྟན་པ་ཙམ་གྱིས་རྗེས་སུ་བརྗོད་པའི་ཕྱིར་རོ། །མགྲིན་པ་དང་སྙིང་གར་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་། དགུ་པ་དང་བཅུ་པ་ཞེས་པ་སྟེ་གང་བ་གཞན་ནོ། །ལྟེ་བ་དང་གསང་བར་ བཅུ་གཅིག་པ་དང་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་ཞེས་པ་སྟེ་གང་བ་གསུམ་པའོ། །འདིར་དགའ་བ་ལ་སོགས་པའི་དབྱེ་བས་གང་བ་གསུམ་དུ་འགྱུར་ཏེ། གསང་བར་བྱང་ཆུབ་ཀྱི་སེམས་སོང་བས་ཁྱད་པར་གྱི་དགའ་བའི་དགའ་བ་ལས་གང་ཆ་བཅུ་དྲུག་པ་དེ་ནི་རྡོ་རྗེ་ནོར་བུའི་པདྨའི་རྩེ་མོར་ སོང་བར་གྱུར་པའོ། །དེ་ནས་གྱེན་དུ་ནག་པོའི་ཚེས་གཅིག་ལ་འོངས་ནས་ཆགས་བྲལ་ལ་འཇུག་པའི་དུས་ཏེ་འཕོ་བའི་དུས་སུ་འགྱུར་རོ། །དེ་ནས་ཆགས་པ་དང་བྲལ་བས་ཉི་མ་མཛོད་སྤུའི་གནས་སུ་འགྲོའོ། །ཉི་མ་དེའི་ཆ་ནི་བཅུ་དྲུག་པ་གཙུག་ཏོར་གྱི་པདྨར་སོང་བས་ན་འདིར་ནི་ཟླ་བ་ཟད་པར་བརྗོད་དོ། །ཉི་ མ་རྡུལ་གྱི་རང་བཞིན་གྱིས་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེ་ནས་འདོད་ཆགས་བདེ་བས་ཆགས་པ་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་དེ་སྤང་པར་བྱའོ། །འཆི་བ་ན་ནི་འཆི་བའི་དུས་སོ། །ལུས་ཅན་ཐམས་ཅད་ནི་ལྷ་དང་ལྷ་མ་ཡིན་དང་མི་རྣམས་སོ། །ཟླ་བའི་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་སོ། །ཐུར་དུ་ 14-1-35b ནི་ཁུབའི་ལམ་དུ་འགྲོའོ། །ཉི་མ་ཉིད་རྡུལ་ཏེ་རྡུལ་ནི་ཆོས་ཉིད་ཀྱིས་སྟེང་དུ་འགྲོའོ། །སྒྲ་གཅན་དང་རྣམ་ཤེས་ནི་མ་རིག་པའི་སྲོག་དང་། ཀུན་གཞི་རྣམ་ཤེས་སོ། །སྲིད་པའི་མཚན་ཉིད་དེ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ལས་ཀྱི་མཚན་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ཏེ་རྒྱུ་དེའི་ཕྱིར་ ཟླ་བའི་བདུད་རྩི་ཁུ་བའི་ཁམས་སྟེང་དུ་སྟེ་གྱེན་དུ་འགྲོ་བར་བྱ་བ་ནི་མན་ངག་ལས་སོ། །འོག་ཏུའང་ཉི་མའི་རྡུལ་འགྲོ་དང་། སྒྲ་གཅན་གྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་མི་འགྱུར་བའི་བདེ་བར་འགྲོ་བར་བྱའོ་ཞེས་པའོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དུ་སྤྱོད་པར་རོ་ཞེས་བལྟ་བར་བྱ་སྟེ། མཛོད་སྤུའི་ ཞེས་པ་ལ་སོགས་པ་སྟེ། ཟླ་བའི་བདུད་རྩི་ནི་ཁུའི་ཁམས་སོ། །ཉ་བ་ནི་གང་བ་ཉིད་དེ་སངས་རྒྱས་རྣམས་ཀྱི་མཛོད་སྤུའི་ཆུ་སྐྱེས་སུ་འགྱུར་རོ། །ཉི་མའི་རྡུལ་ནི་གནམ་སྟོང་ལ་གང་བར་འགྱུར་རོ། །དེ་དག་ནི་ཟླ་བ་དང་ཉི་མ་སྟེ་ཆ་ནི་རིམ་པ་བཞིན་གཙུག་ཏོར་དང་རྡོ་རྗེ་ནོར་བུ་སྟེ་སངས་རྒྱས་རྣམས་ཀྱིའོ། །མཚན་ ཡང་དག་པར་བརྗོད་པ་ལས་དེ་གསུངས་པ། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་སྒོ་ངའི་རྩེ་ནས་གནོན། །ཞེས་སོ། །རྡོ་རྗེའི་ཚིག་ནི་ཡེ་ཤེས་ཀྱི་ཚིག་གོ། ཕྱིན་ཅི་ཁོག་ནི་གནས་པ་ཞེས་པའི་དོན་ ཏོ། །མི་གནས་པ་ནི་སླར་ཡང་ཇི་ལྟ་བུ་ཡིན་ཞེ་ན། གསུངས་པ། མི་གནས་ཞེས་པ་ལ་སོགས་པ་སྟེ། ཁམས་རྣམས་ནི་ས་ལ་སོགས་པ་རྣམས་སོ། །ཕྱིན་ཅི་ཡོག་ཏུ་འགྱུར་བ་ནི། སྒྲིབ་པ་མེད་པ་ཉིད་དུ་འགྱུར་བའོ། །གཞན་དུ་ཁམས་རྣམས་དབྱེ་བ་མེད་དོ། །མགོ་པོ་ལས་བབ་པ་རྣམས་ཀྱི་སྐུ་དང་ གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམས་གྱེན་དུ་རིམ་པས་གང་བར་གྱུར་པའི་སྐུ་བཞིའི་རྣམ་པར་དག་པ་གསུངས་པ། ནོར་བུར་ཞེས་པ་ལ་སོགས་པ་སྟེ། བདེ་ཆེན་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སོ། །ཕྱིན་ཅི་ལོག་གིས་གང་སྐུའི་ཐིག་ལེ་དེ་རྒྱུ་བ་རྒྱ་ཟད་པ་ཉིད་དག་པའི་སྐུ་སྟེ་དེ་ཡང་རྡོ་རྗེའི་རྩེ་མོར་ གནས་པའོ། །དེའི་ཕྱིར་ནོར་བུར་ཐུགས་ཏེ་གཉིད་མཐུག་པོ་ཟད་པའོ། །གསང་བར་གསུང་སྟེ་རྨི་ལམ་ཟད་པའོ། །ལྟོ་བར་སྐུ་སྟེ་སད་པའི་གནས་སྐབས་ཟད་པའོ། །དེ་དག་ཀྱང་ཆོས་དང་ལོངས་སྤྱོད་རྗོགས་པ་དང་སྤྲུལ་པའི་སྐུ་སྟེ་དག་པའི་སྐུ་ལས་སྤྲོ་བར་བྱེད་དོ། །འོག་ཏུ་ཐབས་སུ་འགྱུར་ཆེས་པ་འོག་ཏུ་ 14-1-36a རྡོ་རྗེའི་རྩེ་མོ་ལས་གང་ཞིག་སྐུ་རྣམས་སྤྲོ་བར་བྱེད་པ་དེ་ནི་ཐབས་སུ་འགྱུར་རོ། །ཤེས་རབ་ནི་སླར་ཡང་སྟེང་དུ་འགྱུར་རོ། །དེ་དག་བསྟན་པར་བྱ་སྟེ། དཔྲལ་བར་ཞེས་པ་ལ་སོགས་ཏེ། འདིའི་ཤེས་རབ་ཀྱི་སྐུ་རྡོ་རྗེ་ནི་དཔྲལ་བར་ཏེ་སྔར་བཞིན་དུ་ཕྱིན་ཅི་ལོག་གིས་སོ། །དེ་བཞིན་དུ་ མགྲིན་པ་དང་། སྙིང་ག་དང་། ལྟོ་བའི་འདམ་སྐྱེས་ལ་རིམ་པ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་སོ། །དེས་སྤྲུལ་པ་ལ་སོགས་པ་རྣམས་སྤྲོ་བར་བྱེད་ཅེས་པའོ། །མི་འགྱུར་བའི་བདེ་བ་སྤེལ་བའི་དོན་དུ་གསུངས་པ། ལས་ཀྱི་ཞེས་པ་ལ་སོགས་པའོ། །འདི་སྙམ་དུ་འཕེལ་བ་ནི་ཐམས་ཅད་དུ་འཕེལ་ བར་འགྱུར་རམ་ཞེ་ན་གསུངས་པ། འཕེལ་བ་མེད་པར་འགྱུར་ཞེས་པའོ། །འདི་ལྷར་གང་འཕེལ་བ་དེས། ངེས་པར་ཟད་པར་འགྱུར་གྱི་གཞན་དུ་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །རྟག་པའི་དོན་མ་ཡིན་ན་ཡང་གང་ཞིག་ཡོད་པ་གང་གིས་དེའི་རྟག་པ་ཉིད་ཡོངས་སུ་བརྟག་པར་བྱ་སྟེ། ཆོས་ཐམས་ཅད་ སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྐྱེ་བ་དང་འགག་པ་ཁོ་ན་དེའི་རང་བཞིན་དུ་འགྱུར་བ་ལ་སྐྱོན་ཅི་ཡོད་ཅེས་བསམ་པར་གྱུར་ན་གསུངས་པ། །ཆོས་རྣམས་རང་བཞིན་མེད་པར་ནི། །ཞེས་པ། ཆོས་རྣམས་ཀྱི་གང་གི་རང་བཞིན་དངོས་པོ་མེད་པའི་ཟད་པ་འབྱུང་བ་གང་ཡིན་པ་དེ་སྒྱུ་མ་ བཞིན་ནོ། །དེའི་ཕྱིར་དེ་ཁོ་ན་འབྱུང་བ་རྣམས་ཟད་པར་མི་འགྱུར་ཞིང་སྐྱེ་བ་མེད་ཅེས་པའོ། །ལྡན་པ་དང་བྲལ་བ་ཙམ་ཉིད་ཀྱི་ཕྱིར་རོ། །མཐུན་པ་ལ་སོགས་པ་བསྒོམ་པ་གསུངས་པ། རང་གི་ཤེས་རབ་ཅེས་པ་ལ་སོགས་ཏེ། རང་གི་ཤེས་རབ་མ་རྣམ་པ་གསུམ་གྱི་མཚན་ཉིད་ཀྱིས་སེམས་ལ་འཁྱུད་པས་པདྨ་སྟེ་ གསང་བར་སོང་བ་ནི་ནོར་བུའི་པདྨ་དེར་ཟླ་བ་སོང་བ་མཐུན་པའི་གཟུགས་ཀྱིས་མཐུན་པ་བསྒོམ་པའོ། །དེ་ཁོ་ན་ལ་ནོར་བུར་གང་གི་ཚེ་མི་མཐུན་པར་གྱུར་པ་དེའི་ཚེ་མི་འགྱུར་བ་བསྒོམ་པའོ། །ལུས་ངག་སེམས་ཀྱི་རྩ་རྣམས་ལ་ནི་གཡོན་པ་དང་། གཡས་པ་དང་དབུས་མའི་རྩ་རྣམས་ལ་ནི་ལུས་ངག་སེམས་ཀྱི་ བསྒོམ་པ་ཞེས་པའོ། །གང་གི་ཚེ་བླ་མ་དམ་པའི་མན་ངག་གིས་སྨིག་རྒྱུ་ལ་སོགས་པའི་ལམ་དུ་ཞུགས་པ་དེའི་ཚེ་རྩ་གསུམ་ཡོངས་སུ་དག་པར་འགྱུར་རོ། །དེ་རྣམས་ལེགས་པར་ཡོངས་སུ་དག་པ་ན། །གལ་ཏེ་ལུས་ཀྱི་རྩ་རྣམས་སུ་སྲོག་རྒྱུ་བ་དེ་ལྟར་དུ་ཡང་སྲོག་རྩོལ་བྱའོ། །དེ་ནི་སྐུ་བསྒོམ་པའོ། །དེ་ 14-1-36b བཞིན་དུ་གསུང་གི་རྩར་གསུང་བསྒོམ་པར་བྱའོ། །ཐུགས་ཀྱི་དབུ་མར་ཐུགས་བསྒོམ་པར་བྱའོ། །གང་གི་ཚེ་དུང་ཅན་མ་ལ་སྟེ། ཁུ་བའི་རྩ་ལ་ཡེ་ཤེས་བསྒོམ་པ་ནི་མི་འགྱུར་བ་བསྒོམ་པར་འགྱུར་ཏེ་དེའི་ཚེ་བསྡུས་པ་ནི་གཅིག་ཉིད་དུ་གྱུར་པའོ། །རྡོ་རྗེ་གསུམ་ནི་རྩ་གསུམ་རྣམས་སོ། །ཐིག་ལེ་བཞིའི་ བཅིང་བ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་ཏེ། ཤེས་རབ་ཆགས་པས་ཞུ་བ་ཞེས་པ་གཏུམ་མོ་འབར་བས་ཞུ་བའོ། །མགོ་བོ་དང་དཔྲལ་བ་ལས་རྗོགས་པའི་གོ་འཕང་སྟེ། གསང་བའི་གནས་སུ་དོན་དམ་པས་ནི་བཅིང་བར་བྱ་ཞེས་པ་ནི་སྲོག་འགྱུར་བ་མེད་པའི་བདེ་བས་བཅིངས་པའོ། །བག་ཆགས་ ནི་སྒྲིབ་པའོ། །དེ་བསལ་བས་ནི་སྤངས་པ་གང་ཡིན་པ་སྟེ། དེ་རྗོགས་པ་ཡིན་གྱི་ཟླ་བ་ལ་ནི་ཆད་པ་ཡང་མེད་ཅིང་དེའི་རྗོགས་པ་ཡང་མེད་དོ། །དེ་བཞིན་དུ་རིམ་པས་ཡེ་ཤེས་འཆར་བ་ནི་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་ས་རྣམས་ཀྱིས་ནི་འཆར་བ་ལ་སོགས་པས་སྟེང་དུ་གཙུག་ཏོར་དུ་རྫོགས་པར་འགྱུར་རོ། ། ཉོན་མོངས་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཡིན་ལ། བཅོམ་པ་སྟེ་སྤངས་པ་ནི་རྗོགས་པ་ཡིན་ལ་ཡེ་ཤེས་ནི་ཆད་པ་མེད་ཅིང་དེ་ལ་རྫོགས་པ་ཡང་མེད་དོ་ཞེས་པའོ། །དབུས་སུ་རི་བོང་གིས་མཚན་ནི་དིའི་དབུས་སུ་རི་བོང་གིས་མཚན་མའོ། །དེས་ན་ཉ་ལ་རི་བོང་ཅན་མི་གནས་ཏེ་ཚེས་གཅིག་ལ་ཞུགས་པའི་དུས་སུ་ ཟད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སེམས་ལ་མི་འགྱུར་བའི་བདེ་བ་མི་གནས་ཏེ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་ཀྱིས་དེ་འཁྱུད་པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་ལ་རྫོགས་པ་གནས་པ་ཡིན་ནོ་ཞེས་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ། །སྐད་ ཅིག་གཅིག་གིས་རྗོགས་སངས་རྒྱས་ནས་གང་གི་ཚེ་རྗོགས་པ་ལ་ནི་སྟེ། གསང་བའི་པདྨ་ལ་མི་གཡོ་བའི་སེམས་སུ་འགྱུར་བ་དེའི་ཚེ། དེ་དག་སེམས་ཀྱི་རྡོ་རྗེ་ནོར་བུ་རྒྱུ་མཐུན་པས་སྐད་ཅིག་མ་ཐམས་ཅད་རྗོགས་པ་ནི་དབུགས་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་གཉིས་ཀྱི་ཚད་ཉིད་དོ། །དེ་བཞིན་དུ་འདིའི་ སེམས་དཀར་པོའི་ཕྱོགས་ཆགས་པ་ལ་མི་གནས་སོ། །དཀར་པོ་མིན་པའི་ཕྱོགས་ཆགས་བྲལ་དུའང་མི་འགྲོའོ། །དེ་ཉིད་ཀྱིས་ནི་ཕྱོགས་གཉིས་པོའི་དབུས་སུ་གནས་ཏེ་རྗོགས་པར་གཤེགས་པ་གཉིས་སུ་མེད་པར་རབ་ཏུ་མི་གནས་པའོ། །མཚན་ཡང་དག་པར་བརྗོད་པར་དེ་གསུངས་པ། སྐད་ཅིག་ 14-1-37a གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་ཐམས་ཅད་མངོན་པར་ཏོགས། །ཞེས་པ་དང་། ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་སོ། །འཁོར་བ་པའི་རིམ་པ་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ། དེའི་བྱང་ཆུབ་ ཀྱི་སེམས་དེ་གཙུག་ཏོར་ལས་བྱུང་བའི་རྡོ་རྗེ་ནོར་བུར་རྫོགས་པར་འགྱུར་རོ། །དགའ་བྲལ་ཆགས་པས་ཆ་བཅོམ་པ་ནི་ཆ་བསགས་པ་དེ། རྡོ་རྗེའི་རྩེ་མོ་ལ་ལྷུང་བར་འགྱུར་རོ། །དེ་ནས་བཅོམ་པ་སྟེ་ཆགས་བྲལ་གྱི་རྫོགས་པ་ཉིད་སླར་ཡང་དེ་བཞིན་དུ་འབྱུང་སྟེ། སླར་ཡང་ནོར་བུར་རྫོགས་པར་འགྱུར་རོ། ། ཆགས་བྲལ་བཅས་པས་ཆ་བཅོམ་པ་ཡིན་གྱི། ལུས་ཅན་རྣམས་ཀྱིས་ཡེ་ཤེས་བཅོམ་པ་ནི་མ་ཡིན་ཞེས་པའོ། །ཡེ་ཤེས་བཅོམ་ན་འཆི་བ་ཁོ་ནའོ། །རྫོགས་པའི་སྒྲ་ཡི་དོན་གསུངས་པ། འདི་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེ་རྫོགས་པའི་སྒྲས་བརྗོད་དོ། །བདེ་བ་ ཆེན་པོའི་རང་བཞིན་རྣམ་པར་བསྟན་པ་ལས་གཞན་མ་དངོས་པོའི་མཐའ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་སྐྱེད་དང་སྡུད་པའི་བྱེད་པ་པོ་ནི་སྐྱེ་བ་དང་འགག་པའི་མཚན་ཉིད་དོ། །དེ་ཉིད་གསལ་བར་བྱ་སྟེ། སྲིད་ནས་ཆེས་བྱ་བ་ལ་སོགས་པ་སྟེ། རང་ཕྱོགས་གཉིས་ལ་ནི་དཀར་པོ་དང་། ནག་པོ་དག་གོ། ། བགྲོད་པ་གཉིས་ལ་བྱང་དང་ལྷོ་དག་གོ། །འདི་ནི་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །གཡོ་བ་མེད་པར་རྫོགས་པ་ནི། །གསང་བའི་པདྨའི་སྟེང་དུས་རྣམས་ཀྱིས་ཡོངས་སུ་རྫོགས་པའོ། །ཉི་ཁྲི་ཞེས་པ་ལ་སོགས་པ་སྟེ་དོན་རྣམ་པར་བཤད་པ་ནི། ཕྱོགས་གཉིས་ནི་གཡོན་པ་དང་གཡས་པའི་ལུག་དང་ ཁྱུ་མཆོག་ལ་སོགས་པ་ཁྱིམ་བཅུ་གཉིས་ཀྱི་མཚན་ཉིད་དོ། །མནན་པ་སྟེ་འགག་པ་ནི། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཏེ། ས་བཅུ་གཉིས་ཐོབ་པའོ། །རྣམ་པ་བཅུ་དྲུག་མི་འགྱུར་བ་ནི་འཁོར་བ་པའི་ཆ་བཅུ་དྲུག་ཟད་པའོ། །གཉིས་སུ་མེད་པའི་མཆོག་ནི། ལས་ཀྱི་རླུང་འགྲོ་བ་དང་བྲལ་ ཞིང་རྟོག་པ་མེད་པའོ། །དོན་གཅིག་གཉིས་སུ་མེད་པའི་ཆོས་ནི། དེ་དག་དོན་གཅིག་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིར་རོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། ཞེས་པ་ནི་དབང་གི་སྐད་ཅིག་བཞི་པའོ། །མཚན་ཡང་དག་པར་བརྗོད་པ་ལས་དེ་དག་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་ 14-1-37b ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་སོ། །མ་འདྲེས་པ་ནི་རྙོག་པ་མེད་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིར་རོ། །གཟུང་བའི་ཡུལ་དང་འཛིན་པའི་སེམས་གཅིག་ཏུ་བལྟ་བར་བྱའོ། །ཇི་ལྟར་ཞེས་པ་ཉེ་བར་ བསྟན་པ་སྟེ། ཆུ་ཀླུང་གི་ཆུ་རྣམས་རྒྱ་མཚོར་རབ་ཏུ་ཞུགས་ན་དེར་མཉམ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དངོས་པོའི་ཚོགས་འདི་ནི་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་རྣམས་མི་འགྱུར་བ་སྟེ་རྣམ་པ་ཀུན་ལྡན་གྱི་གཟུགས་སུ་མཉམ་པ་སྟེ། མཚུངས་པའི་མི་འགྱུར་བར་འགྱུར་རོ། །དེ་ཉིད་ སླར་ཡང་དཔེ་ཡིས་གསུངས་པ། ཁམས་ཀྱི་ཚོགས་འདི་ནི་སྟེ་ལྕགས་ལ་སོགས་པ་རྣམས་རོ་ཡིས་དངུལ་ཆུ་ཟོས་པས་ཇི་ལྟར་རོ་ཉིད་དུ་འགྱུར་ཏེ། དེ་དག་མཚུངས་པར་འགྱུར་རོ། །ཇི་ལྟར་ཡང་རུང་སྟེ་ཀོ་ཏྲོ་བ་ལ་སོགས་པས། ས་ལ་སོགས་པའི་ཁམས་ཀྱི་ཚོགས་ཟོས་པས་ས་བོན་གྱི་རང་བཞིན་དུ་ འགྱུར་རོ། །དེ་ཡང་འབྲས་བུའི་དུས་སུ་སྟེ། འབྲུ་སྐྱེ་བའི་དུས་སུ་ང་རྒྱལ་མེད་པ་སྟེ་ཀུན་རྫོབ་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་དངོས་པོའི་ཚོགས་ཅན་ཀྱང་ནི་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་རྣམས་མཆོག་ཏུ་མི་འགྱུར་བས། ཟོས་ན་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱིས་སྒྲིབ་པ་མེད་ པར་བྱས་ན། མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར། རྣམ་པ་ཐམས་ཅད་པའི་རང་བཞིན་འཛིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །དུག་གི་དཔེས་བདེ་བས་ཁྱབ་པ་ཉིད་གསུངས་པ། མཆེ་བ་ཞེས་པ་ལ་སོགས་པ་སྟེ། །རྫོགས་པའི་གནས་སྐབས་ན་ཁྱབ་པ་ཉིད་དུ་འགྱུར་བའི་དུག་ནད་པས་སོའི་རྩེ་མོ་མཆེ་བའི་ཤུལ་ དུ་ཚོར་བ་སྡུག་བསྔལ་དུ་མི་རིག་སྟེ། གཞན་དུའང་སྟེ་ལུས་ཀྱི་གནས་འགའ་ཞིག་ཏུ་རིག་པ་ཡང་མ་ཡིན་ནོ། །ཡུལ་གཟུགས་ལ་སོགས་པ་རྣམས་དབང་པོའི་སྒོ་མིག་ལ་སོགས་པ་རྣམས་ཀྱི་ཚོར་བའང་མ་ཡིན་ནོ། །དེ་བཞིན་དུ་སེམས་ནི་རྫོགས་པའི་ཆར་གྱུར་ན་སྟེ། ཁྱབ་པ་ཉིད་དུ་གྱུར་པས་རྣལ་འབྱོར་ པའི་དམ་པའི་བདེ་བས་རྡོ་རྗེ་ནོར་བུར་མྱོང་བ་མིན་ཞིང་། གཞན་དུ་མིན་ཏེ་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་མ་ཡིན་ཞེས་པའོ། །འཁོར་ལོ་སྡོམ་པ་ལས་གསུངས་པ། ཀུན་དུ་ཕྱག་དང་ཞབས་ལ་སོགས། །ཀུན་དུ་དབུ་དང་སྤྱན་དང་ཞལ། །ཀུན་དུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་ཁྱབ་སྟེ་རྣམ་ 14-1-38a པར་བཞུགས། །ཞེས་སོ། །ཕྱོགས་གཅིག་ཏུ་གནས་པའང་བ་སྤུའི་ཁུང་བུའི་མཚམས་ཀྱི་མཐར་ཐུག་པར་གནོན་ཏོ་ཞེས་པའོ། །བཅུད་དང་ལྕགས་ཀྱི་དཔེས་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཕྱོགས་གཅིག་ན་ནི་རྡོ་རྗེ་ནོར་བུའོ། །འདོད་ཆགས་མེས་གདུངས་ན་ནི། གཏུམ་མོ་འབར་བས་གདུངས་ནའོ། །བག་ཆགས་ནི་ཆགས་པ་ལ་སོགས་པའི་མཚན་ཉིད་དོ། །ཇི་ལྟར་རྡོ་རྗེ་ལ་ནོར་བུ་ཆེན་པོས་རེག་ཅིང་གདུངས་པས་དེ་འོད་གསལ་བར་འགྱུར་རོ། །དེ་བཞིན་དུ་མི་འགྱུར་བའི་བདེ་བས་རེག་པ་ལས་བདེ་བ་ཉིད་དུ་འགྱུར་བར་རྣམ་པར་ངེས་སོ། །དོན་དམ་པ་ནི་དམ་པའི་བདེན་ པའི་ཡེ་ཤེས་ཀྱི་དངོས་པོ་སྟེ། རང་བཞིན་ནི་རྟོགས་པར་ཡང་སྨོས་ཅི་དགོས་སོ། །བརྟག་པར་བྱ་བ་དང་སེམས་ལ་ཀུན་དུ་འབིགས་པ་ནི་གློ་བུར་བའི་དྲི་མས་གཡོགས་པ་ལ་ཡིན་གྱི། དེ་ཁོ་ནར་མ་ཡིན་ནོ་ཞེས་པའི་དོན་ཏོ། །གློ་བུར་བའི་དྲི་མ་འདི་ནི་སེམས་ལ་མེད་དོ། །དེ་ནས་སེམས་ལས་སྐྱེ་བ་ལ་ཕྱིས་སྐྱེན་ དེ་དག་དོན་མེད་དོ་ཞེས་གསུངས་པ། སེམས་ཀྱི་གནས་སྐབས་ལས་ཡུན་རིང་པོར་ཏེ་ཕྱིས་སྐྱེ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ནས་སེམས་མ་གཏོགས་པ་ལས་སྐྱེན། དེའི་དོན་དུ་གསུངས་པ། སེམས་ལས་མ་གཏོགས་སྐྱེ་བའང་མིན། །ཞེས་སོ། །ཅི་སེམས་ལ་མི་ཟད་པ་དེ་ཉིད་ཀྱིས་གནས་སམ་ཞེ་ ན། གསུངས་པ། སེམས་ལ་ཟད་མེད་གནས་པ་མེད། །ཅེས་སོ། །གལ་ཏེ་ཞེས་པ་ལ་སོགས་པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་སྟེ། ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །འདིར་ཟངས་མའི་དཔེས་ཁོང་དུ་ཆུད་པར་བྱ་སྟེ། འདིར་གལ་ཏེ་ཟངས་མ་ལ་དྲི་མ་གློ་བུར་དུ་བྱུང་བ་ཡིན་ནི་དེའི་ ཚེ་སྔར་ཟངས་མ་དྲི་མ་དང་བྲལ་བར་འགྱུར་རོ། །གང་ཡང་ཡུན་རིང་པོའི་དྲི་མ་ཕྱིས་ཟངས་མ་ལས་བྱུང་ན། དེའི་ཚེ་དེའི་དྲི་མ་གང་དུ་ཅི་ལས་འབྱུང་བར་འགྱུར། དེ་ནས་ཟངས་མ་མ་གཏོགས་པ་ལས་སྐྱེས་ན། །དེའི་ཚེ་ནམ་མཁའི་མེ་ཏོག་ལས་ཀྱང་སྐྱེ་བར་འགྱུར་རོ། །དེ་ནས་ཟངས་མ་ལ་ནི་མི་ཟད་པ་ཉིད་ ཀྱིས་གནས་ན། དེའི་ཚེ་གྲུབ་པའི་བཅུད་ཀྱིས་ཀྱང་གཞན་དུ་འགྱུར་བར་མི་ནུས་སོ། །དེའི་ཕྱིར་འདི་དག་ཐམས་ཅད་རིགས་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་འདིར་དོན་བདེན་པ་སྟེ་ཟངས་མ་དང་ལྷན་ཅིག་ཏུ་སྐྱེས་པའི་དྲི་མ་འདི་ཡང་བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར་ཏེ། སྔར་ཡང་མེད་ལ་ཕྱིས་ཀྱང་མེད་ 14-1-38b ཅིང་། དེ་དག་དང་བྲལ་བའང་མ་ཡིན་ཞེས་པའོ། །དེ་བཞིན་དུ་སེམས་ཀྱང་བལྟ་བར་བྱ་སྟེ། དེ་བཞིན་ཞེས་པ་ལ་སོགས་པའོ། །གློ་བུར་བའི་སྒྲ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན་བརྗོད་པར་བྱ་སྟེ། ཀུན་ནས་ཀུན་དུ་འགྲོ་བའི་ངང་ཚུལ་ནི་གློ་བུར་བའོ། །ངག་གི་དཔེ་ལས་འདས་པ་ཉིད་ཀྱི་མི་འགྱུར་བ་ གསུངས་པ། སྨྲ་མི་ནུས་ཞེས་པ་ལ་སོགས་པ་སྟེ། ལང་ཚོ་མའི་བདེ་བ་ཐོབ་པ་ནི་ཁོ་ནས་རིག་གོ། །ཏིང་ངེ་འཛིན་བྲལ་བ་ཡིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་བྲལ་བས་སོ། །བདེ་བ་མིན་པའི་རྒྱུའོ། །འཕོ་བ་ཉིད་འཁོར་བའི་རྒྱུའོ་ཞེས་སོ་སོར་རྟོགས་པར་བྱ་སྟེ། འཕོ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་བཤད་པའི་རིམ་པས་སོ། །སེམས་ཅན་རྣམས་ནི་ཆགས་བྲལ་བྱུང་བ་ཡིས་སོ། །གཞན་དུ་ཞེས་པ་ནི། གལ་ཏེ་དེ་རྣམས་ཆགས་པ་དང་བྲལ་བར་གྱུར་པ་མ་ཡིན་ན། དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་སྲིད་པ་སྟེ་འཁོར་བ་མེད་དོ། །དེ་བས་ཤེས་པ་རྒྱུད་དེ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ ཏོ། །ངག་གང་ཞིག་ཅེས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པས་སོ། །འདོད་ཅན་ཞེས་བྱ་བ་ལ་སོགས་པས་མི་འགྱུར་བའི་བདེ་བ་ལ་འབད་པ་གསུངས་པ། སྡུག་བསྔལ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་མཚན་ཉིད་དོ། །རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ་འཕོ་བ་འཐོབ་པར་གྱུར་པ་ལས་རྟེན་བྱེད་ནི་བདེ་བའི་ རང་བཞིན་ནོ། །བདེ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཆགས་བྲལ་ཉིད་དུ་འགྱུར་རོ། །དེའི་ཕྱིར། འཕོ་བའི་བདེ་བ་སྤང་བར་བྱ། །ཞེས་གསུངས་པ་དང་སྦྲེལ་ལོ། །དྲི་མ་དང་བྲལ་བའི་གནས་སྐབས་གསུངས་པ། མི་འགྱུར་ཞེས་པ་ལ་སོགས་པ་སྟེ། མི་འགྱུར་བ་ལས་སྐྱེས་པའི་སྐུ། །མཛོད་སྤུའི་ འཁོར་ལོ་སྟེ། སྨིན་མའི་དབུས་སུ་སོན་པ་ལས། ཨཱ་ལི་ཀཱ་ལི་ནི་གཡོན་པ་དང་གཡས་པ་སྟེ། མཉམ་པར་སྦྱོར་བ་ནི་མཚུངས་པར་དབུས་མར་རྒྱུ་བ་ཉིད་དང་ཧཱུཾ་གི་ཡི་གེ་ལ་སོགས་པས་དབུས་མར་རབ་འབབ་གདན་དུ་མི་འདོད་དོ། །དེ་དག་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་སློབ་དཔོན་པདྨ་དཀར་པོའི་ ཞབས་ཀྱིས་རབ་ཏུ་སྤྲོས་པའི་ཕྱིར་ན་འདིར་རྒྱས་པར་མི་བྱའོ། །ད་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ་སྟོང་པ་སྟེ་ནམ་མཁའ་ལས་བྱུང་བའི་གཟུགས་རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི་རྒྱུ་སྟེ་བྱེད་པའོ། །མི་འགྱུར་བའི་གཟུགས་ལས་སྐྱེས་པ་གང་ཡིན་པའི་བདེ་བ་ 14-1-39a དེ་འབྲས་བུའོ། །འབྲས་བུ་དེ་འཛག་པ་མེད་པའི་ཕྱིར་བདེ་བས་རྒྱུ་སྟེ་གདུགས་ཀྱི་མཚན་ཉིད་ལ་རྒྱས་གདབ་པ་ནི་ཡང་དག་པར་འབྲེལ་བའོ། །རྒྱུ་ཡིས་ཏེ་དེ་ལྟ་བུ་བྱུང་བས་རྒྱས་གདབ་པ་ནི་འཛག་པ་མེད་པའི་བདེ་བ་ཆེན་པོ་ལའོ། །སྟོང་པ་ཉིད་དང་སྙིང་རྗེ་དེ་གཉིས་ཀྱི་མཚན་ཉིད་གསུངས་པ། སྟོང་ཉིད་ཅེས་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་འཛིན་པའི་སེམས་ནི་རྒྱུའོ། །འབྲས་བུ་ནི་སྙིང་རྗེ་མི་འགྱུར་བ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་འདི་དག་དབྱེར་མེད་པ་གཅིག་ཏུ་གྱུར་པ་ཉིད་ནི། བྱང་ཆུབ་ཀྱི་སེམས་དེ་འཕོ་བ་མེད་པར་བརྗོད་དོ། །གཞན་དུ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་ནི་ འགྱུར་ཞིང་ཟག་པའི་མཚན་ཉིད་མ་ཡིན་ནོ། །དེ་དག་ཀྱང་ཆགས་པ་དང་འཁོར་བ་དང་བྲལ་ལོ་ཞེས་གསུངས་པ། མྱ་ངན་འདས་དང་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་སྟེ་སྲོག་གི་རང་བཞིན་དང་བྲལ་བའི་གཟུགས་སོ། །འཁོར་བ་སྟེ་འགྱུར་བའི་བདེ་བའི་མཚན་ཉིད་ལས་འདས་པ་ཟག་པ་མེད་པའི་ བདེ་བ་ཆེན་པོ་མི་འགྱུར་བའོ། །དེ་ཉིད་ནི་མི་འགྱུར་བ་དང་གཟུགས་དག་གི་སྦྱོར་བ་གཉིས་མེད་གཞན་ནི་ཕུལ་དུ་བྱུང་བའོ། །དེ་ཉིད་གསུངས་པ། རྟག་དང་ཆད་ལས་ངེས་པར་གྲོལ། །ཞེས་སོ། །དེ་དག་ཉིད་རབ་ཏུ་བྱེད་པ་གཞན་གྱིས་རབ་ཏུ་གསལ་བར་བྱ་སྟེ། གཟུགས་ནི་རྣམ་པ་ཐམས་ཅད་པའི་རང་གི་ སེམས་ཀྱི་སྣང་བ་ལ་དངོས་པོ་མེད་པ་སྟེ་ཆད་པ་ཡིན་ནོ། །ཅིའི་ཕྱིར་ན་དངོས་མེད་ལས་བྱུང་མཚན་ཉིད་ཕྱིར་རོ། །མི་འགྱུར་བ་སྟེ་འཛག་པ་མེད་པའི་བདེ་བ་ལ་དངོས་པོ་མེད་དེ་ཅིའི་ཕྱིར་དངོས་པོ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་རོ། །སོ་སོར་སྣང་བའི་ཡིད་ཀྱི་རང་བཞིན་གྱི་གཟུགས་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་ དོན་ཏོ། །འདི་དག་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་གང་ཡང་དག་པར་སྦྱོར་བ་སྟེ། མཚུངས་པ་ནི་རྡོ་རྗེའི་རྣལ་འབྱོར་ཏེ་དེ་ཡང་གཉིས་སུ་མེད་པ་མི་འགྱུར་བའོ་ཞེས་སོ། །དེས་ན་དེ་ཉིད་གཟུགས་དང་གཟུགས་མིན་ཞེས་པ་ལ་སོགས་པས་བཤད་པར་བྱ་སྟེ། པྲ་ཕབ་པ་ལ་ནི་མེ་ལོང་ལ་དམིགས་ པའི་ཡིད་ཀྱིས་ལུས་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་རྫས་ཚོགས་པ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། ཉེ་བར་དམིགས་པའི་ཡིད་གཞོམ་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་སྲིད་པར་ཏེ་འཁོར་བར་འགྲོ་བ་མ་ཡིན་ནོ། །འགྱུར་བ་མེད་པ་ནི་ 14-1-39b མྱ་ངན་ལས་འདས་པ་སྟེ། ཆད་པར་འགྲོ་བ་མ་ཡིན་ནོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། དབང་པོའི་རྣམ་འགྱུར་མེད་ཅིང་རྣམ་འགྱུར་དང་བྲལ་བའི་ཕྱིར་རོ། །འདི་ཉིད་མ་ནིང་གི་གོ་འཕང་དུ་བརྗོད་དོ། །མཆོག་གི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མ་ལུས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དཔེར་ན་ཟླ་བ་ལ་ཟླ་བའི་ བསིལ་བའི་འོད་ཟེར་གྱིས་འཁྱུད་ལ་ཟླ་བས་ཀྱང་བསིལ་བའི་འོད་ཟེར་ལ་འཁྱུད་དོ། །འདི་དག་ཐ་དད་པ་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ་གཟུགས་དང་མི་འགྱུར་བདག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དོན་དམ་པར་འབྲས་བུ་རྒྱུ་ཡིས་བྱས་པ་མིན་པར་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་ རབ་ནི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ནོ། །རྒྱུ་ལས་ནི་འདྲ་བ་ལས་མ་སྐྱེས་པ་ནི་མ་བྱུང་བའོ། །གང་ཡང་ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང་ནི་ཤེས་རབ་ལས་སྐྱེས་པ་ཞེས་མངོན་པར་བརྗོད་དེ། དེ་དག་ཀྱང་རྒྱུ་ལས་སྐྱེས་མིན་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པར་ནི་མི་འགྱུར་ཏེ། ཅིའི་ཕྱིར་ན་ཤེས་རབ་ རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་དེ་སྲིད་དུ་རྒྱུ་ལས་སྐྱེས་པ་ཤེས་རབ་ཏུ་འགྱུར་ན་དེའི་ཚེ། དེ་དག་འབྱུང་ཡང་འབྲས་བུ་ཤེས་རབ་སྐྱེད་པ་ཞེས་རྗེས་སུ་འབྱུང་ངོ་། །དེ་དག་བཤད་པར་བྱ་སྟེ། མོ་གཤམ་བུ་མོའི་སྦྱོར་བ་ཡིས། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ཞེས་པ་ལ་སོགས་པས་ བཤད་པར་བྱའོ། །དེའི་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །གང་འགྱུར་བ་མེད་པའི་ཡེ་ཤེས་དེ་ནི་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་མ་སྐྱེས་པའོ། །དེའི་ཕྱིར་ཡང་། འབྲས་བུ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་རྒྱ་ཡིས་བཏབ་པ་ཞེས་གང་གསུངས་པ་དེ་དག་ཏུ་འགྱུར་བ་མིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་ གསུངས་ཏེ། གང་ཕྱིར་རྒྱུ་དང་འབྲས་བུ་ཀུན། །དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་། །ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཡང་། དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་རྒྱས་བཏབ་པའི་གཟུགས་ནི། མ་སྐྱེས་པ་དང་མ་འགགས་པའོ། །ཆད་པའི་རང་བཞིན་ལ་མྱ་ངན་ལས་འདས་པ་ ཞེས་བྱ་སྟེ། རྫས་དང་བྲལ་བ་རྣམ་པ་ཀུན་ནས་སོ། །ཤེས་རབ་ནི་སྔར་གསུངས་པའོ། །སྐྱེས་པ་གང་མཆོག་ཏུ་འགྱུར་བ་མེད་པ་དེ་རྒྱུ་དང་འབྲས་བུ་ལས་རྣམ་པར་གྲོལ་བའོ། །ཕན་ཚུན་རྒྱ་ཡིས་བཏབ་པ་མེད། །ཅེས་པའོ། །ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་ལས་སྲིད་པ་མ་ཡིན་པའི་ཕྱིར་རང་གི་སེམས་ 14-1-40a ཁོ་ན་ཁམས་གསུམ་པའི་རྣམ་པ་དེ་དག་ཏུ་དམིགས་སོ་ཞེས་གསུངས་པ། མ་སྐྱེས་པ་དང་ཞེས་པ་ལ་སོགས་པ་སྟེ། ཕྱི་ཡི་ཤེས་བྱས་འབྱེད་པའི་ཕྱིར་ནི་ཕྱིའི་ཤེས་བྱ་ཐ་དད་དུ་བྱེད་པའོ། །གལ་ཏེ་ཐབས་དང་ཤེས་རབ་ཐ་དད་མེད་དོ་ཞེས་བརྗོད་པ་དེ་ཡང་དམ་པའི་དོན་དུ་མེད་དོ་ཞེ་ན་ གསུངས་པ། ཐབས་མིན་ཤེས་རབ་ཀྱང་མིན་ཏེ། ཐ་དད་དུ་གྱུར་པའི་ཕུང་པོར་ཡོད་ན། །གང་གི་དེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཏེ། དེའི་གནས་སྐབས་རྣམ་པར་མ་ཤེས་པའི་ཕྱིར་རོ། །ལྷན་སྐྱེས་ཞེས་བྱ་བ་ཡང་ལྷག་པའི་ཤེས་རབ་དང་ལྷན་ཅིག་ཏུ་སྐྱེད་པ་ཉིད་དུ་བརྗོད་པར་བྱའོ། །ཀུན་ ནས་ཀུན་དུ་ཡོངས་སུ་རྫོགས་པ་ནི་དྲི་མ་དང་བྲལ་བའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བའོ། །གོས་པ་མེད་པ་ནི་ལག་པ་ལ་སོགས་པས་རེག་པ་མེད་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་སྤངས་པའི་ཕྱིར་ཡུལ་དང་དབང་པོ་སྤངས་པའོ། །ཐམས་ཅད་ལ་ཁྱབ་ པའི་ཕྱིར་ཀུན་དུའོ། །རྣམ་པ་ཐམས་ཅད་ཤེས་པའི་ཕྱིར་ཡང་དག་ཀུན་ལ་གནས་སོ། །འདི་རྣམས་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མི་ཆོད་མི་ཕྱེད་སྤངས་པའོ། །སྐྱེ་བ་མེད་ཅིང་འགགས་པ་མེད་པའི་ཕྱིར་རང་བྱུང་ངོ་། །དོན་ཆེན་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་རོ། །མཆོག་ཏུ་མི་འགྱུར་བ་ནི་དབང་པོ་ལས་འདས་པའི་ཕྱིར་ རོ། །འདོད་ཆགས་ཆེན་པོ་ནི་ལུས་མེད་རྡོ་རྗེ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་སེམས་དཔའ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་དགའ་བར་མཛད་པའི་ཕྱིར་ཏེ། ཤེས་རབ་མེད་ན་འདོད་ཆགས་ཆེན་པོ་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཟད་མ་ཟད་ནི་གཡོན་པ་དང་གཡས་པ་སྟེ། དགྲ་ཆེ་བ་ནི་དེ་དག་དབྱེར་མེད་པ་ ཉིད་ཀྱི་ཕྱིར་རོ། །དེས་ན་དེ་ཉིད་ཞེ་སྡང་ཆེན་པོའོ། །སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། གཅིག་པ་ནི་རོ་མཉམ་པ་ཉིད་དོ། །དེ་བཞིན་དུ་རེ་ཞིག་ཡེ་ཤེས་ཀྱི་རང་བཞིན་བཤད་ནས་ཡེ་ཤེས་ཅན་གྱི་རང་བཞིན་རྣམ་པར་བཤད་པའི་ཕྱིར་གསུངས་པ། མཆོག་ཏུ་ཞེས་པ་ལ་སོགས་པའོ། ། ཤེས་རབ་ནི་བློའོ། །ཁམས་གསུམ་པ་ལ་ཁྱབ་པའི་ཡེ་ཤེས་ཉིད་ནི་མི་འགྱུར་བའོ། །དེ་རྣམས་དང་བཅས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བས་རིགས་དྲུག་ཡོངས་སུ་དག་པའི་དོན་གསུངས་པ། རྣམ་པ་དྲུག་པོ་ཞེས་པ་ལ་སོགས་པ་ 14-1-40b སྟེ། འགྱུར་བ་མེད་པ་ཉིད་ཡེ་ཤེས་ཏེ་མི་འགྱུར་ཡེ་ཤེས་དང་། ཚོར་བ་དང་རྣམ་ཤེས་དང་གཟུགས་དང་འདུ་བྱེད་འདུ་ཤེས་སོ། །ཕུང་པོ་དེ་རྣམས་ཀྱི་རིམ་པ་ཇི་ལྟ་བར་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རིགས་དེ་རྣམས་སོ་ཞེས་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་ནི་དུས་ཀྱི་ འཁོར་ལོའོ། །རིགས་དྲུག་པོ་ནི་ཡོངས་སུ་དག་པས་གདོང་དྲུག་གོ། །ཡིད་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་མིག་དྲུག་གོ། །དགྲ་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་ལག་དྲུག་གོ། །ཟླ་བ་ཞེས་པ་ནི་རྒྱལ་པོ་ཟླ་བ་བཟང་པོ་ལ་བོད་པའོ། །འདི་ཉིད་ནི་དབང་གི་སྒྲུབ་པ་སྟེ་མཆོག་ཏུ་མི་ འགྱུར་སྒྲུབ་པའི་ཐབས་བཤད་པའོ། །མདོར་བསྡུས་ནི་ཡང་དག་པར་བསྡུས་པའོ། །མཆོག་ཏུ་མི་འགྱུར་བསྒྲུབ་པ་ནི། །གཞན་ནི་བསྒྲུབ་པ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ཡང་རྩ་དང་རིགས་སུ་ཡང་དག་ལྡན་ཏེ། རྟོག་པ་མེད་པའི་ལྷའི་རིགས་དང་ཡང་དག་པར་ལྡན་ནོ་ཞེས་པའོ། །ཡང་དག་ བླ་མའི་ངེས་པའི་དབང་ལས་དབང་བསྐུར་ཉེ་བར་བསྟན་པའི་དཀའ་འགྲེལ་ལམ་གྱི་ཚུལ། །ཡང་དག་ལམ་ལ་གནས་པ་རྣམས་ཀྱིས་མཚུངས་མེད་གོ་འཕང་རྟོགས་བྱེད་རྨོངས་པའི་ཕུང་པོ་འཇོམས། །འདི་ནི་བདག་གིས་བྱས་ལས་ཐོབ་པ་གང་དེའི་ལེགས་བྱས་བྱང་ཆུབ་ས་བོན་མ་ལུས་པ། །དེས་ནི་འཇིག་རྟེན་བདེ་ གཤེགས་གོ་འཕང་རྟོགས་ཤིང་ཉི་ཟླ་འགགས་པའི་ལམ་དུ་འཇུག་པར་ཤོག །གལ་ཏེ་དཀའ་འགྲེལ་བྱས་པ་ཡང་། །མངོན་ཤེས་མེད་པས་མ་ཡིན་ཉིད། །དེ་ལྟའང་བདག་གིས་འདི་དྲན་ནས། །བྲིས་ལ་བདག་ལ་ཉེས་པ་མེད། །དབང་མདོར་བསྟན་པའི་དཀའ་འགྲེལ་རྫོགས་སོ།། །། འདིའི་གཞུང་ཚད་ཤློ་ཀ་སུམ་བརྒྱ་དྲུག་ཅུའོ། །སྐད་གཉིས་སྨྲ་བ་ཐར་ལོའི་བཀའ་དྲིན་དང་། །རྡོ་རྗེ་རྒྱལ་མཚན་བླ་མར་རབ་བསྐུལ་ནས། །བུ་སྟོན་ཁ་ཆེས་གུས་པའི་བློ་ཡིས་བསྒྱུར། །ཉེས་པའི་ཚོགས་རྣམས་མཁས་རྣམས་བཟོད་པར་མཛོད། །རྒྱ་དཔེ་གཉིས་ལ་གཏུགས་ནས་དག་པར་བདོག ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་སྱ་ཤེ་ཀ་པྲ་ཀྲི་ཡ་བྲྀཏྟི། བཛྲ་བཱ་དོདྒྷ་ཏི་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། གང་ཞིག་ཤེས་ 14-1-41a རབ་མེ་ཡིས་འཛག་པའི་རྒྱ་མཚོ་དུག་ཆུ་སྐམས་པ་ཡི། བདེ་ཆེན་ནམ་མཁའི་དབྱིངས་ནས་འབྲུག་སྒྲ་རབ་བསྒྲགས་ཆར་རྒྱུན་བཞིན་དུ་འབེབས། །དཔག་མེད་བསྐལ་པར་འགྲོ་བ་རྣམས་ལ་གར་ཐབས་རྣམ་མང་སྟོན་མཛད་པ། །གར་ཐབས་རྣམས་ཀྱི་མཆོག་གྱུར་དང་པོའི་སངས་ རྒྱས་དེ་ལ་བདག་ཕྱག་འཚལ། །གང་དག་རྡོ་རྗེའི་མཚན་ལྡན་པ། །མཁའ་ལ་གཤེགས་པ་རྣམ་གཉིས་དང་། །བླ་མ་རྡོ་རྗེ་འཛིན་རྣམས་ཀྱིས། །བགེགས་མེད་གཞུང་འདི་བསྒྲུབ་པའི་རིགས། །སྲིད་གསུམ་མུན་ནག་སྨག་ཏུ་གྱུར་ལ་སྣང་བ་མཛད་པའི་སངས་རྒྱས་ཉག་གཅིག་མྱ་ངན་འདས། །དེ་ རྗེས་གཟུ་བོར་གྱུར་པའི་འཕགས་པ་ཀླུ་སྒྲུབ་ལ་སོགས་ད་ལྟ་འདི་ན་རབ་མི་བཞུགས། །གང་ཡང་གཉིས་གཉིས་བདེ་བ་ལྷུར་ལེན་ལོག་པའི་ལམ་སྟོན་འགྲོ་རྣམས་ཕུང་བ་སྐྱེད་པ་འདི། །རྟོག་གེ་འདོད་རྒྱལ་དེ་རྣམས་གོ་བྱའི་ཕྱིར་དང་བདག་ཉིད་དྲན་ཕྱིར་འགྲེལ་འདི་བྲི་བར་བྱ། །གཞན་ཡང་འདི་སྐད་དུ། མཆོག་གི་གསང་ཆེན་འདིར་ཞུགས་ནས། །རྣལ་འབྱོར་སྤྱོད་པ་ཡིན་ཟེར་ཞིང་། །བྱ་བ་མ་ཡིན་ཀུན་ལ་འཇུག །འཇིག་རྟེན་སུན་བྱེད་རྐུན་པོ་འབྱུང་། །འཇིག་རྟེན་དབུགས་ནི་འབྱུང་ངོ་ཞེས། །མགོ་ལ་ཆུ་རྒྱུན་ལྡུགས་པར་བྱེད། །ཅོད་པན་རྡོ་རྗེ་དྲིལ་བུ་སོགས། །མགོ་དང་ལག་པས་རབ་ཏུ་འཛིན། ། རྡོ་རྗེ་དེས་ནི་འཚོ་བ་བསྒྲུབ། །ཁ་ཅིག་སློབ་མའི་ཚོགས་སྡུད་ཅིང་། །ང་ཡི་ཚིག་ནི་འདི་ཉིད་དག །ཡིན་ཞེས་ཟེར་ཞིང་བྱིས་པ་འདྲིད། །གསང་བ་ལོག་པར་རབ་ཏུ་སྟོན། །ཁ་ཅིག་བས་མཐར་རབ་འཁོད་ཅིང་། །བདག་མེད་ཤེས་རབ་ལ་རོལ་ཕྱིན། །སྐད་ཅིག་ཙམ་ཡང་མི་གནས་པར། །འཇིག་རྟེན་ སྔགས་སོགས་སྒྲུབ་པར་བྱེད། །ཁ་ཅིག་སློང་མོས་རྒྱུ་བྱེད་ཅིང་། །ཀུན་དུ་འགྲོ་ཞིང་གྱ་ཚོམ་སྨྲ། མི་མོ་རྣམས་ལ་རབ་ཏུ་ཆགས། །སངས་རྒྱས་དམ་ཚིག་རབ་ཏུ་འཇིག །ཁ་ཅིག་གྲོང་དུ་འཁོད་བྱེད་ཅིང་། །བཟའ་དང་བཏུང་ལ་རབ་ཏུ་ཆགས། །ཁྱེའུ་དང་བུ་མོ་ཕལ་མང་དང་། །དགོད་ཅིང་རབ་ ཏུ་རྩེ་བར་བྱེད། །ཁ་ཅིག་རོལ་མོ་ཟློས་གར་དང་། །གླུ་དང་རྒྱན་པོ་འགྱེད་བྱེད་དང་། །འདུས་པའི་ཚོགས་ལ་ལྟ་བྱེད་ཅིང་། །བཟོ་ཡི་གནས་རྣམས་རབ་ཏུ་སློབ། །ཁ་ཅིག་ཚོང་དང་ཞིང་ལས་དང་། །གླང་པོ་བ་ལང་གསོད་བྱེད་དང་། །ཤིང་རྟ་ལ་སོགས་འདྲེན་པ་དང་། །ཉེས་པ་མང་པོ་རབ་ཏུ་བྱེད། ། 14-1-41b གཞན་ཡང་རྣལ་འབྱོར་སྤྱོད་པ་ཡིས། དགེ་སློང་མ་དང་དགེ་སྦྱོང་མ། །དགེ་བསྙེན་མ་དང་དགེ་བསྙེན་དང་། །ཕན་ཚུན་མཚོན་གྱིས་རབ་ཏུ་འདེབས། །ལེགས་པར་གསུངས་པའི་འདུལ་བ་ལ། །རབ་ཏུ་མི་གནས་སྲུང་མི་བྱེད། །སངས་རྒྱས་རྒྱལ་མཚན་སུན་འབྱིན་ཅིང་། །ཕས་ཕམ་ལ་སོགས་ རབ་ཏུ་བྱེད། །གང་གིས་བཏུང་བའི་མཆོག་མི་ཤེས། །སཱ་ལུ་ལ་སོགས་བཅོས་སྦྱར་བའི། །མྱོས་པའི་ཁུ་བ་འཐུང་བྱེད་ཅིང་། །དེ་ཡིས་ཕུང་ཁྲོལ་རབ་ཏུ་བསྐྱེད། །ཅེས་རྒྱལ་པོ་ཟླ་བ་བཟང་པོས་གསུངས་སོ། །དེ་བས་ན་གང་དག་རྡོ་རྗེའི་ཚིག་མ་ཤེས་པས་ལོག་པའི་ལམ་དུ་ཞུགས་པ་དེ་རྣམས། ལོག་པའི་ལམ་ལས་བཟློག་པར་བྱ་བའི་ཕྱིར། རྒྱུད་དེ་དང་དེའི་ངེས་པ་དང་དྲང་བའི་དོན་བདག་གིས་བླ་མ་དམ་པའི་ཞལ་ལས་ཐོས་ཤིང་ལེགས་པར་བསམས་པ་དང་། གཞན་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སྤྱད་ཅིང་བསླབ་པར་བྱ་བའི་ལུང་དང་རིགས་ པས། །དབང་རྣམ་པ་གཉིས་ཀྱི་རབ་ཏུ་བྱེད་པ་བསྡུས་པའི་རྒྱུད་བརྟག་པ་ལྔའི་དོན་གསུངས་པ། འདིའི་དྲང་བ་དང་ངེས་པའི་དོན་ཇི་ལྟ་བ་བཞིན་དུ་དགྲོལ་བར་བྱའོ། །མི་དབང་པད་དཀར་ཕྱག་ན་པདྨོ་འཛིན་པ་གང་། །དེ་ཡིས་བསྡུས་ལེགས་རབ་ཏུ་བཀྲལ་གྱུར་མོད། །འོན་ཀྱང་ཕྱ་མཁན་ མཁས་པའི་རྗེས་ནས་མཆན་བུ་རྣམས། །གཟོང་དང་སྟ་རེ་ཐོགས་ནས་རྗེས་བཞིན་ལེགས་འབྲང་དང་། །མཆན་བུ་བདག་ཀྱང་མི་དབང་ཕྱ་མཁན་རྗེས་འབྲངས་ནས། །ཤེས་རབ་གཟོང་དང་སྟ་རེ་ལེགས་པར་རབ་བཟུང་སྟེ། །ལུང་རིགས་བླ་མའི་གདམས་ངག་བཟོ་བོའི་ཐིག་བཏབ་ནས། །ཐར་པའི་གྲོང་ཁྱེར་ བརྩིགས་ཤིང་སྒྲ་ཡི་འགྲེལ་པ་བྱེད། །འགྲེལ་འདི་མ་གཏོགས་རིན་པོ་ཆེའི། །རྣམ་གཉིས་དབང་གི་དེ་ཉིད་ནི། །གསལ་ཞིང་ཐེ་ཚོམ་མེད་པ་དག །མཁས་རྣམས་ཀྱིས་ནི་རྙེད་རྨི་འགྱུར། །དབབ་པ་སྤངས་པའི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ། དབབ་པ་ཞེས་བྱ་བ་ནི་སྐྱེས་བུ་གང་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དབང་མངོན་པར་བསྐུར་བར་འདོད་པ་དེ་ལ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བྱིས་པ་སྐྱེ་བོ་རྣམས་བྲིད་པར་བྱ་བའི་ཕྱིར། དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་ན། དཀྱིལ་འཁོར་གཞན་སྤྲོ་བར་བྱ་བ་ཡིན་གྱི། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ནི་མ་ཡིན་ཏེ། འགལ་ 14-1-42a བའི་ཕྱིར་རོ། །འདི་ལྟར་མཆོག་གི་དངོས་གྲུབ་ལ། དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་པ། གཞན་དུ་འབབ་པས་མཆོག་ཏུ་གྱུར་པ་དེ་ལྟ་ན་ནི། བདེ་བར་གཤེགས་པ་རྣམས་ལ་ཡང་གཟུང་བ་དང་འཛིན་པ་མངའ་བ་དང་། གཞན་ཡང་སྟོབས་ཆེ་ཆུང་མངའ་བར་ཡང་ འགྱུར་བས། དེ་ལྟ་བས་ན། དབབ་པར་བྱ་བ་ནི། ཀུན་རྫོབ་ཙམ་དུ་བྱིས་པ་སོ་སོའི་སྐྱེས་པོ་རྣམས་བྲིད་པའི་ཕྱིར་ཡིན་གྱི། དོན་དམ་པར་ནི་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་གང་ཀུན་རྫོབ་ཙམ་དུ་ཐུན་མོང་གི་དངོས་གྲུབ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་དེ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་དང་། སྔགས་ དང་། སྨན་གསུམ་གྱིས་ཀྱང་འབེབས་པར་བྱེད་དོ། །སློབ་དཔོན་ཏིང་ངེ་འཛིན་ལ་མཆོག་ཏུ་གཞོལ་བ། ཏིང་ངེ་འཛིན་གྱི་མཐུ་ཐོབ་པ་རྣམས་ཀྱིས་ནི། ཏིང་ངེ་འཛིན་འབའ་ཞིག་གིས་འབེབས་པར་བྱེད་དོ། །བཟླས་པ་ཆོ་ག་བཞིན་དུ་གྱུར་པས་ཀྱང་འབེབས་པར་བྱེད་དོ། །དེ་གཉིས་ཀ་དང་ལྡན་པས་ ཀྱང་འབེབས་པར་བྱེད། སྨན་འབའ་ཞིག་གིས་འབེབས་པ་དག་ཀྱང་སོད་དེ། དེ་ནི་མཆོག་མ་ཡིན་ནོ། །དཀྱིལ་འཁོར་གྱི་ནང་དུ་འཇུག་པར་བྱེད་པ་རྣམས་ལ། རྣམ་གྲངས་དེ་ལྟ་བུ་བབས་པ་ན། དགེ་བ་དང་མི་དགེ་བ་ཐམས་ཅད་དྲིས་ལ། དགེ་བར་གྱུར་པ་དེ་ལྟ་ན་ནི་ལེགས་ཏེ། ཆོ་ག་ལ་འཇུག་པར་བྱ་ལ། མི་དགེ་བར་ གྱུར་ན་ནི་ཞི་བར་བྱ་བའི་བའི་ཕྱིར། ཞི་བ་དང་རྒྱས་པའི་སྦྱིན་སྲེག་ལ་སོགས་པ་མཚན་མ་ངན་པ་ཞི་བར་གྱུར་གྱི་བར་དུ་བྱས་ལ། ཕྱི་ནས་ཆོ་ག་ལ་འཇུག་པར་བྱའོ། །དེ་ལ་དཔལ་དུས་ཀྱི་འཁོར་ལོ་འདིར་འཇུག་པའི་སློབ་མ་ལ་དབབ་པར་བྱ་བ་ནི་མི་འཆི་ལྔ་དང་མར་མེ་ལྔའི་སྤོས་སྔོན་དུ་ཆོ་ག་བཞིན་དུ་བསྒྲུབས་ཏེ། དེས་སློབ་མ་ལ་བདུག་པར་བྱ་ཞིང་། ཨོཾ་ཨཱཿར་ར་ར་ར། །ལ་ཡ་ལ་ལ། བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་དང་བཅས་པས་ཁྲོ་བོའི་རྒྱལ་པོ་བསྐུལ་བར་བྱའོ། །དེ་ཡང་སྔགས་ཀྱི་རྐང་པ་འདི་རྣམས་སྔོན་དུ་བྱེ་བ་ཕྲག་གཅིག་བཟླས་ཤིང་སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་བསྙེན་པ་བྱས་ནས། གདོད་བསམས་པ་ཙམ་གྱིས་འབེབས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གཞན་ཡང་རྫས་ འབའ་ཞིག་གིས་འབེབས་པ་ནི་འདི་ལྟ་སྟེ། ཡི་དྭགས་ཁར་ནི་གུ་གུལ་བདུག །མར་ངོའི་ཡི་དྭགས་ཉིན་ཞག་ལ། །ཡི་དྭགས་མེས་བསྲེགས་བདུག་པས་ནི། །འགྲོ་བ་མ་ལུས་འབེབས་པར་བྱེད། །གཞན་ཡང་། ཐོད་པ་དེ་དང་གསེར་ཤིང་གི། །འབྲས་བུ་མ་དུ་ལུང་ག་དང་། །ཨ་ལ་ཙཀྲ་ཤུ་དག་དང་། །ཁྱིམ་བྱའི་སྒོ་ངས་བདུགས་ན་འབེབས། །ཞེས་གསུངས་ཏེ་དེ་ནི་ 14-1-42b མཆོག་མ་ཡིན་ནོ། །དེ་ལ་གལ་ཏེ་ཁྲོ་བོའི་རྒྱལ་པོ་བབས་པར་གྱུར་པ་དེ་ལྟ་ན་ནི་མཚན་ཉིད་འདིར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་བབ་ན་ནི། །མཚོན་ཆ་དང་བཅས་ལག་པ་ཡིས། །བདུད་སྡེ་རྣམས་ལ་ཁྲོ་འཛུམ་བྱེད། །ཆོས་ལ་འཚེ་བའི་བརྟན་གཡོ་འཇོམས། །གཡས་བརྐྱང་ལ་སོགས་རྐང་པ་ཡིས། །སྣ་ཚོགས་ རྡོ་རྗེའི་གར་ཡང་བྱེད། །ཡི་གེ་ཧཱུཾ་གི་སྒྲ་ཡིས་ནི། །བདུད་དཔུང་སྲེག་བྱེད་སྒྲ་ཡང་འབྱིན། །དང་པོའི་ལས་ཀྱི་རྣལ་འབྱོར་ལ། །གྲངས་མེད་རྒྱུད་ལས་གསུངས་པ་ཡིས། །མི་ནོམས་ལ་ནི་གླུ་གར་སྟོན། །ཁྲོ་བོའི་ཡོན་ཏན་དབང་གིས་ནི། །ངོ་ཚ་བྲལ་ཞིང་སོམ་ཉི་མེད། །མཚན་མ་གང་དང་གང་སྟོན་པ། ། དེ་དངོས་གྲུབ་སྒྱུར་ཤེས་བྱ། ལུས་དང་ངག་གི་དབྱེ་བ་ཡིས། །ལུས་བབས་པས་ནི་མཁའ་ལ་འགྲོ། །མ་མཐོང་དཀྱིལ་འཁོར་འདྲི་བ་དང་། །རི་བོ་ལ་སོགས་འདེགས་པར་བྱེད། །ངག་ནི་བབས་པ་ཙམ་གྱིས་ཀྱང་། །སྲིད་གསུམ་ལ་གནས་ལྷ་ཀླུ་ལས། །ངག་རྩོད་པ་ལས་རྒྱལ་འགྱུར་ཏེ། །འཇམ་ པའི་དབྱངས་དང་མཚུངས་པར་འགྱུར། །སེམས་བབས་ཕ་རོལ་སེམས་ཤེས་ཤིང་། །འདས་དང་མ་འོངས་ད་ལྟར་གྱི། །དུས་གསུམ་ལྐོག་ཏུ་གྱུར་པ་རྣམས། །མ་ལུས་ལུས་པ་མེད་པར་ཤེས། །དང་པོའི་ལས་ཀྱི་རྣལ་འབྱོར་ལ། །སངས་རྒྱས་སྤྱན་གྱིས་བྱིན་བརླབས་པའི། །ས་བབས་པས་ནི་རི་བོ་ ལྟར། །གྲངས་མེད་སྐྱེས་བུས་མི་སྒུལ་ལ། །མཱ་མ་ཀཱི་ཡིས་བྱིན་བརླབས་པའི། །ཆུ་བབས་པས་ནི་བསིལ་འགྱུར་ཞིང་། །ཚ་བའི་རིམས་སོགས་ཟིན་པ་ལ། །འཁྱུད་པ་ཙམ་གྱིས་བསིལ་བར་བྱེད། །ན་བཟའ་དཀར་མོས་བྱིན་བརླབས་པའི། །མེ་བབས་པས་ནི་སྲེག་བྱེད་ཅིང་། །གང་བསམ་དེ་ནི་ སྲེག་བྱེད་ལ། རི་བོའང་ཐལ་བ་ལྟ་བུར་བྱེད། །སྒྲོལ་མས་བྱིན་གྱིས་བརླབས་གྱུར་པའི། །རླུང་བབས་པས་ནི་སྐྱེས་བུ་དག །བསམས་པ་ཙམ་གྱིས་དེ་སྒྲོལ་ཅིང་། །དཔག་ཚད་བྱེ་བར་སྐྲོད་པར་བྱེད། །སྟོང་པ་བབས་པས་མཐོང་མི་འགྱུར། །མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མིག་བབས་པས་ནི་ དངོས་གཟུགས་དང་། །མ་མཐོང་རྫས་ཀྱང་མཐོང་བར་འགྱུར། །ལྷ་ཡི་རྣ་བ་བབས་གྱུར་ན། །འགྲོ་བས་མ་ཐོས་སྒྲ་ཐོས་འགྱུར། །ལྷ་ཡི་ཡིད་ནི་ཕེབས་གྱུར་ན། །གཞན་སེམས་ཤེས་པ་ཡེ་ཤེས་འབྱུང་། །ལྷ་ཡི་ལུས་དབང་བབས་གྱུར་ན། །རེག་བྱ་མཆོག་ཏུ་གྱུར་པ་འཛིན། །ལྷ་ཡི་ལྗགས་ནི་ 14-1-43a བབས་པ་ཡིས། །རོ་མཆོག་བཟང་པོ་མྱང་བར་འགྱུར། །ལྷ་ཡི་ཤངས་ནི་བབས་པ་ཡིས། །དྲི་བཟངས་སྣ་ཡིས་ཚོར་བར་འགྱུར། །ཞེས་བྱ་བ་ནི་ངེས་པ་སྟེ། སངས་རྒྱས་ཀྱི་བཀའ་ལུང་ངོ་། །བབས་པའི་མཚན་ཉིད་རྒྱས་པར་བསྟན་པའོ། །སྤངས་པའི་ཞེས་བྱ་བ་ནི། དབབ་ པ་ཞེས་བྱ་བ་དང་སྦྱར་རོ། །འདིར་ཁྲོ་བོའི་རྒྱལ་པོ་དང་། ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་བབས་པ་ལ་བྱ་བ་དང་བྱ་བ་མ་ཡིན་པ་དྲིས་ནས་སྤང་བར་བྱའོ། །དེ་ཡང་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་མེ་ཏོག་གམ་ཡང་ན་བདག་ཉིད་ཀྱི་གོས་ཀྱི་ཐ་མ་ལ་བསྔགས་ཏེ། སྤྱི་བོར་བཞག་པའམ་བྱབས་པས་རང་རང་གི་གནས་སུ་ གཤེགས་པར་འགྱུར་རོ། །གལ་ཏེ་དེས་ཀྱང་སྤངས་པར་མ་གྱུར་ན། དེའི་སྤྱི་བོར་སའི་དཀྱིལ་འཁོར་དང་རི་རབ་ཀྱིས་མནན་པས་ནི་སྤངས་པར་འགྱུར་ཏེ། སྟོན་དུ་ནི་མ་ཡིན་ནོ། །ཕྱི་ནས་མགོ་དང་སྙིང་ག་སྤྱི་གཙུག་ལྟོ་མགྲིན་དང་། གསང་བ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྱི་བོར་ནི་ཡི་གེ་ཨོཾ་མོ། སྙིང་ གར་ནི་ཡི་གེ་ཧཱུཾ་ངོ་། །སྤྱི་གཙུག་ཏུ་ནི་ཧཾ་སྟེ་ཐབས་ཀྱི་ཆའོ། །རང་རང་རིག་པར་གནས་ཞེས་བྱ་བ་ནི། ཐབས་ཀྱི་ཡུལ་ལ་སྤྱི་བོ་སྤྱི་གཙུག་སྙིང་ག་ཡིན་ལ། ཤེས་རབ་ཀྱི་ཡུལ་ནི་ལྟེ་མགྲིན་གསང་བའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་ངོ་བོའོ། །ཤེས་རབ་ཀྱི་ཆ་ལ་དགོད་ པའི་ཡི་གེ་གང་ཡིན་ཞེ་ན། ལྟེ་བར་ནི་ཧོ། མགྲིན་པར་ནི་ཨཱཿ། གསང་བ་ནི་ཀྵའོ། །བསྲུང་ཞེས་བྱ་བ་ནི་གནས་དྲུག་པོ་དེར་བསྲུང་བའོ། །གཞན་དུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མ་ཤེས་པའི་བྱིས་པ་རྣམ་ལ་བདུད་ཀྱི་འཚེ་བ་འབྱུང་བའི་ཕྱིར་རོ། །ལུས་ལ་གོས་དམར་བསྐོན་ཞིང་མིག་དག་དགབ་པ་སྟེ། །ཞེས་ བྱ་བ་ནི། ཡེ་ཤེས་ཀྱི་མེ་མཚོན་པར་བྱ་བའི་དོན་དུའོ། །སློབ་མ་འདིར་ནི་གཞུག་པར་བྱ་ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་འདིར་རོ། །ཀུན་རྫོབ་ཏུ་བརྟུལ་ཞུགས་ཞེས་བྱ་བ་ནི། ལས་དང་པོ་པའི་བྱིས་པའི་སྐྱེ་བོས་འདི་ཁོ་ན་མ་མཐོང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཡེ་ཤེས་ ཐོབ་པར་མ་གྱུར་གྱི་བར་དུ་འབད་པས་བསྲུང་བར་བྱ་བ་ཡིན་ཏེ། བརྟུལ་ཞུགས་ཞེས་བྱ་བ་དང་སྦྱར་རོ། །མཆོག་གི་འགྲོ་བ་སོང་བ་ཞེས་བྱ་བ་ནི། རྣམ་པར་གཟིགས་ནས་ཤཱཀྱ་ཐུབ་པ་ལ་ཐུག་པ་ཡང་བརྟུལ་ཞུགས་འདི་ལ་བརྟེན་ནས། མཆོག་གི་གནས་བརྙེས་ཞེས་བྱའོ། །འགྲོ་བ་ཞེས་བྱ་བ་བསོད་ནམས་ཀྱི་ 14-1-43b ཚོགས་དེ་དང་། ཡེ་ཤེས་ཀྱི་ཚོགས་འདི་དག་གིས་མཆོག་གི་གནས་སུ་འདོད་པའོ། །དེ་ལ་སྦྱིན་ཞེས་བྱ་བ་ནི། སློབ་དཔོན་རྣམས་ཀྱི་སློབ་མ་ལས་དང་པོ་པ་རྣམས་ལ། འབད་པས་སྦྱིན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལ་བརྟུལ་ཞུགས་ཀྱང་གང་ཡིན་ཞེ་ན། མནར་སེམས་མི་ བདེན་གཞན་གྱི་བུད་མེད་སྤངས་ཏེ་གཞན་གྱི་ནོར་དང་དེ་བཞིན་ཆང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མནར་སེམས་ཀྱི་སྒྲས་ནི་མིའི་འགྲོ་བ་ལ་སོགས་པ་གསོད་པ་ལྟ་ཅི་སྨོས་ཀྱི། སྲོག་དང་ལྡན་པ་ཐམས་ཅད་ལ། སྐད་ཅིག་ཙམ་མནར་སེམས་བུས་པས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་ལས་ཉམས་པར་རྟོགས་ པར་བྱའོ། །མི་བདེན་ཞེས་པས་ནི། སེམས་ཅན་རྣམས་ལ་སླུ་བའི་ཐབས་ཡང་དག་པར་བཟུང་སྟེ། བདག་གིས་འདོད་པ་ལ་སེམས་གནས་ནས་བརྫུན་དུ་སྨྲ་ན། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཏེ། ལས་དང་པོ་པའི་ལྟུང་བར་རྟོགས་པར་བྱའོ། །གཞན་གྱི་བུད་མེད་སྤངས་ཏེ་ཞེས་པ་སྟེ། གསང་ སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ལ། ཕྱག་རྒྱ་ཆེན་པོའི་མཐའ་རྟོགས་པར་བྱ་བའི་ཕྱིར། རྒྱུད་དེ་དང་དེ་ལས་གསུངས་པའི་མཚན་ཕུན་སུམ་ཚོགས་པའི་མི་མོ་གཞན་གྱིས་ཡོངས་སུ་མ་བཟུང་བ་ནི་གནང་བ་ཁོ་ན་ཡིན་ལ་དེའི་ཕྱིར་མི་ལྡོག་པའི་དབང་ཐོབ་པ་རྣམས་ལ་འཛག་པའི་བདེ་བའི་ཕྱིར་ནི་གནང་བ་མེད་པ་ལ་མི་འགྱུར་ བའི་ཕྱིར་ནི་བསྟེན་པ་ཁོ་ན་ཡིན་ནོ། །དང་པོའི་ལས་ཅན་རྣམས་ལ་ནི་འཛག་པ་ཡིན་ཡང་རང་གི་བཀག་པ་མེད་དོ། །དེ་ལྟར་རྣལ་འབྱོར་པ་དེ་གཉིས་ཀ་དག་གིས་ཀྱང་། གཞན་གྱིས་ཡོངས་སུ་བཟུང་བའི་མི་མོ་ནི་བསྟེན་པར་མི་བྱའོ། །གལ་ཏེ་བསྟེན་ན་འཇིག་རྟེན་པའི་ཁ་ན་མ་ཐོ་བས་སྡིག་ཏུ་འགྱུར་ཞིང་། དེའི་སྟོབས་ ཀྱིས་དམ་ཚིག་ཉམས་པར་འགྱུར་རོ། །གཞན་གྱི་ནོར་དང་ཞེས་བྱ་བ་ནི། དུད་འགྲོ་ཡན་ཆད་ཀྱིས་ཡོངས་སུ་བཟུང་བ་བདག་གིར་རྐུ་བའི་སེམས་ཀྱིས་མི་བྱ་སྟེ། བདེ་བར་གཤེགས་པས་བཀག་པའི་ཕྱིར་རོ། །དེ་བཞིན་ཆང་ཞེས་བྱ་བ་ནི་མི་བཏུང་ཞེས་བྱ་བར་སྦྱར་ཏེ། གང་དེ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། མྱོས་པའི་བར་དུ་བཏུང་བར་མི་བྱའོ། །མྱོས་པ་མ་ཡིན་པར་ནི་བཀག་པ་མེད་དོ། །དེ་བས་ན་མྱོས་པར་བཏུང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ལྔ་པོ་དེ་ཡང་སྤང་བར་བྱ་ཞེ་ན། བདག་གི་དགེ་བ་འཇོམས་བྱེད་འཁོར་བའི་རྡོ་རྗེའི་སྡིག་པའི་ཞགས་པ་ལྔ་པོ་འདི། །ཞེས་བྱ་བ་སྨོས་ཏེ། གང་གིས་རང་བཞིན་ཡོངས་ 14-1-44a སུ་མ་ཤེས་པས་དེ་བསྟེན་པ་ནི་ཕུང་ཁྲོལ་སྐྱེད་པས་སྤང་བར་བྱ་སྟེ། དེ་བས་ན་ལས་དང་པོ་པ་རྣམས་ཀྱིས་སོ། །གཞན་དེ་ཉིད་རིག་པ་རྣམས་ལ་ནི་ཉེས་པར་མ་གསུངས་སོ། །གང་ཞིག་གང་གི་དུས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་བྱ་བ་ནི་བདེ་བར་གཤེགས་པའོ། །གང་ གི་དུས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་འདུལ་བའི་བསྟན་པ་ལའོ། །ལྷ་དང་མིའི་བླ་མར་གྱུར་པ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའོ། །དེའི་མཚན་གྱིས་སྦྱིན་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའི་བཀའ་ལ་སོགས་པའི་མཚན་ནས་སྨོས་ཏེ་སྦྱིན་པའོ། །མཚན་ནས་སྨོས་ཏེ་ཇི་ལྟར་སྦྱིན་སྙམ་པ་ལ། སྣ་ཚོགས་གཙོ་བོ་ཞེས་བྱ་བ་ནི་འགྲོ་ བ་ཐམས་ཅད་ཀྱི་གཙོ་བོ་སྟེ། ཤཱཀྱ་ཐུབ་པ་ལ་སོགས་པའོ། །བཀའ་འདིས་ཞེས་པ་ནི། ཤཱཀྱ་ཐུབ་པའི་བཀའ་འདིས་ཞེས་སུ་སྦྱར་རོ། །སྲིད་པའི་འཇིགས་པ་ལས་སྐྱོབ་པས། །ཞེས་བྱ་བ་ནི། ཤཱཀྱ་ཐུབ་པའི་བཀའ་འདི་ལྟར་རྗེས་སུ་བསྲུངས་པས་འཁོར་བའི་སྡུག་བསྔལ་ལས་བསྲུང་ཞེས་བྱའོ། །དེ་བས་ན་ རིགས་ཀྱི་བུ་ཕོ་དང་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་ཁྱེད་ཀྱིས་ཀྱང་བསྐུང་ཞིང་སྲུངས་ཤིག་ཅེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་སློབ་མ་ལས་དང་པོ་པ་རྣམས་ལ་དམ་ཚིག་དེ་དག་དོན་དང་ལྡན་པར་སྦྱིན་པའོ། །དེའི་རྗེས་ལ་གལ་ཏེ་སྤྲོ་བར་གྱུར་ན། ཆོ་ལོ་ཁ་ན་མ་ཐོའི་ཟས་དང་ཚིག་ངན་འབྱུང་པོ་ལྷ་མིན་ དབང་པོའི་ཆོས། །ཞེས་བྱ་བ། མུ་སྟེགས་བྱེད་ཀྱི་རིག་བྱེད་པས་བརྗོད་པའི། ཕ་མེས་ལ་མཚུན་འཐོར་བ་ལ་སོགས་པས་སྤྱོད་པ་དང་གྲོལ་བར་ལྟ་བ་སྟེ། དེ་བཞིན་དུ་རྒྱན་པོ་འགྱེད་པ་དང་། སྲོག་བཅད་པའི་ཤ་ལ་ཟ་བ་དང་། སྐྱེས་པ་དང་། བུད་མེད་དང་། རྒྱལ་པོ་དང་། རྐུན་པོ་དང་། དམག་ལ་སོགས་པའི་ གཏམ་བརྗོད་པ་དང་། སྲོག་ལས་གྱུར་པའི་མཆོད་སྦྱིན་ལ་སོགས་པ་སྟེ། མི་བྱེད་པའི་སྡོམ་པ་ཡང་སྦྱིན་ནོ། །དེ་བཞིན་དུ་སྤྲོ་བར་གྱུར་ན། བ་ལང་བྱིས་པ་བུད་མེད་སྐྱེས་བུ་རྣམས་ཏེ་ལྷ་མིའི་བླ་མ་གསོད་པ་དང་། །ཞེས་བྱ་བ་གསོད་པ་ལྔ་མི་བྱེད་པའི་སྡོམ་པ་སྦྱིན་ནོ། །དེ་བཞིན་དུ་སྤྲོ་བར་གྱུར་ན། གྲོགས་ དང་མངའ་བདག་ལྷ་མིའི་བླ་མ་དགེ་འདུན་དང་ནི་དབུགས་འབྱིན་ལ་འཁུ་དང་། །ཞེས་བྱ་བ་རྣམས་ཀྱང་མི་བྱ་ཞེས་པའི་སྡོམ་པ་སྦྱིན་ནོ། །གཞན་ཡང་དབང་པོའི་ཡུལ་ཆགས་མི་བྱ་སྟེ། །སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་བྱ་བ་ཡང་སྦྱིན་པར་བྱ་སྟེ། ཡུལ་རྣམས་ནི་ཕུང་ཁྲོལ་བསྐྱེད་པའི་རྒྱུ་ཞེས་ 14-1-44b བྱའོ། །གཉིས་གཉིས་སྤྲོད་པ་སྲོག་གཅོད་དང་། །མ་བྱིན་ལེན་དང་བརྫུན་དུ་སྨྲ། འདི་དག་མ་སྤངས་བསྟེན་པ་ཡིས། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་མནར་སེམས་མི་བདེན་གཞན་གྱི་བུད་མེད་ལ་སོགས་པ་སྤང་བར་བྱ་ཞེ་ན། དེ་ནི་བདེན་ཀྱང་འདོད་པའི་ ཡུལ་བསྟེན་པས་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་གསུངས་པ་དེ་ནི། རྣལ་འབྱོར་པ་རང་བཞིན་ཡོངས་སུ་ཤེས་པ་རྣམས་ལ་ཡིན་གྱི། ལས་དང་པོ་པར་གཏོགས་པའི་རྣལ་འབྱོར་པ་བྱིས་པའི་རང་བཞིན་ཅན་རྣམས་ལ་གསུངས་པ་མ་ཡིན་ཏེ། བྱིས་པའི་རྣལ་འབྱོར་པ་རྣམས་ལ་དེ་ཉིད་ཀྱིས་ཡོངས་སུ་ འཆིང་བར་བྱེད་དེ། དཔེར་ན་སྔགས་ལ་སོགས་པས་ཡོངས་སུ་བཏུལ་བ་མ་བྱས་པའི་དུག་དང་གསེར་དང་དངུལ་གྱི་བཟའ་བཏུང་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བསྐྱེད་པར་འགྱུར་བ་བཞིན་ནོ། །དེ་བས་ན་བྱིས་པའི་རང་བཞིན་ཅན་རྣམས་ལ་ནི་བཀག་ལ། རྣལ་འབྱོར་པ་འགྱུར་བ་མེད་པ་ཐོབ་པ། ཆོས་ཐམས་ ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་བ་རྣམས་ལ་གནང་བ་ཁོ་ན་ཡིན་ནོ། །དེ་ལྟར་ལས་དང་པོ་པ་རྣམས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བྱིན་པའི་རྗེས་ལ། བྱིན་པའི་རིགས་ཡོངས་སུ་བརྟག་པའི་དོན་དུ། དཔལ་ལྡན་སྔགས་ཀྱིས་མངོན་པར་བསྔགས་པའི་པདྨའི་ནང་དུ་མེ་ཏོག་གཅིག་བྱིན་ཏེ། །ཞེས་བྱ་བ་ སྐུ་གསུང་ཐུགས་ཀྱིས་བསྔགས་པའི་མེ་ཏོག་ལག་ཏུ་སློབ་དཔོན་གྱིས་སྦྱིན་ནོ། །དེ་ཡང་དཀྱིལ་འཁོར་དུ་ཞུགས་པའི་དོན་ཡིན་གྱི་གཞན་ནི་མ་ཡིན་ནོ། །དང་པོར་ལན་གསུམ་བསྐོར་ལ་ཞེས་བྱ་བ་ནི་སློབ་མ་ལས་ཀྱི་རྡོ་རྗེ་དང་ལྡན་པས་སོ། །ལག་པ་པདྨ་ནས་ནི་མེ་ཏོག་དཀྱིལ་འཁོར་ལ་དོར་བྱ། །ཞེས་བྱ་བ་ནི་དཀྱིལ་ འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་ལ། རིགས་ཀྱི་མེ་ཏོག་ཚོམ་བུ་འམ། བུམ་པ་ལ་སོགས་པ་ལ་དོར་བར་བྱའི། རྡུལ་ཚོན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་གནས་སུ་མེ་ཏོག་ལྷུང་གྱུར་དེ་ནི་དེ་ཡི་རིགས་ངེས་མི་ཡི་བདག་པོ་ཀྱེ། །ཞེས་བྱ་བ་ནི། ཕྱི་ནས་མེ་ཏོག་བབས་པའི་རིགས་ཀྱི་ལྷ་དང་རྗེས་སུ་ མཐུན་པའི་ལས་ཀྱི་ཕྱག་རྒྱ་བཟུང་ན་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་ནས་རིགས་ཀྱི་ལྷ་ལ་སོགས་པ་ཡང་བསྟན་པར་བྱའོ། །ཕྱི་ནས་དབང་བདུན་དང་ནི་རྣམ་གསུམ་བླ་མེད་ཆེན་པོ་འདིར་ནི་སྦྱིན་པར་བྱ། །ཞེས་བྱ་བ་ནི། སློབ་དཔོན་གྱི་ལས་ཀྱི་གོ་རིམས་ཡིན་ཏེ། དེ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ 14-1-45a ཤར་གྱི་སྒོར་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། ལྷ་རྣམས་གཡས་བརྐྱང་པ་དང་། གཡོན་བསྐུམ་བཞུགས་པ་དང་། བཞེངས་བའི་རྗེས་སུ་མཐུན་པར་གནས་ཏེ། ཆུ་ལ་སོགས་པས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ཡང་རྣམ་བདུན་ཞེས་བྱ་བ་ནི་ཆུ་ལ་སོགས་པ་ བདུན་ཏེ། བྱིས་པ་རྣམས་གཞུག་པར་བྱ་བ་ཡིན་ལ། རྣམ་གསུམ་ཞེས་བྱ་བ་ནི་བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཏེ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་མོ། །བླ་མེད་ཆེན་པོ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་དབང་ཡིན་ཏེ། དེ་ནི་འཇིག་རྟེན་པའི་རྗེས་ཐོགས་སུ་སྦྱིན་གྱི་སྔོན་དུ་ནི་མ་ཡིན་ ནོ། །ད་ནི་དབང་བདུན་གྱི་ཆོ་ག་བརྗོད་པར་བྱ་བའི་ཕྱིར་སྨན་དང་དྲིར་ལྡན་ཞེས་བྱ་བ་ལ་སོགས་པ་ལ། སྨན་ནི་སྔོན་དུ་རྩ་བའི་རྒྱུད་ལས་གསུངས་པའི་དྲིའི་མཆན་ཁུང་གི་ལེའུ་ཚེ་ལས་མིག་ལ་སོགས་པའི་ཆས་གཟུང་བར་བྱ་སྟེ། ལེའུ་ཉི་ཤུ་རྩ་ལྔའི་དབུས་ནས་ཇི་ལྟར་རྙེད་པ་རྒྱུད་ལས་གསུངས་པའི་ཆོ་གས་ སྨན་ལྔ་གཟུང་བར་བྱའོ། །དེ་ཡང་ཇི་སྐད་དུ་དང་པོའི་སངས་རྒྱས་ལས། དྲི་མཆན་ལེའུ་ཚེ་རྒྱལ་པོ་ཀྱེ། །རིམ་པས་སྨན་རྣམས་དགོད་བྱ་བ། །མིག་དང་ཟླ་བ་མེ་སོགས་ཆས། །ཚངས་པ་ལ་སོགས་ལྔ་ལྔ་ཡིས། །ཚངས་པ་སྲེད་མེད་དྲག་པོ་དང་། །དབང་ཕྱུག་མ་དང་མཆོག་དབང་མོ། །བརྒྱ་བྱིན་མ་ དཔལ་ཕག་མོ་དང་། །གཞོན་ནུ་ཙ་རྩི་ཀ་དེ་བཞིན། །ས་བདག་མོ་དང་ཆུ་དང་འོད། །རླུང་སྟེ་དེ་བཞིན་མཁའ་སྤྱོད་མ། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་དེ་བཞིན་སྒྱུག་མོ་དང་། །བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་། །དམངས་རིགས་རིགས་ངན་དེ་བཞིན་ཏེ། །སྨན་འདི་རྣམས་ནི་རྟག་པར་ཡང་། །གྲུབ་ཆེན་ བཟའ་དང་རྫུ་འཕྲུལ་སྟེར། །ཞེས་དེ་བཞིན་གཤེགས་པས་གསུངས་སོ། །དེ་བས་ན་སྨན་དང་དྲི་དེ་རྣམས་ནི་བུམ་པའི་ནང་དུ་བླུགས་པར་བྱ་བ་ཡིན་ནོ། །རྒྱལ་དང་རྣམ་རྒྱལ་ཞེས་བྱ་བ་ནི། གཙོ་བོ་དང་ལས་ཐམས་ཅད་པའི་བུམ་པའོ། །ས་བུམ་རང་བཞིན་དག་གམ་ཞེས་བྱ་བ་ནི། །སྤྱིར་བུམ་པ་ཐམས་ཅད་ནི་ རིན་པོ་ཆེ་དང་རྡོ་རྗེའི་རིགས་ལས་བྱ་བ་ཡིན་ལ་དེ་མ་འབྱོར་པས་ནི་སའི་རང་བཞིན་ལས་ཀྱང་བྱ་ཞེས་བྱ་སྟེ། འོན་ཀྱང་ནང་དུ་རིན་པོ་ཆེ་དང་། འབྲུ་དང་། སྨན་རྣམས་ཀྱང་བླུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དི་ཡང་རིན་པོ་ཆེ་ལས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཅན་བཞི་གཙོ་པོ་ཡིན་ལ། དེ་བཞིན་དུ་རྡོ་རྗེའི 14-1-45b རིགས་ནི། ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་དང་། ཆུ་ཤེལ་དང་། ཀརྐེ་ཏ་ཀ་དང་། མརྒད་དེ་གཙོ་བོ་ཡིན་ནོ། །དེ་བཞིན་དུ་ལྕགས་གསུམ་སྟེ། །གསེར་དངུལ་ཟངས་རྣམས་དང་། ལྕགས་བཟང་རྣོན་པོའི་ནི་གཞན་ནོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་ནི། །མུ་ཏིག་བྱུ་རུ་རྒྱལ་པོའི་ཆོས། །ཤཱུ་ལ་ནོར་བུ་ཐིག་ལེ་ དང་། །རྣམ་པ་དྲུག་ཏུ་རབ་ཏུ་བརྗོད། །རིན་པོ་ཆེ་ཐ་མའི་རིགས་ནི། ཤེལ་དང་སྲོག་ཅེས་བྱ་བའི་རིགས་དང་། འོང་ཧ་རི་དང་མཆིང་བུ་དང་། །ནོར་བུ་ལྗང་ཁུའི་རིགས་རྣམས་ཏེ། །དེ་ལྟར་རྙེད་པ་གཟུང་བར་བྱ། །ཞེས་བྱ་བའོ། །དེ་མེད་པས་མེ་ཏོག་དྲི་ཞིམ་པ་ཁ་དོག་ལྔས་ཀྱང་བླུགས་པར་བྱའོ། །ཡང་རྣམ་པར་ རྒྱལ་བའི་སྟེང་གི་དུང་ཆོས་སུ་རིན་པོ་ཆེ་ལྗང་ཁུ་བླུགས་པར་བྱའོ། །རིན་པོ་ཆེ་སྔོན་པོ་ནི་ཤར་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པར་བླུགས་སོ། །ཤར་དང་མེའི་བུམ་པར་ནག་པོའོ། །ལྷོ་དང་བདེན་བྲལ་གྱི་བུམ་པར་དམར་པོའོ། །བྱང་དང་དབང་ལྡན་གྱི་བུམ་པར་དཀར་པོའོ། །ནུབ་དང་རླུང་གི་བུམ་པར་སེར་ པོའོ། །དེ་བཞིན་དུ་སྨན་རྣམས་ལས་ཆ་གཅིག་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པར་རོ། །ཤར་དང་མེ་རུ་ཆ་གཉིས་པའོ། །གཤིན་རྗེ་དང་ལྷ་མིན་དུ་ཚ་གསུམ་པའོ། །བྱང་དང་དབང་ལྡན་དུ་ཆ་བཞི་པའོ། །ནུབ་དང་རླུང་དུ་ཆ་ལྔ་པའོ། །དེ་ལྟར་ན་ཉི་ཤུ་ལྔ་པོ་དེ་ཡང་ཐུམ་བུར་བཅིངས་པ་བུམ་པ་ལ་དགོད་བར་ བྱའོ། །བཞི་བརྒྱད་ཅེས་བྱ་བ་ནི་རྟེན་གྱི་བྱེ་བྲག་གི་བུམ་པའི་གྲངས་བསྟན་པ་ཡིན་ལ། དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བ་ལ་བུམ་པ་བཅུའོ། །དགེ་ཚུལ་ལ་དྲུག་གོ། །ཁྱིམ་པ་ལ་གཅིག་སྟེ། དེ་ཡང་བཞི་ནི་དགེ་ཚུལ་གྱི་ཡིན་པས། རྒྱལ་བ་དང་རྣམ་པར་རྒྱལ་བའི་གཉིས་ཏེ་དྲུག་གོ། བརྒྱད་ནི་དགེ་སློང་ལ་སྟེ། རྒྱལ་བ་དང་རྣམ་པར་རྒྱལ་བ་དང་བཅུའོ། །ཁྱིམ་པའི་དབང་ལ་རྒྱལ་བ་དང་རྣམ་པར་རྒྱལ་བ་གང་ཡང་རུང་བ་གཅིག་གོ། །དེ་དག་གིས་དབང་བསྐུར་བའི་གནས་ལྔ་སྟེ། གཙུག་ཏོར་དང་ཕྲག་པ་གཡས་གཡོན་དང་། གྲུ་མོ་གཡས་གཡོན་དང་། རྐུབ་ཚོས་དང་། ཆུ་སོ་རྣམས་ལའོ། །དེ་ནས་རིགས་ཀྱི་ལྷ་སྦྱང་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་ལ་མངོན་པར་བསྔགས་ཏེ། །སློབ་མས་དོར་དུ་གཞུག་གོ། །དེའི་རྗེས་ལ། ཨོཾ་དི་བྱན་ས་མུ་དྒྷ་ཊ་ཡཱ་མི། ཞེས་བྱ་བས་མིག་ཕྱེ་ལ། དཀྱིལ་འཁོར་གྱི་གཙོ་བོ་སྔོན་དུ་འགྲོ་བས། དཀྱིལ་འཁོར་མ་ལུས་པ་དང་། རིགས་ཀྱི་ལྷ་ངོ་བསྟན་པར་བྱའོ། ། 14-1-46a ད་ནི་ཤར་སྒོ་ནས་སོ། །དེ་ནས་སློབ་དཔོན་གྱི་ལག་པ་གཡོན་པས་སློབ་མ་བསྐུལ་ཏེ། ལས་ཀྱི་རྡོ་རྗེ་དང་ལྷན་ཅིག་དཀྱིལ་འཁོར་ལ་བསྐོར་བར་བྱ་སྟེ། བྱང་སྒོར་བཏང་ལ། ལུས་ཀྱི་དྲི་མ་ཀུན་རྫོབ་ཙམ་དུ་སྦྱང་བའི་ཕྱིར། སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སྔགས་ཀྱི་བུམ་པ་ཐམས་ ཅད་ནས་ཆུ་བླངས་ཏེ་རྣམ་རྒྱལ་གྱི་དུང་ཆོས་སུ་བླུགས་ལ། ཡང་སྐྱེབའི་གནས་ལྔར་ཆུའི་དབང་བསྐུར་བར་བྱ་སྟེ། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ། །དེ་ནས་ཅོད་པན་གྱིས་ཀྱང་། སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ། ཨོཾ་ཨཱ་ཨ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་ཏ་ཐཱ་ག་ཏ་པ་ རི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་དབང་བསྐུར་བར་བྱའོ། །དེ་ནས་རིན་པོ་ཆེ་འམ་གསེར་རམ་གོས་ལས་བྱས་པ་མགོ་ལ་བཅིང་བར་བྱའོ། །དེ་ལྟར་དབང་གཉིས་ཀྱིས་ཁམས་དང་ཕུང་པོ་ཡོངས་སུ་སྤྱངས་པས་ཀུན་རྫོབ་ཙམ་དུ་ལུས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྐུའི་ཞལ་གྱི་ཤར་གནས་སུ་ལུས་སྦྱང་བར་ བྱའོ། །དེ་ནས་ཡང་གཡས་སྐོར་གྱིས་ངག་རྣམ་པར་དག་པའི་ཕྱིར་ལྷོའི་སྒོར་སོང་སྟེ་སྐྱེབའི་གནས་ལྔར་དར་དཔྱངས་ཀྱིས་དབང་བསྐུར་བར་བྱ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿ། ཧོ་ཕྲེཾ་ད་ཤ་པཱ་ར་མི་ཏྲཱ་པ་རི་པཱུ་ར་ཎེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ནི་རིན་པོ་ཆེའམ་གསེར་རམ། མ་འབྱོར་ན་མེ་ཏོག་གི་ཕྲེང་ བ་ལ་སོགས་པའི་དར་དཔྱངས་བཅིང་བར་བྱའོ། །དེ་ནས་ཡང་སྐྱེ་བའི་གནས་ལྔར་རྡོ་རྗེ་དང་དྲིལ་བུའི་སྔགས་འདིས་དབང་བསྐུར་ཏེ། ཨོཾ་ཧུཾ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ལ་དུང་ཆོས་ཀྱི་ཆུས་དབང་བསྐུར་རོ། །དེ་ལྟར་དབང་གཉིས་ཀྱིས་གསུང་རྡོ་རྗེ་དག་པར་བྱས་ནས་རྡོ་རྗེ་སོར་གདུབ་སྦྱིན་ཏེ། གཡས་ནས་བསྐོར་ལ་ཤར་གྱི་སྒོའི་ཞལ་དུ། ཐུགས་རྡོ་རྗེ་དག་པར་བྱ་བའི་ཕྱིར་སྐྱེ་བའི་གནས་ལྔར་བརྟུལ་ཞུགས་ཀྱི་དབང་སྔགས་འདིས་བསྐུར་བར་བྱའོ། །ཨོཾ་ཨ་ཨཱ། ཨེ་ཨཻ་ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ་བི་ཥ་ཨེནྟྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ཏོག་ཕྲེང་ བ་བཏགས་ཏེ། ཡང་སྐྱེ་བའི་གནས་ལྔར་མིང་གི་དབང་བསྐུར་བའི་སྔགས་འདིས་སོ། །ཨོཾ་ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤོ་དྷ་སྭཱ་ཧཱ། ཞེས་བྱ་བ་སྟེ་ལག་གདུབ་དང་། རྐང་གདུབ་ལ་སོགས་པ་མེད་པར་གྱུར་ན། རྐང་ལག་ལ་མེ་ཏོག་གི་ཕྲེང་བས་བཅིང་བར་བྱའོ། །དེ་ 14-1-46b ནས་ལུང་བསྟན་པའི་དབང་ནི། རྡོ་རྗེ་ཆེ་གེ་མོ་ཁྱོད་ཅེས་བྱ་བ་སྟེ། དེ་ལྟར་རྡོ་རྗེ་དང་དྲིལ་བུའི་དབང་གཉིས་ཀྱིས་ཐུགས་རྡོ་རྗེ་དག་པར་བྱས་ནས། ཡང་ཡེ་ཤེས་དག་པར་བྱ་བའི་དོན་དུ། སླར་སློབ་མ་གཡས་ཕྱོགས་ནས་ནུབ་སྒོའི་ཞལ་དུ་རྗེས་སུ་གནང་བའི་དབང་། སྔགས་འདིས་སྐྱེ་བའི་གནས་ལྔར་བསྐུར་ཏེ། ཨོཾ་ཧཾ་ཀྵ་དྷརྨྨ་ཙཀྲ་པྲ་བརྟ་ཀ་སྭཱ་ཧཱ། ཞེས་བྱ་བས་དབང་བསྐུར་ནས་ལུས་ངག་ཡིད་ཡེ་ཤེས་ཀྱི་རྡོ་རྗེ་དག་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་རབ་སྦྱིན་སྙིང་རྗེ་མཆོག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ཞེས་བྱ་བ་གསུངས་ཏེ། སློབ་དཔོན་གྱིས་སློབ་མ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བོས་ལ། ལག་ཏུ་རྡོ་རྗེ་དང་དྲིལ་བུ་སྦྱིན་ པར་བྱའོ། །དེ་ནས་དག་པའི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། རྡོ་རྗེ་རིགས་ཀྱི་ངེས་པར་སྲོག་བཅད་ཅེས་བྱ་བ་ནས། དཀྱིལ་འཁོར་དུ་ནི་ཡང་དག་སྦྱིན། །ཞེས་བྱ་བ་ལ་ཐུག་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་པར་བྱའོ། །དེ་ནི་དབང་བདུན་གྱི་ཆོ་ག་ཡོངས་སུ་རྫོགས་པ་ཡིན་ཞིང་། དེ་ནས་ཕུ་ནུའི་རིམ་ པ་ཤེས་པར་བྱ་བའི་དོན་དུ། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བསམ་ཞིང་། ལོ་ལ་སོགས་པའི་ཚིག་བརྗོད་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང་། རིགས་ལྡན་རྒྱལ་པོ་ཆོས་སྟོན་པ་ཆེ་གེ་མོ་དང་། ཟླ་བ་ཆེ་གེ་མོ་དང་། ཉི་མ་ཆེ་གེ་མོ་དང་། གཟའ་ཆེ་གེ་མོ་དང་། ཚེས་ཆེ་གེ་མོ་དང་། སྐར་མ་ཆེ་གེ་མོ་དང་། སྦྱོར་བ་ཆེ་གེ་མོ་དང་། བྱེད་པ་ཆེ་གེ་མོ་ལ། མཆོག་གི་དང་པོའི་སངས་རྒྱས་སས་མ། དཀྱིལ་འཁོར་གཞན་དུ། རྡོ་རྗེ་སློབ་དཔོན་ཆེ་གེ་མོས། སློབ་མ་ཆེ་གེ་མོ་ལ་གཙོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་དང་། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། འོག་མིན་གྱི་གནས་ཀྱི་མཐར་ཐུག་པར་བདག་གིས་ལུང་བསྟན་པ་དང་། རྗེས་སུ་གནང་བ་ཡིན་ནོ་ཞེས་བྱ་བ་ནི་དབང་བདུན་གྱི་ངེས་པའོ། །གཞན་ཡང་འདི་ལྟར་རྒྱུད་གཞན་དུ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་དབང་སྔར་གང་གསུངས་པ་དེ་བྱིས་པའི་སྐྱེས་བོ་ རྣམས་གཞུག་པ་ཡིན་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཡིན་པ་དེ་ལྟ་ན་ནི་རྒྱུད་ཐམས་ཅད་ལ་ནི་དཀྱིལ་འཁོར་ལ་མེ་ཏོག་བབས་པ་རིགས་ཀྱི་ལྷར་གསུངས་པ། དེ་བས་ན་དེ་ཇི་ལྟར་འཐད་པར་འགྱུར། དེའི་ཕྱིར་མེ་ཏོག་གང་ལ་བབས་པ་དེ་དང་། རིགས་ཀྱི་ཕྱག་རྒྱ་ 14-1-47a དེས་དེ་ལ་འགྲུབ་པར་འགྱུར་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་མངའ་བདག་ཅོད་པན་ཅན། །ཤེས་གསུངས་པ་དེའི་ཕྱིར། གང་ལ་མེ་ཏོག་ལྷུང་བ་དེ་ཅོད་པན་གྱི་གཙོ་བོར་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་ མ་ཡིན་ནོ། །ད་ནི་རྣམ་པར་དག་པ་གཞན་བརྗོད་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་སྲོག་གཅད་བྱ་ཞིང་ཞེས་བྱ་བ་ལ་སོགས་པས་འདིར་སྲོག་བཅད་པ་ལ་སོགས་པའི་དམ་ཚིག་ནི། དྲང་བ་དང་ངེས་པའི་དོན་གྱིས་རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ་། །དེ་ལ་ཕྱི་ནི་གང་བཅོམ་ལྡན་འདས་ཀྱིས་སྲོག་གཅད་པར་བྱ་བ་གསུངས་ པ་དེ་ནི། མཚམས་མེད་པ་ལྔ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང་། དམ་ཚིག་དྲལ་བ་རྣམས་ལ་ངེས་པ་ཡིན་པས། དེ་བས་ན་གང་མཚམས་མེད་པ་ལྔ་བྱེད་པ་དེ་སྔ་ཕྱིར་ཤེས་པར་བྱ་སྟེ། འདིར་གང་གིས་དང་པོ་མཚམས་མེད་པ་ལ་སོགས་པ་བྱེད་པ་ལ་ཕྱིས་མི་བྱེད་པ་དེ་ལྟ་ན་ནི་སྐད་ཅིག་ ཙམ་གསད་པར་བྱ་སྟེ། དཔེར་ན་ཆོས་རྒྱལ་མྱ་ངན་མེད་པ་ལྟ་བུའོ། །དེ་བས་ན་དེ་ལས་གཞན་པ་དགེ་བ་དང་མི་དགེ་བའི་མཚན་ཉིད་མི་ཤེས་པ་དང་། མངོན་པར་ཤེས་པ་མ་ཐོབ་པ་རྣམས་ཀྱིས་གསད་པའི་ལས་བྱས་ན་ངེས་པར་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་ཇི་སྲིད་དུ་རྣལ་འབྱོར་ལ་མངོན་པར་ཤེས་ པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་སྔགས་པས། ཞི་བ་དང་རྒྱས་པ་དང་དབང་དང་། དགུག་པ་ལ་སོགས་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་བགྲོད་པ་ དང་། རང་གི་ལུས་ཀྱི་མཐར་གཏུགས་པ་སྦྱིན་པ་སྦྱིན་པར་བྱ་བ་ནི་གཞན་གྱི་དོན་དུ་ཡིན་གྱི་བདག་གི་དོན་དུ་མ་ཡིན་པ་ནི་ངེས་པའོ། །གལ་ཏེ་འདི་ནི་འགའ་ཞིག་ཇི་སྲིད་འཚོའི་བར་དུ་མཚམས་མེད་པ་ལྔའི་ལས་བྱེད་པ་དེ་ལྟ་ན་ནི་སྔོན་དུ་གསུངས་པའི་ཁྲོ་བོའི་རིག་སྔགས་བསྒྲུབས་ཏེ། བཅོམ་ལྡན་འདས་མི་ བསྐྱོད་པའི་ཏིང་ངེ་འཛིན་འདིས་གསད་པར་བྱ་ཞེས་པ་ནི་ངེས་པའོ། །གཞན་ཡང་ལམ་མ་ཡིན་པར་ལྷུང་བ་རྣམས་དྲང་བའི་ཕྱིར་བརྫུན་དུ་སྨྲའི། རང་གི་དོན་དུ་མ་ཡིན་པ་ནི་ངེས་པའོ། །དེ་བཞིན་དུ་མ་བྱིན་པར་བླངས་པ་ཡང་ཡི་དྭགས་ཀྱི་གནས་སུ་འགྲོ་བ་ལས་བཟློག་པའི་ཕྱིར་ཡིན་གྱི་རང་གི་དོན་དུ་མ་ཡིན་ནོ། །དེ་ 14-1-47b བཞིན་དུ་གཞན་གྱི་བུད་མེད་ལ་བགྲོད་པ་ཡང་། དུད་འགྲོའི་གནས་ལས་བཟློག་པའི་དོན་དུ་ཡིན་གྱི། རང་གི་འདོད་ཆགས་ཀྱི་དོན་དུ་ནི་མ་ཡིན་ནོ། །བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ་ཡང་རིགས་སུ་འཛིན་པ་འཇོམས་པའི་དོན་ཡིན་གྱི། གཞན་ཡང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཕྱིར། རིགས་ངན་པ་ལ་སོགས་པའི་མི་མོ་རྣམས་ལ་བརྙས་པར་མི་བྱའོ། །གཞན་ཡང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྦྱིན་པ་རྒྱ་ཆེན་པོ་ཡང་གཏང་བར་བྱའོ། །འདི་ལྟར་རལ་གྲི་དང་། རིན་པོ་ཆེ་དང་། པདྨ་དང་། འཁོར་ལོ་དང་། གྲི་གུག་གི་རིགས་རྣམས་ཀྱིས་སྔགས་བསྒྲུབས་ཏེ། ནུས་པ་དང་ལྡན་པའི་ རྣལ་འབྱོར་པས་ཐམས་ཅད་བྱ་ཞིང་། འཇིག་རྟེན་པའི་བཞད་གད་དུ་མི་འགྲོ་བར་འགྱུར་རོ་ཞེས་པ་ནི་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ། འདི་ན་ལུས་ཅན་རྣམས་ཀྱིས་རང་རང་གི་ལུས་ཀྱི་སྲོག་ལྟུང་བར་བྱས་པ་ནི་སྲོག་བཅད་པའོ། །རྡོ་རྗེའི་རིགས་ཞེས་པ་ནི། གཙུག་ཏོར་དུ་འགོག་པར་བྱ་བ་ སྟེ། སྲོག་བཅད་པ་དེས་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་སྟེང་དུ་བཏང་བ་ནི་ངེས་པའོ། །རལ་གྲི་ཡིས་ནི་བརྫུན་གྱི་དག །ཅེས་བྱ་བ་ནི། འདིར་བརྫུན་ཞེས་བྱ་བ་ནི་དྲང་དོན་དུ་མི་གནས་པའི་ངག་ཡིན་ལ། ངེས་དོན་དུ་སེམས་ཅན་གྱི་སྒྲ་སྐད་ཀྱིས་ཅིག་ཅར་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བྱེད་པའོ། ། དེ་ཉིད་སྙིང་གའི་གཞོམ་དུ་མེད་པའི་སྒྲ་ནི་ངེས་པའོ། །རིན་པོ་ཆེ་ཡིས་གཞན་གྱི་ནོར་འཕྲོག་ཅེས་བྱ་བ་ནི། འདིར་གཞན་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཡིན་ལ། དེའི་ནོར་བུ་རིན་པོ་ཆེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཞིང་དེ་འཕྲོགས་པས་ནི་རིན་པོ་ཆེའི་རིགས་ཏེ་མགྲིན་པས་བརྒྱད་པའི་གནས་སུ་ངེས་པའོ། ། རིགས་མཆོག་པདྨ་ཡིས་ཀྱང་ཕ་རོལ་བུད་མེད་འཕྲོག་ཅེས་བྱ་བ་ནི་འདིར་ཕ་རོལ་གྱི་བུད་མེད་ནི། ཕྱག་རྒྱ་ཆེན་མོ་ཡིན་ལ། དེ་འཕྲོགས་པས་ནི་ཕ་རོལ་བུད་མེད་འཕྲོགས་པ་ཡིན་ཏེ། དེ་འཕྲོག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་དཔྲལ་བ་པདྨའི་རིགས་ས་བཅུའི་གནས་སུ་སླེབས་པ་ནི་ངེས་པའོ། །ཆང་དང་མར་མེ་སངས་རྒྱས་ ཡུལ་རྣམས་བཟང་པོ་མ་ལུས་འཁོར་ལོར་བསྟན་པར་བྱ། །ཞེས་པ་ལ་འདིར་ཆང་ནི། ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང་། མར་མེ་ཞེས་བྱ་བ་ནི་གླང་དང་ཁྱི་ལ་སོགས་པ་དང་། མི་མཐུན་པའི་དངོས་པོ་ལྔ་པོ་ནང་དུ་བསྡུ་བའོ། །སངས་རྒྱས་ནི་བདུད་རྩི་ལྔ་སྟེ། འཁོར་ལོ་ནི་བདེ་བའི་པདྨའོ། །བསྟེན་པར་བྱ་བ་ནི་ 14-1-48a བཟའ་བ་ཡིན་ཏེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། བཤང་གཅི་དང་ཁུ་བ་ཕྱིར་མི་འཛག་པར་བྱེད་པ་ནི་ངེས་པའི་དོན་ཏོ། །རིགས་ངན་ལ་སོགས་ཞེས་བྱ་བ་ནི། རིགས་བཞིའི་བུད་མེད་ཡིན་ལ། གྲི་གུག་ཅེས་བྱ་བ་གསང་བའི་པདྨའོ། །ནམ་མཁའི་པདྨོ་ཞེས་བྱ་བ་ནི། ཆགས་པ་མེད་པའི་ཏིང་ངེ་འཛིན་ གྱིས་སོ། །བརྙས་མི་བྱ་ཞེས་བྱ་བ་ནི་སྐྱེ་གནས་ལ་བསྲུབ་པའི་དུས་སུ་ཚངས་པར་སྤྱོད་པའི་དབང་གིས་ཕྱི་རོལ་དུ་བྱང་ཆུབ་སེམས་མི་གཏོང་བ་ནི་ངེས་པའི་དོན་ཏོ། །རང་ལུས་ནོར་བཅས་སེམས་ཅན་དོན་དུ་སྤྱིན་གྱི་འདིར་ནི་ཁྱོད་ཀྱིས་བསྲུང་མི་བྱ། །ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སློབ་མ་རྣམས་ཀྱིས་ རྡོ་རྗེ་སློབ་དཔོན་ལ་རང་གི་ལུས་པོ་བུ་སྨད་དང་བཅས་ཤིང་། བདོག་པ་ཕུན་སུམ་ཚོགས་པ་དབུལ་བའོ། །དེ་ཡང་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་འདི་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ལ། ཚོགས་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཀྱེ་ རིགས་ཀྱི་བུ་རྣམས་ཞེས་བྱའོ། །དེ་ལྟར་བསྟན་པ་ལས། གཞན་དུ་དཔག་མེད་བསྐལ་པ་ཡིས་ཀྱང་སངས་རྒྱས་མིན་པར་རྒྱལ་བས་གསུངས་སོ། །རིགས་ཀྱི་བུ་ཞེས་པའི་དོན་ཏོ། །རྣམ་པར་དག་པའི་ཆོས་བསྟན་པ་སྟེ། རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་ཏོ། །དེ་ན་དབང་གི་རྣམ་པར་དག་པ་བརྗོད་པའི་ཕྱིར། ཆུ་ནི་ སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་གང་ཡང་འདིར་ཆུའི་དབང་སྟེ། དེས་ནི་རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པའི་སྐུའོ། །དེ་བཞིན་དུ་ཅོད་པན་གྱི་དབང་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་རྣམ་པར་དག་པའོ། །དཔའ་བོའི་དར་དཔྱངས་ཀྱི་དབང་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ རྣམས་ཡོངས་སུ་དག་པར་བྱ་བའི་དོན་དུ། སྦྱིན་པ་ལ་སོགས་པ་ནུས་མ་བཅུའོ། །རྡོ་རྗེ་དང་དྲིལ་བུའི་དབང་གིས་ལ་ལ་ནཱ་དང་ར་ས་ནཱ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པའི་ཉི་མ་དང་ཟླ་བའོ། །བརྟུལ་ཞུགས་ཀྱི་དབང་ནི་ཡུལ་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་རྣམ་པར་དག་པ་ སྟེ། ལྷའི་སྤྱན་ལ་སོགས་པ་འཇུག་པ་ཡིན་ནོ། །མིང་གི་དབང་ནི་བྱམས་པ་ལ་སོགས་པ་འཇུག་པའི་རྣལ་འབྱོར་ཏེ། ཚངས་པའི་གནས་བཞི་ལ་གནས་ནས་དུས་ཐམས་ཅད་དུ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྒྲིབ་པ་མེད་པར་རྣམ་པར་དག་པའོ། །རྗེས་སུ་གནང་བའི་དབང་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ 14-1-48b དཔལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཆོས་སྟོན་པའོ། །དེ་ཡང་སྲིད་པའི་འཇིགས་པ་འཇོམས་པ་ཞེས་བྱ་སྟེ། གཞན་ལ་ཕན་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོའི་རིགས་ཞེས་བྱ་བ་ནི། མི་འཕོ་བའི་བདེ་བ་རྗེས་སུ་རིག་པའི་སྟོང་པ་ཉིད་བསྟན་པ་དེ་ངེས་པའོ། །སྡིག་པའི་དྲི་མ་འཇོམས་པའི་དབང་བདུན་འདི་ནི་དཀྱིལ་ འཁོར་དུ་ནི་ཡང་དག་སྦྱིན། །ཞེས་བྱ་བ་ནི། རྡོ་རྗེ་སློབ་དཔོན་རྣམས་ཀྱིས་སློབ་མ་རྣམས་ལའོ། །རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དབང་བདུན་སྦྱིན་པ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དབང་གི་འབྲས་བུ་བརྗོད་པར་བྱ་སྟེ། དབང་བདུན་བསྐུར་བའི་དགེ་བའི་ཤུགས་ཀྱིས་ཞེས་བྱ་བ་ལ་འདིར་གལ་ཏེ་དཀྱིལ་ འཁོར་ཆེན་པོ་འདིར་དབང་བསྐུར་ཏེ། དམ་ཚིག་མ་ཉམས་ན་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ལ། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱས་ན་ནི། ལུས་འདི་ཉིད་ཀྱིས་ས་བདུན་ཐོབ་ཅིང་། གཞན་དུ་ན་མི་དགེ་བ་བཅུ་སྤངས་ཤིང་། དགེ་བའི་ཤུགས་ཀྱིས་ས་བདུན་གྱི་དབང་ཕྱུག་ཏུ་འགྲོ་བར་ངེས་པའོ། །བུམ་ པ་གསང་བའི་དབང་བསྐུར་ཡང་ཕྱིར་མི་ལྡོག་པ་ལ་སོགས་ངེས་པར་རབ་ཏུ་འཇུག །ཅེས་བྱ་བ་ནི། འདིར་བུམ་པ་དང་གསང་བའི་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་སྟོབས་ཡིན་ལ། ཕྱིར་མི་ལྡོག་པ་ནི་མི་གཡོ་བ་སྟེ། གང་མི་གཡོ་བའི་སྒྲ་དེ་ནི་པདྨ་བསྲུབས་པ་ལས་བྱང་ཆུབ་སེམས་མི་གཡོ་བ་ཡིན་ཞིང་། ལེགས་པའི་བློ་ གྲོས་ནི་རྒྱུ་དེས་བདེ་བ་ཆེན་པོའི་སེམས་ཏེ་འཕོ་བ་མེད་པའོ། །ཤེས་རབ་ཡེ་ཤེས་མངོན་དབང་བསྐུར་བས། །ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཡིན་ལ། འཇམ་དབྱངས་ཉིད་དུ་ཞེས་པ་ནི་སྲིད་པ་འཇིགས་པའོ། །འགྱུར་ཞེས་པ་ནི། ཆོས་ཀྱི་སྤྲིན་དུ་འགྲོ་བ་ཡིན་ལ་འདིར་ཆོས་ཀྱི་སྤྲིན་ཡང་བདག་དང་གཞན་གྱི་ དོན་བྱེད་ནུས་པའི་བདེ་བ་ཆེན་པོ་བབས་པ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་བས་ན་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་གཉིས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའི་དབང་གིས་ལས་བཅུ་གཉིས་རྣལ་འབྱོར་པ་རྣམས་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་ཡང་ གཡོ་བའི་དབང་གིས་རྩ་བའི་ལྟུང་བ་བརྒྱ་བྱུང་ན་ཞེས་པ་ནི། དབང་ལ་གནས་ཀྱི་རྗེས་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པའི་དབང་གིས་སོ། །འདི་ནི་ཞེས་པ་ནི་དབང་འདི་ཉིད་དེ་སླར་ཕྱིན་ཅི་ལོག་སྟེ་སྤྱད་པའི་དབང་གིས་དམྱལ་བའི་སྡུག་བསྔལ་དུ་འགྱུར་བ་ནི་ངེས་པའོ། །དབང་བདུན་ལ་གནས་ཡོན་ཏན་ལྡན་ 14-1-49a ན་རྩ་བའི་ལྟུང་བ་དག་པར་འགྱུར། །ཞེས་བྱ་བས་ནི། རྩ་བའི་ལྟུང་བ་ལས་བྱུང་བའི་རྒྱུ་སྟོན་ཏེ། འདི་ལྟར་དབང་བདུན་ལ་གནས་པ་ལ་གལ་ཏེ་རྩ་བའི་ལྟུང་བ་བྱུང་བ་སྦྱར་བར་འདོད་པ་དེ་ལྟ་ན་ནི། དང་པོར་ངག་གི་བཟླས་པ་དཀྱིལ་འཁོར་གྱི་ལྷའི་གྲངས་ཇི་སྙེད་པ་དེ་སྙེད་ལ། སྟོང་ཕྲག་སུམ་ ཅུ་རྩ་དྲུག་ཏུ་འགྱུར་རོ། །ཡོན་ཏན་ལྡན་ཞེས་པ་ནི། ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་ནའོ། །བརྟུལ་ཞུགས་ངེས་སྟོབས་བུམ་པ་གསང་བ་བརྒྱ་ལམ་ན་སྟེ་ཞེས་བྱ་བ་ནི། གལ་ཏེ་བུམ་པ་དང་གསང་བ་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བ་དེ་ལྟ་ན་ནི་བསོད་ནམས་དང་ཚུལ་ཁྲིམས་ཀྱིས་བདག་གི་གཞན་དུ་ནི་མ་ ཡིན་ནོ། །བརྟུལ་ཞུགས་ངེས་སྟོབས་ཞེས་པ་ནི། སླར་བདག་དང་འདོད་པ་གང་ཡིན་པ་དེ་རྣམས་ལ། རྡོ་རྗེ་སློབ་དཔོན་གྱི་ཆད་པའི་ལས་སྦྱིན་ཞིང་། དེས་ཀྱང་ཆད་པ་དང་དུ་བླངས་ལ་སྤྱད་པར་བྱའོ། །གོང་མ་ལ་ནི་དག་པ་མེད། །ཅེས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ལ་གལ་ཏེ་རྩ་བའི་ལྟུང་བར་ གྱུར་པ་དེ་ལྟ་ན་ནི། གཞན་གྱིས་རྐྱེན་བྱས་པ་སྟེ། རྡོ་རྗེ་སློབ་དཔོན་ལ་སོགས་པས་ཆད་པ་བྱིན་པས་འདག་པ་མ་ཡིན་གྱི། འདིར་ནི་རང་གི་སེམས་རྣམ་པར་དག་པ་ཙམ་གྱིས་འདག་ལ། དེ་ཡང་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཀྱི་དབང་གིས་རང་ལ་དབང་དུ་བྱས་ཏེ། སྡིག་པ་བཤགས་པ་ལ་ སོགས་པ་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་སུ་སོང་སྟེ། བདག་རང་གིས་འདག་པར་བྱ་བ་ནི་སངས་རྒྱས་པ་རྣམས་ཀྱི གཞུང་ངོ་། །གཞན་ཡང་གང་སྔོན་མ་རྣམས་ནི་གཞན་གྱི་རྐྱེན་གྱི་སྟོབས་ཀྱིས་འདག་ལ། ཤེས་རབ་ཡེ་ཤེས་ཅིའི་ཕྱིར་ལ་ལ་གཞན་གྱི་ སྟོབས་ཀྱིས་མི་འདག་ཅིང་བདག་རང་གི་སྦྱང་བས་འདག་པ་ཡིན་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ན་ཡང་བྱིས་པ་ཆུང་ངུས་ཉེས་པ་བྱས་པ་ནི་མི་ཤེས་པས་བྱས་པ་ཡིན་པས། འཇིག་རྟེན་ན་ཁ་ན་མ་ཐོ་བ་ཆུང་བ་ཡིན་ལ་སྐྱེས་བུ་ཆེར་སྐྱེས་པ་རྣམས་ཀྱིས་བྱས་པ་ནི་ཤེས་བཞིན་དུ་བྱས་པ་ཡིན་པའི་ཕྱིར། ཁ་ན་མ་ཐོ་བ་ཆེན་ པོ་ཡིན་པ་ལྟར། དབང་བདུན་པ་དང་། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ནི། རིམ་པ་བཞིན་དུ་བྱིས་པ་དང་། དར་ལ་བབ་པ་དང་། གོན་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་བས་ན་གོང་མ་གོང་མ་ནི། བྱིས་པ་དང་། མི་ཤེས་པ་དང་། མི་གསལ་བ་དང་། མི་མཁས་པ་ཡིན་ལ། ཕྱི་མ་ཕྱི་ 14-1-49b མ་ནི་ཤེས་པ་དང་། དར་ལ་བབ་པ་དང་། གསལ་བ་དང་། རིག་པའི་བདག་ཉིད་ཡིན་ནོ། །གང་ཞིག་རྩ་བའི་ལྟུང་བྱུང་སྦྱང་བའི་དོན་དུ་ཡང་ནི་དཀྱིལ་འཁོར་འདིར་གཞུག་བྱ། །ཞེས་བྱ་བ་ནི། རྩ་བའི་ལྟུང་བ་སྦྱང་བའི་ཐབས་སྟོན་པ་ཡིན་ཏེ། དེ་ཡང་སྔོན་དུ་ནི་སྔར་བསྟན་པའི་ཆད་པའི་ལས་བྱས་པ་ཡིན་ལ། ཕྱིས་ དཀྱིལ་འཁོར་དུ་འཇུག་པར་བྱ་བ་ཡིན་ནོ། །དེ་ལས་མ་གཏོགས་པ་གཞན་གྱིས་རྣམ་པར་སྦྱང་བར་མ་གསུངས་སོ། །དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱི། ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གིས་ཟིན་ན་སྨན་པ་འགས་དེ་བཟློག་ པའི་ཕྱིར། སྨན་གྱི་བཏུང་བ་བླུད་ནས་ཡང་སྔར་བཞིན་དུག་ཟ་བ་དང་མཚུངས་སོ། །སླར་ཡང་རྗེས་གནང་ཐོབ་ནས་ཚོགས་ཀྱི་ཐུ་བོའི་མིང་ནི་གཞོན་པར་འགྱུར་བ་ཡིན། །ཞེས་བྱ་བ་ནི། རྒན་རབས་གང་ཞིག་རྩ་བའི་ལྟུང་བར་གྱུར་པ་སླར་དཀྱིལ་འཁོར་དུ་བཅུག་པ་དེ་སླར་ཞིང་དཀྱིལ་འཁོར་དུ་ཐུ་པེར་འགྱུར་ བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་རྩ་བའི་ལྟུང་བ་རྣམས་བརྗོད་པའི་ཕྱིར། དཔལ་ལྡན་བླ་མ་སེམས་དཀྲུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་དུ་རྩ་བའི་ལྟུང་བ་ནི་བཅུ་བཞིར་ངེས་པ་ཡིན་ལ། དེ་རྣམས་སོ་སོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །བུ་རྣམས་ རྩ་བའི་ལྟུང་བ་རི་བོང་འཛིན་པ་ཞེས་བྱ་བ་ནི། སྤྱིར་བཏང་བ་ཡིན་ཏེ། བཅུ་བཞི་པོ་རྒྱུད་ལས་གསུངས་པ་ལྟར་མ་བསྐྱངས་ན། ཤིང་ཏ་ལའི་མགོ་བཅད་ནས་སླར་སྐྱེ་བའི་སྐལ་བ་མེད་དེ། ལྟུང་བར་འགྱུར་བ་ལྟར་རྡོ་རྗེ་འཆང་གི་གནས་ལས་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཔལ་ལྡན་བླ་མའི་ སེམས་དཀྲུགས་ཞེས་བྱ་བ་ལ། བླ་མ་ཡང་རྣམ་པ་གཉིས་ཏེ། དམ་པ་དང་། དམ་པ་མ་ཡིན་པའོ། །དེ་ལ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་སེམས་འཁྲུགས་པའོ། །དམ་པ་མ་ཡིན་པ་ནི་བདག་གི་བསྙེན་བཀུར་གྱི་ཕྱིར་སེམས་དཀྲུགས་པ་ཡིན་ལ། དེའི་ཕྱིར་བླ་མའི་སེམས་དཀྲུགས་པ་ནི་མི་ དགེ་བ་བཅུ་ལ་སོགས་པ་བྱེད་ཅིང་བླ་མ་གངདེའི་མི་དགེ་བའི་རྣམ་གྲངས་བྱེད་པ་ནི་རྩ་བའི་ལྟུང་བར་འགྱུར་གྱི་རང་གི་དོན་ལྷུར་ལེན་ཅིང་བདག་ཉིད་ཀྱང་མི་དགེ་བ་བཅུ་ལ་འཇུག་པའི་བླ་མ་ལ་ནི་མ་ཡིན་པར་ངེས་པའོ། །དེ་ཡང་བླ་མ་དམ་པ་ཡིན་པར་ཤེས་པ་དང་། དེ་མི་དགྱེས་པར་ཤེས་པ་དང་། ཉོན་མོངས་པས་ཀུན་ནས་ 14-1-50a བསླངས་པའི་ལུས་ངག་གི་ལས་དང་། གཞན་གྱི་དོན་མ་ཡིན་པ་དང་། རང་གི་དོན་ལྷུར་བླང་བའི་བསམ་པ་དང་། སླར་སྦྱང་བའི་བསམ་པ་མེད་པ་སྟེ། ཆོས་དྲུག་གིས་ལྟུང་བར་འགྱུར་རོ། །དེའི་བཀའ་འགོངས་ཞེས་པ་ནི་བླ་མ་དེའི་ཞེས་པ་དང་སྦྱར་རོ། །བཀའ་འགོངས་པ་ནི་བླ་མ་དམ་ པས་བསྒོ་བ་མི་ཉན་པའོ། །དེ་ཡང་ཆོས་དྲུག་དང་ལྡན་པས་སོ། །གཞན་དུ་འགྱུར་ཞེས་པ་ནི་གཉིས་པར་འགྱུར་བའོ། །སྤུན་ལ་ཁྲོས་པ་ཡང་ནི་གསུམ་པར་ངེས། །ཞེས་བྱ་བ་ནི། སྤུན་ནི་བླ་མ་གཅིག་གིས་ཡོངས་སུ་བསྡུས་པ་ཡིན་ལ། གཞན་གྱི་སྤུན་ལ་ཁྲོ་བ་ནི་ཁ་ན་མ་ཐོ་བ་ཆུང་བར་གསུངས་སོ། ། དེ་ཡིས་བསྒོ་ཞིང་བསྟན་པ་ལ་གུས་པར་མི་འཛིན་ཅིང་ཁྲོ་ན་གསུམ་པ་སྟེ། རྩ་བའི་ལྟུང་བར་འགྱུར་རོ། །དེ་ཡང་གོང་གི་ཆོས་དྲུག་ལས་རང་རང་གི་རྡོ་རྗེ་སྤུན་གྱིས་ཁྱད་པར་དུ་བྱས་པ་དང་། ཆོས་བདུན་དང་ལྡན་པའོ། །བྱམས་པ་སྤོང་བ་ཞེས་བྱ་བ་ནི། འདིར་བྱམས་པ་སྤོང་བ་ལ་ཆོས་བཞི་སྟེ། ཐ་མ་དང་། འབྲིང་ དང་། རབ་དང་། རབ་ཀྱི་རབ་བོ། །དེ་ལ་ཐ་མ་ནི་ཆུར་དབྱུག་པས་རི་མོ་བྲིས་པ་ལྟར། སྐད་ཅིག་གཅིག་ཙམ་བྱམས་པ་དང་བྲལ་ཡང་སླར་འཇུག་པའོ། །འབྲིང་ནི་བྱེ་མ་ལ་རི་མོ་བྲིས་པ་རླུང་གིས་འཕྲལ་ལ་ཉམས་པར་འགྱུར་བ་ལྟར། དུས་དེ་མ་ཐག་ཏུ་བྱམས་པར་འཇུག་པའོ། །རབ་ནི་དཔེར་ན་སའི་སེར་ཀ་ཅན་གྱི་ ཆར་གྱི་རྒྱུན་གྱིས་ཉམས་པར་བྱེད་པ་ལྟར་བྱམས་པ་ཅུང་ཟད་ན་དྲན་པའོ། །རབ་ཀྱི་རབ་ནི་དཔེར་ན་བྲག་ལ་སོགས་པ་མཁྲེགས་པའི་བདག་ཉིད་ཅན་རྣམས་ལ་གས་པ་ལ་སོགས་པ་བྱུང་ན་ནམ་དུ་ཡང་མཉམ་པར་འགྱུར་བའི་སྐལ་བ་མེད་པ་ལྟར་རམ་ཤིང་ཐོག་སྨིན་ཅིང་ས་ལ་ལྷུང་བ་རྣམས་ཕྱིར་ཞིང་ཤིང་རྣམས་ལ་འབྱར་ བའི་སྐལ་བ་མེད་ཅིང་མི་གནས་པ་ལྟར། བྱམས་པ་ལྟར་སྤངས་པའི་རྩ་བའི་ལྟུང་བར་འགྱུར་ཏེ། ཆུ་ཚོད་དྲུག་ཅུའི་བར་གྱིས་སོ། །རྩ་བའི་ལྟུང་བ་བཞི་པར་འགྱུར་བ་ནི་ངེས་པའོ། །ཁྱང་ཆུབ་ཀྱི་སེམས་སྤངས་པ་ཞེས་བྱ་བ་ནི། འདིར་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཡིན་ལ་གང་ཡང་དེ་ཉམས་ན་བདེ་བར་མི་འགྱུར་ ཏེ། དེ་བས་ན་དེ་ཉིད་མ་ཐོབ་ཅིང་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་པར་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་མདའ་ཞེས་བྱ་བ་ལྔ་པར་དེ་ཡང་ཤེས་རབ་ཆེན་པོས་མི་འགྱུར་བའི་རང་བཞིན་ཞེས་པ་དང་། འགྱུར་བའི་བདེ་བ་ཙམ་དུ་བླང་བའི་བསམ་པ་དང་། དེ་ལ་ལེགས་པར་འཛིན་པ་དང་། གསང་བ་དང་། གཞན་གྱི་བདེ་ 14-1-50b བའི་དོན་དང་། རི་ལུ་ལ་སོགས་པའི་ཆེད་མ་ཡིན་པ་སྟེ། ཆོས་བཞི་དང་ལྡན་ན་མདའ་ཞེས་བྱ་བ་ལྔ་པར་འགྱུར་རོ། །གྲུབ་མཐའ་ལ་སྨོད་ཅེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལ། དེ་དང་གསང་སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པ་ནི་རྩ་བའི་ལྟུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐེག་པ་ལ་སྨད་ པས་ནི་རྩ་བའི་ལྟུང་བ་མ་ཡིན་ནོ། །དེས་ཀྱང་ཐུན་མོང་གི་དངོས་གྲུབ་ལས་འཕྲོག་པ་ཡིན་ནོ། །དེས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་། དབྱེར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞེ་སྡང་ལ་གནས་པས་སྨྲ་བ་དང་། གཞན་གྱི་དོན་ལ་མ་ཡིན་པ་དང་། ལེགས་པར་འཛིན་པ་དང་། འགྱོད་པ་མེད་པ་སྟེ། ཆོས་ ལྔ་དང་ལྡན་པས་དྲུག་པར་འགྱུར་རོ། །མ་སྨིན་སེམས་ཅན་ལ་ནི་གསང་བ་སྟེར། །ཞེས་བྱ་བ་ལ། མ་སྨིན་པ་ནི་ཉོན་མོངས་ཀྱི་ལམ་གྱིས་མནན་པའི་གང་ཟག་ཡིན་ལ། དེ་གང་ལ་གསང་སྔགས་ཀྱི་གསང་བ་བསྒྲགས་ན་སྐྲག་ཅིང་སྨོད་པ་ལ་བརྗོད་པས་ལྟུང་བ་ཡིན་ཏེ། གཞན་མོས་པར་འགྱུར་བ་དང་། དད་པ་དང་གྲོལ་བའི་སྐལ་བ་ཡོད་པ་ལ་ཉེས་པ་མེད་པར་གསུངས་སོ། །དེ་ཡང་གསང་བ་བསྒྲགས་ནས་མོས་པ་མ་ཡིན་པ་སྐྱེ་བར་འགྱུར་བའི་གང་ཟག་དང་། གདུལ་བའི་དོན་མ་ཡིན་པ་དང་། བདེ་བ་ཆེན་པོའི་གསང་བ་བསྟན་པ་སྟེ། ཆོས་གསུམ་དང་ལྡན་ན་ནི་རི་ཞེས་བདུན་པར་འགྱུར་རོ། །བདེ་ བ་ཆེན་པོའི་གསང་བ་ལས་གཞན་པ་བསྟན་པའི་ལྟུང་བས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་བྱེད་དོ། །ལུས་ཉོན་མོངས་པ་ཀླུ་སྟེ་ཞེས་བྱ་བ་ནི། ལུས་ཏེ་ཕུང་པོ་ལྔ་ལ་སོགས་པ་ནི་རྒྱལ་བ་རིགས་ལྔའི་བདག་ཉིད་དོ། །ཁམས་དང་སྐྱེ་མཆེད་ནི་ལྷ་མོ་དང་བྱང་ཆུབ་སེམས་དཔའོ། །ཉོན་མོངས་པར་བྱེད་པ་ནི་ རྣམ་པ་གཉིས་ཏེ། ལུས་ལ་ཚ་གྲང་དང་བཟའ་བཏུང་གིས་ཉོན་མོངས་པར་བྱེད་པ་དང་། གསོད་པའི་བརྩོན་པས་ཉོན་མོངས་པར་བསྐྱེད་པའོ། །དེ་ཅིའི་ཕྱིར་རྩ་བའི་ལྟུང་བ་ཡིན་སྙམ་པ་ལ། ཕུང་པོ་གཟིར་བས་བདེ་བ་མི་སྐྱེ་ལ། བདེ་བ་མ་སྐྱེས་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཉམས་པར་འགྱུར་རོ། །གསོད་པ་ ལ་བརྩོན་པ་ནི་སེམས་བསྐྱེད་པས་ལྟུང་བར་འགྱུར་བ་གསུངས་ལ། དེ་བས་དེའི་ཕྱིར་རྩ་བའི་ལྟུང་བ་སྟེ། དེ་ཡང་ཕུང་པོ་ལ་སོགས་པ་རྒྱལ་བ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པ་དང་། དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང་། གཞན་གདུལ་བའི་དོན་དུ་མ་ཡིན་པ་སྟེ། ཆོས་གསུམ་ 14-1-51a དང་ལྡན་ན་ལྟུང་བ་བརྒྱད་པར་འགྱུར་རོ། །དག་པའི་ཆོས་ལ་མ་དད་པའང་། །ཞེས་བྱ་བ་ནི། དག་པའི་ཆོས་ནི་འཛིན་པ་ཐམས་ཅད་རྣམ་པར་སྤང་བའི་སྟོང་པ་ཉིད་ཟབ་མོ་གང་ཡིན་པ་དེ། དེ་ལ་མ་དད་ཅིང་སུན་འབྱིན་པ་རྩ་བའི་ལྟུང་བ་སྟེ། དེ་ཡང་གདུལ་བའི་དོན་མ་ཡིན་པ་དང་། སྟོང་པ་ ཉིད་གང་ཡིན་པ་དེ་སྤངས་ཏེ་སྤྲོས་པ་དང་བཅས་པ་ལ་དང་དུ་བླང་བའི་ཆོས་གཉིས་ཀྱིས་ལྟུང་བ་དགུ་པར་འགྱུར་རོ། །རྒྱུའི་བྱམས་པ་ཞེས་པ་ལ་རྒྱུའི་བྱམས་པ་ནི་ཚུལ་འཆོས་ཏེ། དམ་ཚིག་ལ་སོགས་པ་ལ་དད་པའི་སྒོ་ནས་སྲུང་བར་མི་བྱེད་ཅིང་རྙེད་པ་དང་ཚིགས་སུ་བཅད་པ་ལྷུར་བླང་བའི་ཚུལ་གྱིས་བསྲུང་བ་སྟེ། ལྐོག་ཏུ་མི་དགེ་བ་བྱེད་པའོ། །དེ་ལྟར་ན་དེ་ནི་གཡོ་ཉིད་དབང་དུ་བྱེད་པ་སྟེ། ཆོས་དང་པོ་ཉིད་ཀྱིས་ལྟུང་བ་བཅུ་པར་འགྱུར་རོ། །མིང་སོགས་བྲལ་བའི་བདེ་བ་སྟེར། ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསང་སྔགས་ཀྱི་ཚུལ་ལ་བྱང་ཆུབ་ སེམས་ཀྱི་ཟླ་བའི་བདེ་བ་འགྱུར་བ་མེད་པ། འཇིག་རྟེན་གྱི་དཔེར་བྱ་བ་དང་བྲལ་ཞིང་བྱིན་པ་ལ་ཐེ་ཚོམ་དང་ཡིད་གཉིས་ཀྱི་དབང་གིས། དང་དུ་མི་ལེན་ཅིང་རྟོགས་པར་བྱེད་ན་ལྟུང་བ་སྟེ། དེ་ཡང་འགྱུར་བའི་བདེ་བ་མ་ཡིན་པ་དང་། མི་འགྱུར་བའི་བདེ་བ་དཔེར་བྱས་པ་ལས་འདས་པ་དང་། གདུལ་བའི་དོན་མ་ཡིན་པ་ སྟེ། ཆོས་གསུམ་པ་དེས་ལྟུང་བ་དྲག་པོ་སྟེ་བཅུ་གཅིག་པའོ། །དག་པའི་སེམས་ཅན་ཞེས་པ་ནི། རྣལ་འབྱོར་པ་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པའོ། །སྐྱོན་བརྗོད་ཅེས་པ་ནི། ཀུན་ནས་ཕྲག་དོག་གིས་ཏེ། དེས་ལྟུང་བར་འགྱུར་ལ་དེ་ཡང་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པ་ཡིན་པ་དང་། བདག་ཕྲག་དོག་ གིས་སྨྲས་པ་དང་། གཞན་གདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་པས་བརྗོད་ན་ལྟུང་བ་བཅུ་གཉིས་པར་འགྱུར་རོ། །དམ་ཚིག་ཐོབ་དབང་ཞེས་པ་ནི། དམ་ཚིག་གི་བསྲུང་བ་དང་། བཟའ་བའི་བྱེ་བྲག་གཉིས་ཡིན་ལ། དེ་ལ་བསྲུང་བ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་ཐིག་ལེ་བཞི་བསྲུང་ བ་སྟེ་སྔོན་དུ་བརྗོད་པ་ཡིན་ལ། འདིར་ནི་བཟའ་བ་ལ་སོགས་པའི་ཚོགས་དང་། དཔའ་བོའི་བཟའ་བའི་དུས་སུ་ཐོབ་པ་ཞེས་བྱ་བ་རྙེད་ཅིང་དུས་ལ་བབ་པའི་བཟའ་བ་དང་། བཏུང་བ་དང་བུད་མེད་ལ་མི་ཐུན་བྱ་བ་དང་དུ་མི་ལེན་ན་ལྟུང་བ་སྟེ། དེ་ཡང་དམ་ཚིག་གི་དུས་ལ་བབ་པ་དང་། གཞན་གྱི་ངོ་བསྲུང་བ་མ་ཡིན་པ་ 14-1-51b དང་། གཞན་གདུལ་བ་མ་གཏོགས་པ་སྟེ། ཆོས་གསུམ་དང་ལྡན་ན་ལྟུང་བ་བཅུ་གསུམ་པར་འགྱུར་རོ། །བུད་མེད་རྣམས་ལ་བཤུང་བ་ནི། །ཡིད་དང་ངག་གིས་སྨོད་པ་ནི། །རྩ་བའི་ལྟུང་བ་སྟེ། དེ་ཡང་རྡོ་རྗེ་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་སྟེ། གང་འདུ་ཤེས་དེ་དང་ལྡན་པས་སྨད་ན་སྟེ། ངག་གིས་ སྨོད་པ་ཡང་གཞན་འདུལ་བའི་དོན་མ་ཡིན་པས་སྨད་ན་བཅུ་བཞི་པར་འགྱུར་རོ། །དེ་ལྟར་རྩ་བའི་ལྟུང་བ་རྣམས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ལ་བསྟན་ནས་དབང་གི་བྱེ་བྲག་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱའོ། །དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཕྱི་རོལ་སར་ཁྲུ་བཞིའི་ རྒྱར་རེ་ཁཱ་ལྔ་པ་བྱས་ཏེ། དབུས་སུ་ཤིང་སྟན་ལ་ཁྲུ་དོ་བའི་པདྨ་འདབ་མ་བརྒྱད་པ་བྱས་ལ། དེ་ཡང་ཁ་དོག་ལྔ་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མའི་ཕྱག་རྒྱ་སྤངས་པ། དེར་དགེ་སློང་དགོད་ཅིང་དེའི་རྗེས་ལ། །གཞོན་ནུ་མ་རྡོ་རྗེའི་མཚོན་གྱིས་མ་སྨད་པ་གཟུགས་མཛེས་པ་དཀར་ འཛིན་ལེགས་པར་བརྒྱན་པ་བརྒྱད་ཀྱིས་ཡོངས་སུ་བསྐོར་ལ་གཞོན་ནུ་མ་གཉིས་ཀྱིས་ཆུ་དང་ཅོན་པན་དང་དར་དཔྱངས་ལ་སོགས་པ་བཅིང་བ་གཏད་པའི་ཚུལ་དུ་བྱའོ། །དེའི་ཕན་ཡོན་ནི། དགེ་སློང་རྡོ་རྗེ་འཛིན་བྱས་ན། །གང་དེ་སུ་ལ་སྡིག་ཡོད་མཆོག །ཆོས་གོས་མཐོང་བ་ཙམ་གྱིས་ཀྱང་། །ལྷ་མིན་ལ་ སོགས་ལས་འོག་འབྲོས། །ཞེས་གསུངས་སོ། །གཞན་ཡང་། དགེ་ཚུལ་དབང་ནི་བསྐུར་བ་ནི། རེ་ཁཱ་ལྔ་ལས་གཉིས་གསུམ་ཙམ་དང་། ཤིང་སྟན་གྱི་སྟེང་དུ་བཞག་ལ། གཞོན་ནུ་མ་བཞིས་ཆུ་ལ་སོགས་པའི་ཚུལ་དུ་བྱ་བར་གསུངས་ཏེ། དེ་ཡང་གང་ཞིག །བསླབ་པ་བཅུ་དང་ལྡན་པ་ཡི། །རྡོ་རྗེ་ འཛིན་པ་དགེ་ཚུལ་ནི། །དེ་ནི་སློབ་དཔོན་འབྲིང་པོ་རུ། །རྡོ་རྗེ་འཆང་གིས་རབ་ཏུ་གསུངས། །ཞེས་གསུངས་སོ། །ཁྱིམ་པ་རྣམས་ལ་ནི་རེ་ཁཱ་གཅིག་ཁྲུ་གང་བའི་ཚད་དུ་བྱས་ལ་ཤིང་སྟན་ལ་བཞག་སྟེ། སློབ་དཔོན་གྱི་དབང་ཡིན་ནོ། །དེ་ཡང་། གོས་དཀར་ཅན་གྱི་ཁྱིམ་པ་གང་། །རྡོ་རྗེ་འཆང་དུ་བྱ་བ་སྟེ། །དགེ་ སློང་རྡོ་རྗེ་འཆང་རྣམས་ནི། །ཚུལ་མཐུན་བསྟེན་བཀུར་བྱ་ཕྱིར་རོ། །ཞེས་གསུངས་ཏེ། སློབ་དཔོན་ཐ་མའོ། གནང་བ་བྱིན་ནས་རྒྱུད་ཀུན་བསྟན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་ཡང་དག་པའི་ཚུལ་ནི་དབང་བདུན་པ་དང་། བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱིས་ས་བདུན་པ་དང་ 14-1-52a བརྒྱད་པ་དང་། ལེགས་པའི་བློ་གྲོས་ཏེ། དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་རྣམས་སུ་སྦྱར་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་ས་ནི་གནས་བརྟན་རྒན་པོ་སྟེ། ཆོས་ཀྱི་སྤྲིན་དུ་ལུང་བསྟན་པས་སློབ་མ་རྣམས་ལ་ལུང་བསྟན་པ་ཡིན་ནོ། །དེ་བཞིན་དུ་མཚན་ཡང་དག་པར་ བརྗོད་པ་ལས། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་བྱ་བ་ནས། རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བྱ་བ་ཡན་ཆད་ཀྱིས་དོན་དེ་བསྟན་པར་གསུངས་སོ། །གཞན་ཡང་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་ས་ནི་ལུས་ངག་ཡིད་སྦྱོང་བ་ཡིན་ཏེ། ཚངས་པ་དང་། དབང་ཕྱུག་ ཆེན་པོ་དང་། ཁྱ་བ་འཇུག་གི་མིང་དུ་ཡང་བཏགས་ཏེ། མུ་སྟེགས་པ་རྣམས་གཞུག་པའི་དོན་དུའོ། །དེ་ལྟར་ཡང་། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་འཛིན་རྒྱལ་གང་། །དེ་ནི་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་གསུངས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། གཙུག་ཕུད་ཅེས་བྱ་བ་ནས། ཐུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་བྱ་བ་ཡན་ཆད་ཀྱིས་བསྟན་པར་གསུངས་སོ། །ད་ནི་རྒྱུད་ཐམས་ཅད་ཀྱི་ངེས་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་ན་འདིར་དབང་དེ་རྣམས་ཐོབ་པའི་དགེ་སློང་དང་། དགེ་ཚུལ་དང་། ཁྱིམ་པ་རྣམས་ཀྱིས་གཞན་ལ་བརྟེན་པ་དང་། ཞིང་ལས་དང་མཚོན་ཆ་འཚོང་བ་དང་། སྣག་ཚ་འཚོང་བ་དང་། ཚོང་བསྒྱུར་གཞན་ཐམས་ཅད་མི་བྱ་སྟེ། གལ་ཏེ་བྱེད་པ་དེ་ལྟ་ན་ནི། སངས་རྒྱས་ཀྱི་བཀའ་བསླུས་པས་མནར་མེད་པའི་དམྱལ་བར་འགྲོ་བར་འགྱུར་རོ། །ད་ནི་བུམ་པ་ལ་སོགས་པའི་བླ་མའི་དབང་གསུམ་ གྱི་ཆོ་ག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གཅིག་ནས་ཕྱོགས་ཀྱི་ཁོ་བར་ཞེས་བྱ་བ་སྨོས་ཏེ། ལམ་གྱི་རྒྱལ་པོ་གཅིག་དང་པོར་བྱས་ནས། ལོ་བཅུ་ལོན་པ་དེ་སྲིད་པ་ལ་ལྟ་བ་དང་རེག་པར་བྱ་བ་ཡིན་གྱིས། བྱ་བ་གཞན་གྱི་ནུས་པ་མི་བསྐྱེད་དེ། ནུ་མ་མེད་པའི་ཕྱིར་རོ། །གང་ཡང་ལོ་བཅུ་ལོན་པ་དེ་ནི་སྦྱིན་པ་ལ་སོགས་ པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ཙམ་ཡིན་ཏེ། དེ་ཡང་འདི་ལྟར་ཇི་སྲིད་དུ་སོ་ལྷུང་བར་མ་གྱུར་པ་དེ་སྲིད་དུ། ཡེ་ཤེས་ཀྱི་ཁམས་མི་ཟད་པའོ། །དེ་རྗེས་སོ་ལྷུང་བ་དེ་ནས་ནམ་མཁའི་ཁམས་ཏེ། དེ་བས་ན་ཁམས་གཉིས་པོས་གཞོན་ནུ་མ་སྐྱེ་གནས་ཉམས་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལ་བལྟ་བར་བྱ་བ་ 14-1-52b དང་། རེག་པར་བྱ་བ་དང་། མཆོད་པར་བྱ་བ་ཙམ་ཡིན་ནོ། །དེ་ནས་འཁྱུད་པར་བྱ་སྟེ་ཞེས་བྱ་བ་ནི། ལོ་བཅུ་གཅིག་པ་དང་པོར་བྱས་ནས་ཉི་ཤུ་ལ་ཐུག་པར་འཁྱུད་པའི་སྦྱོར་བ་བྱའོ། །རྒྱ་མཚོར་རོ་བསྡུས་ཏེ་ཞེས་བྱ་བ་ནི་དྲུག་དང་བཅས་པའི་བཞི་སྟེ་བཅུ་པའོ། །གཡོ་བ་ལ་སོགས་བསྟན་པར་བྱ། །ཞེས་པ་ནི་ལོ་བཅུ་ གཅིག་པ་ལ་རླུང་ངོ་། །བཅུ་གཉིས་པ་ལ་མེའོ། །བཅུ་གསུམ་པ་ལ་ཆུའོ། །བཅུ་བཞི་པ་ལ་ས་སྟེ་བཞིའོ། །དེ་བཞིན་དུ་བཅོ་ལྔ་པ་ལ་སྒྲའོ། །བཅུ་དྲུག་པ་རེག་གོ། །བཅུ་བདུན་པ་ལ་རོའོ། །བཅོ་བརྒྱད་པ་ལ་གཟུགས་སོ། །བཅུ་དགུ་པ་ལ་དྲིའོ། །ཉི་ཤུ་པ་ལ་ཆོས་ཀྱི་དབྱིངས་སོ། །ཉི་ཤུ་ལོ་འདས་ཕྱག་རྒྱ་ཁྲོ་བོ་ འབྱུང་པོ་ལྷ་མིན་རིགས་ཏེ་མཆོག་ཏུ་འཇིགས། །ཞེས་བྱ་བ་ནི། འདིར་ལོ་ཉི་ཤུ་རྩ་གཅིག་ནས་བརྩམས་ནས་ལོ་སོ་སོ་ལ་གྲངས་ཇི་ལྟ་བ་བཞིན་དུ། སྔོན་མོ་དང་། ཤིན་ཏུ་སྟོབས་ལྡན་མ་དང་། བརྩོན་འགྲུས་མཐའ་ཡས་མ་དང་། ཡཾ་བྷྱི་དང་། ང་རྒྱལ་མ་དང་། རེངས་བྱེད་མ་དང་། འོད་ཟེར་ཅན་མ་དང་། སྐུལ་ བྱེད་མ་དང་། ཁྲོ་གཉེར་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། དྲག་ཅན་མ་སྟེ། ཁྲོ་བོའི་རིགས་ཀྱི་ལྷ་མོ་བཅུ་ཡིན་ནོ། །ཡང་ལོ་སུམ་ཅུ་སོ་གཅིག་ནས་འབྱུང་པོའི་རིགས་བརྒྱད་དེ། རྒན་བྱེད་མ་དང་། ཕག་མོ་དང་། དྲག་མོ་དང་། དབང་མོ་དང་། ཚངས་མ་དང་། དཔལ་ཆེན་མོ་དང་། གཞོན་ནུ་མ་དང་། ཁྱབ་འཇུག་ མའོ། །དེ་བཞིན་དུ་ལོ་སུམ་ཅུ་སོ་དགུ་ནས་ལྷ་མ་ཡིན་གྱི་རིགས་བརྒྱད་ནི། ཁྱི་གདོང་མ་དང་། ཕག་གདོང་མ་དང་། སྟག་གདོང་མ་དང་། སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མ་དང་། འུག་གདོང་མ་དང་། བྱ་གོད་གདོང་མ་དང་། ཕོ་རོག་གདོང་ངོ་། །དེ་ལྟར་ན་དེ་རྣམས་ཀྱིས་ནི་མཆོག་ཏུ་འཇིགས་བསྐྱེད་ པར་བྱེད་པའི་ལྷ་མོ་རྣམས་ཡིན་པས། དབང་གི་སྐབས་སུ་སྤང་བར་བྱ་བ་ཡིན་ནོ། །དབང་གི་དོན་དྲུག་དང་བཞི་སྟེ་ཞེས་བྱ་བ་ནི། མེའི་ཁམས་ནས་ཆོས་ཀྱི་དབྱིངས་ཀྱི་ཁམས་ཀྱི་བར་དུ་སྟེ་བཅུའོ། །རླུང་གི་ཁམས་ལ་ནི་རྡུལ་མི་འབྱུང་བའི་ཕྱིར་བཟུང་བར་མི་བྱ་སྟེ་ངེས་པའོ། །བསྒོམ་དོན་གཞན་ཞེས་པ་ནི་ཉི་ཤུ་རྩ་ གཅིག་ནས་བཞི་བཅུ་རྩ་དྲུག་གི་བར་ལ་བདེ་བ་བསྟན་པའི་དོན་ཙམ་ཡིན་ནོ། །འདིར་དབང་གོང་མ་གསུམ་ལ་དགོས་པ་རྣམ་པ་གཉིས་ཏེ། ལམ་ཡོངས་སུ་ཤེས་པའི་དོན་དུ་སེམས་ཅན་རྣམས་གཞུག་ཅིང་། རྒྱུད་ཉེན་པ་ལ་དབང་བསྐུར་བའི་དོན་དང་། གཞན་འཆད་པ་པོ་བྱེད་ཅིང་སློབ་དཔོན་ཆེན་པོའི་གནས་ 14-1-53a སྤྱིན་པའི་དོན་ཏོ། །དེ་ལ་རེ་ཞིག་དང་པོར་དབང་རྣམས་ལ། རྣམ་པར་འཁྲུལ་བའི་སྐྱོན་སྤངས་ལ། སློབ་མ་ལ་དབང་སྦྱིན་པར་བྱའོ། །དེ་ནི་གང་ཞིག་དཔལ་ལྡན་ཤེས་རབ་ནུ་མར་དང་པོ་རེག་པ་དེ་འདིར་བུམ་པའི་དབང་། །ཞེས་བྱ་བ་ལ་ཐོག་མར་གང་ཞིག་གིས་གཞོན་ནུ་མ་ལོ་བཅུ་གཉིས་ ལོན་པ་ཡོངས་སུ་སྨིན་པར་བྱས་ནས། བླ་མ་ལ་དབུལ་བར་བྱ་ཞིང་། དེ་ནས་བླ་མ་ལ་གསོལ་བ་གདབ་པར་བྱས་ནས། དེའི་རྗེས་ལ་བླ་མ་མཉེས་པས་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་རང་གི་ཕྱག་རྒྱའི་དཀར་འཛིན་ལ་རེག་པར་བྱ་སྟེ། དེ་ནི་བུམ་པའི་དབང་ངོ་། །རི་བོང་འཛིན་པ་མྱང་དང་ལྟ་བ་དག་ནི་གསང་ལས་ གསང་བའི་དབང་དུ་འགྱུར། །ཞེས་བྱ་བ་ནི། དེ་ནས་གསང་བ་མ་ལ་མཆོད་པ་བྱ་སྟེ། སློབ་མ་ལ་བདུད་རྩི་སྦྱིན་པ་དང་། ཕྱག་རྒྱའི་བྷ་ག་བསྟན་པར་བྱའོ། །དེ་ནི་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་དབང་ལ་རྒྱལ་བའི་རིགས་རྣམས་ཀྱིས་ནི་ཡན་ལག་གདོང་རྣམས་སྦྱང་། །ཞེས་བྱ་བ་ནི། ལས་ཀྱི་ ཕྱག་རྒྱའི་གདོང་རྣམས་སུ་ནི་ཨོཾ་ལ་སོགས་པའི་ས་བོན་གྱིས་རིགས་ལྔ་དང་ལྡན་པ་ར་བྱས་ལ། དེ་ནས་རྒྱལ་བ་དག་ལ་དབང་དུ་གསོལ་ཏེ། བླ་མས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན། །ཞེས་བྱ་སྟེ། ལག་བཅངས་དང་གཉིས་གཉིས་འཁྱུད་པ་ལ་སོགས་པའི་དོན་དུ། བླ་མས་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་ པ་དབང་དུ་བྱ་བ་ནི། ཇི་ལྟར་སེམས་ཅན་གདུལ་བར་དཀའ་བ་འདི་ལ། སྒོམ་པ་དང་རྒྱུད་ཀུན་མཉན་པ་དང་། རང་གི་སློབ་མ་རྣམས་ལ་རྒྱུད་ཀུན་བསྟན་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པའི་དོན་དུ་ཡིན་གྱི། གཞན་དུ་འཇིག་རྟེན་པའི་བདེ་བ་ཙམ་ཉམས་སུ་བླངས་པའི་ཕྱིར་མ་ཡིན་ནོ་ཞེས་གསོལ་ ཞིང་ཡིད་ཀྱི་དབང་དུ་བྱའོ། །དང་པོར་སློབ་མ་གཞུག་པའི་དབང་གི་ངེས་པའོ། །དེ་བཞིན་དུ་ཡོན་ཏན་གཉིས་ཀྱིས་དག་ཉིད་ཀྱི་ས་བོན་གྱི་བདེ་བ་ནི། ལྷ་རྣམས་ཀྱི་དགོད་པ་དག་པས་སློབ་དཔོན་ནོ། །གསང་བ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དེ། །ལྟ་བ་དག་པ་ཡིན་པས་སོ། །ལག་བཅངས་ནི་ཡོན་ཏན་བཞིའི་བདག་ ཉིད་དག་པ་ཡིས་སོ། །གཉིས་གཉིས་འཁྱུད་པ་ནི་ཡོན་ཏན་ལྔའི་བདག་ཉིད་ཀྱིས་ས་བོན་གྱི་བདེ་བ་ལྷ་རྣམས་ཀྱི་རྣམ་པར་དག་པ་ཡིས་སོ། །དེ་བས་ན་འཇིག་རྟེན་ཀུན་རྫོབ་ཏུ་སེམས་ཅན་རྣམས་གཞུག་པའི་དོན་དུ་དབང་རྣམ་པ་བཞིར་ངེས་སོ། །དེ་ནས་རྒྱུད་རྣམས་ཀྱི་དྲང་བ་དང་ངེས་པའི་དོན་ཤེས་པར་བྱས་ནས་ 14-1-53b བདག་པོ་ཆེན་པོར་བྱ་བའི་དོན་དུ་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་མས་རིག་མ་བཅུ་བླ་མ་ལ་དབུལ་བར་བྱ་ཞིང་རིག་མ་དེ་དག་ཀྱང་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཚ་མོ་དང་ནི་བུ་མོ་དང་། །སྲིང་མོ་དེ་བཞིན་མ་དང་ནི། །ཆུང་མའི་མ་ནི་གང་ཡིན་དང་། །དེ་བཞིན་ཞོང་པོའི་ཆུང་མ་དང་། །ཁུ་བོའི་ཆུང་མ་ དག་དང་ནི། །དེ་བཞིན་ཕ་ཡི་སྲིང་མོ་དང་། །རང་གི་མ་ཡི་ནུ་མོ་དང་། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་དང་པོ་ཆོས་དབྱིངས་མཐའ། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་ཁྱིམ་པ་ཡིས། དབང་གི་དུས་སུ་བླ་མར་འབུལ། །གལ་ཏེ་འདི་རྣམས་རིགས་བསྲུང་ཕྱིར། །རིག་མ་ བླ་མར་མི་འབུལ་ན། །དེ་ཕྱིར་དབང་ནི་སྦྱིན་མི་བྱ། །དགེ་སློང་དང་ནི་དགེ་ཚུལ་ལ། །དམངས་རིགས་ལ་སོགས་གཞན་རྣམས་ཀྱིས། །དཀྱིལ་འཁོར་ལ་ནི་དབང་བསྐུར་ཕྱིར། །བླ་མས་སྦྱིན་ནོ་མི་དབང་ཀྱེ། །རླུང་སོགས་རིམ་པས་དམངས་རིགས་ལ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེའུ་རིགས་རིགས་ངན་ ཉ་བ་དང་། །གར་མཁན་དེ་བཞིན་ཚོས་མ་དང་། །ཀོ་ལྤགས་མ་དང་གཏུམ་མོ་སྟེ། །ཆོས་ཀྱི་དབྱིངས་ཀྱི་མཁའ་སྐྱེས་བཅུ། །སྤྱོད་དང་གྲོལ་བའི་འབྲས་སྟེར་མ། །རིག་མ་ཆེན་མོས་ཡང་དག་བརྗོད། །འདི་རྣམས་སྤྱོད་དང་གྲོལ་འབྲས་སྟེར། །ཞེས་གསུངས་སོ། །འདི་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་ བཅུ་དང་། དབང་བཅུ་དང་། ས་བཅུ་དང་། སྟོབས་བཅུ་རྣམས་ཏེ། དེ་རྣམས་ཀྱི་རྣམ་པར་དག་པའོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པས་བསྟན་ཏོ། །དེ་བས་ན་རང་ཉིད་དཀྱིལ་འཁོར་ཆེན་པོའི་ སློབ་དཔོན་དུ་ལྷག་པར་འདོད་པས། ཕྱག་རྒྱ་བཅུ་དབུལ་བར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་བླ་མ་ལ་སློབ་མས་ཕྱག་རྒྱ་བཅུ་ཕུལ་ཏེ། དེ་ནས་གནང་བ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པར་བྱ་སྟེ། ཀྱེ་མ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པས་བདག་གིས་ད་ཅི་ ཞིག་བགྱི་ཞིས་གསུངས་པ་དང་། སློབ་དཔོན་གྱིས་ཀྱང་རང་གི་ཆུང་མ་འདི་བཅུའི་ནང་གང་ཡང་རུང་བ་གཅིག་དང་པོར་དེ་དང་གསོལ་བ་ཐོབ་ཅིག་ཅེས་བསྒོ་བར་བྱའོ། །རྣམ་པར་རྟོག་པ་ཆེ་བའི་དགེ་ཚུལ་ལམ། དགེ་སློང་ལ་ནི་གཏུམ་མོས་བྱ་བར་བཤད་དོ། །དེ་ནས་བླ་མས་དེ་དག་བཟུང་ནས་གསེར་ལ་སོགས་པའི་མཎྜལ་ 14-1-54a བྱེད་དུ་བཅུག་སྟེ། དེ་གཉིས་ཀྱིས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་སྤང་བའི། །དུས་ཀྱི་འཁོར་ལོ་ཁྱོད་ཕྱག་འཚལ། །མཆོག་ཏུ་མི་འགྱུར་བདེས་གང་བའི། །ཡེ་ཤེས་སྐུ་སྟེ་ཁྱོད་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ཡང་མི་འགྱུར་ བྱང་ཆུབ་སེམས། །མགོན་པོ་བདག་ལ་དབང་དེ་ནི། །དེ་རིང་བཀའ་དྲིན་གནང་བའི་རིགས། །བུ་དང་ཆུང་མ་སོགས་བཅས་པ། །ཁྱོད་ལ་ཀུན་དུ་བདག་བྲན་མཆི། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བདག་ལ་སློབ་མ་གཞན་མ་མཆིས། །ཞེས་གསོལ་བ་བཏབ་པའི་སློབ་མ་མཐོང་བ་དང་། སྒྲ་རྡོ་རྗེ་མ་ལ་ རྒྱན་ཀུན་གྱིས་བརྒྱན་ཏེ། གཅེར་བུར་བྱས་ཏེ་འཁྱུད་པར་བྱས་ལ་ཁྱིམ་པ་ལ་རང་གི་སྒྱུག་མོས་བྱའོ། །དེ་བས་རྣལ་འབྱོར་མ་དགུ་པོ་གཅེར་བུ་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་ཐོགས་པར་བྱས་ལ། ཤར་དུ་སྒྲོལ་མ། ལྷོར་གོས་དཀར་མོ། །ནུབ་ཏུ་སྤྱན་མ། བྱང་དུ་མཱ་མ་ཀཱི། མེར་རེག་རྡོ་རྗེ་མ། བདེན་བྲལ་དུ་ རོ་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ། དབུས་སུ་མེ་ཐུན་བྱའོ། །འདི་ལྟར་དབང་སྔོན་མ་རྣམས་ནི་ཆུ་ལ་སོགས་པ་བདུན་ཡིན་ལ། དེ་ལས་བླང་བར་གྱུར་པའི་དབང་ནི། ལས་ཀྱི་ཕྱག་རྒྱ་ཐུན་མོང་བ་གང་ཡང་རུང་བ་གཅིག་གིས་བྱའོ། །བླ་མའི་ཡང་བླ་མའི་དབང་ནི། སྔོན་དུ་བརྗོད་པའི་ དམངས་རིགས་ལ་སོགས་པའི་ཕྱག་རྒྱ་བཅུས་བྱའོ། །དེར་ཡང་། དགེ་སློང་དང་ནི་དགེ་ཚུལ་དང་། །ཁྱིམ་པ་ཡིན་ཏེ་གསུམ་རྣམས་ལ། །རིམ་བཞིན་ཕྱག་རྒྱ་བཅུ་དང་དྲུག །གཅིག་སྟེ་ཁྱིམ་པ་རྣམས་ལའོ། །ཞེས་གསུངས་སོ། །དེ་ནས་བུམ་པའི་དབང་གི་དོན་དུ་ཕྱག་རྒྱ་དབུལ་བར་བྱ་སྟེ། དེ་ཡང་། ཞུན་མ་གསེར་གྱི་མདོག་འདྲ་རྒྱན་རྣམས་དང་ལྡན་བཅུ་གཉིས་ལོ་ལོན་བུ་མོ་བཟང་། །ཞེས་བྱ་བ་ནི་ལས་ཀྱི་རྒྱལ་པོ་ལོ་བཅུ་གཉིས་ནས་བཟུང་ནས་ཉི་ཤུའི་མཐའ་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅེས་བྱ་བ་ནི། འཆད་བཞིན་པའི་ལྷའི་རྣལ་འབྱོར་རོ། །རང་གི་རྡོ་རྗེ་ནོར་བུས་ཞེས་པ་ནི་གསང་བའི་ རྡོ་རྗེས་སོ། །ཆགས་བཅས་འདོད་པ་ཞེས་པ་ནི། ཕྱག་རྒྱ་སྔོན་དུ་རྡུལ་དང་ལྡན་པ་ལས། གང་གི་ནུབ་མོ་རྡུལ་ལངས་པའི་ནུ་མོ་དེ་ལ་བརྩམ་ཞེས་བྱ་བའི་དོན་ཏོ། །སློབ་མ་དག་པར་ཤེས་བྱས་ཞེས་པ་ནི། བླ་མའི་ཡང་བླ་མར་གྱུར་པའི་དབང་ལའོ། །རང་གི་ས་བོན་རྡོ་རྗེ་ཡིས་ནི་ཁ་རུ་འཕང་། །ཞེས་པ་ནི། བྱང་ཆུབ་ 14-1-54b སེམས་མྱང་བར་བྱ་བའི་དོན་དུའོ། །ཕྱི་ནས་ཡང་ནི་རང་གི་ཕྱག་རྒྱ་སྦྱིན་ཏེ་ཞེས་པ་ནི་བླ་མས་བདག་ཏུ་བྱས་པའམ། སློབ་མ་རང་གི་གང་ཡིན་པ་དེ་གཏད་པར་བྱའོ། །གཞན་ཡང་འདིར་བུམ་པའི་དབང་གི་སྐབས་སུ་སློབ་མའི་ཤེས་རབ་མ་གང་ཡིན་པ་དེ་ལ་བླ་མས་ནུ་མ་ལ་རེག་པར་བྱའོ། །གསང་བའི་དབང ལ་ཡང་སློབ་མས་ཤེས་རབ་ཀྱི་ཁ་རུ་སློབ་དཔོན་གྱི་རྡོ་རྗེ་དགོད་པར་བྱའོ། །དེ་ཡང་སློབ་མ་དང་གསང་བ་གཉིས་ཀའི་གདོང་གཡོགས་པར་བྱས་ལ། བླ་མས་ཤེས་རབ་མའི་སྣ་གཞིབ་པར་བྱ་སྟེ། དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ལ་སློབ་མ་རང་གི་ཕྱག་རྒྱ་སློབ་དཔོན་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སློབ་མ་ལ་བླ་ མས་གཏད་ཅིང་། དེ་ཡང་ཕྱག་རྒྱ་བཅུའི་ནང་ན། གང་འདོད་པ་དེ་བྱིན་ལ། མཚན་མོ་ཕྱེད་ན་ཆུ་ཚོད་གཉིས་འདས་པ་དང་། ཉི་མ་ཤར་ཁའི་བར་དུ་ཉམས་སུ་མྱོང་བར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་བྱ་བ་བརྟུལ་ལ། སློབ་མ་ལ་བླ་མས་སྡོམ་པ་སྦྱིན་པར་བྱ་སྟེ། འདིར་གང་ཁྱད་པར་གྱི་དགའ་བའི་ མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་འབྱུང་ངོ་ཞེས་གང་ངས་བརྗོད་པ་དེ་ནི་ཀུན་རྫོབ་པ་སྟེ། དོན་དམ་པར་མི་འགྱུར་བའི་དོན་དམ་པ་ནི་གང་མི་འགྱུརབའི་བདེ་བ་དེ་ཉིད་ཡིན་པར་རྣལ་འབྱོར་པ་རྣམས་ལ་གསུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་འདི་ཁྱོད་ཀྱིས་བསྲུང་བར་བྱས་ལ། དེ་བཞིན་དུ་དང་པོའི་སངས་རྒྱས་ལས་ ཀྱང་ཇི་སྐད་དུ། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་ལ། །ཤིན་ཏུ་བརྟུལ་ཞུགས་བརྟན་པོ་ཡིས། །བདེ་ཆེན་བྱང་སེམས་བསྲུང་བར་བྱ། །བྷ་གར་མཚན་མ་རབ་བཀོད་དེ། བྱང་ཆུབ་སེམས་ནི་མི་སྤྲོ་བར། །འཇིག་རྟེན་ཁམས་ནི་མ་ལུས་པར། །སངས་རྒྱས་གཟུགས་སུ་ བསྒོམ་པར་བྱ། །འདི་ཉིད་བསྲུང་བར་བྱས་པ་ཡིས། །སྐྱེ་བ་འདི་རུ་སངས་རྒྱས་འགྱུར། །བསོད་ནམས་ཡེ་ཤེས་དང་ལྡན་ཞིང་། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །ཕ་རོལ་ཕྱིན་པ་བཅུ་ཐོབ་ཅིང་། །ཡང་དག་སངས་རྒྱས་དུས་གསུམ་གཤེགས། །འདི་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཆོས་ ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ཀྱང་། །ཡེ་ཤེས་འདི་ལས་གཞན་ན་མེད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར། །གལ་ཏེ་བུ་ཀྱེ་སྐྱོང་བྱེད་ན། །སྐྱོབ་པ་ཀུན་གྱིས་སྡོམ་པའི་བདག །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །དེ་ནས་ཡང་ 14-1-55a དག་བྱང་ཆུབ་ཐོབ། །འོན་ཏེ་འདོད་ཆགས་ཟད་བྱེད་ཅིང་། །གཙོ་བོའི་མདུན་དུ་བླངས་པ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཕྱིར་ཁྱོད་ནི་ངུ་འབོད་འགྲོ། །དམན་པའི་ཡིད་ཀྱིས་སྐྱེ་གནས་སུ། གལ་ཏེ་བྱང་ཆུབ་སེམས་ཟག་ན། །ཕྱག་རྒྱ་སེམས་ཤིང་རང་གི་ལྕེས། །དེ་ཡི་ པདྨའི་ཕྱི་རོལ་བླང་། །ཞེས་བདེ་བར་གཤེགས་པས་གསུངས་པ་འདིས་སློབ་མ་ལ་སློབ་དཔོན་གྱི་སྡོམ་པ་རྒྱས་པ་སྦྱིན་ནོ། །སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ལ་བླ་མའི་དཀྱིལ་འཁོར་བྱས་ནས་གསོལ་བ་བཏབ་སྟེ། ཀྱེ་བཅོམ་ལྡན་འདས་དབང་གི་རབ་ཏུ་དབྱེ་བའི་བཀའ་དྲིན་བདག་ལ་གནང་བར་མཛོད་ཅེས་ བྱ་བས་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་ལ་བོས་ཏེ། སྐྱེས་བུ་ཁྱོད་ཉོན་ཅིག །དགའ་བ་བཅུ་དྲུག་གི་མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཐུན་མོང་བ་ཁྱོད་ལ་བསྟན་པར་བྱའོ། །དེ་ཡང་ཕྱག་རྒྱ་ཡོན་ཏན་དང་ལྡན་པ་ལས་རྟོགས་པར་འགྱུར་གྱི། །གཞན་ལས་མ་ཡིན་ནོ། །མཚན་ ངན་གྱི་ཕྱག་རྒྱ་མ་སྤང་བར་བྱ་བ་ནི། དངང་དང་འཁྲུལ་པའི་སེམས་ཞེས་པ་ནི། བླ་མ་དངང་ཞིང་འཇིགས་པའོ། །དོན་ལོག་པར་འཛིན་པ་ནི་འཁྲུལ་པའོ། །གཡོན་ནི་གྱ་གྱུ་བྱེད་པའོ། །གཞན་གྱི་དབང་བསྐུར་ཞེས་པ་ནི་སྐྱེས་བུ་གཞན་ལ་ཆགས་པའོ། །ནད་ཅན་ཞེས་པ་ནི་གཅོང་ཅན་ནོ། །བུ་བཙས་ ཞེས་པ་ནི་བུ་བཙས་པ་སྐྱེ་གནས་ཡངས་ཤིང་བདེ་བ་མི་འབྱུང་ལ་བདེ་བ་ཉམས་པའོ། །ཁྲོ་བ་ནི་སྤྲོ་ཐུང་བའོ། །ཁེངས་པ་ནི་རིགས་ལ་སོགས་པས་ང་རྒྱལ་བའོ། །རྫས་ལ་ཞེན་པས་རྔན་པ་འདོད་པ་སྟེ་སྨད་འཚོང་མའོ། །མི་བདེན་པ་ནི་བརྫུན་དུ་སྨྲ་བའོ། །རྩོད་སྨྲ་ནི་འཐབ་མོ་དུས་རྟག་ཏུ་བྱེད་པའོ། །མ་དག་པ་ ནི་མཚན་ཉིད་དང་མི་ལྡན་པའོ། །ཡན་ལག་དམན་པ་ནི་རྐང་ལག་དང་མིག་ལ་སོགས་པ་མ་ཚང་བའོ། །སྐྱོན་དེ་རྣམས་དང་ལྡན་པའི་ཕྱག་རྒྱ་ནི་ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་སྤང་གི། གཞན་གྱི་གནས་སྐབས་སུ་མི་སྤང་སྟེ། རྩ་བའི་ལྟུང་བར་གསུངས་སོ། །དེ་བས་ན། འདི་ནི་བླ་མ་དམ་པས་སྤང་བྱ་མི་དབང་ ཀྱེ། །ཞེས་བྱའོ། །སངས་རྒྱས་བླ་མ་ལ་གུས་དམ་ཚིག་འཛིན་དང་སྔོན་དུ་ཇི་སྐད་གསུངས་བཞིན་མཆོད། །ཅེས་པ་ནི། ཕྱག་རྒྱའི་མཚན་ཉིད་སྐྱེ་བའི་ལོ་ཉི་ཤུ་མན་ཆད་པ་རིགས་བཙུན་ལ་ཁྱོ་མེད་པ་ལ། མཆོད་པ་རྣམ་པ་མང་པོས་མཆོད་པར་བྱ་ཞེས་དགོངས་སོ། །དེ་ལས་དགའ་བ་བཅུ་དྲུག་གི་མཚན་ཉིད་ཇི་ལྟ་བ་ 14-1-55b བཞིན་སྐྱེ་བའོ། །འགྲོ་བ་བདག་གི་ཡིད་ལ་འདོད་ཆགས་འཁྲུག་པར་བྱེད་ཅིང་རྫོགས་པར་སོན་པའོ། །ཞེས་བྱ་བ་ལ། འདིར་འགྲོ་བ་རྣམས་མིག་གིས་བལྟས་པས་འདོད་ཆགས་འཁྲུག་པ་ནི་དགའ་བ་དང་པོ་སྟེ། རྫོགས་པ་ཞེས་པ་ཚེས་ལྔའོ། །དེ་ནས་བགད་པས་ཞུ་བའི་གནས་སྐབས་ནི། དཔྲལ་བ་ན་གནས་ པའི་བྱང་ཆུབ་སེམས་ཞུ་བའི་གནས་སྐབས་ཏེ། ཤེས་རབ་མ་ལ་འཁྱུད་པ་ཡན་ཆད་བསྡུ་ཞིང་ཚེས་ནི་བཅུ་ཡན་ཆད་ཡིན་ལ། དགའ་བ་ནི་གཉིས་པ་སྟེ། རྫོགས་པ་གཉིས་ཡིན་ནོ། །རི་བོང་འཛིན་ལས་ཞུ་སྟེ་ལུས་མཆོག་ལས་ནི་རྫོགས་འབར་ཐིག་ལེ་བཟང་པོ་འཛག །ཅེས་བྱ་བ་ནི། རི་བོང་འཛིན་པ་ནི་བྱང་ ཆུབ་སེམས་ཡིན་ལ་ཞུ་བ་ནི་གཡོ་བའོ། །གང་ནས་ཤེ་ན། ལུས་མཆོག་ཅེས་བྱ་བ་སྨོས་ཏེ། སྤྱི་བོ་ལས་འཁྲིག་པའི་གནས་སྐབས་འབར་བ་ཞེས་བྱ་བའི་དུས་སུ་འཛག་པ་ནི་དགའ་བ་གསུམ་པ་ཡིན་ཏེ། ཚེས་བཅོ་ལྔ་པའོ། །ཨོཾ་ཌས་སྤྱན་དྲངས་བྱས་ཏེ་ཟགས་པའི་ཐིག་ལེ་གསུམ་མཐར་མཆོག་གི་བདེ་བ་སྟེར། ། ཞེས་བྱ་བ་ནི། དེ་ལྟར་ཨོཾ་ཞེས་བྱ་བ་ཐིག་ལེ་འཛག་པའི་གནས་སྐབས་ཡིན་ལ། དེ་ཡང་ལུས་ངག་སེམས་ཀྱི་ཐིག་ལེ་འཛག་པའི་མཐར་ལྷན་ཅིག་སྐྱེས་པའི་བདེ་བ་འབའ་ཞིག་པ་ནི་དགའ་བ་བཞི་པ་ཡིན་ཏེ། ཆ་བཅུ་དྲུག་གི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །དེ་ལྟར་ན་ཚེས་གཅིག་ལ་སོགས་པ་ནས་ཚེས་ལྔ་ལྔའི་ བར་ནི། ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། སའི་རང་བཞིན་ནི་དགའ་བ་དང་། བཟང་པོ་དང་། རྒྱལ་བ་དང་། སྟོང་པ་དང་། རྫོགས་པའི་མིང་གིས་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ། ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཞེས་བྱ་བའི་དབྱངས་རྣམས་ཀྱི་ཆོས་ཅན་རྣམས་སོ། །དེ་ལྟར་ལྔ་པའི་རྫོགས་པ་ནི་དགའ་ བའོ། །བཅུ་པའི་རྫོགས་པ་ནི་མཆོག་དགའོ། །ཉའི་རྫོགས་པ་ནི་དགའ་བྲལ་ལོ། །ཆ་བཅུ་དྲུག་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རྫོགས་པ་ཐམས་ཅད་ཀྱི་ཁམས་ཡང་དག་པར་བསྡུས་པ་དང་། ཡང་དག་པར་ཚོགས་པ་དང་། མཉམ་པ་དང་། འདུས་པ་དང་། བསྡོམ་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་ཀྱི་ སེམས་ཆགས་པ་ནི་དཀར་བའི་ཕྱོགས་ཡིན་ལ། ཆགས་བྲལ་ནི་ནག་པོའི་ཕྱོགས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་གསུངས་ལ། ། 14-1-56a གཞན་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་དགའ་བ་བཅུ་དྲུག་ལ་སྦྱོར་བ་བཞི་བཞི་བརྗོད་པར་བྱ་སྟེ། འདོད་ དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་ཐམས་ཅད་ལ། སད་པ་དང་། རྨི་ལམ་དང་། གཉིད་མཐུག་པོ་དང་། བཞི་པའི་དབྱེ་བས་ལུས་ངག་སེམས་དང་ཡེ་ཤེས་ཀྱི་སྦྱོར་བའོ། །དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བ་བཅུ་དྲུག་སྟེ། དེ་ལ་འདོད་པ་ཞེས་པ་ནི་སྐུའི་དགའ་བའོ། །དགའ་བ་ཞེས་པ་ནི་གསུང་ གི་དགའ་བའོ། །འདར་བ་ཞེས་པ་ནི་ཐུགས་ཀྱི་དགའ་བའོ། །མི་འགྱུར་བ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བ་སྟེ། དེ་བས་ན་དེ་ལྟོར་སྦྱོར་བ་བཞི་པོ་དེ་ནི་གཅིག་ཅེས་བྱ་བ་དགའ་བ་གཅིག་པ་སྟེ། དང་པོའོ། །དེ་བཞིན་དུ་རྫོགས་པ་ཞེས་པ་ནི་སྐུའི་མཆོག་དགའོ། །མཆོག་དགའ་ཞེས་པ་ནི་ངག་གི་མཆོག་དགའོ། །སྐྱེ་བ་ ཞེས་པ་ནི་སེམས་ཀྱི་མཆོག་དགའོ། །དགའ་བོ་ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའོ། །གཉིས་པའི་ཞེས་པ་ནི་མཆོག་དགའ་གཉིས་པ་ཡིན་པའི་ཕྱིར་རོ། །འབར་དང་ཞེས་པ་ནི་ལུས་ཀྱི་དགའ་བྲལ་ལོ། དགའ་བྲལ་ཞེས་པ་ནི་ངག་གི་དགའ་བྲལ་ལོ། རྒྱལ་ཞེས་པ་ནི་སེམས་ཀྱི་དགའ་བྲལ་ལོ། །ཐིག་ལེ་ ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བྲལ་ཏེ། དགའ་བ་གསུམ་པ་ཡིན་པར་སྦྱོར་བ་གསུམ་པའོ། །ཨོཾ་ཌ་ཞེས་པ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་དགའ་ཞེས་པ་ནི་ངག་གི་ལྷན་ཅིག་སྐྱེས་དགའོ། །གཉིས་ཞེས་པ་ནི། སེམས་ཀྱི་ལྷན་ཅིག་སྐྱེས་དགའོ། །ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའོ། །དེ་ལྟར་ ན་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་ངོ་བོ་ཉིད་ཀྱི་སྐུའི་དབྱེ་བས། ལུས་ངག་ཡིད་ཡེ་ཤེས་རྣམ་པ་བཞི་པོ་རེ་རེ་ལའང་བཞི་བཞིར་རྟོགས་པར་བྱ་སྟེ། དེ་ལྟར་ན་དགའ་བ་བཅུ་དྲུག་ཏུ་འགྱུར་རོ། །དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་ནི་ངེས་པའོ། །ད་ནི་ལས་ཀྱི་ཕྱག་རྒྱའི་ དག་པ་བརྗོད་པར་བྱ་བའི་ཕྱིར། མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདིར་རྒྱུད་ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་རྣལ་འབྱོར་པ་རྣམས་ལ་ཆགས་པར་བྱ་བའི་དོན་དུ་ཐུན་མོང་དུ་གསུངས་ལ། དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་རྣམས་ལ་ཡིན་གྱི། གཞན་རྣམས་ལ་ནི་མ་ཡིན་ནོ། །གཞན་དག་ 14-1-56b ལས་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་བུད་མེད་རྣམས་གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པར་བྱའོ། །དེ་ཡང་འདིར་གལ་ཏེ་རྣལ་འབྱོར་པ་དང་པོའི་སེམས་ཀྱིས་བསམས་པས་མར་འགྱུར་རོ། །རེག་པའི་དུས་ན་སྲིང་མོར་བསམས་ཏེ། ཆ་སྟེར་བའི་ཕྱིར་རོ། །རྡོ་རྗེ་ཞུགས་པའི་དུས་ན་བུ་མོར་བསམས་ཏེ་ཡོན་ཏན་འཇོ་ བས་སོ། །སྙིང་རྗེ་དང་བཅས་དགའ་བ་སྟེ། བདེ་བ་འཛག་པས་ན་ཚ་མོར་བསམས་ཏེ་སྙིང་རྗེ་ཆེན་པོ་གཡོ་བའི་ཕྱིར་རོ། །ཐིག་ལེ་ལྷུང་བ་ན་ཆུང་མར་བསམས་ཏེ། བདེ་བ་རང་ལས་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་མ་ལ་ཆགས་བྲལ་གཞན་གྱི་རིགས། །ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་སེམས་འཛག་ན་དེ་ནས་ བྱང་ཆུབ་སེམས་ཆགས་པ་བྲལ་བ་ཡིན་པས་ཁ་གཞན་དུ་ལྟ་ཞིང་རེག་པར་མི་བྱེད་པའི་ཕྱིར་རོ། །གཞན་གདོལ་པ་མོའི་རིགས་སུ་བསམ་མོ། །ས་ཆུ་མེ་རླུང་ནམ་མཁའ་སྟེ་ཆད་པའི་དངོས་པོ་ཞེས་བྱ་བ་ལ། འདིར་ལུས་ཅན་ཀུན་གྱི་རྒྱུད་ལ་བྱང་ཆུབ་སེམས་གཡོ་བ་ན། །དང་པོ་སའི་ཁམས་འཁྲུག་གོ། །དེ་ནས་ཆུ་ འཁྲུག་གོ། །དེ་ནས་མེ་འཁྲུག་གོ། །དེ་ནས་རླུང་འཁྲུག་གོ། །དེ་ནས་ནམ་མཁའི་ཁམས་འཁྲུག་གོ། །དེ་ནས་འཕོ་བར་འགྱུར་རོ། །འདི་དྲུག་རྣལ་འབྱོར་ཕྱག་རྒྱའོ། །ཞེས་པ་ནི། དེ་ལྟར་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ལྔར་མཛད་པ་སྟེ། འཕོ་བའི་དུས་སུ་ནི་མ་ལ་སོགས་པ་རྣམ་པར་དག་པར་ཤེས་ པར་བྱ་ཞིང་། དེ་ཉིད་འཁོར་ལོ་དང་། རྣ་ཆ་དང་། ནོར་བུ་དང་། ལག་གདུབ་དང་། སྐ་རགས་དང་། ཐལ་བ་སྟེ། རིགས་དྲུག་དག་པས་རྣལ་འབྱོར་མ་རྣམས་ལ་མཚན་མར་བརྒྱན་པར་བྱས་སོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་རྣམ་པར་དག་པར་ངེས་པའོ། །ད་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་ གསུམ་པ་བརྗོད་པར་བྱ་བའི་ཕྱིར། པདྨོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་དུ་གཞན་དྲང་བའི་ཕྱིར། དཔྲལ་བ་སྐྲུའི་ཕྱག་རྒྱའོ། །མགྲིན་པ་གསུང་གི་ཕྱག་རྒྱའོ། །སྙིང་ག་ཐུགས་ཀྱི་ཕྱག་རྒྱའོ། །ངེས་དོན་དུ་པདྨར་རྡོ་རྗེ་ཞུགས་ཞེས་བྱ་བ་ནི། རྟག་པར་རྡོ་རྗེ་ལས་སུ་རུང་བསྟེ། སྐུའི་ཕྱག་ རྒྱའོ། །མེ་ལ་རླུང་ཞེས་པ་ནི་རྩ་དབུ་མར་སྲོག་རླུང་ཞུགས་པ་གསུང་གི་ཕྱག་རྒྱའོ། །ཐིག་ལེ་མ་ལྷུང་བ་ནི་ཐུགས་ཀྱི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཞེས་པ་ནི་བསྟན་པ་དེ་རྣམས་སོ། །རྣལ་འབྱོར་གསུམ་པོ་འདི་ཞེས་པ་ནི། དེ་ལྟོར་ཕྱག་རྒྱ་གསུམ་དུ་བསྟན་པ་དེ་དག་དབུ་མར་ཇི་ལྟ་བ་བཞིན་དུ་འདུས་པའོ། ། 14-1-57a བསྟན་པ་ཞེས་པ་ནི་སློབ་མ་རྣམས་ལའོ། །དེའི་རྗེས་ལ་ཆགས་དང་ཆགས་མེད་ཐོག་མཐའ་ཞེས་བྱ་བ་སྟེ་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་མཐར་གྱུར་པའོ། །ཆགས་བྲལ་ནི་ནག་པོ་སྟེ། དེའི་ཐོག་མར་རོ། །གང་དེ་དག་གི་མཐར་ཆ་བཅུ་དྲུག་པའི་གནས་སུ་ཤེས་པར་བྱས་ལ། དེ་ཡང་མི་ འཛག་པ་དེ་སྲིད་དུ་བརྗོད་དོ། །དེར་ནི་མཆོག་གི་དགའ་སྟེར་ཞེས་བྱ་བ་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པས་བགྲོད་པ་བཞི་པ་ནི་ཞེས་པ་སྟེ། གང་ཡང་བཞི་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་རྫོགས་པའི་རྣལ་འབྱོར་པའི་ཡན་ལག་དྲུག་གིས་བགྲོད་པར་བྱ་བ་ཡིན་གྱི་གཞན་དུ་ མ་ཡིན་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཞེས་པ་ནི། རྒྱུད་སྔ་ཕྱི་ཀུན་དུ་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཡན་ལག་དྲུག་གིས་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡུམ་མཆོག་ཅེས་པ་ནི་ལུས་ཅན་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྒྲུབ་པར་མཛད་པའི་ཕྱིར་རོ། །རྣམ་བཅུར་འགྱུར་ཞེས་པ་ནི་དུ་བ་ལ་ སོགས་པའི་དབྱེ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དཔལ་ལྡན་བླ་མའི་ཞེས་པ་ནི་དེ་ལྟ་བུའི་བཞི་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་རྟོགས་པར་བྱའོ། །གཞན་ཡང་བཞི་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཆོས་ཅན་མ་ལ་ཞེས་བྱ་སྟེ་ངེས་པའི་དོན་ཏོ། །དེ་ལྟར་སློབ་ མ་ལ་དབང་དང་ཕྱག་རྒྱའི་མཚན་ཉིད་ལེགས་པར་བསྟན་ནས། ཚོགས་ཀྱི་འཁོར་ལོ་གྱིས་ཤིག་པའི་ངེས་པ་བྱིན་ལ། རིགས་ཀྱི་ལྷ་མོ་སུམ་ཅུ་རྩ་དྲུག་སྤྱན་དྲངས་ཤིང་། དེ་ཉིད་ཀྱི་ཉིན་པར་གཞོན་ནུ་མ་རྡོ་རྗེའི་མདས་མ་སྨས་པ་བཅུ་ལ། འོ་ཐུག་དང་ཟས་མངར་བ་ལ་སོགས་པས་ཚིམ་པར་བྱས་ལ་ཡོན་ ཕུལ་ཏེ་བཏང་ངོ་། །དེ་ནས་ཆུ་ཚོད་བདུན་ལ་བབ་པ་ན། སངས་རྒྱས་གཙོར་བྱས་པའི་དགེ་སློང་གི་དགེ་འདུན་སྡེ་གཉིས་སྤྱན་དྲངས་ལ། ཁ་ན་མ་ཐོ་བ་མེད་པའི་མངར་བའི་གསོལ་ཟས་ཀྱིས་མཉེས་པར་བྱས་ལ། ཡོན་ཕུལ་ཏེ་སླར་འཕགས་པའི་དགེ་འདུན་གཙུག་ལག་ཁང་དུ་གཤེགས་སུ་གསོལ། །དེ་ ནས་སྐྱེ་བོ་མེད་ཅིང་བུག་པ་མེད་པའི་ཁྱིམ་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་གནས་བརྩམ་པར་བྱ་སྟེ། འདིར་ཇི་ལྟར་ནུས་པ་རྗེས་སུ་མཐུན་པར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བླ་མ་གཙོ་བོའི་དབུས་སུ་བཞུགས་སུ་གསོལ། །ཕྱོགས་ཀྱི་མཚམས་བཞི་ལ་རྣལ་ 14-1-57b འབྱོར་མ་བཞི་པོ་དབུས་སུ་གདོལ་པ་མོའོ། །ཤར་དུ་དམངས་རིགས་མའོ། །ལྷོར་རྒྱལ་རིགས་མའོ། །ནུབ་ཏུ་རྗེའུ་རིགས་མའོ། །བྱང་དུ་བྲམ་ཟེ་མའོ། །ཚོགས་ཀྱི་གཙོ་བོ་ལྔའི་བདག་ཉིད་དོ། །འདི་རྣམས་ཀྱི་གདན་ནི་མིའི་པགས་པ་དང་། ཁྱིའི་པགས་པ་དང་། རྟའི་པགས་པ་དང་། བ་ལང་གི་པགས་པ་དང་། གླང་པོ་ཆེའི་པགས་པའོ། ། དེ་ནས་ཕྱོགས་མ་ཡིན་པ་ལ་གཉིས་ནི་དབང་ལྡན་དུ་དྲི་ཆུའི་སྣོད། རླུང་དུ་དྲི་ཆེན་གྱི་སྣོད། བདེན་བྲལ་དུ་ཁྲག་གི་སྣོད། མེར་ཀླད་པའི་སྣོད་དོ། །དེ་ནས་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ནི་ཡོངས་སུ་བསྐོར་བ་ཡིན་ལ། དེའི་ཤར་དུ་འཁར་བ་མཁན་མ། ལྷོར་ཤིང་འཛེག་མ། བྱང་དུ་ནོར་བུ་མཁན་མ། ནུབ་ཏུ་ དྲག་སྤྱན་མ། མེར་ཕྲེང་མཁན་མ། བདེན་བྲལ་དུ་ཆང་འཚོང་མ། དབང་ལྡན་དུ་གསེར་མཁན་མ། རླུང་དུ་ཕྲེང་རྒྱུད་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི་གྲངས་ཇི་ལྟ་བས། ལུག་གི་པགས་པ་དང་། འབྲོག་གི་ཁྱིའི་པགས་པ་དང་། རྔ་མོའི་པགས་པ་དང་། སེང་གེའི་པགས་པ་དང་། རའི་ པགས་པ་དང་། རི་དྭགས་ཀྱི་པགས་པ་དང་། བོང་བུའི་པགས་པ་དང་། ཕག་གི་པགས་པའོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་ཀུན་ནས་བསྐོར་བ་ལ་ཤར་དུ་ཤ་འཚོང་མ། མེར་རྫ་མཁན་མ། ལྷོར་གཡོས་མཁན་མ། བདེན་བྲལ་དུ་སྨད་འཚོང་མ། ནུབ་ཏུ་བསྲུབ་མཁན་མ། རླུང་དུ་ཉ་བ་མ། བྱང་ དུ་སྐར་རྩིས་མཁན་མ། དབང་ལྡན་དུ་ཚོས་མཁན་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི་ཆུ་སྲིན་གྱི་པགས་པ་དང་། འགྲོན་བུའི་གཞུག་མ་དང་། སྦལ་པའི་གཞུག་མ་དང་། ཉ་ལྤགས་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་པགས་པ་དང་། སྦལ་པའི་པགས་པ་དང་། རུས་སྦལ་གྱི་ཁོག་པ་དང་། དུང་སྟེ་ གྲངས་ཇི་ལྟ་བས་སོ། །དེ་ནས་བཞི་པ་སྐུའི་དཀྱིལ་འཁོར་གྱི་ཤར་དུ་ལྕགས་མཁན་མ། ལྷོར་རྒྱ་སྐྱེགས་བྱེད་མ། ནུབ་ཏུ་སྲིན་བལ་མཁན་མ། བྱང་དུ་ཏིལ་མཁན་མ། མེར་སྨྱུག་མ་མཁན་མ། བདེན་བྲལ་དུ་ཤིང་མཁན་མ། རླུང་དུ་ཀོ་ལྤགས་མཁན་མ། དབང་ལྡན་དུ་འབྲེག་མཁན་མ་སྟེ། རྣལ་འབྱོར་མ་བརྒྱད་ དོ། །འདི་རྣམས་ཀྱི་གདན་ནི། བསེའི་པགས་པ་དང་། སྟག་ལྤགས་དང་། དོམ་ལྤགས་དང་། ནེའུ་ལེའི་པགས་པ་དང་། གཡག་གི་པགས་པ་དང་། ཅེ་སྤྱང་གི་པགས་པ་དང་། སྲམ་ལྤགས་དང་། བྱི་ལའི་པགས་པའོ། །དེ་ནས་ལྔ་པོ་དུར་ཁྲོད་ཀྱིས་ཀུན་ནས་འཁོར་བའི་ཤར་དུ་ཀླ་ཀློ་མ། ལྷོར་ལྷག་ཟན་མ། 14-1-58a ནུབ་ཏུ་གཏུམ་མོ། །བྱང་དུ་སྟག་གཟིག་མ། མེ་རུ་སྨྱོན་ཐབས་མ། བདེན་བྲལ་དུ་རོ་སྲེག་མ། རླུང་དུ་བ་ལང་རྫི་མ། དབང་ལྡན་དུ་རི་ཁྲོད་མ་སྟེ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི། སྦྲུལ་གྱི་པགས་པ་དང་། བྱི་ལའི་པགས་པ་དང་། མགོ་དཀར་གྱི་པགས་པ་དང་། སྤྲེའུའི་པགས་པ་དང་། རི་བོང་གི་པགས་པ་དང་། ཤ་ཁྱིའི་པགས་པ་དང་། ཨེ་ཤུ་ཀའི་པགས་པ་དང་། རྩངས་པའི་པགས་པའོ། །པགས་པ་འདི་རྣམས་མེད་ན། ཤར་ནས་མེར་ཁྱི་ལྤགས། ལྷོ་ནས་བདེན་བྲལ་དུ་རྟ་ལྤགས། ནུབ་ནས་རླུང་དུ་གླང་པོ་ཆེའི་པགས་པ། བྱང་དང་དབང་ལྡན་དུ་བ་ལང་གི་པགས་པ་དང་། དབུས་སུ་མིའི་ པགས་པའོ། །དེ་ལྟར་གདན་རྣམས་ཕུལ་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ། པགས་པ་འདི་རྣམས་ཀྱང་དབུལ་ཏེ། དེ་བཞིན་དུ་སྡེར་རྣམས་ནི་ཤར་དང་མེར་ཉ་ཕྱིས་སོ། །རྦྷོ་དང་བདེན་བྲལ་དུན་ལི་ཀེ་རའོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མི་ཐོད་དོ། །དབུས་སུ་ཤིང་གི་ སྣོད་དོ། །དེ་ནས་ཆང་ལ་སོགས་པ་དང་། བཟའ་བཅའ་དང་མར་མེ་ལ་སོགས་པ་འཆད་བཞིན་པ་རྣམ་པ་བཅུ་ཕུལ་ལ། དེ་ནས་མཎྜལ་བྱས་ལ་ཡོན་ཆབ་ལ་སོགས་པ་བྱིན་ཏེ། ལས་ཀྱི་རྡོ་རྗེ་དང་བཅས་པའི་སློབ་མས་དེ་ལྟར་མཆོད་རྫས་རྣམས་བསོགས་ཏེ། ཚོགས་ཀྱི་འཁོར་ལོའི་གནས་དང་རིགས་ཀྱི་ངེས་པའོ། ། དེ་ནས་མེ་ཐུ་ནའི་སྦྱོར་ཐབས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །འཇིག་རྟེན་ཀུན་རྫོབ་ཀྱི་དབང་བདུན་པ་དང་ཞེས་པ་ནི། ཆུ་ནས་རྗེས་སུ་གནང་བའོ། །གསུམ་པ་སྟེ་ཞེས་པ་ནི། བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་སོ། །དེ་བས་ན་བཅུ་པའོ། །བཞི་པ་ནི་བཞི་པ་སླར་ཡང་དེ་བཞིན་ཏེ་ཞེས་པ་ནི་ བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེའི་རྗེས་སུ་སྦྱིན་པར་བྱ་བ་ཡིན་པས་བཞི་པ་སྟེ། དེ་བས་ན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞེས་བྱའོ། །བཞི་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། གསུམ་པ་ལས་ཐ་དད་པར་བཞི་པ་ཞེས་གསུངས་པའི་ ཕྱིར་རོ། །བཞི་པ་ནི་ཤེས་རབ་ཡེ་ཤེས་ཡིན་ཏེ་ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཆེན་པོ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །སླར་ཡང་དེ་བཞིན་ཏེ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པ་ནུ་མ་དང་སྐྲར་ལྡན་པ་ལ་བརྟེན་པ་བཞིན་དུ། བཞི་པ་འདི་ཡང་སླར་ཕྱག་རྒྱ་ཆེན་མོ་ལ་བརྟེན་པའམ། ཡང་ན་གསུམ་པ་ཡོངས་ 14-1-58b སུ་རྫོགས་ནས། བཞི་པ་ཡོངས་སུ་རྫོགས་པར་འདོད་པ་དེའི་ཚེ། སྔོན་གྱི་གསུམ་པ་ལ་སོགས་པ་ཡང་སླར་བཟླ་སྟེ། དེའི་རྗེས་ལ་གནང་བ་སྦྱིན་པ་ར་བྱ་བ་ཡིན་པས། དེའི་ཕྱིར་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གསུམ་པ་ཉིད་ནི་བཞི་པ་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བསྡུས་ པའི་རྒྱུད་འདི་ཉིད་ལས་གསུངས་པ། གཞན་ཡང་བདུད་རྩི་མྱང་དང་རྣམ་པར་ལྟ་བ་གང་། ཤེས་རབ་སྦྱར་ལས་སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ་བྱང་ཆུབ་སེམས་ཞུ་གང་། །ཞེས་གསུངས་ཏེ། འདིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། གང་བལྟ་བ་དང་། དགོད་པ་དང་། ལག་བཅངས་དང་གཉིས་གཉིས་ འཁྱུད་པ་ཞེས་བྱ་བ་དང་། དབང་རྣམ་པ་བཞི་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་སླར་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལ། དེ་བཞིན་དུ་གསང་བ་འདུས་པ་ལ་སོགས་པར་ཡང་། བུམ་པ་ལ་སོགས་པའི་དབང་སློབ་དཔོན་དུ་གསུངས་པ་དེ་ནི། ཀུན་རྫོབ་པ་སྟེ་དེ་ཁོ་ན་ཉིད་མ་ ཡིན་ནོ། །དེ་ཡང་། དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་གསུངས་པའི་ཕྱིར་ཡང་། དགོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་སྦྱོར་བ་ཞེས་བྱ་བའི་རྣམ་པ་བཞི་ནི་གཉིས་སུ་མེད་པར་མི་འགྱུར་ཏེ། འདིར་དེ་ཁོ་ན་ཉིད་དེ་གཉིས་སུ་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུས་འབྱུང་བ་ནི་ གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །དེ་བས་ན་ཤེས་རབ་ནུ་མ་གང་ལ་རེག་པ་དེ་ནི་བུམ་པའི་དབང་ངོ་། །གཞན་ཡང་བདུད་རྩི་མྱོང་བ་དང་རྣམ་པར་བལྟ་བ་ནི་གསང་བའི་དབང་ངོ་། །སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ། བྱང་ཆུབ་སེམས་ཞུ་བ་ནི་ཤེས་རབ་ཡེ་ཤེས་སུ་གང་གསུངས་པ་དེ་ནི་བྱིས་པ་རྣམས་ གཞུག་པ་ཡིན་པ་དེ་བས་ན། དེ་དག་ཐམས་ཅད་འཇིག་རྟེན་པར་ངེས་ཐུགས་རྗེ་མཆོག་གི་ལམ་གྱི་རྒྱུ་རུ་བསྟན། །ཞེས་གསུངས་སོ། །གཞན་ཡང་འཇིག་རྟེན་ལས་འདས་པའི་དབང་ནི། རྒྱལ་བ་མཆོག་གི་ཕྱག་རྒྱ་བཟང་ལ་སྦྱར་བ་གང་ནི་འཇིག་རྟེན་ལས་འདས་དབང་། །ཞེས་གསུངས་ཏེ། རྒྱལ་བ་མཆོག་ནི་མི་ བསྐྱོད་པ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའོ། །དེའི་ཕྱག་རྒྱ་བཟང་མོ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་བ་རོལ་ཏུ་ཕྱིན་མ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་མ་ཡིན་ལ། དེ་ཉིད་ལ་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་དབང་ཞེས་བྱ་སྟེ། 14-1-59a འཇིག་རྟེན་ལས་འདས་པའི་དབང་གང་ཡིན་པ་དེ་ནི། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ལ་བརྟན་པ་མི་འཐོབ་པའི་ཕྱིར་སྤངས་པ་ཞེས་གསུངས་སོ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་ཤེས་པ་ནི་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་མ་ཡིན་པ་གཉིས་སུ་མེད་པའི་བདེ་ བ་ཆེན་པོས་བརྒྱན་པ་རྡོ་རྗེ་ལྟ་བུའི་སྐུའི་ཆེད་དུའོ། །མཆོག་གི་རྒྱལ་བ་ཞེས་བྱ་བ་ནི། ཉན་ཐོས་དང་རང་རྒྱལ་བ་ལས་གཞན་པ་གང་ཡིན་པ་དེ་ཉིད་ཡིན་ལ། དེ་ཡང་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །སྐྱེད་མ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྐྱེད་པར་མཛད་པ་གང་ཡིན་པའོ། །དེ་ཉིད་ཕྱག་རྒྱ་བཟང་ མོ་སྟེ། རྫོགས་པའི་བྱང་ཆུབ་རྒྱུ་རུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཉོན་མོངས་པ་མཐའ་དག་རྩད་ནས་འདོན་ཞིང་གཡོ་བ་མེད་པར་མཛད་པ་དང་། འགྱུར་བ་མེད་པར་མཛད་པ་དང་། མ་རིག་པའི་མུནཔའི་མུན་ནག་སྨག་ཏུ་གྱུར་པ་ཐམས་ཅད་འཇོམས་ཤིང་། གཞན་ཡང་དེ་ཉིད་ནི་ནམ་མཁའ་ལྟ་བུར་ ཀུན་དུ་ཁྱབ་པ་ཡིན་ཏེ། སྐྱེ་བོ་རྣམས་ཀྱི་རང་དབང་དུ་གནས་པ་ཞེས་བྱའོ། །ཡང་ནམ་མཁའ་ལྟར་གོས་པ་མི་མངའ་བའི་ཚུལ་དུ་འགྲོ་བ་ཀུན་ལ་གནས་པས་མཁའ་མཉམ་ཞེས་བྱའོ། །དེ་ཉིད་ཁོ་ན་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པས། རྣལ་འབྱོར་གྱིས་ནི་བགྲོད་ཅེས་བྱ་བའོ། ། གཞན་ཡང་ལུས་ལ་གནས་ཞེས་བྱ་བ་ནི་ཐིག་ལེ་བཞི་ལ་སོགས་པར་ལུས་ཅན་ཐམས་ཅད་གྱི་ལུས་ལ་གནས་པའོ། །ཡེ་ཤེས་གཟི་བརྗིད་ཅེས་པ་ན་དེ་ལྟར་གནས་པའི་ཐིག་ལེ་བཞི་ལ་སོགས་པ་ཡང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་བྱ་བའི་མེས་བཞུ་ཞིང་བསྲེགས་ན། སྲིད་པའི་སྡིག་ འཕྲོག་ཅེས་བྱ་སྟེ། སྲིད་པའི་སྡིག་པ་ནི་ཐིག་ལེ་བཞི་ཕྱིར་འཕོ་བ་ཡིན་ལ། ནམ་མཁའ་ལས་བྱུང་རང་བྱུང་མེས། ཕྱིར་འཕོ་བ་རྒྱུན་བཅད་པ་ནི་སྡིག་པ་འཕྲོག་པ་ཞེས་བྱའོ། །དུས་ཀྱི་འཁོར་ལོས་རི་གཅེས་བྱ་བ་ནི། དུས་ཀྱི་འཁོར་ལོས་རྣལ་འབྱོར་རྗེས་སུ་རིག་པས་སོ། །སེམས་ཀྱི་སྣང་བ་ཙམ་སྟེ་ཞེས་བྱ་བ་ ནི། གང་གི་དུས་སུ་དུ་བ་ལ་སོགས་པ་ལྟ་བུར་མཐོང་བ་དེ་དག་སེམས་ཡོངས་སུ་གྱུར་པའི་སྣང་བར་རྟོགས་པར་བྱའོ། །དེ་བས་ན་རང་གི་ཡིད་ལས་སྐྱེས་ཤེས་ཀྱང་བྱའོ། །གཞན་ཡང་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དམ། བཅུ་གཉིས་ལྟར་རྟོགས་ཤིང་། ཤེས་པར་བྱ་བ་སྟེ། སྤྱོད་ལམ་ལ་སོགས་པའི་དུས་ 14-1-59b སོ། །གཞན་དུ་ནི་གཞན་དུ་རྟོགས་པར་བྱ་ཞེས་པའི་དོན་ཏོ། །རྒྱལ་བའི་སྲས་རྣམས་དང་ནི་སངས་རྒྱས་ཀྱིས་བརྟེན་རྣལ་འབྱོར་དབང་པོས་བསྟེན་པར་བྱ། །ཞེས་པ་ནི། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱལ་བའི་སྲས་ཏེ་དུས་གསུམ་གྱི་བྱང་ཆུབ་ སེམས་དཔའ་རྣམས་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྟེན་ཅིང་རིམ་གྲོ་མཛད་པ་སྟེ། རྣལ་འབྱོར་དབང་པོ་ཁྱོད་ཀྱིས་ཀྱང་། །འབད་པ་ཀུན་གྱིས་དུས་ཐམས་ཅད་དུ་བསྟེན་ཅིག་ཅེས་གདམས་པའོ། །ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པས་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་མེ་རབ་ཏུ་རྒྱས་ནའོ། །བདུད་ དཔུང་ཡུལ་བཅས་མ་ལུས་ཞེས་པ་ནི། ལྷའི་བུ་ལ་སོགས་པ་བཞི་ཡིན་ཏེ། དེ་ཡང་ངེས་པའི་དོན་དུ་ཐིག་ལེ་བཞི་ཕྱིར་དོར་བ་བདུད་དུ་རྟོགས་པར་བྱ་ཞིང་བདུད་དེ་དག་སྲེག་པ་ནི། ནམ་མཁའ་ལས་བྱུང་རང་བྱུང་བའི་ཚངས་པའི་མེས་སྲེག་པར་སྤྱོད་ལ། བརྟགས་པ་དང་བཅས་པའི་མེས་སྲེག་པར་ནུས་པར་མ་ གསུངས་སོ། །འདོད་ཆགས་ལ་སོགས་མཉམ་པ་དེ། །ཞེས་བྱ་བ་ནི། མི་འགྱུར་བའི་ཐིག་ལེ་བདེ་བ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱས་དམན་པའི་བདེ་བའོ། །རྣལ་འབྱོར་པ་ལ་ཞེས་པ་ནི། ཤེས་རབ་ཆེན་པོ་དང་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་ལའོ། །སྟེར་བ་ནི་ཐོབ་པར་འགྱུར་ བའོ། །རྣལ་འབྱོར་ལོས་ཞེས་བྱ་བ་ནི། ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཀྱིས་རླུང་གི་རྒྱུ་བ་རྒྱུན་གཅོད་པར་བྱེད་ཅིང་མི་འགྱུར་བ་སྟེར་ཞེས་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་གང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཤེས་རབ་ཡེ་ཤེས་དེ་ནི་རྣམ་བཅུར་འགྱུར་བའི་སེམས་ཏེ་དེ་ནི་སྣང་བའོ། །ཞེས་བྱ་བ་སྨོས་ཏེ། འདིར་ ཤེས་རབ་ཡེ་ཤེས་ནི་འཛིན་པའི་སེམས་ཡིན་ལ། རྣམ་བཅུར་འགྱུར་ཞེས་པ་ནི་གཟུང་བྱ་དུ་བ་ལ་སོགས་པའོ། །སྣང་བ་ནི་འཛིན་པའི་སེམས་ལ་དུ་བ་ལ་སོགས་པར་སྣང་བའོ། །དྲི་བྲལ་ཟླ་འོད་ལྟ་བུ་ཞེས་པ་ནི། སེམས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བར་བྱས་ནས། ནམ་མཁའ་ལྟར་གནས་ན་ཟླ་བ་དང་འོད་ལྟར་དབྱེར་ མེད་པའི་རྟགས་མཁའ་སྣང་ལ་སོགས་པའམ། ཡང་ན་ཟླ་བ་དང་འོད་ལྟར་དབྱེར་མི་ཕྱེད་པའི་བདེ་བ་ཡིན་ལ། དབང་འདིར་གང་ཞིག་ཞུགས་པ་ཉིད། །ཅེས་པ་ནི་དེ་འདྲ་བར་རྟོགས་ཤིང་སྐྱེ་བར་འགྱུར་བའི་དབང་འདིར་ཞུགས་པ་སྟེ། གཟུང་བྱའི་ཡུལ་ལས་ལྡོག་པར་བྱེད་པ། ཡན་ལག་དྲུག་གི་སྦྱོར་བ་སྟེ། སོ་སོར་ 14-1-60a སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །ཞེས་བྱ་བར་ཞུགས་པའོ། །དེའི་སྟོབས་ཀྱིས་དེ་ནས་མི་འཛག་པའི་ལྷན་ཅིག་སྐྱེས་པ་མི་འགྱུར་ཞེས་བྱ་བ་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མི་ཕྱིད་པའི་བདེ་བ་འཛག་པ་མི་མངའ་བའི་ ལྷན་ཅིག་སྐྱེས་པ་འབྱུང་ལ། སྟོང་ཉིད་སྙིང་རྗེ་ལ་མི་གནས་པ་གང་ཡིན་པ་དེ་ཁོ་ན་བཞི་པ་ཞེས་ཀྱང་བྱའོ། །གཞན་ཡང་བྱིས་པ་དང་དར་མ་དང་རྒན་པོར་གྱུར་པ་ནི། འགྱུར་བ་དང་བར་ཆད་ཅན་གྱི་བདེ་བ་དཔེར་བྱ་བ་ཡིན་ལ། བཞི་པ་གང་ཡིན་པ་དེ་ནི། འཇིག་རྟེན་གསུམ་གྱི་དཔེར་བྱ་བ་ལས་འདས་པ་ཡིན་ནོ། ། དེ་ཉིད་ཁམས་གསུམ་གྱི་སྤྲོས་པ་ལས་གྲོལ་བ་ཡིན་ནོ། །གང་ལ་སངས་རྒྱས་ཞལ་འདི་ཁ་དང་སྙིང་ག་ལ་གནས་ནས། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་གསུང་སྟེ། གསུང་གི་ཡེ་ཤེས་འདི་ཞེས་བྱ་བའོ། །ཐུགས་ལ་གནས་ཞེས་བྱ་བ་ནི་བསྒོམས་ཤིང་ཉམས་སུ་མྱོང་བའོ། །གསུང་ལ་གནས་ཞེས་བྱ་བ་ནི། སློབ་དཔོན་དེས་སློབ་མ་རྣམས་ལ་ལེགས་པར་སྟོན་པར་བྱེད་པའོ། །དེ་ཡང་དུས་ཐམས་ཅད་ཉམས་སུ་མྱོང་ཞིང་སྟོན་པར་འགྱུར་བ་རྣམས་གང་ཡིན་དེ་ལ། དཔལ་ལྡན་བླ་མ་དེ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་དང་མཚུངས་ཞེས་པའི་དོན་ཏོ། །ད་ནི་རང་གི་སེམས་སྣང་བ་ལ་འཇུག་པ་བརྗོད་པར་བྱ་བའི་ཕྱིར། ནམ་ མཁའ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྤྱིར་སྦྱོར་བ་གོམས་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྦྱོར་བ་གོམས་པ་ནི་བླ་གབ་མེད་པའོ། །སྔགས་ཀྱི་ཐེག་པ་ནི་གང་ནམ་མཁའི་རྣལ་འབྱོར་དུ་བྱེད་པ་སྟེ། །དེ་ཉིད་ནམ་ མཁའ་ཀུན་ཞེས་བྱ་བ་ལ་སོགས་པས་བསྟན་ཅིང་། ནམ་མཁར་དུ་བ་ལ་སོགས་པའི་རྟགས་ལ་བལྟའོ། །མིག་མི་འཛུམས་པར་རྡོ་རྗེ་ལམ་ལ་རབ་ཏུ་ཞུགས། །ཞེས་བྱ་བ་ནི། མིག་མི་འཛུམས་པའི་ལྷའི་སྤྱན་གྱི་རྟགས་ཡིན་ལ། རྡོ་རྗེ་ལམ་ནི་ཨ་ཝ་དྷཱུ་ཏཱིར་སྲོག་འཇུག་པའོ། །དེ་བས་ནམ་མཁའ་ ཀུན་ཞེས་སེམས་ཀྱི་རྡོ་རྗེ་ལམ་ལ་རབ་ཏུ་ཞུགས། །ཞེས་བྱའོ། །སྟོང་ལ་དུ་བ་སྨིག་རྒྱུ་གསལ་བ་དྲི་མ་མེད་པའི་མེ་ཁྱེར་མར་མེ་ཉིད། །ཅེས་བྱ་བ་ནི། རྣལ་འབྱོར་པས་མཐོང་བར་འགྱུར་བའོ། །དེ་ནས་སྤྲིན་དང་བྲལ་བའི་ནམ་མཁའ་ལྟར་མཐོང་ངོ་། །ནམ་མཁའ་དེ་ལས།ནམ་མཁའ་ལས་བྱུང་རང་བྱུང་བ། ། 14-1-60b ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ལ། སྤྲིན་མེད་པའི་ནམ་མཁའ་དེ་ཉིད་ལ་འབར་བ་ལྟ་བུར་མཐོང་བ་དང་། དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། ཞེས་བྱ་བ་ཟླ་བའི་སྣང་བ་དང་། འགྲོ་བའི་མར་མེ་ཞེས་བྱ་བ་ཉི་མའི་སྣང་བ་དང་། ཡེ་ཤེས་སྒྲོན་མ་ཞེས་བྱ་བ་སྒྲ་ གཅན་གྱི་སྣང་བ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ། ཞེས་བྱ་བ་ནི་གློག་གི་སྣང་བ་དང་། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་བྱ་བ་སྟེ། ཐིག་ལེར་སྣང་བ་སྟེ་མཚན་མ་བཅུའོ། །དེ་རྣམས་ནི་གསང་བ་འདུས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་གསུངས་སོ། །དེའི་ རྗེས་ལ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བ། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་འདྲ་བ་ཡིན་ནོ། །དེ་དབུས་ཞེས་བྱ་བ་ནི་ཐིག་ལེ་དེའི་དབུས་སོ། །སངས་རྒྱས་གཟུགས་བརྙན་ཤིན་ཏུ་ཡུལ་བྲལ་ཞེས་བྱ་བ་ནི། རྫས་ཀྱི་ངོ་བོ་བརྟགས་པ་མེད་པའི་ཕྱིར་ཏེ། དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འདོད་པའི་ཡོན་ཏན་ལྔ་ལ་མི་སྨོན་པའོ། །དེ་ལྟར་གཟུགས་ཀྱི་སྦྱོར་བ་དེས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཡང་ཡིན་ཏེ། དེ་གང་གཟུགས་རྣམས་མཐོང་བ་ནི་སྤྲུལ་སྐུ་ཡིན་ཏེ་གཟུགས་སུ་སྣང་བའི་ཕྱིར་རོ། །སྒྲ་གཞོམ་དུ་མེད་པར་སྣང་བ་ནི། ལོངས་སྤྱོད་རྫོགས་པའི་ སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། རྣལ་འབྱོར་རྩེ་གཅིག་པ་ཡིས་ནམ་མཁའི་སྤྲིན་བྲལ་ལ་མི་ཁེབས་པས་བལྟ་བར་བྱ། །ཞེས་བྱ་སྟེ། རྟགས་མཐོང་བར་འདོད་པ་རྣམས་ཀྱིས་སྔ་དྲོའམ་ཕྱི་དྲོ་རྒྱབ་ཉི་མ་ལ་བསྟན་ཅིང་། གང་གིས་མིག་ལ་གནོད་པར་འགྱུར་བ་དེ་ལྟར་མི་བྱའོ། །ནང་དུ་ཕྱོགས་པ་ རྣམས་ཀྱིས་ནི། །ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་གསལ་བ་དུས་ཀྱི་རྩ་རུ་མཐོང་། ཞེས་བྱ་བ་དུས་ཀྱི་རྩ་ནི་ཨ་ཝ་དྷཱུ་ཏཱི་ཡིན་ལ། དེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཉག་མའི་ཚད་ཙམ་དྲི་མ་གཞན་གྱིས་མ་འདྲེས་པ། འོད་ཟེར་ལྔ་དང་ལྡན་པ་མཐོང་བ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། ། དེ་ལ་ཐམས་ཅད་མཁྱེན་པའི་ག་ཞེས་བྱ་བ་ནི། ཁམས་གསུམ་མ་ལུས་པ་སངས་རྒྱས་ཀྱི་གཟུགས་ཏེ། བདེ་བ་ཆེན་པོའི་གཟུགས་སུ་མཐོང་བའོ། །ཆུ་ནང་ཉི་མ་རྙོག་བྲལ་ཞེས་པ་ནི། བདེ་བ་ཆེན་པོའི་སྐུ་ཡིན་པས་ཉོན་མོངས་པ་མཐའ་དག་སྤངས་པའི་ཕྱིར་རོ། །སྣ་ཚོགས་མདོག་ཅེས་བྱ་བ་ནི་དེའི་ 14-1-61a སྟོབས་ཀྱིས་དུ་བ་ལ་སོགས་པའི་མདོག་སྣ་ཚོགས་པ་མཐོང་བའོ། །རྣམ་པ་ཀུན་ལྡན་ཡུལ་བྲལ་བདག་གི་སེམས་ཏེ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་བྱ་བ་ནི། དེ་ལྟར་བུམ་པ་དང་ཤིང་རྟ་ལ་སོགས་པའི་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཞེས་བྱ་བ་དེ་ཀུན་དང་ལྡན་པ་མཐོང་བ་དེ་ ཡང་། གང་དང་གང་རྣལ་འབྱོར་སྤྱོད་པ་དེ་དང་ལྡན་པས་མཐོང་གི། རྣལ་འབྱོར་དང་བྲལ་བ་གཞན་གྱིས་ནི་མི་མཐོང་ཞེས་བྱ་བའམ། ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་གནས་ནས་གཟུགས་ལ་སོགས་པ་མཐོང་བ་དེ་ནི་གཞན་ཏེ། བདག་ལ་སོགས་པའི་དངོས་པོ་མཐོང་བ་མཐའ་ཡིན་གྱི། བདག་ཉིད་སྣང་ བ་མཐོང་བ་ཞེས་བྱ་བའམ། ཡང་ན་གཞན་མ་མཐོང་སྟེ། རང་གིས་རང་གི་སེམས་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་དང་པོར་ཤའི་མིག་གིས་རང་གི་སེམས་ཀྱི་སྣང་བ་སྟེ། དེ་བཞིན་གཤེགས་པ་ལྟ་བུ་མཐོང་ངོ་། །དེ་ནས་ལྷ་ལ་སོགས་པའི་མིག་གིས་བདག་གི་སེམས་ཤེས་པའམ་མཐོང་བ་ཞེས་བྱའོ། ། དེ་བས་ན་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་མིག་ལྔར་བཤད་དོ། །དེ་ལྟར་རིམ་པས་ཤའི་མིག་དང་། ལྷའི་མིག་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ཏེ། དེ་རྣམས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འབྱུང་ཞིང་། དེའི་རྗེས་ལ་ཐམས་ཅད་མཁྱེན་ པའི་རང་བཞིན་གྱིས་མི་ཤེས་པ་དང་མི་མཐོང་བའི་དངོས་པོ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །བདེ་བ་ཆེན་པོ་རྒྱས་པར་བྱ་བའི་ཕྱིར། སྲོག་དང་རྩོལ་བ་བསྟན་པ་ནི། གཟུགས་མཐོང་ནས་ནི་ཉིན་གཅིག་བཞིན་དུ་དུས་སུ་སྲོག་གི་རླུང་ནི་དགག་པར་བྱ། །ཞེས་བྱ་བས་བསྟན་ཏོ། །སྲོག་དང་རྩོལ་བ་ཡང་བླ་མའི་མན་ ངག་ལས་རྟོགས་པར་བྱ་སྟེ། དེས་ནི་རླུང་དགག་པ་བསྟན་ཏོ། །ཚད་གསུངས་པ། ཇི་སྲིད་ངེས་པར་བདག་གི་ལུས་ལ་འོད་ཀྱི་འཁོར་ལོས་ཡོངས་བསྐོར་ཡིད་མཐོང་བ། །ཞེས་བྱ་བ་བདག་གི་ཤེས་པ་ལ་མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ་མཐོང་བ་ན་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་དུས་མ་ཡིན་ པར་འཆི་བར་འགྱུར་རོ། །སྲོག་དང་རྩོལ་བའི་དུས་སུ་བདེ་བ་སྤེལ་བའི་ཕྱིར། ཛཱ་གཱན་ཞེས་བྱ་བའི་བར་དུ། རྒྱལ་མཚན་རབ་ཏུ་བཀོད་བྱས་ལ། །ཡིད་འོང་ལྷ་མོ་རབ་གསལ་ཞིང་། །དེ་ལ་ཀུན་དུ་སྙོམས་འཇུག་བྱ། །ངེས་པར་བདེ་ཆེན་རྒྱས་པར་འགྱུར། །སོ་སོར་སྡུད་པ་གོམས་ཡིན་ན། །དེ་ནི་བྱ་བ་མ་ཡིན་ 14-1-61b ཏེ། །ཉམས་པའི་གནས་སུ་འགྱུར་ཞེས་གསུངས། །ཞེས་གསུངས་པ་ཡིན་ཏེ། གང་ཡང་གདམས་ངག་དེ་ནི་བླ་མ་དམ་པ་ལས། དཔའ་བོའི་སྟོན་མོའམ་ཚོགས་ཀྱི་མཆོད་པ་ཆེན་པོ་སྔོན་དུ་འགྲོ་བར་བྱ་ཞིང་། གསང་བ་མ་ལོ་ཉི་ཤུ་མ་སྔོན་དུ་སྨིན་པར་བྱ་སྟེ། སློབ་དཔོན་ལ་ཕུལ་ཏེ་རྟོགས་པར་བྱའོ། ། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་མ་གཏོགས་པ་གཞན་དུ་ཚིག་ཙམ་གྱིས་རྟོགས་པར་བྱེད་པ་གང་ཡིན་པའི་སློབ་མ་ཉམས་པའི་གནས་སུ་འགྱུར་ཞིང་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། བདུད་ལ་སོགས་པས་ཀྱང་བར་དུ་གཅོད་པར་འགྱུར་རོ། །རྩོལ་ལྡན་རྣམས་ལ་ཟླ་བ་དྲུག་གིས་རེག་ པ་དང་བྲལ་བ། ཞེས་བྱ་བ། ལོ་ཕྱེད་རྒྱུན་མ་ཆད་པར་གནས་ན་རེག་པ་དང་བྲལ་ཞེས་བྱ་བ། དབང་པོ་གཉིས་ཀྱི་སྤྲོད་པ་ལས་བྱུང་བ་དང་བྲལ་བ་སྟེ། མི་དགོས་ཞེས་བྱའོ། །བདེ་མཉམ་ཞེས་པ་ནི། མི་འགྱུར་བར་ཡང་གནས་ཞེས་བྱ་བ་ཡིན་ལ། དེ་ཡིས་ལམ་དུ་འགྱུར་ཞེས་བྱ་བ་སྟེ། དེ་ལྟར་བརྗོད་ པའི་ཏིང་ངེ་འཛིན་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །རྩོལ་ལྡན་རྣམས་ལ་ཞེས་བྱ་བ་ནི། ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ལའོ། །དེའི་རྗེས་ལ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི། ཆགས་དང་ཆགས་བྲལ་མཐའ་ སོགས་པ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཆགས་པ་ནི་དཀར་པོའི་ཕྱོགས་ཡིན་ལ་དེའི་མཐའ་ནི་ཆ་བཅུ་དྲུག་པ་ཡིན་ནོ། །ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ། དེའི་ཐོག་མར་གནས་པ་ནག་པོའི་ཕྱོགས་ལ་ཞུགས་པ་ཉིད་མངོན་པར་བྱང་ཆུབ་པའི་དུས་ལ་མཚན་ཉིད་ཡིན་ཞིང་། དེ་ཡང་སྐད་ཅིག་ཅེས་པ་ནི་དབུགས་ ཡིན་ལ་གྲངས་སྤེལ་ཞེས་པ་ནི། བདེ་བའི་སྐད་ཅིག་ལ་སུམ་སྟོང་དྲུག་བརྒྱར་གནས་སུ་བཀག་པའི་གྲངས་སྤེལ་ཞེས་པའི་དོན་ཏོ། །དེ་ཡང་རྡོ་རྗེ་ནོར་བུའི་རྩེ་མོ་ནས་གསང་བའི་བར་དུ་སུམ་སྟོང་དྲུག་བརྒྱ་དང་། དེ་ནས་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོ་དང་། གཙུག་ཏོར་དུ་སྟེ་ ལས་བཞི་དང་། དྲུག་དང་། བརྒྱད་དང་། ས་བཅུར་འགྱུར་ཞིང་། གཙུག་ཏོར་དུ་ས་བཅུ་གཉིས་ཏེ་སྲོག་མ་ལུས་པར་ཟད་པའི་ཕྱིར་རོ། །དེ་བས་ན་ཨོཌྜ་འབར་བའི་དབུས་ཞེས་པ་ནི། གསང་བར་གནས་པའོ། །དགའ་བྲལ་ལྷན་ཅིག་སྐྱེས་པ་ཞེས་པ་ནི་ལྟོ་བར་རོ། །གཉིད་དང་རྒྱལ་བའི་དབུས་ཞེས་པ་ནི་སྙིང་གར་རོ། །ཤེས་ 14-1-62a དང་རྣམ་ཤེས་དབུས་ཞེས་པ་ནི་མགྲིན་པར་རོ། །དེ་བས་ན་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཀྱི་འོང་བ་ནི། གང་ཡང་གཉིས་སྤྲོད་པ་ལ་སོགས་པ་ལ་དཔྲལ་བ་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་བདེ་བ་ནོར་བུར་འོངས་པ་འཕེལ་བར་བྱ་བ་སྟེ། སྟེང་དུ་གཏང་བར་བྱ་ཞེས་ བྱ་བའི་དོན་ཏོ། །བླ་མའི་ངེས་པའི་དབང་གིས་ཞེས་པ། སྔོན་དུ་གསུངས་པའི་སྲོག་འགོག་པས་འཕེལ་བར་འགྱུར་བ་སྟེ། བླ་མའི་དབང་གིས་སོ། །འཕེལ་བ་ནི་དཔྲལ་བའི་བར་དུའོ། །ཉོན་མོངས་བདུད་ནི་བཅོམ་ནས་རྒྱལ་བའི་གོ་འཕང་ལ་གནས་ཞེས་བྱ་བ་ནི། གཡས་པ་དང་གཡོན་གྱི་རྒྱུ་བ་བདུད་ཡིན་ལ། །རྒྱུ་ བ་དེ་བཀག་པ་ལ་བཅོམ་པ་ཞེས་བྱའོ། །རྒྱལ་བའི་གོ་འཕང་ལ་གནས་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་གནས་ནའོ། །ལོས་ཞེས་པ་ནི་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་རྣལ་འབྱོར་ཏེ། བྱེ་བ་ཕྲག་བཞི་དང་སུམ་འབུམ་གྱིས་ལྷག་པའི་ས་ཡ་ཕྲག་གཉིས་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་དབུ་མའི་དབུགས་སུ་ཤེས་པར་ བྱ་སྟེ། དེ་བས་ན་ལོ་ཞེས་བྱའོ། །དེ་བས་ན་བུམ་པ་ཅན་གྱི་སྦྱོར་བ་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་ཅིང་འཕེལ་བར་བྱ་བ་ནི་ངེས་པའོ། །ད་ནི་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་སྟོང་པ་ཉིད་དུ་སྣང་བ་ནི། རྫས་སུ་མེད་པའི་ཕྱིར་རོ། །སའི་རྣམ་པར་སྣང་ ཡང་ཞེས་བྱ་བ་ནི། གཟུགས་བཅུ་ལ་སོགས་པའམ། ཡང་ན་གང་ཅུང་ཟད་སྣང་བ་དེས་ས་ཆུ་མེ་རླུང་གི་དངོས་པོ་གུད་ན་ཡོད་པ་མ་ཡིན་ཞེས་དགོངས་སོ། །དེ་བས་ན་རླན་པའི་ཆུའི་གཟུགས་ནི་སྨིག་རྒྱུ་སྟེ་ཆུ་མ་ཡིན་ནོ། །མེའི་རྣམ་པར་སྣང་ཡང་ཞེས་པ་ནི་ཉི་མའི་སྣང་བ་ལ་སོགས་པ་སྟེ། མེ་ལ་སོགས་པ་མ་ ཡིན་ནོ། །གཡོ་བ་རླུང་གི་སྐུ་ཡང་ཞེས་པ་ནི། དངོས་པོ་རྣམས་གཡོ་བར་མཐོང་ཡང་གཡོ་བ་རླུང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྫས་སུ་གྲུབ་པ་མེད་པའི་ཕྱིར་རོ། །འོ་ན་སྣང་བའི་དངོས་པོ་རྣམས་སྟོང་པ་ཡིན་ན་ཇི་ལྟར་མཐོང་ཤེ་ན། སྟོང་པ་ཡིན་ཡང་མཐོང་སྟེ་ཞེས་བྱ་བ། སྣང་བའི་དངོས་པོ་རྣམས་སྒྱུ་མའམ། རྨི་ལམ་མམ། དྲི་ཟའི་གྲོང་ཁྱེར་ལྟར་མཐོང་གི། དངོས་པོ་རྣམས་སྙིང་པོ་དང་ལྡན་པར་ནི་འགའ་ཡང་མ་མཐོང་ངོ་། །དེ་བས་ན་དཀར་སྔོ་སྣ་ཚོགས་པར་ཡང་སྣང་། རྫས་སུ་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་རྣམས་གཟོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་སྙིང་པོ་དང་བྲལ་བའི་སྙིང་པོ་ཅན་རྣམ་པ་ 14-1-62b ཀུན་གྱི་མཆོག་དང་ལྡན་པ་ཡིན་ན་ཡང་། ཐམས་ཅད་དུ་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བ་མེད་དེ། གང་གི་ཕྱིར་ཞེ་ན། རང་སེམས་དྲི་མ་ཉོན་མོངས་བདུད་ཀྱི་སྟོབས། །ཞེས་བྱ་བ། གཡས་གཡོན་གྱི་རྩ་ནས་སྲོག་ཀུན་དུ་སྤྱོད་པ་མ་འགགས་པའི་བདུད་དེའི་སྟོབས་ཀྱིས་མི་མཐོང་བ་ནི་ངེས་པའོ། །ད་ནི་སྲོག་ལ་ སོགས་པ་འགྲོ་བའི་རྩའི་གནས་བརྗོད་པར་བྱ་སྟེ། སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་སྒྲ་ཞེས་པ་ནི། སྙིང་གའི་སེམས་ཀྱི་ཐིག་ལེ་གཉིད་མཐུག་པོ་བསྐྱེད་པའི་ངོ་བོའོ། །ཐིག་ལེ་ཞེས་པ་ནི་དཔྲལ་བར་ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་བསྐྱེད་པའོ། །ཆ་ཞེས་པ་ནི་མགྲིན་པར་ངག་གི་ཐིག་ལེ་རྨི་ ལམ་བསྐྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པ་བསྐྱེད་པའོ། །བདུད་རྩི་གོ་འཕང་ལ་གནས་ལུ་གུ་རྒྱུད་བཅིངསཿ། །ཞེས་པ་ནི། བདུད་རྩི་གོ་འཕང་ནི་དཔྲལ་བ་ཡིན་ལ། གནས་ཞེས་པ་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱིའོ། །ལུ་གུ་རྒྱུད་བཅིངས་ཞེས་པ་ནི་རྩ་གསུམ་ པོ་དེ་ལྟེ་བ་དང་སྙིང་གའི་དབུས་སུ་ལན་གསུམ་དུ་བྱས་ནས་ཏེ། སླར་ཡང་ཨ་ཝ་དྷཱུ་ཏཱིའི་སྙིང་ག་ལ་སོགས་པའི་ཟེ་འབྲུའི་གནས་ཕུག་ནས་འགྲོ་ལ། ལ་ལ་ནཱ་དང་ར་ས་ནཱ་ནི་གཡས་གཡོན་གྱི་པདྨའི་ཀུན་དུ་སྤྱོད་པའི་དབང་གིས་འགྲོའོ། །དེ་ནས་ཡང་སྙིང་ག་དང་། མགྲིན་པའི་དབུས་ནས་ལམ་གསུམ་ནས་འགྲེའོ། ། དེ་བཞིན་དུ་དཔྲལ་བ་དང་། མགྲིན་པའི་དབུས་དང་། གཙུག་ཏོར་དང་། དཔྲལ་བའི་དབུས་སུ་ལམ་གསུམ་དུ་བྱས་ནས། ལ་ལ་ནཱ་ནི་གཡོན་པའི་སྣ་བུག་ནས་འགྲོ་ལ། ར་ས་ནཱ་ནི་གཡས་པ་ནས་འགྲོ་ཞིང་། ཨ་ཝ་དྷཱུ་ཏཱི་ནི་ཅིག་ཅར་སྣ་བུག་གཉིས་ཀ་ནས་འབྱུང་བར་བྱེད་དོ། །ཐུར་སེལ་ཞེས་པ་ནི་ལྟེ་བའི་ འོག་ཏུ་ཡང་དེ་བཞིན་དུ་འགྲོ་ཞེས་བྱ་བའི་དོན་ཏོ། །སྲོག་དང་ཐུར་སེལ་ལམ་གསུམ་ཞེས་པ་ནི། སྟེང་དུ་གཡས་གཡོན་དབུས་དང་གསུམ་ཡིན་ལ། འོག་ཏུ་དྲི་ཆེན་དྲི་ཆུ་ས་བོན་གྱི་ལམ་གསུམ་མོ། །རྡོ་རྗེ་པདྨར་བཅས་ཞེས་པ་ནི། བུད་མེད་རྣམས་ཀྱི་སྐྱེ་གནས་དང་། རྒྱུ་མཐུན་པའི་རང་བཞིན་ཡིན་པའི་ཕྱིར་ རོ། །པདྨ་ཉིད་ནི་རྡོ་རྗེ་ལྡན། །ཞེས་པ་ནི་རང་བཞིན་གྱི་ཕྱིར་རོ། །རླུང་གཉིས་འདོམ་པ་དག་གི་དབུས་ཞེས་པ་ནི་ལྟེ་བར་སྲོག་དང་ཐུར་སེལ་འདོམ་པའི་དབུས་སུའོ། །ཡུལ་དང་ཡུལ་ཅན་རྣམས་ཞེས་པ་ནི། མིག་ལ་སོགས་པ་རྩ་རྣམས་ཀྱི་འབྱུང་འཇུག་སྟེ། དེ་ཡང་སྔོན་དུ་བརྗོད་པ་ཉིད་དོ། །དུ་བ་ལ་སོགས་པ་ 14-1-63a མཚན་མ་འཛིན་པ་ཡང་ནི་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་ནས་སོ། །ཡང་གི་སྒྲ་དེ་ཉིད་ལྟེ་བར་རོ། །ཐམས་ཅད་གསང་ཆེན་ནོ་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་གསང་བར་ངེས་པའོ། །དེ་ནི་རྣལ་འབྱོར་པའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དབུས་སུ་སྲོག་ཞུགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ དང་པོ་རྣལ་འབྱོར་པས་དབུས་ཏེ། ཨ་ཝ་དྷཱུ་ཏཱིའི་སྲོག་བཅུག་པར་བྱས་ནས། མཚན་མ་གང་ཞིག་མཐོང་བར་འགྱུར་རོ། །དཔལ་ལྡན་བླ་མ་ཞེས་པ་ནི། སངས་རྒྱས་ཀྱི་རང་བཞིན་གྱི་སྐུའི་རྡོ་རྗེ་གཅིག་པུ་ཉིད་ཅེས་བྱ་བའི་དོན་ཏོ། །ཉི་མར་བཅས་པ་ལ་གནས་པ། །ཞེས་པ་ནི། གཡས་པའི་བགྲོད་པ་དང་བཅས་པའོ། ། རི་བོང་ལ་གནས་པ་ཞེས་པ་ནི། གཡོན་པའི་རྩར་གཡས་པའི་རླུང་སྟེ། སྲོག་དེ་བཅིང་པར་བྱ་བའི་ངེས་པ་ཡིན་ལ། དེ་བས་ན་སྲོག་ཞུགས་ཞེས་པ་ནི། གཉིས་པ་གསུང་གི་རྡོ་རྗེ་བརྗོད་དོ། །སེམས་ནི་ཕྱག་རྒྱས་རབ་སྦྱར་ཞེས་པ་ནི། གཟུགས་ལ་རྗེས་སུ་ཆགས་པས་བཞུ་བའི་བྱང་ཆུབ་ཀྱི་སེམས་གསུམ་པ་ ཐུགས་ཀྱི་རྡོ་རྗེའོ། །མཆོག་གི་བདེ་གནས་རྡོ་རྗེ་སྦྱར་བར་བྱ་བའི་ཕྱིར་ཞེས་པ་ནི། དེ་ནས་གལ་ཏེ་གཟུགས་ལ་ཆགས་པའི་དབང་གིས་དགའ་བ་སྐྱེ་བར་འགྱུར་བ་དེ་ལྟ་ན་ནི། པདྨར་རྡོ་རྗེའི་སྒྲ་ཞེས་བྱ་བ་སྐད་ཅིག་ཙམ་ཅིག་བྱ་བ་ཡིན་གྱི་གཉུག་མར་མ་ཡིན་ནོ། །གལ་ཏེ་ཤེས་རབ་མ་རྙེད་པ་དེ་ལྟ་ན་ནི། ཆུ་སྐྱེས་རང་ ལག་གིས་གསོར་བདེ་དོན་དུ། ཞེས་བྱ་བ་ལག་པ་དངོས་ནི་མ་ཡིན་གྱི། སྔོན་དུ་བརྗོད་པའི་ཛཱ་གཱ་ན་ཡིས་སོ། །དེ་ཡང་མི་འཛག་པའི་བདེ་བའི་དོན་དུ་ཡིན་གྱི། འཛག་པའི་ཕྱིར་ནི་མ་གསུངས་སོ། །དེ་བས་དེའི་ཕྱིར། ས་བོན་མི་གཏོང་བ་ཡི་བདེ་དེས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ། །ཞེས་ པ་ནི། དེ་ཉིད་བཞི་པ་ཡེ་ཤེས་ཀྱི་རྡོ་རྗེ་ཉིད་དེ་རྣལ་འབྱོར་གོམས་པ་རྣམས་ཀྱི་ངེས་པའོ། །ད་ནི་དཀྱིལ་འཁོར་མངའ་མཛད་ཅིང་ཐིམ་པར་བརྗོད་པར་བྱ་བའི་ཕྱིར་ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པས་ཁྲོ་བོའི་ལྟ་བས་གཡས་པའམ་གཡོན་པ་ལ་རྒྱུ་བའི་དུས་སུ་སྟོང་པ་ལ་སེམས་གཞག་པར་གྱུར་ན་སྟེ། དེ་ཡང་ས་ཞེས་བྱ་བ་གཡས་པ་རྒྱུ་བའི་དུས་སུ་སེམས་སྟོང་པ་ལ་གཞག་པ་རྣམས་ལ་གསུངས་ཀྱི། གཡོན་གྱི་རྩ་རྒྱུ་བའི་དུས་ནི་གསུངས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཡོན་ནས་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བ་དེའི་ཕྱིར་ས་ནི་ཆུར་འཇུག་ཅེས་བྱ་བ་མ་ཡིན་གྱི། གང་ཡང་ཚིག་དེ་ནི་གཡས་ 14-1-63b ཀྱི་སྲོག་རྒྱུ་བ་ན། དང་པོ་ས་ནས་རྒྱུ་སྟེ། དེ་ཡང་ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ། མེ་ནི་རླུང་རྣམས་ལ་ཡང་འཇུག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ན་གཅིག་ལ་གཅིག་ཡེ་ཤེས་ཀྱི་ཁམས་ཀྱི་བར་དུ་འཇུག་གོ། །གཞན་ཡང་གཡོན་གྱི་རྩ་ལ་ནི། ནམ་མཁའ་ལ་ སོགས་པ་ལས་རྒྱུ་བའི་གནས་མ་ཡིན་ཏེ། འདི་ལྟར་གཡས་པ་ནས་ཐ་མ་སྟོང་པ་ལ་འཇུག་ཅིང་འགྲོ་བར་འགྱུར་རོ། །སྟོང་པ་མཚན་མ་རྣམ་པ་བཅུ། །ཞེས་བྱ་བ་སྟེ། དེའི་དབང་གིས་དུ་བ་ལྟ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་འབྱུང་བར་འགྱུར་རོ། །གཟུགས་ལས་མི་འགྱུར་བའི་བདེ་བ་འགྱུར་ ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་འཇུག་གོ། །ཡེ་ཤེས་དེ་ལས་རྫུ་འཕྲུལ་ཞེས་པ་ནི་ཡེ་ཤེས་དེ་ལས་ནམ་མཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ཏེ། ཁམས་གསུམ་གྱི་དབང་ཕྱུག་ཀྱང་སྐྱེ་བ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །ཀྱེ་མིའི་བདག་པོ་ཞེས་བྱ་བ་སྟེ། ལམ་ལ་འཇུག་པར་བྱེད་པའི་ ངེས་པའོ། །ད་ནི་སྐུ་བཞིའི་དབྱེ་བ་བཅུ་དྲུག་བརྗོད་པར་བྱ་བའི་ཕྱིར་འདོད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཀུན་འབྱུང་གི་བདེན་པའི་དབང་གིས་གང་ཡང་སྐུ་གཅིག་ལས་ཡང་སྐུ་གསུང་ཐུགས་ཡེ་ཤེས་དང་བཞི་བཞིར་འགྱུར་བ་དེ་བས་ན། འདོད་ལས་ཞེས་བྱ་རྭ་དེ་བས་ནི། སྐུའི་དགའ་བ་འགགས་ནས་ སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་སྐུར་འགྱུར་རོ། །དེ་ནས་རྫོགས་པ་ངག་ཅེས་བྱ་བ་ནི། སྐུའི་མཆོག་གི་དགའ་བ་འགགས་པ་ལས་སྤྲུལ་པའི་སྐྲུའི་གསུང་དུ་འགྱུར་རོ། །འབར་བའི་དྲི་མེད་སེམས་ཏེ་ཞེས་བྱ་བ་ནི། སྐུའི་དགའ་བྲལ་འགགས་པ་ལས་སྤྲུལ་པའི་སྐུའི་ཐུགས་སུ་འགྱུར་རོ། །མཆོག་གི་བདེ་ བ་ཡེ་ཤེས་ལས་ཀྱང་ཨོཾ་ཌ་ཞེས་པ་ནི་སྐུའི་ལྷན་ཅིག་སྐྱེས་དགའ་འགགས་ནས་སྤྲུལ་པའི་སྐུའི་ཡེ་ཤེས་སུ་འགྱུར་ཏེ། དེའི་སྤྲུལ་པའི་སྐུ་ལ་རྣམ་པ་བཞིའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་བཞི་ནི། དགའ་ལས་ལོངས་སྤྱོད་སྐུ་སྟེ་ཞེས་བྱ་བ་གསུང་གི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱི་ལོངས་ སྤྱོད་རྫོགས་པའི་སྐུར་འགྱུར་རོ། །མཆོག་དགའ་དགའ་བྲལ་བཅས་པ་འདི་རིམ་བཞིན། །ཞེས་པ་ནི། གསུང་གི་མཆོག་དགའ་འགགས་པས་ལོངས་སྤྱོད་རྫོགས་པའི་གསུང་དུ་འགྱུར་རོ། །དགའ་བྲལ་ཞེས་བྱ་བ་ངག་གི་དགའ་བྲལ་འགགས་པས་ལོངས་སྦྱོད་རྫོགས་པའི་ཐུགས་སུ་འགྱུར་རོ། །ལྷན་ཅིག་སྐྱེས་པ་ 14-1-64a ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པ་འགགས་པས་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ནས་ཆོས་ཀྱི་གཞི་ནི། འདར་དང་ཞེས་པ་ནི། ཐུགས་ཀྱི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུར་འགྱུར་རོ། །དེ་ལས་སྐྱེ་བར་འགྱུར་བ་གང་ཞེས་པ་ནི་ཐུགས་ ཀྱི་མཆོག་ཏུ་དགའ་བ་འགགས་པ་ལས་ཆོས་ཀྱི་སྐུའི་གསུང་དུ་འགྱུར་རོ། །བརྒྱལ་ལས་ངེས་པར་ཆོས་ཀྱི་སེམས་སོ་ཞེས་པ་ནི་ཐུགས་ཀྱི་དགའ་བྲལ་འགགས་པ་ལས་ཆོས་ཀྱི་སྐུའི་ཐུགས་སུ་འགྱུར་རོ། །གཉིས་ལ་ཡེ་ཤེས་འདི་ཞེས་བྱ་བ་ནི། ཐུགས་ཀྱི་ལྷན་ཅིག་སྐྱེས་པ་འགགས་པ་ལས་ཆོས་ཀྱི་སྐུའི་ཡེ་ ཤེས་སུ་འགྱུར་རོ། །ངེས་པར་ཁ་དོག་དག་པའི་སྐུ། །ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྐུའོ། །མི་འགྱུར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དགའ་བ་འགགས་པས་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་རོ། །དེ་ཉིད་དབྱིངས་དང་བྲལ་བ་སྟེ་བརྗོད་དུ་མེད་པ་དབྱིངས་བྲལ་ཞེས་ཀྱང་བྱའོ། །ཆ་དང་ཞེས་བྱ་བ་ནི་ཟླ་ཚེས་ལྟ་བུ་སྟེ། ཡེ་ཤེས་ཀྱི་མཆོག་དགའ་འགགས་བས་ལྷན་ཅིག་སྐྱེས་པའི་གསུང་དུ་འགྱུར་རོ། །དེ་ཉིད་ནི་ནུས་པ་ཞེས་ཀྱང་བྱ་སྟེ་གཞན་དག་གི་སྐད་དོ། །ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བྲལ་འགགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འགྱུར་རོ། །ནཱ་ད་ཞེས་བྱ་བ་ནི། སྒྲ་སྟེ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པ་འགགས་ པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལྟ་བས་ན་སྲིད་གསུམ་ལ་གནས་ངག་སེམས་ཡེ་ཤེས་རྡོ་རྗེ་བདེ་འབྱུང་དག་པའི་སྐུ་ལའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དགའ་བ་བཅུ་དྲུག་གི་དབྱེ་བ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་གསུངས་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་གིས་དེ་ཁོ་ན་ཉིད་འདི་ནི་མི་ འགྱུར་བའི་བདེ་བ་ཆེན་པོ་དོན་དམ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་ལུགས་ལས་བྱུང་བའི་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དབང་གིས། དེ་ཉིད་རྣམ་པ་བཅུ་དྲུག་འཛག་པའི་རང་བཞིན་ཅན་ཡིན་ནོ། །སངས་རྒྱས་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་རླུང་ལུགས་ལས་བཟློག་པས་སྲོག་ཟད་པའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ ཆེ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་བ་ནི། འཕོ་བ་བཅུ་གཉིས་ཀྱི་ཆོས་ཅན་གྱི་ཉི་མ་སྟེ། རྡུལ་ལམ་ཁྲག་འགགས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་པ་ཟླ་བའི་ཆོས་ཅན་ཡང་འགགས་པས། རྡོ་རྗེ་ཟླ་བ་དྲི་མེད་འོད། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བ་སྟེ་དུས་ཀྱི་ 14-1-64b འཁོར་ལོར་གྲུབ་པའོ། །ད་ནི་སད་པ་ལ་སོགས་པའི་གནས་སྐབས་བཞི་འགགས་པ་བརྗོད་པར་བྱ་སྟེ། སད་པ་དང་ཞེས་བྱ་བ་ལ་འདིར་འཁོར་བ་པ་རྣམས་ཀྱི་སད་པའི་གནས་སྐབས་སྐྱེད་པ་ནི། ལུས་གནས་ཞེས་བྱ་བ་སྤྱི་བོ་ན་གནས་པའི་བྱང་ཆུབ་ཀྱི་སེམས་སད་པ་སྐྱེད་པ་སྐུའི་ཐིག་ལེའོ། །རྨི་ལམ་ཞེས་པ་ནི་ འཁོར་བའི་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ནི། དབུགས་ཐིམ་ཞེས་བྱ་བ་མགྲིན་པ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྨི་ལམ་སྐྱེད་པ་ནི་གསུང་གི་ཐིག་ལེའོ། །རང་བཞིན་གཞན་ཡང་འདི་དག་ཉིད་དང་ཞེས་བྱ་བ་ནི། འཁོར་བའི་གཉིད་ཀྱི་གནས་སྐབས་སྐྱེད་པར་བྱེད་པ་ནི་མི་གཡོ་བའི་ སེམས་ནི་ཐིམ་པའོ་ཞེས་བྱ་བ་སྟེ། གནས་སྐབས་གཉིས་ཀའི་ཡུལ་ལ་མི་སྤྱོད་ཅིང་། སེམས་ཐིམ་པ་ཡིན་པས། ལུས་ཅན་རྣམས་ཀྱི་གཉིད་མཐུག་པོ་སྐྱེད་པར་བྱེད་པ། སྙིང་ག་ན་གནས་པ་ནི་ཐུགས་ཀྱི་ཐིག་ལེ་ཞེས་བྱའོ། །ཡེ་ཤེས་ལ་གནས་ཞེས་བྱ་བ་ནི་འདིར་འཁོར་བ་པ་རྣམས་ཀྱི་སྤྱོད་པ་ལས་ བྱུང་བའི་བདེ་བ་སྐྱེད་པར་བྱེད་པ་བུད་མེད་སྦྱར་ལས་ཤེས་པར་བྱ་བ་སྟེ། འཁོར་བ་པའི་ས་བོན་གྱི་བདེ་བ་བསྐྱེད་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་སྤྲུལ་པའི་འཁོར་ལོར་གནས་པ་ནི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱའོ། །སྐད་ཅིག་ཀྱང་ནི་བྱང་ཆུབ་སེམས་ཞུར་འགྱུར། །ཞེས་བྱ་བ་ནི། དེ་ལྟར་བུད་མེད་རྣམས་དང་སྐད་ ཅིག་ཙམ་གྱི་སྦྱར་བ་ལས་ཀྱང་། ཐིག་ལེ་བཞི་རྣམས་འབོད་ཅིང་། འཁོར་བ་པའི་གནས་སྐབས་བཞི་སྐྱེད་པ་ཡིན་ནོ། །དེ་རྣམས་འགགས་ན་སྤྲུལ་པ་ལ་སོགས་པ་རྣམས་ཏེ། ངེས་པར་རིམ་བྱུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་བཞི། །ཞེས་བྱ་སྟེ། སངས་རྒྱས་རྣམས་ལའོ། །དེ་ལྟར་སྲིད་གསུམ་ལ་གནས་ཞེས་ པ་ནི། སད་པ་ལ་སོགས་པའི་གནས་སྐབས་བཞི་སྐྱེད་པ་པོའི་སེམས་བཞི་ནི། ལུས་ཅན་རྣམས་ཀྱི་ཐིག་ལེའི་དབུས་ན་བརྟེན་ཏོ་ཞེས་བྱ་བའི་དོན་ཏོ། །བདེ་སྙམ་འབྲས་སྟེར་བྱ་བ་བྱེད་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང་པོ་ཡིས་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི། གང་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམ་པ་བཞི་པོ་ བསྲུངས་ན་དེ་ཉིད་ཀྱིས་ཐར་པའི་འབྲས་བུ་སྟེར་ཞེས་བྱ་བའི་དོན་ཏོ། །གོ་འཕང་མཆོག་བདེ་ཞེས་བྱ་བ་ནི། རྡོ་རྗེ་འཆང་གི་གནས་ཡིན་ལ། དེ་ཐོབ་པར་བྱེད་པ་བསམ་གཏན་བཞིའི་རྩེ་མོ་བཟུང་ནའོ། །རྣལ་འབྱོར་སྐྱེ་བའི་ས་བོན་ཞེས་བྱ་བ་ནི། ལུས་ཅན་རྣམས་གཉིས་སུ་མེད་པའི་བྱང་ཆུབ་ཏུ་བསྐྱེད་པར་མཛད་པའི་ 14-1-65a ཕྱིར་རོ། །ཐིག་ལེ་བོར་ནས་ཐར་པ་གང་། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ས་བོན་ཟག་ན་གཉིས་སུ་མེད་པའི་ཡེ་ཤེས་གང་ལ་རྙེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བའི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་ཕྱིར་འཁོར་བའི་བདེ་བ་སྐད་ ཅིག་རྣལ་འབྱོར་རྣམས་ཀྱིས་འདིར་ནི་རྣམ་སྤང་བྱ། །ཞེས་བྱ་བ་སྟེ། འགྱུར་ཞིང་འགྱུར་ཏེ་དེ་ནས་མཐུན། །ཞེས་བྱ་བའི་རང་བཞིན་ཅན་རྣམས་སྤང་བར་བྱ་བ་ཡིན་ཞིང་། རྒྱུ་མཐུན་པ་ཞེས་བྱ་བའི་རང་བཞིན་གྱིས། བྱང་ཆུབ་སེམས་སྟེང་དུ་བཏང་ཞིང་རྣལ་འབྱོར་པ་རྣམས་ཀྱིས་དྲི་མ་མེད་པའི་བར་དུ་གཏང་ བར་བྱ་བ་ནི། །དེ་བཞིན་གཤེགས་པའི་ངེས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་ངེས་པའི་ཚིག་ཀྱང་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །སྐབས་སུ་བབ་པའི་སྤྱོད་ལམ་གྱི་རྣལ་འབྱོར་དང་། བཏུང་བ་དང་། བཟའ་བ་ལ་སོགས་པའི་རྣལ་འབྱོར་བསྟན་ པར་བྱ་བའི་ཁྱིར། ཨོཾ་ཨཱཿཧཱུྃ་ཧོ། རིམ་བཞིན་དང་པོ་འདིར་ནི་རྟག་ཏུ་སྦྱང་ཞིང་རྟོགས་པར་བྱ། །ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་ལ་སོགས་པ་ཀུན་ལ་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཆང་གི་བཏུང་བ་སྟེ། ཚོགས་ཀྱི་མཆོད་པ་ཆེན་པོ་འམ། དཔའ་བོའི་སྟོན་མོ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་ བཏུང་བ་ཉམས་སུ་ལེན་པ་དེའི་ཚེ། ཆང་ནི་འབར་བར་བྱས་ནས་ཟླ་བ་ཞུ་བ་ལྟ་བུར་རིམ་པར་བསྐོར་བྱ་ཞིང་། །ཞེས་བྱ་བ་ནལ་འབྱོར་པ་རྣམས་ཆང་ལ་ལོངས་སྤྱོད་པ་ན། དང་པོ་བཏུང་བའི་སྣོད་ཐོད་པ་ཁྱད་པར་ཅན་གཟུང་ཞིང་དེ་མེད་ན་ན་ལི་ཀེ་ལར་གཟུང་ངོ་། །དེ་ཡང་མེད་ན་ཅི་ཡང་རུང་བའི་སྣོད་ཐོད་པར་བསྐྱེད་ལ་ དེའི་ནང་དུ་ཆང་བཟུང་སྟེ། རླུང་མེས་སྦར་ལ་བདུད་རྩི་འི་རང་བཞིན་དུ་བྱས་ལ། སྟོང་པ་ཉིད་དང་སྙིང་རྗེའི་གནས་སའམ་ནམ་མཁའ་ལ་བྲིས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། དེ་ལ་ཚིམ་པར་བྱ་བ་དང་། ཤེས་རབ་གང་ཡིན་པ་ལ་ཡང་ཚིམ་པར་བྱས་ནས་བཏུང་བར་བྱ་བ་ཡིན་གྱི། གཞན་དུ་ན་བཏུང་ བར་བྱ་བར་མ་གསུངས་སོ། །དེ་ཡང་རྒྱས་པར་བསྟན་པ་ནི། དེ་ཡི་སྣོད་ལས་ཐིགས་པ་ཡིས་ཀྱང་ཟླ་བའི་ལག་པར་མིང་མེད་དག་གིས་ས་ལ་ནི། །ཞེས་བྱ་བ་ནི། ལག་པ་གཡོན་པ་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ཐུར་གསུམ་སྟོང་པ་མཚོན་པར་བྱེད་པ་ཨེའོ། །ཉིན་མོ་བྱེད་པ་དང་ 14-1-65b འདྲ་དེ་ཡི་དབུས་སུ་ཟླུམ་པོ་བྱ། །ཞེས་བྱ་བ་ནི། སྟོང་པ་དེའི་དབུས་སུ་སྙིང་རྗེ་མཚོན་པར་བྱེད་པའི་ཐིག་ལེ་ཟླུམ་པོར་བྱ་བ་སྟེ། ཨེ་ཝཾ་གྱི་དངོས་པོའོ། །དེ་ནི་རྒྱུད་ཐམས་ཅད་ཀྱི་ཐོག་མར། འདི་སྐད་ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་དབུས་སྲིད་གསུམ་ལ་གནས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ནི། ཨེ་ཝཾ་གང་ཡིན་པ་ དེའི་བར་ན་གནས་པའི་བདག་ཉིད་ཅན་སྲིད་པ་གསུམ་ཡོངས་སུ་གྱུར་པའི་བདག་ཉིད་ཤེས་ཀྱི་འཁོར་ལོ་དེར་སྤྱན་དྲངས་པའོ། །མཐེ་བོང་དང་མིང་མེད་གཉིས་ཀྱིས་ཉིན་བཞིན་དུས་སུ་ཚིམ་པར་བྱ། །ཞེས་པ་ནི་ཡེ་ཤེས་འཁོར་ལོ་དེ་ལ་མཐེ་བོང་དང་མིང་མེད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཚིམ་པར་བྱའོ། །ཡུལ་ དང་གྲོང་ཁྱེར་བདག་ཅེས་བྱ་བ་ནས་རིགས་དྲུག་གི་སྔགས་ཡན་ཆད་ནི་གོ་སླ་བས་འདིར་མ་བཀྲོལ་ལོ། །ད་ནི་དོན་དམ་པའི་བདེན་པ་ལ་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་ཟས་དང་སྤྱོད་ལམ་གྱི་རྣལ་འབྱོར་པ་རྣམས་གོང་དུ་བསྟན་པ་དེ་རྣམས་ནི། ཀུན་རྫོབ་པའི་སྤྱོད་པ་བསྟན་པ་ཉིད་ཡིན་པ། དེ་དང་ འགལ་ཞིང་མི་མཐུན་པར་གྱུར་པ་དོན་དམ་པ་སྟེ། བཞི་པ་ཡིན་ནོ། །དེ་བས་ན་གང་བཞི་པ་དེ་ནི་རྡོ་རྗེ་འཆང་གི་རྒྱུད་ཇི་སྙིད་ཅིག་གསུངས་པའི་སྙིང་པོའམ། འབྲས་བུ་ལྟ་བུར་གསུངས་པ་ཡང་ཡིན་ལ། དེ་ལས་གཞན་པའི་ཚིག་དང་ཡི་གེ་རྣམས་ནི་དེ་ཉིད་རྟོགས་པའི་རྒྱུ་འམ་ཐབས་སུ་གསུངས་པ་ཡིན་ཞིང་། འཇིག་རྟེན་པའི་དངོས་གྲུབ་གཞན་དང་ལས་ཡོངས་སུ་བརྐྱང་བ་ཇི་སྙེད་པ་དེ་སྙེད་ཀྱང་། བརྒྱུད་པའི་སྒོ་ནས་བཞི་པ་ཉིད་ལེགས་པར་རྟོགས་པར་བྱ་བའི་ཁྱིར། གསུངས་པར་ཟད་ཀྱི། དེ་ལས་གཞན་པའི་དགོས་པའི་ཕྱིར་ཅུང་ཟད་ཀྱང་བསྟན་པ་མེད་དོ། །དེ་བས་ན་བདག་གིས་ཀྱང་བཞི་པ་ཉིད་ཅི་ནུས་ཀྱིས་བས་བསྟན་ པར་བྱའོ། །དེ་ལ་གང་རྒྱུད་དེ་དང་དེ་ཐམས་ཅད་དུ། བཞི་པ་སླར་ཡང་དེ་བཞིན་ནོ་ཞེས་གང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ཞེས་བྱ་བ་ལ། དེ་ལ་རྡོ་རྗེའི་ཚིག་གིས་ཀྱང་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་བཞི་པ་སླར་ཡང་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ རྡོ་རྗེའི་ཚིག་ཏུ་རྟོགས་པར་བྱའོ། །བཞི་པ་ཞེས་པའི་ཚིག་གིས་ནི་རྒྱུ་མཐུན་པའི་བདེ་བ་བཞི་པའོ་ཞེས་བྱ་བ་རྒྱུ་མཐུན་པ་སྨོས་པས། འགྱུར་དང་འགྱུར་བའི་བར་ཆད་ཅན། །ཞེས་བྱ་བ་ལས་དཀར་བ་ཡིན་ཏེ། དེ་ལ་འགྱུར་བ་ནི་འཛག་པ་སྟེ། བུམ་པའོ། །ཡང་འགྱུར་བ་ནི་འཛག་པ་སྟེ་གསང་བའོ། །བར་ཆད་ཅན་ཞེས་ 14-1-66a བྱ་བ་ཡང་འཛག་པ་སྟེ་ཤེས་རབ་ཡེ་ཤེས་སོ། །རྒྱུ་མཐུན་པའི་སྒྲ་ནི་མི་འཛག་པའོ། །དེ་བས་ན་བྱིས་པ་རྨོངས་པ་མི་མཁས་པ་མི་གསལ་བ་གང་དག་འཇིག་པ་མེད་པའི་བདེ་བ་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ་ཁ་ན་མ་ཐོ་བ་མེད་པ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་དམན་ པ་རྣམ་པའི་མཆོག་མ་ལུས་པ་དང་ལྡན་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་དག་ཡིན་པ་དེ་དག །འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་ཐུར་དུ་འཛག་པ་ཕུང་པོ་དང་ཁམས་ལ་ སོགས་པ་མ་རུངས་པར་བྱེད་པ་འཇིག་རྟེན་པ་ཐམས་ཅད་དང་ཐུན་མོང་བ་ཁ་ན་མ་ཐོ་བ་དང་བཅས་པ། ཉོན་མོངས་པ་མ་ལུས་པས་གང་བའི་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྐྲར་ལྡན་པ་ལ་དམིགས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཇིག་པ་སྟེ། དེ་དག་གི་བྱེ་བྲག་དང་། དབྱེ་ བ་དང་། རང་བཞིན་དག་ནི་ཤིན་ཏུ་ཐ་དད་པར་གསུངས་ཀྱང་བྱིས་པ་དེ་དག་ནི་བདག་ཏུ་ལྟ་བ་ལ་ཆགས་ཤིང་། མ་རིག་པའི་ལིང་ཐོག་གིས་གཡོགས་པས། རྒྱུད་ཀྱི་དོན་ལོག་པར་སྟོན་ཅིང་། གསུམ་པ་སྐྱོན་དང་བཅས་པ་ལས་བཞི་པ་འབྱུང་བར་འདོད་དོ། །ཁ་ཅིག་གིས་ནི་བཞི་པ་ཞེས་བྱ་བའི་མིང་ཙམ་ཡང་ མི་ཤེས་ཤིང་མ་ཐོས་པ་ལ་ལས་ཀྱི་ཕྱག་རྒྱ་འབའ་ཞིག་ཉམས་སུ་བླངས་ནས། ཚེའི་དུས་བྱས་ནས་མནར་མེད་པར་འགྲོ་བར་འགྱུར་བ་དག་ཡོད་དོ། །ཁ་ཅིག་གིས་ནི་བཞི་པ་སུན་འདོན་ཅིང་བུམ་པ་ལ་སོགས་པ་ནས་སླར་ཞིང་བསྐྱར་བ་ཉིད་བཞི་པར་འདོད་པ་དག་ཀྱང་ཡོད་དོ། །ཁ་ཅིག་ཤེས་རབ་གང་ཡིན་ཞེ་ན། མི་མོ་ཡིན་ཞེས་བརྗོད་ཅིང་དེ་ལས་བྱུང་བའི་བདེ་བ་བཞི་པར་འདོད་པ་དག་ཡོད་དོ། །ཁ་ཅིག་བཞི་པ་ཞེས་བྱ་བ་འབྲས་བུ་སྟེ། རྡོ་རྗེ་འཆང་གི་གནས་ལ་འདོད་པ་དག་ཡོད་དེ། དེ་དག་ཐམས་ཅད་ནི་བྱིས་པ་རྨོངས་པ་ལུང་དང་རིགས་པ་དང་བྲལ་བ་རྣམས་ཀྱི་བཙན་ཐབས་སུ་བཞག་པར་ཟད་དོ། །དེ་བས་ན་རྟོགས་པར་ དཀའ་ཞིང་རྙེད་པ་རབ་ཏུ་དཀའ་བས་རྡོ་རྗེའི་ཚིག་ཅེས་བྱའོ། །དེ་ཡང་འགལ་བའི་ཚིག་གི་སྦྱོར་བས་གསུངས་པ་ནི། སླར་ཡང་དེ་བཞིན་ནོ་ཞེས་གསུངས་པ་སྟེ། སླར་ཡང་ཞེས་གསུངས་པ་ནི་གསུམ་པ་ལ་སྙེག་པ་སྐད་དུ་གསུངས་པ་ཡིན་ལ། ཡང་དག་པར་ན་སླར་ཡང་དེ་བཞིན་ཞེས་པ་ནི། བྱང་ཆུབ་ཀྱི་ 14-1-66b སེམས་བདེ་བ་འབྱུང་བ་ཙམ་ལ་དགོངས་པ་ཡིན་གྱི། གསུམ་པ་ནི་མ་ཡིན་ནོ། །དེ་བས་ན་བྱིས་པ་རྣམས་སླར་ཡང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་འཁྲུལ་ནས་དོན་དུ་མ་རྟོགས་པར་བྱེད་དོ། །ཤེས་རབ་ཡེ་ཤེས་དེ་ཉིད་དེ། །ཞེས་པ་ནི་ཤེས་རབ་ཆེན་པོ་དེ་ཞེས་བྱ་བར་སྦྱར་རོ། །ཅིས་མངོན་ཞེ་ན། འོག་ནས་ ཀྱང་དེ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་བྲལ་བའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་གསུམ་པ་དང་བཞི་པར་འགྱུར་བ་དང་རྨི་འགྱུར་བའི་བདེ་བ་དག་ནི་ཀ་བ་དང་བུམ་པ་ཙམ་གྱི་འབྲེལ་པ་ཡང་མེད་པར་རྟོགས་པར་བྱའོ། །དེ་ཅིས་མངོན་ཞེ་ན། རྒྱུ་མཐུན་པ་བདེ་བ་རང་བཞིན་གྱི་ཕྱིར་དང་ཞེས་སྨོས་པ་ཡིན་ཏེ། རྒྱུ་མཐུན་པའི་རང་ བཞིན་གྱི་བདེ་བ་ནི་འཛག་པ་མེད་པ་ཡིན་ལ། ལས་ཀྱི་ཕྱག་རྒྱ་མ་ཡེ་ཤེས་ཀྱི་རང་བཞིན་ནི་འཛག་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་མེད་པའི་ཏིང་དེ་འཛིན་དེ་ལས་གང་བྱུང་བའི་བདེ་བ་དེ་ནི་འཛག་པ་ མེད་པའོ། །དེ་བས་ན་གང་འཛག་པ་མེད་པའི་བདེ་བ་དེ་ནི། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དང་། །ཞེས་བྱ་བ་མི་མོ་དང་ཕྲད་པ་ལས་བྱུང་བའི་འཛག་པའི་བདེ་བའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་དང་། རྣམ་པར་ཏོག་པས་བསྐྱེད་པའི་བདེ་བ་འཛག་པའི་བདག་ཉིད་ཅན་ཏེ། དེ་ཕྱག་རྒྱ་ཆེན་པོ་མི་ འཛག་པའི་བདེ་བའི་ཡེ་ཤེས་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཛག་པ་མེད་པ་ཅིས་མངོན་ཞེ་ན། དེ་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཅེས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་ ཞེས་བྱ་བ་ནི། འཇི་རྟེན་པའི་དཔེར་བྱ་བའི་བྱིས་པ་ལ་སོགས་པའི་རྩིས་ལས་འདས་ནས། ཤེས་རབ་ཆེན་པོ་ལ་ཡན་ལག་དྲུག་གིས་བསྐྱེད་པར་བྱ་བ་ཡིན་པས། ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ནི་ཕྱིའི་དོན་བུམ་པ་ལ་སོགས་པའི་རྣམ་པ་ཀུན་ཡང་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རོ་གཅིག་ པར་རྟོགས་ལ། དུས་དེར་ཡང་དུ་བ་ལ་སོགས་པའི་རྟགས་ཀྱི་རྣམ་པ་རྣམས་ཀྱང་འབྱུང་སྟེ། རྟགས་དེ་དག་ཀྱང་རྫས་ལོག་པ་མེད་པའི་ཕྱིར་རྣམ་པ་མེད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི་དགའ་བ་བཅུ་དྲུག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས། བཅུ་དྲུག་ཏུ་ཕྱེ་བ་ཡིན་ལ། དེ་ཉིད་སྟོང་པ་ཉིད་ཀྱི་ཞགས་པ་དམ་ 14-1-67a པོས་འཛིན་པ་ལ་དེ་སྐད་ཅེས་བྱའོ། །ཡན་ལག་མེད་པར་རྩིས་ལས་འདས་པ་ནི། ཡར་ངོ་དང་མར་ངོ་ལ་མི་གནས་པའོ། །བསམ་གཏན་བཞི་པའི་རྩེ་མོ་འཛིན་པ་ནི། དགའ་བ་བཅུ་དྲུག་ཡོངས་སུ་བསྡུས་པའི་ཐིག་ལེ་བཞི་པའི་མཐར་འཛིན་པ་ལ་རྩེ་མོ་འཛིན་པ་ཞེས་གསུངས་སོ། །དེ་ བས་ན་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། སྟོང་པ་ཉིད་ལས་སྐྱེ་ས་པའི་མི་འགྱུར་བའི་བདེ་བ་ཉིད་ལ་མི་འཁྲུལ་བར་གཟུང་བར་བྱའོ། །ཇི ལྟར་སེམས་ཅན་ཕལ་པ་གཞན་ནི་ཐིག་ལེ་འཕོ་བ་སྟེ། །ཞེས་པ་ནི་མི་འཕོ་བ་ནི་མཆོག་ཏུ་བཤད་ཅིང་བཞི་པ་ཡིན་ལ། དེ་བས་མི་མཐུན་ཅིང་འགལ་བར་འགྱུར་བའི་ སེམས་ཅན་ཕལ་པ་སྟེ། འཇིག་རྟེན་པའི་དབང་བསྐུར་བ་འཛག་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་འདི་ནི་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བར་ཐོབ་པ་ནི། ཐིག་ལེ་འཕོ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཆེན་པོ་ལ་ཐུག་པར་བཅིངས་པ་ཡིན་པའི་ཕྱིར་ རོ། །དགའ་བ་དང་། །མཆོག་ཏུ་དགའ་བ་དང་། ཁྱད་པར་དུ་དགའ་བ་དང་། ལྷན་ཅིག་སྐྱེས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཛིན་ཏེ། ཟག་པ་མེད་པའི་འདོད་ཆགས་ཆེན་པོ་དེ་དང་མ་བྲལ་བའི་ཕྱིར་རོ་འཇིག་རྟེན་པའི་འཛག་པ་ལས་ཐ་དད་པར་གྱུར་པ་མི་འཛག་པ་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་གོ་ འཕང་སྟེར་བའི་ལུང་ནི། དེ་བཞིན་དུ་ཡང་། རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། །ནོར་བུའི་ནང་དུ་གནས་པར་བལྟ། །རྒྱུ་མཐུན་ལ་སོགས་བདེས་གང་བ། །དེ་ནི་དྲི་མ་མེད་པ་རུ། །ལྟ་བ་རྒྱུ་མཐུན་ཉིད་དུ་བརྗོད། །རྣམ་པར་སྨིན་པ་སྙིང་གར་དྲན། །མགྲིན་པར་སྐྱེས་བུ་བྱེད་པ་ཉིད། །གཙོ་བོ་དྲི་མེད་སྤྱི་བོར་ཡིན། ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ལ། རྡོ་རྗེ་ནི་ལས་ཀྱི་རྡོ་རྗེ་ཡིན་ལ། སྐྱིལ་ཀྲུང་ནི་གནས་སོ། །སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་དེའི་ལས་ཀྱི་རྡོ་རྗེའི་ནོར་བུ་ཆུད་པར་བལྟའི་ཕྱིར་བྲལ་བས་ནི་མ་ཡིན་ནོ། །དེ་ཉིད་ཁོ་ན་རྒྱུ་མཐུན་ལ་སོགས་བདེ་གང་བ། །ཞེས་བྱ་བ་སྟེ། རྡོ་རྗེ་ནོར་བུ་ ནས་ལྟེ་བ་མན་ཆད་དུ་རྒྱུ་མཐུན་པ་ཞེས་བྱ་བ། མི་འཛག་པའི་གཙོ་བོར་བྱའི་གཞན་ལ་མ་ཡིན་ནོ། །དེ་ལ་བརྩམས་ནས། གཙོ་བོ་དྲི་མེད་སྤྱི་བོར་ཡིན། །ཞེས་པ་སྟེ། རྡོ་རྗེར་བུ་ལ་གནས་པ་ཡང་སྤྱི་བོར་མ་ཡིན་པ་དེ་སྲིད་དུ་ཉོན་མོངས་པ་རྩད་ནས་འདོན་པར་མ་གསུངས་ན། འཛག་པ་དང་ལྡན་པའི་སྐྱེས་བུ་གང་ཡིན་ 14-1-67b པ་དེ་ལ་ཐར་པའི་གོ་འཕང་མེད་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི། དེ་སྐད་ཅེས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། ཕྱི་ཡི་དགའ་བྲལ་འཕོ་བ་ཡིས། །སངས་རྒྱས་སྟེར་བ་མ་ཡིན་ཏེ། །ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་དེ་ལྟར་ཏེ། ཕྱིའི་དགའ་བྲལ་ཆེན་པོས་འཇིག་རྟེན་གསུམ་པོ་འཁྲུག་པར་བྱེད་པ་དེ་བས་ནའོ། །ཅིའི་ཕྱིར་འཁྲུག་ཅེ་ན། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་དེ་གཉིས་ཀྱིས་འཁྲུག་ཅིང་འཁོར་བར་བྱེད་ལ། ཕུང་ཁྲོལ་ཆེན་པོ་སྐྱེད་པའི་ཕྱིར། ། ཞེས་བྱའོ། །བཅོམ་ལྡན་འདས་འདི་ནི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ཞེས་བྱ་སྟེ། འཁོར་བ་སྐྱེད་པར་བྱེད་པའི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་སོ། །འོ་ན་ཅི་ཞེ་ན། འཕོ་བ་མེད་པའི་ཡེ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། འཛག་པ་ལས་གོ་བཟློག་པ་འཛག་པ་མེད་པའི་ བདེ་བའི་ཡེ་ཤེས་ལ་མངའ་བརྙེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྲིད་པ་དང་མྱ་ངན་ལས་འདས་པའི་ཞེས་བྱ་བའི་ཐ་སྙད་ཀྱང་གང་ཞེ་ན། སྲིད་པ་ནི་དཔྲལ་བ་སྟེ་སྐྱེ་བའི་གནས་སོ་ཞེས་བྱ་བ་སྨོས་ཏེ། དཔྲལ་བ་བདེ་བ་ཆེན་པོའི་གནས་ནས་སྤྲུལ་པའི་མིང་ཅན་གྱི་བར་དུ་སྐྱེས་བུ་ཐ་མལ་པ་རྣམས་ལ་གནས་པའི་ཟླ་བའི་ རྒྱུན་གྱིས་ཡེ་ཤེས་མྱོང་བ་མེད་པ་གང་ཡིན་པ་དེ་སྲིད་པ་འམ། ཐབས་སམ་སྙིང་རྗེ་ཞེས་བརྗོད་དོ། །མྱ་ངན་ལས་འདས་པ་དང་ཆོས་མཐུན་པས་མྱ་ངན་ལས་འདས་པ་སྟེ། དེ་ཡང་རྡོ་རྗེ་ནོར་བུའི་མགྲིན་པ་ལས་ཞེས་བྱ་བ་གསང་བའི་རྡོ་རྗེའི་མགྲིན་པ་ལས་སོ། །ཐིག་ལེ་བཞི་རྣམས་འཕོ་བའོ། །ཞེས་བྱ་བ་ནི་ཟླ་བའི་ རྒྱུན་འབྱུང་བའི་གནས་གང་ཡིན་པ་དེར་གནས་ཤིང་ཟག་པར་བྱས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་པ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་བཤད་མ་ཐག་པའི་ཆོས་གཉིས་ལ་མི་གནས་པ་སྟེ། དེ་ཡང་དཔྲལ་བར་མི་གནས་པ་ནི་འཁོར་བའི་སྐྱོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་ལ། དེ་ནས་ གང་རྡོ་རྗེ་ནོར་བུའི་མཐའ་ལ་ཐུག་པའི་བྱང་ཆུབ་ཀྱི་སེམས་དེ་ཕྱིར་མི་འཕོ་བ་སྟེ། སྐྱོན་དང་བཅས་པའི་མྱ་ངན་ལས་འདས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཞེས་བྱ་བ་ནི། སངས་རྒྱས་རིན་པོ་ཆེའི་གབ་ཙེན་གནས་པའི་བྱང་ཆུབ་ཀྱི་སྙིང་པོ་ཡིན་ལ། གང་ཡང་དེ་ལྟ་བུའི་བཅོམ་ལྡན་འདས་ 14-1-68a ཀྱིས། འཁོར་བའི་སྐྱོན་ཐམས་ཅད་འཇོམས་ཤིང་། བདེ་བ་ཆེན་པོ་བསྐྱེད་པ་ཡིན་ཏེ། དེ་ཉིད་འཇིག་རྟེན་ལས་འདས་པའི་དབང་ཡིན་ནོ། །དེ་བཞིན་དུ་འབྱུང་འཇུག་དང་བྲལ་བས་འཁོར་བའི་སྐྱོན་འཇོམས་ཤིང་བདེ་བ་ཆེན་པོའི་འབྲས་བུ་སྟེར་བ་རྒྱུད་གཞན་ལས་ཀྱང་གསུངས་ཏེ། དེ་བཞིན་དུ་ ཡང་ཞེས་བྱ་བ་ནི་རྒྱུད་གཞན་སྟོན་པར་བྱེད་པའི་ཚིག་གོ། །ཐོག་མ་ཐ་མ་ཞི་བ་དང་། །ཞེས་པ་ནི། ཐོག་མ་ནི་དཔྲལ་བ་ལ་སོགས་པའོ། །ཐ་མ་ནི་རྩེ་མོ་ལ་སོགས་པའོ། །དངོས་དང་དངོས་མེད་ཟད་ཅེས་པ་ནི། གོང་དུ་བརྗོད་པ་ཉིད་དམ། ཡང་ན་ཐོག་མ་དང་ཐ་མར་རྟོགས་པ་སྟེ་ཟད་པའོ། །དེ་གང་ གིས་ཟད་པ་ནི་གཙོ་བོ་སྟེ། ཁམས་གསུམ་གྱི་མངའ་བདག་གོ། །དེ་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཞེས་ཀྱང་བྱ་སྟེ། གོང་དུ་བརྗོད་པའི་ཚུལ་གཉིས་ཀ་ལའོ། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། །དོན་དམ་པ་བྱང་ཆུབ་ཀྱི་སེམས་དག་གཉིས་ ཀ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བས་ན་ཞེས་བྱའོ། །རྒྱུད་དེ་ཉིད་ཀྱི་དོན་དགྲོལ་བར་བྱ་བའི་ཕྱིར། ཐོག་མ་ཐ་མ་ཞེས་བྱ་བ་ནི་གོང་དུ་བཤད་པའོ། ། སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་བྱ་བ་ལ་ཐོག་མར་སྐྱེ་བ་ཡིན་ལ་ཐ་མ་འཇིག་པ་ཡིན་ཏེ། དེ་བཅོམ་ལྡན་འདས་འདི་ལ་བྲལ་ཞིང་མི་མངའ་ཞེས་བྱ་བའི་དོན་ཏོ། །ཞི་བ་ནི་ཞེས་བྱ་བ་ནི་ཐོག་མ་ཐ་མའི་མིང་ཅན་གང་ཡིན་པ་དེ་ནི་ཞི་བའོ། །དེ་གང་ཡིན་ཞེ་ན། བཤད་པ་དབང་པོ་འགྱུར་བ་དང་བྲལ་བའོ་ཞེས་བྱ་བ་སྟེ། ཐོག་མ་ཐ་མ་ཞི་བ་དེའི་སྟོབས་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལས་མི་འབྲོས་པའམ། ཡང་ན་དབང་པོའི་འགྱུར་པའི་རླུང་ངམ་བྱང་ཆུབ་ཀྱི་སེམས་ལ་བྱ་ན། དེའི་ཕྱིར་མི་རྒྱུ་ཞིང་འཛག་པ་མེད་པ་ལ་བྲལ་བ་ཞེས་བྱའོ། །དངོས་དང་དངོས་མེད་ཟད་པ་ནི། །ཞེས་པ་ནི། དངོས་པོར་རྟོག་པ་དངོས་པོ་ མེད་པར་རྟོག་པ་དང་བྲལ་བ་ཟད་པ་ཞེས་བརྗོད་དོ། གང་རྟག་ཆད་དང་རྣམ་པར་བྲལ་བའོ་ཞེས་པ་ནི། དེ་ཉིད་དེའི་དངོས་པོ་ནི། རྟག་པར་ལྟ་བ་ཡིན་ཞིང་། དངོས་པོ་མེད་པ་ནི་ཆད་པར་ལྟ་བ་སྟེ། དེ་དང་བྲལ་བའོ། །དེ་ལྟར་བརྗོད་པ་དེས་ནི་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ཞེས་བྱ་བ་བསྟན་པ་ཡིན་ལ། གང་ 14-1-68b སོ་སོར་སྡུད་པ་དེ་ཡང་རྟོག་པའི་དྲ་བས་དབེན་པ་ཉིད་ལ་འདོད་དོ། །གང་ལ་རྟོག་པའི་དྲ་བ་མི་མངའ་བ་དེ་ལ། གཙོ་བོ་ནི་ཁམས་གསུམ་གྱི་མངའ་བདག་གོ་ཞེས་བྱ་བ་སྟེ། ཁམས་གསུམ་གྱི་སྤྱོད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་སྙིང་རྗེ་དབྱེར་མེད་པ་ནི་གཤེགས་ཀྱང་རུང་སྟེ། ཞེས་པ་ནི། གོང་ གི་སོ་སོར་སྡུད་པའི་འབྲས་བུ་བསྟན་པ་ཡིན་ཏེ། དེ་ཡང་སོ་སོར་སྡུད་པ་ཆེན་པོས་བསྡུས་པ་ལས། བྱང་ཆུབ་ཀྱི་སེམས་བྱུང་བ་རྡོ་རྗེ་སྟེ་ནོར་བུའི་མགྲིན་པ་ལ་གནས་པ་མ་ཟག་པ་ལ་སྟོང་པ་ཉིད་ཡིན་ཞིང་དགོངས་སོ། །དཔྲལ་བ་སྲིད་པའི་གནས་ནི་སྙིང་རྗེའོ། །ཞེས་བྱ་བ་ནི། དཔྲལ་བ་ན་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ ཀྱི་ཟླ་བ་ཆ་ཤས་བཅུ་དྲུག་པའི་གནས་ཡིན་ཞེས་བྱ་བའོ། །འདི་ཉིད་ཀྱི་དབུས་སུ་ཞེས་པ་ནི་དཔྲལ་བ་དང་ནོར་བུའི་དབུས་སུའོ། །གང་ཞིག་རྣམ་པར་གནས་པ་ནི་ཞེས་པ་ནི། སྟོང་པ་ཉིད་ཀྱིས་བསྐྱེད་པའི་བྱང་ཆུབ་སེམས་གང་ཞིག་རྣམ་པར་གནས་པའོ། །ལྷན་ཅིག་སྐྱེས་པའི་ཞེས་པ་ནི། ཆོས་རྣམས་ཀྱིས་དེ་ བཞིན་ཉིད་གཟོད་མ་ནས་གནས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། གཤེགས་ཀྱང་རུང་། མི་འགྱུར་པ་གནས་པ་གང་ཡིན་པ་དེར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་དག་ན་བདེ་བ་མི་འཛག་པའི་ཡེ་ཤེས་ཆེན་པོ་འདིས་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་གྱི། གཞན་ དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན་ནོ། །གོང་དུ་བསྟན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པས་བསྒྲུབ་པར་བྱ་བ་ཡིན་ལ། འཛག་པ་མེད་པ་གང་ཡིན་པ་དེ་ནི་བཞི་པ་སྟེ། འཇིག་རྟེན་ལས་འདས་ པའི་དབང་ཞེས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །དེ་ཉིད་བུམ་པ་དང་གསང་བ་དང་། །ཤེས་རབ་ཡེ་ཤེས་ཀྱི་མཐར་སྦྱིན་པར་བྱས་ལ། གསུམ་པ་ཤེས་རབ་ཡེ་ཤེས་ལ་སོགས་པ་ལ་བཞི་པར་མ་གསུངས་ཀྱི། བཞི་པ་ནི་གྲངས་ཁོ་ན་ཡིན་པའི་ལུང་བསྟན་པར་བྱ་བའི་ཆེད་དུ། དེ་ནི་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བ་ སྨོས་ཏེ། དེ་ནི་ཞེས་བྱ་བ་ནི། བཞི་པ་དེ་ནི་ཞེས་བྱ་བའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །རྡོ་རྗེ་གུར་ཞེས་པ་ནི་མི་ཕྱེད་པའི་གནས་ཏེ་རྡོ་རྗེའི་གནས་རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་བསལ་ལ་བྱའོ། །དེ་ནི་ཧེ་བཛྲའི་བཤད་པའི་རྒྱུད་དུ་བསྟན་ཏོ། །དང་པོ་ལ་ནི་ 14-1-69a བུམ་པའི་དབང་། །གཉིས་པ་གསང་བ་ཞེས་སུ་བརྗོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ཞེས་བྱ་བ་ནི་འཇིག་རྟེན་པའི་དབང་བསྟན་ལ། དེ་ཡང་གསུམ་པ་མན་ཆད་འཇིག་རྟེན་པར་ངེས་ཤིང་། དེ་ལས་ཐ་དད་པར་གྱུར་པའི་འཇིག་རྟེན་ལས་འདས་པའི་དབང་ནི། ཇི་བཞིན་དེ་བཞིན་ གཤེགས་པ་མིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་པའི་ངེས་པ་ཡང་། ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པའམ། །ཇི་ལྟར་གསུངས་པ་དེ་ལྟར་མཛད་པ་སྟེ། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་གསུངས་པ་ཡིན་ལ། སྐབས་འདིར་དེ་བཞིན་ གཤེགས་པ་ཞེས་བྱ་བ་བྱང་ཆུབ་སེམས་ལ་བརྗོད་དོ། །དེ་ཡང་ཇི་ལྟ་ཕྱི་རོལ་དེ་ལྟར་ནང་། །ཞེས་གསུངས་པ་ཡིན་ལ། དེ་ནི་གསུམ་པ་ལ་ཡོད་པ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུམ་པ་ཡིན་པར་མ་གསུངས་སོ། །གཞན་ཡང་བཞི་པ་ལ་ནི་བྱང་ཆུབ་སེམས་ཇི་ལྟར་འོངས་པ་དེ་ལྟར་འགྲོ་ སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །གང་ཡང་དེ་ནི། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་ཀྱང་བྱ་སྟེ། བླ་མས་ལུང་ཕོག་པའི་དུས་སུ་ཇི་སྐད་དུ། །ཁྱོད་ཀྱིས་འདོད་ལ་ཆགས་བྲལ་བར། །ནམ་དུ་ཡང་ནི་མི་བྱའོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་གཞན་མེད། ། ཅེས་བསྒོ་བ་ནི། ཤུགས་ཀྱིས་དང་དུ་བླངས་བ་ཡིན་པས། ཇི་སྐད་དུ་སྨྲས་པ་ཡིན་ནོ། །རྗེས་སུ་གསུངས་ཤིང་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཛག་པ་དེ་ལྟར་གྱེན་དུ་གཏོང་བས་ན་དེ་བཞིན་བྱེད་པ་ཡིན་ནོ། །ཇི་ལྟར་བརྗོད་པའི་རིམ་པས་གསུམ་པ་ལ་མི་འཛག་པའི་བདེ་བ་མེད་པར་ངེས་ཞེས་གསུངས་སོ་ཞེས་བྱ་བ་ནི། དེ་ བཞིན་གཤེགས་པའི་རྒྱུད་གཞན་ལས་ཀྱང་། དེ་སྐད་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཞེས་པ་ནི། གཞན་ཡང་རྒྱུད་ཀྱི་ཁུངས་སྟོན་པར་བྱེད་པའོ། །དེ་གང་ཡིན་ཞེ་ན། རྩ་བའི་རྒྱུད་ལས་ཞེས་གསུངས་ཏེ། རྩ་བའི་རྒྱུད་ཅེས་བྱ་བ་ནི་མཆོག་གི་དང་པོའི་རྩ་བའི་རྒྱུད་ལས་སོ། །ཇི་སྐད་གསུངས་ཤེ་ན། ལས་ཀྱི་ཕྱག་རྒྱ་དག་དང་ནི། །བརྟགས་པའི་ཕྱག་རྒྱ་ཡེ་ཤེས་སྤངས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་ངེས་བསྟན་བྱ། །ཞེས་གསུངས་སོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ནི་འཕོ་བ་འཁྲིད་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཀུན་དུ་རྟོགས་པའི་བདག་ཉིད་ཡིན་ལ་ཀུན་དུ་རྟོགས་པ་ 14-1-69b ཡིན་པས་དེ་བཞིན་ཉིད་ལ་རེག་པ་མེད་དོ། །དེ་བས་ན་དེ་ཉིད་སྤང་བར་གསུངས་སོ། །དེ་བས་ན་ལས་དང་། ཡེ་ཤེས་ལས་ཐ་དད་པར་གྱུར་པའི་ཕྱག་རྒྱ་ཆེན་མོ་ནི། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། མཆོག་ཏུ་མི་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། གང་ཡང་དེ་མི་ འགྱུར་བར་བྱེད་པ་ནི་ཡུལ་ལ་རབ་ཏུ་རྒྱུག་པར་བྱེད་པའི་རྣམ་པར་ཤེས་པའི་རྟ་རླུང་རབ་ཏུ་གཟུང་བར་བསྟན་ཏོ། །རླུང་གང་ཡིན་པ་དེ་འཛིན་པ་ལ། ཇི་ལྟ་བའི་ཏིང་ངེ་འཛིན་ལས་གཞན་པ་གཟུང་བར་མ་གསུངས་སོ། །དེ་བས་ན་ཇི་ལྟ་བའི་ཏིང་ངེ་འཛིན་ལ་མཆོག་ཏུ་མི་འགྱུར་བའི་སྦྱོར་བ་ཞེས་བསྟན་ཏེ། མི་འགྱུར་ བར་བྱེད་པའི་ཕྱིར་རོ། །དེ་ལ་གདོང་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་བདེ་བ། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ། ཁ་ན་མ་ཐོ་བ་མེད་པ། རྨད་དུ་བྱུང་བའི་བདེ་བ། བདག་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་གང་ཡིན་པ་དེ་ལ། ཕྱག་རྒྱ་ཆེན་མོ་ངེས་བསྟན་བྱ། །ཞེས་དེ་ བཞིན་གཤེགས་པས་གསུངས་སོ་ཞེས་སྦྱར་རོ། །དེ་ལྟར་བརྗོད་པའི་རིམ་པས། སངས་རྒྱས་རྣམས་ཀྱི་བཀའ་འདི་ནི། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ ཡང་དུ་གསུངས་པ་གང་། །ཞེས་དེ་བཞིན་གཤེགས་པས་གསུངས་པས་དེ་བས་ན། ཕྱུགས་བདག་ཚངས་པ་དང་ཞི་བ་ལ་སོགས་པས་བསྟན་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། །གང་ཞིག་ཐོག་མ་དང་། བར་ དང་། ཐ་མར་དགེ་བ་གང་ཡིན་པ་དེ་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །དི་སྐད་ཅེས་གསུངས་པ་དེ་བས་ན་དབང་ཕྱུག་ལ་སོགས་པ་བསད་པས་གྲོལ་བར་སྟོན་པ་དེ་ནི་ཤིན་ཏུ་ཡང་མཆོག་མ་ཡིན་ལ། དེ་ལས་གཞན་པའི་རྣལ་འབྱོར་པ་སངས་རྒྱས་པའི་མིང་གིས་ བསྡུས་པ་གང་དག་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ཡིན་ལ། དེའི་ང་རྒྱལ་བྱས་པས་དེའི་རང་བཞིན་དུ་འགྱུར་བར་སྟོན་པ་དང་། མི་མོ་ལ་ཤེས་རབ་ཀྱི་མིང་དུ་བཏགས་ནས་དེ་ལ་སྙོམས་པར་ཞུགས་པ་ཙམ་གྱིས་ཐར་པ་ཐོབ་པར་སྟོན་པ་དེ་དག་ནི་ཡང་དག་པའི་ལམ་སྟོན་པ་མ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ 14-1-70a ཆེན་པོ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཟག་པ་དང་བཅས་པས་མི་ཐོབ་པ་དེ་བས། རྟོག་པ་ཐམས་ཅད་སྤངས་པ། ཡིད་ནང་དུ་ཆུད་པས་བསྒོམ་པར་བྱ་བ་ངེས་པའོ། །འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པའོ་ཞེས་བྱ་བ་ནི། འཇིག་རྟེན་པ་དང་མི་མཐུན་པའི་བདེ་བ་དང་སྤྱོད་པ་ སྟོན་པས་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་དབང་བཅུའི་རྗེས་ལ་སྟོན་པ་ས་བཅུ་གཅིག་པའོ། །དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་ལེགས་པར་བསྟན་ནས། ད་ནི་ཟས་དང་བཏུང་བ་ལ་སོགས་པའི་སྤྱོད་ལམ་གྱི་རྣལ་འབྱོར་གོང་དུ་བསྟན་པ་རྣམས་རྒྱས་པར་བྱ་བའི་ཕྱིར་རོ། ། ཡི་གེ་ཨོཾ་གྱིས་སྦྱང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལག་པ་གཡོན་པ་ཟླ་བའི་ཆ་ཡིན་པས་རྣལ་འབྱོར་པའི་ལག་པ་གཡོན་པའི་མཐིལ་དུ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨོཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་ བསམས་ལ། དེ་ལས་འོད་ཟེར་བྱུང་ནས་གཙང་མའི་གནས་ཞེས་བྱ་བ་ནས། སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་བྱིན་གྱིས་རློབ་ཅིང་མི་གཙང་བའི་སྐྱོན་གྱི་དྲི་མ་བསལ་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རང་བཞིན་དུ་མཛད པར་བསམ་མོ། །ཡི་གེ་ཨཱཿས་སྤེལ་བར་བྱའོ་ཞེས་པ་ནི། ལག་པ་གཡས་པ་ཉི་མའི་ཆ་ཡིན་པས། རྣལ་འབྱོར་པའི་ལག་པ་གཡས་པའི་མཐིལ་དུ་ཨཱཿ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨཱཿདེ་ཉིད་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ ལ། དེ་ལས་འོད་ཟེར་བྱུང་བས་སྔོན་བཞིན་དུ་གཙང་མའི་གནས་ནས་གསུང་གི་རྡོ་རྗེ་འོད་དཔག་མེད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་རྣམས་མང་བར་བྱིན་གྱིས་རློབ་པར་མཛད་ཅིང་། བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་ མཛད་པར་བསམ་མོ། །ཡི་གེ་ཧཱུྃ་གིས་སྦར་བར་བྱའོ་ཞེས་པ་ནི་ཐལ་མོ་གཉིས་ཁ་སྦུབ་པ་སྒྲ་གཅན་གྱི་ཆ་ཡིན་པས། ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས། སྒྲ་གཅན་གྱི་འཁོར་དང་། དེའི་སྟེང་དུ་ཧཱུྃ་དེ་ཉིད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་བསམས་ལ། དེ་ལས་འོད་ཟེར་བྱུང་བས 14-1-70b ཡང་གཙང་མའི་གནས་ནས་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཀྱང་བཟའ་བ་ལ་སོགས་པ་རྣམས་འབར་ཞིང་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབ་པར་བསམ་མོ། །ཡི་གེ་ཧོས་བདུད་རྩིར་བྱའོ་ཞེས་པ་ནི། ནམ་མཁའ་ལྡིང་གི་ཕྱག་རྒྱ་རྡོ་རྗེ་སེམས་དཔའི་རང་ བཞིན་ཡིན་པས། ནམ་མཁའ་ལྡིང་གི་ཕྱག་རྒྱ་ལ་ཧོ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། ཁ་དོག་ཐམས་ཅད་པའི་དཀྱིལ་འཁོར་ཟླུམ་པོ་དང་། དེའི་སྟེང་དུ་ཧོ་དེ་ཉིད་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་དྲིལ་བུ་བསམས་ལ། དེ་ལས་འོད་བྱུང་བས་ཡང་གཙང་མའི་གནས་ནས་ཡེ་ཤེས་ཀྱི་དཔལ་རྡོ་རྗེ་སེམས་ དཔའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཡང་བཟའ་བ་ལ་སོགས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་རློབ་པར་མཛད་པར་བསམ་མོ། །ཡི་གེ་ཧཾ་གིས་སྤྱན་དྲང་བར་བྱའོ་ཞེས་པ་ནི། མཐེའུ་ཆུང་གཉིས་མདུད་པར་བྱས་པ་འགུགས་པའི་ཆ་ཡིན་པས་འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་ཕྱག་རྒྱ་ལ། ཧཾ་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་ངམ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པ་ལས། འོད་ཟེར་བྱུང་བས་མགྲོན་གང་ཡིན་པ་སྤྱན་དྲང་བར་བསམ་མོ། །ཡི་གེ་ཀྵས་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ནི། ཀྵ་ནི་ཟད་ཅིང་ མཐར་གཏུགས་པ་ཞེས་བྱ་བའི་དོན་ཡིན་པས། ལག་པ་གཡོན་གྱི་རྒྱབ་ཀྱིས་གཤེགས་སུ་གསོལ་བའི་བརྡ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཡོན་གྱིས་སྦྱང་བར་བྱ་ཞེས་བྱ་བ་ནས། ལག་པ་གཡོན་གྱིས་ནི་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ཡན་ཆད་ཀྱི་དོན་ཡིན་ནོ། །ཆང་ལ་ཟླ་བ་ཞུ་བ་ལྟ་བུའི་གཟུགས་སུ་ བསྒོམས་ལ་ཞེས་པ་ལ་ཆང་གིས་མཚོན་པ་ཙམ་ཡིན་གྱི། གང་དང་གང་བཟའ་ཞིང་འཐུང་བ་དེ་དང་དེའི་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསམ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལག་པ་གཡོན་གྱི་མིང་མེད་ཀྱིས་ཤེས་བྱ་བ་ནི་གཡོན་གྱི་སྲིན་ལག་གིས་སོ། །ཆང་གི་ཐིགས་པ་བླངས་ལ་ཞེས་བྱ་བ་ནི་མཚོན་པ་ཙམ་མོ། ། གང་དང་གང་ཟ་ཞིང་འཐུང་བ་དེ་ཤེས་རབ་སྟོང་པ་ཉིད་མཚོན་པར་བྱེད་པའི་གྲུ་གསུམ་པ་ཡིད་ཀྱིས་བསམས་ལ་མངོན་དུ་བྱའོ་ཞེས་བྱའོ། །དེའི་དབུས་སུ་ཐིག་ལེའི་གཟུགས་ཟླུམ་པོ་བྱའོ་ཞེས་པ་ནི་མཚོན་པར་བྱེད་པ་ཡིན་ཏེ། དེ་ལྟར་བསྟན་པའི་རིམ་པས་དུས་གསུམ་ན་བཞུགས་པའི་རྡོ་རྗེ་འཆང་རྣམས་སྟོང་པ་ 14-1-71a དང་སྙིང་རྗེ་དབྱེར་མི་ཕྱེད་པ་ལ་བཞུགས་པ་སྟོན་པ་ཡིན་ལ། དེ་ཡང་ཕྱི་དང་ནང་དང་གཞན་ཀུན་ལས་གྲུབ་པར་གནས་སོ་ཞེས་བྱ་བ་ཡང་ཡིན་ནོ། །མེ་ལོང་གི་གཟུགས་བརྙན་དང་མཚུངས་པར་དཀྱི་ལ་འཁོར་གྱི་འཁོར་ལོ་བསམས་ལ་ཞེས་བྱ་བ་ནི། གང་ཡང་རུང་བའི་དཀྱིལ་འཁོར་གྱི་ལྷ་ རྣམས་གཟུང་འཛིན་དང་བྲལ་ཞིང་རྣམ་པར་ཏོག་པའི་དྲི་མ་མཐའ་དག་སྤངས་པའི་རང་བཞིན་དུ་བསམ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཨེ་དང་ཝཾ་གྱི་དབུས་ན་བཞུགས་པར་བསམས་ལ། ངོ་བོ་ཉིད་ཀྱིས་འཁོར་བའི་དྲི་མ་དང་བྲལ་ཞིང་དབེན་པས་ན་ཝཾ་ཞེས་སྨོས་སོ། །ཚིམ་པར་བྱ་བ་ནི་ཞེས་པ་ནི་རྣལ་འབྱོར་པ་བདག་གིས་ རྟོགས་པས་རྡོ་རྗེ་འཆང་དེ་རྣམས་ཚིམ་ཞིང་དགྱེས་པ་ལྟ་བུར་བསམ་པར་བྱའོ། །ཚིམ་བྱེད་ཀྱི་སྔགས་རྣམས་བསྟན་པ། ཨོཾ་ཨཱཿཧཱུྃ་ཧོ། ཞེས་བྱ་བ་ཡིན་ལ། དེ་ཉིད་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་རིག་སྔགས་ཡིན་པས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ལྷ་རྣམས་ལ་མཆོད་པའི་སྔགས་ཀྱི་ཚིག་དེ་ རྣམས་ཀྱིས་སོ། །དེ་ནས་དིའི་རྗེས་ལ་ཨ་ཨཱ། ཨི་ཨཱི། རྀ་ལཱྀ། ཨུ་ཨཱུ། ལེ་ལཱྀ། ཞེས་པའི་སྔགས་རྣམས་ནམ་མཁའ་དང་མཉམ་པའི་བར་བརྗོད་པར་བྱ་བའི་ཕྱིར་བྷ། རླུང་དང་མེ་དང་། ཆུ་དང་ས་ཡིས་ཡོངས་སུ་བསྡུས་པའི་ཆོས་ཅན་ཏེ། རྣམ་པར་ཤེས་པ་ནམ་མཁའི་ཁམས་ཀྱི་རིགས་ཞེས་བྱ་བ་ལ་སོགས་ པ། ཕུང་པོ་ལྔའི་ཆོས་ཅན་དང་། ནམ་མཁའི་ཁམས་ལ་སོགས་པའི་ཁམས་ལྔ་སྟེ། དེ་རྣམས་ལ་མཆོད་པར་བྱ་བའི་སྔགས་ཀྱི་ཚིག་རྣམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཱ། ཞེས་པའི་འཕེལ་བའི་ཡི་གེ་རྣམས་ཀྱིས་ མིག་ལ་སོགས་པའི་དབང་པོ་དྲུག་དང་། གཟུགས་ལ་སོགས་པའི་ཡུལ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་དངོས་པོ་རྣམས་མཆོད་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་ཡིན་ནོ་ཞེས་བྱའོ། །གཞན་ཡང་། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཞེས་པ་རྣམས་ཡང་ན་ནའི་རྐྱེན་བསྒྱུར་བའི་ཡི་གེ་རྣམས་ ཀྱིས་ཐབས་དང་ཤེས་རབ་ཀྱི་རིགས་ཅན་གྱི་སྐུ་ཁྲོ་བོ་ཁྲོ་མོ་བཅུའོ། །ཞེ་སྡང་རྡོ་རྗེ་ལ་སོགས་པའི་རང་བཞིན་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བར་གྱུར་པ་རྣམས་མཆོད་པའི་སྔགས་སོ། །གཞན་ཡང་ཀ །ཀ་ཀཱ། ཁ་ཁཱ། ག་གཱ། གྷ་གྷྲཱ། ང་ངཱ་། ཙ་ཙཱ། ཚ་ཚཱ། ཛ་ཛཱ། ཛྷ་ཛྷཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། 14-1-71b ཌ་ཌཱ། ཌྷ་ཌྷཱ། ཎ་ཎཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། པ་པཱ། ཕ་ཕཱ། བ་བཱ། བྷ་བྷཱ། མ་མཱ། ས་སཱ། ཧ་ཧཱ། ཥ་ཥཱ། ཤ་ཤཱ། རྐོ་ཀྐཱ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཀྵ་ཀྵཱ། ཞེས་བྱ་བ་རྣམས་ནི་རྡོ་རྗེ་ཀ་ཞེས་བྱ་བ་ལ་སོགས་པའི་རྒྱུད་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་སྔགས་ ཀྱི་ཚིག་གསུམ་ཅུ་རྩ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་རིགས་སུམ་ཅུ་རྩ་དྲུག་ཅེས་བྱ་བ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་གཏོགས་པ་ཐམས་ཅད་ཀྱི་ལྷའི་རིགས་མཆོད་པར་བྱེད་པའི་སྔགས་ཚིག་གི་ཆོ་གའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསལ་བྱེད་གཅིག་དང་ལྡན་པ་ནི་ཐབས་མཚོན་པར་བྱེད་པའོ། །གོང་དུ་ གསལ་བྱེད་ཉིད་དང་ལྡན་པར་བྱེད་པ་ནི་ཤེས་རབ་མཚོན་པར་བྱེད་པའོ། །དེ་བཞིན་དུ་ཐུང་ངུ་ཐམས་ཅད་ནི་ཐབས་ཡིན་ལ། རིང་པོ་ཐམས་ཅད་ནི་ཤེས་རབ་ཡིན་ནོ། །དེ་བཞིན་དུ་ཨཱ་ལི་ནི་ཐབས་ཀཱ་ལི་ནི་ཤེས་རབ། ཐིག་ལེ་ནི་ཐབས། ཚེག་དྲག་ནི་ཤེས་རབ། ཅེས་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ་ཡིན་ ལ། གཞན་དུ་ཡང་ཅི་རིགས་པར་སྦྱར་རོ། །རྐང་གཉིས་གཙོ་བོས་དང་པོའི་སངས་རྒྱས་རྒྱུད་ཆེན་གསུངས། གནོད་སྦྱིན་སྡེ་དཔོན་གྱིས་ཀྱང་དེ་ཡི་འགྲེལ་པ་མཛད་པར་གྱུར། །ཐུགས་རྗེ་མངའ་བའི་རྐང་གཉིས་གཙོ་བོས་ལུང་བསྟན་པས། །དེ་རྗེས་འཇམ་པའི་དབྱངས་ཀྱིས་བསྡུས་པའི་རྒྱུད་འདི་བསྟན། །འགྲོ་རྣམས་ ངོ་མཚར་བསྐྱེད་ཕྱིར་སྤྱན་རས་གཟིགས་དབང་གིས། །འཇམ་པའི་དབྱངས་དང་སྒྲོལ་མའི་སྲས་སུ་འགྱུར་ཞེས་བསྒྲགས། །དེས་ཀྱང་སྔོན་གྱི་དམ་བཅས་བཤོལ་བ་མི་མངའ་བས། །བསྡུས་རྒྱུད་མེ་ཏོག་ཕྲེང་འགྲེལ་དྲི་མ་མེད་འདི་མཛད། རབ་འབྱེད་དབང་གི་འགྲེལ་པ་རྡོ་རྗེའི་ཚིག །ལེགས་པར་འབྱེད་བྱེད་ བདག་བརྩམས་དགེ་བ་གང་། །ཆུ་བོའི་རྒྱུན་ལྟར་རབ་འབབ་དགེ་བ་དེས། །ཆོས་འབྱུང་དྲི་མེད་གྲོང་ཁྱེར་མཆོག་ཐོབ་ཤོག །དབང་གི་རབ་ཏུ་བྱེད་པའི་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ། དགེ་སློང་མཁས་པ་ཆེན་པོ་དཱ་རི་ཀ་པས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ པས་བླ་མ་ལས་མཉན་ནས་བསྒྱུར་བ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཙ་ཏུ་ར་ཨཾ་ག་སཱ་དྷ་ནོ་པི་ཀཱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་ཡན་ལག་བཞི་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་ 14-1-72a གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོག་གི་སྙིང་རྗེ་དག་གིས་ནི། །འཁོར་བ་མི་བཟད་སྡུག་བསྔལ་ལས། །གདོན་ཕྱིར་ཡེ་ཤེས་ལམ་ལ་ནི། །སྟོན་པ་ཁྱོད་ནི་ཉིད་ཀྱིས་བཞུགས། །ཁྱོད་ནི་རྒན་ཡང་གཞོན་ནུ་མ། །རྒྱལ་བ་མཐའ་དག་གི་ནི་སྲས། །དང་པོ་སངས་ རྒྱས་ཀྱི་དང་པོ། །བུད་མེད་སྦྱོར་ལ་ཚངས་པར་སྤྱོད། །མཆོག་གི་སྙིང་རྗེ་དག་གིས་ནི། །འཇིག་རྟེན་གཉེན་ནི་གཤིན་རྗེའི་དགྲ། །ཁྱོད་ནི་ཁོ་ནའི་རྡོ་རྗེ་ཉིད། །སྲིད་པ་ཡིས་ནི་འཇིགས་སེལ་བ། །ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །སྲིད་པ་ལས་ནི་རྣམ་གྲོལ་ཁྱོད། །འགྲོ་བ་སྨིན་པའི་དོན་དུ་ནི། །འཇུག་པ་ཡི་ནི་ གཤིན་རྗེ་ཁྱོད། །ཐུབ་པ་ཡིས་ནི་རིགས་འདུད་པ། །བྲམ་ཟེའི་རིགས་ཀྱི་ཉི་མ་བདག །ཞབས་ཀྱི་པདྨ་ལ་བཏུད་པ། །སེམས་ཅན་རྣམས་ནི་གྲོལ་དོན་དུ། །དུས་ཀྱི་འཁོར་ལོ་མཐའ་དག་ནི། །ས་ཡི་སྟེང་དུ་གསལ་བྱེད་པ། །སྙིགས་མ་ཅན་གྱི་རིགས་ནི་ཁྱོད། །ས་ཡི་བདག་པོས་ཕྱག་བྱས་པ། །ཀ་ལཱ་པ་རུ་དཔལ་ གྲགས་པ། །ཁྱོད་ཀྱི་ཞབས་ཀྱི་པདྨ་ལ། །ལག་པའི་ཐལ་མོ་སྦྱར་ནས་སུ། །ཡན་ལག་མཆོག་ལ་བཞག་ནས་སུ། སྤྱི་བོ་ཡིས་ནི་ཕྱག་འཚལ་ནས། །མཐའ་དག་མ་ཚང་མེད་པ་ཡི། སྒྲུབ་པའི་ཐབས་ནི་བཤད་པར་བྱ། །སྐྱེད་མོས་ཚལ་དང་རི་བྲགས་དང་། །རྒྱལ་བ་དམ་པ་ཡི་ནི་གནས། །ཁང་སྟོང་ ལྷ་ཡི་གནས་དང་ནི། །གྲུབ་པའི་གནས་དང་དུར་ཁྲོད་དང་། །མཚོ་ཡི་གནས་དང་གབ་པའི་ས། །གང་དུ་ཡིད་ནི་དགའ་བར་ནི། །དེ་རུ་བསྒྲུབ་པ་བྱ་བ་རུ། །འགྱུར་རོ་མི་ཡི་བདག་པོ་ཀྱེ། །ཟབ་ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མའི་ངེས་པ་ལ་དགའ་ཞིང་། གཏོང་བའི་སེམས་དང་ཡོན་ཏན་ཤེས། །ཐར་པ་འདོད་ ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང་། །དེ་ཉིད་རྙེད་པ་དང་གསང་ཞིང་། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །དཔལ་ལྡན་དུས་འཁོར་དཀྱིལ་འཁོར་དུ། །དབང་བསྐུར་རིམ་པ་བཞིན་ཐོབ་གང་། །འཇམ་པ་ཉིད་ཀྱིས་མལ་ཆ་འམ། །སྟན་བདེ་བ་ལ་འདུག་པར་བྱ། །མཎྜལ་སྐྱང་ནུལ་མཛེས་ བྱས་ནས། རྫས་བཅུར་ལྡན་པའི་མཆོད་པ་བཤམས། །ཕྱག་རྒྱ་བཟང་པོའི་རྗེས་ཕྱེ་བའི། །དག་པ་རྣམ་གསུམ་དྲན་པར་བྱ། །རྡོ་རྗེ་གསུམ་གྱི་ས་ཕྱོགས་སུ། །དང་པོ་ཁོ་ནར་ཆོས་སྐྱོང་བ། །གཏོར་མ་དག་ནི་སྦྱིན་པར་བྱ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ནི། །ཕྱོགས་དང་མཚམས་སུ་སོང་བ་ནི། །བདུད་ 14-1-72b ཀྱི་ཚོགས་རྣམས་ངེས་པར་བསྲེག །དཔལ་གྱི་རྡོ་རྗེའི་ས་ཕྱོགས་ན། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པར་ནི་ངེས་པར་བསྲེག །ཕྱི་ནས་འཁོར་ལོ་རྩིབས་བཅུ་ལ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །ས་ཡི་མཚམས་གྱི་མཐར་ཐུག་པར། །རིང་པོ་རུ་ནི་ མཐོང་གི་བར། །རྡོ་རྗེ་གསུམ་གྱི་ར་བ་གསུམ། །ས་ཡི་འཁོར་བར་སོང་བ་ནི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པར་བརྩེགས་པར་ནི། །དབུས་སུ་འདབ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ནི་གདན་ལ་ནི། །དུས་དང་ལག་པའི་ཁྲུར་གྱུར་པ། །དེ་ཡི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་ ཉིད། །འཁོར་ལོའི་དབུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེ་ཤུགས། །རྣལ་འབྱོར་མ་ཡིས་བསྒོམ་པར་བྱའོ། །དང་པོ་སྙིང་གའི་ཟླ་དབུས་སུ། ཕྱོགས་བཅུ་རུ་ནི་སྣ་ཚོགས་ལ། །དེ་ཁོ་ན་ཡི་འོད་ཟེར་བསྒོམ། །ཁ་ལ་སོགས་པ་དག་བྱས་ཏེ། །སླར་ལ་ཡང་ ནི་ནམ་མཁའ་རུ། །འོད་ཟེར་སྤྲོས་པས་རྒྱལ་བ་དགུག །མཆོད་པ་སྣ་ཚོགས་བྱས་ནས་སུ། །སྲིད་པའི་སྡིག་པ་མང་པོ་ནི། །བསགས་པ་དེ་ནི་བཤགས་པར་བྱ། །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །ལུས་དང་ངག་དག་སེམས་དག་པས། །སྒྲུབ་པ་པོ་ཡིས་བྱ་བ་ཡིན། །རྫོགས་སངས་རྒྱས་དང་བྱང་ཆུབ་ སེམས། །འཕགས་པའི་དགེ་འདུན་གང་མཛད་པའི། །དགེ་བ་རྣམ་པ་མང་པོ་ཡི། མ་ལུས་དེ་ལ་རྗེས་ཡི་རང་། །ཉོན་མོངས་པ་དང་བྲལ་བ་ཡི། །བྱང་ཆུབ་སྤྱོད་པ་རྗེས་སུ་གནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྲིད་པ་ཡི་ནི་འཇིགས་སེལ་བ། །བྱང་ཆུབ་ཐར་པར་སྐྱབས་སུ་མཆིའོ། །རྫོགས་ སངས་རྒྱས་སུ་བདག་གྱུར་ཅིག །ཅེས་པའི་སྨོན་ལམ་འདེབས་པ་ཡི། འདི་ནི་སེམས་ཅན་དོན་གྱི་ཕྱིར། །འགྲོ་བ་མ་ལུས་འདི་དག་ནི། །དངོས་པོའི་ངོ་བོའི་རང་བཞིན་ནོ། །དངོས་དང་བྲལ་བ་སྟོང་པའོ། །དེ་ཕྱིར་སངས་རྒྱས་བྱང་ཆུབ་མེད། །གཞན་ལ་ཕན་པའི་སྙིང་རྗེ་ཡི། །མཚན་མ་མེད་པར་དམ་བཅས་ པའི། །དེ་ལྟར་མཐའ་དག་ཤེས་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ། །དཔག་ཏུ་མེད་པའི་ཡོན་ཏན་ལྡན། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གཙོ། །དང་པོར་འདི་ནི་སྡོམ་བརྩོན་གྱིས། །ཆུ་ཡིས་མེ་ནི་འཇིག་པ་ནི། །ལུས་ཀྱི་དབུས་སུ་བྱ་བ་ཡིན། །ཕྱིས་ནི་ས་ནི་ 14-1-73a ཆུ་རུ་འགྱུར། །ཚ་བཞིན་ཆུ་ཡི་དབུས་སུ་ཞུགས། །རླུང་གིས་ཆུ་ནི་སྐམས་ནས་སུ། །ན་མ་མཁའ་རུ་ནི་མི་སྣང་བར། །མྱུར་དུ་འགྲོའོ་དེ་ནས་ནི། །སེམས་དང་མེ་ནི་མུན་པའི་མཐར། །ཡུལ་དང་རྣམ་པར་བྲལ་བ་ནི། །དབུས་ཀྱི་ས་རུ་གཞག་པར་བྱ། །སྟོང་པ་རླུང་དང་མེ་དང་ཆུ། ས་དང་རྒྱ་ མཚོ་རི་པདྨ། །ཟླ་བ་ཉི་མ་དང་ནི་མེ། །ཁང་པ་བརྩེགས་མ་ཀུན་ནས་ནི། །དྲི་མེད་འོད་ཟེར་འཕྲོ་བ་ཡི། རྡོ་རྗེ་ལས་ནི་སྐྱེས་པའི་གུར། །དེ་ནང་རྡོ་རྗེའི་ས་གཞི་ལ། །སྣ་ཚོགས་ནོར་བུའི་འོད་ལྟ་བུ། །དཀྱིལ་འཁོར་ལ་ནི་རྣམ་འཕྲོ་བ། །ཨོཾ་གྱི་ཡེ་ཤེས་ལས་སྐྱེས་པ། །རྒྱལ་བ་དམ་པའི་པདྨ་ལ། །ཟླ་བ་ཉི་མ་དག་གི་ གདན། །ནང་དུ་བརྒྱད་གཉིས་ཀ་བ་ནི། །རིགས་གཙོ་ཡི་ནི་རང་བཞིན་ཏེ། །རྒྱལ་བའི་ལོངས་སྤྱོད་འཁོར་ལོ་ནི། །རྒྱལ་པོ་རིག་བྱེད་སྒོམ་རྣམས་ལ། །ནོར་བུ་གསེར་གྱི་རང་བཞིན་གྱི། རྟ་བབས་དུར་ཁྲོད་རྣམས་ཀྱིས་བརྒྱན། །ཨ་སོགས་ཀ་སོགས་ཉི་མ་ཟླ། །རིགས་ཀྱི་གཙོ་དང་ལྷན་ཅིག་པ། །མེ་ལོང་ལྟ་བུ་ལ་ སོགས་པའང་། །དྲི་མ་མེད་པའི་འོད་འཕྲོ་བ། །འོད་ཟེར་ལྔ་ནི་འབྱེད་མཛད་པ། །དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །རྡོ་རྗེའི་རྒྱན་དང་ལྡན་པའི་ལུས། །རྒྱལ་བ་ཡི་ནི་ཕྱག་པདྨ། །ཉི་མའི་དཔུང་པ་དུས་ཀྱི་ཞལ། །མགྲིན་གསུམ་ཉི་མ་ཡི་ནི་སྤྱན། །ཞལ་གདངས་མཆེ་བ་གཙིགས་པ་ཡི། །དཔལ་ལྡན་ཨོཾ་ལས་ སྐྱེས་པའོ། །ནོར་གྱི་པདྨའི་འདབ་མ་ལ། །ཟླ་བ་ཉི་མ་མེ་ཡི་སྟེང་། །དྲག་པོ་འདོད་ལྷ་གཉིས་ཀྱི་ནི། །སྙིང་གར་ཤིན་ཏུ་རོལ་བའི་ཞབས། །རྒྱལ་བའི་དབང་པོ་གཡས་བརྐྱང་ཞབས། །མཆོག་གི་ཞབས་ཀྱི་འོག་ཏུ་ནི། །བདུད་ནི་དམར་པོ་གཡས་ཀྱིས་ཏེ། དྲག་པོ་དཀར་པོ་གཡོན་གྱིས་སོ། །མགྲིན་པ་དབུས་དང་ གཡོན་དང་གཡས། །དཔུང་པ་ཉི་མ་ཟླ་བའི་མདོག །དེ་བཞིན་དུ་ནི་བརྒྱད་གསུམ་གྱི། །གཡས་པ་དང་ནི་གཡོན་པ་ཡི། ཕྲག་པ་སྔོ་དང་དམར་པོ་དང་། །རི་བོང་འཛིན་པ་ལྟར་དཀར་བ། །གཡས་དང་གཡོན་དུ་གཉིས་ཀྱི་ཞབས། །དཔུང་པ་རྣམས་ནི་དཀར་མིན་དང་། །ཉི་མའི་མདོག་དང་ཟླ་བའི་མདོག །དེ་བཞིན་ དུ་ནི་བརྒྱད་གསུམ་གྱིས། །མཚོན་ཆ་རྣམས་དང་ལྷན་ཅིག་ཏུ། །ལག་པ་རྣམས་ནི་རིམ་པ་བཞིན། །སོར་མོ་ལ་ནི་ཚིགས་གསུམ་གསུམ། །རི་བོང་ཅན་ལག་པདྨ་ལ། །ཁ་དོག་ལྔ་ནི་འཕྲོ་བའོ། །ནག་པོ་དཀར་པོ་དམར་པོ་ཡི། རབ་མཆོག་ལག་པའི་མཐིལ་དུ་ནི། །མཚོན་ཆའི་ཚོགས་ནི་ཡང་དག་གནས། །རྡོ་རྗེ་ 14-1-73b རལ་གྲི་རྩེ་གསུམ་དང་། །སྲིད་པ་གསུམ་ནི་འཇིགས་པ་ཡི། །གྲི་གུག་དང་ནི་མེ་ཡི་མདའ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ཉིད། །སྒྲ་དང་བཅས་པའི་ཅང་ཏེའུ། །ཐོ་བ་དང་ནི་འཁོར་ལོ་ཉིད། །མདུང་དང་དབྱུག་པ་དགྲ་སྟ་ཉིད། །རྡོ་རྗེ་ཅན་གྱི་གཡས་པ་ཡི། །ཉི་མའི་ཕྱག་གིས་པདྨ་ལའོ། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ག ། ཁ་ནི་རྣམ་པར་ཕྱེ་བ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །གཞུ་དང་ཞགས་པ་རིན་ཆེན་དང་། །པདྨ་དང་ནི་ཆུ་ལ་སྤྱོད། །མེ་ལོང་དང་ནི་ལྕགས་སྒྲོག་དང་། །ཚངས་པ་རིག་བྱེད་གདོང་གིས་ནི། །མགོ་བོ་དང་ནི་པདྨ་ནི། །རྒྱལ་བའི་ཕྱག་ནི་གཡོན་པས་འཛིན། །དམནཔའི་གདོང་དུ་བྱེད་པ་ཡི། ཞབས་ཀྱི་ འོག་ཏུ་མནན་པ་ནི། །བདུད་དང་དྲག་པོ་རང་ལྷ་མོ། །རིག་བྱེད་ཞལ་ཏེ་གསེར་ལྟ་བུ། །ནོར་གྱི་ཕྱག་ནི་པདྨ་ཡིས། །འཁྱུད་པ་སྣ་ཚོགས་ཡུམ་ཡིན་ནོ། །གཡས་ནི་གྲི་གུག་ལྕགས་ཀྱུ་དང་། །འཁྲོལ་བ་ཡི་ནི་ཅང་ཏེའུ། །བགྲང་ཕྲེང་རིམ་པ་བཞིན་དུའོ། །གཡོན་ན་ཉ་བྱིས་ཞགས་པ་དང་། །འདབ་མ་བརྒྱ་པའི་པདྨ་ དང་། །ནོར་བུ་བཟང་པོ་དེ་བཞིན་ཏེ། །གཡོན་བརྐྱང་བ་ལ་ཉི་མའི་སྤྱན། །རྒྱལ་བའི་བདག་པོའི་ཅོད་པན་ཅན། །ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་བོ། །ཕྱོགས་ཀྱི་པདྨར་སངས་རྒྱས་བཞི། །ངེས་པ་ཁོ་ནར་སྤྱན་ནི་དགུ། དེ་ཡི་སྤྱན་དང་དུས་ཀྱི་ཕྱག །མཚམས་སུ་སྒྲོལ་མ་སོགས་ལྷ་མོ། །གཞན་ཡང་སླར་ཡང་འདི་ དག་གི། མཚམས་བརྒྱད་དུ་ནི་བུམ་པ་བརྒྱད། །ནག་པོ་དམར་པོ་སེར་པོ་དང་། །རི་བོང་འཛིན་པ་དཀར་པོ་ནི། །ལྷ་དང་ལྷ་མོ་རྣམས་ཀྱིའོ། །ནག་པོ་དམར་པོ་ཟླ་བ་ནི། །གཞན་ཡང་ཕྱོགས་བྲལ་དུ་སོང་བ། །དམར་པོ་སེར་པོ་ཉི་མའི་སྟེ། །རྩིག་པའི་ཕྱོགས་མཚམས་སོང་བ་ལ། །ནམ་མཁའི་སྙིང་པོ་ལ་སོགས་དང་། ། རེག་བྱའི་རྡོ་རྗེ་མ་ལ་སོགས། །ཤར་གྱི་གཡས་དང་གཡོན་པ་དང་། །ཕྱོགས་གཞན་གྱི་ནི་པདྨ་ལ། །ཀུན་དུ་བཟང་པོ་དེ་བཞིན་དུ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། །སྒྲ་ཡི་རྡོ་རྗེ་ཉིད་དང་ནི། །ཆོས་ཀྱི་དབྱིངས་ནི་རིམ་པ་བཞིན། །ལྐུགས་དང་རེངས་དང་ང་རྒྱལ་ཅན། །རབ་སྟོབས་ཞེས་པ་འདི་དག་ནི། །སྒོ་སྐྱོང་ཤར་ལ་ སོགས་པར་རོ། །རི་བོང་འཛིན་པའི་པདྨ་ལ། །ཤེས་རབ་དང་ནི་ཐབས་བྱུང་བ། །ལྷ་རྣམས་དང་ནི་ལྷ་མོ་རྣམས། །ཕན་ཚུན་དུ་ནི་འཁྱུད་པ་གཉིས། །རང་གི་ལག་པ་ཆུ་སྐྱེས་ནི། །རང་རང་མཚན་མ་རྣམས་དང་ལྡན། །གང་གི་གཡས་སུ་མཚན་མ་གང་། །དང་པོ་ཡི་ནི་ལག་པ་ལ། །དེ་ཕྱིར་ཕྱག་རྒྱ་དང་བྲལ་བའོ། །ཤེས་ 14-1-74a རབ་ཐབས་ཀྱི་འཁོར་ལོ་ཡིས། །མཆོག་ཏུ་བདེ་བ་ཡི་ནི་གནས། །པདྨ་རྡོ་རྗེའི་གདན་ལ་སོགས། །ནག་པོ་རྣམས་ཀྱིས་རལ་གྲི་གུག །གནས་རྣམས་འཇིགས་པར་བྱེད་པ་དང་། །གཡས་ཀྱི་ལག་ན་རྩེ་གསུམ་མོ། །གཡོན་ན་ཕུབ་དང་ཐོད་པ་དང་། །ཁ་ཊྭཱཾ་ག་ནི་དཀར་པོ་ནི། །ལག་པའི་མཐིལ་ན་ ཡོད་གྱུར་ཏེ། །དམར་པོ་རྣམས་ཀྱི་དེ་བཞིན་དུ། །མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་། །སྒྲ་དང་བཅས་པའི་ཅང་ཏེའུ། །གཡས་ཀྱི་ཕྱག་ན་རིམ་པ་བཞིན། །གཡོན་ནི་གཞུ་དང་ཞགས་པ་དང་། །ནོར་བུ་དྲི་མ་མེད་འཕྲོ་བ། །སེར་པོ་རྣམས་ཀྱི་འཁོར་ལོ་དབྱུག །འཇིགས་པར་བྱེད་པའི་རྡོ་རྗེ་ནི། །གཡས་ཀྱི་ལག་པར་ རིམ་པ་བཞིན། །གཡོན་ན་དཔལ་ལྡན་ལུ་གུ་རྒྱུད། །དྲིལ་བུའི་སྒྲ་དང་བཅས་པར་འགྱུར། །རི་བོང་འཛིན་པ་དཀར་རྣམས་ཀྱི། །གཡས་ན་དཔལ་གྱི་ཐོ་བ་དང་། །མདུང་དང་རྩེ་གསུམ་པ་ནི་ཉིད། །གཡོན་ན་པདྨ་དཀར་པོ་ཉིད། །འདབ་མ་བརྒྱད་དང་བཅས་པ་དང་། །མེ་ལོང་དང་ནི་བགྲང་ཕྲེང་ངོ་། །ལྗང་ཁུ་ རྣམས་ཀྱི་གཡས་པ་ལ། །རྡོ་རྗེ་གྲི་གུག་དགྲ་སྟ་ནི། །རིམ་པ་བཞིན་དུ་འགྱུར་བ་ཡིན། །གཡོན་ན་དྲིལ་བུ་ཐོད་པ་དང་། །ཡོན་ཏན་མཐའ་དག་གི་ནི་གཏེར། །ཨུཏྤ་ལ་ནི་དེ་བཞིན་ཉིད། །སོ་སོའི་ཡོན་ཏན་དབང་གིས་ན། །སྔོན་པོ་རྣམས་ཀྱིས་རིག་པར་བྱ། །ལྷ་མོ་རྣམས་ནི་དེ་བཞིན་དུ། །ནག་པོ་དམར་པོ་དཀར་པོ་ དང་། །གསེར་ནི་ཞུན་མ་འདྲ་བ་དང་། །ཤར་གྱི་ལྷ་སོགས་ལྷ་མོའོ། །དེ་ལྟར་རྡོ་རྗེ་ཅན་གྱི་ཡང་། །སྲིད་པ་གསུམ་ནི་མ་ལུས་པ། །དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །ཕྱི་དང་ལུས་དང་གཞན་ལ་ནི། །སྤྲོས་པའི་རང་བཞིན་མེད་པ་ནི། །དངོས་པོའི་སྐྱེ་བ་ཡང་དག་གནས། །དེ་ལ་རྟག་པར་མཁའ་རྡོ་རྗེ། ། སྲིད་པ་རྣམ་པ་གསུམ་སོང་བ། །མི་རྟག་པར་ནི་འགྲོ་བའོ། །འབྱུང་པོའི་ཚོགས་ནི་རྟག་པ་མིན། །མིག་འཕྲུལ་དག་ནི་ཇི་བཞིན་ནོ། །རྟག་དང་མི་རྟག་པར་བལྟ་བ། །དེ་ཡང་བེམས་པོའི་བློ་ཅན་གྱི། །སེམས་དག་པ་ཡི་དོན་གྱི་ཕྱིར། །སྒྲུབ་ཐབས་ཉིད་ནི་བརྗོད་པར་བྱའོ། །ཁ་ལས་སྙིང་དུ་སོང་བ་ཡི། བསྒྲུབ་པར་ ནུས་པ་ཉིད་མ་ཡིན། །རྡོ་རྗེ་ཅན་གྱི་སྒྲུབ་པའི་ཐབས། །སྒྲུབ་པོས་བསྒྲུབ་པར་བྱ་བ་གང་། །མ་ལུས་པ་ནི་འཁྲུལ་བའོ། །དེ་ཕྱིར་རྒྱལ་པོ་རང་གི་སེམས། །ཉོན་མོངས་པ་དང་བྲལ་བ་ནི། །དཀྱིལ་འཁོར་ཉིད་དུ་བསྒྲུབ་པར་བྱ། །ཧོ་ཡིག་ཐོག་མ་ཐ་མའི་དབུས། །ཡང་དག་བདེ་བའི་འབྲས་སྟེར་བ། །སྐུ་གསུང་ཐུགས་ 14-1-74b ཀྱི་རྡོ་རྗེ་ནི། །ཤེས་རབ་ཆགས་པས་དེ་ཞུ་བ། །རི་བོང་ཅན་ཉིད་ལྟ་བུ་རུ། །རྡོ་རྗེ་ཅན་ཡང་ཞུ་མཐོང་ནས། །ལྷ་མོ་རྣམས་ནི་གླུ་ལེན་བྱེད། །བཅོམ་ལྡན་འདས་ནི་རྡོ་རྗེ་ཅན། །སུམ་ཅུ་པ་དང་མིའི་བླ་མ། །སེམས་ཅན་ཀུན་ལ་བདེ་མཛད་པ། །ཁྱོད་ཀྱིས་འདོད་པའི་དོན་གཉེར་བ། །བདག་ཅག་རྣམས་ནི་བསྲུང་བར་མཛད། ། གླུ་དེ་རྡོ་རྗེ་ཅན་སོན་ནས། །སྲིད་པ་གསུམ་ནི་མ་ལུས་པ། །མིག་འཕྲུལ་ལྟ་བུ་ཉིད་དུ་ནི། །གཟིགས་ནས་བསྐྱེད་པ་རུ་མཛད་དེ། །འོད་ཟེར་དྲི་མ་མེད་པ་འཕྲོ། །མཚན་མ་བཅས་པ་སྤྲོ་བར་མཛད། །རྡོ་རྗེ་ཅན་ནི་རྒྱན་དང་ལྡན། །རྒྱལ་བའི་བདག་པོའི་ཅོད་པན་ཅན། །ཤེས་རབ་ཀྱིས་ནི་འཁྱུད་པ་ཉིད། །རྒྱལ་པོ་ཤེས་རབ་ ཐབས་ཀྱིས་ཏེ། །སླར་ལ་ཡང་ནི་དཀྱིལ་འཁོར་བ། །མ་ལུས་པ་རྣམས་འབྱུང་བར་བྱ། །སྔོན་པོའི་འོད་འཕྲོ་འཇིགས་པའི་གཟུགས། །རབ་ཏུ་བཞད་པ་ཡི་ནི་ཞལ། །ཟླ་བ་ཕྱེད་པའི་མཆེ་གཙིགས་པ། །སྒྲ་ནི་སྒྲོགས་པ་མེ་ཡི་སྤྱན། །གཉིས་ལྷག་པ་ཡི་རྒྱལ་བའི་ཕྱག །རིག་བྱེད་རྒྱལ་ལ་ཞབས་གཉིས་པ། ། ཤེས་རབ་ཐབས་ཀྱི་ཡན་ལག་ཅན། །མཚོན་ཆ་རྣམས་ཀྱིས་ཡང་དག་མཚན། །རྡོ་རྗེ་ཤུགས་ཀྱིས་གཞུག་པར་བྱ། །རྐང་པ་བརྒྱད་པའི་ཤིང་རྟ་ནས། །རྒྱལ་བའི་དགྲ་ནི་འཇིགས་བྱེད་དེ། །ཡེ་ཤེས་འཁོར་ལོའི་རྒྱུ་རུའོ། །མདུན་དུ་ཡེ་ཤེས་དེ་མཐོང་ནས། །རྣམ་པ་བཅུ་ཡི་མཆོད་པ་དང་། །སྔགས་རྣམས་ཀུན་དང་ བསྟོད་པ་བྱ། །ལྟེ་བར་ལྕགས་ཀྱུ་ཡིས་བཏབ་ནས། །དྲི་མེད་པ་ཡི་འོད་འཕྲོ་བ། །ཡེ་ཤེས་འཁོར་ལོའི་དབང་ཕྱུག་ཉིད། །རིགས་གཙོ་ཞེས་པའི་གདོང་ཅན་གྱི། །ཞགས་པ་དེ་ཉིད་རབ་ཏུ་བཅིང་། །མཚོན་ཆ་རྣམས་ཀྱིས་འཇིགས་བྱས་ཏེ། །མ་ལུས་པ་ནི་བསྒྲུབས་བྱས་ནས། །སླར་ལ་ཡང་ནི་ལོ་གནས་ནི། ། རང་གི་འཁོར་ལོ་བསྐོར་བྱས་ཏེ། །གཞུག་དང་བཅིང་དང་དགྱེས་པ་དང་། །རོ་དག་མཉམ་པར་བྱེད་པ་ནི། །འགུགས་བྱེད་ལ་སོགས་པ་ཡིས་སོ། །སེམས་ཉིད་རྣལ་འབྱོར་བསྐྱེད་པ་ནི། །ནང་གི་པདྨའི་ཉི་སྟེངས་སུ། །ནམ་མཁའ་དང་ནི་བཅས་པའོ། །ཤར་དུ་འདུ་བྱེད་དང་ནི་ས། །ལྷོ་རུ་ཚོར་བ་དང་ནི་ཆུ། བྱང་དུ་འདུ་ ཤེས་མེ་རུ་འགྱུར། །ནུབ་ཏུ་གཟུགས་ནི་གཞན་ཉིད་དོ། །མེ་རུ་རླུང་དང་གཟུགས་སུ་འགྱུར། །བདེན་བྲལ་མེ་དང་འདུ་ཤེས་གཉིས། །དབང་ལྡན་ཆུ་དང་ཚོར་བ་གཉིས། །རླུང་དུ་ས་དང་འདུ་བྱེད་ལྡན། །སངས་རྒྱས་ལྷ་མོའི་བར་སྟོང་ལ། །མཚན་གྱི་ཕྱོགས་སུ་བདུད་རྩིའོ། །རོ་ཡིས་བཀང་བའི་བུམ་པ་བརྒྱད། ། 14-1-75a ཡང་ནི་རིམ་པ་གཞན་མ་ཡིན། །སྟེང་དུ་སྣ་དང་དྲིར་འགྱུར་ཏེ། །ལྷོ་རུ་མིག་དང་གཟུགས་དགོད་དོ། །གཡོན་དུ་ལྕེ་དང་རོར་འགྱུར་ཞིང་། །ནུབ་ཏུ་ལུས་དང་རེག་བྱ་ནི། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ལྷོ་ཡི་སྒོ་ཡི་གཡོན་དུ་སྟེ། །འོག་ཏུ་རྣ་བ་དང་ནི་སྒྲར། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། ། ཤར་གྱི་སྒོ་ཡི་བྱང་དུ་སྟེ། ནམ་མཁའ་རུ་ནི་ཡིད་གཉིས་དང་། །ཆོས་ཀྱི་ཁམས་སུ་འགྱུར་བ་ཡིན། །དང་པོ་ཐབས་ནི་རྣམ་པ་དྲུག །དཀྱིལ་འཁོར་གྱི་ནི་ལྷག་པའི་ལྷ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །ཕྱི་ནས་ཤེས་རབ་ལ་སོགས་དྲུག །རང་རང་པདྨའི་གདན་ལ་ནི། གསལ་བ་ཉིད་དུ་འགྱུར་བ་ཡིན། །ཤར་ གྱི་སྒོ་རུ་སྟོབས་པོ་ཆེ། །རབ་གཏུམ་རལ་གྲི་འཛིན་པའོ། །དེ་ཡི་ཤེས་རབ་རེངས་བྱེད་མ། །ལྷོ་རུ་ལྐུགས་བྱེད་ང་རྒྱལ་མར། །གྱུར་ཏེ་ནོར་སྦྱིན་གྱི་ཕྱོགས་སུ། །ང་རྒྱལ་བྱེད་མ་རྨུགས་མའོ། །རེངས་བྱེད་བརྩོན་འགྲུས་དཔག་མེད་པ། །ཆུ་ལྷ་རུ་ནི་གནས་གྱུར་པ། །སྒོ་ཡི་དབུས་ན་པདྨར་གནས། །ལྷ་རྣམས་འདི་དག་ གཡོན་བརྐྱང་སྟེ། །རྡོ་རྗེ་ཅན་གྱི་ཨ་ཐུང་དུ། །རལ་གྲི་ཅན་གྱི་ཨེ་ཐུང་ངུ་། རིན་ཆེན་ཕྱག་རྒྱ་རྀ་ཉིད་འགྱུར། །འོད་དཔག་མེད་པ་ཨུ་ཐུང་ངུ་། །འགྱུར་ཏེ་སླར་ཡང་ལྀ་ཡིག་ནི། །འདི་ནི་རྣམ་པར་སྣང་མཛད་ཀྱི། །རིང་པོའི་དངོས་པོའི་དབྱེ་བ་ཡིས། དབྱངས་ཀྱི་ཚོགས་ནི་མ་ལུས་པ། །རིགས་དྲུག་རྣམས་ཀྱི་ རིམ་པས་སོ། །དཔལ་ཡུམ་གྱི་ནི་མི་ཤིགས་བརྗོད། །ཨ་ལས་སྐྱེས་པ་ནམ་མཁའི་ཁམས། །ཨཱི་ལཱྀ་ཨཱུ་ལཱྀ་རིམ་པ་ལས། །རླུང་དང་མེ་དང་ཆུ་དང་ས། །ཐམས་ཅད་འབྱུང་བ་རུ་ནི་འགྱུར། །རྒྱལ་བ་དམ་པའི་བདག་པོ་དང་། །སྣ་ཚོགས་ཡུམ་གྱི་བདེ་དོན་དུ། །ལུས་ཀྱི་དངོས་པོ་ལན་ཚུན་དུ། མི་བསྐྱོད་པ་ནི་སྟོང་ བའི་ཁམས། །ཕྱག་གི་པདྨ་རལ་གྲི་ཅན། །སྤྱན་མ་རྣམས་ཀྱི་དངོས་པོའོ། །རིན་ཆེན་བདག་མོ་མཱ་མ་ཀཱི། །གཞན་ཡང་པདྨ་འཛིན་པ་དང་། །གོས་དཀར་མོ་ནི་ལུས་ཀྱི་དངོས། །དེ་བཞིན་འཁོར་ལོ་ཅན་སྒྲོལ་མ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཐུང་དང་རིང་བའི་དབྱངས་རྣམས་ཀྱིས། །ཨཾ་ནི་ཀུན་དུ་བཟང་ པོ་ལ། །གྱུར་ཏེ་ལུས་ཀྱི་དབང་གིས་ན། །ཕྱག་ན་རྡོ་རྗེ་ཡི་ནི་ཨ། །ནམ་མཁའི་སྙིང་པོ་ཨེ་ཐུང་ངུ་། །གྱུར་ཏེ་གཞན་ཡང་དེ་བཞིན་དུ། །ས་ཡི་སྙིང་པོར་ཨར་རོ་སྟེ། །ཨོཾ་ནི་འཇིག་རྟེན་མགོན་པོ་སྟེ། །དེ་བཞིན་ཨལ་དུ་གྱུར་པ་སྟེ། །དེ་ནི་སྒྲིབ་པ་རྣམ་སེལ་ལུས། །ཨ་ནི་ཆོས་ཀྱི་དབྱིངས་ཉིད་དུ། །དེ་བཞིན་དུ་ནི་ངེས་པར་འགྱུར། །ཨ་ 14-1-75b ལས་སྐྱེས་པ་སྒྲ་རྡོ་རྗེ། །ཨེ་ལས་སྐྱེས་པ་རེག་རྡོ་རྗེ། །རོ་ཡི་རིགས་ཀྱི་གཙོ་བོ་ཉིད། །ཨ་ལས་སྐྱེས་པས་ལུས་དབྱེ་བས། །ཨོ་ལས་སྐྱེས་པ་གཟུགས་རྡོ་རྗེ། །གྱུར་ཏེ་དེ་བཞིན་མི་བདག་པོ། །ཨ་ལས་སྐྱེས་པ་དྲི་རྡོ་རྗེ། །དཔལ་གྱི་བཟང་མོ་ཆོས་ཀྱི་དབྱིངས། །སྒྲ་ཡི་རིགས་ཀྱི་གཙོ་མོ་དང་། །ཕྱག་ན་རྡོ་རྗེ་ཡི་ནི་ གཟུགས། ནམ་མཁའི་སྙིང་པོ་དྲི་རྡོ་རྗེ། །རོ་ཡི་མཆོག་གི་རིགས་གཙོ་དང་། །འཇིག་རྟེན་མགོན་པོ་ཡང་ནི་ཟུང་། །ས་ཡི་སྙིང་པོ་གཟུགས་རྡོ་རྗེ། །རེག་བྱ་སྒྲིབ་པ་རྣམ་སེལ་དག །ཟུང་དུ་ཡང་ནི་འགྱུར་བའོ། །དེ་ལྟར་རིགས་ནི་དྲུག་པོ་དག །རིགས་རྣམས་ཡོན་ཏན་དབང་གིས་ནི། །ཡང་དག་པར་ནི་རིག་ པར་བྱ། །ཡ་ལ་ཐུང་གི་རིམ་པ་ཡིས། །སྟོབས་དང་གནོད་མཛེས་མ་ནི་ཐུང་། །གསལ་བ་ཉིད་དུ་འགྱུར་བ་ཡིན། །ར་ཝ་ལྐུགས་དང་ང་རྒྱལ་མ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །ཝ་དང་ར་ནི་འདི་ཉིད་ལས། །ང་རྒྱལ་བྱེད་པ་ལྐུགས་བྱེད་མ། །ལཾ་ཡང་གནོད་མཛེས་བརྩོན་འགྲུས་མ། །རིགས་ཀྱི་ དབང་གིས་འགྱུར་བ་ཡིན། །ཤེས་རབ་ཐབས་ནི་ཡན་ལག་དངོས། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །གང་ཞིག་གང་ལ་ཁས་ཕྱོགས་པའི། །རྡོ་རྗེ་འཆང་དཔལ་ཀུན་དུ་བཟང་། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །མི་བསྐྱོད་ཕྱག་ན་རྡོ་རྗེ་དང་། །དོན་ཡོད་གྲུབ་པ་མཁའ་སྙིང་པོ། །དྲི་མེད་ནོར་བུ་ བྱེད་པ་དང་། །ཡང་དག་པར་ན་ས་སྙིང་པོ། །འཁོར་ལོའི་ཕྱག་དང་སྒྲིབ་སེལ་བ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །འོད་དཔག་མེད་དང་འཇིག་རྟེན་མགོན། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །དཔལ་གྱི་ཡུམ་དང་ཆོས་ཀྱི་དབྱིངས། །རྡོ་རྗེ་དབྱིངས་དང་སྒྲ་རྡོ་རྗེ། །རིགས་ཀྱི་དབང་གིས་འགྱུར་བ་ ཡིན། །དཔལ་གྱི་སྒྲོལ་མ་རེག་རྡོ་རྗེ། །གོས་དཀར་མོ་ཡི་རིགས་དབྱེ་བས། །རོ་ཡི་རྡོ་རྗེ་མ་ཉིད་དོ། །མཱ་མ་ཀཱི་དང་གཟུགས་རྡོ་རྗེ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །སྤྱན་མ་དྲི་ཡི་རྡོ་རྗེ་མ། །སླར་ལ་ཡང་ནི་སྟོབས་པོ་ཆེ། །དོན་ཡོད་གྲུབ་པའི་རིགས་ལས་བྱུང་། །རིན་ཆེན་ཕྱག་ལས་ལྐུགས་པ་ཉིད། །རིགས་ ཀྱི་དབང་གིས་འགྱུར་བ་ཡིན། །འོད་དཔག་མེད་དང་རློམ་བྱེད་མ། །རེངས་པ་ཉིད་དང་རྣམ་སྣང་མཛད། །རླུང་དང་མེ་དང་ཆུ་ས་ལས། །བརྩོན་འགྲུས་ལག་མེད་ལྐུགས་མ་དང་། །ང་རྒྱལ་ཅན་མ་རིམ་པ་བཞིན། །ངེས་པ་ཁོ་ནར་གསལ་བ་ནི། །གནོད་མ་རུ་ནི་རབ་ཏུ་གྲགས། །དཀྱིལ་འཁོར་གྱི་ནི་ནང་དབུས་སུ། །སྟོན་པ་ 14-1-76a ལྷ་མོ་སོགས་བུམ་པ། །ལྷན་ཅིག་རྒྱལ་བ་ཡི་ནི་སྐུ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ། སྒྲ་རྡོར་ལ་སོགས་བྱང་ཆུབ་སེམས། །ལོངས་སྤྱོད་རྫོགས་པ་ཡི་ནི་སྐུ། །ཁྲོ་བོ་རྣམས་ནི་སྤྲུལ་པའི་སྐུ། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །ཐུགས་ཀྱི་དཀྱིལ་འཁོར་གནས་པ་ཡི། །སེམས་ཅན་ ཀུན་གྱི་དོན་བྱེད་པ། །སྐུ་ཡི་རྡོ་རྗེ་ཟུང་དུ་འགྱུར། །རྒྱལ་བའི་སྐུ་དང་ལྷན་ཅིག་ཏུ། །སྐུ་རྫོགས་པ་ཡི་རྒྱུ་རུའོ། །གསུང་གི་རྡོ་རྗེ་ཆོས་ཀྱི་སྐུ། །ཟུང་དུ་ཡང་ནི་འགྱུར་བ་ཡིན། །ཆོས་རྣམས་སྟོན་པར་བྱེད་པ་ཡི། །སེམས་དང་ལོངས་སྤྱོད་རྫོགས་པ་ཡི། ཟུང་དུ་ཡང་ནི་འགྱུར་བ་ཡིན། །སེམས་ཅན་ཀུན་གྱི་དོན་བྱེད་ པའོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐྲུ། །སྲོག་ཆགས་རྣམས་ལ་ཐར་པ་སྟེར། །ཟུང་དུ་ཡང་ནི་འགྱུར་བ་ཡིན། །ཤེས་རབ་ཐབས་ཀྱི་ཡན་ལག་དངོས། །མཐུན་དང་མི་མཐུན་པ་ཡི་རིགས། །ཉི་ཟླ་ཨ་ཀ་ལ་སོགས་པ། །སྲིད་པ་རྣམ་པ་གསུམ་སོང་བ། །ཡེ་ཤེས་རྣམ་ཤེས་དབྱེ་བ་ནི། །རྣལ་འབྱོར་པ་ཡིས་རིག་ པར་བྱ། །རྡོ་རྗེ་གསུམ་པོ་སྭཱ་ཧཱར་ལྡན། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་སྤྱི་བོ་རུ། །འདི་རྣམས་ཀྱིས་ནི་ལུས་བྱིན་བརླབ། །མཆོག་གི་རྒྱལ་པའི་བདག་པོ་ནི། །ལྷ་མོ་རྣམས་ཀྱིས་བཀྲུ་བར་བྱ། །རྡོ་རྗེ་ཕན་ཚུན་རྡོ་རྗེ་ཉིད། །ཅོད་པན་དུ་ནི་འགྱུར་བ་ཡིན། །རེས་འགའ་སངས་རྒྱས་ལྔ་ཡིས་ནི། །གཟུགས་ ཀྱི་སྟེང་དུ་མི་བསྐྱོད་པ། །གཡས་པ་རུ་ནི་པད་མཚན་གྱི། །རྣམ་པར་སྣང་མཛད་ཉིད་དུ་འགྱུར། །རིན་ཆེན་ལྕེ་ཡི་པདྨ་འཛིན། །རབ་མཆོག་ནོར་བུ་བྱེད་པ་ནི། །དོན་ཡོད་གྲུབ་པའི་དབུ་རྒྱན་ནོ། །དྲུག་གི་ཅོད་པན་རལ་པ་མཛོད། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །ལྷག་མ་འཁོར་ལོ་གཞན་དག་གོ། ། སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས། །རིགས་གསུམ་གྱིས་ནི་དམ་ཚིག་དང་། །ཡེ་ཤེས་མཆོད་པ་རྗེས་ཆགས་དང་། །གསུམ་ལ་སྐྱབས་སུ་འགྲོ་བ་ཡི། དེ་ཡི་རང་བཞིན་བདག་ཉིད་ནི། །སྒྲུབ་པ་པོ་ཡིས་མཆོད་པར་བྱ། །དུ་བ་ལ་སོགས་བུམ་པ་རྣམས། །སྙིང་ག་ཆོས་ཀྱི་འཁོར་ལོ་ཡི། རྩ་བརྒྱད་ རྣམས་ཀྱིས་དག་པ་ཡིན། །རིག་མ་རྣམས་དང་སངས་རྒྱས་རྣམས། །སྤྱི་བོ་ཡི་ནི་ལྷན་ཅིག་སྐྱེས། །རྩིབས་ནི་བཅུ་དྲུག་པ་རུ་གྲགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། མི་ཡི་བདག་པོ་ཉེས་འགྱུར་ནི། །བྱང་ཆུབ་སེམས་སོགས་དག་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །ནོར་བུ་གདེངས་ 14-1-76b ཅན་གྱིས་བསྒྲེས་པའི། །འཇིགས་པ་ལ་སོགས་དག་ཏུའོ། །ལག་པ་རྐང་པ་དག་གི་ཚིགས། །སྟོང་པ་དྲུག་དང་མེ་ཡི་གྲངས། །ལས་ཀྱི་འཁོར་ལོའི་ལྷ་རྣམས་དག །ཀླུ་དང་གཏུམ་མོའི་བཅུ་དྲུག་རྣམས། །སོར་མོ་རྣམས་ཀྱི་ཚིགས་ཀྱི་མཚམས། ཁྱ་བའི་འཁོར་ལོ་དག་པར་འགྱུར། །རྡོ་རྗེ་ ཅན་དཔལ་དུས་དག་པར། །མི་ཡི་བདག་པོར་འགྱུར་བ་ནི། །ལོ་དང་ཟླ་སོགས་དབྱེ་བས་སོ། །སེམས་ནི་སྣང་བ་སྣང་བ་མེད། །ཉི་མ་སོ་སོའི་དབང་གིས་ནི། །སྣ་ཚོགས་ཡུལ་ནི་རྣམ་དག་པ། །དུ་བ་ལ་སོགས་རླུང་དག་པ། །རང་གི་སྙིང་གའི་པདྨ་ནི། །རྩ་ཡི་འཁོར་ལོར་གནས་པའོ། །དྲག་པོ་ཆུང་མ་ བཅས་མནན་པ། །ཉོན་མོངས་པ་ཡི་བདུད་བཅོམ་མོ། །ཁྱབ་བདག་ཞབས་ཀྱི་མཐིལ་གྱིས་ནི། །བདུད་མནན་བདུད་ཚོགས་བཅོམ་པའོ། །དུང་དང་གཎྜཱི་ནོར་བུ་དང་། །ལྗོན་ཤིང་ཞེས་པ་དེ་བཞིན་དུ། །སྐུ་ཡི་རྡོ་རྗེ་ལ་སོགས་བཞིན། །བུམ་བརྒྱད་ལུས་ནི་བདུད་རྩི་བརྒྱད། །རྒྱལ་བ་རྣམ་པར་རྒྱལ་ བུམ་པ། །བྱང་ཆུབ་སེམས་དང་རྡུལ་བསྟན་པའོ། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང་། །འདུ་ཤེས་འོད་དཔག་མེད་པའོ། །གཟུགས་ནི་རྣམ་པར་སྣང་མཛད་དེ། །ཁུ་བ་རྐང་དང་ཁྲག་དང་ནི། །དྲི་ཆུ་དྲི་ཆེན་རྣམ་དག་པའི། །ཁམས་དྲུག་རྣམ་དག་ལྷ་མོ་དྲུག །ཡུལ་ དང་ཡུལ་ཅན་རྣམ་དག་པ། །བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་པོ་ལྔ་ནི་སྟོབས་ལྔ་ཉིད། །གཞན་ནི་དབང་པོ་ལྔ་ཡིན་ནོ། །རྒན་བྱད་ལ་སོགས་བརྒྱད་དང་འཁོར། །པདྨའི་འདབ་མར་སོང་བ་རྣམས། །ཉི་དུས་ཆུ་ཚོད་རྣམ་དག་པའོ། །བདེན་བྲལ་ལ་སོགས་ཟླ་བཅུ་གཉིས། །པདྨའི་འདབ་མར་ སོང་བ་རྣམས། །ཆུ་ཚོད་ཀྱི་ནི་དབུགས་གྲངས་ཚད། །ཀླུ་དང་གཏུམ་མོ་རྣམས་གསང་བ། །མི་ཡི་བདག་པོ་ཉིས་འགྱུར་རོ། །རྩ་རྣམས་ཀྱི་ནི་དག་པའོ། །དེ་བཞིན་སྤྱན་མ་ལ་སོགས་པ། །རང་བཞིན་ཡོན་ཏན་དབང་གིས་ནི། །ལུས་ཀྱི་བྱ་བ་དག་པའོ། །སྐྲ་རྣམས་གྲུབ་པ་མ་ལུས་པ། །བ་སྤུ་རྣམས་ ནི་འབྱུང་བའི་ཚོགས། །ས་ཡི་སྟེང་ན་གནས་རྣམས་སོ། །དེ་ཉིད་རྣམས་ནི་གཙོ་མཚོན་ཆ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཁམས་རྣམས་དག་པའི་ཕྱག་རྒྱའོ། །རྡོ་རྗེ་རྣམས་ནི་ནང་ཕྱག་རྒྱ། །གཙོ་བོ་ཡི་ནི་སྙིང་དུ་ནི། །ཟླ་སྟེང་ཡང་དག་གནས་པའོ། །རྡོ་རྗེ་ཅན་དཔལ་སྣ་ཚོགས་ཡུམ། །སྲིད་ 14-1-77a པ་རྣམ་པ་གསུམ་སོང་བ། །དུས་གསུམ་ཡེ་ཤེས་སྦྱར་བས་སོ། །དཔལ་དག་པ་ལས་ཆོས་ཀྱི་སྐུ། །ཆོས་ལས་ལོངས་སྤྱོད་རྫོགས་སྐུར་འགྱུར། །ལོངས་སྤྱོད་རྫོགས་ལས་སྤྲུལ་པའི་སྐུར། །གྱུར་ཏེ་རྒྱལ་བའི་བདག་པོར་ནི། །སེམས་ཅན་གྱི་ནི་དོན་གྱི་ཕྱིར། །བཞི་པ་གནས་ ན་ཉལ་བ་དང་། །སླར་ལ་ཡང་ནི་གཞན་མ་གཉིས། །ལུས་ཀྱི་དབྱེ་བས་སད་པའོ། །དེ་ལྟར་ལུས་ཀྱི་དབྱེ་བ་ཡིས། །སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད། །རྣམ་པ་བཞི་ནི་གནས་པ་ཡིན། །སྤྲུལ་པ་ལོངས་སྤྱོད་རྣམས་ལ་ཡིད། །ལུས་དང་དབང་གི་རྗེས་བྱེད་པའོ། །ལོངས་སྤྱོད་རྫོགས་པའི་སེམས་ ལྟ་བ། །རིགས་ཀྱི་དབང་གིས་གྱུར་པ་ཡིན། །ཆོས་ཀྱི་སྐུ་ཡི་གཉིད་ལོག་པ། །དག་པའི་བདེ་བར་གྱུར་པ་སྟེ། །འདི་ནི་ཉིན་དང་མཚན་དག་གིས། །ཐིག་ལེ་གསུམ་གྱི་གྲོལ་བའི་མཐར། །དེ་ཡིས་ཕྱིར་ནི་མི་འཛག་དོན། །ཉིན་དང་མཚན་གྱི་དུས་སུ་ནི། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །གཡོན་ དུ་སྲོག་ནི་རྒྱས་འགྱུར་ཞིང་། །དེ་བཞིན་གཡས་སུ་རྡུལ་བ་དང་། །དེ་ནི་གཡོན་བརྐྱང་གནས་པའོ། །གཏུམ་མོ་ལྟེ་བའི་འཁོར་ལོའོ། །དགུ་པ་ལག་འགྲོ་ཡིས་བསྣུན་པ། །རྒན་བྱད་ལ་སོགས་པ་ཡི་ལྷ། །སྙིང་པོ་ཧ་ཡི་ཡེ་ཤེས་ནི། །སྐད་ཅིག་མ་རུ་སྣང་བ་སྟེ། །ཡེ་ཤེས་གཟི་བརྗིད་སད་པའོ། ། ལྟེ་བ་ལ་ནི་རྣམ་སྣང་སོགས། །བསྲེག་ཅིང་སྤྱན་མ་མིག་ལ་སོགས། །ཐམས་ཅད་བསྲེགས་ནས་སྤྱི་བོར་གང་། །ཟླ་བ་བཟང་ལས་འཛག་པ་ནི། །ཐིག་ལེ་དེ་ནི་རྡོ་རྗེ་ཅན། །ཤེས་རབ་ཆོས་འབྱུང་ལ་གནས་པ། །སླར་ཡང་ཐིག་ལེ་ཉིད་ལས་ནི། །མ་ལུས་པར་ནི་སྤྲོས་པ་དག །སྣ་ཚོགས་པ་ཡི་རྒྱན་ དང་ལྡན། །མེ་ལོང་ནང་སོང་ལྟ་བུའོ། །ཡེ་ཤེས་འཁོར་ལོ་རབ་འབྱུང་བ། །འདོད་པའི་གཟུགས་དང་གཟུགས་མེད་པར། །སྲིད་པ་རྣམ་པ་གསུམ་ཞེ་ན། །རིམ་པ་ཡིས་ནི་སྦྱངས་ནས་སུ། །ཕྱི་ནང་ཡེ་ཤེས་མཆོད་པ་ནི། །སྲིད་པ་གསུམ་ནི་མ་ལུས་པ། །སྐད་ཅིག་གཅིག་གིས་དགུག་པར་བྱ། །ཟླ་ ཉི་ཨ་དང་ཀ་ལ་སོགས། །རྣམ་པ་གསུམ་དུ་འགྲོ་འོང་བ། །སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །སོ་སོར་སྡུད་པ་ལ་སོགས་དྲུག །གསེར་ནི་བཙོ་མའི་འདབ་མ་ལ། །སྐུ་དང་གསུང་ཐུགས་སྦྱོར་བ་ཡིས། །རྡོ་རྗེ་པདྨ་དགའ་ལ་སོགས། །རོ་ནི་མཉམ་པར་འགྱུར་བ་ཡི། རྡོ་རྗེ་གསུམ་ནི་བསྒོམ་པར་བྱ། ། 14-1-77b ཤེས་རབ་པདྨར་སེམས་ཐིག་ལེ། ལྷན་ཅིག་སྐྱེས་ལ་བདེ་དབང་གིས། །མི་ཤིགས་པར་ནི་བསྒོམ་པར་འགྱུར། །བསྙེན་པ་བདུད་རྩི་ལྔ་ལ་སོགས། །རིགས་ཀྱི་གཙོ་མོ་བཞི་ཡི་ནི། །སྔགས་ཀྱི་བཟླས་པ་ལ་སོགས་པ། །སོ་སོར་སྡུད་པ་ལ་སོགས་འགྱུར། །རྡོ་རྗེ་པདྨ་ལས་སྐྱེས་པའི། །བདུད་རྩི་ ཉེ་བར་བསྐུལ་བའོ། །དགའ་བ་ལ་སོགས་རྡོ་རྗེ་གསུམ། །པདྨ་རོ་ནི་མཉམ་སོང་བ། །བསྒོམ་པ་བསྒྲུབ་པར་འགྱུར་བའོ། །ཤེས་རབ་སྦྱོར་བ་མི་འཛག་གང་། །སྒྲུབ་པ་ཆེན་པོ་ཉིད་འགྱུར་རོ། །ཕྲ་མོ་ཡི་ནི་སྦྱོར་བས་སོ། །དང་པོ་སྟོང་པའི་བྱང་ཆུབ་ཉིད། །དེ་ནས་ཐིག་ལེ་ལ་འདུས་པ། །དེ་ ནས་སྐུ་ནི་བསྐྱེད་པ་ཉིད། །རབ་མཆོག་རོ་ཡི་རིགས་ཀྱིས་ནི། །ཡི་གེ་རྣམས་ནི་དགོད་པ་ཉིད། །འདི་རྣམས་ཐུན་མོང་བསྙེན་པ་སྟེ། །རྡོ་རྗེ་རྣམ་པ་བཞི་དང་ནི། །དབུ་མ་ཡི་ནི་སྒྲུབ་པའོ། །འདི་རུ་ཐབས་ནི་རྣམ་པ་བཞིར། །འགྱུར་ཏེ་ཆུང་ངུ་བརྟན་པ་ཡི། །བསྒྲུབ་པའི་ཡན་ལག་དེ་བཞིན་ནོ། །སོ་ སོར་སྡུད་པ་རྣམ་པ་བཅུ། །རྒྱལ་བ་ཡི་ནི་དབང་པོར་འགྱུར། །དེ་བཞིན་བསམ་གཏན་མི་བསྐྱོད་པ། །སྲོག་དང་རྩོལ་བ་རལ་གྲི་ཅན། །སླར་ལ་ཡང་ནི་རྣམ་པ་བཅུ། །གཟུང་བ་རིན་ཆེན་ཕྱག་རྒྱ་ཅན། །གཡུང་མོ་རྗེས་སུ་དྲན་པ་ནི། །པདྨ་འཛིན་པ་རུ་ནི་འགྱུར། །དཔལ་གྱི་ཏིང་འཛིན་འཁོར་ལོ་ ཅན། །རེ་རེ་ཡང་ནི་ལྔ་རུ་དབྱེ། །སླར་ལ་ཡང་ནི་གང་དབྱེ་བ། །ཨ་ལ་སོགས་དང་ཀ་ལ་སོགས། །སོ་སོར་སྡུད་པ་ཡུལ་ཅན་ནི། །ཡུལ་ཅན་རྣམ་པ་བཅུ་པོ་རྣམས། །ཡུལ་ལ་འཇུག་པ་མེད་པའོ། །ཤེས་རབ་རྟོག་པ་དཔྱོད་པ་རྣམས། །དགའ་བ་མི་གཡོ་བདེ་བ་དང་། །བསམ་གཏན་སེམས་ནི་ གཅིག་པའོ། །གཏུམ་མོ་འདི་ནི་སྣང་བ་དག །ལུས་ལ་ངེས་པར་གསལ་བར་འགྱུར། །ནམ་མཁའ་དེ་ནི་རྗེས་དྲན་འགྱུར། །སྲོག་དང་རྩོལ་བ་གཉིས་ཀྱི་ལམ། །མི་འཁྲུག་པ་རུ་འགྱུར་བ་ནི། །དབུ་མར་སྲོག་ནི་འཇུག་པའོ། །ཐིག་ལེ་རུ་ནི་སྲོག་འཇུག་ཅིང་། །གཉིས་ཀར་འགྲོ་དང་འོང་བ་དང་། ། གཟུང་བ་ཉིད་ནི་སེམས་གཅིག་པ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི། །ལྷན་ཅིག་སྐྱེས་པ་དེ་དབང་གིས། །ཡེ་ཤེས་སྐུ་ནི་ཏིང་འཛིན་པས། །འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་སོ། །ཕྱག་རྒྱ་གསུམ་དང་ཚད་ནི་གསུམ། །རྣམ་ 14-1-78a པ་གསུམ་ནི་སྲིད་དབང་གིས། །ལས་དང་ཀུན་རྟོགས་བཟང་མོ་ཡིས། །སོ་སོར་སྡུད་པའི་རྣལ་འབྱོར་པ། །ཡུལ་དང་རྣམ་པར་བྲལ་བ་དང་། །སྔགས་རྣམས་ཀྱིས་ནི་བྱིན་བརླབས་ནས། །བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་ རྩོལ་བ་དག་པས་ན། །ཟླ་བ་ཉི་མ་དག་པར་བྲལ། །བྱང་ཆུབ་སེམས་དཔས་མཆོད་པར་འགྱུར། །གཟུང་བ་ཡི་ནི་སྟོབས་ཀྱིས་ནི། །ཉོན་མོངས་ལ་སོགས་བདུད་བཅོམ་ཞིང་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །རྗེས་དྲན་གྱིས་ནི་དག་པར་འགྱུར། །དྲི་མེད་འོད་འཕྲོའི་དཀྱིལ་འཁོར་ཏེ། །གཞན་ ཡང་ཡེ་ཤེས་སྐུ་ལས་སོ། །དེ་ཕྱིར་དག་པའི་ཏིང་འཛིན་གྱིས། །ཉི་མ་ཅུང་ཟད་ཙམ་གྱིས་ནི། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །སོ་སོར་སྡུད་ལ་སོགས་པ་ཡིས། །གལ་ཏེ་གཟིར་བར་མ་གྱུར་ན། །སྔགས་པ་རྣམས་ཀྱིས་འདོད་མི་འགྲུབ། །སྒྲ་ལ་སོགས་པའི་ཡན་ལག་མའི། །པདྨ་རྡོ་རྗེ་ནོར་བུ་རུ། ། ཐིག་ལེ་གཟུང་བར་བསྒྲུབ་པར་བྱ། །བསྟེན་པ་དང་པོའི་སྦྱོར་བ་ནི། །ནམ་མཁའ་རུ་ནི་རྣམ་པ་བཅུ། །འཁོར་ལོ་ཅན་འགྲོ་བལྟ་བའོ། །བགེགས་ནི་མཐར་བྱེད་ཀྱང་བལྟ། །བདུད་རྩིའི་ལམ་དུ་སོང་བ་ཡང་། །ཉེ་བའི་བསྙེན་པ་ཡན་ལག་དྲུག །ཤེས་རབ་ལ་སྦྱོར་ཟླ་ཐིག་ལེ། །གཞན་ཡང་རྡོ་རྗེ་ནོར་བུ་སྟེ། ། ཡི་གེ་གསུམ་ནི་འགྲུབ་པར་འགྱུར། །བདེ་བ་མ་ཉམས་གཅིག་ཞི་བ། །ལྷན་ཅིག་སྐྱེས་པ་རུ་ནི་འགྱུར། །བསྒྲུབ་ཆེན་ཡེ་ཤེས་སྦྱོར་བས་སོ། །སྲོག་དང་རྩོལ་བ་ཀུན་ནས་ནི། །མགོ་བོའི་བར་ནི་ཕན་པ་སྟེ། །མཉམ་པའི་བདེ་བ་འབྲས་སྟེར་བ། །དེ་ལས་སྟེང་ནི་མི་ཕན་པ། །འཆི་བའི་འཇིགས་པ་བྱེད་པའོ། ། སེམས་ཅན་ཉེས་པས་བཟློག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུ་གནས་སུ། མཆོག་ཏུ་བདེ་བའི་གོ་འཕང་དུ། འདི་ནི་སྦྱར་བར་བྱ་བ་ཉིད། །ཕུང་པོ་མེད་པའི་རྣལ་འབྱོར་པ། །མཉམ་པའི་བདེ་བ་ལ་འཇུག་མོད། །འོན་ཀྱང་འཇིག་རྟེན་གྲགས་པ་མེད། །དབུས་སུ་སྲོག་དང་འཇུག་པ་ནི། །ཡུལ་དང་རྣམ་པར་ བྲལ་བ་ཉིད། །སྣ་ཚོགས་ཡུམ་གྱིས་འཁྱུད་པའོ། །པདྨར་བཅུག་པའི་རང་རྡོ་རྗེ། །སྤྲོས་པ་ལས་ནི་དེ་བཞིན་ཏེ། །རྡོ་རྗེའི་དབུས་སུ་ཞུགས་པར་བྱ། །ས་ལ་མ་ལྷུང་བ་བདེ་བ། །ཤིན་ཏུ་ཆགས་པའི་ཆགས་པར་སོང་། །རྣལ་འབྱོར་པ་ཡི་སྦྱོར་བ་འདི། །ཕྱག་རྒྱ་དངོས་གྲུབ་དོན་གྱི་ཕྱིར། །མཆོག་ཏུ་ཡང་ནི་ 14-1-78b ཁྱབ་པའི་བདག །དཔལ་ནི་གསང་ལས་གསང་བ་ཡིས། །དེ་ལྟར་ཡན་ལག་རྣམ་པ་བཞིས། །གལ་ཏེ་བསྒོམ་པས་སྐྱོ་ན་ནི། །དེ་ནས་སྔགས་ཀྱི་བཟླས་པ་བྱ། །ཨོཾ་ཀཱ་ལ་ཙཀྲཱ་ཡ་ཧུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཧྲཾ་ཧྲིཾ་ཧྲཾ་ཧཱུྃ་ཧྲཿསྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭི་ཤྭཱ་རེ་ཧཱུྃ་ཧོ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷཱ་ཡ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་བཱ་ཡ་ སྭཱ་ཧཱ། ཨོཾ་ཨ་མི་ཏ་བྷཱ་ཡ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། ཨོཾ་ལོ་ཙ་ན་ཡེ་སྭཱ་ཧཱ། ཨོཾ་མཱ་མ་ཀྱི་ཡཻ་སྭཱ་ཧཱ། ཨོཾ་པཎྜ་རཱ་ཡེེ་སྭཱ་ཧཱ། ཨོཾ་ཏཱ་རཱ་ཡེེ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎ་ཡེ་སྭཱ་ཧཱ། ཨོཾ་ཁ་གརྦྷ་ཡ་སྭཱ་ཧཱ། ཨོཾ་ཀྵི་ཏི་གརྦྷཱ་ཡ་སྭཱ་ཧཱ། ཨོཾ་ལོ་ཀེ་ཤྭཱ་རཱ་ཡ་སྭཱ་ཧཱ། ཨོཾ་སརྦ་ནི་བ་ར་བི་སྐཾ་བི་ནེ་སྭ་ཧཱ། ཨོཾ་ས་མནྟ་བྷ་དྲཱ་ཡ་ སྭཱ་ཧཱ། ཨོཾ་གནྡྷ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་རཱུ་པ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་ར་ས་བཛྲཱ་ཡེེ་སྭཱ་ཧཱ། ཨོཾ་པརྴ་བཛྲྱ་ཡཻ་སྭཱ་ཧཱ། ཨོཾ་ཤབྡ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་ཡེ་སྭཱ་ཧཱ། ཨོཾ་བིགྷྣཱནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་པྲཛྙཱནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་པདྨཱནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། དེ་ནས་བཟླས་པས་སྐྱོ་བ་ན། །མཆོད་པ་བཅུ་ དང་སྒེག་སོགས་དང་། །ཆང་དང་བདུད་རྩིས་མཆོད་ནས་ནི། །དེ་ནས་བདུད་རྣམས་ཚར་གཅོད་པའི། །ཕྲེང་བའི་སྔགས་ཀྱིས་བསྟོད་པར་བྱ། །ཨོཾ་ན་མོ་བཛྲ་སཏྭཱ་ཡ། ན་མོ་བུདྡྷ་བོ་དྷི་སཏྭ་བྷྱཿ། ན་མོ་བཛྲ་ཀྲོ་དྷེནྡྲ་རཱ་ཛེ་བྷྱཿ། ན་མོ་བེ་ཤྭཱ་མཱ་ཏྲཻ། ན་མོ་བུདྡྷ་བོ་དྷི་སཏྭ་དེ་བཱི་བྷྱཿ། ན་མོ་བཛྲ་ཌཱ་ཀི་ནཱི་བྷྱཿ། ན་མོ་བྷ་ག་ ཝ་ཏེ་ཀཱ་ལ་ཙཀྲཱ་ཡ། བཛྲ་བྷཻར་ཝབྷི་ཀཱ་རཱ་ཡ། མ་ཧེནྡྲ་ནཱི་ལ་བརྞ་ཤ་རཱི་རཱ་ཡ། མ་ར་ཀླེ་ཤ་ཧྲྀ་དཱ་ཡ། ཀྲཱནྟ་ཤི་ཏ་རཀྟ་ཙ་ར་ཎཱ་ཡ། ཀྲྀཥྞཱ་རཀྟ་སི་ཏ་ཀཎྵཱ་ཡ། ནཱི་ལ་སི་ཏ་པཱི་ཏ་རཀྟ། དཾཥྚྲཱ་ཀ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ཀྲྀཥྞཱ་རཀྟ་ཤི་ཏ་ས་བྱེ་ཏ་ར་སྐན་དྷཱ་ཡ། དྭཱ་ད་ཤ་བྷུ་ཛཱ་ཡ། ཥཊ་བིཾ་ཤ་ཏི་ཀ་རཱ་ཡ། བཛྲ་ཁཌྒ་ཏྲི་ཤཱུ ལ་ཀཱརྟི་ཀཱ་བཱ་ཎ་ཨཾ་ཀུ་ཤ་ཌ་མ་རུ་ཀ་མུངྒ་ར་ཙཀྲ་ཀུནྟ་དཎྜ་པ་ར་ཤུ་བཛྲ་གྷཎྚ་ཁེ་ཊ་ཁ་ཊྭཱཾ་ག་ཀ་པཱ་ལ་ཙཱ་པ་པཱ་ཤ་རཏྣ་ཀ་མཱ་ལ་ཤཾ་ཁ་མཱ་ལ་ཤཾ་ཁ་ཨཱ་དརྴ། ཤྲིཁ་ལཱ་བྲཧྨ་ཤི་རོ་ག་ཛ་ཙརྨ་དྷྲྀཀ་ཀ་རཱ་ཡ། བྱ་གྷྲ་ཙརྨ་ཎི་བ་ས་ནཱ་ཡ། སྐནྡྷེ་མུཎྜ་མཱ་ལཱ་བ་ལཾ་པི་ནེ། ཤི་ར་སི་བཛྲ་པཊྚ་མུ་ཀུ་ཊེ་བཛྲ་ཀ་པཱ་ལ་མཱ་ལ་ཨརྡྷ་ཙནྡྲ་དྷ་རཱ་ཡ། ཀུཎྜ་ ལ་རུ་ཙ་ཀ་ཀཎྛི་ཀཱ་མེ་ཁ་ལཱ་ནཱུ་པཱུར་བྷསྨ་ཡཛྙོ་པ་བཱི་ཏ་ཤི་རོ་མ་ཎི་མ་ཧཱ་མུ་དྲ་ནཱ་གེནྡྲ་བི་བྷཱུ་ཥ་ཎཱ་ཡ། བཛྲ་ཌཱ་ཀི་ནཱི་སནྟོ་ཥ་ཏ་ཧྲྀ་ད་ཡཱ་ཡ། ཨིནྡྲ་ཨགྣི་ཡ་མ་ནཻཪྼྀ་ཏྱ་བ་རུ་ཎ་བཱ་ཡུ། ཀུ་བེ་ར་ཨཱི་ཤཱ་ན་བྲཧྨ། བིཤྞུ་བི་ནཱ་ཡ་ཀ་ཀཱ་རྟི་ཀ་ཡ་ནནྡི་མ་ཧཱ་ཀཱ་ལ་གྲ་ཧ་ནེཀྵ་ཏྲ་ཀྵེ་ཏྲ་པཱ་ལ། སུ་རནྡྲཱ་སུ་རནྡྲཱ་ཕེ་ཎེནྡྲ་བྷཱུ་ཏནྡྲ་ན་རེནྡྲ་སཾ་སྟུ་ཏ་ 14-1-79a ཙ་ར་ཎཱ་ཡ། རིགས་དྲུག་བཀོད་པའི་བསྟོད་པ་དང་། །མཆོག་སྦྱིན་རྡོ་རྗེའི་བསྟོད་པས་བསྟོད། །དེ་ནས་མཚན་ཕྱེད་གཏོར་མ་སྦྱིན། །ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷ་སརྦ་དྷརྨཱ་སུ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨ་པྲ་བོ་དྷཱ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་བཛྲ་ཨ་ན་ལ་ སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨ་པྲ་དཱི་པཱ་ཡ་སྭཱ་ཧཱ། ཨོཾ་ཧོ་སརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀར་སརྦ་དྷརྨ་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལྟར་སྔགས་དང་ཕྱག་རྒྱ་ཡིས། །གཏོར་མ་བྱིན་བརླབ་ཟིན་ནས་ནི། །ཕྱག་རྒྱ་སྔགས་ཀྱིས་སྤྱན་དྲངས་བྱ། །ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷེེ་ར་བ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་ བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ། སརྦ་ཌཱ་ནཱི་ནཾ་ཧྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ། དེ་རྗེས་མགྲོན་རྣམས་བྱོན་པ་དང་། །ལྷར་བསྐྱེད་དབང་བསྐུར་བྱིན་བརླབས་པའི། །ཆོ་གའི་རིམ་པས་རྫོགས་པར་བྱ། །མཆོད་པ་རྣམས་དང་གཏོར་མ་བསྔོ། །ཨོཾ་བྲཧྨ། བིཥྞུ། ནེཪྼི་ཏྱ། བཱ་ཡུ། ཡ་མ། ཨགྣི། ས་མུ་ དྲ་ཨི་ཤོ་ར། ཨིནྡྲ་ཡཀྵེ་བྷྱཿ། ས་པ་རི་བཱ་རེ་བྷྱཿ། ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ་དཱི་པཾ་ཨ་ཀྵ་ཏཾ་ད་ད་མ་ཧེ་ཏེ་ཙ་ཨེ་ཀཏྱ་ས་པ་རི་བཱ་རཱ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྣ་ཏུ་ཁ་དནྟུ་པི་བནྟུ། ཛཿཧཱུྃ་བཾ་ཧོཿ། སན་ཏྲྀབྟ། སརྦ་ས་ཏྭ་ནཱཾ་ཤཱནྟིཾ་པུཥྚི་རཀྵཱ་བ་ར་ན་གུབྷིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། སླར་ཡང་ མཆོད་ཅིང་བསྟོད་པ་དང་། ཡི་གེ་བརྒྱས་ཕྲིན་ལས་སོ་སོར་བཤགས། །གཙུག་ཏོར་དུ་ནི་རྩེ་ལྔ་པའི། །རྡོ་རྗེ་རུ་ནི་གྱུར་པ་ཡིན། །ཕྱི་ནས་རྩེ་མོ་ཉིས་འགྱུར་དུ། གྱུར་པ་ཆོས་ཀྱི་འཁོར་ལོའོ། །དེ་ནི་ཉིས་འགྱུར་དུ་བསྒྲེས་པ། །ལྷན་ཅིག་སྐྱེས་པར་འགྱུར་བ་དང་། །དེ་ཡི་ཡང་ནི་གཞན་ཉིས་འགྱུར། །ལོངས་ སྤྱོད་རྫོགས་པའི་འཁོར་ལོ་དང་། །སྤྲུལ་པ་ཡི་ནི་འཁོར་ལོའོ། །དེ་ཡི་ནང་དུ་རྩེ་གཅིག་གོ། །མཉམ་པའི་བདེ་བའི་འབྲས་སྟེར་བ། །གསང་བའི་པདྨ་ལ་གནས་པ། །ཕྱག་རྒྱ་བསྒོམ་པའི་དོན་དུ་གསུངས། །ཉིན་དང་མཚན་མོའི་དུས་སུ་ནི། །འདོད་ཆགས་ཟད་དོན་ཉིད་དུ་ནི། །གསུང་གི་རྡོ་རྗེ་མྱང་དོན་དུ། སྔགས་པ་རྣམས་ལ་གསུངས་པ་ཉིད། །ཉེས་པར་བྱ་བ་ཁོ་ན་མིན། །ཉི་མ་སོ་སོའི་དུས་སུ་ནི། །ཟས་ཀུན་བདེ་བའི་དོན་དུ་སྟེ། །མི་འཇུག་པ་ཡི་རྒྱུ་རུ་ནི། །དཔལ་གྱི་སྤྱོད་པ་དངོས་གྲུབ་སྒྱུར། །རོ་བསྲེགས་གནས་སུ་མཚན་མོ་ནི། །འགྲོ་ལ་བརྩེ་བའི་དོན་དུ་མིན། །རྣལ་འབྱོར་པ་གང་སྲོག་གཅོད་པའི། ། 14-1-79b ཉིན་དང་མཚན་དུ་བྱེད་པ་ནི། །དེ་ནི་སྲོག་འཇིག་པ་རུ་གསུངས། །སྒྲ་གང་ཁ་དང་བྲལ་བ་ནི། །སྙིང་ལ་ཡོད་པར་རབ་གྱུར་པ། །དེ་ནི་བརྫུན་དུ་སྨྲ་བ་ཉིད། །ཀུན་མཁྱེན་གྱི་ནི་ཡེ་ཤེས་སར། །འཛིན་པ་ཡང་ནི་བྱེད་པ་གང་། །རྣལ་འབྱོར་པར་ཡང་དེ་གསུངས་སོ། །བདེ་བའི་ཐིག་ལེ་མ་ལྷུང་བ། །གཞན་ གྱི་བུད་མེད་དུ་ནི་འགྱུར། །བསྟེན་པ་ཆགས་བྲལ་མིན་པའོ། །སྲོག་དང་རྩོལ་བའི་མེ་ཡིས་ནི། །རི་བོང་ཅན་ཡང་ཞུ་བའོ། །བཏུང་བ་ཆང་གི་བཏུང་བའོ། །མཐེ་བོང་ཚིགས་ནས་གཙུག་ཏོར་དུ། ཚེས་ཀྱི་དབང་གིས་འགྲོ་བ་ནི། །ཉ་མཐར་ཐུག་པ་རང་གི་སེམས། །གཙུག་ཏོར་ནས་ནི་རང་གི་སེམས། །ཡང་ ནི་འདི་ནི་འགྲོ་འགྱུར་བ། །ནག་པོའི་ཕྱོགས་ཀྱི་མཐར་ཐུག་པར། །རྣལ་འབྱོར་པ་ཡི་སྤྱོད་པ་དེས། །ཉི་མ་རེ་རེའི་དུས་སུ་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །སྤྱོད་དང་འདོད་པ་ལུས་ཚད་པ། །མཆོག་གི་ཁ་ཡི་པདྨ་ལས། །ཚིག་མི་འབྱུང་ཞིང་གཉིད་ལོག་པའོ། །འདི་ནི་འཁྲུལ་དང་རྒྱལ་བ་ནི། །དུ་བ་ལ་ སོགས་རྡོ་རྗེ་ཅན། །དེ་རྣམས་གསལ་བ་རྣམ་པ་བཅུ། །སྲོག་ཅན་ལུས་ཀྱི་གནས་སྐབས་སོ། །འཇིག་རྟེན་འདོད་པའི་གནས་སྐབས་ནི། །ངེས་པ་ཁོ་ནར་གསལ་བ་ལས། །སུ་ཞིག་རྒྱལ་བར་སུ་འདོད་པ། །ཐིག་ལེ་དཀར་པོའི་རྒྱུན་ནི་གང་། །ཉིན་དང་མཚན་མོའི་ལྷུང་བ་ནི། །མཱ་མ་ཀཱི་ནི་དེ་ཆང་ངེ་། །གོ་ཀུ་ ལ་སོགས་མིག་ལ་སོགས། །ཉི་མ་རེ་རེ་བཞིན་སྤྲོས་པ། །བདུད་རྩི་ལྔ་རྣམས་བསྟེན་པ་ནི། །རང་གི་རིགས་ཀྱི་སར་སོང་བ། །ལྷ་རྣམས་དག་པའི་ལུས་ལའོ། །སྟོང་པའི་སེམས་དེ་བརྩོན་པ་ཡིས། །ལྷན་ཅིག་སྐྱེས་པ་ཁྱབ་བདེ་བ། །དེ་ནི་སྐྱེ་གནས་འཁྲིག་པ་མིན། །ནོར་གྱི་སྦྱིན་པ་བཏང་བ་དང་། །བུད་ མེད་སྦྱོར་བ་ཡིད་ཀྱིས་ནི། །མི་འཛག་པ་ནི་ཚུལ་ཁྲིམས་སོ། །བཟོད་པ་སྒྲ་སོགས་མི་འཇུག་པ། །གཉིས་ཀར་སོང་བའི་ལེ་ལོ་ནི། །རྣམ་པར་འཇིག་པ་བརྩོན་འགྲུས་སོ། །བསམ་གཏན་ཤེས་རབ་སེམས་དང་ནི། །བདེ་བ་ལྷན་ཅིག་པར་སོང་ཀུན། །འགྲོ་བ་ཐམས་ཅད་བརྗོད་པའོ། །སེམས་ཅན་དོན་དུ་དེ་རྫུ་ འཕྲུལ། །སྲིད་པའི་དོན་ནི་མི་བྱེད་པ། །ཐོབ་པ་གཞན་ནི་བཞི་པའོ། །དྲི་མེད་བློ་གྲོས་འོད་ཟེར་གྱིས་ནི་མུན་པ་ཐམས་ཅད་སྤོང་བར་བྱེད་པ་རྣམས། །སྐྱེ་བོས་བླ་མའི་འདོད་པ་གང་ཞིག་དང་པོ་དེ་ནི་གཟུང་བར་བྱས་ནས་སུ། །བཅིངས་ལས་གྲོལ་འདོད་དེ་ནི་བདག་གིས་ངེས་གྲོལ་བྱས་པའོ། །དེ་ལྟར་དག་པ་དྲི་མེད་གང་ཡིན་དེ་ 14-1-80a ཡིས་རྟག་ཏུ་འགྲོ་བའི་ཡིད། །དུས་འཁོར་ཞབས་ཞེས་དེ་ལ་གནས་པའི་གོ་འཕང་རྟག་ཏུ་བསམ་གྱུར་ཅིག །དུས་ཀྱི་འཁོར་ལོའི་ཡན་ལག་བཞི་པའི་སྒྲུབ་ཐབས་དུས་ཀྱི་ཞབས་ཆེན་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་བི་ཤྭཱ་ཤྲཱི་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་ནཀྵ་ཏྲོ་མཎྜ་ལ་སཱ་དྷ་ན་མེ་ཀ་ད་སཾ་ག་ནཱ་མ། བོད་སྐད་དུ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་ཞེས་བྱ་བ། དཔལ་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་ པའི་འོད་ལྟ་བུ། །པདྨ་རྒྱས་པ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་བཞུགས་པ། །ལྷ་ཡི་མཆོག་ལ་ཕྱག་འཚལ་ནས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རྒྱུ་སྐར་དཀྱིལ་འཁོར་སྒྲུབ་ཐབས་བྲི། །མཚན་ཉིད་ལྡན་པའི་གང་ཟག་གིས། །རྒྱུད་ནས་བཤད་པའི་ གནས་དག་ཏུ། །རྟེན་དང་ཡོ་བྱད་བསགས་ནས་ནི། །དངོས་གྲུབ་ཡན་ལག་བཅུ་གཅིག་བསྒོམ། །བསྲུང་དང་ཁ་དོག་དག་པ་དང་། །བདག་ཉིད་དག་བྱ་བདག་བསྲུང་དང་། །ཚོགས་གཉིས་བསགས་དང་དཀྱིལ་འཁོར་བསྐྱེད། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཕྲ་མོའི་ཐིག་ལེའི་རྣལ་ འབྱོར་དང་། །མཆོད་བསྟོད་རྗེས་ཀྱི་བྱ་བའོ། །ཆོ་ག་དེ་དག་རེ་རེ་ལའང་། །ཆོ་ག་དང་ནི་ཏིང་འཛིན་དང་། །ང་རྒྱལ་བཟུང་བ་གསུམ་གསུམ་མོ། །དང་པོར་ཐོ་རངས་སྔར་ལངས་ནས། །ནམ་མཁའི་དཔའ་བོ་རྣལ་འབྱོར་མའི། །རོལ་མོས་གཉིད་བསངས་པ་རུ་བསམ། །ཐལ་སྦྱར་སྔགས་ འདིས་ཕྱག་བྱའོ། །ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་ན་མཿཀཱ་ཡ་བཱཀྩིཏྟ་པྲ་ཎ་མེ་བནྡ་ནཾ་ཀ་རོ་ཡཱ་མི། དེ་ནས་ཁམས་བསང་མཎྜལ་བྱ། །མེ་ཏོག་ཚོམ་བུ་ལྷ་གྲངས་བཞིན། །སྐུ་གསུང་ཐུགས་ཀྱི་རྟེན་ཡང་དགོད། །མཆོད་པ་རྣམས་དང་རོལ་མོ་དང་། །གཏོར་མ་དག་ཀྱང་བཤམ་པར་བྱ། ། བདག་ཉིད་རྡོ་རྗེ་ཤུགས་སུ་བསྒོམ། །སྤྱི་བོ་སོགས་སུ་ཡི་གེ་དགོད། །རྡོ་རྗེ་བསམས་ལ་བཀའ་བསྒོ་བ། །ཧཱུྃ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བ། །རྡོ་རྗེ་འབར་བའི་ལུས་ 14-1-80b འདི་ཡིས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་འབར་བ་བདེ་ཆེན་པོ། །ཡེ་ཤེས་འབྱུང་བའི་ལས་རྩོམ་གྱིས། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །གནས་འདིར་མ་གནས་གཞན་དུ་ དེངས། །རྡོ་རྗེ་རྣམས་ལས་མེ་དཔུང་འབར། །སྔགས་འདིས་བགེགས་རྣམས་སྲེག་པར་བྱེད། །ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཧྲཱཿཧྲཱཿཧྲཱཿཧྲཱཿར་ར་ར་ར། ། བཛྲཱ་ན་ལ་སརྦྦཱ་བ་ར་ཎ་དྷརྨྨཱ་པཱ་ལ་ཡ་སྭ་བྷཱ་བ་མཱ་ར་ཀ་ཡི་ཀ་བིགྷྣཱཾ་བི་ནཱ་ཡ་ཀཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཎཱ་ནཱཾ་ཀཱ་ཡ་བཱཀྩིཏྟ་ནཱཾ། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨཱིཾ་ཀུ་རུ་ཀུ་རུ་ཧུྃ་ཧཱུྃ་ཕཊ་ཕཊ། ཅེས་པས་བདུད་རྣམས་སྲེག་པར་བསམ། །ཨོཾ་ཨཱཿཧཱུྃ་ར་བཛྲ་ཙནྡྲ་སཱུརྱ་རཱ་ཧུ་ལ་ཀཱ་ལ་ཨགྣཱ་ཡ་ཀཱ་ཡ་བཱཀྩིཏྟཱ་ཛྙཱ་ན་བཛྲ་པྲཱ་ཀཱ་ར་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་སྣ་ཚོགས་རྡོ་རྗེ་ཡིས། །བདག་ཉིད་ས་དང་རྩིག་པ་བཞི། །སྟེང་དུ་མདའ་ཡི་དྲ་བ་ནི། ། ཐོ་རངས་གྲིབ་མའི་བར་དུ་བསྒོམ། །ཡང་ན་གནམ་ས་འབྱོར་པར་རོ། །ཨོཾ་ཧུྃ་པ་ཤ་ཀཱ་ཡ་བཛྲ་ཀུ་ཌཱ་གཱ་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་མེ་དཔུང་ར་བ་བསྒོམ། །ཨོཾ་ཧཱཾ་ཡཱཾ་རཱཾ་བཱཾ་ལཱཾ་བཛྲཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་ཨུ་ད་ཀ་པྲྀ་ཐི་བཱི་བཛྲ་སྭ་བྷཱ་བ་པཉྩ་དྷཱ་ཏུ་བྷུ་བཛྲ་མཎྜ་ལ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། འབྱུང་བ་ལྔ་ བརྩེགས་གྱུར་པ་ལས། །ར་བ་གསུམ་ལྡན་གཞལ་ཡས་ཁང་། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བསམ། །ཨོཾ་པཿཔི་ཤྭཱ་བཛྲ་པདྨ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཿབཛྲ་སཱུརྱཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་གདན་རྣམས་བསམ་པར་བྱ། །ཨོཾ་ཧུྃ་ཀྲོ་དྷེནྡྲོ྅ཧཾ་ཀྲོ་དྷཱ་ནཱཾ་ཨནྟཱ་དཱ་ཡ་ཀ་ སྭཱ་ཧཱ། དབུས་སུ་རྡོ་རྗེ་ཤུགས་ཁྲོ་བོ། །འཆད་པར་འགྱུར་བར་བདག་ཉིད་བསམ། །ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་ཨུཥྞཱི་ཥོ་ཨུརྡ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏེ་བི་ལ་པིམྺཱནྟ་ཀཱ་པུརྦ་དི་ཤི་རཀྵུཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ར་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བ་ཀ་དུཥྚཔྲ་ནྟྲཱ་ཀ་དཀྵི་ཎ་དི་ཤིང་ཀྵུཾ ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མན་ཀ་བི་རཱ་ག་པཧྨནྟ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མཱནྟ་ཀ་པཤྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་བཱ་ཡ་བྱཱ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ 14-1-81a ལ་ཨཱི་ཤ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནེེ་ཪྼི་ཏྱཱཾ་དི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜ་ཨགྣེ་ཡྻཾ་ནི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུཾ་བྷ་ཨ་དྷོ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔར་གྱི་རྡོ་རྗེ་ཤུགས་ཀྱི་ནི། ། དབང་པོའི་བུ་ག་སོ་སོ་ལས། །ཁྲོ་བོ་བཅུ་དག་སྤྲོས་ནས་ནི། །རང་རང་ཕྱོགས་སུ་གདན་དགོད་དོ། །ང་ངཱ་ཉི་ཉཱི། ཎྼྀ་ཎྼཱ། མུ་མཱུ། ནླྀ་ནླཱྀ། སྔར་བཞིན་ཟད་པར་བཅུ་ཡང་སྤྲོ། །ཐུགས་ཀྱི་ར་བའི་ཕྱི་རོལ་བསྲུང་། །གྷ་གྷཱ། ཛྷི་ཛྷཱི་ཌྷྼྀ་ཌྷྼཱྀ་བྷུ་བྷཱུ་དྷླྀ་དྷླཱྀ། དེ་བཞིན་ཕྱོགས་སྐྱོང་བཅུ་ཡང་སྤྲོས། །གསུང་གི་ར་བའི་ནང་ དུ་བསྲུང་། ག་གཱ། ཛི་ཛཱི། ཌྼྀ་ཌྼཱྀ། བུ་བཱུ། དླྀ་དླཱྀ། དེ་བཞིན་གཟའ་བཅུ་སྤྲོས་ནས་ནི། །དེ་ཡི་ཕྱི་རོལ་བཀོད་ལ་བསྲུང་། །ཁ་ཁཱ། ཚི་ཚཱི། ཋི་ཋཱི། ཕུ་ཕཱུ། ཐླྀ་ཐླཱྀ། དེ་བཞིན་ཀླུ་རྒྱལ་བཅུ་ཡང་སྤྲོ། །སྐུ་ཡི་ར་བའི་ནང་དུ་བསྲུང་། །ཀ་ཀཱ། ཙི་ཙཱི། ཊྼྀ་ཊྼཱྀ་པུ་པཱུ་དླྀ་དླཱྀ། འབྱུང་པོ་བཅུ་ ཡང་སྤྲོས་ནས་ནི། །དེ་ཡི་ཕྱི་རོལ་བསྲུང་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྦ་བྷཱ་བཱཏྨ་ཀོ྅ཧཾ། སྔགས་ཀྱིས་ང་རྒྱལ་གཟུང་བར་བྱའོ། །སྲུང་བའི་འཁོར་ལོའི་ཡན་ལག་སྟེ་དང་པོའོ།། །།བདུད་རྩི་ལྔ་དང་སྟོབས་ལྔ་ཡི། །རི་ལུ་སྲན་ཆུང་ཚད་ཙམ་བྱ། །ཡཾ་རཾ་ཀཾ་གོ་ཀུ་ ད་ཧ་ན་བཾ་མུ་མ་ར་ཤུ། རླུང་མེ་ཐོད་པར་བཅུ་པོ་བསམ། །ཨོཾ་ཨོཾ་བཛྲ་ཙནྡྲ་སརྦྦ་དྷ་རྨྨྲཿསུ་བི་ཤུདྡྷཿ སྭ་བྷཱ་བ་སརྦ་དྷརྨཱ་ནྦི་ཤོ་དྷཱ་ཡ་སྭཱ་ཧཱ། ཟླ་བ་ཨོཾ་གྱིས་དག་པར་བྱ། །ཨོཾ་ཨཱཿསཱུརྱ་སརྦྦ་དྷརྨྨཱ་པྲ་པོ་དྷཱ་ཀ་སརྦྦ་དྷརྨྨཱ་པྲ་བོ་དྷཱ་ཡ་སྭཱ་ཧཱ། ཉི་མ་ཨཱཿཡི་འོད་ཀྱིས་སྤེལ། །ཨོཾ་ཧུྃ་བཛྲཱ་ན་ལ་སརྦྦ་དྷརྨྨཱ་ པྲ་དཱི་པ་ཀཱ་སརྦྦ་དྷ་རྨྨཱན་པྲ་དཱི་པ་ཀཱ་ཡ་སྭཱ་ཧཱ། སྒྲ་གཅན་ཧུྃ་གིས་འབར་བར་བྱ། །ཨོཾ་ཧོཿསརྦྦ་དྷརྨྨཱ་བཛྲཱ་་མྲྀ་ཏ་ཀ་ར་སརྦྦ་དྷརྨྨཱ་ན་བཛྲ་ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭ་ཧཱ། དུས་མེ་ཧོཿཡིས་བདུད་རྩིར་བསམ། །རང་ཉིད་ལྕེ་རྩེ་ཧཱུཾ་ཡིག་ལས། །རྡོ་རྗེ་གྱུར་ཏེ་འོད་འཕྲོས་པས། །བདུད་རྩི་བཀུག་སྟེ་མྱངས་པར་ བསམ། ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་པྲ་ཎ་ཡཱ་མི་སྭཱ་ཧཱ། གཙུག་ཏོར་སྟེང་དུ་བཾ་ལས་ནི། །ཟླ་བའི་གདན་ལ་རྡོ་རྗེ་དཀར། །བཾ་གྱིས་མཚན་པ་ཞི་རྒྱས་ལ། །ལས་གཞན་དག་ལ་ཉེ་སོགས་སྦྱར། །ཨོཾ་ཨཱཿ་ཧཱུྃ་ཧོཿཧཾ་ཀྵཿཔྲཛྙོ་པཱ་ཡ། ཨཱཏྨ་ཀ་ཀཱ་ཡ་བཱཀྩིཏྟ་ཛྙཱ་ན། ཨ་དྷི་པ་ཏི། མ་མ་ཀཱ་ཡ་བཱཀྩིཏྟ་བཛྲ་བཛྲ་ 14-1-81b མྲྀ་ཏཾ་སྭ་བྷཱ་བཾ། ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཡ་ཏཱ་ནཱཾ་ནིཿསྭ་བྷཱ་བཾ་སྭཱ་ཧཱ། རྡོ་རྗེ་ལ་སོགས་ཞུ་བའི་ཆུས། །ལུས་ཀྱི་དྲི་མ་ཐམས་ཅད་དོར། །ཞི་བ་ཟླ་བ་ལྟ་བུར་དཀར་ལ་དག་པར་བསྒོམ། །ལས་གཞན་རང་རང་ཁ་དོག་གོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། དེས་དག་པའི་ང་རྒྱལ་བྱའོ། །ཁ་ ལ་སོགས་པ་དག་པར་བྱ་བའི་ཡན་ལག་སྟེ་གཉིས་པའོ།། །།བདག་ཉིད་དུས་འཁོར་ཞལ་གཅིག་པ། །ཕྱག་གཉིས་ཡུམ་དང་ལྡན་པ་ཡི། །དཔྲལ་བར་ཨོཾ་ལས་སྣང་མཐའ་ཡས། །མགྲིན་པར་ཨཱཿལས་རིན་འབྱུང་བསམ། །སྙིང་གར་ཧཱུྃ་ལས་དོན་ཡོད་གྲུབ། ལྟེ་བར་ཧོ་ལས་རྣམ་ སྣང་མཛད། །གཙུག་ཏོར་ཧཾ་ལས་མི་བསྐྱོད་པ། །གསང་བར་ཀྵཿལས་རྡོ་རྗེ་སེམས། །རིགས་དྲུག་པོ་ནི་དགོད་པར་བྱ། །ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨོ་ཨལ་ཧ་ཡ་ར་ཝ་ལ། ལག་གཡོན་སོར་མོའི་ཚིགས་གསུམ་ལའོ། །ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱཿ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། གཡས་པའི་སོར་མོ་ཚིགས་གསུམ་ལ་དགོད། ཨོཾ་ཧྲཿསརྦྦཱ་ཥྚ་རཱ་ཛཱ་མཱ་ར་ཀླེ་ཤ་ཨནྡྷ་ཀ་ར། བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་ར་པི་ཤུདྡྷཱ་ཡ་སྭཱ་ཧཱ། ལག་པའི་ཡི་གེ་རྡོ་རྗེར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ། ཀཱ་ཡ་བཱཀྩིཏྟ་ཨ་དྷི་པ་ཏི། བཛྲ་ཀཱ་ཡ་མ་མ་ཀཱ་ཡ་བཱཀྩིཏྟ་ཛྙཱ་ན་བཛྲ་བཛྲ་ཀཱ་ཡ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་ སྭཱ་ཧཱ། མཛེས་པའི་ཕྱག་རྒྱ་ཀུན་དུ་རེག །རྡོ་རྗེའི་རང་བཞིན་ལུས་སུ་བསུ་བསམ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་བཱཏྨ་ཀོ྅ཧཾ། རྡོ་རྗེའི་ལུས་ཀྱི་ང་རྒྱལ་བྱའོ། །བདག་དག་པར་བྱ་བའི་ཡན་ལག་སྟེ་གསུམ་པའོ།། །།དེ་ནས་ལག་པ་ཐལ་སྦྱར་ཏེ། །ཨོཾ་ཧྲླཱཾ་ཧྲྀ་ད་ཡ་ན་མ། ཨོཾ་ཧྲླཱུཾ་ཤི་རི་ས་ཝོ་ཥཊ། ཨོཾ་ཧྲླཱྀཾ་ཤི་ཁ་ཡ་ཝ་ཥཊ། ཨོཾ་ཧྲླུཾ་ཀ་བ་ཙ་ཡ་ཧཱུྃ། ཨོཾ་ཧྲཾ་ཎེ་ཏྲོ་བོོ་ཥཊ། ཨོཾ་ཧྲཿཨཥྚཱ་ཡ་ཕཊ། གོ་ཆ་དང་ནི་མཚོན་ཆའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཤི་ར་ས་ས་ཁཿཀ་བ་ཙ་ནཻ་ཏྲོ་ཨཥྚ་བཛྲ་ཥ་མཾ་ག་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱི་ང་རྒྱལ་བྱའོ། །གོ་ཆའི་ཡན་ལག་སྟེ་བཞི་པའོ།། །། རང་གི་སྙིང་གར་པཾ་ལས་ནི། །པདྨ་ཨཱཿལས་ཟླ་བའི་སྟེང་། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་ལྔ་ལྡན་ཕྱོགས་བཅུར་སྤྲོ། །བླ་མ་དཀྱིལ་འཁོར་རྒྱལ་སྲས་རྣམས། །སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །འོད་ཟེར་སླར་ཡང་སྙིང་གར་བསྡུ། །ཟླ་དཀྱིལ་ཀ་སོགས་སྡེ་ཚན་དྲུག ། 14-1-82a རིང་ཐུང་བརྩེགས་པ་བཅུ་གཉིས་ལས། །མཆོད་རྫས་ལྷ་མོར་གྱུར་པ་སྤྲོ། །ཨོཾ་ཙྪྫྫྷྙ་བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪྫྫྷྙྰ་བཛྲ་མཱ་ལེ་མཱ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨ རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨ་བཛྲ་མྲྀ་ཏེ་ ནེེ་བིདྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྣ་ཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་བསྟྲ་ཨཱ་བ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧ་སྱེ་གྷཎྚཱ་དཪྴྤ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྔ་བཛྲ་ཝཱ་དྱེ་ཝཱ་དྱེ་པུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྐྤྵྴྈྐ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ། ཀུ་རུ་སྲཱ། ཨྃ་སྐྤྵྴྈྐཱ་བཛྲ་ཀཱ་མེས་རྦྦ་བུ་ཧྷཱ་བོ་དྷ་དི་སོ་ཏྣཱ་ནཱཾ་བཛྲ་སུ་ར་ཏ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྣ་ཚོགས་མཆོད་པ་བྱས་ཏེ་སྡིག་པ་རྣམ་པ་མང་པོ་བཤགས་བགྱིས་ལ། །སྒྲུབ་པ་པོས་ནི་ལུས་དང་ངག་ཡིད་དང་བས་གསུམ་ ལ་གུས་སུ་མཆི་བར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་དགེ་བ་གང་བྱས་པ་ཡི་དགེ་འདུན་དང་། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ནས་ནི་སྡིག་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་འཇུག །སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ བར་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས་པར་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཇོམས་དག་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འདི་ནི་སེམས་ཅན་དོན་ཕྱིར་རྫོགས་པའི་བྱང་ཆུབ་བདག་འགྱུར་སྨོན་ལམ་གདབ་པར་བགྱི། །བསོད་ནམས་རྩ་བ་ གསུམ་སོགས་དྲན། །ཡེ་ཤེས་ཚོགས་ནི་སྟོང་ཉིད་བསྒོམ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ནི། །དངོས་དང་བྲལ་བས་སྟོང་པ་ཉིད། །རྒྱུ་ལས་འདས་པས་མཚན་མ་མེད། །འབྲས་བུ་མེད་པས་སྨོན་པ་མེད། །སྐྱེ་འགག་མེད་པས་འདུས་མ་བྱས། །ཨོཾ་ཤུ་ནྱ་ཏྲཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཏི་ཧ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་ན་བྷཱི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། རང་ཉིད་ཐུགས་མཚན་ཡི་གེ་སོགས། །ཐིག་ལེའི་བདག་ཉིད་སྐར་མདའ་བཞིན། །རིམ་པས་བསྡུས་ཏེ་འཛིན་མེད་པར། །ས་ཆུ་མེ་རླུང་ནམ་མཁའི་ 14-1-82b ཁམས། །རང་བཞིན་ཞུགས་པས་ཡུལ་དང་བྲལ། །ཀུན་གཞི་རྣམ་ཤེས་འོད་གསལ་བསྒོམ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། དེ་ཡིས་ང་རྒྱལ་གཟུང་བར་བྱའོ། །ཚོགས་གཉིས་བསགས་པའི་ཡན་ལག་སྟེ་ལྔ་པའོ།། །།དེ་ནས་སྟོང་ཉིད་ངང་ལས་ནི། ། ཉི་སྟེང་སྣ་ཚོགས་རྡོ་རྗེ་དང་། །རྡོ་རྗེའི་དྲ་གུར་རྩིབས་བཅུ་ཡི། །ལྟེ་བ་ཨ་ལས་ཆོས་འབྱུང་ངོ་། །ཧྐྵྨླྺྲྱ། ཧཱུྃ་ཡཾ་ཧཱུྃ། ཧཱུྃ་ར་ཧཱུྃ། ཧཱུྃ་བཾ་ཧཱུྃ། ཧཱུྃ་ལཾ་ཧཱུྃ། ཧཱུཾ་མཾ་ཧཱུྃ། ཧཱུཾ་ཀྵཾ་ཧཱུྃ། ཧཱུྃ་ཧཾ་ཧཱུྃ། རླུང་གནག་ཟླུམ་པོ་རྒྱལ་མཚན་ཅན། །མེ་དམར་གྲུ་གསུམ་གཡུང་དྲུང་མཚན། །ཆུ་དཀར་ཟླུམ་པོ་ པདྨས་མཚན། །ས་སེར་གྲུ་བཞི་འཁོར་ལོས་མཚན། །དེ་དག་སྟེང་དང་འོག་ཏུ་ཡང་། །རྣ་ཚོགས་རྡོ་རྗེའི་རྒྱ་གྲམ་མོ། །དེ་སྟེང་ལྷུན་པོ་ཁ་ཁྱེར་ལྡན། །ཉི་ཟླ་པདྨ་སྒྲ་གཅན་བཅས། །དེ་སྟེང་ཨོཾ་མཾ་བྷྲཱུཾ་ལས་ནི། །གཞལ་ཡས་ཁང་བརྩེགས་མཆོད་རྟེན་ནི། །རིན་ཆེན་རང་བཞིན་གྲུ་བཞི་ནི། །རིན་ཆེན་སྣམ་ བུ་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་དང་། །སྒོ་དང་རྟ་བབས་བཅུ་གཉིས་དང་། །རེ་ཁཱ་གསུམ་དང་ལྔ་པོ་གཉིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །སྙིང་པོ་ཡེ་ཤེས་འདབ་མ་དག །རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཕྱི་མ་ཐུགས་ཀྱི་དཀྱིལ་འཁོར་ལ། །པད་སོགས་ཀ་བ་བཅུ་དྲུག་དང་། ། ཆུ་སྐྱེས་རྡོ་རྗེ་ར་བས་མཛེས། །ལྷ་ཡི་སྣམ་བུ་དག་གིས་བསྐོར། །དེ་ནས་གསུང་གི་དཀྱིལ་འཁོར་ལ། །ཆུ་སྐྱེས་འདབ་མ་བརྒྱད་པ་བརྒྱད། །པདྨའི་ཕྲེང་བས་ངས་སུ་བསྐོར། །ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་ལྷ། །པད་འདབ་བཞི་བརྒྱད་བཅུ་དྲུག་པ། །བཅུ་གཉིས་འཁོར་ལོའི་ཕྲེང་བས་ བསྐོར། །ཕྱི་རོལ་གླིང་ནི་བཅུ་གཉིས་དང་། །ཉི་མ་དང་ནི་ཟླ་བ་དང་། །ཆོས་ཀྱི་འཁོར་འོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང་། །རྡོ་རྗེ་འབར་བའི་ཕྲེང་བས་བསྐོར། །དབུས་ཀྱི་པདྨའི་ལྟེ་བའི་སྟེང་། །ཟླ་བ་ཉི་མ་སྒྲ་གཅན་དང་། །བདུད་དང་དྲག་པོ་ཡབ་ཡུམ་དང་། །བདུད་ནི་གདོང་གཅིག་ཁ་ དོག་དམར། ལག་བཞི་མདའ་དང་ལྕགས་ཀྱུ་གཡས། གཡོན་པས་གཞུ་དང་ཞགས་པ་འཛིན། །ཡུམ་ནི་དགའ་མོ་དང་བཅས་གཡས། །དྲག་པོ་གདོང་གསུམ་མདོག་དམར་པོ། །གཡོན་པས་ཐོད་པ་ཁ་ཊྭཱཾ་འཛིན། །ཨུ་མའི་ཡུམ་བཅས་གཡོན་དུ་གདེང་། །དེ་སྟེངམངོན་པར་བྱང་ཆུབ་པ། །ཨ་ 14-1-83a ཨི་རྀ། ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ་ཨཱཿལཱ་བཱ་རཱ་ཡཱ་ཧཱ། ཨཱ་ལ་ཨཽ་ཨར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཟླ་བ་ཡི་གེས་མཚན་པ་སྟེ། །མེ་ལོང་ཡེ་ཤེས་དག་པའོ། །ལླ་ཝྺ་ཡྻ་ཌྜ་ཌྷྷྜ་ལླ་ཝྺཱ་རྲ་ཡྻ་ཧྷ་སྶ་ྉྤྼྤ་ཥྵ་ཤྴ་ྈྐྲྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ ཎྞ། །ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ་། ང་གྷ་ག་ཁ་ཀ། ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ལ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ལ་བ་ར་ཡ་ཧ། ལ་ཝ་ཡ་ཌ་ཌྷ། ཉི་མ་ཡི་གེས་མཚན་པ་འོག །མཉམ་ཉིད་ཡེ་ཤེས་གཉིས་པའོ། །བར་དུ་དྲི་ཟའི་ཡི་གེ་ཧཱུྃ། །སོ་སོ་རྟོག་ པ་གསུམ་པའོ། །ཧི་ཡིག་གཅིག་གྱུར་རྡོ་རྗེར་གྱུར། བྱ་གྲུབ་ཡེ་ཤེས་བཞི་པའོ། །ཕཊ་ཀྱི་ཆ་ཤས་ཡོངས་སུ་རྫོགས། །ཆོས་དབྱིངས་ལེ་ཤེས་ལྔ་པའོ། །གཙོ་བོ་སྐུ་མདོག་སྔོན་པོ་ལ། །ཁ་དོག་ཕྱོགས་བཞི་དག་ཏུ་གསུངས། །ཞལ་བཞི་ཕྱག་ནི་ཉེར་བཞི་པ། །མགྲིན་གསུམ་ ཞབས་གཉིས་བརྐྱང་བཞུགས་པ། །དབུས་ཞལ་མཐིང་ག་མཆེ་གཅིགས་དྲག །གཡས་པ་དམར་པོ་ཆགས་པ་ཆེ། །གཡོན་པ་དཀར་པོ་ཞི་བའི་ཞལ། །རྒྱབ་ནི་སེར་པོ་ཏིང་འཛིན་བཞུགས། །རལ་པའི་ཐོར་ཚུགས་བཅུ་གཉིས་སྤྱན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་དང་། །རྡོ་རྗེ་སེམས་དཔས་དབུ་བརྒྱན་ པའོ། །གླང་ཆེན་སྟག་ལྤགས་ན་བཟའ་ཅན། །མགྲིན་གསུམ་གནག་དམར་དཀར་པོའོ། །དཔུང་པ་དྲུག་ནི་སྔོ་དམར་དཀར། །ཕྱག་ངར་བཅུ་གཉིས་དེ་བཞིན་ནོ། །ཕྱག་མགོ་ཉི་ཤུ་རྩ་བཞི་ནི། །གནག་དམར་དཀར་པོའི་རིམ་པ་བཞིན། །མཐོ་བོང་ལ་སོགས་སོར་ནོ་བཅུ། །སེར་དཀར་ དམར་གནག་སྔ་བཞིན་ནོ། །ཚིགས་ཀྱི་ཕྲེང་བ་སྔོ་དམར་དཀར། །རྡོ་རྗེ་རལ་གྲི་རྩེ་གསུམ་དང་། །གྲི་གུག་མདའ་དང་ལྕགས་ཀྱུ་དང་། །ཌ་རུ་ཐོ་བ་འཁོར་ལོ་མདུང་། །དབྱུག་པ་དགྲ་སྟ་གཡས་པས་འཛིན། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ག །ཐོད་པ་གཞུ་དང་ཞགས་པ་དང་། །རིན་ཆེན་པད་དཀར་ དུང་དང་ནི། །མེ་ལོང་ལྕགས་སྒྲོག་ཚངས་མགོ་གཡོན། །ཅོད་པན་སྙན་ཆ་མགུལ་རྒྱན་དང་། །གདུ་བུ་དཔུང་རྒྱན་སྐ་རགས་དང་། །ཞབས་གདུབ་རྣམས་ནི་རྡོ་རྗེས་བརྒྱན། །མགོ་བོའི་ཕྲེང་བས་དོ་ཤལ་དང་། །ཐལ་བ་ཕྲེང་བ་གཙུག་ནོར་བུ། །ཀླུ་ཆེན་བཅུ་ཡིས་དེ་བཞིན་བརྒྱན། །གཡོན་དཀར་ 14-1-83b གཡས་དམར་བརྐྱང་བའི་ཞབས། །ཡུམ་སེར་ཞལ་བཞི་ཕྱག་བརྒྱད་མ། །གཡས་དཀར་གཡོན་དམར་རྒྱབ་ཞལ་གནག །གྲི་གུག་ལྕགས་ཀྱུ་ཌ་མ་རུ། །ཕྲེང་བ་གཡས་པས་འཛིན་པར་མཛད། །ཐོད་པ་ཞགས་པ་པདྨ་དང་། །རིན་ཆེན་ནོར་བུ་གཡོན་ན་འཛིན། །རྒྱན་རྣམས་གཙོ་བོ་དག་ དང་མཐུན། །གཡོན་བརྐྱང་གཙོ་བོའི་སྐུ་ལ་འཁྱུད། །དེ་ནས་འཁོར་ལོ་དྲུག་པོ་ལ། །ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿདགོད། །དེ་ནས་འགྲོ་དྲུག་སེམས་ཅན་རྣམས། །བཀུག་ནས་དཀྱིལ་འཁོར་དེ་ལ་གཞུག །ཡབ་ཡུམ་མཁའ་གསང་བྱིན་བརླབས་ཏེ། །སྙོམས་འཇུག་སྒྲ་ཡིས་རྣམ་སྣང་སོགས། །ནང་ དུ་བཀུག་ནས་བཞུགས་པར་བསམ། །ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་ནི། །བྷ་གར་དེ་ལ་དབང་བསྐུར་བྱ། །སེམས་ཅན་དེ་རྣམས་དཀྱིལ་འཁོར་ལྷ། །ཞལ་གསུམ་ཕྱག་དྲུག་སོགས་སུ་གྱུར། །ཐབས་དང་ཤེས་རབ་གཉིས་མེད་པའི། །མཆོག་དགའི་བདེ་བས་གང་བར་བསམ། །ཀྵ་ཀྵི་ཀྵྲྀ་ ཀྵུ་ཀྵླྀ། ཀྵཱ་ཀྵཱི་ཀྵྲཱྀ་ཀྵཱུ་ཀྵླཱྀ། ཀྵ་ཀྵེ་ཀྵཱར་ཀྵོ་ཀྵལ་ཀྵཾཿ། ཀྵཱ་ཀྵེེ་ཀྵཱར་ཀྵོོ་ཀྵལ་ཀྵཱཾཿ། ཀྵྷ་ཀྵྻ་ཀྵྲ་ཀྵྺ་ཀྵླ། ཀྵྷཱ་ཀྵྻཱ་ཀྵྲཱ་ཀྵྺཱ་ཀྵླཱ། དེ་སོགས་ལུས་ཀྱི་དཀྱིལ་འཁོར་ལྷ། །ཕྱུང་ལ་དཀྱིལ་འཁོར་གཞུག་པར་བྱ། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། །གཙུག་ཏོར་ཧཾ་བསམ་ལྟོ་བ་རུ། །ཧོཿལས་གཏུམ་མོ་ཡེ་ཤེས་འོད། རབ་འབར་གཙོ་བོ་ཡབ་ཡུམ་གཉིས། །བདེ་ཆེན་འོད་དུ་ཞུ་བ་ལས། །ཚད་མེད་བཞི་ཡི་ལྷ་མོའི་གླུས། །འགྲོ་བའི་དོན་དུ་བཞེངས་པས་བསྐུལ། །སྤྱན་མ་བདག་ནི་འགྲོ་བའི་མ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་ མཛོད། །བདག་ནི་སྲིང་མོ་མཱ་མ་ཀཱི། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །གོས་དཀར་བདག་ནི་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་ འཁོར་བཞེངས་ལ་བདག་ཆགས་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་མེད་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །ལྷ་མོས་གླུ་མཛད་བཅོམ་ལྡན་ཁྱོད། །སེམས་ཅན་ཀུན་ལ་ཕན་མཛད་པ། །རྡོ་རྗེ་ཅན་གྱིས་ 14-1-84a བདག་བསྲུང་མཛོད། །ལྷ་མོའི་བླ་མས་འདོད་ཅན་འདོད་པ་མཛད་དོན་བཞེངས། །དེ་ལྟར་བསྐུལ་བ་གསན་ནས་ནི། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །མིག་འཕྲུལ་ལྟ་བུར་བཞེངས་མཛད་དེ། །ཧཱུྃ་ཕྲེཾ་ཞིང་བསྐུལ་བས་ཞུ། རྡོ་རྗེ་དང་ནི་གྲི་གུག་ཧཱུྃ་དུ་གྱུར། །དེ་བཞིན་གཙོ་ བོ་ཡབ་ཡུམ་བཞེངས། །དེ་ནས་འཁོར་གྱི་ལྷ་སྤྲོར ཕྱིར། །རྡོ་རྗེ་པདྨར་བྱིན་བརླབས་ལ། །ཐབས་དང་ཤེས་རབ་སྙོམས་འཇུག་སྒྲས། །ཆོས་ཀྱི་དབྱིངས་ནས་སངས་རྒྱས་རྣམས། །བཀུག་ལ་ཡབ་ཀྱི་ཞལ་དུ་ཐིམ། །བྷ་ག་གནས་བརྒྱུད་ཡུམ་གྱིས་ནི། །པདྨར་ཞུགས་ཏེ་བྷ་གར་བརྒྱུད། །ཡུམ་གྱི་ཞལ་ ནས་ཡབ་ཞལ་དུ། །ཞུགས་ནས་ཡབ་ཀྱི་རྡོ་རྗེ་ནས། །ས་བོན་ཡུམ་གྱི་པདྨ་རུ། །ཡི་གེ་སྤྲོས་ནས་ཕྱོགས་ཕྱོགས་གནས། །དེ་ནས་ཕྱག་མཚན་དེ་ལས་སྐུ། །དེ་ལ་ཕྱིར་སྤྲོས་གདན་ལ་དགོད། །ཨ་དང་རྡོ་རྗེ་ལས་གྱུར་པ། །མི་བསྐྱོད་ཞལ་གསུམ་ཕྱག་དྲུག་སྔོ། །སྤྲོས་ནས་སླར་ཡང་གཙོ་ལ་ ཐིམ། །རྡོ་རྗེ་དབྱིངས་ཕྱུག་སྐུ་མདོག་སྔོ། །སྤྲོས་ནས་སླར་ཡང་གཙོ་མོར་ཐིམ། །སྙིང་པོ་ཡེ་ཤེས་འཁོར་ལོ་ཡི། །ཆུ་སྐྱེས་འདབ་བརྒྱད་ཟླ་བའི་སྟེང་། །ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿ། ལྷ་མོ་ཞལ་བཞི་ཕྱག་བརྒྱད་དེ། །ཤར་དུ་ནག་མོ་འབར་མ་སྟེ། །སྐུ་དང་མདུན་གྱི་ཞལ་མཐུན གནག །གཡས་ དམར་གཡོན་དཀར་རྒྱབ་སེར་ཞལ། །སྤོས་དང་ཙནྡན་གུར་གུམ་སྣོད། །གླ་བ་ག་བུར་ལྡན་སྣོད་གཡས། །དྲིལ་བུ་པདྨ་ལྷ་ཤིང་གི། མེ་ཏོག་དང་ནི་ཕྲེང་བ་གཡོན། །ནུབ་ཏུ་སེར་འབར་མདུན་ཞལ་སེར། །གཡས་དཀར་གཡོན་དམར་རྒྱབ་སྔོ་ཞལ། །དུང་དང་ནོར་བུ་གླིང་བུ་དང་། །ཌ་མ་རུ་ནི་ཕྱག་ གཡས་ན། །པི་ཝང་རྒྱུད་མངས་དང་ནི་མདའ། །དྲིལ་བུ་ཁྲོལ་བ་རང་གཡོན་ན། བྱང་དུ་དཀར་འབར་དབུས་ཞལ་དཀར། །གཡས་གནག་གཡོན་སེར་རྒྱབ་ཞལ་དམར། །འོ་མའི་སྣོད་དང་ཆུ་སྣོད་དང་། །ལྷ་ཡི་སྨན་དང་ཆང་སྣོད་གཡས། །བདུད་རྩིའི་སྣོད་དང་གྲུབ་པའི་བཅུད། །ཨ་རུ་ར་དང་ འབྲས་ཟན་གཡོན། །ལྷོ་རུ་དམར་འབར་དབུས་ཞལ་དམར། །གཡས་སེར་གཡོན་སྔོ་རྒྱབ་དཀར་ཞལ། །མར་མེ་མུ་ཏིག་དོ་ཤལ་དང་། །ཅོད་པན་གདུ་བུ་ཕྱག་གཡས་ན། །ན་བཟའ་དང་ནི་སྐུ་རེགས་དང་། །རྣ་ཆ་དང་ནི་རྐང་རྒྱན་གཡོན། །ཤར་ལྷོར་དུ་བ་ནག་མོ་དང་། །ནུབ་བྱང་མར་མེ་ 14-1-84b སེར་མོ་དང་། བྱང་ཤར་མཁའ་གསལ་དཀར་མོ་དང་། །ལྷོ་ནུབ་སྨིག་རྒྱུ་དམར་པོ་བཞི། །ཞལ་ནི་ཕྱོགས་བཞིའི་ལྷ་མོ་མཚུངས། །ཕྱག་བརྒྱད་ཐམས་ཅད་རྔ་ཡབ་བསྣམས། །མཉམ་བརྐྱང་པ་ཡི་སྟབས་ཀྱིས་བཞུགས། །རྡོ་རྗེ་སྐྱི་ཚུལ་མོ་ཀྲུང་གིས་ཡབ། །ཡུམ་ནི་པདྨའི་བཞུགས་སྟབས་ སོ། །མཚམས་ཀྱི་གྲུ་ཆད་བཞི་དག་ལ། །ཨོཾ་ཨཱཿཧཱུྃ་ཧོཿ། ཆོས་ཀྱི་དུང་དཀར་བྱང་ཤར་དུ། །གཎྜཱི་དམར་པོ་ལྷོ་ནུབ་མཚམས། །ཤར་ལྷོར་ཡིད་བཞིན་ནོར་བུ་གནག །དཔག་བསམ་ཤིང་སེར་བྱང་ནུབ་བོ། །འདོད་མ་ལོག་མ་བདུན་ཅུ་གཉིས། །ཕྱོགས་ན་བཅོ་བརྒྱད་འགྱིང་བག་ཅན། ། འཁྱུད་པའི་སྟོབས་ཀྱིས་ཕྱག་སྦྲེལ་ནས། །ཁ་ཁྱེར་ལ་གནས་མཆོད་པར་བྱེད། །དེ་ནས་ཐུགས་ཀྱི་པདྨ་ལ། །ཕྱོགས་ལ་ཉི་མའི་གདན་དག་ལ། །ཨི་རྀ་ཨུ་ལེ། ཤར་དུ་དོན་ཡོད་གྲུབ་པ་གནག །ལྷོ་རུ་རིན་ཆེན་འབྱུང་ལྡན་དམར། བྱང་དུ་སྣང་བ་མཐའ་ཡས་དཀར། །ནུབ་ཏུ་རྣམ་པར་སྣང་ མཛད་སེར། །མཚམས་སུ་ཟླ་བའི་གདན་དག་ལ། །ཨཱི་རཱྀ་ཨཱུ་ལཱྀ། ཤར་ལྷོར་སྒྲོལ་མ་ནག་མོ་སྟེ། །ལྷོ་ནུབ་གོས་དཀར་མོ་ནི་དམར། བྱང་ཤར་མཱ་མ་ཀཱི་ནི་དཀར། བྱང་ནུབ་སངས་རྒྱས་སྤྱན་ནི་སེར། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཡག །ཡུམ་ནི་པདྨའི་བཞུགས་སྟབས་སོ། །ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ ཧླཱྀ་ཧཾ་ཧཱཿ། དེ་རྣམས་བར་བརྒྱད་བུམ་པ་བརྒྱད། །སྟེང་འོག་གཉིས་དང་བུམ་དཀར་བཅུའོ། །སྒོ་བཞི་ཉི་མའི་གདན་དག་ལ། །ཡཾ་རཾ་ཝཾ་ལཾ། ཡཿརཿཝཿལཿ། ཤར་དུ་བགེགས་དགྲ་བརྩོན་འགྲུས་གནག །ལྷོ་སྒོར་ཤེས་རབ་ཛཾ་བྷ་དམར། །བྱང་དུ་པདྨ་ང་རྒྱལ་དཀར། །ནུབ་ཏུ་གཤིན་རྗེ་རེངས་ མ་སེར། །ཁྲོ་བོ་གཡས་བརྐྱང་ཁྲོ་མོ་བཟློག །ཁྱམས་ལ་སེམས་དཔའ་ཉི་མའི་གདན། །ཨ་ཨེ་ཨར་ཨོ་ཨལ་ཨཾ། ཤར་སྨད་ནམ་མཁའི་སྙིང་པོ་གནག །ཤར་སྟོད་ཀུན་དུ་བཟང་པོ་སྡོ། །ལྷོ་སྨད་ས་ཡི་སྙིང་པོ་དམར། །ཁྱང་སྨད་སྤྱན་རས་གཟིགས་དབང་དཀར། །ནུབ་སྨད་སྒྲིབ་པ་རྣམ་སེལ་སེར། ། ལྡོ་སྟོད་ཕྱག་ན་རྡོ་རྗེ་སྡོ། །སེམས་མ་རྣམས་ལ་ཟླ་བའི་གདན། ཨཱ་ཨེེ་ཨཱར་ཨཽ་ཨཱལ་ཨཱཿ། བྱང་སྟོད་སྒྲ་ཡི་རྡོ་རྗེ་ལྗང་། །ཤར་ལྷོར་རེག་གི་རྡོ་རྗེ་གནག །ལྷོ་ནུབ་རོ་ཡི་རྡོ་རྗེ་དམར། །བྱང་ཤར་གཟུགས་ཀྱི་རྡོ་རྗེ་དཀར། །ནུབ་བྱང་དྲི་ཡི་རྡོ་རྗེ་སེར། །ནུབ་སྟོད་ཆོས་དབྱིངས་རྡོ་རྗེ་སྔོ། །དེ་རྣམས་ཞལ་དང་ 14-1-85a ཕྱག་མཚན་ནི། །དབུས་སྔོ་གཡས་དམར་གཡོན་དཀར་ཞལ། །རྡོ་རྗེ་གྲི་གུག་དགྲ་སྟ་གཡས། །དྲིལ་བུ་ཐོད་པ་ཚངས་མགོ་གཡོན། །དབུས་ནག་གཡས་དམར་གཡོན་སེར་ཞལ། །རལ་གྲི་གྲི་གུག་རྩེ་གསུམ་གཡས། །ཕུབ་དང་ཐོད་པ་ཁ་ཊྭཱཾ་གཡོན། །དབུས་དམར་གཡས་ དཀར་གཡོན་གནག་ཞལ། །མདའ་དང་ཅང་ཏེའུ་ལྕགས་ཀྱུ་གཡས། །གཞུ་དང་ཞགས་པ་རིན་ཆེན་གཡོན། །དབུས་དཀར་གཡས་གནག་གཡོན་དམར་ཞལ། །ཐོ་བ་མདུང་དང་རྩེ་གསུམ་གཡས། །པདྨ་མེ་ལོང་ཕྲེང་བ་གཡོན། །དབུས་སེར་གཡས་དཀར་གཡོན་སྔོ་ཞལ། །འཁོར་ལོ་དབྱུག་པ་རྡོ་རྗེ གཡས། །དུང་དང་ལྕགས་སྒྲོག་དྲིལ་བུ་གཡོན། །ཡབ་ཡུམ་ཡུལ་ལ་བསམས་པ་ནི། །འདུ་བྱེད་གཟུགས་ནི་གཉིས་མེད་ཡབ་ཡུམ་སྟེ། །འདུ་ཤེས་ཚོར་བ་དེ་བཞིན་ནོ། །སྣ་དང་དྲི་ཡིན་མིག་དང་གཟུགས། །ལྕེ་དང་རོ་ཡིན་རེག་དང་ལུས། །རྣ་བ་སྒྲ་ཡིན་སེམས་དང་ཆོས། །བགེགས་མཐར་ བྱེད་དང་རེངས་བྱེད་མ། །ཤེས་རབ་མཐར་བྱེད་ང་རྒྱལ་ཅན། །པདྨ་མཐར་བྱེད་རྨུགས་བྱེད་མ། །གཤིན་རྗེ་མཐར་བྱེད་བརྩོན་འགྲུས་མ། །ཡབ་བཞུགས་དེ་རུ་ཡུམ་འཁྱུད་ཅིང་། །ཡུམ་བཞུགས་ས་རུ་ཡབ་འཁྱུད་པའོ། །ཁ་ཁྱེར་མཆོད་པའི་ལྷ་མོ་དང་། །འདོད་ལྷ་བདུན་ཅུ་རྩ་གཉིས་སོ། །དེ་ ནས་གསུང་གི་དཀྱིལ་འཁོར་གྱི། །ཤར་གྱི་རོ་སྟེང་པདྨ་ལ། །ཧ་ཧི་ཡ་ཡི་ཡྲྀ་ཧི་ཡུ་ཡླྀ་ཡཾ། དབུས་སུ་རྒན་བྱད་པད་འདབ་ལ། །འཇིགས་མ་དྲག་མ་དུས་མཆེ་མ། །འབར་ཞལ་རླུང་ཤུགས་རབ་ཏུ་གཏུ་གཏུམ། །དྲག་ཆེན་སྣ་ཆེན་བརྒྱད་ཀྱིས་བསྐོར། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། ། ནག་མོ་གྲི་གུག་རྩེ་གསུམ་གཡས། །ཐོད་པ་ཁ་ཊྭཱཾ་གཡོན་ནའོ། །ཤར་ལྷོ་མཁའ་ལྡིང་པདྨ་ལ། །ཀྵཱ་ཀྵཱི་ཡ་ཡཱི་ཡྼཱྀ་ཀྵཱ་ཡཱུ་ཡླཱྀ་ཡཱཿ། ལྟེ་བར་ཁྱབ་འཇུག་པདྨ་ལ། །དཔལ་ལྡན་སྒྱུ་མ་གྲགས་མ་དང་། དཔལ་མོ་དཔལ་རྒྱལ་རྣམ་རྒྱལ་མོ། །རྒྱལ་བྱེད་དཔལ་ལྡན་འཁོར་ལོ་ཅན། །ནག་མོ་འཁོར་ལོ་ དབྱུག་ཏོ་གཡས། །པདྨ་དུང་ནི་གཡོན་ནའོ། །ལྷོ་རུ་མ་ཧེ་པདྨའི་སྟེང་། །ཧ་ཧྲ་རྀ་རཱྀ་ཪྼྀ་ཧྲི་རུ་རླྀ་རཾ། ལྟེ་བར་ཕག་མོ་འདབ་མ་ལ། །ཀེང་རུས་དུས་མཚན་རབ་ཁྲོའི་གདོང་། །དུས་ཀྱི་ལྕེ་མ་གཙིགས་མ་དང་། །དུས་མ་མི་བཟད་ལུས་ངན་མ། །དམར་མོ་དབྱུག་པ་རལ་གྲི་གཡས། །མདུང་ཐུང་ལྕགས་ཀྱུ་ 14-1-85b གཡོན་ནའོ། །ལྷོ་ནུབ་རྨ་བྱ་པད་སྟེང་ན། །ཀྵཱཿཀྵྼཱྀ་རཱ་རཱྀ་ཪྼཱྀ་ཀྵྼཱྀ་རཱུ་རཹ་རཱཿ། ལྟེ་བར་གཞོན་ནུ་མ་འདབ་ལ། །པདྨ་ལུས་མེད་གཞོན་ནུ་མ། །རི་དྭགས་བདག་འགྲོ་རིན་ཆེན་ཕྲེང་། མིག་བཟངས་རུལ་མ་བཟང་མོས་བསྐོར། །དམར་མོ་མདུང་ཐུང་ལྕགས་ཀྱུ་གཡས། །རིན་ཆེན་ཞགས་པ་གཡོན་ནའོ། ། བྱང་དུ་ཁྱུ་མཆོག་པད་སྟེང་དུ། ཧཾ་ཧུ་ཝ་ཝི་ཝྲྀ་ཧུ་ཝུ་ཝླྀ་ཝཾ། ལྟེ་བར་དྲག་མོ་འདབ་མ་ལ། དཀར་མོ་གཾ་གཱ་རྟག་མ་དང་། །མྱུར་མ་དང་ནི་ཐིག་ལེ་མཆོག །དཔལ་སྐྱོང་སེར་སྐུ་ནག་མོས་བསྐོར། །དཀར་མོ་རྩེ་གསུམ་ཅང་ཏེའུ་གཡས། །ཁ་ཊྭཱཾ་སྦྲུལ་ཞགས་གཡོན་ནའོ། །བྱང་ཤར་སེང་གེ་པདྨའི་ སྟེང་། །ཀྵཾ་ཀྵུ་ཝཱ་ཝཱི་ཝྲཱྀ་ཀྵུ་ཝཱུ་ཝླཱྀ་ཝཱ། དབུས་སུ་དཔལ་ཆེན་འདབ་མ་ལ། །དཀར་དཔལ་ཟླ་བའི་རི་མོ་དང་། །ཟླ་ཞལ་ངང་མདོག་འཛིན་མ་དང་། །པདྨའི་དབང་ཕྱུག་སྒྲོལ་མའི་མིག །དྲི་མེད་རི་བོང་འཛིན་མས་བསྐོར། །དཀར་མོ་པདྨ་བགྲང་ཕྲེང་གཡས། །གཡོན་ན་མེ་ཏོག་རིན་ཆེན་ནོ། །ནུབ་ ཏུ་གླང་ཆེན་པདྨའི་སྟེང་། །ཧཱ་ཧླཱྀ་ལཱ་ལཱི་ཪྼཱྀ་ཧླཱྀ་ལླཱྀ་ལཱཾ། ལྟེ་བར་དབང་པོའི་འདབ་མ་ལ། །རྡོ་རྗེའི་འོད་དང་རྡོ་རྗེའི་ལུས། །གསེར་ཅན་མ་དང་འདོད་དབང་མ། །རི་མོ་འདྲི་དང་རྩོམ་མ་དང་། །ཟུག་རྔུ་མེད་མ་སྒྲོལ་མ་བཟང་། །སེར་མོ་རྡོ་རྗེ་མདའ་ནི་གཡས། །དྲིལ་བུ་གཞུ་ནི་གཡོན་ནའོ། །བྱང་ ནུབ་ངང་པ་པདྨའི་སྟེང་། །ཀྵཱ་ཧླཱ་ལཱ་ཪྼྀ་ཀྵླཱ་ལུ་ལླཱ་ལཱཿ། ལྟེ་བར་ཚངས་མ་འདབ་མ་ལ། །གཙང་སྦྲ་མ་དང་པདྨའི་མིག །ཆུ་སྐྱེས་ཅན་དང་བློ་གྲོས་མ། །ངག་དབང་གླུ་མ་ཀློག་དྲན་མ། །སེར་མོ་པདྨ་དབྱུག་པ་གཡས། །སྦྲུལ་དང་ཕུབ་ནི་གཡོན་ནའོ། །ཐམས་ཅད་རོལ་པའི་འདུག་སྟངས་སོ། །སྒོ་བཞིར་ སྟེང་འོག་ཤིང་རྟ་ལ། །ཧཾ་ཧཱཿཧ་ཧཱཿ། ཤར་སྒོར་གཙུག་ཏོར་བྱང་དྲག་སྤྱན། །ཞལ་གཅིག་ཕྱག་བཞི་སྐུ་མདོག་སྷོ། །དགྲ་སྟ་རྩེ་གསུམ་གཡས་གཉིས་ན། །སྦྲུལ་ཞགས་ཁ་ཊྭཱཾ་གཡོན་ནའོ། །ལྷོ་རུ་སྡོ་ན་མོ་ནུབ་སུཾ་བྷ། །ལྗང་ཁུ་གྲི་གུག་རྡོ་རྗེ་གཡས། །ཐོད་པ་དྲིལ་བུ་གཡོན་ནའོ། །འདོད་ལོག་བདུན་ ཅུ་རྩ་གཉིས་པོ། །ཁ་ཁྱེར་ལ་གནས་མཆོད་པ་བྱེད། །དེ་ནས་སྐུ་ཡི་དཀྱིལ་འཁོར་གྱི། །ཤར་སྨད་རོ་སྟེང་པད་གདན་ལ། །ཉ་ཉི་ཉྼྀ་ཉུ་ཉླྀ་ཉྃ། ཛྷ་ཛྷི་ཛྷྲྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྲྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། དབུས་སུ་བདེན་བྲལ་ཛཱི་རྡོ་རྗེ། །འདབ་མར་རིམ་པར་ཉ་རྡོ་རྗེ། །ཉི་རྡོ་རྗེ་དང་ནི་ཉྼྀ་རྡོ་རྗེ། ། 14-1-86a ཉུ་རྡོ་རྗེ་དང་ནི་ཉླི་ལྡོ་རྗེ། །ཉཾ་རྡོ་རྗེ་དང་ནི་ཛྷ་རྡོ་རྗེ། །ཛྷྀ་རྡོ་རྗེ་དང་ཛྙྼྀ་རྡོ་རྗེ། །ཛྷུ་རྡོ་རྗེ་ཛྷླྀ་རྡོ་རྗེ། །ཛྷཾ་རྡོ་རྗེ་ལ་སོགས་པ་སྦྱར། །ས་བོན་རྡོ་རྗེས་མཚན་པའི་མིང་། །སུམ་ཅུ་ཞལ་གཅིག་ཕྱག་བཞི་པ། །ནག་པོ་རལ་གྲི་གྲི་གུག་གཡས། །ཕུབ་དང་ཐོད་པ་གཡོན་ནའོ། །ཤར་ལྷོར་ཤ་བ་པདྨའི་སྟེང་། ། ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ། ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཱཿ། ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཱཿ། ཛྷཱ་ཛྷཱི་ཛྼཱྀ་ཛྷཱུ་ཛྷླཱྀ་ཛྷཱཾཿ། ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཱཿ། དབུས་སུ་རླུང་ལྷ་ཛྲཱྀ་རྡོ་རྗེ། །ཙཱ་རྡོ་རྗེ་སོགས་སུམ་ཅུ་པོ། །ནག་པོ་དཔག་བསམ་མེ་ཏོག་གཡས། །ཨིནྡྲ་ནཱི་ལ་ཨུཏྤལ་གཡོན། །ལྷོ་སྨད་ལུག་དང་པདྨའི་སྟེང་། །ཎ་ཅི་ཎྲྀ་ཎུ་ཎླྀ་ཎཾ། ཌྷ་ཌྷི་ཌྷྲྀ་ཌྷུ་ཧླཱྀ་ཌྷཾ། ཌ་ ཌི་ཌྼྀ་རུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཌྼྀ་ཊུ་ཊླྀ་ཊཾ། ལྟེ་བར་མེ་ལྷ་ཌྷི་རྡོ་རྗེ། །ཎ་རྡོ་རྗེ་སོགས་སུམ་ཅུ་པོ། །དམར་པོ་མདུང་དང་དབྱུག་པ་གཡས། །པདྨ་རིལ་བ་སྤྱི་བླུགས་གཡོན། །ལྷོ་ནུབ་རྨ་བྱ་པདྨའི་སྟེང་། ཊཱ་ཊཱི་ཊྼཱྀ་ཊཱུ་ཊླཱྀ་ཊཱཿ། ཋཱ་ཋཱི་ཋྼཱྀ་ཋཱུ་ཋླཱྀ་ཋྰཿ། ཌཱ་ཌཱི་ཌྼཱྀ་ཌཱུ་ཌླཱྀ་ཌཱཿ།ཌྷཱ་ཌྷའི་ཌྷྼཱྀ་ཌྷཱུ་ཌྷླཱྀ་ཌྷཱ༔། ཎཱ་ཎཱི་ཎྼཱྀ་ཎཱུ་ཎླཱྀ་ ཎཱཿ། དབུས་སུ་གདོང་དྲུག་ནྟ་རྡོ་རྗེ། །ཊཱ་རྡོ་རྗེ་སོགས་སུམ་ཅུའོ། །དམར་པོ་པདྨ་མདུང་ཐུང་གཡས། །རིན་པོ་ཆེ་དང་མེ་ལོང་གཡོན། །བྱང་སྨད་ཆུ་སྲིན་པདྨའི་སྟེང་། །མ་མི་མྲྀ་མུ་མླྀ་མཾ། བྷ་བྷི་བྷྲྀ་བྷུ་བྷླྀ་བྷཾ། བ་བི་བྲྀ་བུ་བླྀ་བཾ། ཕ་ཕི་ཕྲྀ་ཕུ་ཕླྀ་ཕཾ། པ་པི་པྲྀ་པུ་པླྀ་པཾ། ལྟེ་བར་རྒྱ་མཚོ་པྲྀ་རྡོ་རྗེ། ། མ་རྡོ་རྗེ་སོགས་སུམ་ཅུའོ། །དཀར་པོ་ཞགས་པ་རིན་ཆེན་གཡས། །ཀླུ་ཞགས་ཆུ་ཤེལ་གཡོན་ནའོ། །བྱང་ཤར་བྱི་བ་པདྨའི་སྟེང་། །པཱ་པཱི་པྼཱྀ་པུ་པླཱྀ་པཱཿ། ཕཱ་ཕཱི་ཕྼཱྀ་ཕཱུ་ཕླཱྀ་ཕཱཿ། བཱ་བཱི་བྼཱྀ་བུ་བླཱྀ་བཱཿ། བྷཱ་བྷཱི་བྷྼཱྀ་བྷཱུ་བྷླཱྀ་བྷཱཿ། མཱ་མཱི་མྼཱྀ་མཱུ་མླཱྀ་མཱཿ། ལྟོ་བ་ཚོགས་བདག་བྲཱྀ་རྡོ་རྗེ། །པཱ་རྡོ་རྗེ་སོགས་སུམ་ཅུ་པོ། ། དཀར་པོ་དགྲ་སྟ་རྡོ་རྗེ་གཡས། །ཞགས་པ་རིན་ཆེན་ནོར་བུ་གཡོན། །ནུབ་སྨད་གླང་ཆེན་པདྨའི་སྟེང་། །ན་ནི་ནྼྀ་ནུ་ནླྀ་ནཾ། དྷ་དྷི་དྷྼྀ་དྷུ་དྷླྀ་ངྷ། ད་དི་དྼྀ་དུ་དླྀ་དྃ། ཐ་ཇི་ཐྼྀ་ཐུ་ཐླཱིཾཐཱ༔། ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ། ལྟེ་བར་བརྒྱ་བྱིན་དྲྀ་རྡོ་རྗེ། །ན་རྡོ་རྗེ་སོགས་སུམ་ཅུ་པོ། །སེར་པོ་གཡས་པ་རྡོ་རྗེ་མདའ། །དྲིལ་ བུ་གཞུ་ནི་གཡོན་ནའོ། །ནུབ་བྱང་ངང་པ་པདྨའི་སྟེང་། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཱཿ། ཐཱ་ཐཱི་ཐྼཱྀ་ཐཱུ་ཐླཱྀ་ཐཱཿ། དཱ་དཱི་དྼཱྀ་དཱུ་དླཱྀ་དཱཿ། དྷཱ་དྷཱི་དྷྼཱྀ་དྷཱུ་དྷླཱྀ་དྷཱཿ། ནཱ་ནཱི་ནྼཱྀ་ནཱ་ནླཱྀ་ནཱཿ། ལྟེ་བར་ཚངས་པ་དྲཱྀ་རྡོ་རྗེ། །ཏཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སེར་པོ་ཁབ་དང་བགྲང་ཕྲེང་གཡས། །པདྨ་རིལ་བ་སྤྱི་བླུགས་གཡོན། །ཤར་སྟོད་ 14-1-86b མཁའ་ལྡིང་པདྨའི་སྟེང་། །ང་ངི་ངྼྀ་ངུ་ངླྀ་ངཾ་། གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་གྼྀ་གུ་གློ་གཾ། །ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ། ལྟེ་བར་ཁྱབ་འཇུག་གྲྀ་རྡོ་རྗེ། །ང་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་འཁོར་ལོ་དབྱུག་ཏོ་གཡས། །པདྨ་ལྔ་སྐྱེས་དུང་ནི་གཡོན། །ལྷོ་སྟོད་མ་ཧེ་པདྨའི་སྟེང་། ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཱཿ། ཁཱ་ཁཱི་ཁྼཱྀ་ཁཱུ་ཁླཱྀ་ཁཱཿ། གཱ་གཱི་གྼཱྀ་གུ་གླཱྀ་གཱཿ། གྷྲཱ་གྷཱི་གྷྼཱྀ་གྷཱུ་གྷླཱྀ་གྷཱཿ། ངཱ་ངཱི་ངྼཱྀ་ངཱུ་ངླཱྀ་ངཱཿ། ལྟེ་བར་གཤིན་རྗེ་གྲཱྀ་རྡོ་རྗེ། །ཀཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་དབྱུག་པ་རལ་གྲི་གཡས། །ལྕགས་སྒྲོག་ཞགས་པ་གཡོན་ནའོ། །བྱང་སྟོད་ཁྱུ་མཆོག་པདྨའི་སྟེང་། །ྈྐ་ྈྐི་ྈྐྼྀ་ ྈྐུ་ྈྐྀ་ྈྐཾ། །ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྼྀ་ཥྭ་ཥླྀ་ཥཾ། ྉྤ་ྉྤི་ྲྉྤྼྀ་ྉྤུ་ྉྤླྀ་ྉྤཾ། ས་སི་སྲྀ་སུ་སླྀ་སཾ། ལྟེ་བར་དྲག་པོ་རྀ་རྡོ་རྗེ། ྈྐ་རྡོ་རྗེ་སོགས་སུམ་ཅུ་པོ། །ལྗང་གུ་གཡས་པ་རྩེ་གསུམ་མདའ། །གཡོན་པ་སྦྲུལ་བཅས་ཁ་ཊྭཱཾ་གཞུ། །ནུབ་སྟོད་གླང་པོ་པདྨའི་སྟེང་། །སཱ་སཱི་སྼཱྀ་སཱུ་སླཱྀ་སཱཿ། ། ྲྉྤཱ་ྉྤཱི་ྉྤྼཱྀ་ྉྤཱུ་ྉྤླཱྀ་ྉྤཱཿ། ཥཱ་ཥཱི་ཥྼཱྀ་ཥཱུ་ཥླཱི་ཤཱཿ། ཤཱ་ཤཱི་ཤྼཱྀ་ཤཱུ་ཤླཱྀ་ཤཱཿ། ྈྐཱ་ྈྐཱི་ྈྐྼྀ་ྈྐཱུ་ྈྐླཱྀ་ྈྐཱཿ། ལྟེ་བར་གནོད་སྦྱིན་ཥྲཱྀ་རྡོ་རྗེ། །སཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་རིན་ཆེན་བེ་ཅོན་གཡས། །ནེའུ་ལེ་རྐྱལ་པ་པདྨ་གཡོན། །རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པར་བཞུགས། །ཤར་སྒོར་ཕག་གི་ཤིང་རྟ་དང་། །ལྷོ་ སྒོར་རྟ་དང་བྱང་སེང་གེ། ནུབ་སྒོར་གླང་ཆེན་ཤིང་རྟའོ། །ཡཾ་རཾ་ཝཾ་ལཾ། ལཿཝཿརཿཡཿ། ལྕགས་སྒྲོག་མ་དང་དབྱུག་སྔོན་ཤར། །ནག་མོ་རལ་གྲི་རྡོ་རྗེ་གཡས། །ཕུབ་དང་སྦྲུལ་ཞགས་གཡོན་ནའོ། །ཁྲོ་གཉེར་ཅན་དང་འདོད་རྒྱལ་ལྷོ། །དམར་པོ་མདའ་དང་ལྕགས་ཀྱུ་གཡས། །གཞུ་ དང་ཞགས་པ་གཡོན་ནའོ། །སྐུལ་བྱེད་མ་དང་མི་གཡོ་བྱང་། །དཀར་མོ་ཐོ་བ་མདུང་གཡས་ན། །པདྨ་མེ་ལོང་གཡོན་ནའོ། །འོད་ཟེར་ཅན་དང་སྟོབས་ཆེན་ནུབ། །སེར་མོ་འཁོར་ལོ་དབྱུག་པ་གཡས། །དུང་དང་རིན་ཆེན་གཡོན་ནའོ། །ཁྲོ་མོའི་སྟབས་ནི་སྔར་བཤད་ཟིན། །ཁ་ཁྱེར་ལ་ནི་འོད་ ལྡོག་གོ། །རྟ་བབས་ཀ་བ་བརྒྱད་ཀྱི་འོག །ཕྱི་རོལ་འབྱུང་བཞིའི་དཀྱིལ་འཁོར་ལ། །ཧྱ་ཏྱཱ་ཧྲ་ཧྲཱ་ཧྭ་ཏྲཱ་ཧླ་ཧླཱ། ནག་མོ་སྟོབས་རྒྱུ་པདྨ་ཤར། །དམར་མོ་ནོར་རྒྱས་དུང་སྐྱོང་ལྷོ། །དཀར་པོ་མཐའ་ཡས་རིགས་ལྡན་བྱང་། །སེར་པོ་འཇོག་པོ་པད་ཆེན་ནུབ། །བདུད་རྩི་བུམ་པ་རྡོ་རྗེ་གཡས། །པདྨ་རིན་ཆེན་ 14-1-87a གཡོན་ནའོ། །དེ་ནས་དུར་ཁྲོད་མིང་དང་གདན། །ཤར་དུ་རྩེ་གསུམ་བསེ་ཡི་གདན། །ཤར་ལྷོར་མི་བཟད་བྷི་རུཎྜ། །ལྷོ་རུ་རོ་བསྲེག་དོམ་གྱི་གདན། །བྱང་དུ་རུས་སྦལ་གཡག་གི་གདན། །བྱང་ཤར་བྱིས་ཤིར་ཕ་ཝང་གདན། །ནུབ་ཏུ་རུལ་པའི་དྲིར་སེང་གེ། ནུབ་བྱང་རུས་ སྦལ་ཟོས་མིག་སྔོན། །དེ་རྣམས་སྟེང་དུ་འཁོར་ལོ་ཡི། །ཀྐྒྒྷྔ་ཙྪྫྫྷྙ་ལྺྲྻྐྵ་ཊྛྜྜྷྞ་ལྺྲྻྷ་པྥྦྦྷྨ་སྐྤྵྴ་ྈྐ་ཏྠྡྡྷྣ། །ཁྱི་གདོང་བྱ་རོག་གདོང་མ་གནག །ཕག་གདོང་བྱ་རྒོད་གདོང་མ་དམར། །སྟག་གདོང་འུག་གདོང་མ་གཉིས་དཀར། །ཅེ་སྤྱང་མཁའ་ལྡིང་གདོང་མ་སེར། །ཕྱག་གཉིས་གྲི་གུག་ཐོད་པ་བསྣམས། །རོལ་པའི་ སྟབས་ཀྱིས་གནས་པའོ། །རྒན་བྱད་བརྒྱ་བྱིན་ཡབ་ཡུམ་ཡིན། །ཕག་མོ་རྒྱ་མཚོ་ཡབ་ཡུམ་མོ། །དབང་མོ་བདེན་བྲལ་ཡབ་ཡུམ་མོ། །དྲག་མོ་མེ་ལྷ་ཡབ་ཡུམ་མོ། །ཁྱབ་འཇུག་མ་དང་ཚངས་པ་མོ། །གདོང་དྲུག་མ་དང་ཚོགས་བདག་མོ། །ཁྱབ་འཇུག་ དང་ནི་ནོར་སྦྱིན་མོ། །གཤིན་རྗེ་དང་ནི་ཆུ་མའོ། །ནོར་སྦྱིན་མ་དང་ཁྱབ་འཇུག་མ། །རྒྱ་མཚོ་དང་ནི་གཤིན་རྗེ་མོ། །ཕན་ཚུན་འཁྱུད་པ་སྔར་བཞིན་བཤད། །པདྨ་ཅེ་སྤྱང་ཡབ་ཡུམ་ཡིན། །སྟོབས་ཀྱི་རྒྱུ་དང་མཁའ་ལྡིང་གདོང་། །ནོར་རྒྱས་ཀླུ་དང་སྟག་གདོང་མ། །དུང་སྐྱོང་ ཀླུ་དང་འུག་གདོང་མ། །མཐའ་ཡས་ཀླུ་དང་ཕག་གདོང་མ། །རིགས་ལྡན་ཀླུ་དང་བྱ་རྒོད་གདོང་། །འཇོག་པོ་ཀླུ་དང་ཁྱི་གདོང་མ། །པདྨ་ཆེ་དང་བྱ་རོག་གདོང་། །ཡབ་ཡུམ་སྔར་བཤད་བཞིན་དུའོ། །གཞན་ཡང་དུར་ཁྲོད་བརྒྱད་པོ་ནི། །མ་མོ་ཀླུ་དང་སྲིན་དང་བཅུ། །ཕྱོགས་སྐྱོང་ཞིང་སྐྱོང་ཞིང་ཆེན་ གཟའ། །རི་མེ་ལྷ་ཆེན་མཆོད་རྟེན་དང་། །རྣལ་འབྱོར་དཔའ་བོ་བརྒྱད་བརྒྱད་སོགས། །རོ་དང་ཅེ་སྤྱང་དུར་ཁྲོད་སོགས། །ལོ་ཟླ་ཞག་དུས་རྒྱུ་སྐར་སོགས། །དགའ་བྱེད་དྲིལ་རྣ་ནག་པོ་ཆེ། །བྷྲྀ་ངྒི་རི་ཏི་ཞིང་སྐྱོང་དང་། །པོ་ཉ་འཕྲོག་མ་གྲུབ་པ་སོགས། །བྱེ་བ་ཕྲག་ནི་ཕྱེད་དང་བཞིའོ། །སྔར་གྱི་ ཁ་ཁྱེར་འདོད་ལོག་ནི། ཙཿཚཿཛཿཛྷཿཉཿཊཿཋཿཌཿཌྷཿཎཿཔཿཕཿབཿབྷཿམཿཏཿཐཿདཿདྷཿནཿ། ཤར་སྟོད། སཿྉྤཿཥཿཤཿྈྐཿལཿཝཿརཱཿཡཿཀཿཁཿགཿགྷཿངཿཧྐཿཧཿཀྵཿ། ཉཾ་ཛྷཾ་ཛཾ ཚཾ་ཙཾ། ཎཾ་ཌྷཾ་ཌཾ་ཋཾ་ཊཾ། མཾ་བྷཾ་བཾ་ཕཾ་པཾ། ནཾ་དྷཾ་དཾཾཐཾ་ཏཾ། ྈྐཾ་ཤཾ་ཥཾ་ྉྤཾ་སཾ། ཡཾ་རཾ་ཝཾ་ལཾ། ངཾ་གྷཾ་ 14-1-87b གཾ་ཁཾ་ཀཾ། ཀྵ་ཧཾ་ཧྐཾ། གསོད་འདོད་སྡང་འདོད་ཁེངས་འདོད་མ། །རྒྱལ་འདོད་རེངས་འདོད་སྐྱེད་འདོད་མ། །རོལ་མོ་འདོད་དང་རྒྱན་འདོད་མ། །བཟའ་བ་འདོད་དང་དྲི་འདོད་མ། །གོས་འདོད་འཁྲིག་པ་འདོད་པ་མོ། །འཕྲུག་འདོད་ཁ་ཆུ་སྤང་འདོད་མ། །ཡན་ལག་དྲི་འདོད་གར་འདོད་མ། །གདན་ འདོད་འོ་ཐུག་འདོད་མ་དང་། །སྟན་ལ་ཉལ་འདོད་རྒྱལ་སྲིད་འདོད། །འགྱོད་འདོད་འཆིང་འདོད་ཚིག་འཇམ་འདོད། །སྐམ་འདོད་སྐྲོད་འདོད་རེག་འདོད་མ། །འགུགས་པར་འདོད་དང་འཆིང་བར་འདོད། །ཕུར་བུས་འདེབས་འདོད་འདོད་མའོ། །ཡན་ལག་ཐམས་ཅད་འཕྲུག་བཞེད་མ། །དྲི་ཆེན་དྲི་ཆུ་ གཏོང་བཞེད་མ། །སེམས་ཅན་བསླུ་འདོ་རྩོད་འདོད་མ། །ལྷག་མ་ཟ་འདོད་གཡུལ་འདོད་མ། །བཅིངས་བཞེད་བྱིས་པ་ཁྲོ་བཞེད་དོ། །འདོད་པ་ལོག་པ་ལོག་མ་སྟེ། །གསོད་ལོག་ཞེ་ལྡང་ལོག་སོགས་སྦྱར། །ཐབས་ཀྱང་ཤུགས་ཀྱིས་ཤེས་པར་བྱ། །གཞན་ཡང་ཟད་པར་བཅུ་དག་ནི། ། ཐུགས་ཀྱི་དཀྱིལ་འཁོར་ཕྱི་རུ་བསྲུང་། །གཟའ་བཅུ་གསུང་གི་ཕྱི་རུ་སྟེ། །བུམ་པ་ཀླུ་དང་རབ་གཏུམ་གྱི། །སྟེང་འོག་ལྷ་ཡང་རྟ་བབས་ལའོ། །ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཞེས་བྱ་བས་ལྷའི་ང་རྒྱལ་བྱའོ། །དཀྱིལ་འཁོར་བསྐྱེད་པའི་ཡན་ལག་སྟེ་དྲུག་པའོ།། །།དེ་ནས་ཡེ་ ཤེས་གཞུག་པ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་དགྱེས་པའི་མཆོག །སྲས་བཟངས་གྲོགས་དང་འཁོར་དང་རྩ་ལག་བཅས། །ལྷ་དང་ལྷ་མོའི་ཚོགས་ནི་མང་པོས་བསྐོར། །སངས་རྒྱས་ཡབ་ཡུམ་བཅས་པ་དགོངས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཧི། རང་ཉིད་ཟླ་བའི་དཀྱིལ་འཁོར་ནི། །རྡོ་རྗེ་ཧཱུྃ་དང་ལྡན་ པ་ལ། །ཛཿལས་རྡོ་རྗེ་ཤུགས་ཁྲོ་བོ། །ཞལ་བཞི་ཕྱག་ནི་ཉི་ཤུ་དྲུག །མདོག་རྒྱན་ཕྱག་མཚན་གཙོ་བོ་བཞིན། །ནག་པོ་སེར་པོའི་ཕྱག་ལྷག་གཉིས། །གླང་ཆེན་པགས་པ་གྱོན་པ་བཟུང་། །རྐང་བརྒྱད་ཤིང་རྟ་ལ་ཆིབས་ནས། །ཆོས་དབྱིངས་བཞུགས་པའི་ཡེ་ཤེས་སེམས། །ལྟེ་བར་རྡོ་རྗེ་ལྕགས་ཀྱུ་ ཡིས། །བཟུང་ལ་ང་རོས་སྤྱན་དྲང་ངོ་། །ཧཱུྃ་ལས་ཤེས་རབ་མཐར་བྱེད་ཀྱིས། །རྡོ་རྗེ་ཐོགས་ཏེ་གཞུག་པར་མཛད། །བཾ་ལས་གཤིན་རྗེ་མཐར་བྱེད་ཀྱིས། །ཞགས་པ་ཐོགས་ཏེ་གཅིག་ཏུ་བྱས། །ཧོཿ་ལས་པདྨ་མཐར་བྱེད་ཀྱིས། །དྲིལ་བུ་ཐོགས་ཏེ་མཉེས་པར་བྱས། །ཧི་ལས་བགེགས་ནི་མཐར་བྱེད་ཀྱིས། །དབྱུག་ 14-1-88a པས་གཉིས་མེད་རོ་མཉམ་བྱས། །དེ་ནས་སྔོན་བཞིན་ལྷ་མོ་རྣམས། །སྤྲོས་ལ་མཆོད་སྟོད་མཉེས་པར་བྱས། །ཧྲཱ་ཧྲཱི་ཧྲཱྀ་ཧཱུ་ཧླཱྀ་ཧཱ། མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཡིད་གོ་ཆའི་ལྷ་ཡིས་བརྒྱན། །དེ་ནས་གནས་གསུམ་བྱིན་གྱིས་བརླབ། །དཔྲལ་བར་ཟླ་སྟེང་ཆོ་ག་གསུམ། །སྐུ་ ཡི་རྡོ་རྗེ་ཡབ་ཡུམ་བསྐྱེད། །དབུས་དཀར་གཡས་གནག་གཡོན་དམར་ཞལ། །འཁོར་ལོ་རྡོ་རྗེ་པདྨ་གཡས། །རལ་གྲི་དྲིལ་བུ་རིན་ཆེན་གཡོན། །སྤྲོས་ནས་ཕྱོགས་བཅུར་གང་བར་བསམ། །སེམས་ཅན་ཀུན་འདུལ་དོན་མཛད་ནས། །ཚུར་འདུས་མདུན་བཞུགས་གསོལ་བ་གདབ། ཨོཾ་ཨ་བྷི་ཥིཉྩནྟུ་ མཱཾ་ཀཱ་ཡ་བཛྲ་དྷ་ར། དེ་ནས་སྐུ་རིགས་ལྷ་མོ་རྣམས། །ཤེལ་བུམ་བདུད་རྩིས་བཀང་བ་ཡིས། །བདག་ལ་དབང་ནི་བསྐུར་བར་བས་མ། །ཐོབ་ནས་དཔྲལ་བའི་ཟླ་བ་ལ། །སྐུ་ཡི་རྡོ་རྗེ་ཞུགས་ནས་ནི། །བྱིན་གྱིས་བརླབ་ཅིང་འདི་སྐད་བརྗོད། །དཔལ་ལྡན་རྡོ་རྗེ་སྐུ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག ། དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །དཔྲལ་བར་ཟླ་སྟེང་ཨོཾ་དཀར་བསྒོམ། །མགྲིན་པར་ཉི་མཆོག་གསུམ། ། གསུང་གི་རྡོ་རྗེ་ཡབ་ཡུམ་བསྒོམ། །དབུས་དམར་གཡས་དཀར་གཡོན་གནག་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། །རིན་ཆེན་དྲིལ་བུ་འཁོར་ལོ་གཡོན། །སྤྲོ་བསྡུ་སྔར་བཞིན་གསོལ་བ་གདབ། །ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་བཛྲ་བཛྲི་ན། སྔར་བཞིན་དབང་བསྐུར་མགྲིན་གནས་པས། །དཔལ་ལྡན་རྡོ་རྗེ་གསུང་ འཆང་བ། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེ་མཛད་དུ་གསོལ། །མགྲིན་པར་ཉི་མ་ ཨཱཿདམར་བསྒོམ། །སྙིང་གར་སྒྲ་གཅན་ཆོ་ག་གསུམ། །ཐུགས་ཀྱི་རྡོ་རྗེ་ཡབ་ཡུམ་བསྐྱེད། །དབུས་གནག་གཡས་དམར་གཡོན་དཀར་ཞལ། །རྡོ་རྗེ་འཁོར་ལོ་པདྨ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །སྤྲོ་བསྡུ་སྔར་བཞིན་གསོལ་བ་གདབ། །ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་ཙིཏྟ་བཛྲི་ན། སྔར་བཞིན་ 14-1-88b དབང་བསྐུར་ཐུགས་ཀར་བཞུགས། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱིད་རྡོ་རྗེ་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ ནས་སུ། །ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ། །ཐུགས་ཀར་སྒྲ་གཅན་ཧཱུྃ་ནག་བསྒོམ། །དེ་ནས་གསུམ་ལ་རིགས་དྲུག་སྟེ། །ལྟེ་བ་གསང་བ་གཙུག་ཏོར་དུ། །ཀ་ཧོཿསྭ་ཧཾ་ནི་དགོད་པར་བྱ། །འཁོར་རྣམས་ལ་ཡང་དེ་བཞིན་ནོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཞེས་པས་ང་ རྒྱལ་གཟུང་བར་བྱའོ། །བྱིན་གྱིས་བརླབས་པའི་ཡན་ལག་སྟེ་བདུན་པའོ།། །།ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། །ཐུགས་ཀྱི་དཀྱིལ་འཁོར་མདུན་དུ་བཞུགས། ཨོཾ་ཧི་ཧཱཾ་ཧི་ཧཱཾ་ཧྲྀ་ཧྲཱྀ་ཧུྃ་ཧཱུྃ་ཧླྀཾ་ཧླཱྀཾ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཌ་ཀི་ནྱོ་བཛྲཱ་མྲྀ་ཏ་ག་ཊེེ་རཱ་བྷཱི་ཥིཉྩཾ་ཏུ་མཱཾ་སྭཱ་ཧཱ། ཨོཾ་ཨཱཾ་ཨིཾ་རྀཾ་ཨུཾ་ལྀཾ་སརྦ་བུདྡྷཿབཛྲ་མུ་ཀུ་ཊཾ་ མ་མ་པཉྩ་བུདྡྷ་ཨཱཏྨ་ཀཾ་བནྡྷ་ཡནྟ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨ་ཨཱཿཨཾ་ཨཿཧ་ཧཱ་ཧཾ་ཧཱཿཕྲེཾ་ཧོ་སརྦ་པཱ་ར་མི་ཏ་མ་མཱ་བཛྲ་པ་ཊཱཾ་བནྡྷ་ཡནྟ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧོཿཛྙཱ་ན་བིཛྙཱ་ན་སྭ་བྷཱ་བེ་ཀཱ་རུ་ཎ་པྲཛྙཱ་ཨཱཏྨ་ཀོ་བཛྲ་བཛྲ་གྷཎྚ་ས་བྱེ་ཏ་ར་ཀ་ར་ཡོ་མ་མ་བཛྲ་སཏྭ། ས་པྲཛྙོ་ད་དནྟུ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ ཨཽ། ཨལ་ཨཱལ། ཨཾ་ཨཿསརྦ་བོ་དྷི་ས་ཏྭ། སཾ་བྷཱརྱཱ། སརྦ་ཀརྨོ་པ་བྷོ་ག་བཛྲ་པྲ་ཏཾ་མ་མ་ད་དནྟུ་སྭཱ་ཧཱ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཿསཾ་བྷཱརྱ་མེེ་ཏྲེ་ཀཱ་རུ་ཎ་མུ་དི་ཏོ་པཀྵ་ས་མ་ཏ་སྭ་ཧཾ་བཾ། བཛྲ་པཱུརྦ་ག་མཾ་ནཱ་མ་མེ་ད་དནྟ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨེ་ཝཾ་ཨེ་ཝཾ་པདྨ་བཛྲ་ཙིཧྣོ་པཉྫོ་པ་ཡནྟུ་མཱ་ལཱ་ ཨ་དྷི་པ་ཏི་བཛྲ་སུ་ཁ་ཛྙཱ་ན་ཨཾ་ག་ཛྙཱ་ན་མེ་ད་དནྟུ་ཧུྃ་ཧཱུྃ་ཕཊ། དབང་བདུན་གསོལ་བ་གདབ་པའོ། །ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཅོད་པན་རིགས་ལྔའི་དབུ་རྒྱན་བསྐོན། །ཨོཾ་ཨ་ཨ་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷེ་སྭཱ་ཧཱ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོ་ད་ཤ་པཱ་ར་མི་ཏ་པཱ་རི་ཕཱུ་ར་ཎི་སྭཱ་ཧཱ། ཨོཾ་ཧཱུྃ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿབི་ཥ་ཡ་ཨིནྡྲ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧ་ར་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ཧཾ་ཀྵཿདྷརྨ་ཙཀྲ་པྲ་བརྡྷ་ཀ་སྭཱ་ཧཱ། ཞེས་པས་དབང་བདུན་བསྐུར་བར་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨ་བྷི་ 14-1-89a ཥི་ཀསྟ་བྷཱུ་མི་པྲཱཔྟོ྅ཧཾ། ཐོབ་པའི་ང་རྒྱལ་བཟུང་བའོ། །ཨོཾ་ཨོཾ་པྲཛྙོ་པ་ཡོོ་ཀ་ལ་ཤ་ཨ་བྷི་ཥེ་ཀ་མ་མཱ་ད་དཱ་ཏཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་པྲཛྙོ་པ་ཡོོ་བཛྲ་སཏྭ་པི་ཤྭཱ་མཱ་ཏ་རོ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུྃ་ཧཱུྃ་ཕཊ། ཞེས་པས་དབང་གསུམ་བསྐུར་བར་གསོལ་བ་བཏབ་པས། བདག་ཚུལ་ བཞིན་དུ་བུམ་པ་དང་། །གསང་དབང་ཤེས་རབ་ཡེ་ཤེས་བསྐུར། །ཨོཾ་ཨོཾ་བཛྲ་ས་ཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀྷོ྅ཧཾ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལ་བྷཱུ་མི་ལབྡྷོ྅ཧཾ། ཨོཾ་ཨཱཿཨོཾ་བཛྲ་ས་ཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ན་ཀ ཨ་བྷི་ཥིཀྟོ་བཛྲ་སཏྭ་ཡུ་བ་རཱ་ཛོ་ནང་བྷཱུ་མི་ལ་བྡྷོ྅ཧཾ། ཨོཾ་ཧཱུྃ་བཛྲ་ས་ཏེ་ན་པྲཛྙཱ་ཛྙཱ་ནི་ན་ཨ་བྷི་ཥེ་ཀེ་ན་ཨ་བྷི་ ཥིཀྟོ྅ཧཾ་དྭི་ཏཱི་ཡ་བཛྲ་དྷ་རོ྅ཧཾ་དྷརྨ་མེ་གྷ་བྷཱུ་མི་ལབྡྷོ྅ཧཾ། ཐོབ་པའི་ང་རྒྱལ་བཟུང་ངོ་། །ཨོཾ་ཧོ་པྲཛྙོ་པ་ཡ་ཨཱཏྨ་ཀོ྅ཧཾ་བཛྲ་སཏྭ་མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུྃ་ཧོཿཕཊ། ཅེས་པས་གསོལ་བ་གདབ་པ་དང་། །བླ་མེད་དབང་ནི་བསྐུར་བར་བས་མ། །ཨོཾ་ཧཾ་དྷརྨ་ངྒཱ་ཏྭ་ཨཀྵ་ར་ཙ་ཏུཪྠ་ཨ་བྷི་ཀ་ཏོ་ བཛྲ་ས་ཏྭེ་ན་ཨཱཏྨ་ནཱ་ཧི་དྭི་ཏཱི་ཡོ་དྭཱ་ད་ཤ་བྷཱུ་མི་ལབྡྷོ྅ཧཾ་བཛྲ་སཏྭ་མ་ཧཱ་ཨརྠཿཔ་ར་མ་ཨཀྵ་རཿཏྲེེ་ལོཀྱ་བི་ཛ་ཡཿཀཱ་ལ་ཙཀྲ་བྷ་ག་ཝཱཾ་ཨེ་བཾ་ཀཱ་རཿ། ཞེས་པས་ཐོབ་པའི་ང་རྒྱལ་ལོ། །དེ་ནས་ཕྱག་རྒྱ་དྲུག་བཅས་ལ། །ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞྞ་ཡོར་བཛྲ་ཀུཎྜ་ལི་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨཾ་ཨཿཀ་ཧཱུཾ་ཀཎྛེ་བཛྲ་མེ་ཁ་ ལཱ་བཛྲ་ཀཎྛ་ཀེ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་ཨཱཿབཱ་མ་དཀྵེ་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀོ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧཱ་བཱ་མ་དཀྵེ་ཎ་པཱ་ད་ཡོར་བཛྲ་ནཱ་པུ་རེ་ཧུ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་བཾ་པཉྩ་ཀ་ར་མ་ཧཱ་ཤྲུ་ནྱ་ཏྲཱ་སྭ་བྷཱ་བ་བཛྲ་ཤི་རོ་མ་ཎི་ཤི་ར་སི་སརྦ་ཨཾ་གེ་བྷསྨ་ཧུྃ་ཧཱུྃ་ ཕཊ་ཕཊ། ཨོཾ་ཨཾ་ཨཱརྡྷ་ན་རཱི་ཤྭཱ་ར་བཛྲ་ཨརྡྷ་ཙནྡྲ་བཛྲ་པཥྚ་ཨུརྡྷ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་ཨཱཿསཾསརྦ་སྭ་རཻ་ཀ་ཏྲི་སྭ་ར་སྭ་བྷཱ་བ་བཛྲ་ཡཛྙོ་པ་བཱི་ཏ་སྐནྡྷེ་ཧུྃ་ཧཱུྃ་ལཊ་ཕཊ། དེ་ནས་ཕྱག་རྒྱ་བཞི་བཅས་ལ། །ཨོཾ་ཀྵཿདུར་དཱནྟ་བྷི་མ་ན་ཀྵ་ཡཾ་ཀ་ར་བྱཱ་གྷྲ་ཙརྨ་ཀ་ཊོོ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀྵ་ཏྲིཾ་ཤད་སྭ་ར་སཔྟ་ཏི་ཧྲ་སྭ་དཱིརྒྷ་བྱཉྫ་ན་སྭ་བྷཱ་བ་དེེ་ཏྱེ་ཀུ་ལ་ཤ་ཏ་སི་རོ་བྷིར་མུ་ཎྜ་མཱ་ལ་སྐནྡྷཱ་བ་ལཾ་བི་ནི་སྐནྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧི་ཧྲྀ་ཧུ་ཧླྀ། པཉྩ་སྐནྡྷ་བི་ཤུདྡྷ་སྭ་བྷཱ་བ་ཤི་ར་སི་ཀ་པཱ་ལ་མཱ་ལེ་ཧུྃ་ཧཱུྃ་ལཊ་ལཊ། ཨ་ཀྵ་ཀླཱ་ཀྵི་ཀྵཱི་ཀྵྲི་ཀྵྲཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ༔ ཀྵ༔ ཧ་ཧཱ་ཧི་ཧཱི་ཧྲི་ཧྲཱྀ་ཧླྀ་ཧླཱྀ་ཧཾ་ཧྭ། སརྦ་བིགྷྣཱཾ་བི་ད་རི་ཏ་ག་ཛ་ཙརྨ་པ་ཊ་ཨརྡྷ་རཀྟ་ཤྲ་བ་ཏ་ཧཱུྃ་ཕྲེཾ་ཕཊ། དེ་ནས་གཡས་ཀྱི་ཕྱག་རྒྱ་བཅའ། །ཨོཾ་ཀྵྲཿཀྲོ་དྷ་བཛྲ་ཧཱུྃ་ཕཊ། ཨོཾ་ཀྵྲཿབཛྲ་ 14-1-89b ཁཌྷ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཏྲི་ཤྲུ་ལཾ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཀརྟ་རི་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་བཱ་ན་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཨཾ་ཀུ་ཤ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཌ་མ་རུ་ཀ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་མུངྒ་ར་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཙཀྲ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཀུནྟ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ད་ཎྜ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་པ་ར་ཤུ་ཧཱུྃ་ཕཊ། དེ་ནས་གཡོན་གྱི་ཕྱག་རྒྱ་བཅའ། །ཨོཾ་ཧྭཱཾ་བཛྲ་གཎྜཱི་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁེ་ཊ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁ་ཊྭཱཾ་ག་ཧོ་ཕྲེཾ་ལཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ཧོ་ཕྲེཾ་ཕཊ། ཨྃ་ཧྭཱཾ་བཛྲ་པཱ་ཤ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་རཏྣ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པདྨ་ཏོ་ཕྲེཾ་ལཊ། ཨ་ཧྭཱཾ་བཛྲ་ཤཾ་ཁ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཨཱ་ དཪྴ་ཧོ་ཕྲེཾ་ལཊ། ཨ་ཧྭཱཾ་བཛྲ་ཤྲ་ཁ་ལེ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་ཙ་ཏུར་བེ་ཏ་མུ་ཁ་སྭ་བྷཱ་བ་བྲཧྨ་ཤི་རོ་ཏོ་ཕྲེཾ་ཕཊ། དེ་ནས་ཀླུའི་ཕྱག་རྒྱ་བཅའ། ཨོཾ་ཧཱུྃ་བཛྲ་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་ཛ་ཊཱ་མུ་ཀུ་ཊ་བནྡྷེ་ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀྵུཾ་བཛྲ་པི་ཛ་ཡ་ནཱ་གེནྡྲ་བཛྲ་བནྡྷེ་བནྡྷ་ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྱཾ་ཏྱཱ་བཛྲ་ཀརྐོ་ཊ་ཀ་བཛྲ་པདྨཽ་བཱ་མ་ དཀྵི་ཎ་ཀུཎྜ་ལ་ཡོཿཏིཥྛ་ཏིཥྛ་ཧུ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་ཧྲཱ་བཛྲ་བཱ་སུ་ཀི་ཤཾ་ཁ་བཱ་ལ་བཱ་མ་དཀྵི་ཎ་རུ་ཙ་ཀ་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྭཾ་ཧྭཱ་བཛྲ་ཨ་ནནྟ་ཀུ་ལ་ཀཽ་མེ་ཁ་ལ་ཀཎྛ་ཀ་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྭཱཾ་ཧྭཱ་བཛྲ་ཏཀྵ་ཀོ་མ་ཧཱ་པདྨོ་བཱ་མ་དཀྵི་ཎ་པཱ་ད་ནཱ་པུ་ར་ཡོཿཏིཾཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཅེས་པས་ང་རྒྱལ་གཟུང་ བར་བྱའོ། །དབང་བསྐུར་བའི་ཡན་ལག་སྟེ་བརྒྱད་པའོ།། །།སྔར་བཤད་ལྷ་མོ་བཅུ་གཉིས་ཀྱི། །སྔགས་བརྗོད་མཆོད་པ་དབུལ་བར་བྱ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཕཊ། སྔོན་དུ་མཆོད་ཡོན་དབུལ་བ་ནི། ཨོཾ་པྲ་བ་ར་སཏྐ་རཾ་མ་ཧཱ་ར་སྨིན་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་ནས་མེ་ཏོག་ལ་སོགས་དབུལ། རིན་ཆེན་ གསེར་གྱི་མེ་ཏོག་སྣ་ཚོགས་དྲི་མཆོག་སྤོས་སོགས་མར་མེ་དང་། །དྲིལ་བུ་མེ་ལོང་བླ་རེ་དང་ནི་སྣ་ཚོགས་འབྲས་བུ་བ་དན་གར་དང་རོལ་མོ་དང་། །སྣ་ཚོགས་མཆོད་པ་བྱས་ཏེ་གཞན་རྣམས་བཅུ་པོ་བདག་ནུས་ཇི་ལྟར་གསུངས་བཞིན་དབུལ། །བདུད་རྩི་སྔར་བཞིན་བྱིན་བཤད་པ། །ཧཱུྃ་བྱུང་རྡོ་རྗེའི་ལྕེ་ཡིས་མྱང་། ། ཨོཾ་བུདྡྷཱ་ཡ་ན་མཿ། ཨོཾ་དྷརྨྨཱ་ཡ་ན་མཿ། ཨོཾ་སཾ་གྷཱ་ཡ་ན་མཿ། ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ། ཨོཾ་དྷརྨྨ་ཀཱ་ཡཱ་ཡ་ན་མཿ། ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ། ཨོཾ་ནི་རྨྨ་ཎ་ཀཱ་ཡཱ་ཡ་ན་མཿ། ཨོཾ་ཙིཏྟ་བཛྲཱ་ཡ་ན་མཿ། ཨོཾ་ཛཱ་ན་བཛྲཱ་ཡ་ན་མཿ། ཨོཾ་བཱཀ་བཛྲཱ་ཡ་ན་མཿ། ཨོཾ་ཀཱ་ཡ་བཛྲཱ་ཡ་ན་མཿ། ཨོཾ་ཤཱཀྱ་མུ་ན་ཡེ་ན་མཿ། 14-1-90a ཨོཾ་ཀཱ་ལ་ཙ་ཀྲཱ་ཡ་ན་མཿ། ཨོཾ་བཛྲ་ས་ཏྭ་ཡ་ན་མཿ། དེ་བཞིན་ལྷ་ཡི་སྔགས་རྣམས་ལ། །ན་མཿབཏགས་ལ་བདུད་རྩི་མྱང་། །སྲིན་ལག་དག་གིས་མཆོད་པར་བྱ། །དེ་ནས་སྙན་པའི་དབྱངས་ཀྱིས་བསྟོད། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་སྟེ་རོ་དང་ ནི། །རེག་བྱ་གཟུགས་དང་སེམས་ཏེ་རང་བཞིན་སྐྱེས་བུ་མེད་ཅིང་རྩ་ལག་ཐར་པར་བྱེད་པ་མེད། །ས་བོན་གསལ་བའི་དུས་སུ་མ་ལུས་སྲིད་པ་རུ་ནི་བདེ་དང་སྡུག་བསྔལ་རང་བཞིན་མི་མངའ་བ། །མཚན་མེད་མྱ་ངན་འདས་པར་བྱ་བ་བྲལ་ཞིང་ཡོན་ཏན་བྲལ་བ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་ སོགས་རྡོ་རྗེ་དཔེ་ཟླ་མེད་ཅིང་སྐྱེས་བུ་མེད་ཅིང་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་མིག་མགོ་བོ་ལག་པ་རྐང་པ་རྣམ་ཀུན་དུ། །འབྱུང་བའི་མཐའ་དང་འབྱུང་པོའི་མགོན་ཏེ་གནས་པའི་སྲིད་པ་འཛིན་ཞིང་བྱ་བ་རྣམས་ཀྱི་རྒྱུ། །རིག་པ་དང་པོ་རྣལ་འབྱོར་གྱིས་བགྲོད་གོ་འཕང་མཆོག་གི་བདེ་བ་དུས་ འཁོར་ལ་འདུད་དོ། །སྐྱེས་བུ་མཛད་ནུས་པ་ཡི་གཟུགས་ཅན་དྲི་མེད་གློག་འདྲ་གཟི་བརྗིད་ཉི་མ་བཅུ་གཉིས་པ། །ཡེ་ཤེས་རྡོ་རྗེ་འོད་ཟེར་མཆོག་གི་གོ་འཕང་ལ་གནས་ཚེག་དྲག་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་མགོན་རི་བོང་འཛིན་པ་ལས་འཛེགས་འཇིག་རྟེན་སྤྱི་བོར་ཡང་དག་བཞུགས། ། བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་གཟུགས་ལ་སུམ་ཅུས་ཡོངས་སུ་བསྐོར་བ་བདེ་དང་སྡུག་བསྔལ་ངོ་བོ་ལ། །མཁས་པ་རྣམས་ལ་ཞི་བའི་གཟུགས་ཀྱིས་ཉིད་མཛད་ཉམས་མྱོང་གདུག་པ་རྣམས་ལ་མི་གདུག་པ། ། གང་ཞིག་གང་དུ་རང་གི་ཡིད་ལ་ལས་བྱས་དེ་ཡི་འབྲས་བུ་དེ་རུ་སྐྱེད་པར་བྱེད། །འཇིག་རྟེན་དབང་ཕྱུག་སྣ་ཚོགས་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་མ་ཡིན་གཅིག་སྟེ་མཉམ་དང་མི་མཉམ་མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། །སྟེང་ འོག་ཀུན་ནས་དཀར་དང་ལྗང་གུ་ཁ་དོག་ཆེན་པོ་སྣ་ཚོགས་གཟུགས་ཅན་ཐུང་ངུ་རིང་པོ་སྟེ། །རིང་ཐུང་སུ་དང་ཡོན་ཏན་མེད་པ་ཡོན་ཏན་དང་བཅས་སྐྱེས་བུ་བུད་མེད་སྐྱེས་བུ་མིན། །གང་ཞིག་ཀུན་ནས་བརྟེན་བྱས་གཅིག་བུ་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད། །གཞན་ཡང་བསྟོད་པ་ཅི་རིགས་ 14-1-90b བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཛ་བཛྲ་སྭ་བྷཱ་བ་ཀ་ཨཱཏྨ་ཀོ྅ཧཾ། མཆོད་བསྟོད་ང་རྒྱལ་གཟུང་བར་བྱའོ། །མཆོད་པ་དང་བསྟོད་པའི་ཡན་ལག་སྟེ་དགུ་པའོ།། །།དཔལ་ལྡན་རྡོ་རྗེ་ཅན་ནི་ལོ་དང་ཟླ་བ་དབྱེ་བའི་དུས་ཀྱིས་དག་པར་འགྱུར་རོ་མི་དབང་ཀྱེ། །སེམས་ཀྱི་རྣམ་པ་ ཉི་མ་མ་ཡིན་ཉིན་བཞིན་དབང་གིས་སྣ་ཚོགས་རྣམ་པར་དག །དུ་བ་ལ་སོགས་རླུང་རྣམས་དག་པར་རང་སྙིང་པདྨར་གཙོ་བོའི་འཁོར་ལོ་གནས་པའོ། །དྲག་པོ་ཉོན་མོངས་སྲས་བཅས་བདུད་ཀྱི་ཚོགས་ཀྱིས་བདུད་ཀྱི་གཙོ་བོ་ཞབས་ཀྱི་འོག །དུང་དང་གཎྜཱི་ནོར་བུ་ལྗོན་པ་དག་ནི་དེ་བཞིན་སྐུ་ཡི་རྡོ་རྗེ་ རྫོགས། །བདུད་ཕྱིའི་ཡན་ལག་གིས་ནི་བུམ་པ་བརྒྱད་དེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་སེམས་སོགས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་རིན་ཆེན་འབྱུང་གནས་འདུ་ཤེས་དཔག་མེད་འོད། །གཟུགས་ནི་འཁོར་ལོ་ཅན་ཏེ་རི་བོང་སྟོབས་དང་ཁྲག་དང་དྲི་ཆུ་དྲི་ཆེན་དག །ལྷ་ མོ་དྲུག་གི་ཁམས་རྣམས་ཀྱི་སྟེ་ཡུལ་དང་ཡུལ་ཅན་གྱི་ནི་བྱང་ཆུབ་སེམས་དཔའ་སྲས་དང་བཅས། །སྟོབས་ཀྱིས་ཁྲོ་བོ་ལྔ་སྟེ་གཞན་རྣམས་ལས་ཀྱི་དབང་པོ་ལྔ་པོས་སོ། །ཙཱ་མུཎྜ་ལ་སོགས་པ་ཐུན་ཚར་བརྒྱད་ཀྱིས་པདྨའི་འདབ་གནས་ཉི་མའི་དུས་སྦྱོར་ཆུ་ཚོད་རྣམས། །ལྷ་མིན་ལ་སོགས་ཟླ་ བ་བཅུ་གཉིས་པདྨའི་འདབ་གནས་རྩ་དང་དབུགས་ཀྱི་གྲངས་རྣམས་སོ། །ཀླུ་དང་གཏུམ་མོ་གསང་བ་ལ་སྟེ་རྒྱལ་པོ་ཉིས་འགྱུར་རྩ་རྣམས་རྣམ་པར་དག །དེ་བཞིན་འདོད་པ་ལ་སོགས་དེས་ནི་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བ་དག །སྐྲ་ཡིས་སྒྲུབ་པ་མ་ལུས་དུར་ཁྲོད་ས་གནས་བ་ སྤུ་རྣམས་ཀྱིས་འབྱུང་པོའི་ཚོགས་རྣམས་སོ། །ཁམས་གསུམ་དག་ནི་མ་ལུས་པ། །སངས་རྒྱས་ངོ་བོར་བསྒོམ་པར་བྱ། །དེ་ནས་པདྨ་རྣམ་པར་སྦྱང་། །ཨ་ཡིས་པདྨ་འདབ་བརྒྱད་ལ། །ཧཱུྃ་གི་ཡི་གེ་རྡོ་རྗེ་བཅས། །ཤེས་རབ་ལ་ནི་མཐུན་ཕྱིར་རོ། །ཧཱུྃ་རིགས་རང་གི་ཡབ་ཀྱི་རྡོ་རྗེ་ ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། །དེ་དབུས་ཨ་ལས་པད་འདབ་བརྒྱད། །དེ་ནས་རྡོ་རྗེ་པདྨར་དགོད། །དེ་ནས་རྣལ་འབྱོར་ཧཱུྃ་ཕཊ་བརྗོད། །བསྲུབ་ཅིང་བདེ་ཆེན་བསྒོམ་པར་བྱ། །གཏུམ་མོ་ལྟེ་བར་རྒྱུས་ཀླུ་བཅོམ། །ཧོ་ཡིས་ཡེ་ཤེས་དབུས་ནས་སུ། །དྲི་མེད་གློག་འདྲ་གཟི་བརྗིད་ 14-1-91a འབར། །ཕུང་ཁམས་སྐྱེ་མཆེད་ལ་སོགས་བསྲེགས། །རི་བོང་སྤྱི་བོ་ལས་འབབ་པ། །ཐིག་ལེའི་གཟུགས་ཏེ་རྡོ་རྗེ་ཅན། །གནས་བཞི་རིམ་བཅས་སླར་སྟེང་འོག །རྒྱན་ལྡན་མེ་ལོང་གནས་ལྟ་བུར། །དུས་གསུམ་ཡེ་ཤེས་རང་འབྱུང་བ། །གསུང་དག་ཡེ་ཤེས་འབར་བར་ གཅིག །དུང་ཅན་རྒྱན་ཆེན་གཏུམ་མོར་བརྗོད། །ལྟེ་སྟེང་རིགས་ངན་བྷཱུ་ཏཱིའི་སྣ། །སྲོག་ལྔ་སྣ་རྩེར་ཡུངས་ཀར་བཞུགས། །སྲོག་འགགས་སྟོང་ཉིད་མ་བཅོས་དང་། །དེ་ལ་ཡིད་གཞག་བསྒོམ་པར་བྱ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྣམ་དག་དྲན་ པའི་ཐིག་ལེ་དང་། །ཕྲ་མོ་བསྒོམ་པའི་ཡན་ལག་སྟེ་བཅུ་པའོ།། །།དེ་ནས་ང་རྒྱལ་གཟུང་བར་བྱའོ། །བསྒོམ་པས་སྐྱོ་ན་སྔགས་བཟླས་ཏེ། །ལས་ལ་ཤིས་པའི་ཕྲེང་བ་བཟུང་། །སྔགས་ཀྱི་སྒྲ་སྤངས་གྲོགས་པོ་རུ། །གང་འགྱུར་བ་ཡི་སྔགས་དེ་བཟླས། །ཨོཾ་ན་མོ་ བཛྲ་སཏྭ་ཡ། ན་མོ་བུདྡྷ་བོ་དྷི་སཏྭ་བྷྱཿ།ན་མོ་བཛྲ་ཀྲོ་དྷེནྡྲ་རཱ་ཛེ་བྷྱཿ། ན་མོ་བི་ཤྭ་མཱ་ཏྲེེ། ན་མོ་བུདྡྷ་བོ་དྷི་སཏྭ་དེ་བཱི་བྷྱཿ། ན་མོ་བཛྲ་ཌཱ་ཀི་ནཱི་བྷྱཿ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཀཱལ་ཙ་ཀྲཱ་ཡ་བཛྲ་བྷཻ་ར་བ་བྷཱི་ཀཱ་རཱ་ཡ། མ་ཧེནྡྲ་ནཱི་ལ་བརྞྞ་ཤ་རཱི་རཱ་ཡ། མཱ་ར་ཀླེ་ཤ་ཧྲྀ་དཱ་ཡ། ཀྲཱནྟ་ས་ཏ་རཀྟ་ཙ་ར་ཎཱ་ཡ། ཀྲྀཥྞཱ་ རཀྟ་ས་ཏ་ཀནྡྷཱ་ཡ། ནཱི་ལ་ས་ཏི་པཱི་ཏ་རཀྟ་དཾཥྚྲཱ་ཀར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ཀྲྀཥྞཱ་རཀྟ་ས་ཏས་བྱེ་ཏར་སྐནྡྷ་ཡ། དྭཱ་ད་ཤ་བྷུ་ཛཱ་ཡ། ཥཊ་པིཾ་ཤ་ཏི་ཀ་རཱ་ཡ། བཛྲ་ཁཌྒ། ཏྲི་ཤུ་ལ་ཀཱརྟི་ཀ་བཱ་ཎ་ཨཾ་ཀུ་ཤ་ཌ་མ་རུ་ཀམུངྒར། ཙཀྲ། ཀུནྟ། དཎྜ། པར་ཤུ། བཛྲ་གྷཎྚ་ཁེ་ཊ། ཁ་ཊྭཱཾ་ག་ཀ་པཱ་ཀལ། ཙཱ་པཱ། པཱ་ཤ རཏྣ། ཀ་མཱ་ལ། ཤཾ་ཁ། ཨཱ་དཪྴ། ཤྲི་ཁ་ལཱ། བྲཧྨ། ཤི་རོ་ག་ཛ་ཙརྨ་དྷྲྀ་ཀ་ཀ་རཱ་ཡ། བྱཱ་བྷྲ་ཙརྨ་ཅི་བ་ས་ནཱ་ཡ། སྐནྡྷེ་མུཎྜ་མཱ་ལ་ཨ་བ་ལཾ་པི་ནེ། ཤི་ར་སི། བཛྲ་པཥྚ་མ་ཀུ་ཊེ་བཛྲ་ཀ་པཱ་ལ་མཱ་ལ་ཨརྡྷ་ཙནྡྲ་དྷ་རཱ་ཡ། ཀུཎྜ་ལ་རུ་ཙཀ ཀཎྛི་ཀཱ། མེ་ཁ་ལཱ། ནཱ་པུ་ར། བྷསྨ་ཡ་ཛྙོ་པ་ བཱི་ཏ་ཤི་རོ་མ་ཎི། མ་ཧཱ་མུ་དྲ་ནཱ་གེནྡྲ་བི་བྷཱུ་ཥ་ཎཱ་ཡ། བཛྲ་ཌཱ་ཀི་ནཱི་སནྟོ་ཥི་ཏ་ཧྲྀ་ད་ཡཱ་ཡ། ཨིནྡྲ་ཨགྣི་ཡམ་ནཻཪྼྀ་ཏྱ་བ་རུ་ཎ་བཱ་ཡུ་ཀུ་བེར་ཨཱི་ཤཱ་ན་བྲཧྨ་བིཥྞུ་བི་ནཱ་ཡ་ཀ་ཀཱརྟི་ཀ་ཡ་ནན་དི་མཧཱ་ཀཱ་ལ་གྲ་ཧ། ནཀྵ་ཏྲོ་ཀྵེ་ཏྲོ་པཱ་ལ་སུ་རེནྡྲཱ་སུ་རེནྡྲཱ་ཕེ་ཎེ་ནྡྲ་བྷཱུ་ཏནྡྲ་ན་རེནྡྲ་སཾསྟུ་ཏ་ཙ་ར་ཎཱ་ཡ། རྩ་བའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་ 14-1-91b ཧོཿཧཾཀྵཿཧྐྵྨླྺྼྻ་ཀཱ་ལ་ཙཀྲ་དུར་དཱ་ན་ཏ་ད་མ་ཀ་ཛ་ཏ་ཛ་རཱ་མ་རཱ་ཎཱནྟ་ཀ །ཏྲཻ་ལོ་ཀྱ་བི་ཛ་ཡཿ་མ་ཧཱ་པི་རེ་ཤྭཱ་ར། བཛྲ་ཀཱ་ཡ། བཛྲ་གཱ་ཏྲོ། བཛྲ་ནེ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷྲ་ཎ བཛྲ་ཛི་ཧྭ། བཛྲ་དནྟ། བཛྲ་ན་ཁ། བཛྲ་ཀེ་ཤ་བཛྲ་ལོ་མ། བཛྲ་བྷ་ར་ཎ། བཛྲ་ཧཱ་ས། བཛྲ་གཱི་ཏ། བཛྲ་ནྼི་ཏྱ། བཛྲ་ཡུ་དྷ་ཀ་ར། བཛྲ་ཀྲོ་དྷ་རཱ་ཛཱ་དྷི་པ་ཏི། བཛྲ་ཌཱ་ཀ །བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲ་ཏི། ཤཱི་གྷྲཾ། ཨཱ་གཙྪ་གཙྪ། བཛྲ་སཏྭ་ཛྙཱ་ཡཱ་སརྦ་མཱ་ར་བིགྷྣཱཾ་བི་ནཱ་ཡ་ཀ་ཀིནྣ་རི་ཀཾ་པུ་རུ་ཥ་ག་རུ་ཌ་གནྡྷརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་མ་ཧཱ་པྲེ་ཏ། ཀུཾ་བྷཎྜ་ཨ་པཱ་སྨཱ་ར། ཀྵེ་ཏྲ་པཱ་ལ། བེ་ཏྲཱ་ཌ། པུ་ཏ་ན། དུཥྚཱ་ནཱ་ག་གྲ་ཧཱ་ད་ཡོ་ ཡོ་སརྦ་ཛྭ་ར། སརྦ་བྱཱ་དྷི། ཀྵུ་དྲོ་པ་དྲ་བ་ཀཱ་ར་ཎིཿསརྦ་ས་ཏྭ་ནཱཾ་སརྦཱ་པ་ཀཱ་ར་ར་ཏཱཾ་སྟཱ་ན་སརྦཉྫཿ། ཤཱི་གྷྲཾ་བཛྲཾ་ཀུ་ཤེ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། ཨཱུརྡྷ། དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། པུརྦ་དི་ཤི་ག་ཏཱ་ནཱ་གྲྀ་ཥྱ་གྲྀ་ཥྱ། དཀྵི་ཎ་དི་ཤི་ག་ཏཱ་ནཱ་གྲྀ་ཥྱཱ་ཀྲྀ་ཥྱ། ཨུཏྟ་ར་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། པཤྩི་མ་དི་ཤི་ག་ཏཱ་ནཱ་ཀྲྀ་ཀྲྀ་ཥྱ། བཱ་ཡ་དི་ཤི་ག་ཏཱ་ནཱ་ ཀྲྀ་ཥྱཱ་ཀྲྀ་ཥྱ། ཨཱི་ཤ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། ཨཱི་ཤ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཀྲྀ་ཥྱ། ཨགྣེ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱ་གྲྀ་ཥྱ། ཨ་དྷོ་དི་ཤི་ག་ཏྲཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། །ཨཱ་ཀཱ་ཤ་མཎྜ་ལ་ག་ཏྲཱ་ནཱ་ཀྲྀ་ནྟ་གྲྀ་ཥྱ། བཱ་ཡུ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཀྲྀ་ཥྱ། ཏེ་ཛོ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྭ། ཏོ་ཡ་མཎྜ་ལ་ག་ཏྲཱ་ནཱ་ཀྲྀ་ནྟ་ཀྲྀ་ཥྱ། པྲྀ་ཐྦཱེ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། ཀཱ་མ་དྷཱ་ཏུ་མཎྜ་ལ་ག་ཏྲཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་བྱུ་ཀྲྀ་ཥྱ། ཨ་རཱ་པ་དྷཱ་ཏུ་ག་ཏྲཱ་ནཱ་གྲཱྀ་་ཀྲྀ་ཥྱ། ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཀྲྀ་ཥྱ། བཱཀ་དྷཱ་ཏུ་ག་ཏྲཱ་ནཱ་ཀྲྀ་ཀྲྀ་ཥྱ། ཙིཏྟ་དྷཱ་ཏུ་ག་ཏྲཱ་ནཱ་ཀྲྀ་ནྟ་ཀྲྀ་ཥྱ། པཉྩ་སྐནྡྷ་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ། པཉྩ་དྷཱ་ཏུ་ག་ཏྲཱ་ནཱ་གྲྀ་ཥྱ་ཀྲྀ་ཥྱ། པཉྩེནྡྲི་ཡ་ག་ཏྲཱ་ནཱ་ཀྲྀ་ཥྱ་ཀྲྀ་ ཥྱ། པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། པཉྩ་ཀརྨནྡྲི་ཡ་ག་ཏྲཱ་ནཱ་ཀྲྀ་ཥྱ་ཀྲྀ་ཥྱ། པཉྩ་ཀརྨནྡྲི་ཡ་པི་ཥ་ཡ་ག་ཏྲཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། སརྦ་ཏོ་ཡ་ཏྲ་ཀུ་ཏྲོ་ཙིཏྟ་ག་ཏྲཱ་ནཱ་ཀྲྀ་སྲི་ཀྲྀ་ཥྱ། མ་ཧཱ་སྨ་ཤཱ་ན་བཛྲཱ་ནྟི་ཛྭ་ལི་ཏ་བྷཱུ་མྱཱཾ་ནི་པ་ཏ་ཡ་ནི་པ་ཏ་ཡ། བཛྲ་བཱ་ཤེ་ ན་སརྦ་བྷུ་ཛེ་ཥུ་བནྡྷ་ཡ་བནྡྷ་ཡ། བཛྲ་ཤྲཱིཾ་ཁ་ལ་ཡཱ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་རོ་དྷ་ཡ། སརྦ་ས་ཏྭེ་ཥུ་ཀཱ་ཡ་བཱཀ་ཙིཏྟོ་པ་དྲ་བ་ཀ་ར་ར་ཏཱ་ན་ཏཱ་ནཱ་མ་ཧཱ་ཀྲོ་དྷ་བཛྲེ་ཎ་ཙཱུརྞ་ཡ་ཙཱུརྞ་ཡ། བཛྲ་ཁཌྒ་ཎེ་ན་ཀྲྀནྟ་ཡ། བཛྲ་ཏྲི་ཤུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ། བཛྲ་ཀརྟྟ་ཀ་ཡ་ཧ་ན་ཧ་ན། བཛྲ་པཱ་ཅིན་བིནྡྷ་པིནྡྷ། བཛྲ་ཀཱི་ལ་ཀེ། ཀཱི་ 14-1-92a ལ་ཡ་ཀཱི་ལ་ཡ། བཛྲ་མུངྒ་རེ་ཎཱ་ཀོ་ཊ་ཡཱ་ཀོ་ཊ་ཡཱ། བཛྲ་ཙཀྲི་ཎ་ཙྪེ་ད་ཡ་ཙྪེ་ད་ཡ། བཛྲ་ཀུནྟེ་ན་བྷིནྡ་བྷིནྡ། བཛྲ་དཎྜེ་ཎ་ཏཱ་ཌ་ཡ་ཏཱ་ཌ་ཡ། བཛྲ་པ་ར་ཤུ་ན་ཙྪིནྡ་ཙྪིནྡ། སཱརྡྷ་ཏྲི་ཀོ་ཊི་ཁཎྜ་ཀྲྀ་ཏྭ་ཤྲུ་ཤཱན་བྷཱུ་ཏེ་བྷྱོ་བི་ལཾ་ཀུ་རུ་ཀུ་རུ། བཛྲ་ཌ་མ་རུ་ཀེ་ན་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡ། བཛྲ་ཌཱ་ཀི་ནཱི་བྷྱོ་ མཱ་ར་ཀཱ་ཡི་ཀཱ་ནཱཾ་རུ་དྷི་རཾ་ནི་བེ་ད་ཡ་བེ་ད་ཡ། པཉྩ་མྲྀ་ཏཾ་ནི་རི་ཎཱབྷྱཿ། པཉྩ་མྲྀ་ཏཾ་ནི་བེ་ད་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ས་ཧི་ཏ། སརྦ་ས་ཏྭ་ནཱ་ན་ཤཱནྟི་ཀཾ། བོོཥྚ་ཀཾ་རཀྵཱ་བར་ཎ་གུཔྟི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ནི་ཕྲེང་བའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿཧྐྵྨླྭྲྱྃ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧྲཱཾ་ཧྲིཾ་ཧྚཱྀ་ཧྲཱཾ་ཧྲཱིཾ་ཧཾཿསྭཱ་ཧཱ། ཉེ་བའི་སྙིང་ པོའོ། །ཨོཾ་ཀཱ་ལ་ཙཀྲཱ་ཡ་ཨཱཿཧཱུྃ་ཧོཿཕཊ་སྭཱ་ཧཱ། ཨོཾ་དཱ་ན་པཱ་ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཤཱི་ལ་པཱ་ར་མི་ཏྲཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཀྵཱནྟི་པཱ་ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཱིརྱ་པཱ་ར་མི་ཏཱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྷྲ་ན་པཱ་ར་མི་ཏྲཱ་བཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨུ་པཱ་ཡ་པཱ་ ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པྲ་ཅི་དྷཱ་ན་པཱ་ར་མི་ཏྲཱ་ཡེེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་པ་ལ་པཱ་ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛ་ཡ་གྷ་ཊེེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བི་ཛ་ཡ་གྷ་ཊེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཙིཧྞོ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་མུ་དྲཱུ་བྷྱོ་ཧུྃ་ཕཊ་སྭཱ་ ཧཱ། ཨོཾ་ཅིནྟཱ་མ་ཎ་ཡེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་དྷརྨྨ་གཎྜྱཱ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྷརྨྨཱ་ཤཾ་ཁཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཀལྤ་བྲིཀྵཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཀྵོ་བྷྱཱ་ཡ་ཧུྃ་ཕཊ་སུ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷཱ་བྷཱ་བཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏཱ་བྷཱ་ཡུ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ལོ་ཙ་ནཱ་ཡེེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་མཱ་མ་ཀྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པཱཎྜ་ རུ་ཡེེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་ཏཱ་རཱ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭཱ་རྱེེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཁ་གརྦྷཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཀྵི་ཏི་གརྦྷཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ལོ་ཀེ་ཤྭཱ་རཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ནི་བ་ར་ཎ་བི་སྐམ་བྷི་ནེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲཱ་ཡ་ཧུ་ཕཊ་སྭཱ་ཧཱ། ཨོཾ་གནྡྷ་བཛྲཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་རཱུ་པ་བཛྲཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ར་ས་བཛྲཱ་ཡེེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་ཤབྡ་བཛྲཱ་ཡེེ་ཧུ་ཕཊ་སྭཱ་ཧཱ། ཨོཾ་ཤབྡ་བཛྲཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྷརྨྨཱ་དྷཱ་ཏུ་བཛྲཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨྃ་ཨུཥྞཱ་ཥཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བིགྷྕཱ་ནྟ་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པྲཛྙཱནྟ་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པདྨཱནྟ་ 14-1-92b ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སྟཾ་བྷ་ན་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་མཱ་ཎི་མ་ནྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སྟོ་བྷི་ནྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཏི་བཱིརྱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཏི་ནཱ་ལཱ་ཡེེ་ཧུ་ཕཊ་སུ་ཧཱ། ཨོཾ་སརྦ་དྷཱ་རི་ཎཱི་བྷྱོ་ཧུྃ་ཕཊ་སུ་ཧཱ། ཨོཾ་ཥ་ཌཾ་གཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙཱ་ཙི་ཀཱ་ ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་རཱ་ཧྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧེ་ཤྭཱ་རྱཻ་ཧུ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཨནྡྲྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྲཧྨ་ཎྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ལ་ཀྵྨྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀཽ་མཱ་རྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻཥྞ་བྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཥྚཱ་ཀེ་ན་ཙ་ཏུཿཥྛ་ཥི་བཛྲ་ཡོ་གི་ནཱི་བྷྱོ་ཧུྃ་ཕཊ་ སྭཱ་ཧཱ། ཨོཾ་ཥ་ཌ་ཏྲཾ་ཤཱཏ་ཨ་ཙྪི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻཥྞབཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ནཻཪྼྀ་ཏྱཱ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཨགྣ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲོདྡྷ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲེནྡྲ་ཡ་ཧུྃ་ཕཊ་སྭཱ་ཧཱ། །ཨོཾ་བཛྲ་ཤྭཱ་རཱ་ཡ་ཧུྃ་ལཊ་སྭཱ་ཧཱ། ཨོཾ་བཛྲ་བྲཧྨ་ཎེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བི་ནཱ་ཡ་ཀཱ་ཡ་ཧུྃ་ཕཊ་ སྭཱ་ཧཱ། ཨོཾ་བཛྲ་ཀརྟི་ཀེ་ཡཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་ཡ་བེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡ་མཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨཽཾ་བཛྲ་ཡཀྵེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཱ་རུ་ཎྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པཱ་ཡ་བྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཡ་མི་ཎྱེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཡཀྵི་ནྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་ཧུྃ་ཕཊ་སྭ་ཧཱ། ཨོཾ་ ཨ་ཙ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ནཱི་ལ་དཎྜཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སུཾ་བྷ་རཱ་ཛཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་རོོ་དྲཱཀྵྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤྲིཾ་ཁ་ལཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཙུནྡ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བྷྲྀ་ཀུཊྚྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་པྲ་ ཏྱེ་ཀ་མཱ་ས་བྷེ་དེ་ན་ཥཥྚ་ཨུཏྟར་ཏྲིཾ་ཤཏ་བཛྲ་ཏི་ཐི་དེ་བཱི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཥཊ་ཏྲིཾ་ཤཏ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཥཊ་ཏྲིཾ་ཤཏ་པྲ་ཏཱིཙྪ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཛ་ཡཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀརྐོ་ཊ་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་སུ་ཀ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲཱ་ནནྟཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཏཀྵ་ཀཱ་ཡ་ ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་པདྨཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀུ་ལི་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤཾ་ཁ་པ་ལཱ་ཡ་ཧུ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པདྨཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པི་ཛ་ཡཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྭཱ་ནཱ་སྱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སུ་ཀ་རཱ་སྱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བྱཱ་བྷྱཱ་སྱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛཾ་བུ་ཀཱ་སྱཱ་ 14-1-93a ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ག་རུ་ཌཱ་སྱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨུ་ལཱུ་ཀཱ་སྱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་གྲྀ་དྷྲ་སྱཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཀཱ་ཀཱ་སྱཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བྷཱུ་ཏེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙནྡྲ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱཱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མཾ་ག་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ བུདྡྷཱ་ཡཾ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པྲྀ་ཧ་སྦ་ཏ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤུ་ཀྲཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤ་ནཻཤྩ་རཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀེ་ཏྲཱ་བཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་རཱ་ཧཱ་བཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀཱ་ལ་ཨགྣ་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷྲུ་བེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲཱ་ཀསྦྱ་ཡཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཀྵེ་ཏྲ་བྷྱོ་ ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྭཱ་ད་ཤ་རི་ས་བྷྱོ་ཧུྃ་ཕཊ་སྭཱ་ཧཱ།ཨོཾ་བོ་ཌ་ཤ་ཀ་ལཱ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ད་ཤ་དི་ཀ་པཱ་ལེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ནནྡི་ཀེ་ཤྭཱ་རཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གྷཎྚཱ་ཀརྞྞཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྷྲྀཾ་གི་ནེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་དུ་ཏི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱ་རཱི་ཏྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་སིདྡྷི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ད་རྨྨ་ཙཀྲཱ་ཡུ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བྷ་དྲ་གྷ་ཊཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དུན་དུ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀཀྵཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱོ་ན་མོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཉ་བཛྲ་ཉི་བཛྲ་ཉྼྀ་བཛྲ་ཉུ་བཛྲ་ཉླྀ་བཛྲ་ཉཾ་ བཛྲ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛྷ་བཛྲ་ཛྷི་བཛྲ་ཛྵུ་བཛྲ་ཛྷུ་བཛྲ་ཛྷླྀ་བཛྲ་ཛྷཾ་བཛྲ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛ་བཛྲ་ཛི་བཛྲ་ཛྲྀ་བཛྲ་ཛུ་བཛྲ་ཛླྀ་བཛྲ་ཛཾ་བཛྲ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཚ་བཛྲ་ཚི་བཛྲ་ཚྼི་བཛྲ་ཚུ་བཛྲ་ཚླྀ་བཛྲ་ཚཾ་བཛྲ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཙ་བཛྲ་ཙི་བཛྲ་ཙྼྀ་བཛྲ་ཙུ་བཛྲ་ཙླྀ་བཛྲ་ཙཾ་བཛྲ་ཧུྃ་ཕཊ་སྭཱ་ཧཱ། དེ་བཞིན་དུ་སྔར་བསྟན་པའི་ས་བོན་ཀུན་ ལ་ཡང་སྦྱར་བར་བྱའོ། །ཨོཾ་པ་རུ་ཎྱེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བ་ཡ་བེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཡ་མ་ནྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཡཀྵ་ནྱ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ནཱི་ལ་དཎྚྱེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཙ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སུཾ་བྷ་རཱ་ཛ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་རཽ་ནཱཀྵ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤྲིཾ་ཁ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙུནྡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྷྲྀ་ཀི་རི་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མཱ་རི་ཙྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤཏ་ཏྲིཾ་ཨིཙྪ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཛ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀརྐོ་ཊཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་སུ་ཀི་ཧུྃ་ཕཊ་ 14-1-93b སྭཱ་ཧཱ། ཨོཾ་བཛྲ་ཨ་ནནྟ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཏཀྵ་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་པདྨཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀུ་ཡི་ཀཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤཾ་ཁ་པཱ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པདྨཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲཾ་བི་ཛ་ཡཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྭཱ་ནཱ་སྱཻ་ཧུྃ་ཕཊ་དྭ་ཧཱ། ཨོཾ་སུ་ཀ་རཱ་སྱཻ་ ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བྱཱ་གྷྲ་སྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཛཾ་བུ་ཀཱ་སྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ག་རུ་ཌཱ་སྱཻ་ཧུྃ་ལཊ་སྭཱ་ཧཱ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་གྲྀ་དྷ་སྱཻ་ཧུ་ཕཊ་སྭཱ་ཧཱ། ཨོཾ་ཀཱ་ཀཱ་སྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཤུདྡྷེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙནྡཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མཾ་ག་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བུདྡྷཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྲྀཧྤ་ཏཱ་ཡེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤུ་ཀྲཱ་ཡ་ཧུྃ་ལཊ་སྭཱ་ཧཱ། ཨོཾ་བཛྲ་ཤ་ནེཤྩ་རཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀཱརྟ་རི་ཧུྃ་ལཊ་སྭཱ་ཧཱ། ཨོཾ་བཛྲ་རཱ་ཧུ་ལ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀཱ་ལཱགྣྱེེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷྲུ་བེ་ནི་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ བཛྲ་ཨཱ་གསྟྱཻ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སརྦ་ན་ཀྵ་ཏྲོ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྭཱ་ད་ཤ་རཱ་ཤི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་ཥོ་ཌ་ཤ་ཀཱ་ལ་བྷྱོ་ཧུྃ་ལཊ་སྭཱ་ཧཱ། ཨོཾ་བཛྲ་ཨ་ནནྡེ་བཱི་ཤྭཱ་རཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གྷཎྚ་ཀརྞཱ་ཡ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྷྲྀཾ་གི་ར་ཊེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཀྵཻ་ཏྲ་པཱ་ལི་ བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་དཱུ་ཏི་བྷྱོ་ཧུ་ཕཊ་སྭ་ཧཱ། ཨོཾ་ཧ་རི་ཏི་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་སིདྡྷི་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་དྷརྨྨཱ་ཙཀྲཱ་ཡུ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བྷ་དྲ་གཎྜཱི་ཡེ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དུནྡུ་བྷྱོ་ཧུྃ་ཕཊ་སྭཱ་ཧཱ། ཨོཾ་བོ་དྷི་བྲི་ཀྵི་ཡེ་ཧུྃ་ཕཊ་སྭཱ་ཧཱ། དེ་ནས་མཆོད་བསྟོད་ཅི་ནུས་བྱ། །ཁྲོ་རྒྱལ་ལ་ སོགས་གཏོར་མ་སྦྱིན། །དགེ་བ་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་འགྱུར་བར་ཤོག་ཐུབ་པ་འཁོར་བཅས་གཙོ་བོའི་བྱིན་གྱིས་བརླབ་ཀྱིས་སྣ་ཚོགས་ཕྱག་རྒྱའི་དངོས་གྲུབ་ཐོབ་གྱུར་པ། །སྲིད་པ་རྣམ་གསུམ་ལ་གནས་སེམས་ཅན་བཅོམ་ལྡན་དུས་འཁོར་སྟོབས་ ཀྱིས་དེ་བཞིན་ཤོག །བསོད་ནམས་དེ་ཡིས་སེམས་ཅན་མི་འགྱུར་མཆོག་གི་བདེ་བར་གྱུར་ཅིག་དེ་ལ་འདུད། །སྤྱི་བོར་རྡོ་རྗེ་རྩེ་ལྔ་རུ། །གཙོ་བོ་ཡབ་ཡུམ་གཤེགས་སུ་གསོལ། །ཐུགས་ཀར་རྩེ་དགུ་དུ་བ་སོགས། །དཔྲལ་བར་རྩེ་རྨོ་བཅུ་དྲུག་བསྒོམ། །རིགས་ལྔ་ཡབ་ཡུམ་བུམ་པར་ 14-1-94a གཤེགས། །མགྲིན་པར་རྩེ་མོ་སུམ་ཅུ་གསུམ། །སེམས་དཔའ་སེམས་མ་སྒོ་བ་གཤེགས། །ལྟེ་བར་རྩེ་མོ་དྲུག་ཅུ་ལྔ། །གསུང་གི་དཀྱིལ་འཁོར་གཤེགས་སུ་གསོལ། །གསང་བར་ཕྱི་ཡི་སྒོ་སྲུང་གཤེགས། །བྱ་བའི་རྡོ་རྗེ་གདན་བྲལ་སོགས། །ལས་ལ་ཀླུ་དང་རབ་ གཏུམ་གཤེགས། །དེ་ནས་ལྷ་ཡི་རྣམ་པར་ལྡང་། །ཆོ་གས་གནས་རྣམས་བསྲུང་བར་བྱ། །ཨོཾ་སརྦྦ་ཏ་ཐཱ་ག་ཏེ་ཨ་ཏི་བཛྲ་སཏྭ་ཧཾ་དོ་དཎྜ་དམ་ཀོ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྷའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །རྗེས་ཀྱི་བྱ་བའི་ཡན་ལག་སྟེ་བཅུ་གཅིག་པའོ།། །།སངས་རྒྱས་བྱང་སེམས་རྒྱུད་འགྲེལ་ལས། ། དབྲི་བསྣན་མ་བྱས་ཆོ་ག་བསྡུས། །དགེ་བ་བླ་མེད་བྱང་ཆུབ་བསྔོ། །ནོངས་གྱུར་བཟོད་པ་མཛད་དུ་གསོལ། །དཀྱིལ་འཁོར་རྒྱས་པའི་སྒྲུབ་ཐབས། སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་ བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀྲ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྲིད་གསུམ་མགོན་པོ་མཆོག་ཏུ་བདེ་བའི་བདག་ཉིད་རྣམ་པར་ རྟོག་པ་མ་ལུས་རབ་ཏུ་སྤངས། །སྤྲོ་དང་སྡུད་པའི་རྒྱུར་གྱུར་དངོས་དང་དངོས་མེད་མཉམ་པའི་ཡེ་ཤེས་སྐྱེ་དང་འཇིག་པ་རྣམ་པར་བྲལ། །སྐྱེ་པོ་རྣམས་ཀྱི་བསམ་པ་རྣམས་ལ་དགོངས་ཏེ་ཧཱུཾ་ཡིག་ལ་སོགས་ལས་བྱུང་དཀྱིལ་འཁོར་གྱིས་ནི་བསྐོར། །བདེན་པ་དག་ལ་གནས་པའི་མཆོག་གི་སྙིང་རྗེ་དང་ལྡན་དང་པོའི་ སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །འཇམ་པའི་དཔལ་གྱིས་བསྡུས་རྒྱུད་དུ། །སྒྲུབ་ཐབས་གསུངས་པ་དེ་བཞིན་དུ། །འཇིག་རྟེན་མགོན་གྱིས་འགྲེལ་མཛད་པ། །དེ་དག་བླངས་ཏེ་བྲི་བར་བྱ། །བསྟན་བཅོས་བརྩམ་པའི་ནུས་མེད་ཅིང་། །མཛད་ལས་དབྱུང་བར་མ་ནུས་ཀྱང་། །བསྒོམ་ཕྱིར་ སྒྲུབ་ཐབས་འདི་བྱས་པས། །བློ་ལྡན་རྣམས་ལ་བཟོད་པར་གསོལ། །དང་པོར་སྔགས་པ་མཆོག་ཏུ་སྙིང་རྗེ་དང་ལྡན་པ་གཞན་གྱི་བྱ་བ་བྱེད་པར་འདོད་པས། ཞི་བ་ལ་སོགས་པ་ལས་ཀྱི་བྱེ་བྲག་གིས། རྒྱ་མཚོའི་འགྲམ་ལ་སོགས་པའི་གནས་ཡིད་དུ་འོང་བའི་བསམ་གཏན་གྱི་གནས་སུ། བླ་མ་དང་། 14-1-94b རྒྱལ་བ་དང་། དེའི་སྲས་རྣམས་ལ་གུས་པས། བཅོམ་ལྡན་འདས་དཔལ་དང་པོའི་སངས་རྒྱས་ཀྱི་བྲིས་སྐུ་ལ་སོགས་པ་བཞུགས་སུ་གསོལ། མཆོད་པ་དང་། མཎྜལ་ལ་སོགས་པ་གཞུང་ནས་བཤད་པ་ལྟར་བཤམས་ལ། འཇམ་པ་ལ་སོགས་པའི་སྟན་ལ་བསྡད་ལ། ཤིན་ཏུ་གུས་པ་དང་ ལྡན་པའི་རང་གི་ཡིད་ཀྱིས་ཕྱག་བཙལ་བ་ལ་སོགས་པ་རྣམས་དང་། ཕྱིའི་མཆོད་པ་རྒྱ་ཆེན་པོ་རྣམས་དང་མཉམ་པོར་གཞག་པ་སྟེ། ཇི་ལྟར་གསུངས་པ་ལྟར་དག་པར་བྱས་པའི་བདུད་རྩི་ལྔའི་རི་ལུ་སྲན་མ་ཙ་ན་ཀ་ཙམ་ཁར་བཅུག་ནས། ལུས་དང་། ངག་དང་། ཡིད་དང་། ཡེ་ཤེས་རྣམ་པར་དག་ པར་བྱ་བ་ལ་སོགས་པ་རྣམས་བྱ་བ་ནི། དེ་ཡང་མཆོག་གི་སྙིང་རྗེ་དང་བདུད་རྩིའི་དབང་གིས་སེམས་ལ་བརླན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་དྲི་མ་མེད་པར་ལྷ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམ་པར་དག་པར་གསུངས་པ། ཨོཾ་ ཨཱཿ་ཧུྃ་ཧོཿཧཾ་ཀྵ། པྲཛྙོ་པཱ་ཡཱཏྨ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཱ་བཛྲཱ་མྲྀ་ཏ་སྭ་བྷཱ་བ་ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏྭཱ་ཡ་ཏཱ་ནཱ་ནི། སྭ་བྷཱ་བཾ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་ལ། གཙུག་ཏོར་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པ་ལྟ་བུ་སྔགས་པས་བསམ་མོ། །དེ་ ནས་གཙུག་ཏོར་ནས་བརྩམས་ཏེ་སེན་མོའི་བར་གྱི་ལུས་སྦྲུལ་པགས་པ་བརྗེས་པ་ལྟར་བསམ་མོ། །དེ་ལྟར་ཞི་བ་དང་རྒྱས་པ་དག་ལའོ། །དབང་ལ་སོགས་པ་གཞུང་ཆེས་ཀྱིས་དོགས་ནས་མ་བྲིས་སོ། །དེ་ནས་ཡང་དེ་ཉིད་གསུངས་པའི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་ པས་བརྗོད་དོ། །དེ་ནས་དཔྲལ་བར་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་སྐུ་མདོག་དཀར་པོ། མགྲིན་པར་ཨཱཿཡིག་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་དམར་པོ། སྙིང་གར་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ནག་པོ། ལྟེ་བར་ཧོཿཡིག་ཡོངས་སུ་ གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ། གཙུག་ཏོར་དུ་ཧཾ་ཡིག་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྐུ་མདོག་ལྗང་གུ། །གསང་གནས་སུ་ཀྵཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་རྣམས་དགོད་པ་ནི། གསུང་བར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་རྣམས་ 14-1-95a དང་ལྡན་པའོ། །འདི་ནི་རྡོ་རྗེའི་ཞལ་དག་པ་ལས་རིགས་དྲུག་དགོད་པའི་ངེས་པའོ། །དེ་ནས་ལག་པ་དག་པའི་སྔགས་བརྗོད་དོ། །ཨོཾ་ཧྲཾཿསརྦཱ་སྟ་རཱ་ཛ་མཱ་ར་ཀླེ་ཤནྟ་ཀ་ར་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདི་ཉིད་ཀྱིས་ལག་པ་མཉེ་བ་ནི་ལག་ པ་དག་པའི་ངེས་པའོ། །དེ་ནས་ཨ་ལ་སོགས་པའི་ལའི་མཐར་ཐུག་པའི་དབྱངས་ཡིག་བཅོ་ལྔ་ནི། ཨ་ཨི་རྀ་ཨུ་ལེ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་ལག་པ་གཡོན་པའི་མཐེའུ་ཆུང་གི་རྩ་བའི་ཚིགས་ནས་བརྩམས་ཏེ། མཐོ་བོའི་བར་གྱི་ཚིགས་རྣམས་ལ་ནམ་མཁའ་ལ་སོགས་པ་ དགོད་པའོ། །དེ་ནས་ལག་པ་གཡས་པའི་མཐེ་བོའི་སྟེང་གི་ཚིགས་ནས་བརྩམས་ཏེ། མཐེའུ་ཆུང་གི་ཚིགས་ཀྱི་བར་དུ་ལཱ་ཡིག་ལ་སོགས་པ་དགོད་པ་ནི། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨི་ཨཱཿ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། རྣམས་ནི་ས་ལ་སོགས་པ་རིམ་པ་བཞིན་ནོ། །དེ་ནས་ཐལ་མོ་སྦྱར་བའི་ནང་ དུ་ཟླ་བ་དང་ཉི་མའི་དབུས་སུ་ཧཱུྃ་ཡིག་ཁ་དོག་སྔོན་པོ་བསམ། ཡང་དེ་ཉིད་དུ་གསུངས་པ་ལྟར་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་ས་བོན་དང་ལྡན་པས་རྩེ་ལྔའི་ཕྱག་རྒྱ་བཅིངས་ཏེ། གཙུག་ཏོར་ནས་བརྩམས་ནས། རྐང་པའི་སེན་མོའི་བར་དུ་བདག་ཉིད་ལ་རེག་པར་བྱ་ཞིང་སྔགས་བརྗོད་ལ། ཨོཾ་ཨཱཿ་ཧུྃ་ཧོཿཧཾ་ ཀྵཿཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ནཱ་ངྷི་པ་ཏི་བཛྲ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་བཛྲཱ་ཀཱ་ཡ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེའི་ང་རྒྱལ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་བཱཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམ་པར་དག་པའོ། །དེ་ལྟར་རིགས་དྲུག་ལ་དགོད་པར་བྱས་ནས། དེ་ནས་ཡན་ལག་དྲུག་ལ་དགོད་པ་ནི། ལག་པ་གཉིས་ཐལ་མོ་སྦྱར་བའི་མཐེ་བོ་གཉིས་སྙིང་གར་གཏད་དེ། ཨོཾ་ཧྲླྀཾ་ཧྲྀ་ད་ཡཱ་ཡ་ནམཿ། ཞེས་པ་དང་། མགྲིན་པར་ཨོཾ་ཧཱུཾ་གྲཱི་ཝཱ་ཡ་སྭཱ་ཧཱ། ཞེས་པའོ། །མགོ་བོར་ཨོཾ་ཧྲཱུཾ་སི་ར་སེ་སྭཱ་ཧཱ། ཞེས་པའོ། །གཙུག་ཏོར་ལ་ཨོཾ་ཧྼཱྀཾ་ཤི་ཁཱ་ཡེེ་བོོ་ཥཊ། ཅེས་པའོ། ། ཡན་ལག་ཐམས་ཅད་ལ་ཨོཾ་ཧྲཱྀཾ་ཀ་བ་ཙཱ་ཡ་ཧཱུྃ། ཞེས་བརྗོད་ཅིང་ལག་པ་གཉིས་ཀྱིས་ལུས་ཐམས་ཅད་ལ་རེག་པར་བྱའོ། །མིག་ལ་ཨོཾ་ཧྼཱཾ་ནེ་ཏྲཱ་ཡ་ཝ་ཥཊ། ཅེས་པས་སོ། །མིག་ལ་ཨོཾཧྼཱཿཨསྟྲཱ་ཡ་ཕཊ། ཅེས་པས་ཕྱོགས་ཐམས་ཅད་དུ་མཐེ་བོང་དང་མཛུབ་མོས་སེ་གོལ་གཏོགས་ཤིང་དགེ་བའི་བྱ་བ་ 14-1-95b ལ་གཡོན་གྱིས། མི་དགེ་བའི་བྱ་བ་ལ་གཡས་པས་དགོད་དོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཏྲི་ཝ་སི་རཿཤི་ཁ་ཀ་བ་ཙ་ནེ་ཏྲོ་ཨསྟྲ་བཛྲ་ཥ་ཌཱཾ་ག་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་ཡན་ལག་དྲུག་ལ་དགོད་པའི་ཆོ་གའོ། །དེ་ནས་སྲུང་འཁོར་གྱི་དོན་དུ་ནམ་མཁའི་དཀྱིལ་འཁོར་གྱི་དབུས་སུ་དང་པོར་འཁོར་ལོ་ བཞི་བསྒོམ་པ་ནི། དེ་ནས་དེ་ཉིད་དུ་གསུངས་པ་ལྟར་སྲུང་བའི་འཁོར་ལོ་རྣམ་པར་བསམ་པར་བྱ་བའི་ཕྱིར། དེ་ཡང་དང་པོར་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་འོག་དང་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་སྦྱོར་རོ། །དེ་ནས་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དང་། ཝཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དང་། ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རྣམས་རིམ་པ་བཞིན་དུ། ཁ་དོག་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་ཀྱི་འོག་དང་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རང་རང་གི་ཁ་དོག་དང་བཅས་པའི་རྡོ་རྗེ་གཉིས་དང་ བཅས་པ་རྣམས། གཞུའི་དབྱིབས་དང་། གྲུ་གསུམ་དང་། ཟླུམ་པོ་དང་། གྲུ་བཞིའི་རྣམ་པ་ལ་རླུང་ཡབ་དང་བཀྲ་ཤིས་དང་པདྨ་དང་། འཁོར་ལོ་རྣམས་ཀྱིས་སྤྲས་པ་གོ་བར་བྱའོ། །དེ་ནས་ཡང་དེ་ཉིད་དུ་གསུངས་པ་ལྟར་དཀྱིལ་འཁོར་གཞི་གཅིག་ཏུ་གྱུར་པ་སྔ་དྲོའི་གྲིབ་མའི་མཚམས་དང་། གྲོང་ཁྱེར་གྱི་མཚམས་དང་། ཕྱི་རོལ་དུ་ནམ་མཁའ་དང་ས་གཞི་འདུས་པར་སྣང་བའི་མཚམས་སུ་སྟེ། དེ་ཡང་དཀྱིལ་འཁོར་གཞི་གཅིག་ཏུ་གྱུར་པ་ཁྲུ་བཞི་བརྒྱ་དང་ལྡན་པའི་གཞལ་ཡས་ཁང་བསྒོམ་པ་དང་། དེ་ལྟར་ར་བ་གསུམ་བསྒོམ་པ་དང་། དེ་ལྟར་གྲོང་ཁྱེར་སྲུང་བའི་དོན་དུ་གྲོང་ཁྱེར་གྱི་མཚམས་སུ་ར་བ་ལྔ་བསྒོམ་པར་བྱ་བ་དང་། དེ་ ལྟར་འོག་ཐམས་ཅད་དུ་རྡོ་རྗེའི་མདུང་དང་། སྟེང་དུ་མདའི་དྲ་བ་ཤིན་ཏུ་རྣོ་བ་དང་། དབུས་སུ་རྡོ་རྗེའི་ས་གཞི་རྣམས་གྲོང་ཁྱེར་གྱི་མཚམས་སུ་བསྒོམ་པར་བྱའོ། །དེ་ནས་གཞལ་ཡས་ཁང་གི་དབུས་སུ་པདྨ་འམ། འཁོར་ལོ་ཁྲུ་བཅུ་གཉིས་པ་མུ་ཁྱུད་དང་བཅས་པ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དབུས་ ཀྱི་ལྟེ་བ་ཁྲུ་བཞི་དང་ལྡན་པའི་ཉི་མ་དང་བཅས་པའི་གདན་ནོ། །འོན་ཀྱང་འདིའི་བྱེ་བྲག་ནི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་སམ། བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དང་། བཾ་ཡིག་ཡོངས་སུ་གྱུར་པའམ། ཨ་ཡིག་ཡོངས་སུ་གྱུར་ 14-1-96a པ་ལས་པདྨ་དང་། རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམས་ཞེས་བྱའོ། །དེ་ལྟར་ར་བ་ལ་སོགས་པ་བསྒོམས་ནས། ཡང་དེ་ཉིད་དུ་གསུངས་པ་ལྟར་སྔགས་ཀྱི་བྱེ་བྲག་ཏུ་གྱུར་པ་འདི་ལྟ་སྟེ། ཨོཾ་ཨཱཿ་ཧཱུྃ་རཿ་བཛྲ་ཙནྡྲ་སཱུརྱ་རཱ་ཧུ་ཀཱ་ལ་ཨགྣེ་ཡ། ཀཱ་ཡ་བཱ་ཀ་ཙིཏྟ་ཛྙཱ་ ན་བཛྲ་བཛྲ་པྲཱ་ཀཱ་རཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་ར་བའི་སྔགས་སོ། །ཨོཾ་བྷྲཱུཾ་བི་ཤྭཱ་ཀཱ་ཡ་བཛྲ་ཀཱུ་ཊཱ་གཱ་རཾ་ཀུ་རུ་ཀུ་རུ་སུ་ཧཱ། ཞེས་པ་ནི་གཞལ་ཡས་ཁང་གི་སྔགས་སོ། །ཨོཾ་པཿབི་ཤྭཱ་བཛྲ་པདྨ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་པདྨའི་སྔགས་སོ། །ཨོཾརཿབཛྲ་སཱུརྱཱ་ས་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་ཉི་མའི་གདན་ གྱི་སྔགས་སོ། །དེ་ནས་དེའི་སྟེང་དུ་ཨཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན། ཀ་ཡིག་ལ་སོགས་པ་གསལ་བྱེད་འདུས་པའི་བདག་ཉིད་ལས། ཟླ་བའི་དཀྱིལ་འཁོར་བསྒོམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡང་དེ་ ཉིད་དུ་གསུངས་པ་ཟླ་བའི་དཀྱིལ་འཁོར་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་གཡོན་དང་གཡས་སུ་བསྐོར་བ། དབྱངས་ཡིག་སུམ་ཅུ་ཨཱཿཚེག་དྲག་དང་ཀླད་ཀོར་དང་བཅས་པ་བསྒོམ་པ་ནི། ཨ་ཨི་རྀ་ཨུ་ལྀ་འདི་རྣམས་ནི་དང་པོ་ལྔ་བསྡུས་པའོ། །དེ་ཡང་ཡོན་ཏན་གྱི་དབྱེ་བས་ཨ་ཨེ་ ཨར་ཨོ་ཨལ་རྣམས་ནི་གཉིས་པ་ལྔ་རྣམས་བསྡུས་པའོ། །དེ་ནས་རྐྱེན་གྱིས་གྱུར་པ་ཧ་ཡ་ར་ཝ་ལ་རྣམས་ནི་གསུམ་པའི་བསྡུས་པ་ལྔའོ། །བསྡུས་པ་བཅོ་ལྔའི་མཐར་ཐིག་ལེ་ནི་ཨཾ་ཡིག་སྟེ། བཅུ་དྲུག་པ་སྟེ། འདི་རྣམས་ནི་གཡོན་སྐོར་གྱིས་སོ། །དེ་ནས་གཡས་སྐོར་གྱིས་ནག་པོའི་ཕྱོགས་ ཀྱི་དང་པོ་ལ་སོགས་པ་དགོད་པ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨི་ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ། དེ་ལྟར་བཅོ་ལྔ་དང་གནམ་སྟོང་གི་མཐར་ཚེག་དྲག་ནི་ཨཱཿསྟེ། འདི་ནི་དེ་ལྟར་དབྱངས་ཡིག་བཅུ་དྲུག་ཅེས་བྱའོ། །དེ་ནས་དེའི་སྟེང་དུ་ཨཱཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བུ་མོའི་བདག་ཉིད་བསམ་མོ། །ཡང་དེ་ཉིད་དུ་གསུངས་པའི་ཀ་ཡིག་ལ་སོགས་པའི་ཉི་མའི་དཀྱིལ་འཁོར་གསལ་བྱེད་བཞི་བཅུའི་བདག་ཉིད་དེ་ཡང་། ཧ་ཡ་ར་ཝ་ལ་རྣམས་དང་། སྡེ་ཚན་དྲུག་སྟེ་སུམ་ཅུ་རྩ་ལྔ་དང་། དེ་ཉིད་ཀྱིས་བརྗོད་པའི་ལ་ཝ་ཡ་ཌ་ཌྷ་རྣམས་བཟུང་ 14-1-96b སྟེ། ལླ་ཝྦ་ཌྜ་ཌྷྜྷ་ལླ་ཝྺ་རྼ་ཡྻ་ཧྷ་སྶ་ཀྜྤ་ཥྵ་ཤྴ་ྈྐྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ་རྣམས་ཏེ། བཞི་བཅུ་ཐམ་པ་ས་ལ་སོགས་པའི་དབྱེ་བས་གཡས་སྐོར་གྱིས་སོ། །དེ་ལྟར་གཡོན་སྐོར་གྱི། ང་གྷ་ག་ཁ་ཀ། ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ཀྤ་ས་ཧ་ཡ་ར་ཝ་ལ་ཌྷ་ཌ་ཡ་ཝ་ལ་སྟེ། དེ་ལྟར་བཞི་བཅུ་སྟེ་གསལ་བྱེད་བརྒྱད་ཅུ་ཞེས་སོ། །དེ་ནས་དེ་དག་གི་དབུས་སུ་ཧཱུྃ་ཡིག་སྔོན་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་བསྒོམ་པར་བྱའོ། ། དེ་ནས་གནས་གསུམ་པོ་གཅིག་ཏུ་འདྲེས་པ་ལ་ཧྲཱིཿཡིག་གིས་སྤྲས་པ་ལས་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ལུས་ཀྱི་ཡན་ལག་ཐམས་ཅད་རྫོགས་པ་ཧཾ་ཡིག་གི་བདག་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་འོག་ནས་ཕྱག་འཚལ་བའི་སྐབས་སུ་འཆད་པའི་ དཔལ་དུས་ཀྱི་འཁོར་ལོ་སྟེ། འོན་ཀྱང་ཕྱག་ཉི་ཤུ་རྩ་དྲུག་པ་ཕྱག་ལྷག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ་ལ་ཁ་དོག་སེར་པོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་མ་སྤྱན་གསུམ་མ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་བསྣམས་པ། ཕྱག་རྒྱ་ལྔས་སྤྲས་པའི་སྣ་ཚོགས་ཡུམ་ གྱིས་མགུལ་ནས་འཁྱུད་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྟག་གི་ཤམ་ཐབས་སྤྱངས་པ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སུ་བདག་ཉིད་བསྒོམ་མོ། །ཡང་དེ་ཉིད་དུ་གསུངས་པ་ལྟར་ཕྱག་རྒྱ་ལ་སོགས་པ་དགོད་པ་ལས། ཕྱག་རྒྱ་དྲུག་རང་གི་ལུས་ལ་དགོད་པ། ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞྞ་ཡོར་ བཛྲ་ཀུཎྜ་ལི་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨཾ་ཨཿཀ་ཊྱེ་ཀཎྛེ་བཛྲ་མེ་ཁ་ལཱ་བཛྲ་ཀཎྛི་ཀ་ཧུ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་པུ་རེ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་བཾ་པཉྩ་ཨཱ་ཀཱ་ར་མ་ཧཱ་ཤཱུ་ནྱ་སྭ་བྷཱ་ཝ་མ་ཧཱ་བཛྲ་ཤི་རོ་མ་ཎི་ཤི་ར་སི་སརྦ་ཨཾ་གེ་བྷསྨ་ ཧུྃ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཾ་ཨརྡྷ་ན་རཱི་ཤྭ་ར་བཛྲ་ཨརྡྷ་ཙནྡྲ་བཛྲ་པཊྚ་ཨུ་རྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་ཨཱཿཨོཾ་སརྦ་སྭ་རཻ་ཨེ་ཀ་ཏྲི་སྭ་ར་སྭ་བྷཱ་བ་བཛྲ་ཡཛྙོ་ལ་བཱི་ཏ་སྐནྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་ནི་ཕྱག་རྒྱ་དྲུག་གི་ཆོ་གའོ། །དེ་ནས་འཆད་པར་འགྱུར་བའི་གླང་པོའི་པགས་པའི་ཕྱག་རྒྱ་བཅས་པའི་ཕྱག་རྒྱ་བཞིའི་ 14-1-97a སྔགས་རྣམས་བརྗོད་པར་བྱ་སྟེ། ཨོཾ་ཀྵཿ་དུར་དཱན་ཏཱ། བྷི་མན་ཀྵ་ཡཾ་ཀ་ར་བྱཱ་གྷྲ་ཙརྨ་ཀ་ཊོོ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་ཀྵཿཏྲི་ཤང་སྭ་ར་སཔྟ་ཏི་ཧྲཿསྭ་དིརྒྷ་བྱཉྫ་ན་སྭ་བྷཱ་བདྱེེ་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷི་ར་མུཎྜ་མཱ་ལ་སྐནྡྷ་ཨ་བ་ལཾ་བི་ནི་སྐནྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧི་ཧྲྀ་ཧུ་ཧླྀ་པཉྩ་སྐནྡྷ་བི་ཤུདྡྷ་སྭ་བྷཱ་བ་ ཤི་ར་སི་ཀ་པཱ་ལ་མཱ་ལེ་ཧུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་ནི་ཕྱག་རྒྱ་བཞིའི་ཆོ་གའོ། །དེ་ལྟར་ཕྱག་རྒྱ་བཅུ་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུའི་དབྱེ་བ་དང་། གནས་བཅུ་དྲུག་གི་དབྱེ་བས་སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནི་ཕྱག་རྒྱ་དགོད་པའི་ཆོ་གའི་རིམ་པའོ། །དེ་ནས་གཡོན་དང་གཡས་ཀྱི་ཕྱག་མཚན་གྱི་ས་བོན་རྣམས་ བརྗོད་པར་བྱ་སྟེ། ཨོཾ་ཀྵྼཿཀྲོ་དྷ་བཛྲ་ཧཱུྃ་ཕཊ། ཨོ་ཀྵྼཿབཛྲ་བཱ་ཎ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཏྲི་ཤུ་ལ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཀརྟ་རི་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་བཱ་ཎ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཨཾ་ཀུ་ཤ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཌ་མ་རུ་ཀ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་མུངྒ་ར་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་ཙཀྲ་ཧཱུྃ་ཕཊ ཨོཾ་ཀྵྼཿབཛྲ་ཀུནྟ་ཧཱུྃ་ ཕཊ། ཨོཾ་ཀྵྼཿབཛྲ་དཎྜ་ཧཱུྃ་ཕཊ། ཨོཾ་ཀྵྼཿབཛྲ་པཪྴཱུ་ཧཱུྃ་ཕཊ། ཅེས་པ་རྣམས་ནི་གཡས་ཀྱི་ཕྱག་མཚན་རྣམས་སོ། །དེ་ནས་གཡོན་གྱི་ཕྱག་མཚན་རྣམས་ནི། དང་པོར་ཧྭཱཾ་ཡིག་བརྗོད་པར་བྱ། ཨོཾ་ཧྭཱཾ་བཛྲ་གྷཎྚེ་ཏོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁེ་ཊཀ་ཏོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁ་ཊྭཱཾ་ག་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙ་པཱ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་བ་ཤ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་རཏྣ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པདྨ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤཾ་ཁ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཨཱ་དཪྴ་ཧོ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛཱ་ཤྲི་ཁ་ལེ་ཧྭཱཾ་ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙ་ཏུར་བེ་ཏ་སྭ་བྷཱ་བ་བྲཧྨ་ཤི་ར་ཧོ་ཕྲེཾ་ཕཊ། ཅེས་པ་རྣམས་ཕྱག་ གཡོན་པ་རྣམས་སུ་མཚན་མ་དགོད་པའི་རིམ་པའོ། །དེ་ནས་གླང་པོའི་པགས་པའི་སྔགས་རྣམས་བརྗོད་པ་ནི། ཨོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཾ། ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཱཿ། སརྦ་བགྷྣི་བི་ད་རི་ཏ་ག་ཛ་ཙརྨ་པཊྚཱ་ཨ་རྡྷ་རཀྟ་ཤྲ་བ་ཏ་ཧཱུྃ་ཕྲེཾ། ཕྱག་གཡས་དང་གཡོན་གྱི་སྡིགས་མཛུབ་དང་བཅས་ ནས་བཟུང་བ་ནི། གཡས་ཀྱི་ལག་པ་དང་མགོ་བོའི་ཕྱོགས་ཀྱི་ལག་པ་དང་། གཡོན་གྱི་རྐང་པ་ནས་བཟུང་བར་བསམ་པ་ནི་པགས་པ་བཟུང་བའི་རིམ་པའི་ཆོ་གའོ། །དེ་ནས་ཀླུའི་རྒྱལ་པོ་བཅུ་དགོད་པའི་སྔགས་ནི། ཨོཾ་ཧཱུྃ་བཛྲ་ཛ་ཡ་ནཱ་གེནྡྲ་བཛྲ་ཛ་ཊཱ་མུ་ཀུ་ཊ་བནྡྷེ་ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀྵུཾ་བཛྲ་ 14-1-97b བི་ཛ་ཡ་ནཱ་གེནྡྲ་བཛྲ་པཊྚ་བནྡྷེ་ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྱཾ་ཧྱ་བཛྲ་ཀརྐོ་ཊ་བཛྲ་པདྨཽ་བཱ་མ་དཀྵི་ཎ་ཀུཎྜ་ལ་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྲཾ་ཧྲཱཾ་བཛྲ་བ་སུ་ཀི་ཤེ་ཁ་པཱ་ལོོ་བཱ་མ་དཀྵ་ཎི་རུ་ཙ་ཀ་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྭཾ་ཧྭཱ་བཛྲ་ཨ་ནནྟ་ཀུ་ལི་ཀཽ་མེ་ཁ་ལཱ་ཀཎྛི་ཀ་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧླཾ་ཧླཱ་བཛྲ་ཏཀྵ་ཀོ་ མ་ཧཱ་པདྨཽ་བཱ་མ་དཀྵི་ཎ་པཱ་ད་ནཱུ་པཱུ་ར་ཡོཿཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། དེ་ལྟར་སྔགས་དང་ཕྱག་རྒྱ་དགོད་པར་བྱས་ལ། མཁའ་འགྲོ་མ་རྣམས་དང་བཅས་པའི་རྐང་པ་བཅུ་དྲུག་པས་སྡང་བ་རྣམས་བསྐྲད་པ་དང་། བདུད་ལ་སོགས་པ་བསྐྲད་པའི་སྔགས་རྣམས་དུས་ཀྱི་འཁོར་ལོའི་སྔགས་པས་ཡང་ནས་ཡང་ དུ་བཟླས་པ་འདི་ལྟ་སྟེ། ཨོཾ་ན་མོ་བཛྲ་སཏྭ་ཡ། ན་མོ་བུདྡྷ་བོ་དྷི་སཏྭ་བྷྱཿན་མོ་བཛྲ་ཀྲོ་དྷ་རཱ་ཛིནྡྲ་ར་ཛེ་བྷྱཿ། ན་མོ་བི་ཤྭཱ་མཱ་ཏྲེེ་ན་མོ་བུདྡྷ་བོ་ངྷི་ས་ཏྭ་དེ་བི་བྷྱཿན་མོ་བཛྲ་ཌཱ་ཀི་ནཱི་བྷྱཿ། ཨོཾ་ན་མོ་བྷ་ག་བ་ཏེ་ཀཱ་ལ་ཙཀྲཱ་ཡ། བཛྲ་བྷཻ་ར་བ་བྷཱི་ཀ་ར་ཡ་མ་ཧེནྡྲེ་ནཱི་ལ་བརྞྞ་ཤ་རཱི་རཱ་ཡ། མཱ་ར་ཀླེ་ཤ་ཧྲྀ་ད་ཡཱ་ཀྲནྟ་སཱི་ཏ་རཀྟ་ཙ་ར་ ཎཱ་ཡ། ཀྲྀཥྞ་རཀྟ་སི་ཏ་ཀཎྛཱ་ཡ་ནཱི་ལ་ས་ཏ་པཱ་ཏི་རཀྟ་དཾཥྚཱ་ཀ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ཀྲྀཥྞ་རཀྟ་སི་ཏ་ས་བྱེ་ཏ་ར་སྐནྡྷཱ་ཡ། དྭ་ད་ཤ་བྷུ་ཛཱ་ཡ། ཥ་ཌ་བིཾ་ཤ་ཏི་ཀ་རཱ་ཡ། བཛྲ་ཁཌྒ་ཏྲི་ཤཱུ་ལ་ཀརྟ་རི་བཱ་ཎ་བ་ཨཾ་ཀུ་ཤ་ཌ་མ་རུ་ཀ་མུངྒ་ར་ཙཀྲ་ཀུནྟ་དཎྜ་པར་ཤུ་བཛྲ་གྷཎྚ་ཁེ་ཊ་ཁ་ཊྭཱཾ་ག་ཀ་པཱ་ལ་ཙཱ་པ་པཱ་ཤ་རཏྣ་ཀ་མ་ལ་ ཤཾ་ཁ་ཨཱ་དརྴ་ཤྲཱི་ཁ་ལཱ་བྲཧྨ་ཤི་རོ་ག་ཛ་ཙརྨ་དྷྲྀཀ་ཀ་རཱ་ཡ། བྱཱ་གྷྲ་ཙརྨ་ཎཾ་བ་ས་ནཱ་ཡ། སྐནྡྷེ་མུཎྜ་མཱ་ལཱ་བ་ལཾ་བི་ན། ཤི་ར་སི་བཛྲ་པཊྚ་མུ་ཀུ་ཊེ་བཛྲ་ཀ་པཱ་ལ་མཱ་ལ་ཨརྡྷ་ཙནྡྲ་དྷ་རཱ་ཡ། ཀུཎྜ་ལ་རུ་ཙ་ཀ་ཀཎྛི་ཀ་མེ་ཁ་ལཱ་ནཱུ་པཱུར་བྷསྨ་ཡཛྙོ་པ་བཱི་ཏ་ཤི་རོ་མ་ཎི་མ་ཧཱ་མུ་དྲ་ནཱ་གེནྡྲ་བི་བྷཱུ་ཥ་ཎཱ་ཡ། བཛྲ་ཌཱཀ་ཀི་ནཱི་སཾ་ཏོ་ཥ་ཏི་ཧྲྀ་ ད་ཡཱ་ཡ། ཨིནྡྲ་ཨགྣི་ཡ་མ་ནཻ་རྀ་ཏྱ་བ་རུ་ཎ་བཱ་ཡུ་ཀུ་བེ་ར་ཨཱི་ཤཱ་ན་བྲཧྨ་བིཋྞུ་བི་ནཱ་ཡ་ཀ་ཀ་རྟི་ཀེ་ཡ་ནནྡི་མཧཱ་ཀཱ་ལ་གྲ་ཧ་ནཀྵ་ཀྵེ་ཏྲོ་པཱ་ལ། སུ་རེནྡྲཱ་སུ་རེནྡྲཱ་ཕ་ཎིནྡྲ་བྷཱུ་ཏེནྡྲ་ན་རེནྡྲ་སཾ་སྟུ་ཏ་ཙ་ར་ཎཱ་ཡ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་རྐང་པ་བཅུ་དྲུག་པའི་སྔགས་སོ། །བདུད་རིགས་བརྒྱའི་ཕྲེང་བའི་སྔགས་ཀྱི་ ས་བོན་རྣམས་ནི་གོང་དུ་སྔགས་བརྗོད་པའི་སྐབས་སུ་བཤད་པས་འདིར་མ་བྲིས་སོ། །རྐང་པ་བདུན་ཅུ་རྩ་གཉིས་པ་ནི་གཞུང་ཆེས་དོགས་པས་མ་བྲིས་སོ། །དེ་ནས་རྡོ་རྗེ་དགོད་པར་བྱ་བ་དེ་ཉིད་གསུངས་པ་ལྟར་དཔལ་དང་ལྡན་པའི་རྡོ་རྗེ་ཡན་ལག་རྣམས་ལ་དགོད་པ་ནི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ 14-1-98a དཀར་པོ་ལ་ཨོཾ་ཡིག་དགོད་དོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་དམར་པོ་ལ་ཨཱཿཡིག་དགོད་དོ། །སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ལ་ཧཱུྃ་ཡིག་དགོད་དོ། །ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཧོ་ཡིག་དགོད་དོ། །གཙུག་ཏོར་དང་གསང་བར་རིམ་པ་ཇི་ལྟ་བ་ བཞིན་དུ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་ཁུ་དང་སྔོན་པོ་ལ་ཧཾ་ཀྵ་དགོད་དོ། །དེ་ལྟར་དཀྱིལ་འཁོར་དྲུག་བསྒོམས་ལ་དཀྱིལ་འཁོར་དེ་རྣམས་ཉིད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམས་ཏེ། རྩེ་མོ་བཅུ་བདུན་པ་དང་། རྩེ་མོ་སུམ་ཅུ་སོ་གསུམ་པ་ པ་དང་། རྩེ་རྨོ་དགུ་པ་དང་། རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང་། རྩེ་མོ་ལྔ་པ་དང་། ཡང་རྩེ་མོ་སུམ་ཅུ་སོ་གསུམ་པ་ཞེས་པ་སྟེ། རྡོ་རྗེ་རྣམས་ཀྱང་སོ་སོའི་དཀྱིལ་འཁོར་གྱི་ཁ་དོག་དང་འདྲ་བར་ཇི་ལྟར་གསུངས་པའི་ཚད་ལྟར་བསྒོམ་པར་བྱ་སྟེ། ཡང་དེ་ཉིད་ནས་གསུངས་པ་ལྟར་རྡོ་རྗེ་ནོར་བུ་རྣམ་པར་དག་པ་ སོར་གཅིག་པ་བསྒོམ་པར་བྱའོ། །སྤྱི་གཙུག་གི་འཁོར་ལོ་རྣམ་པར་དག་པ་སོར་གཉིས་པའོ། །དཔྲལ་བའི་འཁོར་ལོ་རྣམ་པར་དག་པ་སོར་བཞི་པའོ། །མགྲིན་པའི་འཁོར་ལོ་རྣམ་པར་དག་པ་སོར་ལྔ་པའོ། །སྙིང་གའི་འཁོར་ལོ་རྣམ་པར་དག་པ་སོར་བརྒྱད་པའོ། །ལྟེ་བའི་འཁོར་ལོ་རྣམ་པར་ དག་པ་སོར་དགུ་པའོ། །གསང་གནས་ཀྱི་འཁོར་ལོ་རྣམ་པར་དག་པ་སོར་བཅུ་གཉིས་པའོ། །དེ་ནས་གཡོན་གྱི་དཔུང་མགོའི་ཚིགས་ལ་ང་ངི་ངྼྀ་ངུ་ངླི་ངཾ་། གྷ་གྷི་གྷྲྀ་ལྷུ་གྷླྀ་གྷ། ག་གི་གྼྀ་གུ་གླྀ་གཾ། ཁ་ཁི་ཁྼི་ཁུ་ཁླྀ་ཁཾ། ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ། ཞེས་པས་ནམ་མཁའ་ལ་སོགས་པ་སྟེ། ཐུང་ངུ་དྲུག་གི་ དབྱེ་བ་དང་། ཀའི་སྡེ་ཚན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་རྨོ་སུམ་ཅུ་རྩ་གཅིག་པ་བསྒོམ་པར་བྱའོ། །དེ་ནས་དཔུང་མགོ་གཡས་པའི་ཚིགས་ལ། ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱ་ཀྐཱི་ཀྐཱ། ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱྀ་ཁྑཱི་ཁྑཱ། གྒཱ༔ གྒླཱྀ་གྒཱུ་གྒྼཱྀ་གྒཱི་གྒཱ། གྷྒྷཱཿགྷྒྷླཱྀ་གྷྒྷཱུ་གྷྒྷྼཱྀ་གྷྒྷཱི་གྷྒྷཱཾ། ངྔཱཿངྔླཱྀ་ངྔཱུ་ངྔྼཱྀ་ངྔཱི་ངྔཱ། ཞེས་པ་ནི་ས་ལ་སོགས་པ་སྟེ་རིང་པོ་དྲུག་གི་ དབྱེ་བ་དང་། ཀྐཱཿའི་སྡེ་ཚན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གཅིག་པ་བསམ་མོ། །དེ་ལྟར་ལས་ཀྱི་འཁོར་ལོ་བཅུ་གཉིས་རྣམས་ལ་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་དེ་ཉིད་དུ་གསུངས་པ་ལྟར་གྲུ་མོ་གཡོན་པ་ལ་ཙའི་སྡེ་ཚན་ 14-1-98b ཐུང་ངུའི་བདག་ཉིད་དོ། །གྲུ་མོ་གཡས་པ་ལ་རིང་པོའི་བདག་ཉིད་དོ། །དེ་ལྟར་གཡོན་པའི་མཁྲིག་མའི་ཚིགས་ལ་ཊའི་སྡེ་ཚན་ཐུང་ངུ་རྣམས་སོ། །གཡས་པའི་མཁྲིག་མའི་ཚིགས་ལ་རིང་པོ་རྣམས་སོ། །གཡོན་གྱི་དཔྱི་མགོའི་ཚིགས་ལ་པའི་སྡེ་ཚན་ཐུང་ངུ་རྣམས་སོ། །གཡས་ཀྱི་དཔྱི་མགོའི་ཚིགས་ ལ་རིང་པོ་རྣམས་སོ། །པུས་མོ་གཡོན་པའི་ཚིགས་ལ་ཏའི་སྡེ་ཚན་ཐུང་ངུ་རྣམས་སོ། །པུས་མོ་གཡས་པའི་ཚིགས་ལ་རིང་པོ་རྣམས་སོ། །ལོང་བུ་གཡོན་པའི་ཚིགས་ལ་སའི་སྡེ་ཚན་ཐུང་ངུ་རྣམས་ཀྱི་རང་བཞིན་ནོ། །ལོང་བུ་གཡས་པའི་ཚིགས་ལ་རིང་པོའི་བདག་ཉིད་དོ་ཞེས་པ་ནི་ཚིགས་རྣམས་ལ་རྡོ་རྗེ་ དགོད་པའི་ཆོ་གའོ། །རྡོ་རྗེ་དེ་རྣམས་ཀྱང་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཚད་དང་མཉམ་པ། དེ་ཉིད་ཀྱིས་བསྒོམ་པར་བྱའོ། །དེ་རྣམས་རིམ་པ་དེ་བཞིན་བྱ་བའི་འཁོར་ལོ་རྣམས་ལ། ལག་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ། རྩ་བའི་ཚིགས་རྣམས་ལ་ཐུང་ངུ་དྲུག་གི་དབྱེ་ བས་ཀའི་སྡེ་ཚན་ང་ལ་སོགས་པ་དྲུག་དྲུག་ལས་བྱུང་བའི་རྩེ་མོ་བདུན་བདུན་དང་ལྡན་པའི་རྡོ་རྗེ་ལྔ་བསྒོམ་པར་བྱའོ། །དེ་ལྟར་གཡས་ཀྱི་མཐེ་བོའི་ཚིགས་སྟེང་མ་ནས་བརྩམས་ཏེ། ཚིགས་ལྔ་ལ་རིང་པོ་དྲུག་དང་ལྡན་པའི་ཀྐཱ་ལ་སོགས་པ་དྲུག་དྲུག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམས་སོ། །གཡོན་གྱི་སོར་ མོའི་དབུས་ཀྱི་ཚིགས་རྣམས་ལ་ཙའི་སྡེ་ཚན་ཐུང་ངུའི་བདག་ཉིད་ལས་རྡོ་རྗེ་རྣམས་སོ། །གཡོན་གྱི་སོར་མོའི་དབུས་ཀྱི་ཚིགས་རྣམས་ལ་རིང་པོའི་བདག་ཉིད་རྣམས་ལས་སོ། །གཡོན་གྱི་སོར་མོའི་སྟེང་གི་ཚིགས་ལ་ཊའི་རྗེ་ཚན་ཐུང་ངུའི་བདག་ཉིད་རྣམས་སོ། །གཡས་ཀྱི་སོར་མོའི་རྩ་བའི་ཚིགས་རྣམས་ ལ་རིང་པོའི་བདག་ཉིད་ལས་སོ། །རྐང་པ་གཡོན་གྱི་སོར་མོའི་ཚིགས་རྣམས་ལ་སྔ་མ་ལྟར་པའི་སྡེ་ཚན་ཐུང་ངུ་རྣམས་ཀྱི་བདག་ཉིད་ལས་སོ། །རྐང་པ་གཡས་པའི་ཚིགས་རྣམས་ལ་སྔ་མ་ལྟར་རིང་པོ་རྣམས་ཀྱི་བདག་ཉིད་ལས་སོ། །དེ་ནས་གཡོན་པའི་ཚིགས་རྣམས་ལ་སྔ་མ་ལྟར་ཏའི་སྡེ་ཚན་ཐུང་ངུ་ རྣམས་ཀྱི་བདག་ཉིད་ལས་སོ། །གཡས་པ་ལ་རིང་པོའི་བདག་ཉིད་ལས་སོ། །དེ་ལྟར་གཡོན་པའི་ཚིགས་རྣམས་ལ་སའི་སྡེ་ཚན་ཐུང་ངུའི་བདག་ཉིད་རྣམས་ལས་སོ། །གཡས་པའི་ཚིགས་རྣམས་ལ་རིང་པོའི་བདག་ཉིད་ལས་རྡོ་རྗེ་རྣམས་ཏེ། རིམ་པ་བཞིན་སྡེ་ཚན་རྣམས་ཡོངས་སུ་དག་པ་ལས་ལྗང་ཁུ་ 14-1-99a དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོའི་ཁ་དོག་རྣམས། སོ་སོའི་ཚིགས་ཀྱི་ཚད་ཀྱིས་སོ། །དེ་ནས་རྣ་བ་ལ་སོགས་པར་རྡོ་རྗེ་དགོད་པ་ནི། དེ་ཉིད་ལས་གསུངས་པ་ལྟར། རྣ་བ་དག་ཏུ་ཨ་ཨཱ་དག་ལས་རྡོ་རྗེ་རྩེ་གསུམ་པ་བསྒོམ་པར་བྱའོ། །སྣ་བུག་དག་ཏུ་ ཨེ་ཨཻ་དག་ལས་སོ། །མིག་དག་ཏུ་ཨར་ཨཱར་དག་ལས་སོ། །ལྕེ་དང་ལྕེ་ཆུང་དག་ལ་ཨོ་ཨཽ་དག་ལས་སོ། །རྡོ་རྗེ་དང་གསང་བ་དག་ལ་ཨལ་ཨཱལ་དག་ལས་སོ། །ཡིད་དང་ཁུ་བ་འཛག་པའི་རྩ་དག་ལ་ཨ་ཨཿདག་ལས་ཏེ། འདི་རྣམས་ཀྱང་རིམ་པ་ཇི་ལྟ་བ་བཞིན་ཁ་དོག་གི་དབྱེ་བ་དང་ལྡན་པར་སོར་ གཅིག་གི་ཚད་ཀྱིས་སོ། །ཡང་དེ་ཉིད་དུ་གསུངས་པ་ལྟར་རྣ་བ་ལ་སོགས་པར་རྡོ་རྗེ་སོར་གཅིག་པ་ཞེས་པས་སོ། །དེ་ནས་གཙུག་ཏོར་ལ་སོགས་པ་རྣམས་ལ་རྡོ་རྗེ་དགོད་པ་ནི། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་གཙུག་ཏོར་དང་མགོ་བོ་དག་ལ་ཧ་ཧཱ་དག་ལས་རྡོ་རྗེ་རྩེ་ལྔ་པའོ། །ལྕེ་དང་རྐན་དག་ལ་ཡ་ཡཱ་དག་ལས་ རྡོ་རྗེ་རྩེ་ལྔ་པའོ། །ལག་མཐིལ་དག་ལ་ར་རཱ་དག་ལས་སོ། །རྐང་མཐིལ་དག་ལ་ཝཱ་དག་ལས་སོ། །འཕོངས་ཀྱི་གཡས་གཡོན་དག་ལ་ལཱ་དག་ལས་སོ། །དེ་ལྟར་རྡོ་རྗེའི་ལུས་སུ་བདག་ཉིད་བསྒོམ་པར་བྱ་བ་ནི། དེ་རྣམས་ཀྱི་གཙུག་ཏོར་ལ་སོགས་པ་རྣམ་པར་དག་པར་གསུངས་པའི་མཚན་ཉིད་དོ། །དེ་ ནས་བདུད་ཀྱི་ཚོགས་བསྲེག་པ་ནི། དེ་ཡང་དེ་ཉིད་ནས་གསུངས་པ་ལྟར་དེ་རྣམས་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་འབར་བས་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་རྣམས་བསྲེགས་ནས། སྟེང་དུ་ལྗང་གུ་འབར་བ་དང་། འོག་ཏུ་སྔོན་པོ་འབར་བ་དང་། ཤར་དང་ཤར་ ལྷོར་ནག་པོ་འབར་བ་དང་། ལྷོ་དང་བདེན་བྲལ་དུ་དམར་པོ་འབར་བ་དང་། བྱང་དང་དབང་ལྡན་དུ་དཀར་པོ་འབར་བ་དང་། ནུབ་དང་རླུང་དུ་སེར་པོ་འབར་བ་དང་ཞེས་སོ། །བདུད་ཀྱི་ཚོགས་བསྲེག་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཧྲཿཧྲཿཧྲཿཧྲཿརཿརཿརཿརཿབཛྲ་ཨ་ན་ལ་སརྦ་ཨཱ་བ་ར་ཎ་དྷརྨཱ་ པྲ་ལ་ཡ་སྭ་བྷཱ་བ་སརྦ་མཱ་ར་ཡ་ཀཱ་ཡི་ཀ་བིགྷྣ་པི་ནཱ་ཡ་ཀཱ་དཱི་ནཱཾ་ད་ཤ་དི་ཀག་ཏཱ་ནཱཾ་ཀཱ་ཡ་བཱ་ཀ་ཙིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་སྨི་ཀུ་རུ་ཀུ་རུ་ཧཱུྃ་ཧུཾ་ལཊ་ལཊ། ཅེས་པ་ནི་བདུད་རྣམས་རྣམ་པར་བསྲེག་པའི་ཆོ་གའོ། །དེ་ནས་ལུས་དང་ངག་དང་ཡིད་ཀྱི་ཆོ་ག་རྣམ་པ་དག་པ་གཞལ་ཡས་ཁང་དང་། ར་བ་གསུམ་དང་། ར་ 14-1-99b བ་ལྔ་རྣམས་ཀྱི་ནང་དང་། ཕྱི་རོལ་བསྲུང་བའི་དོན་དུ། ཁྲོ་བོ་ལ་སོགས་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་སྤྲོ་བར་བྱའོ། །དེ་ནས་ཡང་དེ་ཉིད་ནས་གསུངས་པ་ལྟར་དང་པོར་རྡོ་རྗེ་ཤུགས་སུ་བདག་ཉིད་བསྒོམས་ལ། དེ་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧ་ཡ་ར་ཝ་ལ་རྣམས་བརྩེགས་པའི་གཟུགས་སུ་ བསམ་མོ། །དེའི་སྟེང་དུ་ཧ་ལས་བྱུང་བའི་འཆད་པར་འགྱུར་བའི་ཕྱག་རྒྱ་དང་མཚན་མ་དང་ཞལ་རྣམས་དང་ལྡན་པའི་སྐུ་མདོག་ལྗང་ཁུ་སྣ་བུག་གཡོན་པ་ནས་སྤྲོས་ཏེ། གཙོ་བོའི་དབུའི་སྟེང་དུ་གཞལ་ཡས་ཁང་གི་ནང་དུ་ཟླ་བའམ་ཉི་མའི་སྟེང་དུ་གཙུག་ཏོར་ཅན་གཡས་བརྐྱང་དུ་བཞུགས་པའོ། །དེ་ལྟར་ ཧ་ཡིག་རིང་པོ་ལས་བྱུང་བའི་གནོད་མཛེས་རྒྱལ་པོ་ཁ་དོག་སྔོན་པོ་སྣ་བུག་གཡས་ནས་བཏོན་ནས་རྡོ་རྗེའི་ས་གཞིའི་སྟེང་དུ་ཉི་མའམ་ཟླ་བ་ལ་དགོད་དོ། །དེ་ལྟར་ཡ་ཡིག་ལས་བྱུང་བའི་བགེགས་མཐར་བྱེད་ཁ་དོག་ནག་པོ། སྣ་བུག་གཡོན་པ་ནས་བྱུང་ནས་ཤར་ཕྱོགས་སུ་ཟླ་བ་འམ་ཉི་མ་ལ་དགོད་པར་བྱའོ། །དེ་ ལྟར་ཡཱ་ཡིག་ཡོངས་སུ་རྫོགས་པའི་དབྱུག་སྔོན་ཅན་ཁ་དོག་ནག་པོ་སྣ་བུག་གཡས་ནས་བཏོན་ཏེ། མེ་ཚམས་སུ་ཉི་མའམ་ཟླ་བ་ལ་དགོད་དོ། །རྀ་ཡིག་ལས་བྱུང་བའི་ཤེས་རབ་མཐར་བྱེད་སྐུ་མདོག་དམར་པོ། མིག་གཡོན་ནས་བཏོན་ནས་ལྷོ་ཕྱོགས་སུ་ཟླ་བའམ་ཉི་མ་ལ་དགོད་དོ། །དེ་ལྟར་རཱྀ་ ཡིག་ལས་ཡོངས་སུ་རྫོགས་པའི་འདོད་པའི་རྒྱལ་པོ་དམར་པོ། མིག་གཡས་ནས་བཏོན་ཏེ་བདེན་བྲལ་དུ་ཉི་མ་འམ་ཟླ་བ་ལ་དགོད་པར་བྱའོ། །དེ་ལྟར་ཝུ་ཡག་ལས་ཡོངས་སུ་རྫོགས་པའི་པདྨ་མཐར་བྱེད་དཀར་པོ་ལྕེ་ལས་བཏོན་ཏེ། བྱང་དུ་ཟླ་བའམ་ཉི་མ་ལ་དགོད་དོ། །ཝཱུ་ཡིག་ལས་ཡོངས་སུ་རྫོགས་པའི་ མི་གཡོ་བ་དཀར་པོ་དྲི་ཆུའི་ལམ་ནས་བཏོན་ཏེ། དབང་ལྡན་གྱི་མཚམས་སུ་ཟླ་བའམ་ཉི་མ་ལ་དགོད་དོ། །ལྀ་ཡིག་ལས་ཡོངས་སུ་རྫོགས་པའི་གཤིན་རྗེ་མཐར་བྱེད་སེར་པོ་ཆུ་མིན་གྱི་ལམ་ནས་བཏོན་ཏེ། ནུབ་ཕྱོགས་སུ་ཟླ་བའམ་ཉི་མ་ལ་དགོད་དོ། །དེ་ལྟར་ལཱྀ་ཡིག་ལས་ཡོངས་སུ་རྫོགས་པའི་སྟོབས་ པོ་ཆེ་སེར་པོ་རྡོ་རྗེ་གཙུག་ཏོར་ནས་བཏོན་ཏེ། རླུང་གི་མཚམས་སུ་ཟླ་བ་འམ་ཉི་མ་ལ་དགོད་པར་བྱའོ། །ཡང་ན་བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ཐམས་ཅད་ཉི་མའི་གདན་ལ་བཞུགས་པ་སྟེ། དུས་ཀྱི་འཁོར་ལོ་དགོད་པའོ། །དེ་ནས་གཞལ་ཡས་ཁང་གི་ཕྱི་རོལ་དུ་ཟད་པར་ནམ་མཁའ་ལ་སོགས་པ་ 14-1-100a སྤྲོ་བ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ང་ཉ་ཎ་མ་ན་རྣམས་བརྩེགས་པའི་གཟུགས་སུ་བསྒོམས་ལ། ང་ངཱ་ལས་ཡོངས་སུ་རྫོགས་པའི་ཟད་པར་ནམ་མཁའ་སྔོན་དུ་བཤད་པའི་སྒོ་རྣམས་ནས་བཏོན་ཏེ། གཞལ་ཡས་ཁང་གི་སྟེང་དང་གནོད་ མཛེས་རྒྱལ་པོའི་འོག་དག་ཏུ་སྟོང་པའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ཉི་ཉཱི་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་རླུང་ཤར་དང་མེ་མཚམས་སུ་རླུང་གི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ཎྼྀ་ཎྼཱྀ་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་མེ་ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་ལ་བསྒོམ་པར་ བྱའོ། །དེ་ལྟར་མུ་མཱུ་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་ཆུ་བྱང་དང་དབང་ལྡན་གྱི་མཚམས་སུ་ཆུའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ནླྀ་ནླཱྀ་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་རླུང་ཤར་དང་མེ་མཚམས་སུ་སའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་གྷ་ཛྷ་ཌྷ་བྷ་དྷ་རྣམས་སུ་བརྩེགས་པའི་ ཡི་གེ་བསྒོམས་ལ། དེ་རྣམས་ལས་ཕྱོགས་སྐྱོང་བཅུ་སྤྲོ་བ་ནི། གྷ་གྷཱ་དག་ལས་ཡོངས་སུ་རྫོགས་པའི་ཚངས་པ་དང་ཁྱབ་འཇུག །ལྗང་གུ་དང་སྔོན་པོ། ངང་པ་དང་བྱ་ཁྱུང་ལ་གནས་པ། ར་བ་ལ་ཕྱོགས་པ། སྟེང་དུ་ཚངས་པ། འོག་ཏུ་ཁྱབ་འཇུག་གོ། །དེ་ནས་ཛྷྲི་ཛྷྲཱི་དག་ལས་ཡོངས་སུ་རྫོགས་པའི་ བདེན་བྲལ་དང་རླུང་ལྷ་དག །ཁ་དོག་ནག་པོ། ཡི་དྭགས་དང་རི་དྭགས་ལ་གནས་པ། ཤར་དང་མེ་མཚམས་སུའོ། །དེ་ལྟར་ལྷོ་དང་བདེན་བྲལ་དུ། ཊྷྲྼྀ་ཊྷྲཱྀ་ལས་ཡོངས་སུ་རྫོགས་པའི་གཤིན་རྗེ་དང་མེ་ལྷ། ཁ་དོག་དམར་པོ་མ་ཧེ་དང་ལུག་ལ་གནས་པའོ། །དེ་ལྟར་བྱང་དང་དབང་ལྡན་དུ་བྷུ་བྷཱུ་དག་ ལས་ཡོངས་སུ་རྫོགས་པའི་རྒྱ་མཚོ་དང་བདེ་བྱེད། ཁ་དོག་དཀར་པོ་ཆུ་སྲིན་དང་ཁྱུ་མཆོག་ལ་གནས་པའོ། །དེ་ལྟར་ནུབ་ཕྱོགས་དང་རླུང་དུ་དྷླྀ་དྷླཱྀ་དག་ལས་ཡོངས་སུ་རྫོགས་པའི་དབང་པོ་དང་གནོད་སྦྱིན། ཁ་དོག་སེར་པོ། གླང་པོ་ཆེ་དང་བ་མ་ན་ལ་གནས་པའོ། །དེ་ལྷར་ཕྱོགས་སྐྱོང་རྣམས་ར་བའི་ ནང་དུ་བསྒོམ་པར་བྱའོ། །དེ་ནས་ར་བ་བསྲུང་བའི་དོན་དུ་གཟའ་རྣམས་བསྒོམ་པར་བྱའོ། །སྔོན་དུ་གསུངས་པའི་ཉི་མའི་དཀྱིལ་འཁོར་ལ། ག་ཛ་ཌ་བ་ད་རྣམས་བརྩེགས་པའི་ཚུལ་དུ་གནས་པ་ལས། ག་གཱ་དག་ལས་ཡོངས་སུ་རྫོགས་པའི་སྒྲ་གཅན་དང་དུས་མེ། སྟོང་པའི་དཀྱིལ་འཁོར་ལ་ 14-1-100b གནས་པ། ར་བ་གསུམ་ལ་ཕྱོགས་པ་སྟེང་དང་འོག་ཏུ་ནམ་མཁའི་དཀྱིལ་འཁོར་ལའོ། །དེ་ལྟར་ཛི་ཛཱི་དག་ལས་ཡོངས་སུ་རྫོགས་པའི་ཟླ་བ་དང་ཉི་མ་རླུང་གི་དཀྱིལ་འཁོར་ལ་གནས་པ། ཤར་དང་མེ་མཚམས་སུ་དགོད་དོ། །ཌྼྀ་ཌྼཱྀ་དག་ལས་ཡོངས་སུ་རྫོགས་པའི་གཟའ་ལག་དང་བཀྲ་ཤིས། མེའི་ དཀྱིལ་འཁོར་ལ་གནས་པ། ལྷོ་དང་བདེན་བྲལ་དུ་དགོད་དོ། །དེ་ལྟར་བུ་བཱུ་དག་ལས་ཡོངས་སུ་རྫོགས་པའི་པ་ཝ་སངས་དང་ཕུར་བུ་ཆུའི་དཀྱིལ་འཁོར་ལ་གནས་པ། བྱང་དང་དབང་ལྡན་དག་ཏུའོ། །དེ་ལྟར་དླྀ་དླཱྀ་དག་ལས་ཡོངས་སུ་དག་པའི་མཇུག་རིངས་དང་སྤེན་པ། སའི་དཀྱིལ་འཁོར་ལ་གནས་ པ་ནུབ་དང་རླུང་དག་ཏུ་སྟེ། འདི་རྣམས་ནི་ར་བའི་ཕྱི་རོལ་དུ་བསྲུང་བའི་དོན་དུ་གཟའི་ཚོགས་རྣམས་བསྒོམ་པའོ། །དེ་ནས་ར་བ་ལྔ་བསྲུང་བར་བྱ་བའི་དོན་དུ་ཀླུའི་རྒྱལ་པོ་རྣམས་སྤྲོ་བར་བྱ་སྟེ། སྔོན་དུ་གསུངས་པ་ལྟར་ཉི་མའི་དཀྱིལ་འཁོར་ལ་ཁ་ཚ་ཋ་ཕ་ཐ་རྣམས་བརྩེགས་པའི་ཚུལ་དུ་བསམས་ནས། ཁ་ ཁཱ་དག་ལས་ཡོངས་སུ་རྫོགས་པའི་རྒྱལ་བ་དང་རྣམ་པར་རྒྱལ་བ། ར་བ་ལྔ་ལ་ཕྱོགས་པ་སྟེང་འོག་ནམ་མཁའི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཚི་ཚཱི་དག་ལས་ཡོངས་སུ་རྫོགས་པའི་ཀ་རྐོ་ཊ་དང་པདྨ་དག །ཤར་དང་མེ་མཚམས་སུ་རླུང་གི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཋྼྀ་ཋྼཱྀ་དག་ ལས་ཡོངས་སུ་རྫོགས་པའི་ཆུ་བདག་དང་དུང་སྐྱོང་། ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཕུ་ཕཱུ་དག་ལས་ཡོངས་སུ་རྫོགས་པའི་དགའ་བོ་དང་རིགས་ལྡན། བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཐླྀ་ཐླཱྀ་དག་ལས་ཡོངས་སུ་རྫོགས་པའི་པདྨ་ ཆེན་པོ་དང་འཇོག་པོ་ནུབ་དང་རླུང་དག་ཏུ་སའི་དཀྱིལ་འཁོར་ལ་གནས་པའོ། །དེ་ནས་ར་བ་ལྔའི་ཕྱི་རོལ་དུ་བསྲུང་བའི་དོན་དུ་འབྱུང་པོ་ལྷ་མ་ཡིན་རྣམས་བསྒོམ་པར་བྱ་སྟེ། སྔོན་དུ་གསུངས་པ་ལྟར་ཉི་མའི་དཀྱིལ་འཁོར་ལ་ཀ་ཙ་ཊ་པ་ཏ་རྣམས་བརྩེགས་པའི་ཚུལ་དུ་བསམ་པ་སྟེ། དེ་རྣམས་ཀྱང་ར་བ་ ལ་ཕྱོགས་པ་སྟེང་དང་འོག་ཏུ་ཀ་ཀཱ་དག་ལས་ཡོངས་སུ་དག་པའི་རོ་ལངས་དང་། ཀ་ཤ་མཱནྡུ་ནམ་མཁའ་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཙི་ཙཱི་དག་ལས་ཡོངས་སུ་རྫོགས་པའི་ཀི་ནང་གདང་། ཀིཾ་པུ་རུ་ཥ་ཁྱི་དང་བྱ་རོག་གི་གདོང་ཅན། ཤར་དང་མེར་རླུང་གི་དཀྱིལ་འཁོར་ལ་དགོད་དོ། །དེ་ལྟར་ཊི་ཊཱི་ 14-1-101a དག་ལས་ཡོངས་སུ་རྫོགས་པའི་དྲི་ཟ་དང་འབྱུང་པོ། ཕག་པ་དང་བྱ་གོད་ཀྱི་གདོང་པ་ཅན། ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་དག་ལ་དགོད་དོ། །དེ་ལྟར་པུ་པཱུ་དག་ལས་ཡོངས་སུ་རྫོགས་པའི་སྲིན་པོ་དང་ཡི་དྭགས། སྟག་དང་འུག་པའི་གདོང་ཅན་བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་ལ་ དགོད་དོ། །དེ་ལྟར་ཏླྀ་ཏླཱྀ་དག་ལས་ཡོངས་སུ་རྫོགས་པའི་བརྗེད་བྱེད་ཅེ་སྤྱང་གི་གདོང་པ་ཅན་དང་། བྱ་ཁྱུང་གི་གདོང་ཅན། ནུབ་དང་རླུང་དུ་སའི་དཀྱིལ་འཁོར་དག་ལ་དགོད་དོ། །དེ་རྣམས་ཐམས་ཅད་ཤེས་རབ་དང་ལྡན་པའོ། །ཡང་དེ་ཉིད་དུ་གསུངས་པ་ལྟར། ཡེ་ཤེས་དང་ནམ་མཁའ་དང་། རླུང་དང་། མེ་ དང་། ཆུ་དང་། ས་རྣམས་ཁམས་དྲུག་ལས་བྱུང་བའི་ཁྲོ་བོའི་རྒྱལ་པོ་རྣམས་དང་། གཟུགས་མེད་དང་། གཟུགས་དང་། ཕྱོགས་བཅུ་སྐྱོང་བ་དང་། གཟའ་རྣམས་དང་། ཀླུ་རྣམས་དང་འབྱུང་པོ་རྣམས་རྗེ་ཚན་དྲུག་གི་བདག་ཉིད་སྲུང་ཞིང་སྐྱོང་བ། ཕྱི་དང་ནང་རྣམས་སུ་ཁ་སྦྱོར་དུ་གནས་པ་རྣལ་འབྱོར་པས་ དགོད་དོ། །དེ་ནས་བགེགས་དང་འོག་འདྲེན་ལ་སོགས་པ་རྣམས་ལ་གདབ་པར་བྱ་བ་ནི། དེ་ཡང་དེ་ཉིད་དུ་གསུངས་པ་ལྟར་དེ་ལས་གཞན་པ་བགེགས་དང་ལོག་འདྲེན་ལ་སོགས་པ་རྣམས་རྡོ་རྗེ་ལྕགས་ཀྱུས་ཁུག་ཅིག །རྡོ་རྗེ་ཞགས་པས་ཆིངས་ཤིག །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཕུར་བུ་རྩེ་མོ་མདུང་གི་རྣམ་ པ་རྣམས་གནས་བཅུར་སྡང་བ་བཏབ་པར་བསམ་མོ། །སྔགས་རྣམས་ཁ་དོག་ལྔ་དང་ལྡན་པ་སྟེ། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་ཥ་ཊ་མུ་ཁ་ཥཊ་བྷུ་ཛ་ཥཊ་སརྦ་ཙ་ར་ཎ་སརྦ་བེགྷྣ་བི་ནཱ་ཡ་ཀཱ་དི་དུཥྚཱ་ནཾ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ནཱ་ནི་ཀཱེ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ པ་ནི་གདབ་པའི་སྔགས་སོ། ཨོཾ་ལླྀ་བཛྲ་མུདྒ་ར། མཱ་རཱ་དཱི་ནཱཾ་ཤི་ར་སི་ཀཎྛི་ཧྲྀ་ད་ཡེ། ནཱ་བྷོོ་གུ་ཧྱ་ཨན་ཏེ་བཛྲ་ཀཱི་ལ་ཡ་ཀཱན་ཨཱ་ཀོ་ཊ་ཡཱ་ཀོ་ཊ་ཡ། ཀྵཾ་ཀྵཱ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཀྵཾ་ཀྵཱཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་པ་ནི་གདུང་བའོ་སྔགས་སོ། །དེ་ནས་ང་རྒྱལ་བྱས་ནས་ཕུར་བུ་རྣམས་བསྲུང་བའི་དོན་དུ། ཁྲོ་པོ་བཅུ་ལ་བཀའ་བསྒོ་བ་ནི། དེའི་དོན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར་གསུངས་པ། སྲིད་པ་གསུམ་གྱི་གནས་སུ་དབྱུག་སྔོན་ཅན་གྱིས་བདུད་རྣམས་མ་ལུས་རྡུང་བར་བྱེད་པར་འགྱུར་རོ། །དུས་མཐའི་ཉི་མ་དང་མཚུངས་ཁྲོ་བོ་མི་གཡོ་བ་ཡིས་འཆིང་སྟེ་ཕུར་འདེབས་ཤིན་ཏུ་བརྩོན་འགྲུས་སོ། 14-1-101b ཌཀྐིས་དེ་ཡི་བརྩོན་འགྲུས་འཇིག་རྟེན་ས་སྟེང་གྱུར་པར་གནོད་མཛེས་རྒྱལ་པོས་ངེས་པར་བྱེད་པའོ། །གཙུག་ཏོར་ཅན་གྱིས་དེ་ཡི་རྫུ་འཕྲུལ་འཇིག་སྟེ་ངེས་པར་ཁྲོ་བོའི་ལྷ་མོ་རྣམས་ཀྱིས་སྔ་མ་བཞིན་དུའོ། །ཞེས་པས་སོ། །ཨོཾ་ཧུྃ་ཀྲོ་དྷེ་ནྡྲོ྅ཧཾ་ཀྲོ་དྷཱ་ནཱཾ་ཨཱ་ཛྙཱ་དཱ་ཡ་ཀ་སྭཱ་ཧཱ། དེ་ནས་ཁྲོ་བོ་རྣམས་ལ་སོ་སོའི་ སྔགས་ཀྱི་རྐང་པས་བཀའ་བསྒོ་བ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་ཨུཥྞཱི་ཥ་ཨཱུརྡྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨདྡྷི་པ་ལ་སརྦ་བི་གྷ་ནཱནྟ་ཀ་པུརྦ་དེ་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྚཱཾ་པྲཛྙཱ་ནྟ་ཀ་དཀྵི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝ བཛྲ་ཀྲོ་དྷ་རཱ་ཛ་མ་ན་ག་བི་ར་ག་པདྨཱནྟ་ ཀ་ཨུཏྟར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མཱནྟ་ཀ་པ་ཤྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་སོ། །ཡང་དེ་ཉིད་ལས། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨཱི་ཤ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནི་ར་ཏྱཱཾ་དི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜ་ཨགྣེ་ཡཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུཾ་བྷ་ཨ་དྷོ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་རྐང་པ་འདི་རྣམས་ནི། རྒྱུད་ཀྱི་སྒྲུབ་ཐབས་ལས་གསུངས་པའི་ཆོ་གས་སྔགས་པས་དགོད་པར་ བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་རཀྵཱཾ་ཙཀྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ང་རྒྱལ་བྱའོ། །འདི་ནི་བསྲུང་བའི་འཁོར་ལོའི་ཆོ་གའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམས་ནས་བདག་ཉིད་གསུང་བར་འགྱུར་བའི་བཅོམ་ལྡན་འདས་དུས་ཀྱི་འཁོར་རོ། །ཞལ་དང་ཕྱག་དང་བཞུགས་ཚུལ་རྣམས་སུ་སྐད་ ཅིག་གིས་བསམས་ལ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་བདག་ཉིད་སྐད་ཅིག་གིས་ལྷའི་སྐུར་བསྒོམས་ནས། རང་གི་སྙིང་གར་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་ལྟེ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་དེ་ཁོ་ན་ཞེས་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དེ་ལས་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་འཕྲོ་བ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་ཐོག་མ་མེད་པའི་སྔོན་དུ་གསུངས་པའི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ། ནམ་མཁའི་དབུས་ན་བཞུགས་པ་ལ། རྣལ་འབྱོར་པས་མཆོད་ 14-1-102a ཅིང་ཕྱག་འཚལ་བ་ནི། སྒྲུབ་ཐབས་ཀྱི་ཚིག་རབ་ཏུ་བསྡུས་པར་བྱ་བའི་ཕྱིར་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྗེས་སུ་བསྒྲུབ་པའི་ཕྱིར་ཕྱག་བཙལ་བའི་ཚིགས་སུ་བཅད་པ་རྣམས་འདི་ལྟ་སྟེ། སངས་རྒྱས་རྣམས་དང་རྒྱལ་སྲས་ཁྲོ་བོ་ཕྱོགས་སྐྱོང་ཀླུ་རྣམས་དང་ནི་དེ་རྣམས་ཀྱི། །ལྷ་མོའི་ ཚོགས་དང་རྒྱས་འདེབས་བདག་དང་མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་བརྗོད་པར་གྱུར་པའི་ཞལ་གྱི་གྲངས་རྣམས་གཡས་སྐོར་གྱིས་ནི་གོ་བྱ་སྟེ། །གཡས་དང་གཡོན་གྱི་རྩ་བའི་ཕྱག་ན་ཆུ་སྐྱེས་དང་ནི་རང་མཚན་གོ་བར་བྱ། །སྣ་ཚོགས་པདྨ་ཟླ་བ་ཉི་མ་སྒྲ་གཅན་དུས་མེ་འཕྲོག་བྱེད་ཞལ་གཅིག་ ཁ་དོག་དཀར། །རིག་བྱེད་ཕྱག་ན་རྩེ་གསུམ་ཌ་མ་རུ་དང་དཔལ་གྱི་དུང་དང་ཁ་ཊྭཱཾ་ག་འཛིན་པའོ། །རྩེ་མོ་ཅན་གྱི་མིག་ལྡན་གཡོན་དུ་གན་རྐྱལ་བསྒྱེལ་བ་གནས་ཏེ་གཡས་སུ་དྲན་པ་ཉིད། །ཁ་དོག་དམར་པོ་མདའ་ལྔ་ལྕགས་ཀྱུ་གཞུ་དང་ཞགས་པ་རྣམས་དང་བཅས་པ་དེ་དག་ལ། །གོོ་རཱི་དགའ་བྱེད་མ་ ཡིས་བཟུང་བ་དཀར་དང་དམར་བའི་གཡས་བརྐྱང་ཞབས་ཀྱིས་སྙིང་གར་མནན། །ས་བོན་ཧཱུྃ་ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་རལ་པའི་ཐོར་ཚུགས་སྔོན་པོ་ཅན། །མི་བསྐྱོད་པ་སྟེ་ཞལ་གྱི་པདྨ་སྤྲིན་དང་བ་ལ་འོད་ལྡན་རི་བོང་ཅན་རྣམས་རྒྱ་མཚོ་མཚུངས། །དབུས་དང་གཡས་དང་གཡོན་རྣམས་སྔོན་པོ་དམར་པོ་ དཀར་པོ་རྣམས་དང་ལྡན་པའི་མགྲིན་གསུམ་པ། །གཡོན་གྱི་དཔུང་པའི་རིམ་བཞིན་དཀར་མིན་དམར་དང་དཀར་བ་རྣམས་ཏེ་གཡས་པའི་དཔུང་པ་གསུམ། །དེ་བཞིན་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་ལག་ངར་ཟུང་གསུམ་ཕྱག་གི་མགོ་བོ་བཞི་པ་གསུམ། །སོར་མོ་རྣམས་ནི་གསེར་དང་ཟླ་བ་ཉི་མ་སྤྲིན་དང་ ལྗང་ཁུ་མཐེབ་སོགས་རིམ་པ་བཞིན། །དེ་རྣམས་རྩེ་མོ་དབུས་དང་རྩ་བ་རྣམས་ཀྱི་ཚིགས་ནི་སྤྲིན་དང་ཉི་མ་ཐིག་ལེ་རྣམས། །མི་མགོ་སྐམ་པོ་ལྔ་རྣམས་ཁ་དོག་ལྔ་དང་ལྡན་པས་ཉིད་ཀྱི་དབུ་ལ་བརྒྱན། །མགྲིན་ལ་མགུལ་རྒྱན་ཉིད་དང་སྐེད་ལ་སྐ་རགས་རྣ་རྒྱན་གྱིས་ནི་རྣ་བ་ལ། །ལག་པ་དག་ལ་ཡིད་འོང་ལག་ གདུབ་རྐང་པ་དག་ལ་རྐང་གདུབ་མཛེས་པས་སྤྲས། །དབུ་ལ་དར་དཔྱངས་སྐུ་ལ་ཐུགས་ཀར་མཆོད་ཕྱིར་ཐོགས་པ་རྣམས་ཀྱིས་བརྒྱན། །སོ་སོའི་ཞལ་རྣམས་སྤྱན་གསུམ་དང་ལྡན་ནོར་བུ་རྡོ་རྗེ་ཟླ་བ་དང་། །དབུ་ཉིད་ལ་སྟེ་མི་མགོ་བརྒྱ་ཡི་ཕྲེང་བ་མགོ་འཛིན་ལ་གནས། །སྟག་གི་ཤམ་ཐབས་དང་ལྡན་རྡོ་རྗེ་རལ་གྲི་རྩེ་ 14-1-102b གསུམ་གྲི་གུག །མདའ་དང་ལྕགས་ཀྱུ་ཅང་ཏེའུ་ཐོད་པ་འཁོར་ལོ་དུང་རྣམས་དང་ནི། །དབྱུག་པ་དགྲ་སྟ་གཡས་མིན་རྣམས་ཏེ་དྲིལ་བུ་ཕུབ་ཆུང་དག་སྟེ། །ཁ་ཊྭཱཾ་ག་དང་དུང་དང་ཐོད་པ་མདའ་གནས་ཞགས་པ་རིན་ཆེན། །ཆུ་སྐྱེས་དང་ནི་དུང་དང་མཆོག་གི་མེ་ལོང་ལྕགས་སྒྲོག་རྣམས་དང་། །རིགས་བྱེད་ གདོད་ལྡན་མགོ་བོ་རྣམས་ཀྱི་ཕྱག་ཉིད་རྣམས་ལ་མཚན་པ། །ཕྲེཾ་ཡིག་གྲི་གུག་ལས་བྱུང་བུད་མེད་གཟུགས་ཅན་སྐུ་མདོག་སེར་མོ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་གཞན་བཞུགས་པས་རབ་ཏུ་འཁྱུད་པ། །ཕྱག་རྒྱ་དང་ལྡན་ཀླུ་ཡི་ཕྱག་གིས་པདྨ་སྣ་ཚོགས་ཡུམ་གྱི། །དབུ་ལ་དཔལ་ལྡན་རྡོ་རྗེ་ སེམས་དཔའ་ཅོད་པན་ལ་གནས། །གྲི་གུག་ལྕགས་ཀྱུ་ཅང་ཏེའུ་ཕྲེང་བ་རྣམས་ནི་རིམ་པ་བཞིན་དུ། །ཐོད་པ་ཞགས་པ་ཆུ་སྐྱེས་རིན་ཆེན་རྣམས་ནི་ཕྱག་གིས་འཛིན་མ། །གསེར་དང་ཟླ་བ་དང་ནི་སྤྲིན་དང་ཉི་མ་རྣམས་དང་ལྡན་པའི། །གང་ཞིག་ཞལ་བཞི་རྣམས་ནི་མེ་ཡི་སྤྱན་དང་རབ་ཏུ་ལྡན་མ། །ཨཾ་ཡིག་ རྡོ་རྗེ་དག་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་གང་ཞིག་ཡེ་ཤེས་རྣམ་དག་པ། །སྔོ་དང་ཉི་མ་ཟླ་བའི་ཞལ་གསུམ་སྤྱན་དགུ་རྡོ་རྗེ་འདུག་སྟངས་གནས་པའི་མངའ་བདག་ཉིད། །རྡོ་རྗེ་སྔོན་པོ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་མགོ་རྣམས་ནི་རིམ་པ་བཞིན། །ཕྱག་དྲུག་ལ་ཡིན་རལ་པ་དང་ལྡན་སྐུ་ལ་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ་ཡིས་འཁྱུད། །ཤེས་རབ་ཕ་རོལ་ཕྱིན་མས་འཁྱུད་པའི་རྣམ་པར་ཤེས་པ་དག་པའི་བདག་ཉིད་མི་བསྐྱོད་ལྗང་། །ཨ་དང་རྡོ་རྗེ་དག་ལས་བྱུང་བའི་མི་བསྐྱོད་རྡོ་རྗེ་སེམས་དཔའི་རྣམ་པ་དང་ནི་མཚུངས། །མི་བསྐྱོད་རྣམ་པ་དང་མཚུངས་ཨཱ་དང་གྲི་གུག་ལས་བྱུང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ། ཨཿདང་གྲི་གུག་ལས་བྱུང་ཤེས་རབ་ཕ་རོལ་ཕྱིན་མ་རྡོ་རྗེ་སེམས་དཔའི་རྣམ་པ་བཞིན། །དག་པའི་ལུས་ལ་སྣ་ཚོགས་པའི། །ཡུམ་གྱིས་འཁྱུད་པ་འགྲོ་བའི་ཡབ། །དཔལ་ལྡན་དུས་ཀྱི་འཁོར་ལོ་གང་། །འཁོར་ལོའི་དབུས་གནས་ལ་ཕྱག་འཚལ། །རིན་ཆེན་གཙུག་མ་དང་མཚུངས་པའི། །ནག་ མོ་འབར་བ་ལ་སོགས་པ། །བརྒྱད་རྣམས་ཞལ་བཞི་ཕྱག་བརྒྱད་མ། །མངའ་བདག་པད་འདབ་རྣམས་ལ་གནས། །ཨ་ཡིག་རྣམས་ཀྱི་གསང་བའི་ཐོད་པ་ལས་བྱུང་དཔལ་ཉིད་ནག་མོ་འབར་མ་མདུན་དུ་གནས། །ན་བཟའ་ནག་མོ་སྤྲིན་དང་ཉི་མ་གསེར་དང་རི་བོང་ཅན་གྱི་ཞལ་རྣམས་རིམ་པ་བཞིན། །བདུག་ 14-1-103a སྤོས་དང་ནི་ཙནྡན་གུར་གུམ་གླ་རྩི་ག་པུར་དང་བཅས་པདྨའི་སྣོད་རྣམས་དང་། །དྲིལ་བུ་པདྨ་ལྷ་ཤིང་མེ་ཏོག་ཕྲེང་བ་གང་བ་དེ་ཉིད་རྣམས་ལ་བསྟོད། །གཡས་སུ་ཨཿཡིག་དང་ནི་མར་མེ་དག་ལས་བྱུང་བའི་དམར་མོ། །འབར་མ་ཉི་མ་སེར་དང་དཀར་དང་ནག་པོའི་ཞལ་དང་ལྡན་མ། །ཕྱག་ ན་མར་མེ་མུ་ཏིག་ཕྲེང་བ་ཅོད་པན་ལག་གདུབ་རྣམས་དང་། །གོས་དང་སྐ་རགས་རྣ་རྒྱན་རྐང་གདུབ་རྣམས་དང་ལྡན་ལ་ཕྱག་འཚལ། །གཡོན་དུ་ཨཾ་ཡིག་དང་ནི་ལྷ་བཤོས་ལས་བྱུང་བའི། །དཀར་མོ་འབར་མ་དཀར་ནག་དམར་སེར་ཞལ་དང་ལྡན། །འོ་མ་ཆུ་དང་སྨན་དང་ཆང་དང་རོ་རྣམས་དང་། །བདུད་རྩི་འབྲས་བུ་ ཟན་སྣོད་ཕྱག་ལྡན་ཉིད་ལ་འདུད། །ཆུ་བདག་ཏུ་ནི་ཨཱ་ཡིག་དག་ལས་བྱུང་བའི་སོར་མོ་འབར་མ། །གསེར་དང་ཟླ་བ་བུང་བ་དང་ནི་དྲོད་བྱེད་རྣམས་དང་ལྡན་མ། །དུང་དང་གླིང་བུ་དང་ནི་ནོར་བུ་ཅང་ཏེའུ་པི་ཝང་དང་ནི། །རྔ་དང་མཆོག་གི་འཁར་རྔ་ཟངས་དུང་ཕྱག་ན་བསྣམས་ལ་ཕྱག་འཚལ། །ཧ་ཧཱ་ཧཾ་ཧཿརྣམས་ ལས་བྱུང་བའི་སེར་དང་དཀར་དང་དམར་དང་བུང་བའི་ཁ་དོག་ལྡན། །རླུང་དང་དབང་ལྡན་སྲིན་པོ་མེ་ཡི་འདབ་མ་རྣམས་ལ་ལྷ་མོ་རྣམས་ཏེ་མར་མེ་མ། །མེ་ཁྱེར་མ་དང་སྨིག་རྒྱུ་མ་སྟེ་དཔལ་གྱི་དུ་བ་མ་ཡི་ཕྱག་རྣམས་མ་ལུས་པས། །རིམ་བཞིན་རྔ་ཡབ་འཛིན་མ་རང་རང་མདོག་མཚུངས་སྔ་མ་ལས་བྱུང་ རྣམས་ལ་ཕྱག་འཚལ་ལོ། །རྩེ་མོ་ཅན་དང་སྲིན་པོ་དབང་ལྡན་རླུང་མཚམས་རྣམས་ལ་གནས་པ། །ཧུྃ་ཡིག་ལས་བྱུང་ནོར་བུ་དང་ནི་ཨཱཿཡིག་ལས་བྱུང་གཎྜཱི། །ཨོཾ་ཡིག་ལས་བྱུང་ཆུ་སྤྱོད་ཧོཿཡིག་ལས་བྱུང་དཔག་བསམ་ཤིང་རྣམས། །བྱུང་བའི་ཉི་མ་ཟླ་བ་གསེར་མཆོག་འོད་ལྡན་རྣམས་ལ་ཕྱག་ འཚལ། །སངས་རྒྱས་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་པད་དཀར་ཉི་མ་ལ། །ཐམས་ཅད་རྡོ་རྗེའི་འདུག་སྟངས་བཞུགས། །དེ་རྣམས་རལ་པའི་ཅོད་པན་ཅན། །དབང་པོ་ཨ་ཡིག་རལ་གྲི་དག་ལས་བྱུང་བའི་དོན་ཡོད་གྲུབ་པ། །རླུང་དང་འདུ་བྱེད་རང་བཞིན་བུང་བ་ཉི་མ་དཀར་བའི་ཞལ་ལྡན། ། རལ་གྲི་དང་ནི་གྲི་གུག་རྩེ་གསུམ་ཕུབ་ཆུང་ཐོད་པ་དང་ནི། །ཁ་ཊྭཱཾ་ག་རྣམས་བསྣམས་པའི་དཀར་མིན་སྤྱན་གསུམ་ལྡན་ལ་ཕྱག་འཚལ། །གཡས་སུ་རྀ་ཡིག་རིན་ཆེན་ལས་བྱུང་དཔལ་ལྡན་རིན་ཆེན་འབྱུང་ལྡན། །དམར་པོ་མེ་དང་ཚོར་བའི་རང་བཞིན་ཉི་མ་ཟླ་བ་བུང་བའི། །ཞལ་ལྡན་བདག་གི་མི་ཡི་མངའ་བདག་ 14-1-103b མདའ་དང་ལྕགས་ཀྱུ་ཅང་ཏེའུ། །གཞུ་དང་རིན་ཆེན་ཞགས་པ་ཕྱག་ན་བསྣམས་པ་རྣམས་ལ་ཕྱག་འཚལ། །གཡོན་དུ་ཨུ་ཡིག་པདྨ་ལས་བྱུང་འོད་དཔག་མེད་ནི་དཀར་པོ། །ཆུ་དང་འདུ་ཤེས་རང་བཞིན་བདུད་རྩི་འོད་འཕྲོ་སྤྲིན་དང་ཉི་ཞལ། །དཔལ་ལྡན་གོས་དཀར་མོ་ཡིས་སྤྲས་པ་ཐོ་བ་མདུང་ཐུང་རྩེ་གསུམ། ། ཆུ་སྐྱེས་དཀར་པོ་མེ་ལོང་ཕྲེང་བ་རྣམས་འཛིན་པ་ལ་ཕྱག་འཚལ། །རྒྱབ་ཏུ་ལྀ་ཡིག་འཁོར་ལོ་དག་ལས་བྱུང་བའི་རྣམ་སྣང་སེར་པོ། །ས་དང་གཟུགས་ཀྱི་རང་བཞིན་གསེར་དང་ཟླ་བ་ནག་པོའི་ཞལ་ལྡན། །སྒྲོལ་མས་སྤྲས་པའི་འཁོར་ལོ་དང་ནི་དབྱུག་པ་རྡོ་རྗེ་བསྣམས་དང་། །དཔལ་གྱི་དུང་དང་ལྕགས་སྒྲོག་ དྲིལ་བུ་ཕྱག་ན་འཛིན་པ་ལ་བསྟོད། །སངས་རྒྱས་རྣམས་མཚུངས་བཙུན་མོ་རྣམས། །པདྨ་དམར་དང་ཟླ་བ་ལ། །ཐམས་ཅད་པདྨའི་འདུག་སྟངས་བཞུགས། །ཀུན་ལ་རིན་ཆེན་ཅོད་པན་བསམ། །ལཱྀ་ཡིག་འཁོར་ལོ་དག་ལས་བྱུང་བའི་སྤྱན་མ་ས་ཁམས་རང་བཞིན། །རྣམ་པར་སྣང་མཛད་མཚུངས་དང་ དོན་གྲུབ་དང་བཅས་རླུང་མཚམས་གནས་དང་། །ཨཱུ་ཡིག་པདྨ་ལས་བྱུང་བདག་གི་མ་སྟེ་ཆུ་ཁམས་རང་བཞིན། །འོད་དཔག་མེད་མཚུངས་རིན་འབྱུང་དང་བཅས་དབང་ལྡན་གནས་ལ་ཕྱག་འཚལ། །རཱྀ་ཡིག་དང་ནི་རིན་ཆེན་དག་ལས་བྱུང་བའི་གོས་དཀར་མོ་སྟེ། །མེ་ཁམས་རང་བཞིན་རིན་འབྱུང་དང་ མཚུངས་བདེན་བྲལ་ལ་གནས་པ་དང་། །ཨཱི་ཡིག་རལ་གྲི་ལས་བྱུང་བ་ཡི་སྒྲོལ་མ་རླུང་ཁམས་རང་བཞིན། །དོན་གྲུབ་དང་མཚུངས་རྣམ་སྣང་དང་བཅས་མེ་མཚམས་གནས་ལ་ཕྱག་འཚལ། །ཧཾ་ཡིག་ལས་བྱུང་རྒྱལ་བའི་བུམ་པ་མཚན་ཉིད་དང་ལྡན་དཔལ་ལྡན་ཐུགས་ཀྱི་འཁོར་ལོ་ཡི། །ཤར་གྱི་སྒོ་ རུ་ཁྲོ་བོའི་གདན་གྱི་ཕྱི་རུ་པདྨ་ཉིད་ལ་དགོད་པར་བྱ་བ་སྟེ། །དེ་ལྟར་ཧི་ཡིག་ལས་བྱུང་གཏི་མུག་རྡོ་རྗེའི་གཡས་སུ་དགོད་དེ་དེ་བཞིན་རིན་ཆེན་སོགས། །གཡས་དགོད་ཧྲྀ་ཧཱུ་ཧླཱྀ་ལས་བྱུང་བུམ་པ་དེ་རྣམས་ལ་ནི་ཕྱག་འཚལ་ལོ། །ཧླཱྀ་ཧཱུཾ་ཧྼཱྀ་ཧཱི་ལས་བྱུང་བུམ་པ་སྤྱན་སོགས་གཡས་སུ་རིམ་བཞིན་དགོད། །ཧ་ཡིག་ ལས་བྱུང་རྣམ་རྒྱལ་བུམ་པ་སྒོ་གཞན་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཇི་བཞིན་རྒྱལ་སྲས་རྣམས། །འོན་ཀྱང་རིན་ཆེན་ཅོད་པན་ལྡན། །ལྷ་མོ་དེ་བཞིན་ལྷ་མོ་རྣམས། །དེ་ལྟར་རིམ་བཞིན་རབ་ཏུ་གནས། །ཨ་ཡིག་རྡོ་རྗེ་དག་ལས་བྱུང་བའི་དཔལ་ལྡན་ཕྱག་ན་རྡོ་རྗེ་ཐུགས་ཀར་རྡོ་རྗེ་ཉིད། །སྔོན་པོ་ 14-1-104a བཟུང་བ་རྣ་བའི་དབང་པོའི་བདག་ཉིད་མངའ་བདག་མི་བསྐྱོད་པ་དང་མཚུངས་པ་སྟེ། ལྗང་གུ་ལྷོ་སྒོའི་གཡོན་གྱི་རྩིག་པའི་དྲུང་དུ་དེ་ཡི་གདན་དང་མཚུངས་པར་བཞུགས་པ་ལ། །སྤྱི་བོ་ས་ལ་རེག་སྟེ་དེ་ཡི་ཞབས་ལ་ཤིན་ཏུ་དགའ་བས་རབ་ཏུ་ཕྱག་འཚལ། །ཨི་ཡིག་རལ་གྲི་དག་ལས་བྱུང་ བའི་ནམ་མཁའི་སྙིང་པོ་དོན་གྲུབ་དང་མཚུངས་སྣ་ཉིད་ཀྱི། །དབང་པོའི་རང་བཞིན་དཔལ་གྱི་རྡོ་རྗེ་མ་བཅས་ཤར་སྒོའི་གཡས་ན་བཞུགས་པ་ལ་ཕྱག་འཚལ། །ཨར་ཡིག་རིན་ཆེན་ལས་བྱུང་ས་ཡི་སྙིང་པོ་རིན་ཆེན་འབྱུང་ལྡན་དང་མཚུངས་སྐུ་མདོག་དམར་པོ་ཉིད། །མིག་གི་དབང་པོའི་རང་བཞིན་དཔལ་ལྡན་གཟུགས་ ཀྱི་རྡོ་རྗེ་མར་བཅས་ལྷོ་སྒོའི་གཡས་གནས་དང་། །ཨོཾ་ཡིག་པ་དབྱུང་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་མཚུངས་རོ་རྡོ་རྗེར། །བཅས་དང་ལྕེ་དབང་རང་བཞིན་བྱང་སྒོའི་གཡས་སུ་གནས་ལ་ཕྱག་འཚལ་ལོ། །ཨལ་ཡིག་འཁོར་ལོ་ལས་བྱུང་སྒྲིབ་པ་རྣམ་སེལ་མཛེས་པའི་གསེར་དང་མཚུངས་པ་ཡི། ། ལུས་ཀྱི་དབང་པོའི་རང་བཞིན་དཔལ་ལྡན་རྒྱལ་བ་རྣམ་པར་སྣང་མཛད་དང་མཚུངས་པ། །གང་གི་པང་ན་རེག་བྱ་རྡོ་རྗེ་མ་དང་བཅས་པ་ནུབ་སྒོའི་གཡས་ཕྱོགས་ན། །རྒྱུན་དུ་ཡང་དག་གནས་པ་དེ་ལ་རྟག་ཏུ་གུས་པས་རབ་ཏུ་ཕྱག་འཚལ་ལོ། །ཨཾ་ཡིག་རྡོ་རྗེ་དག་ལས་བྱུང་བའི་ཀུན་དུ་བཟང་། །སྐུ་ལ་ཆོས་ཀྱི་དབྱིངས་ ཀྱི་རྡོ་རྗེ་མ་ཡིས་འཁྱུད། །ཡིད་ཀྱི་རང་བཞིན་དཔལ་ལྡན་རྡོ་རྗེ་སེམས་དཔར་མཚུངས། །ཤར་སྒོའི་གཡོན་དུ་གནས་པ་ལ་ཕྱག་འཚལ། །ཨ་ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་རྡོ་རྗེ་མ་སྟེ་སྒྲ་ཡི་རང་བཞིན་དང་། །དཔལ་ལྡན་ཕྱག་རྡོར་དང་མཚུངས་ཤེས་རབ་ཕ་རོལ་ཕྱིན་མ་དང་མཚུངས་བྱང་སྒོའི་གཡོན་དུ་ གནས། །ཨཱལ་ཡིག་དང་ནི་འཁོར་ལོ་དག་ལས་བྱུང་བའི་དྲི་ཡི་རྡོ་རྗེ་མ་སྟེ་དྲི་ཡི་རང་བཞིན་དང་། །དཔལ་ལྡན་སྤྱན་མ་དང་མཚུངས་ནམ་མཁའི་སྙིང་པོ་དང་བཅས་རླུང་མཚམས་བཞུགས་ལ་ཕྱག་འཚལ་ལོ། །ཨཽ་ཡིག་ཆུ་སྐྱེས་དག་ལས་བྱུང་བའི་གཟུགས་ཀྱི་རྡོ་རྗེ་མ་སྟེ་གཟུགས་ཀྱི་རང་བཞིན་དང་། །དཔལ་ ལྡན་བདག་གི་མ་མཚུངས་ས་ཡི་སྙིང་པོ་དང་བཅས་དབང་ལྡན་ལ་གནས་ཕྱག་འཚལ་ལོ། །ཨཱར་ཡིག་དང་ནི་རིན་ཆེན་ལས་བྱུང་བ་ཡི་རོ་ཡི་རྡོ་རྗེ་མ་སྟེ་རོ་ཡི་རང་བཞིན་དང་། །དཔལ་ལྡན་གོས་དཀར་མོ་མཚུངས་འཇིག་རྟེན་དབང་པོ་དང་བཅས་བདེན་བྲལ་ལ་གནས་ཕྱག་འཚལ་ལོ། །ཨཻ་ཡིག་དང་ནི་རལ་ 14-1-104b གྲི་དག་ལས་བྱུང་བའི་རེག་བྱ་རྡོ་རྗེ་མ་སྟེ་རེག་བྱའི་རང་བཞིན་དང་། །སྒྲོལ་མ་དང་མཚུངས་སྒྲིབ་པ་རྣམ་སེལ་དང་བཅས་མེ་མཚམས་གནས་ལ་ཕྱག་འཚལ་ལོ། །ཨཱ་ཡིག་རྡོ་རྗེ་ལས་བྱུང་ཆོས་དབྱིངས་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་མ་དང་མཚུངས་མ། །ཀུན་དུ་བཟང་པོ་དང་ནི་བཅས་པ་ནུབ་སྒོའི་གཡོན་ལ་གནས་པ་ལ་ནི་ ཕྱག་འཚལ་ལོ། །ཁྲོ་རྣམས་རལ་གཅིག་དམར་ལ་སེར། །ངག་ལག་རྐང་བཤད་རང་བཞིན་ཏེ། །སངས་རྒྱས་སྲས་རྣམས་དང་མཚུངས་པ། །གཡས་བརྐྱང་ཞབས་དང་སྦྲུལ་གྱིས་བརྒྱན། །ཡཾ་ཡིག་དང་ནི་རལ་གྲི་དག་ལས་བྱུང་བའི་བགེགས་ཀྱི་དགྲ་ཉིད་ནམ་མཁའི་སྙིང་པོ་མཚུངས། །རེངས་བྱེད་མ་ནི་ མཱ་རཱི་ཙི་མཚུངས་སྤངས་གནས་ཤར་སྒོའི་དབུས་སུ་ཆུ་སྐྱེས་དཀར་པོ་དང་། །ཉི་མ་ལ་གནས་པ་དང་རཾ་ཡིག་དབྱུག་པ་ལས་བྱུང་ཤེས་རབ་མཐར་བྱེད་ས་སྙིང་དང་། །མཚུངས་དང་ང་རྒྱལ་མ་མཚུངས་ཙུནྡ་དང་བཅས་ལྷོ་ཕྱོགས་ལ་གནས་དག་ལ་ཕྱག་འཚལ་ལོ། །བྱང་སྒོར་པདྨ་ཟླ་བ་ལ་གནས་ཝཾ་ཡིག་ཆུ་སྐྱེས་ དག་ལས་བྱུང་བའི་པདྨའི་དགྲ། །འཇིག་རྟེན་དབང་ཕྱུག་དང་མཚུངས་རྨོངས་བྱེད་མ་ནི་ཁྲོ་གཉེར་ཅན་མ་དང་ནི་མཚུངས་པ་དང་། །ལཾ་ཡིག་ཐོ་བ་ལས་བྱུང་གཤིན་རྗེའི་དགྲ་ཉིད་སྒྲིབ་པ་སེལ་མཚུངས་ཤིན་ཏུ་བརྩོན་འགྲུས་མ། །རྡོ་རྗེ་ལྕགས་སྒྲོག་དང་ནི་མཚུངས་པ་བཾ་གནས་ནུབ་ཕྱོགས་ལ་གནས་ཞབས་ལ་ཕྱག་ འཚལ་ལོ། །རྡོ་རྗེ་དུང་དང་གཟེར་བུ་དང་། །དཔལ་འབྲས་ཅོད་པན་ན་བཟའ་དང་། །དེ་ལྟར་ཕྱག་མཚན་རྣམས་ལས་བྱུང་། །སོ་སོའི་མིང་གིས་མཆོད་བྱེད་པ། །ཀ་ཙ་ཊ་པ་ཏ་ས་སྡེ་ཚན་ཐུང་ངུ་ཚོགས་ལས་བྱུང་བ་ཡི། །ལྷ་དང་གཤིན་རྗེ་ལ་སོགས་གཡས་ཀྱི་འདོད་ཡོན་རྣམས་དང་སྟེང་དང་འོག །འདིར་ནི་རིམ་ པ་བཞིན་དུ་གླུ་མ་དྲི་མ་སྤོས་མ་གསོལ་ཟས་མ། །ལྷ་མོ་སྒེག་མོ་གར་མ་མ་ལུས་ཕྱག་གཉིས་ཟླ་བའི་ཞལ་དང་ལྡན། །པ་ཊ་ཧ་དང་སྣོད་མར་མེ། །མུ་ཏིག་ཕྲེང་དང་ཕྲེང་ཆུ་སྐྱེས། །རིམ་བཞིན་ཕྱག་མཚན་ལས་བྱུང་བ། །ལྷ་མོ་ཐམས་ཅད་ས་བོན་མདོག །སཱ་ཏཱ་པཱ་ཊཱ་ཙཱ་ཀཱའི་སྡེ་ཚན་རིང་པོ་བརྩེགས་པ་གྱུར་ལས་ བྱུང་བ་ཡི། །ཆུ་སོགས་གཡོན་གྱི་འདོད་ཡོན་རྣམས་དང་སྟེང་དང་འོག་རྣམས་ལ། །དེ་ལྟར་རིམ་པ་བཞིན་དུ་སྒྲ་མ་བཞད་མ་བདུད་རྩི་མ་རྣམས་དང་། །མར་མེ་མ་དང་ཕྲེང་བ་མ་དང་འདོད་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཐུགས་ཀྱི་འཁོར་ལོ་ལ་ཕྱག་བཙལ་བའི་ཚིགས་སུ་བཅད་པའི་རིམ་པའོ། ། 14-1-105a ལྷ་མོ་ཙ་ཉྩི་ཀཱ་སོགས་ས་གའི་རྐང་སྟབས་དང་། །ཞལ་གཅིག་སྤྱན་གསུམ་རིག་བྱེད་ལག་དང་ལྡན་པ་ཡི། །ལྟེ་བའི་པདྨ་ལ་གནས་གཤིན་རྗེའི་རྩ་རྣམས་ཀྱི། །རྣམ་པར་དག་པའི་རིན་ཆེན་དང་ལྡན་ཅོད་པན་ཅན། །ཤར་དུ་ཧ་ཡིག་གྲི་གུག་ལས་བྱུང་ཙ་རྩི་ཀཱ། །གྲི་གུག་རྩེ་གསུམ་ ཐོད་པ་ཁ་ཊྭཱཾ་ག་ཉིད་བསྣམས། །ཕྱག་ན་འཛིན་པའི་དབང་པོ་དང་བཅས་གང་ཡིན་པ། །རོ་དང་པདྨ་དམར་གནས་ལ་ནི་ཕྱག་འཚལ་ལོ། །ཙ་རྩི་ཀཱ་སོགས་པདྨ་བསྣམས། །རིམ་པས་ཆུ་ཚོད་རྩ་རང་བཞིན། །མདུན་ནས་གཡས་སྐོར་རིམ་པ་བཞིན། །པདྨ་རྣམས་ལ་རོལ་པས་བཞུགས། །འཇིགས་བྱེད་ དྲག་པོ་མཆེ་བ་གཉིས་གཙིགས་མ་དང་ཁ་ནས་མེ་འབར་མ་དང་རླུང་ཤུགས་རབ་གཏུམ་མ། །གཏུམ་མིག་མ་དང་སྣ་ཆེན་མ་རྣམས་ཀླུ་ཡི་པད་འདབ་རྣམས་ལ་ཙ་ཅི་ཀཱ་ལ་ཕྱོགས་ནས་གནས་པའོ། །བརྒྱད་རྣམས་དཔལ་གྱི་གཙོ་མོ་དང་མཚུངས་ཧྲི་ཡ་ཡིར་སྦྲེ་ཧི་ཡིག་རྣམས་དང་གྲི་གུག་ལས་བྱུང་བསྒོམ། །ཡུ་ཡླྀཾ་ ཡཾ་རྣམས་དང་ནི་གྲི་གུག་ལས་བྱུང་དཔལ་གྱི་རྣལ་འབྱོར་རྣམས་ལ་འདིར་ནི་ཕྱག་འཚལ་ལོ། །ཧཿཡིག་དབྱུག་པ་དག་ལས་བྱུང་བའི་ཕག་མོ་དམར་མོ་དང་ནི་བདེ་བྱེད་དཀར་པོ་དང་བཅས་ཉི་མ་ཡི། །པདྨ་མ་ཧེའི་སྟེང་གནས་ཕྱག་ན་དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཆུང་རྣམས་དང་ལྡན་པ། །གཤིན་རྗེ་ལ་ནི་ བཞུགས་པའི་ཞབས་གཉིས་དག་ལ་ངེས་པར་ཕྱག་འཚལ། །ཀེང་རུས་དུས་མཚན་མ་དང་ཁྲོ་གདོང་དུས་ཀྱི་ལྕེ་དང་གཙིགས་མ། །ནག་མོ་འཇིགས་མ་གཟུགས་ངན་ཀླུ་ཡི་འདབ་མ་ལ་གནས་ལྷ་རྣམས། །དཔལ་གྱི་ལྷ་མོ་དང་མཚུངས་ཧྲི་ར་རི་ཪྼྀ་ཧྼཱྀ་རུ་རླྀ་རཾ་རྣམས་དང་། །དབྱུག་པ་ལས་བྱུང་དཔལ་ལྡན་རྣལ་ འབྱོར་མ་ལ་ཕྱག་འཚལ། །ཧཾ་ཡིག་རྩེ་གསུམ་དག་ལས་བྱུང་བའི་དྲག་མོ་ཉིད་ཀྱི་ཕྱག་ན་རྩེ་གསུམ་ཅང་ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོ་དཀར་པོ། །རིམ་པ་ཇི་ལྟ་བ་རྣམས་གཤིན་རྗེ་དང་བཅས་བྱང་དུ་ཁྱུ་མཆོག་དང་ནི་པདྨ་དམར་པོ་ལ་གནས་པ་ལ་ཕྱག་འཚལ། །གཽ་རཱི་དང་ནི་གཾ་གཱ་མ་དང་རྟག་མ་ཤིན་ཏུ་མགྱོགས་མ་ འདེགས་མ་མཚན་ཉིད་ལྡན་མ་དང་། །སེར་སྐྱ་མ་དང་ནག་མོ་རྣམས་ཏེ་དེ་ལྟར་བརྒྱད་རྣམས་དྲག་མོའི་ཀླུ་ཡི་པད་འདབ་ལ་གནས་རྣམས། །དཔལ་གྱི་དྲག་མོ་དང་ནི་མཚུངས་མ་ཧུ་ཝ་ཝི་ཝྼྀ་ཧཱུྃ་ཉིད་རྣམས་དང་ཝུ་ཝླྀ་ཝཾ་རྣམས། །རྩེ་གསུམ་དག་ལས་བྱུང་བ་དེ་རྣམས་ཀུན་ལ་རབ་ཏུ་དད་པའི་སྒོ་ནས་ངེས་པར་ཕྱག་འཚལ་ 14-1-105b ལོ། །ཧཱ་ཡིག་རྡོ་རྗེ་ལས་བྱུང་དབང་མོ་གསེར་གྱི་ཁ་དོག་དང་མཚུངས། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ནི་ལག་པའི་པདྨས་འཛིན་མ། །ལྷ་མིན་དང་བཅས་ཆུ་བདག་ཕྱོགས་སུ་གླང་པོ་དཀར་པོ་དང་ནི། །པདྨ་དམར་པོའི་སྟེང་ན་གནས་པ་ལ་ནི་རབ་ཏུ་ཕྱག་འཚལ། །རྡོ་རྗེ་འོད་མ་རྡོ་རྗེ་ལུས་མ་གསེར་མཆོག་ ལྡན་མ་རིགས་འཛིན་མ་དང་སྣ་ཚོགས་རི་མོ་མ། །ཆུ་ཤིང་མ་དང་ཟུག་རྔུ་སེལ་མ་ཤིན་ཏུ་སྒྲོལ་མ་རྣམས་ནི་ལག་འཛིན་པད་འདབ་ལ། །གནས་པ་བརྒྱད་རྣམས་དཔལ་གྱི་གཙོ་མོ་དང་མཚུངས་ཧླི་ལ་ལྀ་ལླྀ་ལཾ་རྣམས་དང་ནི། །རྡོ་རྗེ་དག་ལས་རབ་ཏུ་བྱུང་བའི་རྣལ་འབྱོར་མ་རྣམས་ཀུན་ལ་འདིར་ནི་ངེས་པར་ཕྱག་འཚལ་ ལོ། །ཀྵཱ་ཡིག་དུང་དག་ལས་བྱུང་ཚངས་མ་ཞལ་བཞི་ཉི་མའི་སྤྱན་ལྡན་ཁ་དོག་སེར་པོ་དུང་དང་དབྱུག་པ་སྤྱི་བླུགས་ཐོད་པ་རྣམས་དང་ལྡན་པ། །སྤྲིན་གྱི་ཁ་དོག་དང་ནི་མཚུངས་པའི་འཕྲོག་བྱེད་དང་ནི་བཅས་པ་རླུང་མཚམས་ངང་པ་པད་དཀར་སྟེང་ན་གནས་པ་ལ་ནི་ཕྱག་འཚལ། །ཉི་མའི་བུ་མོ་པདྨའི་མིག་མཆུ་ སྐྱེས་ལྡན་མ་བློ་མ་ངག་གི་དབང་ཕྱུག་མ་རྣམས་དང་། །གླུ་མ་དང་ནི་གློག་མ་དྲན་མ་རྣམས་ནི་རིག་བྱེད་ཞལ་གྱི་པདྨ་འདབ་མ་ལ་ནི་གནས་པ་རྣམས། །རིམ་པ་བཞིན་དུ་ཀྵླཱྀ་ལཱ་ལཱྀ་ལྼཱྀ་ཀྵླཱྀ་ལཱུ་ལླྀ་ལཿརྣམས་དང་དུང་དག་ལས་ནི་བྱུང་བ་ཡི། །ཚངས་མ་དང་ནི་རྣལ་འབྱོར་མ་རྣམས་ཀུན་ལ་རབ་ཏུ་དང་བས་ཡང་དག་ཕྱག་ འཚལ། །ཀྵུ་དང་པདྨ་ལས་བྱུང་བཀྲ་ཤིས་མ་ནི་ཟླ་བ་དང་མཚུངས་པད་ཕྲེང་ཀ་མ་ལ་དང་རིན་ཆེན་ནོར་བུ་ཕྱག་ལྡན་མ། །ར་ཡི་གདོང་ཅན་དང་བཅས་དབང་ལྡན་ཕྱོགས་ན་སེང་གེ་པད་དཀར་སྟེང་ན་གནས་པའི་ཞབས་ཀྱི་པདྨ་ལ་ནི་ངེས་པར་ཕྱག་འཚལ་ལོ། །དཔལ་ལྡན་དཀར་མོ་ཟླ་བའི་རི་མོ་ཅན་མ་རི་བོང་འཛིན་ཞལ་ངང་ པའི་མདོག་མ་འཛིན་བྱེད་མ། །པདྨའི་དབང་ཕྱུག་མ་དང་འོད་ཟེར་ཅན་མ་དྲི་མེད་ཟླ་འཛིན་མ་རྣམས་དབང་ལྡན་མཚམས་ཉིད་དུ། །བཀྲ་ཤིས་མ་ཡི་པད་འདབ་རྣམས་ལ་རིམ་བཞིན་ཀྵུ་ཝཱ་ཝཱི་ཝྼཱྀ་ཀྵཱུ་ཝཱུ་ཝླཱྀ་ཝཿརྣམས་དང་ནི། །པདྨ་དག་ལས་ཡང་དག་བྱུང་བའི་རྣལ་འབྱོར་མ་རྣམས་ཀུན་ལ་ཐམས་ཅད་དུས་སུ་ཕྱག་ འཚལ་ལོ། །ཀྵྼཱྀ་ཡིག་ཤཀྟི་ལས་བྱུང་གཞོན་ནུ་མ་ཉིད་ཉི་མ་དང་མཚུངས། །ཤཀྟི་ལྕགས་ཀྱུ་རིན་ཆེན་ཞགས་པ་རྣམས་ནི་ཕྱག་གིས་འཛིན་མ། །བདེན་བྲལ་མཚམས་ནས་རྨ་བྱ་པདྨ་དཀར་པོའི་སྟེང་ན་གནས་པའི། །ཚོགས་ཀྱི་བདག་པོ་དང་ནི་བཅས་པ་གང་ཡིན་དེ་ལ་ཕྱག་འཚལ། །པདྨ་མ་དང་ཡན་ 14-1-106a ལག་མེད་མ་གཞོན་ནུ་མ་དང་སེང་གེ་འགྲོས་མ་རིན་ཆེན་ཕྲེང་བ་མ། །མིག་མཛེས་མ་དང་ཀུན་མ་བཟང་མོ་རྣམས་ནི་གཙོ་མོ་ཆུ་སྐྱེས་གཙུག་ཕུད་ཅན་གྱིས་འགྲོས་མ་ཡི། །པདྨའི་འདབ་མ་ལ་གནས་རིམ་པ་བཞིན་དུ་ཀྵྼཱྀ་རཱ་རཱི་ཪྼཱྀ་ཀྵྼཱྀ་རཱུ་ཪླཱྀ་རཿརྣམས་དང་ནི། །ཤཀྟི་དག་ལས་བྱུང་བའི་ལྷ་མོ་དེ་ རྣམས་དང་ནི་བཅས་པ་རྣམས་ལ་རྒྱུན་དུ་ཕྱག་འཚལ་ལོ། །ཀྵི་ཡིག་འཁོར་ལོ་དག་ལས་བྱུང་བའི་དཔལ་ལྡན་ཁྱབ་འཇུག་མ་ཉིད། །ཞལ་བཞི་དང་བཅས་པ་ཡིས་གནག་པའི་སྐུ་མངའ་འཁོར་ལོ་དབྱུག་པ། །ཆུ་སྐྱེས་དང་ནི་དག་པའི་དུང་རྣམས་འཛིན་པའི་ཕྱག་ལྡན་མེ་མཚམས། །པདྨ་དཀར་པོ་དང་ནི་བྱ་ཁྱུང་ ལ་གནས་དེ་ལ་ཕྱག་འཚལ། །དཔལ་མོ་སྒྱུ་འཕྲུལ་མ་དང་གྲགས་མ་བཀྲ་ཤིས་མ་དང་ཤིན་ཏུ་རྒྱལ་མ་དཔལ་རྒྱལ་རྣམས་དང་། །རབ་ཏུ་རྒྱལ་མ་དཔལ་ལྡན་འཁོར་ལོ་ཅན་མ་དག་དང་བརྒྱད་ནི་ཁྱབ་འཇུག་མ་ཡི་པད་འདབ་ལ། །གནས་པ་རྣམས་ནི་རིམ་པ་བཞིན་དུ་ཀྵཱི་ཡཱ་ཡཱི་ཡྼཱྀ་ཀྵཱི་ཡཱུ་ཡླཱྀ་ཡཿམ་ལུས་པ་རྣམས་ དང་། །འཁོར་ལོ་དག་ལས་བྱུང་བའི་ལྷ་མོ་དེ་རྣམས་དང་བཅས་རྣམས་ལ་དང་བས་རྒྱུན་དུ་ཕྱག་འཚལ་ལོ། །ལྷོ་སྒོའི་གཡོན་གྱི་འདོད་ཡོན་རྣམས་ལ་ཀ་ཁ་ག་གྷ་ང་རྣམས་ཚེག་དྲག་དང་བཅས་པའི། །ས་བོན་རྣམས་དང་སོ་སོའི་ཕྱག་མཚན་རྣམས་ལས་བྱུང་བའི་འདོད་མ་ལྔ་རྣམས་ཕྱག་གཉིས་རི་བོང་ཞལ། ། ཤར་སྒོ་ལ་སོགས་རྣམས་ཀྱི་གཡས་ཀྱི་འདོད་ཡོན་རྣམས་ལ་ས་བོན་རང་བཞིན་ཙ་ཊ་པ་ཏ་ཡི། །སྡེ་ཚན་རྣམས་ལས་དེ་ལྟར་རབ་ཏུ་བྱུང་བ་དེ་རྣམས་ལྔ་ལྔ་སོ་སོའི་ཕྱོགས་ལ་གནས་པ་དང་། །ཤར་སྒོའི་གཡོན་གྱི་འདོད་ཡོན་ལ། །ས་སྡེ་ལས་བྱུང་ཧ་སྡེ་ལས། །བྱུང་བ་བྱང་གཡོན་དེ་ལས་གཞན། ། ཀྵི་ཡིག་ལས་བྱུང་རྣམས་ལ་འདུད། །ཅེས་པ་རྣམས་གསུང་གི་འཁོར་ལོའི་ཚིགས་སུ་བཅད་པའོ། །ཙ་རྩི་ཀཱ་སོགས་དང་མཚུངས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་རིགས་རྣམས། །རིགས་བྱེད་བརྒྱད་དང་བཅུ་དྲུག་པདྨའི་འདབ་མ་སུམ་བརྩེགས་ལ་གནས། །ཨ་སོགས་ས་བོན་རྣམས་དང་རྡོ་རྗེ་ལས་ བྱུང་རྡོ་རྗེ་དང་བཅས། །ཁྱབ་འཇུག་ལ་སོགས་རྣམས་དང་ཚེས་ཀྱི་ལྷ་མོ་རྣམས་དང་བཅས་པ། །ང་ངི་ངྼྀ་ངུ་ངླྀ་ངཾ་། གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་གྼི་གུ་གླྀ་གཾ། ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ། རྣམས་དང་འཁོར་ལོ་ལས་བྱུང་བ། །པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་ 14-1-106b གནས། །དཔལ་གྱི་དགུན་ཟླ་ཐ་ཆུངས་ཚེས་རྣམས་དང་ནི་ངེས་པར་དཔུང་མགོའི་ཚིགས་ཀྱི་རང་བཞིན་ཅན། །འདི་རྣམས་དང་བཅས་ཤར་སྒོའི་གཡོན་དུ་བྱ་ཁྱུང་པདྨ་དམར་པོའི་སྟེང་གནས་ཀཾ་ཡིག་དང་། །འཁོར་ལོ་ལས་བྱུང་བ་ཡི་ཁྱབ་འཇུག་ལྗང་ཁུའི་ལུས་ལ་དཔལ་མོ་གནོད་སྦྱིན་དང་ནི་མཚུངས་པས་ འཁྱུད། །འཁོར་ལོ་དང་ནི་དབྱུག་པ་དག་དང་ཆུ་སྐྱེས་དུང་དག་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཅི་ཙྼྀ་ཙུ་ཙླྀ་ཙཾ། རྣམས་དང་རལ་གྲི་ལས་བྱུང་པང་གནས་རྣམས། །མངའ་བདག་དང་མཚུངས་རོལ་པས་གནས་པ་དཔལ་ གྱི་དཔྱིད་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་གཏུམ་མོའི་ཚོགས་ཀྱི་རང་བཞིན་ཅན་དེ་ཉིད་དོ། །འདི་རྣམས་དང་བཅས་ཤར་སྒོའི་གཡས་སུ་ཡི་དྭགས་དང་ནི་ཆུ་སྐྱེས་དམར་པོའི་སྟེང་གནས་པ། །ཙཾ་དང་རལ་གྲི་དག་ལས་བྱུང་བའི་སྲིན་པོ་དམར་མོ་དབང་མོ་དང་བཅས་རལ་གྲི་གྲི་གུག་དང་། །ཕུབ་དང་ཐོད་པ་ཕྱག་ གིས་འཛིན་པ་གང་ཡིན་དེ་ལ་བདག་ཉིད་གུས་པས་ཕྱག་འཚལ་ལོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ། ཌྷ་ཌྷི་ཌྼྀ་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུ་ཊླྀ་ཊཾ། རྣམས་དང་ཤཀྟི་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དཔལ་གྱི་དབྱར་ཟླ་ར་བའི་ཚེས་རྣམས་ དང་ནི་ལག་མགོའི་ཚིགས་ཀྱི་རང་བཞིན་གཅིག་ཉིད་དེ། །འདི་རྣམས་དང་བཅས་གཤིན་རྗེ་ཕྱོགས་ཀྱི་སྒོ་ཡི་གཡས་སུ་ལུག་དང་པདྨ་དམར་པོའི་སྟེང་། །གནས་པ་ཊྭཱཾ་དང་ཤཀྟི་ལས་བྱུང་སྲེག་ཟ་ཁ་དོག་དམར་པོ་ཤཀྟི་དབྱུག་པ་དང་། །ཆུ་སྐྱེས་སྤྱི་བླུགས་དུས་ཀྱི་ཕྱག་ན་བསྣམས་པ་དྲག་མོས་འཁྱུད་པ་དེ་ལ་ ཕྱག་འཚལ་ལོ། །མ་མི་མྼྀ་མུ་མླྀ་མཾ། བྷ་བྷི་བྷྼྀ་བྷུ་བྷླྀ་བྷཾ། བ་བི་བྼྀ་བུ་བླྀ་བཾ། ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། པ་པི་པྼྀ་པུ་པླྀ་པཾ། རྣམས་དང་ཞགས་པ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དཔལ་གྱི་དབྱར་ཟླ་ཐ་ཆུངས་ཚེས་རྣམས་དང་ནི་དཔྱིད་མགོའི་ཚེས་ཀྱི་རང་བཞིན་ཅན་ ཉིད་དོ། །འདི་རྣམས་དང་བཅས་བྱང་སྒོའི་གཡས་སུ་ཆུ་སྲིན་དང་ནི་པདྨ་དམར་པོའི་སྟེང་ན་གནས། །པཾ་ཡིག་དང་ནི་ཞགས་པ་དག་ལས་བྱུང་བའི་ཆུ་བདག་ཞགས་པ་རིན་ཆེན་སྦྲུལ་ཉིད་དང་། །ནོར་བུ་རྣམས་ནི་རིག་བྱེད་ཕྱག་ན་འཛིན་ཅིང་ཕག་མོ་དང་བཅས་ཞབས་ལ་ཕྱག་འཚལ་ལོ། །ན་ནི་ནྼྀ་ནུ་ནླྀ་ནཾ། དྷ་ 14-1-107a དྷི་དྷྼྀ་དྷུ་དྷླྀ་དྷཾ། ད་དི་དྼྀ་དུ་དླྀ་དཾ། ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ། རྣམས་དང་རྡོ་རྗེ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དེ་ལྟར་སྟོན་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་གཡོན་ན་རྣམ་པར་དག་པའི་རང་བཞིན་ཅན། །འདི་རྣམས་དང་བཅས་ ནུབ་སྒོའི་གཡས་སུ་སྣ་ཐག་ཅན་དང་ཆུ་སྐྱེས་དམར་པོའི་སྟེང་གནས་པ། །ཏཾ་ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་དབང་པོ་སེར་པོ་ཕྱག་ན་རྡོ་རྗེ་དང་། །མདའ་དང་དྲིལ་བུ་གཞུ་རྣམས་འཛིན་པ་ཙ་རྩི་ཀཱ་དང་བཅས་པ་དེ་ལ་ཕྱག་འཚལ་ལོ། །ྈྐ་ྈྐི་ྈྐྲྀ་ྈྐུ་ྈྐླྀ་ྈྐཾ། ཤི་ཤི་ཤྼྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྼྀ་ཥུ་ཥླྀ་ཥཾ། ྉྤ་ ྉྤི་ྉྤྼྀ་ྉྤུ་ྉྤླྀ་ྉྤཾ། ས་སི་སྼྀ་སུ་སླྀ་སཾ། རྣམས་དང་རྩེ་གསུམ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དགུན་ཟླ་ར་བའི་ཚེས་རྣམས་དང་ནི་ལོང་བུའི་ཚིགས་ཀྱི་རང་བཞིན་ཅན་དེ་འདི་རྣམས་དང་། །བཅས་པས་བྱང་སྒོའི་གཡོན་དུ་ཁྱུ་མཆོག་དང་ནི་ཆུ་སྐྱེས་དམར་པོའི་སྟེང་ དུ་ཡང་དག་གནས། །སཾ་ཡིག་དང་ནི་རྩེ་གསུམ་ལས་བྱུང་འཕྲོག་བྱེད་སྔོན་པོ་རྩེ་གསུམ་མདའ་དང་ཁ་ཊྭཱཾ་ག །གཞུ་རྣམས་ཕྱག་གིས་འཛིན་དང་གཤིན་རྗེ་དང་མཚུངས་རི་ཡི་བུ་མོ་པང་གནས་ལ་ཕྱག་འཚལ། །སཱ་སཱི་སྼཱྀ་སཱུ་སླཱྀ་སཱཿ། ྉྤཱ་ྉྤཱི་ྉྤྼཱྀ་ྉྤཱུ་ྉྤླཱྀ་ྉྤཱཿ། ཥཱ་ཥཱི་ཥྼཱྀ་ཥཱུ་ཥླཱྀ་ཥཱཿ། ཤཱ་ཤཱི་ཤྼཱྀ་ ཤཱུ་ཤླཱྀ་ཤཱཿ། ྈྐཱ་ྈྐཱི་ྈྐྼཱྀ་ྈྐཱུ་ྈྐླཱྀ་ྈྐཱཿ། རྣམས་དང་དབྱུག་པ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དེ་ལྟར་དགུན་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་རྐང་གཡས་ལོང་མོའི་ཚིགས་ཀྱི་རང་བཞིན་ཏེ། །དེ་རྣམས་དང་བཅས་ནུབ་སྒོའི་གཡོན་ དུ་མིང་དང་ཉི་མའི་མདོག་ལྡན་སྟེང་གནས་པ། །ྈྐཱཿཡིག་དཔལ་གྱི་དབྱུག་པ་དག་ལས་བྱུང་བའི་གནོད་སྦྱིན་ནོར་བུ་དབྱུག་པ་སྲེ་མོ་དང་། །པདྨ་རྣམས་ནི་ཕྱག་ན་འཛིན་པའི་ཁྱབ་འཇུག་དང་མཚུངས་ནོར་དབང་པང་གནས་ལ་ཕྱག་འཚལ། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཱཿ། ཐཱ་ཐཱི་ཐྼཱྀ་ཐཱུ་ཐླཱྀ་ ཐཱཿ། དཱ་དཱི་དྼཱྀ་དཱུ་དླཱྀ་དཱཿ། དྷཱ་དྷཱི་དྷྼཱྀ་བྷཱུ་ཧླཱྀ་དྷཱཿ། ནཱ་ནཱི་ནྼཱྀ་ནཱུ་ནླཱྀ་ནཱཿ། རྣམས་དང་དུང་ལས་བྱུང་བ་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དེ་ལྟར་སྟོན་ཟླ་ཐ་ཆུངས་ཚེས་རྣམས་དང་ནི་པུས་མོའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དེ། །ངང་པ་ཆུ་སྐྱེས་དཀར་པོ་ 14-1-107b ལ་གནས་ནཱཿཡིག་དང་ནི་དུང་ལས་བྱུང་བའི་ཚངས་པ་ཉིད། །སེར་པོ་དུང་དང་ཕྲེང་བ་ཆུ་སྐྱེས་སྤྱི་བླུགས་རིག་བྱེད་ཕྱག་གིས་འཛིན་ལ་ཁྱབ་འཇུག་མས། །འཁྱུད་པའི་ཞལ་བཞི་སེར་དང་དཀར་དང་དམར་བ་དེ་ལ་ཕྱག་འཚལ། །པཱ་པཱི་པྼཱྀ་པཱུ་པླཱྀ་པཱཿ། ཕཱ་ཕཱི་ཕྼཱྀ་ཕཱུ་ཕླཱྀ་ཕཱཿ། བཱ་བཱི་བྼཱྀ་བཱུ་བླཱྀ་བཱཿ། བྷཱ་བྷཱི་བྷྼཱྀ་བྷཱུ་བྷླཱྀ་བྷཱཿ། མཱ་མི་མྼཱྀ་མཱུ་མླཱི་མཱཿ། རྣམས་དང་སྟ་རེ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །སྟོན་ཟླ་ར་བའི་ཚེས་རྣམས་དང་ནི་གཡས་ཀྱི་དཔྱི་མགོའི་ཚིགས་རྣམས་རྣམ་པར་དག་པ་ཡི། །རང་བཞིན་དེ་རྣམས་དང་བཅས་དབང་ལྡན་མཚམས་སུ་ བྱི་བ་ཆུ་སྐྱེས་དཀར་པོའི་སྟེང་གནས་པ། །མཱཿཡིག་སྟ་རེ་ལས་བྱུང་ཚོགས་བདག་དཀར་པོ་སྟེང་གནས་སྟ་རེ་རྡོ་རྗེ་ཞགས་པ་ནོར་བུ་རྣམས། །ཕྱག་གིས་རིམ་བཞིན་བསྣམས་ལ་གདོང་དྲུག་མས་འཁྱུད་དེ་ཡི་ཞབས་ལ་རྒྱུན་དུ་ཕྱག་འཚལ། །ཊཱ་ཊཱི་ཊྼཱྀ་ཊཱུ་ཊླཱྀ་ཊཱཿ། ཋཱ་ཋཱི་ཋྼཱྀ་ཋཱུ་ཋླཱྀ་ཋྭཱཿ། ཌ་ཌཱི་ཌྼཱྀ་ཌཱུ་ཌླཱྀ་ཌཱཿ། ཌྷཱ་ཌྷཱི་ཌྷྼཱྀ་ཌྷཱུ་ཌྷླཱྀ་ཌྷཱཿ། ཎཱ་ཎཱི་ཎྼཱྀ་ཎཱུ་ཎླཱྀ་ཎཱཿ། རྣམས་དང་དུང་ལས་བྱུང་བ་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དབྱར་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་ལག་མགོའི་ཚིགས་ཀྱི་རང་བཞིན་དེ་རྣམས་དང་བཅས་པ། །བདེན་བྲལ་མཚམས་སུ་རྨ་བྱ་ཆུ་སྐྱེས་ དཀར་པོ་ལ་གནས་ཎཱཿཡིག་དང་ནི་མདུང་དག་ལས། །བྱུང་བའི་རོ་ཡི་གདོང་ཅན་དམར་པོ་ཤཀྟི་དང་ནི་མདུང་དང་ནོར་བུ་མེ་ལོང་རྣམས། །གང་གི་ཕྱག་ན་གནས་པ་དང་ནི་དཔའ་མོ་དང་བཅས་དེ་ལ་གུས་པས་ཕྱག་འཚལ། །ཙཱ་ཙཱ་ཙྼཱྀ་ཙཱུ་ཙླཱྀ་ཙཱཿ། ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཱཿ། ཛཱ་ཛཱི་ཛྼཱྀ་ཛཱུ་ ཛླཱྀ་ཛཱཿ། ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཱཿ། ཉཱ་ཉི་ཉྼཱྀ་ཉཱུ་ཉླཱྀ་ཉཱཿ། རྣམས་དང་ལྗོན་ཤིང་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དཔྱིད་ཟླ་ཐ་ཆུངས་ཚེས་རྣམས་དང་ནི་གྲུ་མོའི་ཚིགས་ཀྱིས་རྣམ་པར་དག་པའི་རང་བཞིན་ཏེ། །དེ་རྣམས་དང་བཅས་མེ་ཡི་མཚམས་སུ་རི་དྭགས་ཆུ་ སྐྱེས་དཀར་པོ་ལ་གནས་ཉཱཿཡིག་དང་། །ལྗོན་ཤིང་དག་ལས་བྱུང་བའི་རླུང་ལྷ་ནག་པོ་ཕྱག་ན་ལྗོན་ཤིང་ལྷ་ཤིང་མེ་ཏོག་དང་། །ནོར་བུ་ཨུཏྤལ་སྔོན་པོ་རྣམས་འཛིན་རྒྱ་མཚོའི་ཞལ་མ་པང་གནས་དེ་ལ་ཕྱག་འཚལ་ལོ། །ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཱཿ། ཁཱ་ཁཱི་ཁྼཱྀ་ཁཱུ་ཁླཱྀ་ཁཱཿ། གཱ་གཱི་གྼཱྀ་གཱུ་ 14-1-108a གླཱྀ་གཱཿ། གྷྲཱ་གྷཱི་གྷྼཱྀ་གྷཱུ་གྷླཱྀ་གྷཱཿ། ངཱ་ངཱི་ངྼཱྀ་དཱུ་ངླཱྀ་ངཱཿ། རྣམས་དང་དབྱུག་པ་ལས་བྱུང་པང་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དེ་ལྟར་དཔྱིད་ཟླ་ར་བའི་ཚེས་རྣམས་དང་ནི་དཔུང་པའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དེ། །དེ་རྣམས་དང་བཅས་ལྷོ་སྒོའི་གཡོན་ གྱི་ཕྱོགས་སུ་མ་ཧེ་ཆུ་སྐྱེས་དམར་པོའི་སྟེང་གནས་པ། །ངཱཿཡིག་དབྱུག་པ་ལས་བྱུང་ཤིན་ཏུ་སྔོ་བ་དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པ་རྣམས། །དུས་ཀྱི་ཕྱག་གིས་འཛིན་ལ་འཕྲོག་བྱེད་དང་མཚུངས་གཤིན་རྗེ་མ་ཉིད་པང་གནས་ལ་ཕྱག་འཚལ། །ཁྲོ་རྒྱལ་རྣམས་ནི་གཡས་པ་བརྐྱང་། ། ལྷ་མོ་རྣམས་ནི་གཡོན་བརྐྱང་གནས། །ཞལ་གཅིག་རྒྱ་མཚོ་ཕྱག་ལྡན་ཞིང་། །སྤྱན་གསུམ་རིན་ཆེན་ཅོད་པན་ཅན། །ཧཾ་ཡིག་དང་ནི་རྡོ་རྗེ་དག་ལས་ལྷ་དབང་ལུས་ལྡན་ཕྱག་ན་རྡོ་རྗེ་དང་མཚུངས་གཙུག་ཏོར་ཅན། །དེ་ཉིད་པང་གནས་ཧཱཿཡིག་དང་ནི་གྲི་གུག་དག་ལས་བྱུང་བའི་ཤིན་ཏུ་སྔོན་མོ་དུས་ ཀྱི་ཕྱག། །གྲི་གུག་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན་པ་དག་ནི་སྟེང་དུ་མཁའ་ལྡིང་རླུང་གི་ཤིང་རྟ་ལ། །ཡང་དག་གནས་པའི་ཁུ་བ་འཛག་པའི་རང་བཞིན་དེ་དག་ཞབས་ལ་རབ་ཏུ་དང་བས་ཕྱག་འཚལ། །ཡཾ་ཡིག་དབྱུག་པ་དག་ལས་བྱུང་བའི་ཁྲོ་བོ་དབྱུག་སྔོན་ཅན་དེ་གཤིན་རྗེའི་དགྲ་ཡི་ཡུམ་མཚུངས་དང་། ། ལཱཿཡིག་དང་ནི་འཁོར་ལོ་ལས་བྱུང་འོད་ཟེར་ཅན་མ་གསེར་མཚུངས་འཁོར་ལོ་དབྱུག་པ་དུང་དང་ནི། །རིན་པོ་ཆེ་རྣམས་ཕྱག་གིས་པདྨས་འཛིན་པ་དང་བཅས་ཤར་སྒོའི་དབུས་སུ་ཕག་པ་བདུན་གྱིས་དྲངས། །ཤིང་རྟ་ལ་གནས་དྲི་ཆུ་རྣམ་པར་དག་པ་དེ་དག་ཞབས་ཀྱི་པདྨ་ལ་ནི་ཕྱག་འཚལ་ ལོ། །རྨོངས་བྱེད་མ་མཚུངས་རཱཾ་ཡིག་མདའ་དག་ལས་ནི་ཊཀྐི་རཱ་ཛ། །ཝཱཿཡིག་ཐོ་བ་ལས་བྱུང་ཙུནྡ་སྐུ་མདོག་དཀར་མོ་ལེན་པའི། །རང་བཞིན་ཐོ་བ་མདུང་དང་པདྨ་མེ་ལོང་རྣམས་འཛིན་གཤིན་རྗེར། །རྟས་དྲངས་ཤིང་རྟ་ལ་གནས་དེ་དག་ལ་ནི་རབ་ཏུ་ཕྱག་འཚལ། །ང་རྒྱལ་ཅན་ མཚུངས་ཝཱཾ་ཡིག་གཏུན་ཤིང་ལས་བྱུང་མི་གཡོ་བ་སྟེ། །རཱཿཡིག་མདའ་དག་ལས་བྱུང་ཁྲོ་གཉེར་ཅན་མ་འགྲོ་བའི་རང་བཞིན། །མདའ་དང་ལྕགས་ཀྱུ་གཞུ་དང་ཞགས་པ་རྣམས་ནི་ཕྱག་ལྡན་དམར་མོ། །བྱང་དུ་སེང་གེའི་ཤིང་རྟ་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །རེངས་བྱེད་མ་ 14-1-108b མཚུངས་ལཾ་ཡིག་དབྱུག་ཏོ་དག་ལས་བྱུང་བའི་སྟོབས་ཆེན། །ཡཱཿཡིག་གཏུན་ཤིང་ལས་བྱུང་རྡོ་རྗེ་ལྕགས་སྒྲོག་མ་ཉིད་ནག་མོ། །རལ་གྲི་རྡོ་རྗེ་དུང་དང་དྲིལ་བུ་རྣམས་འཛིན་བཤད་པའི་རང་བཞིན། །ཆུ་ལྷར་གླང་ཆེན་ཤིང་རྟ་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །ཀུན་དུ་བཟང་མོ་དང་ མཚུངས་ཏཱཾ་ཡིག་དང་ནི་དཔལ་གྱི་གྲི་གུག་ལས་བྱུང་གནོད་མཛེས་དང་། །ཧཱཿཡིག་རྡོ་རྗེ་ལས་བྱུང་དྲག་མིག་མ་ཉིད་ལྗང་ཁུ་ཕྱག་གིས་སྟ་རེ་རྩེ་གསུམ་དང་། །སྦྲུལ་ཞགས་སྙིང་གར་འཛིན་ཅིང་ཁ་ཊྭཱཾ་ག་བཅས་ཀྱིས་འཁྱུད་འོག་ཏུ་ཀླུ་ཡི་ལག་ལྡན་པའི། །ཤིང་རྟ་ལ་གནས་བྷ་ག་དྲི་ཆུའི་རང་ བཞིན་རྣམ་དག་ལ་ནི་ཕྱག་འཚལ་ལོ། །ཕྱོགས་སྐྱོང་དང་མཚུངས་ཀླུ་རྣམས་ཀྱིས། །དབུ་ལ་གདེངས་ཀ་ལྔ་རུ་འདོད། །འོན་ཀྱང་རྒྱལ་བ་རྣམ་རྒྱལ་ནི། །དབུ་ལ་གདེངས་ཀ་བདུན་དུ་འདོད། །ཧུྃ་ཡིག་རྡོ་རྗེ་ལས་ནི་བྱུང་བའི་རྒྱལ་བ་སྐུ་མདོག་ལྗང་གུ། །བདུད་རྩིའི་བུམ་པ་རྡོ་རྗེ་ཆུ་སྐྱེས་རིན་ ཆེན་ཕྱག་རྣམས་ཀུན་གྱིས། །བཟུང་བ་རྐང་གཡོན་མ་མཐེ་ཆུང་རྣམ་པར་དག་པ་སྔོན་མོ་དང་བཅས། །སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །སྒོ་འགྲམ་རྣམས་སུ་གཡོ་བའི་རྩེ་མོ་ཅན་དང་ཆུ་དང་ས་རྣམས་དཀྱིལ་འཁོར་སོ་སོའི་ཁ་དོག་གིས། །ཤར་ལ་སོགས་ པའི་གཡོན་དུ་དགོད་པ་ཧྱ་ཡིག་རྒྱལ་མཚན་ལས་བྱུང་ཀརྐོ་ཊ་ཉིད་ནག་པོ་ནི། །མིང་མེད་རྣམ་པར་དག་པ་ཅེ་སྤྱང་གདོང་མས་འཁྱུད་དང་ཧྲཾ་ཡིག་བཀྲ་ཤིས་ལས་བྱུང་ཆུ་བདག་ཉིད། །ཉི་མ་དང་མཚུངས་གུང་མོ་རྣམ་པར་དག་པ་སྟག་གདོང་མ་དང་བཅས་ལ་རིམ་བཞིན་ཕྱག་འཚལ་ལོ། ། ཧྭ་ཡིག་ཆུ་སྐྱེས་ལས་བྱུང་དགའ་པོ་དཀར་པོ་ཉིད། །མཛུབ་མོ་རྣམ་པར་དག་པ་ཕག་གདོང་མས་འཁྱུད་དང་། །ཧླ་ཡིག་འཁོར་ལོ་ལས་བྱུང་འཇོག་པོ་སེར་པོ་ཉིད། །མཐོ་བོ་རྣམ་དག་ཁྱི་གདོང་དང་བཅས་ལ་ཕྱག་འཚལ། །ནུབ་སོགས་གཡས་སུ་ཧླཱ་ཡིག་འཁོར་ལོ་ལས་བྱུང་པདྨ་ཆེན་ པོ་སེར་པོ་ཁྭ་གདོང་བཅས། །ཧཱ་ཡིག་དག་ནི་པདྨ་དག་ལས་བྱུང་བའི་རིགས་ལྡན་དཀར་པོ་བྱ་རྒོད་གདོང་བཅས་དང་། །ཧྲཱ་ཡིག་བཀྲ་ཤིས་ལས་བྱུང་ལྟོས་འགྲོ་དུང་སྐྱོང་དམར་པོ་འུག་གདོང་མ་དང་བཅས་པ་དང་། །ཧྱཱ་ཡིག་རྒྱལ་མཚན་ལས་བྱུང་པདྨ་དཀར་མིན་བྱ་ཁྱུང་གདོང་བཅས་རྣམས་ 14-1-109a ལ་ཕྱག་འཚལ་ལོ། །ཀྵུཾ་ཡིག་རྡོ་རྗེ་ལས་བྱུང་རྣམ་རྒྱལ་སྔོན་པོ་ཉིད། །རྐང་པ་གཡས་པའི་མཐེ་བོ་ལ་སོགས་པ་ཉིད་ཀྱི། །རྣམ་པར་དག་པ་རྡོ་རྗེ་མིག་མ་དང་བཅས་པ། །འོག་ཏུ་ཡེ་ཤེས་ལ་གནས་པ་ལ་ཕྱག་འཚལ་ལོ། །ལྷོ་སྒོའི་གཡོན་གྱི་འདོད་ཡོན་ལ་ནི་ ངེས་པར་གསལ་བྱེད་ཀ་ཁ་ག་གྷ་ང་རྣམས་ཐིག་ལེ་དང་། །བཅས་པའི་ས་བོན་ལས་བྱུང་མི་འདོད་མ་རྣམས་ཞལ་གཅིག་ཕྱག་གཉིས་མ་སྟེ་མདའ་ཡི་གྲངས་རྣམས་སོ། །ཤར་ལ་སོགས་པའི་གཡས་ཀྱི་འདོད་ཡོན་རྣམས་ལ་ཙ་ཊ་པ་ཏའི་སྡེ་ཚན་རྣམས་ལས་རབ་ཏུ་བྱུང་། །དེ་ལྟར་དེ་རྣམས་སོ་སོའི་ ཕྱོགས་ལ་ལྔ་ཡི་གྲངས་ཀྱི་ས་བོན་དང་བཅས་སོ་སོའི་ཕྱག་མཚན་ནོ། །དེ་ལྟར་ས་སྡེའི་ཤར་གྱི་གཡོན། །འདོད་ཡོན་ལ་སྟེ་ཏ་སྟེ་བྱང་། །དེ་ལས་གཞན་པ་ཀྵ་ཡིག་ལས། །བྱུང་བ་རྣམས་ལ་ཕྱག་འཚལ་ལོ། །འཁོར་ལོ་ལ་གནས་ལྷ་ཉིད་དེ་རྣམས་མ་ལུས་པ། ཞལ་གཅིག་ཕྱག་ གཉིས་མ་སྟེ་སྤྱན་གསུམ་དང་ལྡན་མ། །ཕྱག་རྒྱས་སྤྲས་ཤིང་སྐྲ་གྲོལ་ན་བཟའ་རྣམས་དང་བྲལ། །དཔལ་གྱི་མགོ་བོའི་ཕྲེང་བའི་གྲི་གུག་ཐོད་པའི་ཕྱག །ཧཱ་ཡིག་གྲི་གུག་ལས་བྱུང་རྡོ་རྗེ་སྤྱན་མ་ཉིད། །ལྗང་གུ་རྒྱན་དང་བཅས་པ་གཡོན་པའི་མཐེའུ་ཆུང་གི། །རྣམ་པར་དག་པའི་སྐུ་མངའ་ སྟེང་གི་ཕྱོགས་ཉིད་དུ། །རྐང་བརྒྱད་འཁོར་ལོ་ལྗང་གུ་ལ་ནི་གནས་ལ་ཕྱག་འཚལ་ལོ། །གང་གི་མེ་དང་རླུང་དཀྱིལ་འཁོར་ལོ་དག་གི་དབུས་ཀྱི་ཆ། །ཀ་སྡེ་བརྩེགས་པ་དང་ནི་གྲི་གུག་ལས་བྱུང་ཁྱི་གདོང་མ། །ནག་མོ་འཇོག་པོ་དང་ནི་བཅས་པ་ལྷ་ཡི་དབང་པོའི་ཕྱོགས་སུ། །རལ་གྲི་ཅན་དང་འཁོར་ ལོ་དམར་པོ་ལ་ནི་གནས་ལ་ཕྱག་འཚལ། །དེ་བཞིན་ཀྵ་ཡ་རཱ་ཝ་ལ་དང་། །གྲི་གུག་ལས་བྱུང་ཕག་གདོང་དམར་མོ། །དགའ་བོ་དང་བཅས་ལྷོ་ཡི་ཕྱོགས་སུ། །དོམ་དང་འཁོར་ལོ་གནས་ལ་ཕྱག་འཚལ། །དེ་བཞིན་ཧ་ཡ་ར་ཝ་ལ་དང་། །གྲི་གུག་ལས་བྱུང་སྟག་གདོང་དཀར་མོ། །ཆུ་བདག་དང་ བཅས་བྱང་གི་ཕྱོགས་སུ། །གཡག་དང་འཁོར་ལོར་གནས་ལ་ཕྱག་འཚལ། །དེ་བཞིན་ྈྐ་ཤ་ཥ་ྉྤ་ས་དང་། །གྲི་གུག་ལས་བྱུང་ཅེ་སྤྱང་གདོང་མ། །སེར་མོ་ཀརྐོ་ཊ་བཅས་ནུབ་ཏུ། །སེང་གེ་འཁོར་ལོར་གནས་ལ་ཕྱག་འཚལ། །ཏུ་པུ་ཊུ་ཙུ་རྣམས་དང་གྲི་གུག་ལས་བྱུང་བྱ་ཡི་དབང་པོ་འུག་པ་ 14-1-109b བྱ་རྒོད་ཁྭ་རྣམས་དང་། །མཚུངས་པའི་གདོང་ཅན་སེར་མོ་དཀར་མོ་དམར་མོ་ནག་མོ་རྣམས་ནི་པདྨ་དུང་སྐྱོང་དགའ་བོ་དང་། །པདྨ་ཆེན་པོ་དང་བཅས་རླུང་དང་འཕྲོག་བྱེད་སྟེར་བྱེད་མེ་མཚམས་རྣམས་སུ་ཤིང་རྟའི་ཚོགས་བཅོམ་ནས། །ལོངས་སྤྱོད་པ་ཡི་བཞོན་པ་མིག་སྔོན་བྱ་ལོང་བྷེ་རུཎྜ་དང་འཁོར་ལོ་དཀར་པོ་གནས་ ལ་ཕྱག་འཚལ། །ཧཿཡིག་གྲི་གུག་ལས་བྱུང་སྔོན་མོ་ཁ་དོག་སྔོ། །རྒྱལ་བ་དང་བཅས་འོག་ཏུ་རླུང་དང་འཁོར་ལོ་ཉིད། །སྔོན་པོ་ལ་གནས་ཕྱག་འཚལ་སྔོན་ལྟར་དགུ་པོ་ཡང་། །ལག་པ་གཡས་གཡོན་སོར་མོ་རྣམ་དག་ལྷ་མོ། །ཨ་ཡིག་ལས་བྱུང་ཟླ་བ་དབང་པོའི་ཕྱོགས་གནས། །ཨཿལས་ བྱུང་བའི་སྣང་བྱེད་བདེན་བྲལ་ལ་གནས། །དེ་དག་ས་ཡི་དཀྱིལ་འཁོར་གནས་ལ་ཕྱག་འཚལ། །ཧཱུྃ་ཡིག་དང་ནི་ཨཾ་ཡིག་ཨོཾ་ཡིག་ཧོཿརྣམས་ལས་བྱུང་བ་ཡི། ཆོས་ཀྱི་འཁོར་ལོ་དཔལ་གྱི་བུམ་པ་བཟང་པོ་མཆོག་གི་རྔ་དང་། །དཔག་བསམ་ཤིང་རྣམས་དཀར་མིན་དམར་པོ་དཀར་པོ་སེར་པོ་ རྣམས་ནི། །རིམ་བཞིན་ཤར་ལ་སོགས་པའི་རྟ་བབས་ལ་གནས་རྣམས་ལ་ཕྱག་འཚལ། །རྒྱལ་བ་མི་བསྐྱོད་པ་ལ་དཔལ་ལྡན་རྒྱལ་བ་རྡོ་རྗེ་སེམས་དཔས་རྒྱས་ནི་གདབ་པར་བྱ། །དེ་ནི་རྒྱལ་བ་མི་བསྐྱོད་པ་སྟེ་དོན་གྲུབ་རྒྱལ་བ་ནོར་བུའི་ཕྱག་ལྡན་དེ་ཉིད་ཀྱིས། །ཆུ་སྐྱེས་ཕྱག་ལྡན་དེ་ཉིད་འཁོར་ལོ་ཅན་ ནོ་ཡང་ནི་དེ་ཡི་རྒྱལ་བ་རྣམ་པར་ཤེས། །སྤྱི་བོ་ལ་གནས་སྒྲིབ་པ་བྲལ་བ་སོ་སོའི་ཕྱག་རྒྱ་མཛད་ལ་དང་བས་ཕྱག་འཚལ་ལོ། །ནམ་མཁའ་དང་ནི་རླུང་དང་སྲེག་བྱེད་ཆུ་དང་ས་ཡི་རང་བཞིན་གྱིས། །སྔོན་དུ་གསུངས་པའི་ཁམས་རྣམས་ལས་བྱུང་བདེ་བར་གཤེགས་པ་ཇི་ལྟ་བུ། །དེ་བཞིན་ འཁོར་ལོ་འདི་ལས་གཞན་པའི་ལྷ་རྣམས་མ་ལུས་པ་ཉིད་ཀྱི། །ཅོན་པན་མཆོག་ལས་ཡང་དག་གནས་པ་དེ་རྣམས་ལ་ནི་ཕྱག་འཚལ་ལོ། །དེ་ལྟར་ཕྱག་བཙལ་ནས་མཆོད་པ་བྱ་བ་ནི། དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདོད་པའི་དྲི་མ་མེད་པར་གསུངས་པ་ལྟར། །དེ་ལས་ རྒྱལ་བ་མ་ལུས་མཆོད་པའི་དོན་དུ་སྤྲོས་པའི་འོད་ཟེར་དེ་རྣམས་སླར་བཀུག་སྟེ་རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་གྱི་ཡི་གེ་རྣམས་བསམས་ལ། དེ་ནས་སོ་སོའི་ས་བོན་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་པ་ནི། ཨོཾ་ 14-1-110a ཙྪྫྫྷྙཱ་བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪྫྫྷྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞ་བཛྲ་དྷུ་པེ་དྷཱུ་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནེེ་བེདྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨ་ཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩ་ནཾ་ ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱསྱེ་བསྟྲ་ཨཱ་བྷ་ར་ཎ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱེ་གྷནྜ་དཪྵ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྒ་བཛྲ་ཝཱ་དྱེ་པུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྡཱ་བཛྲ་ཎྲྀ་ཏྱཾ་ཎྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྙྤྵྴྐཱ་བཛྲ་གཱི་ཏི་གཱི་ཏ་པུ་ཛཾ་ཀུ་རུ་ཀུ་རུ་ སྭཱ་ཧཱ། ཨོཾ་སྙྤྵྴྐཱ་བཛྲ་ཀཱ་མེ་སརྦ་བུདྡྷ་པོ་དྷི་སཏྭ་ནཱཾ་ཀྲོ་དྷཱ་ཨ་དྷི་ནཱཾ་ཙ་བ་བཛྲ་སུར་ཏ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལྟར་སྔགས་ཀྱི་རྐང་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་ཡིད་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ནི་སྡིག་པ་ དཔག་མེད་བྱས་པ་རྣམས། སོ་སོ་ཉིད་དུ་བཤགས་པར་བགྱི། །བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་རྣམས་ཀྱི་དགེ་བ་དཔག་མེད་གང་བྱས་པ། །དེ་རྣམས་ཀུན་ལ་རྗེས་སུ་ཡི་རང་བ་དང་སྡིག་བྲལ་བྱང་ཆུབ་སྤྱོད་ལ་ རྗེས་སུ་བཞུགས་པར་ཞུ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་པ་འཇོམས་པ་རྣམས་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་བདག་ཉིད་དབུལ་བ་དང་བསོད་ནམས་ཡོངས་སུ་བསྔོ་བ་ནི། བདག་ གི་ཇི་སྲིད་ལེན་གྱུར་ལུས་འབུལ་སེམས་ཅན་མ་ལུས་དོན་ཕྱིར་བདག་ཉིད་རྫོགས་པའི་སངས་རྒྱས་ཤོག །དེ་ལྟར་བདུན་རྣམ་པར་དག་པའི་མཆོད་པ་བྱས་ནས། དེ་ནས་རྩ་བ་གསུམ་དྲན་པར་བྱའོ། །ལ་རོལ་ཏུ་ཕྱིན་པ་བཅུ་བསྒོམ་པར་བྱའོ། །ཚངས་པའི་གནས་བཞི་བསྒོམ་ པར་བྱའོ། །བསྡུ་བའི་དངོས་པོ་བཞི་བསྒོམ་པར་བྱའོ། །མི་དགེ་བ་བཅུ་ཡོངས་སུ་སྤོང་བ་བསྒོམ་པར་བྱའོ། །སྒྲིབ་པ་ལྔ་སྤོང་བ་བསྒོམ་པར་བྱའོ། །ཉོན་མོངས་པ་བཞི་སྤོང་བ་བསྒོམ་པར་བྱའོ། །ཟག་པ་བཞི་སྤང་བ་བསྒོམ་པར་བྱའོ། །རྣམ་པར་ཐར་བ་བཞི་བསྒོམ་པར་བྱའོ། ། 14-1-110b དེ་ལྟར་བསྒོམ་པ་ལ་ཁམས་གསུམ་གཡོ་བ་དང་བརྟན་པར་བཅས་པ་རྣམས་རྣམ་པར་དཔྱད་པར་བྱ་སྟེ། དངོས་མེད་དངོས་པོར་མེད་པ་སྟེ། །དེ་ལྟར་དངོས་པོའང་དངོས་པོར་མེད། །དེས་ན་དངོས་པོ་དངོས་མེད་འགྱུར། །དེ་ཕྱིར་དངོས་པོ་དམིགས་སུ་མེད། །ཅེས་པའོ། །དེ་ནས་འཁོར་བའི་ཕུང་ པོ་ཡོངས་སུ་སྤང་བར་བྱ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་དང་པོར་འདིར་བརྟུལ་ཞུགས་དང་ལྡན་པས་ལུས་ཀྱི་དབུས་སུ་ཆུ་ཡིས་མེ་རྣམས་བཤིག་པར་བྱེད་པའོ། །དེ་ནས་མེའི་དངོས་པོ་མེད་པ་ལས་སའི་སྲ་བ་སྤངས་ནས་ཚྭ་བཞིན་དུ་ཞུ་སྟེ། ཆུའི་དབུས་སུ་འཇུག་པར་འགྱུར་རོ། །དེ་ནས་ཡང་ཆུ་ རྣམས་རླུང་གིས་བསྐམས་ཏེ་ནམ་མཁའ་ལ་ཐིམ་པར་འགྱུར་བ་སྟེ། །དེ་ལྟར་ཁམས་ཀྱི་ཚོགས་རྣམས་མྱུར་བར་རྣམ་པར་འཇིག་པར་འགྱུར་རོ། །དེ་ནས། སེམས་དང་མེ་ཉིད་མུན་པའི་མཐའ། །ཞེས་པ་ནི་ནམ་མཁའི་ཁམས་ཀྱི་དབུས་ཀྱི་གནས་སོ། །ཡུལ་དང་བྲལ་བ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་གཟུགས་བརྙན་ཀུན་གཞི་རྣམ་པར་ཤེས་ པར་གཟུང་བར་བྱའོ་ཞེས་པའོ། །དེ་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནཱ་བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་སྟོང་ པའི་རྣམ་པར་བསམ་མོ། །དེ་ནས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པ་ནི། ནམ་མཁའི་ཁམས་དཔག་པ་ལས་འདས་པ་བལྟས་ལ་སྔོན་དུ་བརྗོད་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་སོགས་པ་བསམ་མོ། །ཧྐྵྨླྭྼྻཾ། དེ་ནས་རྡོ་རྗེའི་ས་གཞིའི་དབུས་སུ་གཞལ་ཡས་ཁང་བསམ་པ་ནི། བྷྲཱུཾ་ཡིག་གམ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཐུགས་དང་གསུང་དང་སྐུའི་འཁོར་ལོ་གསུམ་གྱི་བདག་ཉིད་གྲུ་བཞི་པའི་རྟེན་བསམ་པར་བྱའོ། །དེ་ཡང་ཐུགས་ཀྱི་འཁོར་ལོ་ལ་ར་བ་ནག་པོ་དང་དམར་པོ་དང་དཀར་པོ་གསུམ་གྱིས་བསྐོར་ བ་སྒོ་བཞི་པ་ཁ་དོག་སྣ་ཚོགས་དང་ལྡན་པའི་རྟ་བབས་བཞིས་བརྒྱན་པ། ཕྱི་རོལ་དུ་འདོད་ཡོན་དང་། རིན་ཆེན་ལ་གུ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། བ་ཀུ་ལི་དང་། ཀྲ་མ་ཤིཪྵས་སྤྲས་པ། ཟླ་བ་དང་། རྒྱལ་མཚན་དང་། དྲིལ་བུ་དང་། མེ་ལོང་དང་། རྔ་ཡབ་ལ་སོགས་པས་རྣམ་པར་བརྒྱན་པ། དེའི་ 14-1-111a ནང་གི་ཕྱེད་ཡེ་ཤེས་ཀྱི་འཁོར་ལོ་སྟེ། རྡོ་རྗེའི་ཕྲེང་བས་བསྐོར་བ་ཀ་བ་བཅུ་དྲུག་གིས་སྤྲས་པའོ། །དེ་ཉིད་ཀྱི་ཕྱེད་ནི་བཅོམ་ལྡན་འདས་ཀྱི་གནས་ཏེ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ལྟར་ཐུགས་ཀྱི་འཁོར་ལོ་རྣམ་པར་བསམ་པར་བྱའོ། །དེའི་ཉིས་འགྱུར་གསུང་གི་འཁོར་ལོ་ར་བ་ལྔ་ཡིས་བསྐོར་ བའོ། །དེ་ལྟར་ཉིས་འགྱུར་གྱི་སྒོ་བཞི་ལ་སོགས་པ་རྔ་ཡབ་ཀྱི་བར་གྱིས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་ལ་དེ་ཉིད་ཉིས་འགྱུར་གྱི་ཚད་ཀྱིས་ཏེ། ར་བ་ལྔ་དང་སྒོ་བཞི་ལ་སོགས་པས་མཛེས་པར་བྱས་པའོ། །ཐམས་ཅད་ཀྱི་ཤར་དང་མེ་མཚམས་ཀྱི་ས་གཞི་ནག་པོའོ། །ལྷོ་དང་བདེན་ བྲལ་གྱི་ས་གཞི་དམར་པོའོ། །ནུབ་དང་རླུང་མཚམས་ཀྱི་ས་གཞི་སེར་པོའོ། །བྱང་དང་དབང་ལྡན་གྱི་ས་གཞི་དཀར་པོའོ། །ཕྱི་རོལ་དུ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རོ། །རྡོ་རྗེའི་ཕྲེང་བ་དང་། རྡོ་རྗེའི་མེ་རི་དང་། རླུང་གི་དཀྱིལ་འཁོར་ལ་གནས་པའི་དུར་ཁྲོད་ཆེན་པོའོ། །དེ་ལྟར་དཀྱིལ་འཁོར་ གྱི་འཁོར་ལོ་རྣམ་པར་བསྒོམས་ལ། ཕྱག་བཙལ་བའི་ཚིགས་སུ་བཅད་པར་བཤད་པའི་བཞུགས་གནས་རྣམས་སུ་གདན་རྣམས་ཇི་ལྟ་བ་བཞིན་དུ་ལྷ་རྣམས་རྣམ་པར་བསམ་པར་བྱའོ། །དེ་རྣམས་ལས་ཐུགས་ཀྱི་འཁོར་ལོ་ལ་བཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་ཉི་ཤུ་རྩ་བཞི་རྣམས་ལ་གནས་པའི་ཟླ་བ་དང་ཉི་ མ་དང་བཅས་པ་བསྒོམ་པར་བྱའོ། །པདྨ་རེ་རེ་ལ་རྩ་བ་དང་། ར་བ་དང་། འདབ་མ་དང་། ཟེ་འབྲུ་དང་། ལྟེ་བ་རྣམས་ཀྱི་ས་བོན་རྣམས་གཞུང་ཆེས་ཀྱིས་དོགས་ནས་མ་བྲིས་ཏེ། དེ་ཡང་གཞན་ཅུང་ཟད་ཙམ་བརྗོད་པ་ནི། པདྨའི་རྩ་བ་དང་ར་བ་དག་ལས་ཨ་ཡིག་ལས་བྱུང་བའོ། །འདབ་མ་དང་གེ་སར་དག་ཨུ་ ཡིག་ལས་བྱུང་བའོ། །དེའི་དབུས་སུ་ལྟེ་བ་ལ་ཨ་ཡིག་ལས་ཟླ་བའི་གདན་ནོ། །རཾ་ཡིག་ལས་ཉི་མའི་གདན་ནོ། །དེ་ནས་གཙོ་བོའི་པདྨ་ཉི་མ་ཉི་ཤུ་རྩ་ལྔ་པ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཏེ། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། དུས་མེའི་དཀྱིལ་འཁོར་བཞི་དང་བཅས་པ་བསྒོམ་པར་བྱས་ནས། རྡོ་རྗེ་ ཤུགས་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ་བཤད་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་རྫོགས་པ་དང་། ཕྱག་བཙལ་བའི་ཚིགས་སུ་བཅད་པའི་མཚན་ཉིད་དང་ལྡན་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་སྣ་ཚོགས་ཡུམ་གྱིས་འཁྱུད་པར་བདག་ 14-1-111b ཉིད་བསམས་ལ། ནག་མོ་འབར་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། རིན་པོ་ཆེ་ལ་སོགས་པའི་མཚན་མ་བལྟ་བར་བྱས་པ་འདི་ནི་རྡོ་རྗེ་སེམས་དཔའ་བསྐྱེད་པའོ། །དེ་ནས་སྦྱོར་བའི་སྒྲ་མི་བསྐྱོད་པ་ལ་སོགས་པ་རྒྱལ་བའི་ཚོགས་རྣམས་བདག་ཉིད་ཀྱི་ལུས་ལ་གཞུག་པར་བྱས་ནས། ནམ་མཁའ་ལ་སོགས་ པའི་ཚོགས་སྐྱེས་བུ་དང་རིག་མ་དང་། མིག་ལ་སོགས་པ་དང་། ཡུལ་རྣམས་ཀྱི་རང་བཞིན་གྱི་ལྷ་ཉིད་དུ་བསྐྱེད་དོ། །ཡང་དེ་རྣམས་རང་གི་ལུས་ལས་ཕྱུང་སྟེ། །སྣ་ཚོགས་ཡུམ་ལ་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཡང་དེ་ལྟར་སྤྲོས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དེ་བཞིན་གཤེགས་པ་རྣམས་རང་ གི་ལུས་ལ་བཅུག་ལ། རང་གི་རྡོ་རྗེ་ལས་སྤྲོས་ཏེ་རང་གི་རིག་མའི་པདྨའི་དབུས་སོ། །དེ་ཡོངས་སུ་གྱུར་པ་ལས་ལྷ་ཉིད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ལྷག་པའི་གཙོ་བོར་མི་བསྐྱོད་པ་བསམས་ནས། བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་པར་བྱ་ཞེས་པའོ། །དེ་ནས་སྔར་གསུངས་པའི་མཚན་ཉིད་དང་ལྡན་ པའི་དཀྱིལ་འཁོར་གྱི་བདག་ཉིད་ལ་གནས་པར་བྱས་ནས། དེ་ནས་ཨོཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་ང་རྒྱལ་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དབང་བསྐུར་བར་བྱའོ། །དེ་ཡང་དེ་ཉིད་ལས་འདི་ལྟར་གསུངས་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཡེ་ ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་འགྲོ་བ་རིགས་དྲུག་གི་གནས་ནས་སེམས་ཅན་ཐམས་ཅད་བཀུག་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་རྣམ་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་ མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁམས་རྣམས་དང་བཅས་པ་རྣམས་རང་གི་སྙིང་གར་ཞུ་སྟེ། བྱང་ཆུབ་སེམས་སུ་ཞུ་བའི་རང་བཞིན་དུ་གྱུར་པ། རང་གི་གསང་བའི་རྡོ་རྗེ་ནས་སྤྲོས་པའི་བྱང་ཆུབ་སེམས་དེས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་བསམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་ཀྱི་ འོད་ཟེར་དེ་རྣམས་རེག་པས། ཞལ་གསུམ་པ་དང་ཞལ་སྣ་ཚོགས་པ་དང་། ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཆོག་ཏུ་གྱུར་པ་དགའ་བའི་བདེ་བས་གང་བར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་རང་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་སྐད་ཅིག་གིས་ 14-1-112a བལྟ་བར་བྱའོ། །དེ་ནས་སྔགས་ཀྱི་ས་བོན་རྣམས་གསལ་བྱེད་སྣ་ཚོགས་འདུས་པ་དང་དབྱངས་དང་བཅས་པ་རྣམས་ཏེ། འདིར་གསལ་བྱེད་ཐམས་ཅད་འདུས་པ་ཀྵ་ཡིག་གོ། །དེ་ཉིད་ཀྱིས་གཞན་ཡང་ཤེས་པར་བྱེད་པས། གང་དང་གང་གི་མིང་གི་ཡི་གེ་དང་པོ་དེ་གསལ་བྱེད་དེ། དེ་ལྟར་ཐམས་ཅད་གོ་ བར་བྱའོ། །དེ་ཡང་འདི་ལྟ་སྟེ། ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ། ཞེས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའོ། །དེ་ལྟར་ཀྵཱ་ཀྵཱི་ཀྵྼཱྀ་ཀྴཱུ་ཀྵླཱྀ་ཀྵཱཾ། ཞེས་པ་ནི་རྣ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གོ། །དེ་ལྟར་ཀྵཱ་ཀྵཻ་ཀྵྼཱ་ཀྵོོ་ཀྵླཱ་ཀྵཱཿ། ཞེས་པ་ནི་ཡུལ་དྲུག་གོ། །དེ་ལྟར་ཀྵྷ་ཀྵྻ་ཀྵྼཱ་ཀྵྦ་ཀྵླ། ཞེས་པ་ནི་ལས་ཀྱི་ དབང་པོ་ལྔ་སྟེ། དེ་ལྟར་ཁྲོ་མོ་རྣམས་སོ། །དེ་ལྟར་ཀྵྷཱ་ཀྵྻཱ་ཀྵྼཱཀྵྦཱ་ཀྵླཱ། ཤེས་པ་ནི་ལས་ཀྱི་དབང་པོ་ལྔའི་ཡུལ་ལོ། །དེ་ལྟར་སེམས་ཅན་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྐད་ཅིག་གིས་རྫོགས་པར་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དབང་བསྐུར་བ་བྱིན་ལ་རང་རང་གི་ཞིང་ལ་གཤེགས་པར་བྱ་ཞེས་སོ། །སྐུ་རྫོགས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ། །དེ་ནས་ཞུ་བ་ལ་གནས་པ་བསྒོམ་པར་བྱ་སྟེ། དེ་ཡང་དེ་ཉིད་ལས་ གསུངས་པ་འདི་ལྟ་སྟེ། ལྟེ་བ་དང་གཙུག་ཏོར་དག་ལས་ཧོ་ཡིག་གོ། །འདི་གཉིས་ཀ་དབུས་སུ་དགོད་པ་དཔྲལ་བར་སྐུ་རྡོ་རྗེ་ཨོཾ་ཡིག་གོ། །མགྲིན་པར་གསུང་རྡོ་རྗེ་ཨཱཿཡིག་གོ། །སྙིང་གར་ཐུགས་རྡོ་རྗེ་ཧཱུཾ་ཡིག་གོ། དེ་ལྟར་ཡི་གེ་གསུམ་ནི། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅེས་པའོ། །དེ་ལྟར་ གཞན་ཡང་གསུངས་པ་ལྟེ་བའི་ཧོ་ཡིག་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བཞུ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བདེ་མཉམ་པདྨར་ཤེས་རབ་ཀྱི་ཆགས་པ་ཞུ་བའི་རི་བོང་ཅན་བཞིན་དུ་ཁྱབ་བདག་ནི་བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་ཞུ་བར་གནས་པ་ལས། སྒྲོལ་མ་ལ་སོགས་པས་བསྐུལ་བས་ཏེ། དེ་ ཡང་དེ་ཉིད་ལས་གསུངས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་ཀྱི་རང་བཞིན། སྒྲོལ་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྤྱན་མ་སྟེ་ལྷ་མོ་རྣམས་ཀྱིས་བསྐུལ་ཞེས་པའོ། །གཞན་ཡང་རྩ་བའི་རྒྱུད་དུ་ཡང་དེ་ལྟར་གསུངས་པ། སྤྱན་མ་བདག་ནི་འགྲོ་བའི་ 14-1-112b ཡུམ། །རྒྱུ་མཐུན་རྣལ་འབྱོར་ལ་གནས་པ། །བདག་ནི་རང་བཞིན་དཀྱིལ་འཁོར་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣམ་སྨིན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་ དཀར་མོ་བདག་བུ་མོ་སྟེ། །སྐྱེས་བུའི་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །བྲལ་བའི་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། ། སྟོང་པའི་དཀྱིལ་འཁོར་ལ་གནས་ལ། །འགྲོ་བ་སྒྲོལ་བའི་ཐུགས་དགོངས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པས་སོ། །དེ་ཡང་དེ་ཉིད་ལས་གསུངས་པ། །འདིར་བཅོམ་ལྡན་འདས་སྟོང་པར་བཞུགས་པ་གླུས་རབ་ཏུ་སད་ནས། འགྲོ་བ་མ་ལུས་ པ་རྣམས་སྒྱུ་མ་བཞིན་དུ་བལྟས་ཏེ། ཡང་སྐྱེད་པར་མཛད་ཅེས་པས་སོ། །དེ་ནས་དེ་ལྟར་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས། རྫོགས་པའི་དུས་ཀྱི་འཁོར་ལོ་མི་བསྐྱོད་པས་རྒྱས་བཏབ་པ་བསམ་སྟེ། གླང་པོའི་པགས་པ་དང་། རྒྱས་གདབ་དང་། གླུ་རྣམས་དགོད་པའི་སྔགས་རྣམས་སྤངས་ནས། སྔར་གསུངས་པའི་སྔགས་ཀྱི་རྐང་པ་རྣམས་ཀྱིས་རྒྱས་གདབ་པ་དགོད་པ་ལ་སོགས་པ་བྱའོ། །དེ་ནས་ནང་གི་རྒྱས་གདབ་པ་དགོད་པར་བྱ་བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། འདིར་གཙུག་ཏོར་གྱི་འཁོར་ལོར་ཐིག་ལེ་ཨ་ཡིག་ལས་མི་བསྐྱོད་པའོ། །དེ་ལྟར་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་ ལས་དོན་ཡོད་གྲུབ་པའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་ལས་འོད་དཔག་མེད་དོ་ཞེས་པ་སྟེ། མི་མཉམ་པའི་རིགས་རྣམས་མི་མཉམ་པའི་འཁོར་ལོར་རོ། །དེ་ལྟར་ལྟེ་བར་དུས་མེ་ལ་ལྀ་ཡིག་ལས་རྣམ་པར་སྣང་མཛད་དོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིག་ལས་རིན་ཆེན་འབྱུང་ལྡན་ནོ། །གསང་ བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་ལས་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་ལྟར་ལྷ་རྣམས་ཀྱི་རྒྱས་གདབ་པ་ནི་ལུས་ཀྱི་རྒྱས་གདབ་པར་ངེས་པའོ། །ཡང་ངག་གི་རྒྱས་གདབ་པ་ནི་ལྟེ་བར་ལཱྀ་ཡིག་གོ། །སྙིང་གར་ཨཱུ་ཡིག་གོ། །མགྲིན་པར་རཱྀ་ཡིག་གོ། །དཔྲལ་བར་ཨཱི་ཡིག་གོ། །གཙུག་ཏོར་དུ་ཨཱ་ཡིག་ 14-1-113a སྟེ་སའི་དཀྱིལ་འཁོར་ལ་སོགས་པ་བསམ་མོ། །དེ་ལྟར་སེམས་ཀྱི་ཐིག་ལེས་རྒྱས་གདབ་པ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་གོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿཡིག་གོ། །སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ་ཡིག་གོ། །ལྟེ་བར་དུས་མེའི་ དཀྱིལ་འཁོར་ལ་ཧོཿཡིག་གོ། །དེ་ལྟར་ཡེ་ཤེས་ཀྱིས་རྒྱས་གདབ་པ་ནི། །ཆོས་ཐམས་ཅད་བྱེད་པ་དང་བྲལ་བའི་སྒོ་ཅན། ཐོག་མ་ནས་མ་སྐྱེས་པའི་བདག་ཉིད། རྡོ་རྗེ་ནོར་བུར་ཨ་ཡིག་གྲུབ་པའོ། །དེ་ནས་ཨོཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་བརྗོད་ལ་དཀྱིལ་འཁོར་ལས་དབྱུང་བའོ། ། ཡང་དེ་ཉིད་ལས་གསུངས་པ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གྱི་ནམ་མཁའ་ལ་གནས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན། དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་སངས་རྒྱས་ལྔའི་དཀྱིལ་འཁོར་གྱི་རང་བཞིན་རང་གི་ལུས་ལ་བཅུག་ལ་ཤེས་རབ་ཀྱི་པདྨར་སོ་ སོའི་སྔགས་ཀྱི་རང་བཞིན་དུ་བལྟས་ལ། །དེ་ནས་པདྨ་ནས་སྔ་མ་ལྟར་ཞལ་དང་། ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན། ཡེ་ཤེས་དང་། ཐུགས་དང་། གསུང་དང་། སྐུའི་དཀྱིལ་འཁོར་ལ་དགོད་པར་བྱ་ཞེས་པ་སྟེ། དེ་ལྟར་དཀྱིལ་འཁོར་དབྱུང་བར་བྱའོ། །དེ་ནས་སྙིང་གའི་པདྨའི་ལྟེ་བ་ལ་རི་བོང་ ཅན་དང་ཉི་མ་དང་། རྩེ་མོ་ཅན་རྣམས་ལས་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། ནག་པོ་འོད་ཟེར་རྣམ་པ་ལྔ་འཕྲོ་བཞིན་པ་བསམས་ལ། རྡོ་རྗེ་དེ་ཉིད་ཀྱི་ལྟེ་བའི་དབུས་སུ་ཛཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་བསམ་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་དེ་ཉིད་ལས་སྔོན་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་ རྡོ་རྗེ་ཤུགས་ཡན་ལག་བརྒྱད་པའི་ཤིང་རྟ་ལ་གནས་པ་འོད་ཟེར་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ཅན་གྱི་རྡོ་རྗེ་ཤུགས་ཡང་དག་པར་སྤྲོ་བར་བྱས་པས། སྔོན་དུ་ཡང་དག་པར་གྲུབ་པའི་ཁམས་གསུམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས། དེ་ནས་རྡོ་རྗེ་ཤུགས་རང་གི་གནས་སུ་གཤེགས་པར་བྱའོ། །དེ་ ནས་རྨུགས་བྱེད་དང་། རེངས་བྱེད་དང་། ང་རྒྱལ་ཅན་དང་། ཤིན་ཏུ་སྟོབས་ཅན་ཏེ་ཁྲོ་བོ་བཞི་རྣམས་ཀྱི་འགུགས་པ་ལ་སོགས་པ་བྱའོ། །ཡང་དེ་ཉིད་ལས་གསུངས་པ་དེ་ལྟར་རྣམ་པར་ཤེས་པ་ལྔས་ཏེ། ཛཿཡིག་གིས་དགུག་པ་དང་། ཧཱུྃ་ཡིག་གིས་གཞུག་པ་དང་། བཾ་ཡིག་གིས་བཅིང་བ་དང་། ཧོཿཡིག་གིས་ 14-1-113b དགྱེས་པར་བྱ་བ་དང་། ཧི་ཡིག་གིས་རོ་མཉམ་པར་བྱས་ནས། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་དྲིལ་བུ་དང་། རྡོ་རྗེ་དབྱུག་པ་རྣམས་ཀྱིས་ཞེས་པའོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ལ་ཡང་དག་པར་མཆོད་ནས། སྔོན་ལྟར་དམ་ཚིག་གི་ཕྱག་རྒྱ་དང་རོ་གཅིག་ཏུ་གྱུར་པར་བསྒོམ་ པར་བྱ་བ་ནི་ངེས་པའོ། །ཕན་ཚུན་རྒྱས་གདབ་པ་ནི། ཕྱག་བཙལ་བའི་ཚིགས་སུ་བཅད་པར་གསུངས་པའི་རིམ་པ་ལྟར་སྒོམ་པ་སྟེ། འདི་ནི་ལྷ་ཉིད་ཀྱི་སྐུ་རྫོགས་པའོ། །དེ་ནས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ། དཔྲལ་བར་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་ བའི་དཀྱིལ་འཁོར་དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་ཞལ་གསུམ་པ། རྩ་བའི་ཞལ་དཀར་པོ་གཡོན་དམར་པོ་གཡས་ནག་པོ་ཕྱག་དྲུག་པ། གཡས་ཀྱིས་འཁོར་ལོ་དང་། པདྨ་དང་རྡོ་རྗེ་རྣམས་འཛིན་པ། གཡོན་པ་རལ་ གྲི་དང་དྲིལ་བུ་དང་ནོར་བུ་རྣམས་འཛིན་པ། ཤེས་རབ་དང་བཅས་པ་དཔྲལ་བ་ནས་སྤྲོས་ཏེ། དེས་ནམ་མཁའི་ཁམས་མ་ལུས་པ་ཡོངས་སུ་གང་བར་རྣམ་པར་བསྒོམས་ནས། སྐུ་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པར་མཛད་པ་དང་། སླར་ལོག་སྟེ་བདག་ཉིད་ཀྱི་སྔོན་དུ་བཞུགས་པ་ལ་ རང་དབང་དུ་བླང་བར་བྱ་བ་ནི། སྐུ་རྡོ་རྗེ་འཛིན་བདག་དབང་བསྐུར། །ཞེས་པས་སོ། །དེ་ནས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩི་འི་བུམ་པས་དབང་བསྐུར་བ་དང་། དེ་ནས་བྱིན་གྱིས་བརླབ་པར་བྱ་བ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་བཅུ་གནས་འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་ སྐུ་ཡི་རྡོ་རྗེ་འཆང་། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེ་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེ་མཛོད། །ཅེས་པ་ནི་སྐུ་བྱིན་ གྱིས་བརླབས་པའོ། །དེ་ལྟར་མགྲིན་པར་རྀ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ་ཤེས་རབ་དང་བཅས་པ་ཞལ་དམར་པོ་དང་དཀར་པོ་དང་ནག་པོ་རྣམས་སོ། །གཡས་ 14-1-114a ཀྱིས་པདྨ་དང་རྡོ་རྗེ་དང་འཁོར་ལོ་རྣམས་འཛིན་པ། གཡོན་གྱིས་རིན་པོ་ཆེ་དང་དྲིལ་བུ་དང་རལ་གྲི་རྣམས་འཛིན་པ་སྤྲོས་ལ། ནམ་མཁའི་ཁམས་མ་ལུས་པ་ཡོངས་སུ་གྱུར་པ་གང་བར་རྣམ་པར་བསྒོམས་ནས། གསུང་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་པ་དང་། སླར་ལོག་སྟེ་བདག་ཉིད་ཀྱི་སྔོན་དུ་བཞུགས་པ་ལ་དབང་རབ་ཏུ་བླང་བར་བྱ་བ་ནི། གསུང་རྡོ་རྗེ་འཛིན་བདག་དབང་བསྐུར། །ཞེས་པས་སོ། །དེ་ནས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམས་ནས། གསུང་བྱིན་གྱིས་བརླབ་པར་བྱ་བ་ནི། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་གསུང་ རྡོ་རྗེ་བཅུ་གནས་འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་གསུང་གི་རྡོ་རྗེ་འཆང་། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་དོ་རྗེ་གསུམ་ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེ་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེ་མཛོད། །ཅེས་པ་ནི་གསུང་བྱིན་གྱིས་བརླབས་པའོ། །དེ་ལྟར་སྙིང་གར་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་ལྔ་པའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་སྲོན་པོ་ཤེས་རབ་དང་ བཅས་པ་སྟེ། ཞལ་ནག་པོ་དང་དཀར་པོ་དང་དམར་པོ་རྣམས་སོ། །གཡས་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་པདྨ་རྣམས་འཛིན་པ། གཡོན་རྣམས་ཀྱིས་དྲིལ་བུ་དང་ནོར་བུ་དང་རལ་གྲི་རྣམས་འཛིན་པ། དེ་སྤྲོས་ཏེ་ནམ་མཁའི་ཁམས་མ་ལུས་པ་ཡོངས་སུ་གང་བར་བསྒོམས་ནས། ཐུགས་རྡོ་རྗེས་འདུལ་ བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་པ་དང་། སླར་ལོག་སྟེ་བདག་ཉིད་ཀྱི་སྔོན་དུ་ཞུགས་པ་ལ་དབང་བླང་བར་བྱ་བ་ནི། ཐུགས་རྡོ་རྗེ་འཛིན་བདག་དབང་བསྐུར། །ཞེས་པའོ། །དེ་ནས་ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསམས་ནས། ཐུགས་བྱིན་གྱིས་ བརླབ་པར་བྱ་བ་ནི། ཐུགས་ཀར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་བཅུ་གནས། འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པས། །མྱུར་བར་ཐུགས་ཀྱི་རྡོ་རྗེ་མཛོད། །ཕྱོགས་བཅུར་བཞུགས་པའི་ 14-1-114b སངས་རྒྱས་རྣམས། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་ཐུགས་ཀྱི་རྡོ་རྗེ་མཛོད། །ཅེས་པས་དེ་ལྟར་ཐུགས་རྡོ་རྗེ་བྱིན་གྱིས་བརླབས་པར་བྱས་ནས་འདིར་རོ་གཅིག་ཏུ་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་ང་རྒྱལ་དང་ལྡན་ པས་དེ་ལྟར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ལྟེ་བར་ཧོཿཡིག་གིས་སོ། །གསང་བར་ཧཿཡིག་གིས་སོ། །སྤྱི་གཙུག་ཏུ་ཧཾ་ཡིག་སྟེ། ཐབས་ཀྱི་ཁུ་བའི་ཆོས་དང་རིགས་གསུམ་མོ། །ཤེས་རབ་ཀྱི་རྡུལ་གྱི་ཆོས་དང་རིགས་དྲུག་གོ་ཞེས་སོ། །དེ་ནས་འདིར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་སྟེ། དེ་ཡང་ དྲི་མ་མེད་པ་ལས་གསུངས་པ། །འདིར་བསྐྱེད་པའི་རིམ་པ་ཐམས་ཅད་དུ་ལུས་རྫོགས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། །ངག་རྫོགས་པ་ནི་ལས་རྒྱལ་མཆོག་སྟེ། ལས་ཀྱི་དབང་པོའི་བྱ་བ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣལ་འབྱོར་ཏེ། བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། ། བདེ་བ་ལ་དམིགས་པ་ནི་ཕྲ་མོའི་རྣལ་འབྱོར་ཏེ། དེ་ཡང་མི་རྣམས་ཀྱི་ལོ་བཅུ་དྲུག་གི་མཐའ་རུའོ། །དེའི་ཕྱིར་དེའི་ལོངས་སྤྱོད་པའི་དོན་དུ་བག་མ་ལེན་པའི་དུས་སུ་ལག་པ་གཏོད་པར་བྱེད་པ་དང་། སློབ་མ་ལ་སློབ་དཔོན་གྱིས་ཤེས་རབ་མ་གཏོད་པར་བྱེད་པའོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དེའི་སྒྲུབ་བྱེད་དུ། བྱིས་ པའི་སྐྱེ་བོ་རྣམས་ལ་གསུངས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་བར་མ་རྣམས་ལའོ། །ཕྱག་རྒྱ་ཆེན་མོ་ནི་མཆོག་གི་རྣལ་འབྱོར་པ་རྣམས་ལའོ་ཞེས་པའོ། །དེ་ཉིད་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། བཅུ་དྲུག་ལོ་སྟེ་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ཤིན་ཏུ་བསླབ་ བྱས་ནས། །དབང་བསྐུར་བསྒྲུབ་པ་ནས་བརྩམས་ནས། །སྐུ་གསུང་ཐུགས་སུ་ཆགས་པ་དང་། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་དུ། །དེ་ནས་པདྨ་རྣམ་སྦྱང་བྱ། །ཨ་ལས་པདྨ་འདབ་བརྒྱད་པ། །ཧཱུྃ་ལས་རྡོ་རྗེ་དང་ལྡན་པས། །དེ་ལྟར་རྡོ་རྗེ་དང་བཅས་པ། །ཤེས་རབ་ཐབས་ ཀྱི་རྒྱུད་ཉིད་དོ། །ཧཱུཾ་ལས་བདག་གི་རྡོ་རྗེ་ཉིད། །རྩེ་མོ་ལྔ་པར་བསམ་པར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨ་ཡིག་ལས་ནི་རབ་ཏུ་བརྟག །དེ་ལྟར་པད་བཅས་རྡོ་རྗེ་ཉིད། །པདྨ་ལ་ནི་གཞག་པར་བྱ། །ཧཱུཾ་ཕཊ་བརྗོད་ཅིང་རྣལ་འབྱོར་པས། །མངལ་དུ་རྡོ་རྗེ་འཛིན་པ་རྒྱུ། །བྷ་གར་ལིངྒ་རབ་གནས་ 14-1-115a པས། བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །མིག་དང་སྤྱན་མ་ལ་སོགས་པ། །བསྲེགས་ཏེ་རི་བོང་ཅན་ཧཾ་འཛག །ཞུ་ བའི་ཆོས་ཅན་བདུད་རྩི་ཉིད། །ཐིག་ལེ་གཟུགས་ཀྱིས་འཛག་པས་ན། །ཐིག་ལེའི་རྣལ་འབྱོར་ཞེས་སུ་བཤད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་ནི། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཕྲ་མོའི་རྣལ་འབྱོར་ཞེས་སུ་བཤད། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། ། དུང་ཅན་མ་ནི་ཕྱག་རྒྱ་ཆེ། དེ་ནི་གཏུམ་མོར་རབ་ཏུ་བསྟན། །ལྟེ་བའི་སྟེང་དུ་གཡུང་མོ་སྟེ། །ཨ་བ་དྷཱུ་ཏཱི་མི་སྣང་ལྡན། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་རྒྱུད་ཕྱེད་པ། །སྣ་རྩེར་ཡུངས་ཀར་ཙམ་དུ་བསྟན། །དེ་ཡང་སྲོག་སྡུད་པ་རུ་བརྗོད། །ཁམས་གསུམ་པ་ནི་མ་ལུས་པའི། ། སྲིད་པ་གསུམ་པོ་ཡོངས་སུ་ཤེས། །སྲོག་ཉིད་འགགས་པ་དེ་ཉིད་ཀྱང་། །གཡོ་དང་མི་གཡོ་ཡུངས་ཀར་ཙམ། །སོ་སོར་སྡུད་པས་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །སྣ་ལྡན་དེ་ནི་རབ་བསྟན་པ། །གང་གིས་ཡིད་གཉིས་བརྟགས་པ་ཡིས། །དེ་ཡང་དེ་ཉིད་ལས་གསུངས་པ། །མཚན་ མའི་མཐའ་རུ་རི་མོ་གང་། །དེ་ཡི་གཟུགས་ནི་གཡོ་མི་གཡོ། །རྣལ་འབྱོར་བསམ་གཏན་ལ་སོགས་པ། །དེ་རྣམས་མ་ལུས་བསྒོམ་པར་བྱ། །ཞེས་པས་སོ། །དེ་ཡང་འདིར་དྲང་བའི་དོན་དུ། གཡོ་བ་དང་མི་གཡོ་བ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོ་ཞིང་བསྒོམ་པར་ཤེས་པར་བྱའོ། །དེ་ཡང་དེ་ ཉིད་ལས་གསུངས་པ། ཁམས་གསུམ་པོ་ལན་ཅིག་གིས་འགུགས་པར་བྱེད་ཅེས་པ་ནི། སྐད་ཅིག་གིས་དུས་གསུམ་མཁྱེན་པ། ལྷའི་རྣལ་འབྱོར་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣམ་པར་སྤྲོ་བའོ། །འཁོར་བ་པོ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་ལས་བུ་དང་བུ་མོ་སྤྲོ་བ་སྟེ། དེ་ལྟར་ལོ་བཅུ་དྲུག་ གི་མཐར་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་། ངག་དང་སེམས་རྣམས་རྫོགས་པའོ། །ལྷ་རྣམས་ནི་རྣམ་པར་ཐར་པ་བཞིའི་སྟོབས་ཀྱིས་ཏེ། འདིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཞེས་བྱ་བའོ། །དེ་དག་ལས་ཡང་དྲང་བའི་དོན་དུ་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་སྣའི་རྩེ་མོ་ལུས་ཡུངས་ཀ་ར་ལ་ 14-1-115b སོགས་པའི་ངེས་པ་དང་། འདིར་རྡོ་རྗེ་འཛིན་པ་མངལ་དུ་རྒྱུ་བ་སྟེ། དེའི་དབུས་སུ་ཨོཾ་ཛྙཱ་ན་པུ་ཛ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་ང་རྒྱལ་བྱའོ། །དེ་ཡང་དེ་ཉིད་ལས་གསུངས་པ། ལོ་བཅུ་དྲུག་གི་མཚམས་ནས་ཡེ་ཤེས་ཀྱི་མཆོད་པ་ལ་རྗེས་སུ་ཆགས་པ་དེ་བཞིན་དུ། འདིར་བསྐྱེད་པའི་རིམ་པའི་དུས་ སུ་ཡང་དེའི་རང་བཞིན་བདག་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པར་ངེས་པའོ་ཞེས་པའོ། །ངེས་པའི་དོན་དུ་སྔགས་བཟླས་པ་ནི་སྲོག་མཉམ་པར་གཞག་པ་སྟེ། དཀའ་བ་དང་དབྱུང་བ་དང་། བུམ་པ་ཅན་གྱི་སྦྱོར་བ་ལ་དུས་ཐམས་ཅད་དུ་བསྙེན་པར་བྱས་པས། དེ་ཉིད་ཀྱིས་ལྷའི་མཆོག་སྟེར་བར་འགྱུར་བའི་ཕྱིར། སྲོག་མ་བསྡམས་པ་དང་། ངག་གི་བརྗོད་པ་དང་བཅས་པས་ངེས་པའི་དོན་ལ་མ་ཡིན་ཏེ། དེས་ན་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་གི་སྦྱོར་བའི་ཡན་ལག་དྲུག་མདོར་བསྟན་པ་ཙམ་ལས་མ་བྲིས་པ་ནི་གཞུང་ཆེས་ཀྱིས་དོགས་པའོ། །དྲང་དོན་ལྟར་ན་ཐུན་མོང་བསྒྲུབ་པའི་དོན་དུ་ཕྲེང་བ་དང་བཅས་པས་སྔགས་བཟླས་པ་སྟེ། དེ་ཡང་ཞི་བ་དང་རྒྱས་པ་ལ་ཕྱོགས་པས་མུ་ཏིག་གམ་ཤེལ་གྱི་ཕྲེང་བ་དང་བཅས་པས། སྔགས་བཟླས་པ་ནི། འདིར་བཅོམ་ལྡན་འདས་ཀྱི་ཡན་ལག་དྲུག་གི་སྔགས་འདི་ལྟ་སྟེ། ཨོཾ་ཧྲཱཾ་ཧྲཱྀཾ་ཧུཾ་ཧླཱྀཾ་ཧྲཱཾ་སྭཱ་ཧཱ། ཞེས་པའི་སྔགས་འདིའི་མཐར་ན་མོ་བཅུག་པས་ཞི་བར་འགྱུར་རོ། །དེ་ལྟར་ལྷ་རྣམས་གཤེགས་པར་བྱ་ བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། འདིར་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རྣམས་བསྒོམས་ནས་མཆོད་པ་བྱ་སྟེ། བསྟོད་པ་བྱ་བ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟོད་ནས། དེ་ནས་ དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བ་ནི། གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་དང་། དེའི་ལྟེ་བ་ལ་བདེ་བ་ཆེན་པོའི་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་དགུ་པ་བསྒོམས་པ་དང་། དེའི་ལྟེ་བ་ལ་དུ་བ་མ་ལ་སོགས་པ་རྣམས་གཤེགས་སུ་ གསོལ་བར་བྱའོ། །དེ་ལྟར་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་བཅུ་བདུན་པ་བསྒོམས་པ་དང་། དེའི་ལྟེ་བ་ལ་ཕུང་པོ་དང་ཁམས་ཀྱི་ལྷ་རྣམས་གཤེགས་པར་བྱའོ། །དེ་ལྟར་མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་བསྒོམས་པ་དང་། དེའི་ལྟེ་བ་ལ་སྐྱེ་མཆེད་བཅུ་ 14-1-116a གཉིས་ཀྱི་ལྷ་ཁྲོ་བོ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལྟེ་བར་སྤྲུལ་པའི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་བསྒོམས་པ་དང་། དེའི་ལྟེ་བ་ལ་ཙ་མུཎྜ་ལ་སོགས་པ་དང་། འཇིགས་བྱེད་མ་ལ་སོགས་པའི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གསང་བར་ རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་བསྒོམ་པ་དང་། དེའི་ལྟེ་བ་ལ་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལས་ཀྱི་འཁོར་ལོ་རྣམས་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གཅིག་པ་རྣམས་བསྒོམ་པ་དང་། ཕྱག་བཙལ་བའི་ཚིགས་སུ་བཅད་པར་གསུངས་པ་ལྟར་ཁྱབ་འཇུག་ལ་ སོགས་པའི་ལྷ་བཅུ་གཉིས་འཁོར་དང་བཅས་པ་རྣམས། དེ་རྣམས་ཀྱི་ལྟེ་བ་རྣམས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལས་ཀྱི་འཁོར་ལོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པ་རྣམས་བསྒོམ་པ་དང་། ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པའི་ལྷ་དེ་རྣམས་ལྟེ་བ་རྣམས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ ནས་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་མི་ནུས་པའི་གང་ཟག་དབང་པོ་ཐ་མ་འགའ་ཞིག་གིས། སྟོན་དུ་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ། རྒྱལ་བའི་བདག་པོའི་པདྨའི་གདན་ལ་གནས་ པའི་དུ་བ་ལ་སོགས་པའི་ལྷ་མོ་བརྒྱད་དང་། བུམ་པ་བརྒྱད་དང་། ཆོས་ཀྱི་དུང་ལ་སོགས་པ་བཞི་རྣམས་སྤངས་པ་ནི། དཔལ་ལྡན་སྙིང་པོའི་འཁོར་ལོ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་འགྱུར་རོ། །མིའི་བདག་པོ་ཀྱེ་ཞེས་པ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ བཞུགས་པ་སྟེ། དེའི་ཚེ་དཔལ་འདུས་པ་བཞིན་འགྱུར་རོ་ཞེ་ན། འདིར་ངེས་པ་མེད་དེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དེ་ལྟར་བཅོམ་ལྡན་འདས་རང་སེམས་ནུས་མ་དང་ལྡན་པ་འདིར་ཡང་ཤེས་པར་བྱས་ལ་རྣལ་འབྱོར་རྣམས་ཀྱི་ནི་སྒྲུབ་པ་པོ་རྣམས་ཀྱིས་བསྒོམ་པར་བྱའོ། །དབང་གི་དོན་དུ་རིགས་ཀྱི་དབང་ལས་ཕྱིའི་ དཀྱིལ་འཁོར་དང་བྲལ་བའི་དཀྱིལ་འཁོར་ཉིད་དུ་འགྱུར་བའོ། །ཡང་འདིར་སྔོན་དུ་གསུངས་པ་ལྟར་ལུས་དང་ངག་དང་ཡིད་རྣམ་པར་དག་པ་ལ་སོགས་པ་ནས་ལྷ་རྣམས་གཤེགས་པའི་བར་བསྒོམ་པར་བྱ་སྟེ། དེར་གཤེགས་སུ་གསོལ་བར་བྱས་ནས། དེ་ནས་ཨོཾ་ཧཱུྃ་ཕཊ་ཅེས་པའི་ང་རྒྱལ་བྱས་པ་དང་། གཏོར་མ་ 14-1-116b སྦྱིན་ནོ། །དེ་ཡང་དེ་ཉིད་ལས་གསུངས་པ། སྔོན་དུ་གསུངས་པའི་ཆོ་གས་མཚམས་གསུམ་དུ་གཏོར་མ་སྦྱིན་པར་བྱའོ། །སྔོན་དུ་གསུངས་པའི་ཆོ་གས་དམ་ཚིག་གི་རྫས་རྣམ་པར་དག་པར་བྱས་ལ། ལྷའི་ཚོགས་རྣམས་མཉེས་པར་བྱ་བའི་དོན་དུ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧོཿ། རིམ་པར་གནས་པས་དང་ པོ་འདིར་ནི་རྟག་ཏུ་དག་བྱ་སེལ་བར་བྱ་བ་དང་། །རབ་ཏུ་སྦར་བྱ་ཉིད་དང་རི་བོང་ཅན་ཞུ་ལྟ་བུ་མ་ལུས་རིམ་པས་ཆང་ལ་བསྒོམ་བྱས་ལ། །སྣོད་དེ་ལས་ནི་ངེས་པར་རི་བོང་ཅན་གྱི་ལག་པའི་མིང་མེད་རྩེ་མོ་ས་ལ་ཐིག་ལེ་ཉིད། །ཉིན་ཕྱེད་དང་ནི་མཚུངས་པའི་དབུས་སུ་ཟླུམ་པོ་ཡིན་ཏེ་དེ་ཡི་ཕྱི་རུ་གྲུ་གསུམ་བྱས་པ་ལ། །དེ་ཡི་དབུས་སུ་ ཡེ་ཤེས་འཁོར་ལོ་སྲིད་གསུམ་ལ་གནས་པ་ཡང་སྔགས་པ་རྣམས་ཀྱིས་འདིར་བསྒོམས་ནས། །མཐེ་བོང་དང་ནི་སྲིན་ལག་གིས་ནི་ཉི་མ་སོ་སོའི་དུས་སུ་ཚིམ་པ་ལ་སོགས་བྱ་བ་ནི། །འདིར་ནི་སྔོན་དུ་ཡུལ་དང་གྲོང་གི་བདག་པོ་རྣམས་ལ་དང་པོ་དབུས་མཐའི་མིང་གིས་གཏོར་མ་དབུལ། །འཕྲོག་མ་ལ་ཡང་ཆང་བུ་ གཉིས་དང་གཞན་ཡང་ཁྲོ་བོའི་རྒྱལ་པོའི་ཆེད་དུ་སྔགས་པས་གཏོར་མའོ། །ཕོ་ཉ་རྣམས་ལ་ཟས་ཀྱི་རྩེ་མོ་ས་སྟེངས་རྣམས་སུ་བཞག་སྟེ་ཁྱབ་བདག་རྡོ་རྗེ་རྣམས་ཀྱིས་སྦྱིན། །ཟོས་པའི་ལྷག་མ་འབྱུང་པོ་རྣམས་ལ་སྦྱིན་ཏེ་གཞན་ཡང་དགེ་བའི་དོན་དུ་སྦྱིན་པའི་ཚིགས་བཅད་བརྗོད། །ཉལ་བའི་དུས་སུ་འཁྲིག་པའི་ མཆོད་པ་བྱས་ནས་ཡན་ལག་ཁ་དང་གཉིས་ཀྱི་རིགས་རྣམས་ཉིད་དང་ནི། །རང་གི་མགོ་དང་མགྲིན་པ་སྙིང་ག་ལྟེ་གསང་སྤྱི་བོའི་འཁོར་ལོ་རྣམས་ལ་རྡོ་རྗེའི་ཡན་ལག་དགོད། །ཅེས་པ་སྟེ། དེ་ནས་ཨ་ཡིག་ལས་བྱུང་བའི་བུམ་པ་གསུམ་མོ། །དེ་རྣམས་ཀྱི་སྟེང་དུ་ཨོཾ་ཡིག་ལས་བྱུང་བའི་ཐོད་པའོ། །ནང་ན་གནས་ པ་ནི་ཕུང་པོ་དང་ཁམས་ཀྱི་ས་བོན་རྣམས་ལས་བྱུང་བའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་སོ། །དེ་རྣམས་ཀྱི་འོག་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་གྱིས་རབ་ཏུ་སྦར་བའི་མེས་བཞུ་བར་བྱའོ། །དེ་ཉིད་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེས་དཀྲུག་པར་བྱའོ། །དེ་དང་བཅས་པའི་རོ་གཅིག་ཏུ་གྱུར་པས་ཟླ་བ་ཞུ་བའི་གཟུགས་སུ་ བལྟའོ། །དེ་ནས་རྣམ་པར་དག་པར་བྱ་བ་ལ་སོགས་པའི་སྔགས་ཀྱི་རྐང་པ་བརྗོད་པ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨྨཱ་སུ་པི་ཤུདྡྷཿ། སྭ་བྷཱ་བ་སརྦ་དྷརྨཱ་ན་བི་ཤོ་དྷ་ཡ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨྨཱ་པྲ་བོ་དྷ་ཀཱ་སརྦ་དྷརྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ཨོཾ་ཧུྃ་བཛྲཱ་ན་ལ་སརྦ་དྷརྨྨཱ་པྲ་དཱི་བ་ཀ་སརྦ་དྷརྨྨཾ་པྲ་དཱི་པ་ལ་ཡ་སྭཱ་ཧཱ། ཨོཾ་ཧོ་སརྦ་ 14-1-117a དྷརྨྨཱ་བཛྲཱ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་བཛྲཱ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་ལག་པ་གཡོན་པས་རྣམ་པར་དགབ་པར་བྱ་བ་དང་། ལག་པ་གཡས་པས་སྤེལ་བར་བྱ་བ་དང་། ཐལ་མོས་ཁ་བཅད་དེ་རེག་པས་རབ་ཏུ་སྦར་བར་བྱ་བ་དང་། རྡོ་རྗེ་བྱ་ཁྱུང་གི་ཕྱག་རྒྱས་རྡོ་རྗེ་བདུད་རྩིར་བྱའོ། ། གཞན་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་དྲང་བར་བྱ་བ་དང་། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་རྣམས་ལའོ། །རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོའི་རྒྱལ་པོ་རྣམས་ལའོ། །གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་ལའོ། །རལ་གྲིའི་ཕྱག་རྒྱས་ལྷ་རྣམས་ལའོ། །རིན་པོ་ཆེའི་ ཕྱག་རྒྱས་གཟའ་རྣམས་ལའོ། །པདྨའི་ཕྱག་རྒྱས་ཀླུ་རྣམས་ལའོ། །འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས་ལའོ། །དེ་ཡང་ཨོཾ་ཨཱཿཧཱུྃ་ཨ་མུ་ཀ་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲཾ་ཨིདཾ་བ་ལིཾ་གྲྀཧྞ་གྲིཧྞ་བུ་ཀྟྭཱ་བཱི་ཏྭཱ་ཏྲྀ་པྟཾ་ཀྲྀ་ཏྜ་སརྦ་སཏྭ་ནཱཾ་ཤཱནྟི་ཙིཏྟཾ་ཀྲྀ་ཏྡཱ་ཨ་པ་རསྠཱ་ནཾ་གཙྪ་གཙྪ་སྭཱ་ཧཱ། ཞེས་པ་གཏོར་མའི་སྔགས་འདིས་ ཡུལ་གྱི་བདག་པོ་དང་། གྲོང་གི་བདག་པོའམ་དེ་ལྟར་ཡུལ་ལམ། གྲོང་གི་མིང་གི་ཡི་གེ་གང་ཡང་རུང་བ་གསུམ་དང་ལྔ་དང་བདུན་ཡིན་ན། དེ་ཡང་མིང་གི་ཡི་གེ་དང་པོ་དང་། དབུས་དང་མཐའ་མ་རྣམས་བཅུག་སྟེ། གཏོར་མ་རྣམས་སྦྱིན་ནོ༔། །གལ་ཏེ་དེ་གཉིས་དང་བཞི་དང་། དྲུག་ལ་སོགས་པ་མཉམ་ པའི་མིང་གི་ཡི་གེ་ཡིན་ན། དང་པོ་དང་མཐའ་མ་བཅུག་ལ་སྦྱིན་པར་བྱའོ། །དེ་ནས་སྔོན་དུ་སྤྲོས་པའི་ཁྲོ་བོ་ལ་སོགས་པ་རྣམས་ལ་བལྟས་ལ། ཇི་ལྟ་བ་བཞིན་སྔགས་ཀྱི་རྐང་པ་རྣམས་བརྗོད་ལ། ཨོཾ་ཨཱཿཧུྃ་ཧོ་ཨུཥྞཱི་ཥ་སུཾ་བྷ་ནི་སུཾ་བྷ་བིགྷྣཱཾ་ཏ་ཀ་ནཱི་ལ་དཎྜ་པྲཛྙཱནྟ་ཀ །ཊཀྐི་རཱ་ཛཱ་པདྨཱནྟ་ཀ །ཨ་ཙ་ལ་ཡ་མཱནྟ་ཀ ། མ་ཧཱ་བ་ལེ་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་བཾ་ཨཱཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་རེཿ། ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྞན་ཏུ། ཁཱ་དནྟུ་པི་ཝནྟུ་ཛཿཧུྃ་བཾ་ཧོཿསཾ་ཏྲྀཔྟཱ་སརྦ་ས་ཏྭཱ་ནཱཾ་ཤཱནྟིཾ་པུཥྚི་རཀྵ་ཨཱ་བ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་ཁྲོ་བོའི་རྒྱལ་ པོ་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱཿཧུྃ་ཧོ་ཨཱ་ཀཱ་ཤ་བཱ་ཡུ་ཏེ་ཛོད་ཀ་པྲྀ་ཐི་བཱི་སཱ་དྷི་ཏེ་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལི་གནྡྷཾ། པུཥྤ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ་ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་རཱ་ཤཱི་གྷྲཾ་ཨི་དཾ་བ་ལི་གྲིཧྞནྟུ། ཁ་དནྟུ་པི་ཝནྟུ་ཛཿཧཱུྃ་བཾ་ཧོཿསཾ་ཏྲྀབྷཱ། སརྦ་ས་ཏྭཱ་ནཱཾ་ཤཱནྟིཾ་པུཥྚཾ་རཀྵ་ཨཱ་ 14-1-117b ཝ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་ནམ་མཁའ་ལ་སོགས་པ་ཟད་པར་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱཿཧུྃ་ཧོཿབྲཧྨ་བིཋྞུ་ནཻ་རྀ་ཏྱ་བཱ་ཡུ་ཡ་མ་ཨགྣེ་ས་མུ་དྲེ་ཤྭཱ་རེནྡྲ། ཡཀྵེ་བྷྱོཿས་པ་རི་ཝཱ་ར་བྷྱཿཨི་དཾ་བ་ལི་གནྡྷཾ་པུཥྤཾ། བྷཱུ་པཾ། དཱི་པཾ། ཨཀྵ་ཏཾ་ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་ པ་རི་ཝཱ་རཱཿཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྞནྟུ་ཁཱ་དནྟུ་པི་ཝནྟུ་ཛཿཧུཾ་བཾ་ཧོཿསཾ་ཏྲྀཔྟཱ། སརྦ་སཏྭ་ནཱཾ་ཤཱནྟིཾ་པུཥྚི། རཀྵ་ཨཱ་བ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱཿཧུཾ་ཧོཿརཱ་ཧུ་ཀཱ་ལ་ཨགྣེ་ཙནྡྲ་སཱུརྱ་བུདྡྷ་མཾ་ག་ལ་ཤུ་ཀྲ་བྲྀ་ཧསྤ་ཏི་ཀེ་ཏུ་ཤ་ནི་ བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལི་གནྡྷཾ། པུཥྤཾ། བྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་རཱཿཤཱི་གྷྲཾ། ཨི་དཱཾ་བ་ལིཾ་གྲྀཧྞནྟུ། ཁཱ་དནྟ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿསཾ་ཏྲིཔྟཱ། སརྦ་ས་ཏྭ་ནཱཾ་ཤཱནྟིཾ་པུཥྚི་རཀྵ་ཨཱ་བ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་གཟའ་རྣམས་ ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱཿཧུྃ་ཧོཿཛ་ཡ་བི་ཛ་ཡ་པདྨ་ཀརྐོ་ཊ་ཀ་བཱ་སུ་ཀི་ཤཾ་ཁ་པཱ་ལ་ཀུ་ལི་ཀ་ཨ་ནནྟ་ཏཀྵ་ཀ་མ་ཧཱ་པདྨ་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ་གནྡྷཾ། པུཥྤཾ། བྷཱུ་པཾ། དཱི་བཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་རཱཿཤྲཱི་གྷྲཾ། ཨི་དཾ་བ་ལིཾ་གྲྀཧྞཱནྟུ། ཁཱ་དནྟུ། པི་ཝནྟུ། ཛཿ ཧཱུྃ་བཾ་ཧོཿསཾ་ཏྲྀཔྟཱ། སརྦ་ས་ཏྭ་ནཱཾ། ཤཱནྟིཾ། པིུཥྚིཾ། རཀྵ་ཨཱ་བ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་ཀླུ་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱཿཧུྃ་ཧོཿབེ་ཏཱ་ཌ་བེ་ཀྲྀ་ཏ་མུ་ཁ་ཤྭཱ་ཀཱ་ཀཱ་སཱུ་ཀ་ར་གྲྀ་དྷྲ་བྱཱ་གྷྲོ་ལཱུ་ཀ་ཛཾ་བུ་ཀག་རུ་ཌ་མུ་ཁེ་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། དེ་ཙ་ཨ་ག་ཏྱ། ས་པ་རི་ཝཱ་རཱཿཤཱི་གྷྲ། ཨི་དཾ་བ་ལི་གྲྀཧྞནྟུ། ཁཱ་དནྟ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿསཾ་ཏྲྀཔྟཱ། སརྦ་ས་ཏྭ་ནཱཾ། ཤཱནྟིཾ། པུཥྤིཾ། རཀྵ་ཨཱ་སབ་ར་ཎ་གུཔྟིཾ་ཀུ་རྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི། འབྱུང་པོ་རྣམས་ཀྱི་གཏོར་མའི་སྔགས་སོ། ། དེ་ནས་གཤེགས་སུ་གསོལ་བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། གཤེགས་སུ་གསོལ་བའི་དུས་སུ། གསང་བའི་འཁོར་ལོ་ཧཾ་ཡིག་ལས། །ཁྲོ་བོའི་འཁོར་འོར་གཞུག་པར་བྱའོ། །གཙུག་ཏོར་དུ་ཨཾ་ཡིག་ལས་ཟད་པར་སྟོང་པ་ལ་སོགས་པའོ། །དཔྲལ་བར་ཨི་ཡིག་ལས། ཕྱོགས་སྐྱོང་གི་འཁོར་ 14-1-118a ལོའོ། །མགྲིན་པར་རྀ་ཡིག་ལས་གཟའི་འཁོར་ལོའོ། །སྙིང་གར་ཨུ་ཡིག་ལས་ཀླུའི་འཁོར་ལོའོ། །ལྟེ་བར་ལྀ་ཡིག་ལས་འབྱུང་པོའི་འཁོར་ལོ་རབ་ཏུ་གཞུག་པ་ཞེས་བྱ་བ་ནི། གཤེགས་སུ་གསོལ་བའི་ཆོ་གའོ། །མགོན་པོ་བྱིས་པ་བློ་དམན་རྣམས་ཀྱིས་དྲན་ཕྱིར། །དཔལ་ ལྡན་འཇིག་རྟེན་མགོན་པོ་ཉིད་ཀྱི་སྒྲུབ་ཐབས། །ལས་ནི་ཕྱུང་བས་དེ་ཡི་ཕྱིར་ན་ཡབ་དང་། །མཚུངས་པར་གང་ཞིག་མི་གཅིག་ཕལ་བཟོད་པ་ལྟར་དུ། །བདག་ལ་རབ་ཏུ་བརྩེ་བས་ཐུགས་རྗེས་བརླན་པ་བཟོད་པར་མཛོད་ཅིག །དེ་ལྟར་དཔལ་དང་ལྡན་པའི་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ། པདྨ་དཀར་ པོས་ཡང་དག་པར་མཛད་པའི་དྲི་མ་མེད་པའི་འོད་ལས་ཕྱུང་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་རྫོགས་སོ།། །།དུས་ཀྱི་འཁོར་ལོ་པ་ཆེན་པོ། པཎྜི་ཏ་སཱ་དྷཱུ་པུ་ཏྲས་པཎྜི་ཏ་ཆེན་པོ་དྷརྨ་ཨཱ་ཀ་ར་ཤཱནྟིའི་དོན་དུ་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཝཱ་ གཱི་ཤྭཱ་ར་གུཔྟ་པ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཆོས་རབ་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜ་ལོ་པ་ཡི་ཀཱ་བི་དྷིཿ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དངོས་དངོས་མེད་རྣམ་པར་མཁྱེན་པས་འཁོར་བའི་འཇིགས་པ་རབ་ཏུ་འཇོམས་པར་མཛད་པ་ཡི། །ཐབས་དང་ཤེས་རབ་རང་བཞིན་ཁྱབ་བདག་དཔལ་ལྡན་དུས་འཁོར་ངེས་པར་གཞན་གྱི་དོན་མཛད་ལ། །ཕྱག་བྱས་སེམས་ཅན་དོན་ཕྱིར་རྒྱུད་གསུངས་ཆོ་ག་བཞིན་དུ་ དེ་ཡི་དཀྱིལ་འཁོར་ཆོ་ག་ཉིད། །རང་གི་དོན་དང་འོན་ཀྱང་གཞན་དོན་དུ་ཡང་འགྱུར་བས་ཡིད་ལ་འདོད་པ་སྒྲུབ་བྱེད་བཤད། །འདིར་ཐོག་མ་མེད་པའི་མ་རིག་པའི་མུན་པའི་ཚོགས་ཀྱིས་བླའི་མིག་བསྒྲིབས་པས་མི་བདེན་པའི་ལམ་ནས་འགྲོ་བའི་སེམས་ཅན་གྱི་ཚོགས་སྡུག་བསྔལ་སྤྱོད་པ་བསལ་བར་ནུས་པར་ཡང་དག་ པར་མཐོང་བས། སྙིང་རྗེ་མཆོག་དང་ལྡན་པ་མངོན་པར་ཤེས་པ་ཐོབ་པའི་དགེ་སློང་ངམ། དགེ་ཚུལ་ལམ་ཁྱིམ་ན་གནས་པ་རྣམས་སྙིང་རྗེ་དང་ལྡན་པ་ལ་སོགས་པ་མངོན་པར་ཤེས་པ་མེད་པའི་རྡོ་རྗེ་སློབ་དཔོན་དང་པོར་བསྙེན་གནས་ཀྱི་བསླབ་པ་གནས་པ་ལ་སོགས་པས་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་པའི 14-1-118b མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་ལམ་གྱིས་དེ་རྣམས་ཀྱི་སྤོབས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་གཟུང་བ་ནི། དེ་ཡང་སློབ་མ་དམ་པ་རྣམས་ཀྱིས་གསོལ་བ་གདབ་པ་དང་། དགེ་བའི་ཉི་མ་ལ་སོགས་པ་ལ་གཏོར་མ་དང་། མཆོད་པ་ལ་སོགས་པ་སྔོན་དུ་སོང་བས། དཀྱིལ་འཁོར་གྱི་ས་གཞི་ཡོངས་སུ་ བརྟག་པར་བྱ་སྟེ། དེ་ཡང་གྲོང་ཁྱེར་ལ་སོགས་པའི་དབང་ལྡན་དང་། བྱང་ཕྱོགས་སུ་ཞི་བ་དང་རྒྱས་པའོ། །ཤར་དང་མེའི་མཚམས་སུ་དབྱེ་བ་དང་བསྐྲད་པའོ། །བདེན་བྲལ་དང་ལྷོ་ཕྱོགས་སུ་དབང་དང་དགུག་པའོ། །ནུབ་དང་རླུང་དུ་རེངས་པ་དང་རྨོངས་པའོ། །གྲོང་ཁྱེར་ལ་སོགས་པའི་དབུས་སུ་ལས་ ཐམས་ཅད་པའི་དཀྱིལ་འཁོར་བྲི་བ་སྟེ། དེ་ཡང་དབུས་ཅུང་ཟད་མཐོ་བ་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་ས་གཞི་རུ་གཟུང་བར་བྱ་བ་ནི་དེ་ཡང་དབྱེ་བ་ལ་བཞི་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་ཀྱི་དབྱེ་བས་ཁ་དོག་དང་དྲི་དང་རོ་རྣམས་ཀྱིས་ཤེས་པར་བྱའོ། །ཞི་བ་དང་ རྒྱས་པ་ལ་དཀར་པོའོ། །དབང་དང་དགུག་པ་ལ་དམར་པོའོ། །རེངས་པ་དང་རྨོངས་པ་ལ་སེར་པོའོ། །གསད་པ་དང་བསྐྲད་པ་ལ་ནག་པོའོ། །རོ་ཐམས་ཅད་དང་། དྲི་ཐམས་ཅད་དང་། ནམ་མཁའི་ཁམས་རྣམ་པར་དག་པ་ལས་ཐམས་ཅད་པ་ལ་ལྗང་ཁུའོ། །དེར་ནི་དོང་བྲུས་དེ་ཉིད་ཀྱིས། །མྱུར་བར་དོང་ཉིད་ རབ་ཏུ་དགང་། །གལ་ཏེ་གང་བར་གྱུར་པ་ན། །ས་གཞི་དེ་ཉིད་དགེ་བར་ཤེས། །སླར་ཡང་དོང་དེ་མཐོ་གང་ཙམ། །བྲུ་བར་བྱས་ཏེ་ཆུས་བཀང་ལ། །གོམ་པ་བརྒྱ་རུ་འགྲོ་བར་བྱ། །འོངས་ནས་བལྟ་བར་བྱས་པ་དང་། །གང་བར་གྱུར་ན་ས་གཞི་དགེ། དམའ་ན་དགེ་བར་མི་འདོད་སྤང་། །ཆུ་ཉིད་སྒྲ་དང་ བཅས་ཙམ་གྱིས། །ཀླུ་ཡི་འཇིགས་སོགས་གོ་བར་བྱ། །ཞེས་པ་ནི་ས་གཞི་བརྟགས་པའོ། །དེ་ལྟར་སློབ་དཔོན་གྱིས་སའི་མཚན་ཉིད་ཤེས་པར་བྱ་ལ། །དཔྱིད་ཟླ་འབྲིང་པོ་དང་དཔྱིད་ཟླ་ཐ་ཆུངས་སམ། ཟླ་བ་གཞན་རྣམས་ཀྱི་ཚེས་ལྔའམ་བཅུ་ལ། གདུག་པའི་གཟའ་ལ་འཇུག་ཕོད་ལ་སོགས་པ་དང་ བྲལ་བའི་དུས་ཀྱི་སྔ་དྲོ་ལ། ཁྲུ་བཞི་ཙམ་བ་ལང་གི་ལྕི་བས་བྱུགས་ཏེ། །དཀྱིལ་འཁོར་དུ་བརྟགས་པའི་ས་གཞིའི་ཆའི་དབུས་སུ་ཤར་ལ་ཁ་ཕྱོགས་ཏེ་བསྡད་ལ་ལྷའི་རྣལ་འབྱོར་ལ་གནས་ཏེ། དེ་ན་གནས་པའི་ཞིང་སྐྱོང་རྣམས་ལ་མེ་ཏོག་ལ་སོགས་པས་མཆོད་ནས། འདི་ན་གནས་པའི་ལྷ་ཀླུ་དང་། །གནོད་སྦྱིན་ 14-1-119a སྲིན་པོའམ་ནི་གཞན། དེ་ཉིད་རྣམས་ལ་ས་གཞི་སློང་། །དཀྱིལ་འཁོར་དོན་དུ་དེ་སྩོལ་ཅིག །ཅེས་ལན་གསུམ་དུ་བརྗོད་ནས་གསུང་བར་འགྱུར་བའི་ཆོ་གས་དག་པ་ལ་སོགས་པ་བྱས་ལ། གྲོང་གི་མིང་ངམ། རང་རང་གི་མིང་དང་སྔགས་འདིས་གཏོར་མ་སྦྱིན་ནོ། །ཨོཾ་ཨཱཿཧཱུཾ་ ཨ་མུ་ཀ་སྱ་ས་པ་རི་ཝཱ་རཱ་ཡ། ཨི་དཾ་བ་ལིཾ་གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ་ད་དཱ་མ་ཧེ་ས་པ་རི་ཝཱ་རཱཿཤཱི་གྷྲ་ཨཱ་གཙྪ་ཏུ། ཛཿཧཱུྃ་བཾ་ཧོཿཨི་དཾ་བ་ལི་གྲྀཧྞཱ་ཏུ་ཁཱ་དཾ་ཏུ་པི་ཝ་ཏུ་ས་པ་རི་ཝཱ་རཱ་ཀཿསརྦ་ས་ཏྭ་ནཱཾ་ཤཱནྟི་པུཥྚི་རཀྵ་ཨ་ཝ་ར་ཎ་གུཔྟིཾ་ཀ་རོ་ཏུ་ཨི་དཾ་སྠཱ་ནཾ་ཏྱཀ་ཏྭ་བཱ་ཧྱེ་མཎྜ་ལ་བྷཱུམྱཱ་ཏིཥྛ་ཏུ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་ སྭཱ་ཧཱ། ཆེས་པ་ཞིང་སྐྱོང་གཤེགས་པའི་ཆོ་གའོ། །དི་ནས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་སྲུང་བའི་འཁོར་ལོ་བསྒོམས་ཏེ། བགེགས་བསྲེག་པ་དང་བསྐྲད་པ་དང་གདབ་པ་རྣམས་བྱས་པ་དང་། ཁྲོ་བོའི་ཚོགས་སྤྲོས་ལ་ཕྱོགས་བཅུ་བསྲུངས་ནས་སའི་ལྷ་མོ་སྤྱན་དྲང་བར་བྱ་སྟེ། དེའི་རིམ་པ་ནི་རང་གི་སྙིང་ གར་ཟླ་བ་དང་ས་གཞི་ལ་ཡང་པདྨའི་སྟེང་དུ་ཟླ་བ་ལ་ལཱཾ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོའོ། །དེ་ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་མ་གཡས་ན་འཁོར་ལོ་དང་དབྱུག་པ་དང་། རྡོ་རྗེ་རྣམས་འཛིན་པ། གཡོན་ན་དུང་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་འཛིན་པ། ན་བཟའ་ སེར་པོ་དང་། རིན་པོ་ཆེས་བརྒྱན་པར་བསམས་ལ། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྔོན་དུ་གསུངས་པའི་གཟུགས་ལྟར། ཛཿཧཱུྃ་བཾ་ཧོཿཞེས་པའི་སྔགས་ཀྱིས་སྤྱན་དྲངས་ཏེ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱས་ནས་ཡོན་ཆབ་སྣོད་ཆུ་དང་མེ་ཏོག་དང་། དྲི་ལ་སོགས་ པ་དང་བཅས་པའི་ཡོན་ཆབ་དབུལ་བའི་ཚིགས་སུ་བཅད་པ་འདི་ལྟ་སྟེ། ལྷ་ཡི་བདག་པོ་དང་བཅས་བདུད་སྡེ་རྒྱལ་བས་བཅོམ་དུས་ལྷ་མོ་ཁྱོད་ནི་དཔང་དུ་གྱུར་པའི་ཚེ། །ཁྱེད་ལ་ལྷ་མོ་མཆོག་གི་མཆོད་དང་ཕྱག་བྱས་པ་ཞེས་པའི་ཕྱིར་ནི་དེ་བཞིན་ང་ཡི་ཡོན་ཆབ་འདི་ཡང་བཞེས། །ཞེས་པས་བསྟོད་ལ། བྱང་ཆུབ་རྒྱུ་རུ་སྟོབས་མཆོག་ལྡན་པའི་བདུད་ཀྱི་སྡེ་རྣམས་རྒྱལ་བས་བཅོམ་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་བདག་ཀྱང་སློབ་མ་རྣམས་ཀྱི་དབང་གི་དོན་དུ་བདུད་ཀྱི་སྟོབས་རྣམས་འཇིག་པར་བྱེད་པའོ། །ཞེས་པས་གསོལ་བ་བཏབ་ལ་སྔགས་འདིས་མཆོད་དོ། །ཨོཾ་ལཱཾ་ཨཱཿཧཱུྃ་བ་སུ་དྡྷ་རི་སརྦ་བུདྡྷ་ཛྙཱན་ནི་སརྦ་ 14-1-119b ས་ཏྭོ་པ་ཀཱ་རི་ཅི་བཛྲ་སཿ་ཏྭ་ཨཱ་ཨུ་ཛྙཱ་པ་ཡ་ཏི་ཤྲཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ་ཨི་དཾ་གནྡྷཾ། པུཥྤཾ། བྷཱུ་པཾ། དཱི་པཾ། ནཻ་བེདྱཾ་ཕ་ལ་ཨཀྵ་ཏཾ། ད་དཱ་མི་ཏྲཱ་ཝ་ཏྭ་མེ་ཝ་གྲྀཧྞ་གྲྀཧྞ་མཎྜ་ལ་ཨརཾཐཾ་མ་མ་སྠཱ་ནཱཾད་དཱ་སརྦ་ས་ཏྭ་ནཱཾ། ཤཱནྟི་པུཥྚི་ཀྲྀ་ཏྭ་སུ་བྷ་ཅི་ན་ཨི་དཾ་སྠཱ་ནཱཾ་ཏྱ་ཀ་ཏྭ་ཨ་པ་ར་སྠཱ་ནཱ་གཙྪ་གཙྪ་སྭཱ་ཧཱ། ཞེས་པ་ནི་སའི་ལྷ་མོ་གཤེགས་སུ གསོལ་བའི་ཆོ་གའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུ་ནམ་མཁའི་ཁམས་ཁྱབ་པར་བལྟས་ལ་ཡོན་ཆབ་ལ་སོགས་པ་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་ལ། དེ་རྣམས་ལ་རབ་ཏུ་གསོལ་བ་གདབ་པ་འདི་ལྟ་སྟེ། སངས་རྒྱས་རྣམས་དང་སྡིག་པ་བྲལ་བའི་བྱང་ཆུབ་ སེམས་དཔའ་ཕྱོགས་རྣམས་ལ་བཞུགས་གང་དག་བཙུན་མོར་བཅས། །སྙིང་རྗེ་མཆོག་ལྡན་དེ་ཉིད་རྣམས་ཀྱིས་བདག་ལ་དཀྱིལ་འཁོར་དུ་ནི་དབང་བསྐུར་དོན་དུ་བསྐྱབ་ཏུ་གསོལ། །ཞེས་པས་སོ། །དེ་ནས་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །རྡོ་རྗེ་ ཞགས་པས་བཅིང་བར་བྱའོ། །རྡོ་རྗེ་ཕུར་བུ་ཁྲོ་བོའི་རྒྱལ་པོའི་ལྟེ་བ་མན་ཆད་མདུང་གི་རྣམ་པ་ཅན་དུ་སྡང་བ་རྣམས་ཀྱི་སྟེང་ནས་འདེབས་པར་བསམས་པའི་སྔགས་ཀྱི་རྐང་པ་འདི་ལྟ་སྟེ། ཨོཾ་ཨཱཿཧུྃ་ཧོ་ཧཾ་ཀྵཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་ཥ་ཊ་མུ་ཁ་ཥ་ཊ་བྷུ་ཛ་ཥ་ཊ་སརྦ་ཙ་ར་ཎ་སརྦ་ བིགྷྣཱཾ་བི་ནཱ་ཡཱ་ཀཱ་དི་དུཥྚཱ་ནཱཾ། ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ནཱ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་རྡོ་རྗེ་ཐོ་བའི་སྔགས་ནི། ཨོཾ་ལླཱི་བཛྲ་མུངྒ་ར་མཱ་རཱ་དཱི་ནཱཾ་ཤི་ར་སི་ཀ་ཙྪེ་ཧྲྀ་ད་ཡེ་ན་བྷྱོ་གུ་ཧྱ་ཨན་ཏེ་བཛྲ་ཀཱི་ལ་ཀན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼིཾ་གྵྼཱྀཾ་ཀྵུཾ་ཀྵཱུཾ་གྵླྀཾ་གྵླཱྀཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་ཙནྡན་དམར་པོས་ བྱུགས་ལ་ཁ་དོག་ལྔའི་སྐུད་པས་དཀྲི། སྟེང་གི་ཕྱོགས་སུ་མེ་ཏོག་དང་གྲུབ་པའི་ཡུངས་ཀར་གྱིས་བཅིངས་ལ། །སེང་ལྡེང་ལས་བྱུང་བའི་ཕུར་པ་ཆུར་སོ་ཌིར་བཅུ་གཉིས་པ་སྦོམས་སུ་སོར་བཞི་པས་ས་གཞིའི་ཕྱོགས་བཅུ་རུ་གདབ་པར་བྱའོ། །དེ་རྣམས་ལ་ཁྲོ་བོ་རང་རང་གི་མཚོན་ཆ་དང་བཅས་པ་བཅུ་སྤྲོས་ལ་དགོད་ དོ། །འདི་ནི་ས་གཞི་ཕུར་བུས་བསྲུང་བའི་དོན་དུ་བགེགས་རྣམས་ལ་ཕུར་བུས་གདབ་པའི་ཆོ་གའོ། །དེ་ནས་དེ་ལྟར་བགེགས་མེད་པར་བསམས་ལ་ལྟོ་འེ་བརྟག་པར་བྱ་སྟེ། དཀྱིལ་འཁོར་གང་དུ་བྱེད་པའི་ས་གཞི་དེར་ས་སྟེགས་གྲུ་བཞི་པ་བྱས་ལ། ས་གཞི་དེ་ཉིད་ཀྱི་དབུས་སུ་ལྟོ་འེ་ཉལ་བ་ལ་ 14-1-120a སོགས་པའི་མཚན་ཉིད་ཤེས་པར་བྱས་ལ་ས་གཞི་དག་པར་བྱའོ། །དེ་ཡང་ཉི་མ་བགྲོད་པའི་དབྱེ་བས་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་རིམ་པ་ཇི་ལྟ་བ་བཞིན་དུ། ཤར་དང་། ལྷོ་དང་ནུབ་དང་། བྱང་གི་ཕྱོགས་རྣམས་སུ་མགོ་བསྟན་ནས་ལྷོ་ལ་སོགས་པར་ཁ་བལྟས་པ་སྟེ་ལས་གཞི་ དེའི་དབུས་སུ་ལྟོ་འཕྱེ་ཉལ་ཞེས་བཤད་པས་སོ། །དེ་ལྟར་ཤེས་པར་བྱས་ལ། བྱང་ཕྱོགས་ཀྱི་སྒྲུབ་པ་པོ་དང་ཐབས་ཅིག་ཏུ་རྡོ་རྗེ་ཁུ་ཚུར་གྱིས་སྐུད་པ་བཟུང་སྟེ། མེ་དང་རླུང་དུ་གནས་ནས་ཤར་དང་ལྷོ་དང་། བྱང་དང་། ནུབ་ཀྱི་ཕྱོགས་དག་ཏུ་གཡས་སྐོར་གྱིས་འགྲོ་ཞིང་ཐིག་བརྐྱང་ངོ་། །ཡང་དེ་ལྟར་བསྐོར་ཞིང་ས་ བརྐོ་བར་བྱའོ། །ལྟོ་འཕྱེའི་ལྟེ་བའི་ཕྱོགས་ནས་ཏེ་ལྟོ་བ་ལས་ཁྲུ་གང་སྤངས་པའམ་ལྟེ་བའི་ཐད་ས་སྤངས་པའོ། །ས་གཞི་དེ་ཉིད་ལ་རྡོ་བ་གནས་ན་རླུང་གིས་འཇིག་པར་འགྱུར་རོ། །རུས་པས་ནི་གཟེར་བར་འགྱུར་རོ། །གྱོ་མོ་དག་གིས་ནི་ལྐུག་པར་འགྱུར་རོ། །སྦུན་པ་དང་སོལ་བ་དག་གིས་ནི་རིམས་ སམ་འཆི་བར་འགྱུར་རོ། །སྐྲ་དང་རྩྭ་དང་ཐལ་བ་དང་ཤིང་བུ་ལ་སོགས་པ་རྣམས་ཀྱིས་ནི་བར་ཆོད་ཕྲ་མོར་འགྱུར་རོ། །རྒྱུ་མཚན་དེས་ན་དེ་རྣམས་དོར་བར་བྱའོ། །གལ་ཏེ་དེ་ནས་རིན་པོ་ཆེའམ་དུང་ངམ་འཆིང་བུ་རྣམས་བྱུང་ན་ཤིན་ཏུ་དགེ་བར་འགྱུར་རོ། །སྔོན་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་ས་གཞི་མ་རྙེད་ན་ ཆུའམ་རྡོ་མཐོང་བའི་བར་དུ་བརྐོས་ལས་དེ་རྣམས་དོར་ཏེ། ས་གཞན་གྱིས་དགང་བ་ནི་དྲི་དང་རོའི་དོན་དུ་ལས་ཀྱི་བྱེ་བྲག་གིས་སའི་བྱེ་བྲག་སྟེ། ས་དཀར་པོ་ལ་ཙནྡན་གྱི་ཆུ་དང་བསྐ་བ་དང་ཁ་བ་དག་གིས་བསྲེས་པས་དགང་ངོ་། །དམར་པོ་ལ་པདྨའི་ཆུ་དང་ཚ་བ་གསུམ་གྱིས་སོ། །སེར་པོ་ལ་བོང་བུ་དང་རྟ་དང་མི་ རྣམས་ཀྱི་གཅིན་དང་བུ་རམ་གྱིས་སོ། །ནག་པོ་ལ་ཤ་རུལ་དང་ལན་ཚྭ་དང་སྒྱུར་བ་རྣམས་ཀྱིས་སོ། །དེ་ནས་དཀར་པོར་ཞི་བ་ལ་ས་གཞིའི་སྙིང་པོར་ཤེལ་གཞུག་པར་བྱའོ། །རྒྱས་པ་ལ་དུང་ངོ་། །རིམས་གཞོམ་པ་ལ་མུ་ཏིག་གོ། །དམར་པོ་ལ་དབང་དུ་བྱ་བ་ལ་གོ་རོ་ཙ་ནའོ། །དགུག་པ་ལ་མཚལ་ལོ། །དུག་རེངས་པ་ལ་ ལྡོང་རོས་སོ། །སེར་པོ་ཕུར་བུས་གདབ་པ་ལ་ལུག་གི་རྭའོ། །རེངས་པ་ལ་བ་བླའོ། །རྨོངས་པ་ལ་སྦྲུལ་ལོ། །ནག་པོར་གསད་པ་ལ་མིའི་རུས་པའོ། །བསྐྲད་པ་ལ་བྱ་རོག་གི་སྒྲོའོ། །ལྗང་གུར་ནི་རིན་པོ་ཆེ་ལྔ་རྣམས་གཞུག་པའོ། །དེ་ནས་དཔངས་ལ་ཁྲུ་ཕྱེད་དང་དོ་པ་ཀུན་དུ་མཉམ་པ་ཅུང་ཟད་རུས་སྦལ་གྱི་རྒྱབ་འདྲ་ 14-1-120b བ་ཤར་དང་བྱང་གཞོལ་བའི་དཀྱིལ་འཁོར་གྱི་ས་གཞི་བཅའོ། །གཞན་ཡང་བརྗོད་པ། རོ་ཡི་སྐྱོན་རྣམས་མ་ལུས་པ། །དབྱུང་བར་ནུས་པར་མ་གྱུར་ན། །ལག་པས་མནན་ལ་སྔགས་ཉིད་བཟླས། །དེ་ཉིད་དག་པ་ཆེན་པོར་བཤད། །ཁང་བཟངས་རྡོ་སྟེང་འབྲོག་དང་ལམ། །ལྷ་ཁང་ལ་སོགས་ཆུ་འགྲམ་དང་། ། སྔོན་དུ་དག་པར་བྱས་པ་རྣམས། །མ་སྦྱངས་པ་ནས་དག་པ་ཡིན། །ཞེས་གསུངས་པས་འོན་ཀྱང་རྡོ་རྗེ་ཤུགས་ཀྱི་རྣལ་འབྱོར་གྱིས་འདིར་བགེགས་བསྐྲད་པ་ནི། ཡི་གེ་བདུན་པ་བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་བསྣུན་པ་དང་། ཤར་ནས་བརྩམས་ནས་རྣམ་ལྔས་ས་གཞི་ལ་བྱུགས་ཏེ་བཅལ་ ལ་ཡང་སྦྱང་བ་འདི་ལྟ་སྟེ། ཨོཾ་བྷུཿཁཾ་ཞེས་བརྗོད་ལ་ནམ་མཁར་བྱའོ། །དེ་ནས་ཧཱུཾ་ལཱཾ་ཧཱུཾ་ཞེས་པས་རྡོ་རྗེའི་ས་གཞིར་བསམས་ལ། ཨོཾ་མེ་དི་ནཱི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་བརྗོད་ཅིང་། ཐལ་མོ་ས་ལ་བཞག་ལ་བྱིན་ གྱིས་བརླབས་སོ། །དེ་ནས་སྔོན་དུ་གནས་གཞན་དུ་གཤེགས་པའི་སའི་ལྷ་མོ་ཡིད་ཀྱིས་སྤྱན་དྲངས་ལ་གཏོར་མ་དང་ཞབས་བསིལ་ལ་སོགས་པས་མཆོད་ནས། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿཞེས་པ་བརྗོད་ལ་པདྨའི་ལག་སྐོར་བྱས་པ་དང་། དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་རྐང་པ་བཅུ་དྲུག་པའི་སྔགས་བརྗོད་པ་དང་ཁམས་ གསུམ་པོ་སྟོང་པར་རོ་གཅིག་པར་བརྟན་པར་ངེས་པ་ས་གཞི་རྣམ་པར་དག་པའི་རང་བཞིན་དེ་ཉིད་དུ་ལྷག་པར་མོས་པར་བྱ་བ་འདི་ནི་གང་ན་མེད་པའི་རྣམ་པར་དག་པའོ། །དེ་ནས་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པ་དྲིལ་བུ་དང་བཅས་པ་དང་། ན་བཟའ་སྣ་ཚོགས་དང་བླ་རེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ཐམས་ཅད་ ལེགས་པར་བརྒྱན་པར་བྱའོ། །འདི་ནི་ས་སྤྱང་བའི་བྱེ་བྲག་གསུམ་གྱི་ཆོ་གའོ། །དེ་ནས་མེ་ཏོག་གིས་སྤྲས་པའི་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་བསྡད་ལ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་བཟུང་ནས་བྲི་བྱའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པས་སྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་རྣམས་བརླག་པར་བྱ་ བ་ནི། སྤོས་སྣོད་བཟུང་སྟེ། ལྕེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་ནས་བརྗོད་པ། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདིར་ནི་ཆེ་གེ་རྡོ་རྗེ་བདག །དཀྱིལ་འཁོར་འདྲི་བར་འདོད་པ་ཡི། །སངས་རྒྱས་ལ་སོགས་བྱོན་པར་ཞུ། །འདི་ནི་དངོས་གྲུབ་རབ་ཏུ་སྩོལ། །ཞེས་ 14-1-121a རྫོགས་པའི་སངས་རྒྱས་ལ་སོགས་པ་ལ་གསོལ་བ་བཏབ་པ་དང་། ཤར་ལ་སོགས་པའི་ཕྱོགས་བཞི་ན་གནས་པའི་སློབ་མ་བཞིའམ་གསུམ་ལ་སོགས་པ་འམ། སློབ་དཔོན་ཉིད་ཀྱིས་རྡོ་རྗེ་དྲིལ་བུ་བཟུང་ལ། དོན་ཡོད་གྲུབ་པ་ལ་སོགས་པའི་རྣལ་འབྱོར་རིམ་པ་བཞིན་དུ་དེ་དང་དེ་རུ་འགྲོ་ཞིང་། སེམས་དཔའ་ཀུན་ལས་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཤེགས་ཀུན་རང་བཞིན་བྲལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །ཆོས་རྣམས་ཞི་བ་ལས་བྱུང་མཆོག །རྣམ་པར་དག་པའི་ཡེ་ཤེས་སྤྱོད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་བྲལ་བ་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པ་བཞིའི་རིམ་པ་བཞིན་བདག་ཉིད་ཀྱིས་གསོལ་བ་འདེབས་སུ་གཞུག་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་ལ་སོགས་པ་སྔོན་དུ་སོང་བས་བསྒོམས་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་ སྒྲེང་བ་རྩེ་མོ་སྤྲད་པ་འོག་ཏུ་ཕྱོགས་པས་སྤྱི་བོར་བཞག་ལ། ཧཱུྃ་བཛྲ་ཨུ་ཏི་ཥྛ། ཞེས་བྱ་བ་བརྗོད་དེ་ནམ་མཁའ་ལ་གདེག་གོ། །སྐྱིལ་མོ་ཀྲུང་བཀྲོལ་ཏེ་ལངས་ནས་ཤར་དུ་ཕྱོགས་པ་དང་མཉམ་པར་བསྡད་ལ། ཐལ་མོ་སྤྱི་བོར་སྦྱར་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་པ་དང་། སེམས་ཅན་རྣམས་མ་ རིག་པའི་མུན་པར་ལྷུང་བ་བདུད་ཀྱི་བྱིན་གྱིས་བརླབས་པ་མཐོང་ནས་བདུད་དེ་རྣམས་བརླག་པར་བྱ་བའི་དོན་དུ་སྐད་ཅིག་གིས་རྣོ་རྗེ་ཤུགས་ཀྱི་སྐུ་ཁྲོ་གཉེར་དང་མཆེ་བ་གཙིགས་པ་དང་ལྡན་པར་བྱས་ནས་མིག་གཡས་པར་མ་ལས་ཉི་མ་དང་གཡོན་པར་ཊ་ལས་ཟླ་བ་དང་མིག་འབྲས་ལ་ཧཱུྃ་ལས་དུས་མཐའི་མེ་དང་མཚུངས་པར་ ལྡན་པའི་རྡོ་རྗེའི་ལྟ་སྟངས་འདིར་ཕྱོགས་ཐམས་ཅད་ཀྱི་འགྲོ་བར་བལྟས་ལ། ང་རྒྱལ་བསྐྱེད་པ་ནི། བདག་ནི་དཔལ་ལྡན་རྡོ་རྗེ་འཆང་། །བདག་ཉིད་རྡོ་རྗེ་ཤུགས་ཉིད་དོ། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཆེན་རྡོ་རྗེའོ། །བདག་ནི་རྣལ་འབྱོར་དབང་པོའི་རྒྱལ། །བདག་ནི་ཕྱག་རྒྱ་རྡོ་རྗེ་བསྟན། ། 14-1-121b ཞེས་པས་སོ། །དེ་ནས་རྐང་མཐིལ་དུ་འབར་བཞིན་པའི་རྡོ་རྗེ་བསྒོམས་ལ་གསུང་བར་འགྱུར་བའི་རིམ་པས་བགྱིང་བ་དང་བཅས་པའི་པདྨའི་ལག་སྐོར་བྱ། རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་ཀ་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་གྱིས་རྡོ་རྗེའི་འགྲོས་ཀྱིས་བཅག་པར་བྱ་བ་ནི། སློབ་མ་དང་བཅས་སམ་གཅིག་པུས་ དཀྱིལ་འཁོར་གྱི་ས་གཞི་ལ་གར་བྱ་བ་སྟེ། མིག་དག་ལག་དག་དཔྱི་དག་དང་། །རྐང་རྩིབས་ལོགས་ཀྱིས་གཡས་སྐོར་བྱ། །མདངས་དང་བརྗིད་ཀྱིས་སྤྱོར་བ་ཡིས། །གཡས་མིན་པ་ཡང་དེ་བཞིན་ནོ། །དེ་ལྟར་རྒྱུན་གྱིས་གར་བྱས་ནས། །བསྡུས་ཏེ་བསྐོར་བྱས་དེ་ནས་ཡང་། །མྱུར་བ་འི་བརྗིད་ཀྱིས་དེ་བཞིན་ གར། །བྱ་ཞིང་གཙོ་བོའི་གཟུགས་ཀྱིས་བསྐོར། །ལུས་ངག་ཡིད་རྣམས་བརྟན་གནས་པས། །གསོན་ཅིག་བགེགས་ཀྱི་ཚོགས་རྣམས་ཀུན། །དཔལ་ལྡན་རྡོ་རྗེ་འཛིན་བདག་གིས། །བཀའ་སྩལ་བཞིན་དུ་མི་བྱེད་ན། །རྡོ་རྗེ་འབར་བ་འདི་ཡིས་ནི། །རིགས་གསུམ་ལས་བྱུང་འཇོམས་པར་བྱེད། །གལ་ ཏེ་བདག་གི་བཀའ་འདས་ན། །རྣམ་པར་རླག་འགྱུར་གཞན་དུ་མིན། །ཞེས་པ་ལན་གསུམ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ལ་བགེགས་རྣམས་བཅོམ་སྟེ། དཀྱིལ་འཁོར་གྱི་ས་གཞིའི་འོག་གི་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །འདིར་འཆག་པའི་དུས་སུ་སོ་སོ་བདག་ཉིད་ཀྱི་གཡོན་ན་ གནས་པའི་དྲིལ་བུའི་ནང་དུ་བདག་ཉིད་ཀྱི་རྡོ་རྗེ་གཞུག་པར་བྱའོ། །དེའི་རྡོ་རྗེའི་བདག་ཉིད་ཀྱི་གཡོན་གྱི་དྲིལ་བུ་རུའོ། །དེ་བཞིན་དུ་མདུན་དང་གཡས་དང་རྒྱབ་རྣམས་ལ་ཡང་ངོ་། །དེ་ནས་ཧུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྐང་པའི་འོག་ཏུ་རྣམ་པར་བསམས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྐང་པའི་མཐིལ་དུ་རེག་སྟེ། རྐང་ པའི་མཐིལ་གྱི་རྡོ་རྗེ་དེས་ལས་གཞིའི་དབུས་སུ་བཅག་པ་ནི། གཡས་བརྐྱང་བ་དང་གཡོན་བརྐྱང་དང་མཉམ་པའི་རྐང་སྟབས་ཀྱིས་ཡོངས་སུ་བསྐོར་རོ། །རྐང་མཐིལ་དུ་ཡཾ་ཡཱ། བཀོད་ལ་རལ་གྲིའི་ཕྱག་རྒྱས་རེག་སྟེ་ཤར་དུ་ཟླུམ་པོའི་འདུག་སྟངས་ཀྱིས་སོ། །རཾ་རཱཿབཀོད་ལ་རིན་པོ་ཆེའི་ཕྱག་རྒྱས་རེག་སྟེ་ལྷོ་རུ་ རོལ་པས་སོ། །ལཾ་ལཱཿབཀོད་ལ་འཁོར་ལོའི་ཕྱག་རྒྱས་རེག་སྟེ་ནུབ་ཏུ་ས་གའོ། །ཝཾ་ཝཱཿབཀོད་ལ་པདྨའི་ཕྱག་རྒྱས་རེག་སྟེ་བྱང་དུ་པདྨའི་འདུག་སྟངས་ཀྱིས་བྱིན་གྱིས་བརླབས་ནས་བཅག་པའོ། །དེ་ཡང་ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་ཏེ་མཐོ་བོང་དག་སྦྱར་ཏེ་དེ་ལྟར་མཐེའུ་ཆུང་དག་ཀྱང་ངོ་། །གུང་མོ་དག་སྟེང་ 14-1-122a དུ་སྦྱར་ནས་དེ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ཟླ་བ་ཕྱེད་པའི་རྣམ་པར་དགུག་གོ། །སྲིན་ལག་གཉིས་རང་རང་གི་ལག་མཐིལ་དུ་སོན་པ་འདི་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གུང་མོ་དང་མཛུབ་མོ་སྦྱར་ཏེ་སྒྲེང་བ་རལ་གྲིའི་ཕྱག་རྒྱའོ། །སོར་མོ་ལྔ་སྦྱར་ཏེ་གུང་མོ་དབུས་ནས་ སྟེང་དུ་ཅུང་ཟད་ཕྱུང་བ་རིན་པོ་ཆེའི་ཕྱག་རྒྱའོ། །སོར་མོ་རྣམས་འཁོར་ལོའི་རྩིབས་ཀྱི་རྣམ་པར་བརྐྱང་བ་འཁོར་ལོའི་ཕྱག་རྒྱའོ། །མཐོ་བོང་དང་མཐེའུ་ཆུང་སྦྱར་ཏེ་ལྷག་མ་རྣམས་བརྐྱང་བ་པདྨའི་ཕྱག་རྒྱའོ། །དེ་ནས་རྐང་པ་གཡོན་པ་བསྐུམ་སྟེ་རྐང་པ་གཡས་པ་མཐོ་ལྔ་རུ་བརྐྱང་ནས་རོལ་པས་དྲང་པོར་གནས་པ་འདི་ནི་ གཡས་བརྐྱང་ངོ་། །དེ་ལས་ཟློག་པ་ནི་གཡོན་བརྐྱང་ངོ་། །རྐང་པ་གཉིས་ཀྱི་སོར་མོ་རྣམས་མཉམ་པར་གནས་པ་མཉམ་པའི་འདུག་སྟངས་སོ། །རྐང་པ་གཉིས་ཀྱི་བར་ལ་སོར་མོ་ཉི་ཤུ་རྩ་དྲུག་དང་ལྡན་པས་པུས་མོ་ཡ་གཅིག་གྱེན་དུ་ཅུང་ཟད་བཀན་པས་རོལ་པའོ། །རྐང་པ་གཉིས་ཀྱི་བར་ལ་སོར་མོ་ཉི་ཤུ་རྩ་ བཞི་དང་ལྡན་པས། པུས་མོ་གཉིས་རྒྱབ་ཏུ་ཅུང་ཟད་བཀན་པ་ས་གའོ། །ས་ག་ལས་ངང་པའི་གཤོག་པ་ལྟར་བྱས་ཏེ་བར་ལ་ཁྲུ་དོ་བྱས་པ་ཟླུམ་པོའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཡིས་བྱུགས་ལ། བཛྲ་གནྡྷེ་ཞེས་པ་ལ་སོགས་པའི་སྔགས་ཀྱི་རྐང་པས་ཡང་དག་པར་མཆོད་དོ། །ཡང་སྔོན་གྱི་ ཆོ་གར་གསུངས་པ་ལྟར་རྡོ་རྗེ་སའི་ལྷ་མོ་སྤྱན་དྲང་བའི་སྔགས་ནི། ཨོཾ་ལཱཾ་ཧཱུྃ་བཛྲ་བྷཱུ་མི་ཏིཥྛ་མ་ཙལ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་ཏེ་དེ་ལས་སླར་ཡང་ཡོན་ཆབ་ལ་སོགས་པ་སྦྱིན་པར་བྱའོ། །འདི་ནི་ས་ལྷག་པར་གནས་པའི་ཆོ་གའོ། །གལ་ཏེ་གང་ཞིག་ས་ལྷག་པར་གནས་པའི་སྔོན་དུ་ས་ཡོངས་ སུ་གཟུང་བ་དང་བགེགས་ལ་ཕུར་བུས་གདབ་པར་འདོད་པ་ཡོད་དོ། དེ་ནི་ཡང་དག་པ་མ་ཡིན་ནོ། །གང་གི་ཕྱིར་ན་ལྷག་གནས་ལ་ཡོངས་སུ་བཟུང་བ་དོན་ཡོད་པའི་ཕྱིར་དང་། བགེགས་ལ་ཕུར་བུ་གདབ་པའི་ཆོ་ག་ཡངས་སྦྱང་བའི་དུས་སུ་རིགས་ཏེ། སྲུང་བའི་འཁོར་ལོ་བསྒོམས་པས་བགེགས་བསྲེག་ཅིང་རྣམ་ པར་བཅོམ་ནས་ཕུར་བུས་བཏབ་སྟེ་ས་སྦྱང་བར་རིགས་པའི་ཕྱིར་རོ། །དེ་ཡང་རྒྱུད་ལས། དེ་རྣམས་ཀུན་ལ་གསོལ་བ་བཏབ་སྟེ་སེང་ལྡེང་ལས་བྱུང་མཁྲང་བའི་ཕུར་པ་རྣམས་ཀྱིས་ལས་ལ་གདབ། །ཅེས་གསུངས་པས་སོ། །གལ་ཏེ་དུས་གསུམ་དུ་མཉམ་པར་གཞག་པའི་དུས་སུ་ཡང་བགེགས་ལ་ཕུར་བུས་གདབ་པར་ 14-1-122b འདོད་པ་ལ་ཉིན་མཚན་གྱིས་བར་དུ་ཆོད་པ་ལ་ཅིའི་ཕྱིར་མི་འདོད་ཅེ་ན། སྒོམ་པའི་དུས་སུ་འདོད་དེ། འོན་ཀྱང་སེང་ལྡེང་ལ་སོགས་པའི་ཕུར་བུ་མི་འདོད་དོ། །ཁྱོད་ཀྱི་འདོད་པ་ལྟར་ན་ཚོན་བྲི་བའི་སྐབས་སུ་ཡང་བགེགས་ལ་ཕུར་བུ་འདེབས་པའི་ཆོ་ག་དགོས་པར་ཐལ། །ས་ལྷག་པར་གནས་པ་སྔོན་དུ་བྱས་ པའི་ཕྱིར་འདིར་ཐལ་ཏེ་ཅིའི་ཕྱིར་ཞེ་ན། འོན་ཏེ་ས་སྦྱང་བའི་སྐབས་སུ་དེ་ལྟར་བྱས་པའི་ཕྱིར་ས་ལྷག་པར་གནས་པའི་སྔོན་དུ་བགེགས་ལ་ཕུར་བུ་གདབ་པའི་ཆོ་ག་དགོས་པར་མི་འགྱུར་རོ་ཞེས་པའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་པ་དང་དྲི་ཞིམ་པས་ལུས་ལ་བྱུགས་ཏེ། འཆད་པར་འགྱུར་བའི་ཆོ་གས་སོ་ཤིང་ གིས་བརྟག་པར་བྱས་པ་དང་། དེའི་འཁོར་ལོ་དྲུག་རྣམས་སུ་ཟླ་བ་ལ་སོགས་པའི་གདན་དྲུག་ལ་རིང་པོ་དྲུག་གིས་ཐབས་ཀྱི་རིགས་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་བསྲུང་བར་བྱའོ། །ཐུང་ངུ་དྲུག་གིས་ཤེས་རབ་ཀྱི་ལའོ། །དེ་ལྟར་རབ་ཏུ་གནས་པར་བྱ་བ་ཡང་སྟེ་ལུགས་མ་ལ་སོགས་པ་ལའོ། །པོ་ཏི་ རྣམས་ལ་ཐུང་ངུ་རྣམས་ཀྱིས་སོ། །དེ་ནས་གསོལ་བ་གདབ་པར་བྱ་བ་ནི། སེམས་ཅན་རྣམས་ནི་ཐར་པའི་རྒྱུ་རུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བདག་གིས་བྲི་བར་བྱ། །ཞེས་པ་དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ལ་སོགས་པ་རྣམས་ལ་བྱིན་གྱིས་རློབ་པར་བྱེད་དོ། །འདི་ནི་ སློབ་མ་གཟུང་བའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་ཡི་གེ་དྲུག་པ་བཟླས་ཤིང་དྲི་ཞིམ་པོ་དང་བདུད་རྩི་ལྔས་ཉེ་བར་བྱུགས་ཏེ། མེ་ཏོག་གི་ཚོགས་ཆལ་བར་བཀྲམ་ལ་ལུས་ལ་ཁྲུས་བྱས་དྲི་ཞིམ་པོས་བྱུགས། ན་བཟའ་དམར་པོ་དང་མེ་ཏོག་གི་ཕྲེང་བས་བརྒྱན། རྣ་རྒྱན་དང་། མགུལ་རྒྱན་དང་། ལག་གདུབ་དང་། རྐང་གདུབ་དང་། སྐ་རགས་དང་། གཙུག་གི་ནོར་བུ་དང་། ཐལ་བ་དང་། ཟླ་བ་ཕྱེད་པ་དང་། མཆོད་ཕྱིར་ཐོགས་དང་། སྟག་གི་པགས་པ་རྣམས་ཀྱི་རྒྱན་སྒྲུབ་ཐབས་སུ་གསུངས་པ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་ལ་བརྒྱན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་དུ་གནས་ནས་ ནུབ་ཏུ་ཁ་ཕྱོགས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་བཞུགས་གནས་གོ་བར་བྱས་ལ་ཙནྡན་དང་གུར་གུམ་ལ་སོགས་པས་མཎྜལ་བྱས་ཏེ། དེ་དང་དེ་རྣམས་སུ་དམ་ཚིག་གི་འཁོར་ལོ་རྣམ་པར་བསྒོམས་ལ་དེ་རྣམས་ལ་ནམ་མཁར་གནས་པའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་ 14-1-123a གཞུག་པ་དང་། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་ཆོ་ག་རྣམས་བྱས་ལ་བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་བུམ་པ་དྲུག་གག་མ་བཅུ་ལྷག་པར་གནས་པར་བྱ་བ་ནི། དེ་ཡང་ཞི་བ་དང་རྒྱས་པ་ལ་བུམ་པའི་ནང་གི་རྒྱལ་སོར་བཅུ་དྲུག་པ་སྲིད་དུ་ འོག་ནས་མཆུའི་བར་དུ་སོར་ཉི་ཤུ་པ་མཆུ་འོག་ཏུ་འཕྱང་བ་ལ་སོར་གཉིས་པ། མགྲིན་པ་ལ་སོར་དྲུག་པ་ཁའི་མཆུ་ནས་མཆུ་ལ་སོར་བརྒྱད་པ་བརྒྱད་ཀྱི་ཆ་གཉིས་དབུས་ཀྱི་བུག་པ་ལ་ཡོད་པ་མཆུ་གཉིས་ལ་ཆ་གཅིག་པ། གསད་པ་ལ་དུར་ཁྲོད་ཀྱི་སོལ་བ་དང་། མིའི་ཞག་གིས་བྱུགས་པའི་མིའི་ཐོད་པའོ། །དབྱེ་ བ་དང་བསྐྲད་པ་ལ་བུམ་པའི་ནང་གི་རྒྱལ་སོར་བཅུ་གཉིས་པ་སྲིད་དུ་སོར་བཅུ་བཞི་པ། མགྲིན་པ་ལ་སོར་བརྒྱད་དེ་ཅུང་ཟད་འཁྱོགས་པ་ཁ་ལ་སོར་དྲུག་པ་མཆུ་ལ་སོར་གཅིག་པའོ། །དབང་དང་དགུག་པ་ལ་བཟོ་བོས་ཇི་ལྟར་བྱས་པའི་བུམ་པའོ། །རེངས་པ་ལ་ཐུང་ཞིང་རྒྱ་དང་སྲིད་དུ་སོར་བཅུ་དྲུག་པ། མགྲིན་པ་ ལ་སོར་བཞི་པ་ཁ་ལ་སོར་དྲུག་པ་མཆུ་ལ་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་བཤད་པའི་བུམ་པ་གཟུང་བར་བྱའོ། །གསེར་རམ་དངུལ་ལམ་ཤེལ་ལམ་ཟངས་རྣམས་ལས་བྱས་པའི་བུམ་པ་ཇི་ལྟར་རྙེད་པའམ། གསེར་ལ་སོགས་པ་མེད་ན་བཤད་པའི་མཚན་ཉིད་དང་ལྡན་ པ་རྣམས་སྟོང་པར་བྱས་ཏེ། བཾ་ལས་རིན་པོ་ཆེའི་གཟུགས་སུ་བསམས་ལ་ཞི་བ་དང་རྒྱས་པའི་དོན་དུ་འབྲས་སམ་རྡོ་རྒྱུས་སམ་ཙནྡན་དཀར་པོས་བྱུག །ལྷ་རྣམས་ཀྱི་མཚན་མ་བྲི། བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུ་དང་། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་རྣམས་ནང་དུའོ། །མཛེས་པའི་ ཤིང་དང་ལྡན་པ། མགྲིན་པར་རས་ཟུང་གིས་དཀྲིས་པ་བླ་རེའི་འོག་ཏུ་འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པ་ལྟར་དཀྱིལ་འཁོར་གྱི་རྣམ་པར་དྲི་ཞིམ་པོའི་མཎྜལ་ཇི་ལྟར་རིགས་པའི་གདན་སོ་སོར་བྱས་པའི་སྟེང་དུ་མདུན་དུ་གཞག་གོ། །དེ་ཡང་རས་ཀྱི་སྐུད་པ་དཀར། །མཁས་ པས་ཆོ་ག་བཞིན་དུ་དཀྲི། །ཞེས་པ་འདིའི་འདོད་པ་ལྟར་ན་ཧཱུྃ་ལན་བདུན་བརྗོད་པའི་སྐུད་པས་ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་དཱི་ཤྭཾ་བནྡྷཱ་བནྡྷཱ་ཧཱུྃ། ཞེས་པའི་སྔགས་ཀྱིས་དཀྲི་བར་བྱའོ། །ད་ནི་ནང་གི་འབྲུ་བཅུད་རྣམས་བསྟན་པ། ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་དང་། ཟླ་བ་ཆུ་ཤེལ་དང་། ཀརྐེ་ཊ་དང་། ཀེ་ཀེ་རུ་རྣམས་ 14-1-123b དང་། གསེར་དང་། དངུལ་དང་། ཟངས་དང་། རྣོན་པོ་དང་། ཁབ་ལེན་ཏེ་ལྕགས་རྣམས་དང་། དེ་བཞིན་དུ་མུ་ཏིག་དང་། བྱུ་རུ་དང་། མུ་མེན་དང་། ཤཱུ་ལ་མ་ཎི་དང་། ཐིག་ལེ་དྲུག་པ་རྣམས་ནི་འབྲིང་པོའོ། །ཤེལ་དང་། མཆོང་དང་། གཟི་དང་། མཆིང་བུ་དང་། ནོར་བུ་སྔོ་བསངས་རྣམས་ནི་ཐ་མའོ། །དེ་རྣམས་མེད་ ན་དྲི་ཞིམ་པོའི་མེ་ཏོག་ཁ་དོག་ལྔ་ཡིས་སོ། །ཡང་བྲཧྨ་དཎྜི་ཆ་གཉིས་དང་། བིཥྞུ་ཀྲཱནྟ་ཆ་གཅིག་དང་། རུ་ཏྲ་ཛཱ་ཊཱ་ཆ་གསུམ་དང་། ཨཱི་ཤཱ་རི་ཆ་བཞི་དང་། དེ་ཝཱ་ཊཱ་ལི་ཆ་ལྔ་ལ་སོགས་པ་རྣམས་སོ། །ཡང་ཏིལ་དང་། ནས་དང་། སྲན་མ་ཥ་དང་། སོ་བ་དང་། གྲོ་ལ་སོགས་པ་རྣམས་སོ། །ཡང་སྐྱུར་ཤིང་ དང་། གེ་སར་དང་། མྱ་ངན་མེད་དང་། བྱང་ཆུབ་ཤིང་དང་ཨུ་དུཾ་ཝཱར་ལ་སོགས་པའི་ཤིང་རྣམས་སོ། །ཡང་རས་ནི་སྔོན་པོ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་སོ། །རྣམ་རྒྱལ་གྱི་བུམ་པ་ལ་སྣ་ཚོགས་པདྨའི་ལྟེ་བ་ལ་དཀར་པོ་དང་། དམར་པོ་དང་། ནག་པོ་དང་། སེར་ པོ་སྟེ། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་ཀྱི་མེའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སྔོན་པོ་བཅོམ་ལྡན་འདས་ཀྱིའོ། །ཤར་གྱི་བུམ་པ་ལ་རལ་གྲི་ནག་པོ། ལྷོའི་ལ་རིན་པོ་ཆེ་དམར་པོ། ནུབ་ནི་ལ་འཁོར་ལོ་སེར་པོ། བྱང་གི་ལ་པདྨ་དཀར་པོ། མེ་མཚམས་གྱི་ལ་རལ་གྲི་ནག་པོ། བདེན་བྲལ་ གྱི་ལ་པདྨ་དམར་པོ། བདེ་བྱེད་ཀྱི་ལ་ཨུཏྤལ་དཀར་པོ། རླུང་གི་ལ་འཁོར་ལོ་སེར་པོ་རྣམས་བྲི་ཞིང་། ནུབ་ཀྱི་རྒྱལ་བའི་བུམ་པ་ལ་གྲི་གུག་བྲི་བར་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་གཞག་གོ། །དེ་རྣམས་ལས་རྣམ་པར་རྒྱལ་བ་ཆེན་པོར་རིན་པོ་ཆེ་ལྗང་ཁུའོ། །རྒྱལ་ བ་དང་རྣམ་པར་རྒྱལ་བར་སྔོན་པོའོ། །ཤར་དང་མེར་ནག་པོའོ། །ལྷོ་དང་བདེན་བྲལ་དུ་དམར་པོའོ། །བྱང་དང་དབང་ལྡན་དུ་དཀར་པོའོ། །ནུབ་དང་རླུང་དུ་སེར་པོའོ། །དེ་ལྟར་ཁབ་ལེན་དང་། རྣོན་པོ་དང་། ཟངས་མ་དང་། དངུལ་དང་། གསེར་རྣམས་ཀྱང་ངོ་། །དེ་ལྟར་སྨན་རྣམས་ཆ་གཅིག་རྣམ་པར་རྒྱལ་ བ་ལའོ། །དེ་ལྟར་ཆ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམས་རིམ་པ་བཞིན་ཤར་དང་། མེ་དང་། ལྷོ་དང་། བདེན་བྲལ་དང་། བྱང་དང་། དབང་ལྡན་དང་། ནུབ་དང་། རླུང་རྣམས་ཀྱི་བུམ་པ་རྣམས་སུའོ། །ཐམས་ཅད་གཏུམས་པ་རྣམ་པར་རྒྱལ་བ་ཆེན་པོར་བཅུག་སྟེ། དེ་གཙོ་བོ་བྱ་བ་ཀུན་བྱེད་པའི་ 14-1-124a རྣམ་རྒྱལ་སྟེང་དུ་བཞག་ལ་དེར་སྔར་བསྟན་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུ་བླུགས། མེ་ཏོག་ཕྲེང་བས་བརྒྱན། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ཞེས་པ་དང་ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ། དེ་ལྟར་བདུད་རྩིར་བྱས་ལ་དེའི་ནང་དུ་ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱ་ཧཱ། ཞེས་པས་ལྷའི་ ཆུའི་རང་བཞིན་སྤྱན་དྲངས་པ་དང་། ལྷའི་འཁོར་ལོ་གདན་དང་བཅས་པ་རྣམ་པར་བསམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ། ཞབས་བསིལ་དང་འཐོར་འཐུང་དང་ཡོན་ཆབ་ལ་སོགས་པ་སྔོན་དུ་སོང་བ་དང་། དེ་ཉིད་དམ་ཚིག་གི་འཁོར་ལོ་ལ་གཞུག་གོ། །དེའི་ནང་དུ་ཆགས་པ་ཆེན་ པོས་ཞུ་བ་དང་། བྱང་ཆུབ་སེམས་ཀྱི་གཟུགས་སུ་རོ་གཅིག་ཏུ་གྱུར་པ་རྣམ་པར་བསམ་མོ། །ཡང་མཚན་མ་ལས་དམ་ཚིག་གི་ལྷ་དང་། ཡེ་ཤེས་ཀྱི་ལྷ་ཡང་རོ་གཅིག་ཏུ་གྱུར་པར་བལྟའོ། །དེ་ཡང་མེ་ཏོག་གི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བཟུང་བས་རྣམ་རྒྱལ་ཀྱི་བུམ་པ་ལ་སོགས་པ་ལ་རེག་ལ་འཁོར་ལོའི་གཙོ་ བོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་དང་། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧཱིཾ་ཧྲཱིཾ་ཧུཾ་ཧཱུཾ་ཧླིཾ་ཧླཱྀཾ་བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝྭ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་ཤིང་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་གཞག་གོ། །བུམ་པ་གཞན་རྣམས་ནི་ལྷ་རང་རང་གི་སྔགས་ཉི་ཤུ་རྩ་ གཅིག་དང་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་རང་རང་གི་གནས་སུ་གཞག་གོ། །དེ་ནས་རྣམ་རྒྱལ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྫོགས་ཀྱི་བར་དེ་སྲིད་དུ་བགེགས་རྣམས་སྲུང་བར་གྱིས་ཤིག་ཅེས་བརྗོད་ལ་གཏོར་མ་བྱིན་པ་དང་དེ་རྣམས་ ལ་རེག་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟོད་པ་སྔོན་དུ་སོང་བ་དང་དྲིལ་བུ་དཀྲོལ་བར་བྱ་བའི་སྔགས་ནི། ཨོཾ་ཧྲཾ་ཧྲཱིཾ་ཧྲྼཾ་ཧྲྀཾ་ཧྲླཱྀཾ་ཧྲཱཿ། ཨོཾ་བཛྲ་ས་ཏྭ་ཡ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷ་ཡ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་ཝཱ་ཡ་སྭཱ་ཧཱ། ཨོཾ་ཨ་མི་ཏཱ་བྷཱ་ཡ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། ཨོཾ་ ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་པཱཎྜ་ར་ཝཱ་ས་ནི་ཝཱར་དེ་སྭཱ་ཧཱ། ཨོཾ་མ་མ་ཀཱི་ཀི་རི་ཀི་རི་སྭཱ་ཧཱ། ཨོཾ་ལོ་ཙ་ན་བ་སུ་དེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དཔའ་བོས་བཅད་པ་ལྟར་ཉོས་པ་དང་ཁ་དོག་བཟང་པོ་ལྔས་བསྒྱུར་ལ། ཨོཾ་ཨཱཾ་ཨཱི་རཱྀ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་ 14-1-124b སརྦ་དྷརྨཱ་ཨེ་ཀ་ཨཱ་ཀཱ་རསྭ་བྷཱ་ཝེ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ལ་དྲི་ལ་སོགས་པས་མཆོད་དེ་ཤར་ཕྱོགས་ཀྱི་ས་གཞི་ལ་བཞུགས་སུ་གསོལ། །དེ་ནས་མུ་ཏིག་ལ་སོགས་པའམ་འབྲས་སཱ་ལི་ལ་སོགས་པ་ལས་བྱུང་བའི་ལེགས་པར་ཆོས་སུ་བཅོས་པའི་ཚོན་རྣམས་ལ། ཨོཾ་ཨཾ་ཨི་རྀཾ་ཨུཾ་ལེ་ སུ་པི་ཤུདྡྷ་པཉྩ་སྐནྡྷ་སྭ་བྷ་ཝ་པཉྩ་སྐནྡྷ་ན་སུ་བི་ཤུདྡྷ་དྷརྨ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། དྲི་ལ་སོགས་པ་བྱིན་ཏེ་ཚོན་གྱི་སྣོད་རྣམས་ནུབ་ཕྱོགས་སུ་གཞག་གོ། །དེ་ནས་རྡོ་རྗེ་མཚན་ཉིད་དང་ལྡན་པས་ཨོཾ་ཧུྃ་ཀྲོ་དྷ་བཛྲ་སརྦ་ས་ཏྭ་ཀཱ་རུ་ཎ་ཨཱཏྨཀཱ་སརྦ་དྷརྨྨཱ་ཨེ་ཀ་སུ་ཁ་སྭ་བྷཱ་ཝ་སརྦ་དྷརྨྨཱ་ན་བཛྲ་སུ་ ཁ་སྭ་བྷཱ་ཝན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་དང་བཅས་པས་ལྷོ་ཕྱོགས་སུ་གཞག་གོ། །དེ་ནས་རྡོ་རྗེ་དྲིལ་བུ་ལ་ཨོཾ་ཧོ། །བཛྲ་གྷཎྜེ་སརྦ་དྷརྨཱ་ཨེ་ཀ་པྲ་ཛྙཱ་དྷཱ་ནི་སྭ་བྷཱ་ཝེ་སརྦ་ཨཱ་ཀཱ་རེ་སརྦ་དྷརྨཱ་པྲ་བོ་དྷ་ནི་སརྦ་དྷརྨཱ་ན་སྭ་བྷཱ་ལེ་ན་པྲ་པོ་དྷ་ཡ་པྲ་བོ་དྷ་ཡ་སྭཱ་ཧཱ། ཞེས་པ་དང་དྲི་ལ་སོགས་པ་བྱིན་ལ་བྱང་ཕྱོགས་སུ་གཞག་པར་བྱའོ། ། འདི་ནི་བུམ་པ་ལ་སོགས་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཞིམ་པོའི་མེ་ཏོག་རབ་ཏུ་དགྲམ་པར་བྱས་ནས་ལྷ་རྣམས་ཀྱི་གནས་སོ་སོར་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོས་མཎྜལ་བྱས་ཏེ། དེ་ཉིད་ལ་རང་གི་སྙིང་གར་གནས་པའི་ས་བོན་གྱི་འོད་ཟེར་གྱིས་འཁོར་ལོའི་ གཙོ་བོ་དང་བཅས་པའི་ལྷ་ཚོགས་སྤྱན་དྲངས་ལ་གདན་རྣམས་ལ་རིམ་པ་བཞིན་བཞུགས་པར་བྱས་པ་དང་། ཞབས་བསིལ་ལ་སོགས་པས་ཡང་དག་པར་མཆོད་དེ། བསྟོད་པ་དང་བདུད་རྩི་མྱང་བར་བྱས་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་གཅིག་པ་ཧཱུྃ་གིས་མཚན་པར་བསྐྱེད་ལ་ལག་པ་གཡས་ པས་སྤོས་སྣོད་བཟུང་སྟེ་གཡོན་པས་དྲིལ་བུ་དཀྲོལ་ཞིང་བརྗོད་པ། བཅོམ་ལྡན་དུས་ཀྱི་འཁོར་ལོ་ཉིད། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། དཀྱིལ་འཁོར་སྙིང་རྗེའི་བདག་ཉིད་ཅན། །བྲི་བར་འདོད་དོ་མགོན་པོ་ཀྱེ། །སློབ་མ་རྗེས་སུ་གཟུང་ཕྱིར་དང་། །ཁྱོད་ཉིད་མཆོད་པར་བྱ་བའི་ཕྱིར། །དེ་ཕྱིར་བཅོམ་ ལྡན་ཉིད་ལ་བདག །གུས་པས་བཀའ་དྲིན་གནང་བར་ཞུ། །བདག་ལ་དགོངས་ཤིག་སངས་རྒྱས་རྣམས། །འགྲོ་ལ་འཁོར་ལོའི་བྱ་བ་སྟེར། །ལམ་ལ་གནས་པའི་བདེ་སེམས་དང་། །གང་དག་སྔགས་ཀྱི་ལྷ་རྣམས་དང་། །ཕྱོགས་སྐྱོང་རྣམས་དང་ལྷ་གཞན་དང་། །བྱང་ཆུབ་མཐར་སྐྱོང་འབྱུང་པོ་དང་། ། 14-1-125a བསྟན་པ་སྐྱོང་བའི་སེམས་ཅན་དང་། །གང་དག་རྡོ་རྗེའི་སྤྱན་ལྡན་དང་། །བདག་ནི་རྡོ་རྗེ་ཆེ་གེ་ཉིད། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། །འགྲོ་རྣམས་དག་ཕྱིར་བྲི་བར་བྱ། །ཇི་ལྟར་ནུས་པ་དེ་བཞིན་དུ། །རྗེས་སུ་བརྩེ་བ་དང་ལྡན་པས། །བདག་དང་སློབ་མར་བཅས་པ་ལ། ། དཀྱིལ་འཁོར་དང་བཅས་མ་ལུས་པ། །ཉེ་བར་བྱོན་པར་མཛད་དུ་གསོལ། །ཞེས་པའི་དོན་གོ་བར་བྱས་ལ་ལན་གསུམ་དུ་གསོལ་བ་གདབ་བོ། །ཡང་མེ་ཏོག་ལ་སོགས་པས་མཆོད་པ་བྱའོ། །འདི་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་སྟོན་དུ་སོང་བས་བཅོམ་ལྡན་ འདས་ཀྱི་རྣལ་འབྱོར་ལ་དམིགས་པར་བྱའོ། །ཡང་གཤེགས་སུ་གསོལ་བ་དང་། རྐང་པ་བཅུ་དྲུག་པའི་སྔགས་ལན་བདུན་བཟླས་ཏེ། འཆད་པར་འགྱུར་བའི་ཆོ་གས་ཉལ་བར་བྱའོ། །དེ་ཡང་ཇི་སྲིད་དགེ་བའི་མཚན་མ་མཐོང་བའི་བར་དུ་སྟེ། མི་དགེ་བ་མཐོང་ན་གསུངས་པར་འགྱུར་བའི་ཆོ་གས་ གཏོར་མ་སྦྱིན་པར་བྱའོ་ཞེས་སོ། །དེ་ནས། དམ་ཚིག་འདའ་བར་ཐེ་ཚོམ་ན། །སློབ་མ་མིན་པ་མི་གཞུག་གོ། །ཞེས་གསུངས་པའི་ཕྱིར། སྒོ་རྣམས་སུ་སྔོན་དུ་རང་གིས་དབང་བསྐུར་བའི་སློབ་མ་མཚན་ཉིད་དང་ལྡན་པ་གསུང་བར་འགྱུར་བའི་བརྟུལ་ཞུགས་ཀྱི་ངེས་པ་དང་ལྡན་པ་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ བ་གསུང་བར་འགྱུར་བའི་སྡོམ་པ་སྔོན་དུ་སོང་བས་སམ། སློབ་དཔོན་གྱི་སྡོམ་པ་སྔོན་དུ་སོང་བས་ཤར་གྱི་སྒོ་རུ་བསྡད་པ་ལ་ལྷག་པར་གནས་པའི་ཆོ་གས་གདུལ་བྱར་གྱུར་པ་ལྷག་པར་བྱའོ། །དེ་ཡང་བཞིས་བྱ་བའམ་གཅིག་གིས་སམ་གཞན་ཡང་ལྔ་པ་ལས་ཀྱི་རྡོ་རྗེས་སམ། དེ་རྣམས་མེད་ན་རང་ཉིད་ཀྱིས་ བྱ་བའོ། །དེ་ལྟར་སློབ་མ་ལྷག་པར་གནས་པ་ཙམ་བྱ་བའོ། །ལྷག་པར་གནས་པའི་དོན་དུ་དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་པ་ལ་ཡང་དག་པར་མཆོད་པ་དང་། ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་གི་ནམ་མཁའ་ལ་བློས་དམིགས་ནས་མཚན་མ་མཐོང་བ་དང་། ཁ་ ཤར་དུ་ཕྱོགས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་སྔར་བརྗོད་པའི་ཐིག་སྐུད་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་དང་རྩ་བའི་བར་དུ་བཟུང་ལ། ཨོཾ་ཨཱཿ་ཧུྃ་ཧོ་ཧཾ་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་རྣམས་སུ་ཨོཾ་ཡིག་ལ་སོགས་པ་ལས་ཡོངས་སུ་རྫོགས་པའི་ཡེ་ 14-1-125b ཤེས་ཀྱི་ཐིག་འོད་ཟེར་གྱི་རང་བཞིན་བལྟས་ལ། ཨོཾ་ཨཱཿཤཱ་ཤྭ་ཏ་བཛྲ། སཱུ་ཏྲཱཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་བོ། །དེ་ནས་མིང་རྗེས་ལ་རཏྣ་སཾ་བྷ་བ་ལ་སོགས་པ་ཡང་ངོ་། །ཛ་ཡིག་ལས་བྱུང་བའི་ཟླ་བ་དང་ཉི་མ་སེར་པོ་མིག་གཉིས་ ལ་བཀོད་དེ། ཨོཾ་དཱིཔྟ་དྲྀ་ཥྣཱཾ་ཀུ་ཤི་ཛཿ། ཞེས་བརྗོད་ལ་མིག་གཉིས་རབ་ཏུ་བསྐྱོད་ཅིང་རྫི་མས་དགུག་པ་ནི་འབར་བཞིན་པའི་ལྟ་སྟངས་ཀྱི་ལྕགས་ཀྱུ་ལྟ་བུས་རྣམ་པར་སྣང་མཛད་ལ་སོགས་པ་སྤྲོས་ལ་དེ་རྣམས་བཀུག་ཅིང་བཀུག་ལ་ལག་པ་ན་གནས་པའི་ཐིག་སོ་སོའི་ཁ་དོག་ལ་གཞུག་གོ། །དེ་ལྟ་བུ་དེས་འདི་རྣམས་མེ་ ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དམ་རྡོ་རྗེ་ཤུགས་ཀྱི་གཟུགས་སུ་བྱས་ལ་དེ་དང་སྟབས་ཅིག་ཏུ་དང་པོར་ཐིག་སྐུད་ལྔ་ལྔ་རེ་རེ་རུ་བཀལ་ལ་དེ་ནས་དེ་ལྟར་བཀལ་བ་ལྔ་སྐུད་པ་གཅིག་ཏུ་བྱ་བ་ནི། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཿསརྦ་དྷརྨཱ་སྤ་ར་སྤ་རཱ་ནུ་པྲ་ཝིཥྚཿ སརྦ་དྷརྨཱ་ཨ་དྱན་ཏཱ་ནུ་པྲ་ཝཥྚིཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམས་སུ་སློབ་དཔོན་གྱི་ནས་ཀྱི་ཚད་དུ་བཀལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ཕྱོགས་ཀྱི་ས་གཞི་ལ་ཁ་ཤར་དུ་ཕྱོགས་ཏེ་རྡོ་རྗེའི་ཐིག་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་དེ་ནས་ཤྲཱི་ཁཎྜ་འབྲས་སཱ་ལུའི་ ཕྱེ་མ་ལ་སོགས་པ་ལ་སྦགས་ཏེ་སློབ་དཔོན་གྱི་ལག་པ་གཡོན་པས་སྐུད་པ་བསྡུས་ལ་ནུབ་ཏུ་གནས་ཏེ། ཁ་ཤར་དུ་ཕྱོགས་པས་དཀྱིལ་འཁོར་གྱི་ས་གཞི་ལ་བརྐྱང་སྟེ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨཱཿཧཱུྃ་ཀཱ་ཡ་བཱཀ་ཙིཏྟ་ཨེ་ཀ་བྷཱུ་ཏ། སརྦ་དྷརྨཱ། ཨེ་ཀཱ་ཀཱ་རེ་ཎ་བཛྲ་སཏྭ་ཧཾ་བཛྲ་བྷཱུ་མི་སཱུ་ཏྲ་ཡཱ་མི་ཧུྃ་ཨཱཿ ཕཊ་ཅེས་པ་དང་། དེ་ནས་ཡང་། ཨོཾ་བཛྲ་སཱུ་ཏྲཱ་ཨེ་ཀཱ་ཀཱ་ར་སྭ་རུ་པེ་ཎ་ཛཿ་ཛཿཛཿསརྦ་དྷརྨཱ་ན་སཱུ་ཏྲ་ཨོཾ་ཨཱཿ་ཧུྃ་ཧོ་ཧཾ་ཀྵ་ཕཊ། ཅེས་པས་རྐང་པ་གཡོན་པས་ཕྱེད་ཀྲུང་བཅས་ནས་གཡས་པ་ས་ལ་བཞག་སྟེ་སློབ་མ་དེ་ལས་བཟློག་པས་སོ། །སློབ་དཔོན་ལྷོའི་ས་གཞི་ལ་གནས་ནས། །སློབ་མ་བྱང་གི་ས་ གཞི་ལ་གནས་ཏེ། ཤར་དང་ཤར་མིན་དང་། ལྷོ་དང་བྱང་གི་ཚངས་ཐིག་གཉིས་ཡོངས་འཇོམས་སྤངས་ནས་ལྟེ་བའི་ཐད་སོར་ནམ་མཁའི་ཐིག་འདེབས་པ་པོས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་གི་གུང་མོས་སྐུད་པ་དང་བཅས་པའི་ས་གོལ་གདབ་བོ། །ཐིག་རྣམས་འདེབས་པའི་དུས་ 14-1-126a སུ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ་ཧཱུྃ་ཨོཾ་སྭ་ཨཱཿ། ཞེས་བརྗོད་པའི་སྒྲས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་བལྟའོ། །དེ་རྣམས་འོངས་ཏེ་སྐུད་པ་ལ་ཐིམ་པར་བསམ་མོ། །དེ་ནས་ནམ་མཁའི་ཐིག་གཉིས་ཇི་ལྟ་བར་ས་གཞི་ལ་ཚངས་པའི་ ཐིག་གཉིས་ཀའི་ལག་པ་སྐུད་པ་དང་བཅས་པ་མཉམ་པར་ཕབ་སྟེ་གདབ་པར་བྱའོ། །དེ་ལྟར་སློབ་དཔོན་མེ་མཚམས་གནས་ཏེ་རླུང་མཚམས་ཀྱི་ཐིག་གོ། །བདེན་བྲལ་གནས་ཏེ་དབང་ལྡན་མཚམས་ཀྱི་ཐིག་གོ། །སློབ་མ་དེ་ལས་བཟློག་པར་གནས་སོ། །ཐིག་སྐུད་ཆད་ན་བླ་མ་འཇིག་སྟེ། གཞན་ཡང་ ཡོངས་སུ་འཇོམས་བྱེད་འགོམས་ན་བུ་རྣམས་དེ་བཞིན་འགྱུར། །ཞེས་པའི་དོན་གྱིས་ལེགས་པར་གདབ་པར་བྱའོ། །དེ་ནས་ཚངས་ཐིག་ལས་གཡས་དང་གཞན་པའི་ཕྱོགས་སུ་གཙོ་བོའི་པདྨའི ལྟེ་བ་དང་སྒོའི་པདྨའི་དོན་དུ་ཐིག་གཉིས་པ་གདབ་པའོ། །དེ་ལས་ཆ་གཅིག་སྤངས་པར་སྒོ་ཁྱུད་ཀྱི་ནང་གི་རྩིག་པའི་ དོན་དུའོ། །དེ་ལས་ཆ་གཅིག་སྤངས་པ་ཀ་བའི་དོན་དུའོ། །དེ་ལས་ཆ་ཕྱེད་སྤངས་པ་ཕྱིའི་རྩིག་པའི་དོན་དུའོ། །དེ་ལས་གཙོ་བོའི་པདྨའི་འདབ་མའི་དོན་དུ་ཕྱེད་དང་བཅས་པའི་ཆ་གཉིས་པའོ། །དེ་ནས་ཆ་གཅིག་སྤངས་པ་རྡོ་རྗེ་ཕྲེང་བའི་དོན་དུའོ། །དེ་ལས་ཆ་ཕྱེད་སྤངས་པར་ལོགས་ཀྱི་ནང་གི་རྩིག་པའི་དོན་ དུའོ། །དེ་ལས་ཕྱེད་དང་བཅས་པའི་ཆ་གཅིག་གིས་ལོགས་ཀྱི་ཕྱིའི་རྩིག་པའི་ཐིག་གོ། །དེ་ལས་ཕྱེད་དང་བཅས་པའི་ཆ་གཅིག་ལ་རྟ་བབས་ཀྱི་ཀ་བའི་བར་གྱི་ཐིག་གོ། །དེ་ལས་ཆ་ཕྱེད་སྤངས་པར་ལྷ་སྣམ་ཀྱི་པདྨའི་ཐིག་གོ། །དེ་ལས་ཆ་གཅིག་སྤངས་པ་རྡོ་རྗེ་ཕྲེང་བའི་ཐིག་གོ། །རྡོ་རྗེ་ཕྲེང་བའི་ཐིག་ གཉིས་ཀྱི་བར་དུ་ལྷ་སྣམ་ཀྱི་པདྨའི་ཆ་བཞི་པའོ། །དེ་དག་གི་ལོགས་དག་ལ་ཀ་བ་དག་གི་རྒྱ་ལ་ཆ་གཅིག་པ་དཔངས་སུ་ཆ་བཞི་པའོ། །དེ་དག་གི་ལོགས་དག་ལ་བུམ་པའི་གནས་རྒྱ་ལ་ཆ་གསུམ་པ་དཔངས་སྔ་མ་དང་མཚུངས་པའོ། །དེ་དག་གི་ལོགས་དག་ལ་ཀ་བ་དག་གོ། །ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གི་ཕྱི་ རོལ་ལས་ཆ་ཆུང་བདུན་སྤངས་པ་ལ་ཐིག་གདབ་བོ། །དེ་ལས་ཆ་བཞི་སྤངས་པ་ལ་ལྷ་རྣམས་ཀྱི་སྣམ་བུའི་ཐིག་གོ། །དེ་ལས་ཆ་གཅིག་སྤངས་པ་ལ་རྩ་བའི་ཐིག་སྟེ་ཟུར་ཐིག་གི་བར་དུའོ། །རྩ་བའི་ཐིག་གི་བར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་གསུང་དང་སྐུའི་དཀྱིལ་འཁོར་ལ་ཡང་ངོ་། །ཚངས་པའི་ 14-1-126b ཐིག་ལས་གཡས་དང་གཡོན་གྱི་ཐིག་གཉིས་དབྱི་བར་བྱས་པས་ཆ་དྲུག་པ་འཁོར་ལོའི་བརྒྱད་ཆ་ནི་སྒོ་རུ་འགྱུར་རོ། །སྒོ་ཁྱུད་དང་ལོགས་དང་ངོས་རྣམས་ནི་སྒོ་དང་འཚམ་མེ། །རྩ་བའི་ཐིག་ལས་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་རྩིག་པའི་ཐིག་གོ། །དེ་ལས་ཆ་གསུམ་སྤངས་པ་འདོད་ཡོན་གྱི་ཐིག་གོ། ། དེ་ནས་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་རིན་པོ་ཆེ་ཕ་གུའི་ཐིག་གོ། །དེ་ལས་ཆ་གསུམ་སྤངས་པ་དྲ་བ་ཕྱེད་པའི་ཐིག་གོ། །དེ་ནས་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་བགུལའི་སྣམ་བུའོ། །དེ་ཉིད་དང་མཚུངས་པ་ཀྲ་མ་ཤིཪྵའོ། །འདི་རྣམས་མ་ལུས་པ་ཐུར་ཐིག་ནས་ཐུར་ཐིག་གི་ཚད་ཀྱིས་སོ། །དེ་ ནས་ཀ་བའི་སྟེང་དུ་རྟ་བབས་སྒོའི་སུམ་འགྱུར་རོ། །དེ་ཉིད་སུམ་བརྩེགས་བྱས་ཏེ་དང་པོ་ལ་ཆ་དྲུག་པའོ། །གཉིས་པ་ལ་ཕྱེད་དང་བཅས་པའི་ཆ་བཞིའོ། །གསུམ་པ་ལ་ཕྱེད་དང་བཅས་པའི་ཆ་གསུམ་མོ། །ཧར་མི་ལ་གཉིས་སོ། །བུམ་པ་ལ་ཡང་ཆ་གཉིས་སོ། །དེ་ཡང་རྩེག་དང་པོའི་ཀ་བའི་སྟེང་ལ་སྣམ་ བུའི་ཞིང་ལ་ཆ་ཉི་ཤུ་རྩ་བཞི་པ་དཔངས་ལ་ཆ་གཅིག་པའོ། །དེའི་སྟེང་དུ་མ་ད་ཨ་པ་ར་ཎ་ཆ་གཅིག་པ་ཞེང་ལ་ཆ་བཅུ་དྲུག་པའོ། །དེའི་སྟེང་དུ་ཆ་བཞི་པ་གྲུ་བཞི་པའི་དབུས་སུ་མཆོད་པའི་ལྷ་མོའི་གནས་སོ། །དེའི་ལོགས་དག་ལ་ཀ་བ་ཆ་གཅིག་པ་དག་གོ། །དེ་དག་གི་ལོགས་དག་ལ་ཡང་མཆོད་པའི་ལྷ་མོའི་གནས་དག་ གོ། །དེ་དག་གི་ལོགས་དག་ལ་ཡང་ཀ་བ་དག་གོ། །དེ་དག་གི་ལོགས་དག་ལ་རྟ་བབས་ཀྱི་ཀ་བ་དག་གི་སྟེང་དུ་མཆེ་བ་ཅན་གྱི་གླང་པོའི་མགོ་སེང་གེས་མནན་པ་དག་གི་སྟེང་དུ་སྣམ་བུའི་ཞེང་ལ་ཆ་བཅོ་བརྒྱད་པ་དཔངས་སུ་ཆ་གཅིག་པ། དེའི་སྟེང་དུ་མ་ད་ཨ་པ་ར་ཎ་དཔངས་ལ་ཆ་གཅིག་ཞེང་ལ་ཆ་བཅུ་གཉིས་ པའོ། །དེའི་སྟེང་གི་སྣམ་བུའི་དཔངས་སུ་ཆ་གཉིས་པ་ཞེང་ལ་ཆ་བཅུ་གཉིས་པའོ། །དེ་ཉིད་ལ་བཞི་ཆས་མ་གང་བའི་ཆ་གཅིག་པའི་ཀ་བ་རྣམས་སོ། །ཀ་བའི་བར་རྣམས་སུ་ལྷ་གསུམ་གྱི་གནས་ཆ་གསུམ་གསུམ་པའོ། །ཕྱིའི་ཀ་བ་དག་གི་ལོགས་དག་ལས་སཱ་ལ་བྷཉྫི་ཀཱ་དག་གོ། །དེ་དག་གི་མགོ་བོའི་ སྟེང་དུ་ཆ་ཕྱེད་པའི་སྣམ་བུ་ཞེང་ལ་ཆ་བཅོ་ལྔ་པའོ། །དེའི་སྟེང་དུ་མ་ད་ཨ་པ་ར་ཎ་ཆ་གཅིག་པ་ཞེང་ལ་ཆ་བརྒྱད་པའོ། །དེའི་སྟེང་དུ་སྣམ་བུའི་དཔངས་ལ་གཉིས་པ་ཞེང་ལ་ཆ་བརྒྱད་པའོ། །དེ་ཉིད་ལ་ཀ་བ་སོ་སོ་ལ་ཆ་ཕྱེད་དང་བཞིའོ། །ཀ་བའི་བར་རྣམས་སུ་ལྷའི་གནས་རྣམས་སོ་སོ་ལ་ཆ་གཉིས་གཉིས་ 14-1-127a པ་གསུམ་མོ། །ཕྱིའི་ཀ་བ་དག་གི་ལོགས་དག་ཏུ་ས་ལ་བྷཉྫ་ཀཱ་གཉིས་སོ། །དེའི་སྟེང་དུ་དཔངས་ལ་ཆ་ཕྱེད་པའི་སྣམ་བུའི་ཞེང་ལ་ཆ་བཅུ་གཉིས་པའོ། །དེའི་སྟེང་དུ་ཧར་མིའི་ཞེང་ལ་ཆ་བརྒྱད་པའོ། །དེའི་སྟེང་དུ་བུམ་པའོ། །དེ་དག་གི་གཡས་དང་གཡོན་དུ་རྒྱལ་མཚན་གྱི་ དབྱུག་པའི་གནས་སོ། །དེ་ལྟར་སྣམ་བུ་ཐམས་ཅད་ཀྱི་རྩེ་མོ་ལ་དྲིལ་བུ་དང་རྔ་མ་དང་མེ་ལོང་དང་རྒྱལ་མཚན་དང་དར་དཔྱངས་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་འདིའི་རྩ་བའི་ཐིག་གི་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་གྱི་ཕྱོགས་ཀུན་དུ་ཆ་བཅུ་གཉིས་བཅུ་གཉིས་ཀྱི་གནས་ལ་ཐིགས་ཀྱི་དཀྱིལ་འཁོར་གྱི་ རྩིག་པ་ལ་སོགས་པ་ནས་ཀྲ་མ་ཤིཪྵའི་བར་གྱིས་མནན་ཏེ་གནས་སོ། །དེའི་ཕྱི་རོལ་དུ་ཆ་དྲུག་སྤངས་ཏེ་ཐིག་གོ། །དེ་ལས་ཆ་དྲུག་སྤངས་པར་ལྷའི་སྣམ་བུའི་ཐིག་གོ། །སྣམ་བུ་དེ་ལས་པདྨ་ཆ་བཞི་པ་སྟེ་འོན་ཀྱང་ཕྱོགས་ལ་གནས་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་རྩེགས་གཉིས་པའི་མ་ད་ ཨ་པ་ར་ཎ་དང་ཀ་བ་གཉིས་ཀྱི་ཆ་ཕྱེད་ཕྱེད་པ་བསལ་ལ་ཆ་བཞིའི་གནས་ལ་དགོད་པར་བྱའོ། །ལྷ་མོ་རྣམས་མེད་ན་སྔ་མ་ལྟར་རོ། །དེ་ནས་ལྷ་རྣམས་ཀྱི་སྣམ་བུ་ལས་ཆ་གཅིག་དཔངས་ལ་རྩ་བའི་ཐིག་གོ། །དེ་ཡང་ཐིག་གསུམ་ཟུར་ཐིག་གི་བར་དུའོ། །རྩ་བའི་ཐིག་ལས་ཚངས་ཐིག་དག་གིས་གཡས་ གཡོན་གྱི་ཆ་དྲུག་དྲུག་བསུབས་པས་སྒོ་རྣམས་སོ། །དེ་ནས་སྒོ་ཁྱུད་ལ་སོགས་པ་རྟ་བབས་ཀྱི་བར་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པའི་ཉིས་འགྱུར་གྱི་ཚད་ཀྱིས་སོ། །གསུང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་གི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་ཏེ། དེའི་ཕྱོགས་ཀུན་དུ་ཆ་ཉི་ཤུ་རྩ་བཞིའི་ གནས་ལ་གསུང་གི་དཀྱིལ་འཁོར་གྱི་རྩིག་པ་ལ་སོགས་པ་ཀྲ་མ་ཤིཪྵའི་བར་གྱིས་མནན་ཏེ་གནས་སོ། །དེའི་ཕྱི་རོལ་དུ་ཆ་བཅུ་སྤངས་ཏེ་ཐིག་གོ། །དེ་ནས་ལྷ་རྣམས་ཀྱི་སྣམ་བུའི་ཐིག་ཆ་བཅུ་གཉིས་པའོ། །ལྷའི་སྣམ་བུ་ལ་པདྨ་བཅུ་གཉིས་ཏེ། སོ་སོ་ལ་ཆ་བཅུ་གཉིས་པའོ། །དེ་ལྟར་དེ་རྣམས་ཆ་བདུན་དང་ ལྡན་པར་བྱས་ལ་དབུས་ཀྱི་ཆ་ལ་ལྟེ་བའོ། །དང་པོ་རྣམས་འདབ་མ་བཞི་པའོ། །གཉིས་པ་རྣམས་འདབ་མ་བརྒྱད་པའོ། །གསུམ་པ་རྣམས་འདབ་མ་བཅུ་དྲུག་པའོ། །དེ་ལྟར་གསུམ་པ་ལ་འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་རྣམས་ཀྱི་སྣམ་བུའི་ཐིག་ལས་ཆ་གཉིས་པ་སྤངས་པ་རྩ་བའི་ཐིག་སྟེ་ཐིག་གསུམ་ཟུར་ 14-1-127b གྱི་བར་རོ། །རྩ་བའི་ཐིག་ལས་ཚངས་པའི་ཐིག་གི་གཡས་དང་གཡོན་རྣམས་སུ་ཆ་བཅུ་གཉིས་སྔ་མ་ལྟར་གསུངས་པའི་སྒོའི་ཚད་དོ། །དེ་ནས་སྒོ་ཁྱུད་ལ་སོགས་པ་རྟ་བབས་ཀྱི་མཐར་ཐུག་པ་གསུང་གི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པའི་ཉིས་འགྱུར་གྱི་ཚད་དོ། །གསུང་གི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་ ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་ནང་རྣམས་སུ་ཆ་བཅུ་གཉིས་ལ་ཤིང་རྟ་གནས་སོ། །དེ་ནས་པདྨའི་དཀྱིལ་འཁོར་ལ་ཆ་ཉི་ཤུ་རྩ་བཞི་པའོ། །དེ་ནས་སའི་དཀྱིལ་འཁོར་ལ་ཆ་བཅུ་གཉིས་པའོ། །དེ་ནས་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་ལ་ཆ་ཉི་ཤུ་རྩ་བཞི་པའོ། །ནམ་མཁའ་དཀྱིལ་འཁོར་ལ་ཆ་བཅུ་གཉིས་ པའོ། །དེ་ནས་མེ་རིའི་དཀྱིལ་འཁོར་ལ་ཆ་ཉི་ཤུ་རྩ་བཞི་པའོ། །དེ་ལྟར་པདྨའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་བདུན་རྣམས་རིམ་པ་བཞིན་བསྐོར་བ་ནི་མེ་རིའི་ཕྱིའི་བར་དུ་ལྟེ་བའི་ཕུར་བུ་ལ་བཏགས་ཏེ་དེ་ལྟར་བརྒྱད་དོ། །གལ་ཏེ་དེ་ལྟར་དཀྱིལ་འཁོར་རྫོགས་པར་བྲི་བ་མ་གྲུབ་ན་དབང་གི་དོན་དུ་ཐུགས་ཀྱི་ དཀྱིལ་འཁོར་ཙམ་བཀའ་སྩལ་བའི་ཕྱིར་རོ། །དེ་ཡང་དབང་གི་དོན་རྣམས་དཀྱིལ་འཁོར་གྱི་དོན་དུ་རིགས་ཀྱི་དབང་ལས་ཕྱིའི་དཀྱིལ་འཁོར་ལ་རབ་ཏུ་བྲལ་བར་འགྱུར་ཞེས་སོ། །ཡང་དེ་བཞིན་དུ་སྒོ་ལ། ཧི་ཡིག་ལས་བྱུང་ཁྲོ་བོའི་ལྟེ་བ་ཡིས། །ཞེས་པའི་བཀའ་སྩལ་གྱིས་བཅོམ་ལྡན་འདས་ཀྱི་ཆ་བྱད་ལ་བཟུང་སྟེ། ཐར་ པའི་སྒོ་སྒྲིབ་པས་རྣམ་པར་བཅིང་བའི་བསམ་པ་དང་ལྡན་པས་གཡོན་དང་གཡས་ཀྱི་མིག་དག་ཏུ་ཧི་ཡིག་དག་ལས་ཟླ་བ་དང་ཉི་མ་བསྐྱེད་ལ་ཁྲོ་བོའི་ལྟ་བས་ཐམས་ཅད་དུ་ལྟ་ཞིང་ཧིཿཧིཿཞེས་བརྗོད་ཅིང་རྩ་བའི་ཐིག་སོགས་པ་རང་རང་གི་ཤེས་རབ་ཀྱིས་བརྟགས་ལ་དབྱི་བར་བྱའོ། །དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་ དུ་སོང་བ་དང་། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་སུ་གསོལ་བ་ནི་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་རོ། །ཁ་དོག་ལྔའི་སྐུད་པ་གནས་གང་ཡང་རུང་བར་གཞག་པར་བྱའོ། །འདི་ནི་ཐིག་གདག་པའི་ཆོ་གའི་རིམ་པའོ།། །། དེ་ནས་གཏོར་མ་དང་མཆོད་པ་ ལ་སོགས་པ་བྱ་སྟེ། ཨ་ཨཾ་རཾ་ཨུ་ལྀའི་ས་བོན་རྣམས་ལས་རྫོགས་པའི་ཚོན་གྱི་བྱེ་བྲག་ཁ་དོག་ལྔ་རྣམ་པ་རིམ་པ་བཞིན་དུ། ཨོཾ་ཨཱཿ་ཧུྃ་ཧོ་ཧཾ་ཀྵཿརྣམས་ལས་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་བསྒོམས་ལ་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 14-1-128a ཐུགས་ཀ་ནས་ཨོཾ་ཡིག་ལ་སོགས་པ་ལས་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ཚོན་རྣམས་སྐུད་པ་སྦྱང་བའི་དུས་ལྟར་བཀུག་སྟེ་གཞུག་གོ། །དེ་དང་བཅས་པ་རོ་གཅིག་ཏུ་གྱུར་པ་ཡེ་ཤེས་ཀྱི་ཚོན་དེ་རྣམས་ལ་ཨོཾ་ཡིག་ལ་སོགས་པའི་སྔགས་བརྗོད་ནས་ཡང་། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ལྟར་འབར་བའི་ལྟ་སྟངས་ཀྱིས་སོ་སོ་ལ་ཧི་ཡིག་བཀོད་དེ་ཡང་དག་པར་སྦྱར་རོ། །ཡང་ཨོཾ་རཾ་ཛོ་བ་ཧུ་ལ་ཡེ་ན་སཏྭ་ན་སཏྭ་བུདྡྷ་ཤྩ་བྷ་ག་ཝཱན་ཏཿ། སཏྭ་རཱ་གཱ་ནུ་རཀྟ་སྟེ་ན་ས་ཏྱེན་ས་ར་ཛོ་ཛྭ་ལ་ཏུ། ཞེས་པའི་བདེན་པའི་བྱིན་གྱི་རླབས་ཀྱིས་སྤར་བར་ བྱའོ། །དེ་ཉིད་ལྷའི་རྣལ་འབྱོར་གྱི་དཀའ་ཐུབ་ཀྱིས་འབར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་ཧཱུྃ་ཞེས་པའི་སྔགས་བརྗོད་ཅིང་གདོན་པར་བྱ་ཞིང་རང་གི་ལག་པའི་རྡོ་རྗེ་ལ་བློས་ཐིམ་པར་བསམ་མོ། །ཁུང་བུ་ཚོན་སྣ་ལྔ་ཡིས་དགང་བར་བྱས་པ་དང་། དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་གླུ་བླངས་ ཏེ། མཚན་མ་ངན་པ་བཅོམ་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་ཏུ་སྒྲོལ། །རྡོ་རྗེ་འཛིན་པའི་རྒྱལ་པོ་ཁྱོད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཐམས་ཅད་རྣམ་པར་གྲོལ། །འཁོར་ལོའི་དབུས་སུ་ཡང་དག་གནས། །དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ ཏུ་རྣམ་པར་དག་པར་བསྒོམས་ནས། དང་པོར་དཀྱིལ་འཁོར་གྱི་དབུས་སུ་བསྡད་ལ་ལག་པ་གཡོན་པ་རྡོ་རྗེ་འཆང་བར་བྱས་ལ། ཨོཾ་བཛྲ་རཾ་ག་ས་མ་ཡ་ཧཱུྃ་ཞེས་པའམ། ཡི་གེ་དྲུག་པ་བརྗོད་ཅིང་བྱང་ཤར་མཚམས་ནས་བརྩམས་ཏེ་ཤར་དུ་ཁ་ཕྱོགས་པས་ར་བ་གསུམ་བྲི་བར་བྱའོ། །དེ་ཡང་། སྦོམ་པོས་ནད་བྱེད་ པ་དང་རེ་ཁཱ་ངན་དང་ཕྲ་བས་རྫས་རྣམས་འབྲི་བར་རབ་ཏུ་གསལ་བར་འགྱུར། །ཆད་པས་འཆི་བ་དང་ནི་འཁྱོག་པོས་མི་ཡི་བདག་པོ་སྐྱེ་བོར་བཅས་པ་སྐྲོད་དེ་དེ་བཞིན་དུ། །མཚན་མ་དང་ནི་ཉི་མ་ཟླ་བ་ཆད་ན་འཇིག་འཇོམས་སྔགས་པ་རྣམས་ལ་དངོས་གྲུབ་ཡོད་པ་མིན། །རྡུལ་ཚོན་རྣམ་པར་འདྲེས་པས་རིགས་དག་ འཆད་དེ་རྒྱལ་བའི་རིགས་ཀྱི་དཀྱིལ་འཁོར་དུ་ནི་རིག་པར་བྱ། །ཞེས་པའི་དོན་ནི་བདག་ཉིད་ཀྱིས་ཏེ་གཞན་གྱིས་ཀྱང་དེ་ལྟར་བྲི་བར་བྱའོ། །འདིར་གཙོ་བོའི་ཞལ་གྱི་དབྱེ་བས་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ཚོན་གྱི་ཁ་དོག་བྱེ་བྲག་སྟེ། དེ་ལྟར་ཐུགས་ཀྱི་འཁོར་ལོའི་ནང་གི་རྡོ་རྗེ་ཕྲེང་བ་གཉིས་པའི་བར་ནག་ 14-1-128b པོའོ། །ཐུགས་དང་གསུང་དང་སྐུ་རྣམས་ཤར་གྱི་ས་གཞི་ནག་པོའོ། །ལྷོ་རྣམས་དམར་པོའོ། །བྱང་རྣམས་དཀར་པོའོ། །ནུབ་རྣམས་སེར་པོའོ། །འདོད་ཡོན་རྣམས་དཀར་པོའོ། །རིན་ཆེན་ཕ་གུ་རྣམས་དམར་པོའོ། །དྲ་བ་དང་། དྲ་བ་ཕྱེད་པ་དང་། བ་ཀུ་ལི་དང་། ཀྲ་མ་ཤིཪྵ་རྣམས་དཀར་ པོ་སྟེ་གཞི་ནག་པོའོ། །རྟ་བབས་ཀྱི་ཀ་བ་རྣམས་སེར་པོའོ། །ལས་ཐམས་ཅད་པ་ལ་གཙོ་བོའི་པདྨ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་ཁ་དོག་ཏུ་འགྱུར་རོ། །རྡོ་རྗེའི་ཕྲེང་བ་ནག་པོའོ། །ཀ་བ་རྣམས་ནི་ཤར་དུ་རལ་གྲི་ནག་པོ་རྣམས་སོ། །ལྷོར་རིན་པོ་ཆེ་དམར་པོ་རྣམས་སོ། །བྱང་དུ་པདྨ་དཀར་པོ་རྣམས་སོ། ། ནུབ་ཏུ་འཁོར་ལོ་སེར་པོ་རྣམས་སོ། །པདྨ་ལ་གནས་པའི་བུམ་པ་བརྒྱད་པོ་དཀར་པོ་པདྨའི་འདབ་མ་ལ་ཁ་ཕྱོགས་པའོ། །པདྨ་ཐམས་ཅད་ཀྱི་ལྟེ་བ་སུམ་ཆ་པའོ། །རྡོ་རྗེ་ཕྲེང་བ་གཉིས་པ་ལྗང་ཁུའོ། །ལྷའི་སྣམ་བུ་རྣམས་དཀར་པོའོ། །ར་བ་གསུམ་ནི་དཀར་པོ་དང་། དམར་པོ་དང་། ནག་པོ་རྣམས་སོ། ། ར་བ་དེ་རྣམས་ཀྱི་སའི་ཆ་དགུ་ལས་ཆ་རེ་རེ་དོར་ཏེ་ཆ་གཉིས་གཉིས་ལ་ར་བའོ། །སྒོ་ཁྱུད་རྣམས་སུ་རིན་པོ་ཆེ་རྡོ་རྗེས་སྤྲས་པའོ། །རྟ་བབས་རྣམས་ཁ་དོག་སྣ་ཚོགས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་གྱི་སྣམ་བུ་དཀར་པོའོ། །དེ་ཉིད་ལ་པདྨ་བརྒྱད་པོ་ནི་ཉི་མ་དང་ཟླ་བ་དང་བྲལ་བའི་ཕྱོགས་རྣམས་དམར་པོའོ། ། མཚམས་རྣམས་དཀར་པོའོ། །ར་བ་ལྔ་ནི་ནང་ནས་རིམ་གྱིས་ལྗང་ཁུ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་ནི་གསུང་དང་མཚུངས་པ་ལས་རྟ་བབས་ཀྱི་ཀ་བའི་འོག་རྩིག་པའི་རྩར་གདེངས་ཀ་རྣམས་ཀྱི་གདན་ཏེ་སོ་སོ་ལ་ཆ་བཅུ་གཉིས་པའོ། །དེ་ཡང་ཤར་ ཕྱོགས་སུ་རླུང་གི་དཀྱིལ་འཁོར་ནག་པོ་ཟླུམ་པོ་སྟེང་དུ་རྒྱལ་མཚན་གྱིས་མཚན་པ་དག་གོ། །ལྷོ་ཕྱོགས་སུ་གྲུ་གསུམ་གཡུང་དྲུང་རིས་ཀྱིས་མཚན་པ་དག་གོ། །ནུབ་ཕྱོགས་སུ་གྲུ་བཞི་རྡོ་རྗེས་མཚན་མ་དག་གོ། །བྱང་ཕྱོགས་སུ་ཟླ་ཕྱེད་རྣམ་པ་པདྨས་མཚན་པ་དག་གོ། །ཤར་ཕྱོགས་ཀྱི་གཡས་ཀྱི་ཟླུམ་པོའི་ གཡས་སུ་བདུད་རྩིའི་བུམ་པ་ཀླུའི་རྒྱལ་པོ་རྒྱལ་བའོ། །ནུབ་ཕྱོགས་ཀྱི་གཡོན་གྱི་གྲུ་བཞིའི་གཡོན་དུ་བདུད་རྩིའི་བུམ་པ་རྣམ་པར་རྒྱལ་བའོ། །ཤར་ཕྱོགས་ཀྱི་རྟ་བབས་ཀྱི་རྩེགས་དང་པོའི་གནས་དབུས་མ་ཆོས་ཀྱི་འཁོར་ལོ་དག་དང་། གཡས་དང་གཡོན་དུ་རི་དྭགས་བོ་དང་མོ་རྣམས་ནག་པོའོ། །ལྷོ་ཕྱོགས་སུ་ 14-1-129a བུམ་པ་བཟང་པོ་དང་གཡས་དང་གཡོན་དུ་དུང་དང་པདྨ་རྣམས་དམར་པོའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་དང་། གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་རྣམས་སེར་པོའོ། །བྱང་དུཿ་དཱུཾ་དུ་བྷི་དང་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དཀར་པོའོ། །པདྨའི་འདབ་མ་ཁ་དོག་ལྔ་སྟེ་ དེ་ཉིད་ལ་མཆོད་པའི་རྫས་རྣམས་དགོད་དོ། །སའི་དཀྱིལ་འཁོར་སེར་པོའོ། །དེའི་དབང་ལྡན་མཚམས་སུ་ཟླ་བའི་དཀྱིལ་འཁོར་གང་བ་ཆ་བཅུ་གཉིས་པའོ། །བདེན་བྲལ་མཚམས་སུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །ཆུའི་དཀྱིལ་འཁོར་དཀར་པོའོ། །མེའི་དཀྱིལ་འཁོར་དམར་པོའོ། ། རླུང་གི་དཀྱིལ་འཁོར་ནག་པོའོ། །དེ་དག་གི་དབུས་སུ་ཆ་ཉི་ཤུ་རྩ་བཞི་ལ་འཁོར་ལོ་རྩིབས་བརྒྱད་པའི་དུར་ཁྲོད་བརྒྱད་བྲི་བར་བྱའོ། །དེ་རྣམས་ཀྱི་ཕྱོགས་རྣམས་དམར་པོ་མཚམས་རྣམས་དཀར་པོའོ། །ཤར་དང་ནུབ་ཀྱི་འཁོར་ལོའི་ཕྱི་རོལ་དུ་སྟོང་པའི་དཀྱིལ་འཁོར་དག་གོ། །དེ་ཡང་དེ་དག་ནི་སྒྲུབ་ཐབས་ ཀྱི་ལེའུར་གསུངས་པ་ལྟར་རོ། །འཁོར་ལོ་བཅུ་ལ་མཚན་མ་གྲི་གུག་བྲི་བར་བྱའོ། །རླུང་གི་དཀྱིལ་འཁོར་ལ་མཚན་མ་སྣ་ཚོགས་དགོད་པར་བྱའོ། །ནམ་མཁའི་དཀྱིལ་འཁོར་གྱི་ཁ་དོག་སྔོན་པོའོ། །དེ་ཉིད་ཀྱི་ཕྱོགས་གཉིས་སུ་ཆ་གསུམ་གསུམ་པ་ཙམ་བསྐོར་བར་བྱའོ། །དབུས་ཀྱི་ཆ་དྲུག་ལ་རྡོ་རྗེའི་ ར་བའོ། །མེ་རིའི་ཕྲེང་བ་ཁ་དོག་ལྔའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་རྡུལ་ཚོན་ནག་པོའི་དཔངས་ལ་ནས་ཀྱི་རྐང་པ་གཅིག་གོ། །ལྷོ་ཕྱོགས་ཀྱི་དམར་པོ་ལ་རྐང་པ་གཉིས་སོ། །ནུབ་ཕྱོགས་ཀྱི་སེར་པོ་ལ་བཞིའོ། །བྱང་ཕྱོགས་ཀྱི་དཀར་པོ་ལ་གསུམ་མོ། །རྩིག་པའི་ཚོན་རྣམས་ནི་སེར་པོའི་ སུམ་འགྱུར་དུ་བྱ་བ་སྟེ་རྡོ་རྗེའི་ར་བ་ལ་ཡང་ངོ་། །རེ་ཁཱ་གཞན་རྣམས་ནི་ཚོན་སེར་པོ་ཉིས་འགྱུར་རོ། །པདྨ་རྣམས་ནི་སྣམ་བུ་རྣམས་ཀྱི་ཉིས་འགྱུར་རོ། །ཟླ་བ་དང་ཉི་མ་རྣམས་ནི་པདྨ་རྣམས་ཀྱི་ཉིས་འགྱུར་རོ། །དེ་ལྟར་གསུངས་པ་རྣམས་ཀྱི་ཉིས་འགྱུར་གསུང་གི་དཀྱིལ་འཁོར་ལའོ། །དེ་ཉིད་ཀྱི་ ཉིས་འགྱུར་སྐུའི་དཀྱིལ་འཁོར་ལ་སྟེ། ཀྲ་མ་ཤཱིཪྵའི་ཕྱི་རོལ་གྱི་མཆོད་པའི་ས་གཞི་ལ་ནས་གཅིག་གོ། །སའི་དཀྱིལ་འཁོར་ལ་སོགས་པ་རྣམས་རྡོ་རྗེའི་ར་བ་དང་མེ་རི་རྣམས་ཀྱི་དཔངས་སུ་སྐུའི་རྩིག་པའི་ཚད་ཀྱིས་སོ། །ས་གཞི་གཞན་རྣམས་ལ་ཚོན་སུམ་འགྱུར་རོ། །དེ་ལྟར་གཙོ་བོའི་པདྨའི་ལྟེ་བར་ལྟེ་ 14-1-129b བ་དང་མཉམ་པའི་སྟེང་དུ་དཀར་པོ་དང་། དམར་པོ་དང་། ནག་པོ་དང་། དམར་པོའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེ་རྣམས་ལ་རྡོ་རྗེ་རྩེ་མོ་གསུམ་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །ཤར་གྱི་འདབ་མ་ལ་སྤོས་སྣོད་ནག་པོའོ། །ལྷོ་ཕྱོགས་སུ་མར་མེ་དམར་པོའོ། །ནུབ་ཕྱོགས་སུ་དུང་སེར་པོའོ། ། བྱང་ཕྱོགས་སུ་ལྷ་བཤོས་དཀར་པོའོ། །མེ་མཚམས་ལ་སོགས་པར་རྔ་ཡབ་ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམས་སོ། །དེའི་ཕྱི་རོལ་གྱི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོའོ། །མེ་རུ་ཡིད་བཞིན་གྱི་ནོར་བུ་ནག་པོའོ། །བདེན་བྲལ་དུ་ཆོས་ཀྱི་གཎྜཱྀ་དམར་པོའོ། །རླུང་དུ་དཔག་བསམ་གྱི་ཤིང་སེར་ པོའོ། །འཕར་མ་གཉིས་པའི་ཤར་ཕྱོགས་ཀྱི་པདྨ་དཀར་པོ་དང་ཉི་མ་དམར་པོའི་སྟེང་དུ་རལ་གྲི་ནག་པོའོ། །མེ་མཚམས་སུ་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཨུཏྤལ་སྔོན་པོའོ། །ལྷོ་ཕྱོགས་སུ་རིན་པོ་ཆེ་ཆ་དགུ་པ་དམར་པོའོ། །བདེན་བྲལ་དུ་པདྨ་དམར་པོའོ། །ནུབ་ཕྱོགས་སུ་འཁོར་ལོ་སེར་པོའོ། ། རླུང་དུ་འཁོར་ལོ་སེར་པོའོ། །བྱང་དུ་པདྨ་དཀར་པོའོ། །དབང་ལྡན་དུ་ཨུཏྤལ་དཀར་པོའོ། །འཕར་མ་གསུམ་པའི་སྒོ་སོ་སོའི་ལོགས་རྣམས་ལ་པདྨ་བརྒྱད་དེ། །དེ་རྣམས་ལ་དྲུག་ལ་ཉི་མའོ། །ནུབ་དང་བྱང་གི་གཡོན་གྱི་ཕྱོགས་ལ་ཟླ་བའོ། །ཟུར་རྣམས་ཀྱི་པདྨ་ལ་ཟླ་བ་བཞིའོ། །དེ་རྣམས་ཀྱི་དབང་ལྡན་ ནས་བརྩམས་ཏེ། མེ་ལོང་དང་། རྡོ་རྗེ་དང་། རལ་གྲི་དང་། གོས་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། བདུད་རྩིའི་སྣོད་དང་། ཆོས་འབྱུང་དང་། འཁོར་ལོ་དང་། བྲིའི་དུང་དང་། པི་ཝང་དང་པདྨ་རྣམས་དཀར་པོ་དང་། ནག་པོ་དང་། ནག་པོ་དང་། ལྗང་ཁུ་དང་། དམར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། སེར་པོ་དང་། སེར་པོ་དང་། སྔོན་པོ་དང་། དཀར་པོ་རྣམས་སོ། །ཤར་གྱི་སྒོ་ལ་པདྨ་དང་ཉི་མའི་སྟེང་དུ་རལ་གྲི་ནག་པོའོ། །ལྷོ་ཕྱོགས་སུ་དབྱུག་པ་དམར་པོའོ། །ནུབ་ཕྱོགས་སུ་པདྨ་སེར་པོའོ། །བྱང་ཕྱོགས་སུ་ཐོ་བ་དཀར་པོའོ། །དེ་རྣམས་ལས་ཉི་མའི་དཀྱིལ་འཁོར་རྣམས་ཀྱི་པདྨ་དཀར་པོ་རྣམས་སོ། ། ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་པདྨ་དམར་པོ་རྣམས་སོ། །ཤར་ཕྱོགས་ཀྱི་འདོད་ཡོན་གྱི་རྟ་བབས་ཀ་བའི་འོག་གི་གཡོན་དུ་དུང་ནག་པོའོ། །གཡས་སུ་མེ་ཏོག་གི་ཕྲེང་བ་སྔོན་པོའོ། །ལྷོ་ཕྱོགས་སུ་སྤོས་སྣོད་དང་མར་མེ་དམར་པོའོ། ནུབ་ཕྱོགས་སུ་ཅོད་པན་དང་མུ་ཏིག་གི་ཕྲེང་བ་སེར་པོའོ། །བྱང 14-1-130a ཕྱོགས་སུ་འབྲས་བུ་དང་བདུད་རྩིས་གང་བའི་སྣོད་དཀར་པོའོ། །དེ་ལྟར་འདོད་ཡོན་སྣམ་བུ་ཀུན་ལ་གླུ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་སོ། །ཤར་གྱི་རྟ་བབས་ཀྱི་མཆོད་པའི་གནས་ཀྱི་དབུས་སུ་གོས་སོ། །ལྷོ་ཕྱོགས་སུ་པདྨའོ། །ནུབ་ཕྱོགས་སུ་ཕཊ་ཧའོ། །བྱང་ཕྱོགས་སུ་རྡོ་རྗེའོ། ། གསུང་གི་དཀྱིལ་འཁོར་གྱི་ཤར་གྱི་པདྨའི་ལྟོ་བ་དང་འདབ་མ་རྣམས་ལ་གྲི་གུག་ནག་པོ་རྣམས་སོ། །མེ་མཚམས་སུ་འཁོར་ལོ་ནག་པོ་རྣམས་སོ། །ལྷོ་ཕྱོགས་སུ་དབྱུག་པ་དམར་པོ་རྣམས་སོ། །བདེན་བྲལ་དུ་མདུང་ཐུང་དམར་པོ་རྣམས་སོ། །ནུབ་ཕྱོགས་སུ་རྡོ་རྗེ་སེར་པོའོ། །རླུང་དུ་ཚངས་པའི་དབྱུག་ པ་སེར་པོ་རྣམས་སོ། །བྱང་ཕྱོགས་སུ་རྩེ་གསུམ་པ་དཀར་པོ་རྣམས་སོ། །དབང་ལྡན་དུ་པདྨ་དཀར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་གྱི་པདྨའི་ལྟེ་བ་དང་། འདབ་མ་རྣམས་ཀྱི་མཚན་མ་རྣམས་ལ། ཤར་སྒོའི་གཡས་སུ་རལ་གྲི་རྣམས་སོ། །མེ་མཚམས་སུ་དཔག་བསམ་གྱི་ཤིང་རྣམས་སོ། ། ལྷོའི་སྒོའི་གཡོན་དུ་རྡོ་རྗེས་མཚན་པའི་དབྱུག་པ་རྣམས་སོ། །གཡས་སུ་མདུང་ཐུང་རྣམས་སོ། །བདེན་བྲལ་དུ་མདུང་རྣམས་སོ། །ནུབ་སྒོའི་གཡོན་དུ་རིན་པོ་ཆེའམ་དབྱུག་པ་རྣམས་སོ། །གཡས་སུ་རྡོ་རྗེ་རྣམས་སོ། །རླུང་དུ་ཁ་བ་རྣམས་སོ། །བྱང་གི་སྒོའི་གཡོན་དུ་རྩེ་གསུམ་རྣམས་སོ། ། གཡས་སུ་ཞགས་པ་རྣམས་སོ། །དབང་ལྡན་དུ་དགྲ་སྟ་རྣམས་སོ། །ཤར་སྒོའི་གཡོན་དུ་འཁོར་ལོ་རྣམས་སོ། །ཤར་གྱི་སྒོ་རུ་དབྱུག་པའོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ལྗང་ཁུའོ། །ལྷོའི་སྒོ་རུ་མདའ་དམར་པོའོ། །ནུབ་ཀྱི་སྒོ་རུ་དབྱུག་ཏོའོ། །དེའི་ཕྱི་རོལ་དུ་རྩེ་གསུམ་སྔོན་པོའོ། །བྱང་གི་སྒོ་རུ་ གཏུན་ཤིང་དཀར་པོའོ། །དེ་ལྟར་དབྱུག་པ་ལ་སོགས་པ་རྣམས་པདྨ་དང་ཉི་མ་ལ་གནས་པའོ། །གསུང་དང་སྐུའི་དཀྱིལ་འཁོར་གྱི་ཕྱོགས་ཀྱི་པདྨ་རྣམས་དམར་པོའོ། །མཚམས་ཀྱི་པདྨ་རྣམས་དཀར་པོའོ། །འདིར་གསུང་གི་དཀྱིལ་འཁོར་གྱི་ཤར་སྒོའི་འདོད་ཡོན་གྱི་སྣམ་བུའི་གཡས་སུ་ཨུཏྤལ་དང་ གོས་དང་གྲི་གུག་དང་། འཁོར་ལོ་དང་ཁ་ཊྭཱཾ་ག་རྣམས་ནག་པོའོ། །གཡོན་དུ་གྲི་གུག་དང་། རལ་གྲི་དང་། གྲི་གུག་དང་། ཡང་གྲི་གུག་རྣམས་ནག་པོའོ། །ལྷོའི་སྒོའི་གཡས་སུ་པདྨ་དང་། །བདུད་རྩིའི་སྣོད་དང་། དབྱུག་པ་དང་། མདུང་ཐུང་དང་། པདྨ་རྣམས་དམར་པོའོ། །གཡོན་དུ་མདའ་དང་། དགྲ་ 14-1-130b སྟ་དང་། གྲི་གུག་དང་། ཡང་གྲི་གུག་རྣམས་དམར་པོའོ། །ནུབ་སྒོའི་གཡས་སུ་འཁོར་ལོ་དང་། དྲིའི་དུང་དང་། རྡོ་རྗེ་དང་། ཁབ་དང་། འཁོར་ལོ་རྣམས་སེར་པོའོ། །གཡོན་དུ་ཕུབ་དང་། ཆོས་འབྱུང་དང་། འཁོར་ལོ་དང་། གྲི་གུག་རྣམས་སེར་པོའོ། །བྱང་སྒོའི་གཡས་སུ་ཨུཏྤལ་དང་། མེ་ལོང་དང་། རྩེ་ གསུམ་དང་། པདྨ་དང་། ཨུཏྤལ་རྣམས་དཀར་པོའོ། །གཡོན་དུ་རྡོ་རྗེ་སྔོན་པོ་དང་། ཐོ་བ་དང་། གྲི་གུག་དང་། ཡང་གྲི་གུག་རྣམས་དཀར་པོའོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་སྐུའི་དཀྱིལ་འཁོར་གྱི་འདོད་ཡོན་ལ་ཡང་གོ་བར་བྱའོ། །དེ་ནས་ཧཱུྃ་ཡིག་དང་། ཡི་གེ་དྲུག་པ་བཟླས་ཤིང་བདུད་རྩི་ལྔ་དང་བཅས་བ་ དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་བྱུགས་ནས་དེ་ཉིད་བཟླས་ཤིང་ཆུས་དཀྱིལ་འཁོར་ལ་བསང་གཏོར་བྱའོ། །དེ་ནས་ཚོན་རྣམས་ཀྱི་ལྷག་མའི་ཡེ་ཤེས་པ་ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་བརྗོད་དེ་གཤེགས་སུ་གསོལ་བ་དང་། འདུ་འཛི་མེད་པའི་ས་རུ་གཞག་པར་བྱའོ། །འདི་ནི་ཚོན་དགྱེ་བའི་ཆོ་གའི་རིམ་པའོ།། །། དེ་ནས་སྔོན་དུ་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བཞི་གཞག་གོ། །ཡང་ནུབ་ཏུ་རྣམ་པར་རྒྱལ་བའི་བུམ་པ་ལྔའོ། །ཤར་དུ་རྒྱལ་བའི་བུམ་པ་དྲུག་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་ངོ་ཞེས་པ་ནི་བུམ་པ་དྲུག་གི་ཕྱོགས་སོ། །བུམ་ པ་བཅུའི་ཕྱོགས་ལྟར་ན་ཕྱོགས་མཚམས་བརྒྱད་དུ་བརྒྱད་དང་ནུབ་ཀྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱིས་མ་རེག་པར་རྣམ་པར་རྒྱལ་བའི་བུམ་པའོ། །ཤར་གྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱིས་མ་རེག་པར་རྒྱལ་བའི་བུམ་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་བཅུ་གཅིག་པའོ། །དེ་ཡང་ཞི་བ་དང་ རྒྱས་པ་དང་ལས་ཐམས་ཅད་པ་ལ་དུང་ངོ་། །གདུག་པའི་ལས་ཐམས་ཅད་ལ་ཐོད་པའོ། །དབང་དང་དགུག་པ་ལ་ཟངས་དང་གསེར་རོ། །རེངས་པ་དང་རྨོངས་པ་ལ་ཁམ་ཕོར་རོ། །དེ་ནས་ལས་དང་མཚུངས་པའི་གོས་དང་སྐུད་པས་མགྲིན་པར་དཀྲི་བར་བྱ་སྟེ། བཞག་པ་འདི་ནི་བུམ་པ་དགྲམ་པའི་ཆོ་གའོ། །དེ་ ནས་མཚམས་བཞི་རུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་བཀླག་པར་བྱའོ། །ག་བུར་དང་དུ་རུ་ཀ་དང་ཨ་ག་རུ་ལ་སོགས་པའི་སྤོས་སྣ་ཚོགས་ཕྱོགས་མཚམས་བརྒྱད་དུ་གཞག་གོ། །སྣ་ཚོགས་པའི་གོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་ལ་གཙོ་བོའི་སྔགས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པའི་སྔགས་བརྗོད་ 14-1-131a དེ། རིམ་པ་བཞིན་གནས་སུ་དགྲམ་མོ། །དཀྱིལ་འཁོར་གྱི་ཁང་པའི་སྒོ་རྣམས་སུ་རྟ་བབས་ལ་སྣ་ཚོགས་པའི་གོས་དང་དྲིལ་བུ་དང་རྔ་ཡབ་རྣམས་ཀྱིས་བརྒྱན་པའོ། །འོ་མ་དང་བཅས་པའི་ཆུ་ཤིང་གི་ཀ་བ་དང་གང་བའི་བུམ་པ་ཁ་རྒྱན་དང་བཅས་པ་ཡང་གཞག་གོ། །དེ་ནས་སློབ་ དཔོན་ཤར་ཕྱོགས་སུ་བསྡད་ལ་སྒྲུབ་ཐབས་སུ་གསུངས་པའི་སྡིག་པ་བཤགས་པ་ལ་སོགས་པ་དང་སྲུང་བའི་འཁོར་ལོ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རྣམས་ཀྱི་ཆོ་ག་བྱས་ལ། བཅུ་དྲུག་ལོ་ཉིད་ལོན་པ་ཡི། བཙུན་ མོ་ཤིན་ཏུ་རབ་ཏུ་མཛེས། །དྲི་དང་མེ་ཏོག་དང་ལྡན་མ། །དེ་ཉིད་ལེགས་པར་བསླབས་པ་དང་། །དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་རྒྱ་མཚོ་སྣ་ཚོགས་ཡུམ། །སངས་རྒྱས་ཚོགས་རྣམས་སྤྲོས་པ་དང་། །ནམ་མཁའི་ཁམས་སུ་ལེགས་པར་བརྒྱན། །ཞེས་པ་རབ་ཏུ་གསུངས་པས་ཕྱིའི་ཕྱག་རྒྱ་ ལ་སྙོམས་པར་འཇུག་པའམ། དེ་ལྟར་མ་ཡིན་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པ་དང་། སྦྱོར་བའི་སྒྲས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿ་ཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་རྣམས་བྱས་ལ་ཞབས་བསིལ་དང་། ཡོན་ཆབ་ལ་སོགས་པ་སྔོན་དུ་སོང་བས་བདག་ཉིད་ལ་གཞུག་པར་བྱས་པ་དང་། ཆགས་པ་ཆེན་པོས་ཞུ་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ། ལྷ་མོའི་པདྨར་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་བར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་བསྒོམས་ཏེ། གནས་རྣམས་ཀྱི་རིམ་པས་དེ་རྣམས་ སྤྲོ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ལ་ཕྱི་དང་གསང་བའི་མཆོད་པས་མཆོད་པར་བྱའོ། །མཆོད་པ་དེའི་རིམ་པ་ནི། ཨོཾ་ཨཱཿཧཱུྃ་ཧོ། ཏྲེེ་དྷཱ་ཏུ་ཀེ་ཤྭཱ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཱ་ཏྭཱཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷ་ཝ་ཤི་ཥྱཉྩ། ཞེས་གསོལ་བ་བཏབ་ལ་ཡོན་ཆབ་ཀྱི་མཎྜལ་རྡུལ་ ཚོན་གྱི་ཕྱི་རོལ་དང་། མཎྜལ་གཞན་རྣམ་རྒྱལ་གྱི་བུམ་པའི་སྔོན་དུ་བྱས་ལ་སྔགས་རྣམས་ཀྱི་དང་པོར་ཨོཾ་དང་ཐ་མར་ན་མཿདང་ལྡན་པའི་སྔགས་བརྗོད་ཅིང་མེ་ཏོག་ལ་སོགས་པས་མཆོད་པ་ནི། བུདྡྷ་ཡ། དྷརྨྨཱ་ཡ། སཾ་གྷཱ་ཡ། བཛྲ་སཏྭ་ཡ། པྲཛྙཱ་པཱ་ར་མི་ཏཱ་ཡེེ། སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ། དྷརྨྨ་ཀཱ་ཡཱ་ཡ། སཾ་ 14-1-131b བྷོ་ག་ཀཱ་ཡཱ་ཡ། ནིརྨཱ་ཎ་ཀཱ་ཡཱ་ཡ། ཛྙཱ་ན་བཛྲཱ་ཡ། ཙིཏྟ་བཛྲཱ་ཡ། བཱ་ཀ་བཛྲཱ་ཡ། ཀཱ་ཡ་བཛྲཱ་ཡ། ཙ་ཏུར་བི་མོ་ཀྵེ་བྷྱོ། ཙ་ཏུར་བྲཧྨ་བི་ཧཱ་རེ་བྷྱོ། སཔྟ་ཏྲིཾ་ཤད་བྷྱོ། དྷི་པཀྵི་ཀ་དྷརྨྨེ་བྷྱོ། ཙ་ཏུར་སཱི་ཏི་སཱ་ཧ་པྲ་དྷརྨྨ་སྐནྡྷེ་བྷྱོ། སརྦ་དྷརྨྨཱ་དེ་ཤ་ཀ་བྷྱོ། རཏྣ་ཏྲ་ཡཱ་ཡ། ཤཱཀྱ་མུ་ན་ཡེ། ཀཱ་ལ་ཙཀྲཱ་ཡ། དཱན་ པཱ་ར་མི་ཏྲཱ་ཡེེ། ཤཱི་ལ་པཱ་ར་མི་ཏཱ་ཡེེ། ཀྵཱནྟི་པཱ་ར་མི་ཏཱ་ཡེེ། བཱིརྱཱ་པཱ་ར་མི་ཏཱ་ཡེེ། དྷྲ་ན་པཱ་ར་མི་ཏཱ་ཡེེ། པྲཛྙཱ་པཱ་ར་མི་ཏཱ་ཡེེ། ཨུ་པཱ་ཡ་པཱ་ར་མི་ཏཱ་ཡེེ། པྲ་ཅི་དྷ་ན་པཱ་ར་མི་ཏྲཱ་ཡེེ། བ་ལ་པཱ་ར་མི་ཏཱ་ཡེེ། ཛྙཱ་ན་པ་ཀིར་མི་ཏཱ་ཡེེ། ཛ་ཡ་གྷ་ཊེ་བྷྱོ། བི་ཛ་ཡ་གྷ་ཊེ་བྷྱོ། སརྦ་ཙིཏྣོ་བྷྱོ། སརྦ་མུ་དྲཱ་བྷྱོ། ཙིནྟ་མ་ཎི ཡཻ། དྷརྨྨ་གྷཎ་ཊྱེེ། དྷརྨྨ་ཤཾ་ཁཱ་ཡ། ཀ་ལྤ་བྲྀཀྵཱ་ཡ། ཨཀྵོ་བྷྱཱ་ཡ། ཨ་མོ་གྷ་སིདྡྷཱ་ཡེེ། རཏྣ་སཾ་བྷ་བཱ་ཡ། ཨ་མི་ཏཱ་བྷཱ་ཡ། བཻ་རོ་ཙ་ནཱ་ཡེེ། ལོ་ཙ་ནྱེེ། མཱ་མ་ཀྱེེ། པཎྜ་རཱ་ཡེེ། ཏཱ་རཱ་ཡེེ། བཛྲ་དྷཱ་ཏྭཱི་ཤྭརྱེ། བཛྲ་པཱ་ཎ་ཡེེ། ཁ་གརྦྷཱ་ཡ། ཀྵི་ཏི་གརྦྷཱ་ཡ། ལོ་ཀེ་ཤྭཱ་རཱ་ཡ། སརྦ་ནི་བ་ར་ཎི་བྷ་སྐ་མྦྷི་ ནི། ས་མནྟ་བྷ་དྲཱ་ཡ། གནྡྷ་བཛྲཱ་ཡེེ། རཱུ་པ་བཛྲཱ་ཡེེ། རཱ་ས་བཛྲཱ་ཡེེ། སྤཪྴ་བཛྲཱ་ཡེེ། ཤཔྟ་བཛྲཱ་ཡེེ། དྷརྨྨཱ་དྷཱ་ཏུ་བཛྲཱ་ཡེེ། ཨུཥྞཱི་ཤཱ་ཡ། བི་གྷ་ནཱནྟ་ཀཱ་ཡ། པྲཛྙཱ་ན་ཏ་ཀཱ་ཡ། པདྨཱ་ན་ཏ་ཀཱ་ཡ། ཡ་མཱནྟ་ཀཱ་ཡ། སྟཾ་བྷི་ཎྱེ། མཱ་ནི་ཎྱེ། སྟཾ་བྷི་ཎྱེེ། ཨ་ཏི་བཱི་ཏྱཱ་ཡེེ། ཨ་ཏི་ནཱི་ལ་ཡེེ། སརྦ་དྷ་རི་ཎཱི་ བྷྱོ། ཥ་ཊྭཱཾ་གཱ་ཡ། ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །བཛྲ་ཙརྩི་ཀཱ་ཡེེ། བཛྲ་བཱ་ར་ཧྱཻ། བཛྲ་མ་ཧེ་ཤྭ་རྱེེ། བཛྲ་ཨི་ནྡྱ། བཛྲ་བྲཧྨ་ཎྱེེ། བཛྲ་མ་ཧཱ་ལ་ཀྱེེ། བཛྲ་ཀཽ་མཱ་རྱེེ། བཛྲ་བེཥྞ་བཻ། ཨཥྚ་ཨཥྚ་ཀེན་ཙ་ཏུཿ། ཥཥྛི་བཛྲ་ཡོ་གི་ནི་བྷྱོ། ཥ་ཌ་ཏྲིཾ་ཤད་ཨཱིཙྪ་བྷྱོ། ཞེས་བྱ་བ་ འདི་ནི་གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །བཛྲ་བིཥྞ་བཻ། བཛྲ་ནཻ་རེ་ཏྱཱ་ཡ། བཛྲ་ཨགྣ་ཡེ། བཛྲེ་ད་དྷ་ཡེ། བཛྲེ་ནྡྲཱ་ཡ། བཛྲེ་ཤྭཱ་རཱ་ཡ། བཛྲ་བྲཧྨ་ཎེ། བཛྲ་བི་ནཱ་ཡ་ཀཱ་ཡ། བཛྲ་ཀཱིརྟི་ཀེ་ཡཱ་ཡེ། བཛྲ་བཱ་ཡ་བཻ། བཛྲ་ཡ་མཱ་ཡ། བཛྲ་ཡཀྵེ་བྷྱོ། བ་རུ་ཎྱེེ། བཱ་ཡ་བྱེེ། ཡཱ་མི་ཎྱཻ། ཡཱ་ཀྵི་ནྱེེ། མ་ཧཱ་ པ་ལཱ་ཡ། ཨ་ཙ་ལཱ་ཡ། ཊཀྐི་རཱ་ཛཱ་ཡ། ནཱི་ལ་དཎྜཱ་ཡ། སུམྦྷ་རཱ་ཛཱ་ཡ། རོ་དཱ་ཀྵི་ཡེ། བཛྲ་ཤྲཱིཾ་ཁེ་ལཱ་ཡེེ། ཙུནྡཱ་ཡེེ། བྷྲྀ་ཀུ་ཊྱེེ། མཱ་རི་ཙྱེེ། པྲ་ཏྱེ་ཀ་མཱ་བྷེ་དེ་ན་ཥ་ཥྚི་ཨུཏྟ་ར་ཏྲིཾ་ཤ་ཏ་བཛྲ་ཏི་ཐི་དེ་བཱི་བྷྱ། ཥཌ་ཏྲིཾ་ཤད་པྲ་ཏཱིཙྪ་བྷྱོ། བཛྲ་ཛ་ཡཱ་ཡ། བཛྲ་ཀརྐོ་ཊ་ཀཱ་ཡ། བཛྲ་བཱ་སུ་ཀ་ཡེ། བཛྲ་ཨ་ནནྟཱ་ཡ། བཛྲ་ 14-1-132a ཏཀྵ་ཀཱ་ཡ། བཛྲ་མ་ཧཱ་པདྨཱ་ཡ། བཛྲ་ཀུ་ལི་ཀཱ་ཡ། བཛྲ་ཤཾ་ཁ་པཱ་ལཱ་ཡ། བཛྲ་པདྨཱ་ཡ། བཛྲ་བི་ཛ་ཡཱ་ཡ། ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་ལ་མཆོད་པའོ། །ཤྭཱ་ནཱ་སྱ་ཡེེ། སུ་ཀཱ་ར་སྱ་ཡེེ། བྱཱ་སྟྲཱ་སྱ་ཡེེ། ཛཾ་བུ་ཀཱ་སྱ་ཡེེ། ག་རུ་ཌཱ་སྱ་ཡེེ། ཨུ་ལཱུ་ཀཱ་སྱཱ་ཡེེ། གྲྀ་བྷྲ་སྱ་ཡེེ། ཀཱ་ཀཱ་སྱ་ཡེེ། སརྦ་བྷཱུ་ཏེ་བྷྱོ། ཞེས་བྱ་བ་འདི་ནི། དུར་ཁྲོད་བརྒྱད་རྣམས་ལ་མཆོད་པའོ། །བཛྲ་ཙནྡཱ་ཡ། བཛྲ་སཱུརྱཱ་ཡ། བཛྲ་མཾ་ག་ལཱ་ཡ། བཛྲ་བུདྡྷ་ཡ། བཛྲ་བྲྀ་ཧ་སྤ་ཏ་ཡེ། བཛྲ་ཤུ་ཀྲཱ་ཡ། བཛྲ་ས་ནཻཤྩ་རཱ་ཡ། བཛྲ་ཀེ་ཏ་པེ། བཛྲ་རཱ་ཧ་བེ། བཛྲ་ཀཱ་ལ་ཨགྣ་ཡེ། བཛྲ་དྷྲུ་བེ། བཛྲཱ་ག་སྟྱ་ཡ། སརྦ་ན་ཀྵ་ཏྲོ་བྷྱོ། དྭཱ་ད་ཤ་རཱ་སི་བྷྱོ། ཥོ་ཌ་ཤ་ཀཱ་ལཱ་བྷྱོ། ད་ཤ་དི་ག་པཱ་ལེ་བྷྱོ། ནན་དི་ཀེ་ཤྭརཱ་ཡ། བཛྲ་མ་ཧཱ་ཀཱ་ལཱ་ཡ། བཛྲ་གྷཎྜ་ཀརྞཱ་ཡ། བཛྲ་བྷྲྀཾ་གི་ནི། སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ། སརྦ་དཱུ་ཏི་བྷྱོ། ཧཱ་རཱི་ཏྱེེ། སརྦ་སིདྡྷི་བྷྱོ། དྷརྨྨ་ཙཀྲཱ་ཡ། བྷ་དྲ་ག་ཌཱ་ཡ། བཛྲ་དུནྡུ་བྷི། བོ་དྷི་བྲྀཀྵཱ་ཡ། གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿཞེས་ པའོ། །དེ་ལྟར་མཆོད་པའི་དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱའོ། །ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་རང་གི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བླུགས་ལ་བདུད་རྩི་རུ་བྱས་པ་མྱང་བར་བྱ་སྟེ། འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །འཁོར་རྣམས་ཀྱི་སྔགས་ཉི་ཤུ་ རྩ་གཅིག་རྩ་གཅིག་དང་ཡི་གེ་བརྒྱ་པ་བཟླས་སོ། །གསུང་བར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པ་ནི། ཕྱོགས་རྣམས་ན་གནས་པའི་སྒྲུབ་པ་པོའི་གྲོགས་མཆོག་དཀྱིལ་འཁོར་སྲུང་དུ་བཅུག་ལ་ཕྱི་རོལ་དུ་སོང་ལ་ཁྲོ་བོ་ལ་སོགས་པ་ལ་གཏོར་མ་སྦྱིན་ནོ། །དེ་ནས་ཆོ་ག་ལྷག་ཆད་ལ་ སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་གསུང་བར་འགྱུར་བའི་ཆོ་གས་ཞི་བ་དང་རྒྱས་པའི་སྦྱིན་སྲེག་སློབ་མས་བྱས་ཏེ། མེད་པར་གྱུར་ན་རང་ཉིད་ཀྱིས་སོ། །རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་མེ་ཏོག་གི་ཕྲེང་བའི་སྔགས་དང་རྐང་པ་བཅུ་དྲུག་པ་བཟློས་ཤིང་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་ཤར་སྒོའི་སློབ་དཔོན་དང་ སྟབས་ཅིག་ཏུ་ལན་གསུམ་དུ་བསྐོར་བ་བྱའོ། །དཀྱིལ་འཁོར་ལ་བལྟས་ཏེ་གཙོ་བོ་ལ་མེ་ཏོག་གི་ཕྲེང་བ་ཕུལ་ལ། ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་སྒོ་བཞི་ཕྱི་བར་བསམས་ལ། ཨོཾ་ས་མ་ཡ་པྲ་བེ་ཤ་ཡ་མི་ཞེས་པ་བརྗོད་དེ། སླར་ཡང་མེ་ཏོག་གི་ཕྲེང་བ་གར་བྱ་ཞིང་བླངས་ནས་ 14-1-132b རང་གི་མགོ་ལ་གཞག་གོ། །འཁོར་ལོ་ལ་ཕྱག་བྱས་ཏེ་སེམས་ཅན་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་བྱིན་ཅིག་པས་གསོལ་བ་གདབ་པ་སྟེ། འདི་ནི་དཀྱིལ་འཁོར་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་ལ་མཆོད་པ་བྱས་ལ། དེའི་ཕྱི་རོལ་དུ་ལེགས་པར་བརྟགས་པའི་ང་རྒྱལ་ལ་སོགས་ པའི་སྐྱོན་དང་བྲལ་བའི་དགེ་བསྙེན་ལ་སོགས་པ་བསླབ་པ་ལ་གནས་པ། ཐོས་པ་ལ་སོགས་པའི་ཕ་རོལ་དུ་སོང་བ་ཐེག་པ་ཆེན་པོའི་སྡོམ་པ་ལ་མོས་པ་རིགས་དང་ཡོན་ཏན་མེད་པ་དང་གཟུགས་ངན་པའི་སློབ་མ་རྣམས་ཀྱང་གཟུང་བར་བྱའོ། །གལ་ཏེ་དེ་ཉིད་མཆོག་ཏུ་དད་པ་དང་ལྡན་པ་རྡོ་རྗེ་སེམས་དཔའི་སྡོམ་པ་ལ་ ལྷག་པར་མོས་པ་རྡོ་རྗེ་ཐེག་པ་ལ་སློབ་དཔོན་གཞན་ལ་མི་ཕྱོགས་པ་སྟེ། དེ་ཡང་ཕྱེད་དང་བཅས་པའི་སུམ་བརྒྱ་ལས་གསུངས་པ། སོ་སོའི་བསླབ་པ་ལ་གནས་པའི། ཐེག་པ་ཆེ་ལ་ལྷག་པར་མོས། །འཁོར་རྣམས་བཞི་པོ་མ་ལུས་པ། །གཟུགས་ངན་ཡོན་ཏན་མེད་པ་དང་། །དམན་པར་གྱུར་ཀྱང་དཀྱིལ་ འཁོར་གྱི། །ཆོ་གས་རྗེས་གཟུང་ལྷག་གནས་བྱ། །ཞེས་པས་སོ། །དེ་ལྟར་སློབ་མ་གཅིག་གམ་གཉིས་སམ་མང་པོར་གྱུར་པ་རྣམས་མཎྜལ་བྱས་པ་དང་པུས་མོ་གཉིས་ས་ལ་བཙུགས་ལ་མེ་ཏོག་སྙིམ་པར་བཟུང་སྟེ། འཇིག་རྟེན་འདི་ལ་བདེ་དོན་དང་། །འཇིག་རྟེན་ཕ་རོལ་བདེ་དོན་དང་། །འོན་ཀྱང་སངས་ རྒྱས་ཐོབ་དོན་དུ། བློ་དང་ལྡན་པ་འཇུག་པར་བྱ། །ཞེས་པའི་དོན་གོ་བར་བྱས་ལ་རང་གི་ཁ་ནས་གཞུག་ཅིང་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་གནས་པ་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པས་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཞལ་ནས་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་དབང་ བསྐུར་བར་བསམས་ལ། དེ་དཀྱིལ་འཁོར་གྱི་ཤར་སྒོར་གནས་པས་འཇུག་པའི་གསོལ་བ་གདབ་པ་ནི། སྐྱེ་དང་རྒ་དང་འཆི་བ་དང་། །ཆུ་སྲིན་ལ་སོགས་འཇིགས་པ་ཡི། །འཁོར་བའི་རྒྱ་མཚོ་ལས་འདོན་ཁྱོད། །ང་ལ་སྟོན་པ་མགོན་པོ་ཆེ། །བདེ་བ་ཆེན་པོར་བདག་འཚལ་བས། བྱང་ཆུབ་ཆེན་པོའི་ལམ་ བསྟན་པ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་བྱིན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་ལ། དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ། 14-1-133a བུ་ཚུར་ཐེག་པ་ཆེན་པོ་ཡི། ལམ་ཆེན་ལ་ནི་ཆས་པ་པོ། །སྔགས་ཀྱི་སྤྱོད་པ་ཆོ་གའི་ལམ། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་ལ་གནས་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྔགས་ཀྱི་ནུས་པ་འདི་ཉིད་ཀྱིས། །མཉམ་པ་མེད་པའི་ཡེ་ཤེས་ཐོབ། ། སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་པ་རྣམས་བསྒྲལ་བའི་ཕྱིར། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །བློ་གྲོས་ལྡན་པས་དེ་ལྟར་མཛོད། ། ཞེས་པའི་དོན་གོ་བར་བྱའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ལ་ནི་ངེས་མཛད་ལྟར། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་མཆོག་ནི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། ། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་སྡོམ་པ་ལས་བྱུང་བ། །དུས་འདི་ནས་ནི་གཟུང་བར་བགྱི། ཞེས་པ་དང་། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་རྣམས་ཏེ་འདོད་ པའི་རྡོ་རྗེ་རྣམས་ནི་སྤྱི་བོར་གཟུང་བར་བགྱི། །རིན་ཆེན་རིགས་སུ་འདིར་ནི་སྦྱིན་པ་སྦྱིན་བྱ་འཁོར་ལོར་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བྱ། །རལ་གྲིའི་རིགས་སུ་མཆོད་པ་བྱ་སྟེ་གསལ་བར་ཆུ་སྐྱེས་རིགས་སུ་སྡོམ་པ་ཡང་དག་བསྐྱང་བར་བྱ། །སེམས་ཅན་རྣམས་ཀྱི་ཐར་པའི་རྒྱུ་རུ་རྒྱལ་བ་སྐྱེད་བྱེད་རིགས་ སུ་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་དང་། མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བར་བ་གྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པ་ཡང་བརྗོད་པར་བྱའོ། །དེ་ནས་ཡི་གེ་དྲུག་གིས་བསྲུངས་ལ། དེའི་སྙིང་ག་དང་ 14-1-133b མགྲིན་པ་དང་དཔྲལ་བ་རྣམས་ལ་སྒྲ་གཅན་དང་། ཉི་མ་དང་ཟླ་བ་རྣམས་ལ་གནས་པ་ནག་པོ་དང་། དམར་པོ་དང་དཀར་པོའི་ཧཱུྃ་དང་ཨཱཿདང་ཨོཾ་རྣམས་རྣམ་པར་བསམ་པར་བྱའོ། །དེ་རྣམས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་དབྲལ་བ་རྣམས་ལ་དྲི་ཆུ་དང་། མེ་ཏོག་དང་བཅས་པའི་རྡོ་རྗེས་རེག་ལ་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་མར་མེ་དང་ལྷ་བཤོས་རྣམས་དབུལ་ལོ། །དེ་ནས་ཨུ་དུམྺར་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ། སྲོག་ཆགས་མེད་པ་འཁྱོགས་པ་མ་ཡིན་པ། པགས་པ་མ་བཤུས་པ་རྨ་མེད་པ། དྲི་ཞིམ་པོའི་ཆུས་བཀྲུས་པ་དང་། སྟེང་གི་ཆ་ལ་མེ་ཏོག་བཅིངས་ཏེ། སློབ་མ་ཁ་ཤར་ དུ་ཕྱོགས་པ་ལ་སྔགས་འདིས་སྦྱིན་པར་བྱའོ། །ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿབཛྲ་དནྟ་ཀཱ་ཥྛ་ཙ་ཏུ་ར་པི་མོ་ཀྵ་མུ་ཁ་པི་ཤུདྡྷི་སྭ་བྷཱ་ཝ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དནྟཱ་ཨཱ་དི་མ་ལཾ་བི་ཤོ་དྷ་ཡ་བི་བོ་དྷ་ཡ་སྭཱ་ཧཱ། ཞེས་པས་ཏེ་དེ་ཡང་གྲུ་བཞི་པ་ཁྲུ་བཞི་དང་ལྡན་པ་ལ། བ་ལང་གི་ལྕི་བ་ལ་སོགས་པས་བྱུགས་པའི་མཎྜལ་ལ་ཨོཾ་ཨཱཿཧཱུཾ། ཞེས་པ་ལན་བདུན་བརྗོད་ནས་སོ་ལ་བྲུད་དེ་བསྒྱུར་རོ། །སོ་ཤིང་མཎྜལ་ལྷུང་བ་དེ་གང་དུ་ཕྱོགས་ཀྱི་དབྱེ་བས་འབྱུང་བར་འགྱུར་བའི་དངོས་གྲུབ་བརྟག་པར་བྱའོ། །མཎྜལ་གྱི་ཕྱིར་སོང་ན་དངོས་གྲུབ་མེད་དོ། །དེ་ནས་དྲི་ཞིམ་པོའི་ཆུ་བདུད་རྩི་ལྔ་དང་བཅས་པས་ཁྱོར་བ་གསུམ་བླུད་པ་ནི། ཨོཾ་ཧྲཱིཿབི་ཤུདྡྷ་ དྷརྨྨཱ་སརྦ་པཱ་པཱ་ནི་ཙཱསྱ་ཤོ་དྷ་ཡ་སརྦ་བི་ཀལ་བཱན་ཨ་པ་ན་ཡ་ཧཱུྃ་ཞེས་བརྗོད་པས་སོ། །དེ་ནས་མཉམ་པར་གཞག་པ་ལ་ཉེ་བར་གནས་ཏེ། ཧཱུྃ་ལས་བྱུང་བའི་ཀུ་ཤ་སྟེང་གི་ཆ་མཉམ་པ་ལ་དེ་ཉིད་དང་ཡི་གེ་དྲུག་པ་བཟླས་པ་ནི་སྟན་གྱི་དོན་དུའོ། །དེ་ལྟར་ཡང་སྔས་ཀྱི་དོན་དུ་དྷཱིཿལས་བྱུང་བ་དེ་ཉིད་དང་། ཡི་གེ་དྲུག་པ་བཟླས་ སོ། །དེ་ཡང་ཨོཾ་བཛྲ་ཏཱིཀྵྞ་ཞེས་པ་བརྗོད་ལ་སྦྱིན་པར་བྱའོ། །དེ་ནས་སྐུད་པ་དམར་པོ་སུམ་སྒྲིལ་ཧཱུྃ་ལས་བྱུང་བ་ལ་དེ་ཉིད་དང་ཡི་གེ་དྲུག་པ་བཟླས་ཏེ། མདུད་པ་གསུམ་བྱས་པ་རྒྱུད་དང་རྒྱུད་ལས་གསུངས་པའི་རྒྱུ་མཚན་གྱིས་བཅིང་བ་ནི། ཨོཾ་བུདྡྷ་མེེ་ཏྲི་རཀྵ་རཀྵ་སརྦྦན་སྭཱ་ཧཱ། ཞེས་བརྗོད་པས་སོ། །དེ་ ནས་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། གཙུག་ཏོར་རྣམས་སུ་ཨོཾ་ཨཱཿཧུྃ་ཧོ་ཧཾ་ཀྵཿ། ཞེས་པའི་རིགས་དྲུག་རིམ་པ་བཞིན་བཀོད་ལ་སྔགས་འདིས་རྡོ་རྗེ་སེམས་དཔའ་བསྐུལ་བ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨཿབཛྲ་ས་ཏྭ་མ་ཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་བྷ་བ་ས་ན་ 14-1-134a ཏུཥྚ་བྷ་བ། ཝ་ར་དོ་བྷ་ཝ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་དྷིཥྛ་ནཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་འཁོར་བ་ལ་གནས་པས་སངས་རྒྱས་ཀྱི་ཆོས་རྙེད་པར་དཀོན་ཏེ། དེ་ཐོབ་པས་སྡུག་བསྔལ་མ་ལུས་པ་དང་བྲལ་བར་འགྱུར་ཞེས་པས་འཇིགས་པ་ལས་གཟེངས་བསྟོད་པ་ནི། མངལ་དུ་མངལ་གནས་ཉིད་ དང་སྐྱེ་བའི་དུས་དང་བྱིས་པའི་རང་བཞིན་རྣམས་ཀྱིས་མི་བཟད་སྡུག་བསྔལ་ལོ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་བཀྲ་ཤིས་འདོད་པས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒ་དང་འཆི་བའི་སྡུག་བསྔལ་ཆེན་པོ་དག་སྟེ་སླར་ཡང་ངུ་འབོད་ལ་སོགས་འགྲོ་དྲུག་འཇིགས་སྟེར་བ། །འགྲོ་བ་འདི་རྣམས་མ་ ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་བ་ལས་སྡུག་བསྔལ་འགྱུར་བའོ། །འཁོར་བའི་ནང་ནས་གལ་ཏེ་མི་ཉིད་དག་ཏུ་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ལའོ། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ཉིད་ལ་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེའི་ཐེག་པ་དང་ནི་མ་ ལུས་སྙིང་པོ་སྒོམ་པའི་བློ་འཇུག་བརྒྱ་ལམ་ནའོ། །དེ་ལས་སངས་རྒྱས་ཉིད་དེ་འདོད་ཆགས་བདེ་བའི་གོ་འཐོང་ལ་འཇུག་ཨེ་མའོ་ཤིན་ཏུ་དཀའོ། །ཞེས་པ་དང་། བསྐལ་པ་བྱེ་བ་གྲངས་མེད་པར། །གང་གིས་སྔོན་དུ་སྡིག་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་རྣམས་མ་ལུས་ཟད་པར་ འགྱུར། གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པས། །སྡུག་བསྔལ་རྣམས་ལ་གནས་པ་ཡི། ངན་སོང་སྐྱེ་བ་འཇོམས་པར་བྱེད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཞིག་རྒྱལ་བ་སྲས་བཅས་པ། །བསྟན་པ་འདི་ལ་ཁྱེད་རྣམས་ ཀྱིས། །ཐམས་ཅད་ཡོངས་སུ་ཁ་གཟུང་བར་གྱིས། །བདག་ཉིད་ཆེན་པོར་བསྐྱེད་པ་དེས། །ཁྱེད་རྣམས་ཐེག་པ་ཆེན་པོ་ལ། །ལེགས་པར་བགྲོད་པར་འགྱུར་བ་ཡིས། །དེ་ཕྱིར་འདི་ནི་ལམ་གྱི་མཆོག །ཐེག་ཆེན་འབྱུང་བའི་གཞི་ཡིན་པས། །གང་ཞིག་འགྲོ་བར་འགྱུར་བ་རྣམས། །དེ་བཞིན་ གཤེགས་པ་རྣམས་སུ་འགྱུར། །ཞེས་པས་སོ། །དེ་ནས་དེ་ཉིད་ཡི་གེ་དྲུག་གིས་བསྲུངས་ལ་བཟླས་པའི་དོན་དུ་དེ་ཉིད་བྱིན་ཏེ་ནང་པར་སྔ་བར་རྨི་ལམ་སྨྲོས་ཤིག། །ཅེས་བསྒོ་ནས་ཡོལ་བའི་ཕྱི་རོལ་ལམ། གནས་གཞན་དུ་སེང་གེ་ལྟར་ཉལ་བར་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། ། 14-1-134b དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། ཨོཾ་ཧོ་བཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡྱེེ་བཛྲ་སུ་ཁ་མ་ཧཱ་ནི་ཏྲཾ་ཀ་རོ་མི་ཡ་ཐཱ་ཏཱ་ཐཱ་ག་ཏེ། ནཀྲྀ་ཏཱ་ཧཿཧཱ་སྭཱ་ཧཱ། ཞེས་པས་ཉལ་ས་ལྷག་པར་གནས་པར་བྱ་སྟེ། སློབ་དཔོན་ཉལ་བ་ནི་ནུབ་ཏུ་མགོ་བོ་དང་ཤར་དུ་རྐང་པའོ། །གལ་ཏེ་བསྒོམས་པའི་སྟོབས་ ཀྱིས་རྨི་ལམ་བརྟགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོའི་ཚོགས་ཀྱི་ལག་ན་པི་ཝང་ལ་སོགས་པ་གཟུང་བ་མཐོང་བས་དགེ་བར་འགྱུར་རོ། །ཡང་ན་རྡོ་རྗེ་རྣལ་འབྱོར་མ་རྣམས་ཐོད་པ་དང་གྲི་གུག་ཕྱག་ན་གཟུང་བ་དང་། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བདུད་དང་བགེགས་དང་ ལོག་པར་འདྲེན་པ་ལ་སོགས་པ་རྣམས་རྣམ་པར་འཇོམས་པར་བྱེད་པ་དང་། སྲུང་བའི་འཁོར་ལོ་བྱེད་པ་མཐོང་ན་དགེ་བའོ། །འོན་ཏེ་གང་ཡང་མ་མཐོང་ན་འབྲིང་་པོའོ། །འོན་ཏེ་བདུད་ཀྱི་ཚོགས་རྣམས་བཀྲེས་པ་དང་། སྐོམ་པ་དང་ལུས་རིད་པ་སྐམས་པ་རྣམས་ཀྱི་ལག་ན་ཐོད་པ་དང་གྲི་གུག་གཟུང་ བ་རྣམས་ནི་སྐྱེ་བོ་དམ་པ་རྣམས་ལ་བྱ་བ་མ་ཡིན་པ་བྱེད་པར་འདོད་པས། སློབ་དཔོན་ནམ་སློབ་མས་མཐོང་ན་ངན་པའི་མཚན་མའོ། །དེ་ལྟ་བུ་མཐོང་ན་སློབ་དཔོན་ཉལ་ལས་སྦོས་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ས་གཞི་ལ་བསྡད་ལ་སྲུང་བའི་འཁོར་ལོ་བསྒོམ་པ་དང་། ཡང་དེ་རྣམས་ལ་བསྲུང་ བར་འགྱུར་བའི་ཆོ་གས་གཏོར་མ་ཆེན་པོ་སྦྱིན་པར་བྱ་བ་ནི། དེ་ཡང་ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏི་ཤྭཱ་རི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱཱ་ནི་བི་ཤོ་དྷ་ནི་སརྦ་དྲ་བྱཱ་བི་ཤོ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ཅེས་པ་ནི་བགེགས་ཉེ་བར་ཞི་བར་བྱ་བའི་གཏོར་མ་སྦྱང་བའི་སྔགས་སོ། །དེ་ནས་སངས་རྒྱས་རྣམས་སྤྱན་དྲང་བར་བྱ་བ་ ནི་སངས་རྒྱས་ཡབ་དང་ཡུམ་དུ་བཅས་པར་གྱུར་པ་དང་། སྲས་བཅས་འཁོར་རྣམས་ལྷན་ཅིག་གྲོགས་དང་འབྲེལ་པ་རྣམས། །ལྷ་དང་ལྷ་མོའི་ཚོགས་རྣམས་འདུས་པས་བསྐོར་བ་ཡིས། དགྱེས་གྱུར་རྡོ་རྗེ་སེམས་དཔའ་མཆོག་ཉིད་གཤེགས་སུ་གསོལ། །ཞེས་པ་འདིས་དེ་བཞིན་གཤེགས་པ་ ལ་སོགས་པ་རྣམས་རང་རང་གི་ཁམས་ལ་གཞུག་པར་བྱའོ། །དེ་ནས་རྡོ་རྗེའི་ཕྱག་རྒྱས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲང་བའི་སྔགས་འདི་ལྟ་སྟེ། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་ཝེ་ཤ་ཡ་པྲ་ལེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི་ནཱཾ་ 14-1-135a ཏྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ། ཅེས་པས་སོ། །དེ་ནས་རྡོ་རྗེའི་ཕྱག་རྒྱས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་དྲི་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། མཆོད་ཡོན་དང་།འབྲས་བུ་མ་ཉམས་པ་རྣམས་དང་བཅས་པ་གསུང་བར་འགྱུར་བའི་ཆོ་གས་སྦྱིན་པར་བྱས་པས་ཕྱི་རོལ་ གྱི་དུར་ཁྲོད་ཀྱི་ས་གཞི་ལ་བཟའ་བ་དང་བཏུང་བ་བྱེད་པར་བསམ་མོ། །དེ་ནས་བདུད་དང་བགེགས་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་རྐང་པ་བཅུ་དྲུག་པ་དང་ཕྲེང་བའི་སྔགས་བཟླས་པ་སྟེ། ཆོ་ག་འདི་ཐིག་འདེབས་པའི་སྐབས་སུ་ཡང་གོ་བར་བྱའོ། །འདི་ནི་བགེགས་ཉེ་བར་ཞི་བར་བྱ་བའི་ཆོ་གའི་རིམ་པའོ། ། དེ་ནས་ནང་པར་སྔ་བར་རྡོ་རྗེ་སློབ་དཔོན་གྱིས་གཏོར་མ་གཏང་བ་དང་དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ལ་སློབ་མ་རྣམས་ལ་རྨི་ལམ་དྲི་བར་བྱ་སྟེ། མི་དགེ་ན་ཕྲེང་བའི་སྔགས་ཀྱིས་ཡང་དག་པར་བསྲུང་ངོ་། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་དུས་སུ་བདུད་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་སྒྲུབ་ ཐབས་སུ་གསུངས་པའི་ཆོ་གས་སྲུང་བའི་འཁོར་ལོ་སྔོན་དུ་སོང་བས། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་ལ་དམིགས་པ་དང་། ཡན་ལག་དྲུག་དགོད་པ་དང་། ཕྱག་རྒྱ་དྲུག་དང་ཕྱག་རྒྱ་བཞི་དགོད་པར་བྱས་ལ། དེ་ནས་སློབ་མ་རྣམས་ཀྱིས། ཨོཾ་པྲ་ལེ་ཤ་བྷ་ག་ཝཱ་ན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སིདྡྷི་སུ་ཁ་པྲ་དཾ་ པ་ར་མ་སུ་ཁ་ཨུཏྟ་མ་སིདྡྷྱ་ཛཿཧཱུྃ་བཾ་ཧོཿ། པྲ་སིདྡྷྱ་སྭ། ཞེས་པས་གསོལ་བ་བཏབ་ལ། འཇུག་པ་ནི་བསྐོར་བ་བྱས་ཏེ་ནུབ་སྒོ་རུ་བསྡད་ནས་དཀྱིལ་འཁོར་གྱི་ཤར་སྒོ་དབྱེ་བ་ལ་སོགས་པའི་སྔགས་འདི་ལྟ་སྟེ། ཨོཾ་བཛྲ་ཨུདྡྷ་ཊ་ཡ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་སོ། །དེ་ནས་དཀྱིལ་འཁོར་ལ་ མེ་ཏོག་གི་ཕྲེང་བ་འབུལ་བའི་སྔགས་ནི། ཨོཾ་པ་ར་མ་མ་ཧཱ་སུ་ཁཱ་ཤ་ཡ་སུ་ལ་ལཱི་ཏ་བི་ལཱ་ས་མི་ཏ་ན་མི་ཏེ་རྣ་མཱ་མི་བྷ་ག་ཝཱ་ནྟཾ་ཛཿཧཱུྃ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱེཿཔྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལིཾ་ནཱ་ཐ་ཧོཿ། ཞེས་པས་སོ། །སླར་བླངས་ཏེ་རང་གི་སྤྱི་བོར་བཅིང་ངོ་། །དེ་ནས་འཁོར་ལོ་དང་བཅས་པའི་གཙོ་བོ་བླ་མར་དམིགས་ལ་ དབང་བསྐུར་བ་དོན་དུ་གཉེར་བས་གསོལ་བ་གདབ་པའི་སྔགས་ཀྱི་ཚིག་ནི། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲཿ་ཌ་གི་ནྱོ་བཛྲཱ་མྲྀ་ཏ་གྷ་ཊེ། ཨ་བྷི་ཥིཉྩ་ཏུ་མཱཾ་སྭཱ་ཧཱ། ཨོཾ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་སརྦ་བུདྡྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུདྡྷ་ཨཱཏྨ་མ་ཀཾ་བནྡྷ་ཡནྟུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོ༔ 14-1-135b སརྦ་པཱ་ར་མི་ཏཱ་མ་མ་བཛྲ་པ་ཊཾ་བནྡྷ་ཡནྟུ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧོཿ། པི་ཛྙཱ་ན་ཛྙཱ་ན་སྭ་བྷཱ་བཻ་ཀཱ་རུ་ཎཱ་པྲ་ཛྙཱ་ཨཱཏྨ་ཀེ་བཛྲ་བཛྲ་གྷཎྚེ་ས་བྱ་ཨུཏྟ་ར་ཀ་ར་ཡོ་རྨ་མ་བཛྲ་ས་ཏྭཱཿས་པྲཛྙོ་ད་དཱ་ཏུ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨ་ཨཱ་ཨེ་ཨཱི་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཾ། སརྦ་བོ་དྷི་ས་ཏྭཿས་བྷཱརྱཿ སརྦ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་གཾ་བཛྲ་པྲ་ཏཾ་མ་མཱ དཱ་དཱནྟ་སྭཱ་ཧཱ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿ། ས་བྷཱརྱཿ། མེེ་ཏྲི་ཀཱ་རུ་ཎཱ་མུ་དི་ཏ་ཨུ་པེཀྵཱ་སརྦ་ས་མ་ཏྭ་སྭ་བྷཱ་ཝཾ་བཛྲ་པཱུརྦཾ་ག་མ་ནཱ་མ་མེ་དཱ་དཱ་ནྟུ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨེ་པདྨ་བཛྲ་ཙིཧྣོོ་པྲཛྙཽ་བ་ཡོོ་མཎྜལ། ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙཱ་ནཱཾ་ག་མ་མ་ད་ད་ཏཱཾ་ཧཾ་ཧཿཧུྃ་ཧཱུྃ་ཕཊ། ཅེས་པས་སོ། །དེ་ནས་དབང་བདུན་ རྣམས་ཀྱིས་དབང་བསྐུར་བར་བདག་ཉིད་བསམ་པར་བྱའོ། །དེ་ནས་དབང་བདུན་ཐོབ་པར་ང་རྒྱལ་བསྐྱེད་པ་ནི། ཨོཾ་སརྦ་ཏཱ་ཐཱ་ག་ཏ་སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷཱུ་མི་པྲཱ་པྟོ་ཧཾཿ། ཞེས་པ་སྟེ། དབང་བདུན་རྗེས་སུ་གནང་བའི་ཆོ་གའོ། །དེ་ནས་ཡང་སྔགས་པས་བུམ་པ་ལ་སོགས་པའི་དབང་གོང་མ་དོན་དུ་གཉེར་ བར་བྱ་བའི་ཚིག་འདི་ལྟ་སྟེ། ཨོཾ་ཨོཾ་པྲཛྙཱ་ཨུ་པ་ཡོོ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱཿ་པྲཛྙཱ་ཨུ་པཱ་ཡོ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧུྃ་པྲཛྙཱ་ཨུ་པཱ་ཡོོ་བཛྲ་ས་ཏྭ་པི་ཤྭཱ་མཱ་ཏ་རོ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུྃ་ཧཱུྃ་ཕཊ། ཅེས་པས་གསོལ་བ་གདབ་བོ། །དེ་ནས་འཆད་པར་འགྱུར་པའི་ཆོ་གས་ བདག་ཉིད་ལ་དབང་བསྐུར་བར་བསམ་མོ། །དེ་ནས་དེ་ལྟར་བསམས་ནས། ཨོཾ་ཨོཾ་བཛྲ་ས་ཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀྟོ་བཛྲ་ས་ཏྭ་ཙ་ལཱ་བྷཱུ་མི་ལབ་དྷོ་ཧཾ། ཨོཾ་ཨཱཿབཛྲ་ས་ཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀྟོ་བཛྲ་ས་ཏྭ་ཡུ་ཝ་རཱ་ཛྲོ་ན་ཝ་བྷཱུ་མི་ལབ་དྷོ་ཧཾ། ཨོཾ་ཧཱུྃ་བཛྲ་ས་ཏྭེ་ན་པྲ་ཛྙཱ་ཛྙཱ་ནེ་ན་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀྟོ་ དི་ནཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨྨཱ་མེ་གྷ་བྷཱུ་མི་ལབ་དྷོ་ཧཾ། ཞེས་པས་དབང་གོང་མའི་ང་རྒྱལ་བྱ་བའི་ཆོ་གའོ། །དེ་ནས་དབང་གོང་མ་བས་ཀྱང་གོང་མའི་དབང་བཞི་པའི་མན་ངག་དོན་དུ་གཉེར་བའི་སྔགས་ཀྱི་ཚིག་འདི་ལྟ་སྟེ། ཨོཾ་ཧོ་པྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ཀཾ། བཛྲ་ས་ཏྭ་མ་ཧཱ་མུ་དྲཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུྃ་ཧོ་ཕཊ། ཅེས་པས་གསོལ་བ་བཏབ་ནས་བདག་ཉིད་དྲི་མ་དང་བྲལ་བའི་དབང་བསྐུར་བར་བསམས་ལ། དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱ་བ་ནི། ཨོཾ་ཧོ་དྷརྨྨཱ་དྷཱ་ཨ་ཀྵ་ར་ཙ་ཏུ་རྠ་ཨ་བྷི་ཥེ་ཀེ་ན། ཨ་བྷི་ཥིཀྟོ་བཛྲ་ས་ཏྭེ་ན་ཨཱཏྨ་ནཱ་ཏཱཾ། གཉིས་པ་ས་བཅུ་གཉིས་པ་ཐོབ་པ་རྡོ་རྗེ་སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་འཇིག་ 14-1-136a རྟེན་གསུམ་ལས་རྣམ་པར་རྒྱལ་བ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཨེ་ཝཾ་ཡི་གེ་ཞེས་བྱ་སྟེ། དབང་གོང་མ་ལས་ཀྱང་གོང་མའི་ཆོ་གའོ། །དེ་ནས་སློབ་དཔོན་གྱི བྱ་བ་ཐམས་ཅད་ལ། རྗེས་སུ་གནང་བ་ཐོབ་ནས་སློབ་མ་ལ་དབབ་པར་བྱའོ། །བདེ་བ་ཆེན་པོའི་བདག་ཉིད་ཤེས་ རབ་དང་ཐབས་ཀྱི་རང་བཞིན། དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་སོང་བས། དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པ་པོས་བདེན་པའི་བྱིན་བརླབས་བྱ་བའི་ཚིགས་སུ་བཅད་པ་བརྗོད་པ་འདི་ལྟ་སྟེ། ནམ་མཁའ་ལས་ནི་བྱུང་དང་མཚུངས། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་རང་བཞིན་གྱིས། །དངོས་ གྲུབ་ཀུན་གྱི་དམ་པ་སྩོལ། །མི་བསྐྱོད་རྡོ་རྗེའི་དངོས་གྲུབ་ནི། །དབང་པོ་ཆེན་པོ་ལྷག་པའི་ལྷ། །རྒྱལ་བ་རྡོ་རྗེ་ཐམས་ཅད་འཛིན། །བདག་ལ་དངོས་གྲུབ་མཆོག་འགྱུར་སྩོལ། །སྐྱོན་རྣམས་སྤངས་པའི་རྟག་པ་ཉིད། །ཆགས་པ་ཆེ་ལས་རྗེས་སུ་ཆགས། །ཆགས་པ་ཆེན་པོ་དགའ་བ་ཆེ། །དེ་ཉིད་དངོས་གྲུབ་ བདག་ལ་སྩོལ། །ཤིན་ཏུ་དག་པའི་ཆོས་ཀྱི་མཆོག །སྔོན་དུ་གྲོལ་བའི་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་ཀྱི་དངོས་གྲུབ་སྩོལ། །དབང་པོ་ཆེན་པོ་ཕྱག་རྒྱ་ཆེ། །རྡོ་རྗེའི་དངོས་གྲུབ་མཆོག་ཆེན་པོ། །དངོས་གྲུབ་ཀུན་གྱི་དམ་པ་ཉིད། །སྣ་ཚོགས་ཡུམ་གྱི་ ཡབ་ཀྱིས་སྩོལ། །སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་པ། །འདོད་པའི་རྩེ་མོ་དམ་ཚིག་ཆེ། །བདེན་པའི་ཡེ་ཤེས་མཆོག་གྱུར་པ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པས་བདག་ལ་མགོན་པོ་ཀྱེ། །འདོད་པ་ སོངས་སུ་གནང་བར་མཛོད། ཅེས་པས་སོ། །འདི་ནི་སློབ་དཔོན་བདག་འཇུག་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་ལྷག་པར་གནས་པ་བྱས་པ་རྣམས་ཁྲུས་བྱས་ཏེ། དྲི་ཞིམ་པོ་ལ་སོགས་པས་དག་པར་བྱས་ནས་བརྟུལ་ཞུགས་བླང་བར་བྱ་བ་ནི། གསོད་དང་མི་བདེན་པ་དང་གཞན་གྱི་བུད་མེད་རྣམས་སྤང་དེ་ བཞིན་གཞན་ནོར་ཆང་འཐུང་དག་ཀྱང་སྟེ། །འཁོར་བར་རྡོ་རྗེའི་ཞགས་པ་རང་གི་དགེ་བར་འཇོམས་པར་བྱེད་པ་སྡིག་པ་ལྔ་པོ་འདི་ཉིད་རྣམས། །གང་ཞིག་གང་གི་དུས་སུ་བྱུང་བའི་ལྷ་དང་མི་ཡི་བླ་མ་དེ་ཡི་མིང་གིས་རབ་ཏུ་སྤྱིན་བྱས་པའི། །སྣ་ཚོགས་གཙོ་བོའི་བཀའ་སྩལ་འདི་ཡིས་སྲིད་པའི་འཇིགས་པ་འཇོམས་པས་ཁྱེད་ 14-1-136b རྣམས་ཀྱིས་ཀྱང་བསྐྱང་བར་གྱིས། །རྒྱན་འགྱེད་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་ཆོས་རྣམས་དང་། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་དང་མི་རྣམས་བླ་མ་ལྔ་ནི་གསད་མི་བྱ། །གྲོགས་དང་རྗེ་པོ་དང་ནི་ལྷ་དང་མི་ཡི་བླ་མ་དགེ་འདུན་དབྱུགས་འབྱིན་རྣམས་ལ་འཁུ་བ་དང་། །དབང་པོ་རྣམས་ ཀྱིས་ཡོངས་སུ་ཆགས་རྣམས་མིན་ཏེ་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ། །ཞེས་སོ། །དེ་ནས་ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་དཀྱིལ་འཁོར་གྱི་གཙོ་པོར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀ་ར་བསྟ་པཱུ་ཛ་མེ་གྷ་ས་མུ་དྲ་སླ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་སྨད་གཡོགས་ བཅིང་ངོ་། །ཨོཾ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོགས་ལའོ། །ཨོཾ་བཛྲ་ཨུ་ཥྞཱི་ཥ་ཧཱུྃ་ཕཊ། ཅེས་པས་ཐོད་པ་ལའོ། །ཨོཾ་དྭཱ་ད་ཤ་ཨཾ་གི་ཀ་ནི་རོདྷ་རི་ཎེ་ཧཱུྃ་ཕཊ། ཅེས་པས་མིག་རས་བཅིང་ངོ་། །ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག་གོ། །དེ་ནས་སློབ་མས་དཀྱིལ་འཁོར་དུ་འཇུག ། ཡོན་ཕུལ་བ་དང་། རྣམ་པར་རྒྱལ་བའི་དུང་གི་ཆུས་གཏོར་ཏེ། སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་སུ་གདན་གྱི་སྟེང་དུ་ཡི་གེ་གསུམ་གྱི་འོད་ཟེར་གྱིས་ལུས་དྲི་མ་མེད་པར་བྱས་ཏེ། ཧཱུྃ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་རུ་གནས་པ་ལས་ཀྱི་རྡོ་རྗེས་གཟུང་བ་དང་། དཀྱིལ་འཁོར་དུ་འཇུག་པ་དྲི་ བར་བྱ་བ་ནི། ཀྱེ་ཧོ་བུ་སྡུག་ཁྱོད་སུ་ཡིན་ཞེས་པའི་ལན། བདེ་ཆེན་སྐལ་ལྡན་བདག་ལགས་སོ་ཞེས་པ་བརྗོད་ན། དེ་ཉིད་བརྗོད་དུ་བཞུག་གོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཞེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ ཁཾ། ཞེས་པ་བརྗོད་ཅིང་རྡོ་རྗེ་ལ་འཛིན་དུ་གཞུག་གོ། །དེ་ནས་བརྗོད་པ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་ཆེན་པོ་འདི་དཀྱིལ་འཁོར་མི་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་ཅེས་བརྗོད་ལ། ཨོཾ་བིགྷ་ནཱནྟ་ཀྲྀཏ་ཧཱུྃ། ཞེས་པས་དགུག་པར་བྱའོ། །དེ་ནས་ཡང་། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་པས་ཡོལ་བའི་ནང་དུ་བཅུག་སྟེ། ཨོཾ་མ་ཧཱ་ར་ཏ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་ས་ཏྭ་ཨཱརྱ་སིདྡྷྱ་མཾ། ཞེས་བརྗོད་ཅིང་བསྐོར་བ་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་ཤར་སྒོ་ནས་བརྗོད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛཱ་ཨུ་པསྠཱ་ན་ཡ་ཨཱཏྨ་ནཾ་ 14-1-137a ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ཎེ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ་ཞེས་པས་སོ། །དེ་ནས་ལྷོ་ཕྱོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་བྷི་ཥིཉྩ་མཾ་ཞེས་པས་སོ། །དེ་ནས་ནུབ་ཕྱོགས་ནས་ཨོཾ་སརྦ་བུདྡྷ་ པུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྱ་ཏ་ཡ་མཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཾ་ཞེས་པས་སོ། །དེ་ནས་བྱང་ཕྱོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་ཝརྟ་ཡ་མཾ་ཞེས་པས་སོ། །དེ་ནས་ཡང་ཤར་ཕྱོགས་སུ་འོངས་ནས་ཨོཾ་གུ་རུ་ཙ་ར་ཎ་ཨུ་པ་སྠཱ་ནཱ་ཡ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི་ཨོཾ་སརྦ་ས་ཏྭ་ པ་རི་ཏྲཱ་ཎཱ་ཡ། ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། ཞེས་པའི་དོན་གོ་བར་བྱས་ལ་ཀླག་ཏུ་གཞུག་གོ། །དེ་ནས་ཡང་། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པས་དེའི་ཕྱིར་རྡོ་རྗེ་ཡེ་ཤེས་སྐྱེད་དོ། །ཡེ་ཤེས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་ཅི་ སྨོས། གལ་ཏེ་ཁྱོད་ཀྱི་དམ་ཚིག་འདས་ན་སྡུག་བསྔལ་ཆེན་པོ་སྟེར་བར་འགྱུར་བས་དེའི་ཕྱིར་ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་སྔོན་དུ་སྨྲ་བར་མི་བྱའོ་ཞེས་བརྗོད་དེ། མགོ་ལ་རྡོ་རྗེ་བཞག་ལ་དྲིལ་བུ་དཀྲོལ་ཞིང་བརྗོད་པ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་སྨྲས་ན་མགོ་བོ་འགེམས། །ཞེས་པ་ གོ་བར་བྱས་ལ། སྙིང་གར་རྡོ་རྗེ་གཟུང་སྟེ། ཨོཾ་དུས་ཀྱི་འཁོར་ལོ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་གཞན་ལ་སྨྲས་པ་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པའི་བཀའ་སྩལ་བྱིན་ལ་རྣམ་རྒྱལ་གྱི་དུང་མཐེ་བོང་དང་སྲིན་ལག་གིས་བླངས་ཏེ། དེ་ཡི་ཁར་སྦྱིན་པར་བྱ་ཞིང་། །འདི་ ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཅིག་རྡོ་རྗེ་བདུད་རྩིའི་ཆུ། ཞེས་བརྗོད་ཅིང་མནའ་ཆུ་བླུད་དོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་དུས་ཀྱི་འཁོར་ལོ་ང་ཡིན་པས་གང་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །དེ་ཕྱིར་བག་དང་ལྡན་པར་གྱིས་ ཤིག །མི་མཐུན་པས་རྐྱེན་བྱས་ནས་དམྱལ་བར་ལྷུང་བར་མ་བྱེད་ཅིག་ཅེས་བརྗོད་དོ། །འདི་ནི་དམ་ཚིག་གི་ཆུའི་ཆོ་གའོ། །དེ་ནས་དངོས་གྲུབ་ངེས་པའི་དོན་དུ་བསྒྲུབ་པ་སྔོན་དུ་བྱས་ལ་མཚན་ཉིད་དང་ལྡན་པའི་སློབ་མ་ལ་ལྷ་དབབ་པར་བྱའོ། །དེ་ཡང་འདུ་འཛི་མེད་པའི་གནས་སུ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ 14-1-137b ལ་གནས་ལ་བཟླས་པ་དང་། སྦྱིན་སྲེག་གིས་མཉེས་པར་བྱ་སྟེ། དབབ་པའི་ནུས་པ་དང་ལྡན་པས། སློབ་མ་མདུན་དུ་བཞག་ལ་སྐད་ཅིག་གིས་སྟོང་པར་བཏང་བའི་རྗེས་ལ་ཨ་ཡིག་ལས་འོད་དཔག་ཏུ་མེད་པར་བསྐྱེད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏཤྩ་ཨ་དྷི་ཏིཥྛ་ན་ཏཾ་ཀཱ་ལ་ཙཀྲོ་མེ་ཨཱ་ཝེ་ཤ་ཏུ། ཞེས་བརྗོད་པ་དང་། དེའི་ལྟེ་བར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་འཁོར་ལོས་མཚན་པ་དུས་མེའི་སྟེང་དུ་ཧོ་སེར་པོའོ། །སྙིང་གར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ་ནག་པོ་གཞུའི་རྣམ་པ་སྒྲ་གཅན་གྱི་སྟེང་དུ་ཧཱུྃ་ནག་པོའོ། །མགྲིན་པར་རཾ་ཡིག་ལས་བྱུང་བའི་མེའི་ དཀྱིལ་འཁོར་གྲུ་གསུམ་དམར་པོ་རིན་པོ་ཆེས་མཚན་པ་ཉི་མའི་སྟེང་དུ་ཨཱཿདམར་པོའོ། །དཔྲལ་བར་ཝཾ་ཡིག་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་བ་བུམ་པས་མཚན་པ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་རྣམས་རྣམ་པར་བསྒོམས་ཏེ། བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་དང་ཐུགས་དང་ གསུང་དང་སྐུའི་རྡོ་རྗེ་རྣམས་སྤྱན་དྲངས་ལ་རིམ་པ་བཞིན་དུ་ཧོ་ཧུྃ་ཨཱཿཨོཾ་རྣམས་ལ་ཐིམ་པར་བསྒོམ་པར་བྱའོ། །དེ་ནས་རྐང་པ་དག་གི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་དམར་པོ་གྲུ་གསུམ་པ་སྟེང་དུ་ཛྷེཿཡིག་སྟེ་དེ་དག་གི་འོད་ཟེར་གྱིས་བསྐྱོད་ པས་ཧོ་ལ་སོགས་པའི་འོད་ཟེར་ཡང་བསྐྱོད་ནས་ལུས་ཀུན་ཡོངས་སུ་གང་བར་བསྒོམ་ཞིང་། བདུད་རྩི་ལྔ་དང་བཅས་པའི་བདུག་སྤོས་ཀྱིས་བདུག་ཅིང་དྲིལ་བུ་དཀྲོལ་ཏེ། ཨོཾ་ཨ་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་ཝེ་ཤ་ཡ་ཧཱུྃ། ཞེས་པས་དབབ་པར་བྱའོ། །འདིའི་འབྲས་བུ་རྒྱུད་དུ་ཤེས་པར་བྱའོ། །དེ་ནས་ཨོཾ་ ཨཱཿཧུཾ་ཧོ། ཞེས་པའི་སྔགས་ཀྱིས་མེ་ཏོག་མགོ་ལ་བཞག་ན་བབས་པ་དེ་གཤེགས་པར་འགྱུར་རོ། །ཡང་མགོ་བོ་དང་། སྙིང་ག་དང་། གཙུག་ཏོར་རྣམས་སུ། ཨོཾ་ཧཱུྃ་ཧཾ་རྣམས་ཐབས་ཀྱིའོ། །ལྟེ་བ་དང་། མགྲིན་པ་དང་། གསང་བ་རྣམས་སུ། ཧོཿཨཱཿཀྵཿརྣམས་ཤེས་རབ་རྣམས་ཀྱིའོ། །འདི་ནི་དབབ་ པའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ལྟ་རུ་བཅུག་ལ་མིག་སྔར་ཅིར་སྣང་དྲིས་ནས། ཁ་དོག་གི་དབྱེ་བས་ཕྲིན་ལས་ཀྱི་དབྱེ་བ་གོ་བར་བྱའོ། །དེ་ནས་མཐོ་བོང་གཉིས་ལག་པ་གཡས་པས་རྡོ་རྗེ་དང་བཅས་པ་བཟུང་ལ་རྡོ་རྗེའི་གར་བྱ་ཞིང་རྩ་བའི་སྔགས་སམ་ཡི་གེ་དྲུག་པ་བཟླས་ཤིང་བསྐོར་བ་ 14-1-138a གསུམ་བྱས་ཏེ། བདེན་པའི་བྱིན་གྱིས་བརླབ་པ་བྱ་བ་ནི། འདི་ལྟར་དཀྱིལ་འཁོར་དམ་པ་འདིར། །བདག་གིས་སློབ་མ་བཅུག་པ་ཡི། བསོད་ནམས་གང་གིས་འདི་ལ་མཛོད། །ལྷ་རྣམས་རིགས་ཀྱི་རིམ་པ་ཡིས། །དངོས་གྲུབ་ཇི་བཞིན་འདི་ལས་འབྱུང་། །གང་དུ་ལྷུང་བ་དེ་ཡི་རིགས། ། གང་གིས་བསོད་ནམས་ནུས་པ་ཡིས། །དེ་བཞིན་དཀྱིལ་འཁོར་འདི་ལས་འབྱུང་། །འདི་ནི་མིག་རས་དང་བཅས་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་རིམ་པའོ། །དེ་ནས་སྔོན་གྱི་མེ་ཏོག་གི་ཕྲེང་བ་ལས་མེ་ཏོག་གཅིག་ཕྱུང་སྟེ་སྙིམ་པ་རྣམ་པར་དག་པའི་དོན་དུ་མེ་ཏོག་དེའི་སྙིམ་པར་བྱིན་ལ་སློབ་མ་དེ་ཉིད་ཀྱི་ཡི་གེ་ སྦར་བར་བྱས་པའི་སྡིག་པ་རྣམ་པར་དག་པར་བསམ་མོ། །སློབ་དཔོན་གྱིས་ཀྱང་དེ་ལྟར་བྱིན་གྱིས་བརླབ་པའོ། །དེ་ནས་དད་པ་དང་མོས་པ་སྔོན་དུ་སོང་བས། མདུན་ན་གནས་པའི་དཀྱིལ་འཁོར་ལ་དམིགས་ཏེ་དཀྱིལ་འཁོར་དེ་རུ་འཇུག་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ལྔའི་མཚན་མ་རྒྱལ་བའི་བུམ་པའི་སྟེང་དུ་གཞག་པ་ལའམ། ཐང་ཀ་ལ་དོར་བ་སྟེ། དེ་དང་དུས་མཚུངས་སུ་མིག་རས་བཤུ་བར་བྱའོ། །གལ་ཏེ་སྔོན་དུ་མེ་ཏོག་དོར་ནས། དེ་ནས་བཤུ་ན་སྔགས་འདི་བརྗོད་པ་སྟེ། ཨོ་དི་བྱ་ཨིནྡྲ་ཡཱ་ནི་ཨུདྒྷ་ཊ་ཡ་སྭཱ་ཧཱ། ཞེས་པས་མིག་དབྱེ་བར་ བྱའོ། །མེ་ཏོག་གང་ལྷུང་བ་དེ་ཉིད་རིགས་ཀྱི་ལྷའོ། །རིགས་ཀྱི་ལྷ་དེ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །མེ་ཏོག་དེ་ཉིད་བླངས་ལ་ཕྲེང་བ་ལ་བཏགས་ཏེ། ཨོཾ་པྲ་ཏི་གྲྀཧྞ་ཏྭ་མི་མཾ་ས་ཏྭ་བ་ལ་ཞེས་པས་སློབ་མའི་མགོ་ལ་གདགས་སོ། །དེ་ནས་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ ལ། ལྷ་རྣམས་ཀྱི་མིང་སྔོན་དུ་སོང་བས་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པ་བསྟན་པ་དང་བརྗོད་པ། དཀྱིལ་འཁོར་དམ་པ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་འགྲོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཕུན་སུམ་ཚོགས་པ་དང་། ། དམ་ཚིག་མཆོག་ནི་ཐོབ་པར་འགྱུར། །རྡོ་རྗེ་པདྨ་མཆོག་ལ་རོལ། །སྔགས་རྣམས་ལ་ནི་བརྩོན་པར་གྱིས། །ཞེས་པས་གོ་བར་བྱས་ལ། ཨོཾ་བཛྲ་མཎྜལ་མ་ཧཱ་མཎྜལ་མ་པྲ་ཝིཥྚོ་ཧཾ། ཡོ་ག་མཎྜལ་ལ་མ་མཎྜལ་མཱ་དརྴི་ཏོ་ཧཾ། གུ་ཧྱ་མཎྜལ་ལ་མ་ཧཱ་མཎྜལ་དཀྵི་ཏོ་ཧཾ། ཞེས་བརྗོད་ལ་དམ་ཚིག་ 14-1-138b བརྗོད་པ། ཧོཿཧོཿཞེས་པ་འདི་ནི་མེ་ཏོག་དོར་བ་དང་། སློབ་མ་ལ་དཀྱིལ་འཁོར་བསྟན་ཅིང་གཞུག་པའི་ཆོ་གའི་རིམ་པའོ། །དེ་ནས་ཆུ་ལ་སོགས་པའི་དབང་བསྐུར་བའི་དོན་དུ་བླ་མའི་སྔུན་དུ་སློབ་མ་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །དབང་མཆོག་དམ་པ་བྱིན་པ་ ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོར་སོགས་དེང་བདག་སྩོལ། །ཞེས་བརྗོད་ལ་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་གསུང་བར་འགྱུར་བའི་རིམ་པས་ཤར་གྱི་སྒོ་རུ་རྣམ་པར་བསྐྲད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་པ་གཡོན་པ་ནས་བསྐྱོད་ཅིང་ ལས་ཀྱི་རྡོ་རྗེ་དང་བཅས་པས་བསྐོར་བ་བྱ་ཞིང་བྱང་སྒོར་ཁྲིད་ལ། དེར་གདན་ལ་བསྡད་དེ། དེའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་ཀུན་ན་གནས་པའི་དེ་བཞིན་གཤེགས་པ་དང་། རིག་པའི་ལྷ་མོ་རྣམས་སྤྱན་དྲངས་ཏེ། མཆོད་ནས་སློབ་མ་ལ་དབང་བསྐུར་བའི་དོན་དུ། སངས་རྒྱས་རྣམས་ལ་ རྡོར་འཆང་གིས། །དབང་བསྐུར་བཞིན་དུ་འགྲོ་བ་རྣམས། །བསྒྲལ་ཕྱིར་ཡོན་ཏན་འབྱུང་བའི་གནས། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་ནས། དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་ཆགས་པ་ཆེན་པོས་ཞུ་སྟེ། རྣམ་པར་སྣང་མཛད་ཀྱི་ལམ་ནས་ཞུགས་པ་དང་། རྡོ་རྗེའི་ལམ་ནས་ཕྱུང་སྟེ་ཞུ་བ་དེ་ཡང་སློབ་མའི་ཞལ་ནས་ཞུགས་པས་ལྷ་མོའི་པདྨ་ན་གནས་པ་སྐད་ཅིག་གིས་སྐུ་རྡོ་རྗེ་ཤེས་རབ་དང་བཅས་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་དབང་བསྐུར་རོ། །ཡང་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ཆ་བྱད་ཅན་པདྨ་ནས་འཐོན་པ་ལ་སྤྱན་ མ་ལ་སོགས་པ་དང་བཅས་པ་ནམ་མཁའི་ཁམས་གང་བར་གནས་པས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། སྒྲ་དང་། གར་དང་། གླུ་དང་། གུར་གུམ་དང་། ག་བུར་དང་། མེ་ཏོག་ལ་སོགས་པའི་ཆར་དང་། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་བཟུང་བས། སློབ་མ་དེ་ཡང་པདྨ་ནས་ཕྱུང་བ་ལ་དབང་བསྐུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་བརྗོད་པ། བཀྲ་ཤིས་གང་གིས་སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་ཀུན་མཁྱེན་མཆོག་གྱུར་པ། །སྐྱེད་བྱེད་ཀྱིས་བསྐྱེད་བདེ་ཆེན་ཇི་ལྟ་བ་བཞིན་དུ། དེ་ལྟར་དབང་ 14-1-139a གི་མཆོག་གིས་འདིར་ནི་བཀྲ་ཤིས་སྩོལ། །དཔལ་དང་ལྡན་པ་རི་བོང་དང་ནི་མཚུངས་པ་གི། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་དང་བྲལ། །མཚོ་ལས་བྱུང་བའི་པདྨ་དང་མཚུངས་སངས་རྒྱས་སྤྱན། །དེ་ཡི་བཀྲ་ཤིས་ཞི་བར་བྱེད་པ་དེ་སྩོལ་ཅིག །དེ་ཡིས་གསུངས་པའི་རབ་མཆོག་ གཡོ་བ་མེད་པ་ཡི། །མི་དང་ལྷ་ཡི་མཆོད་གནས་འཇིག་རྟེན་གསུམ་དུ་གྲགས། །ཆོས་ཀྱི་མཆོག་ཏུ་གྱུར་པས་འགྲོ་རྣམས་ཞི་བར་མཛོད། །དེ་ཡི་བཀྲ་ཤིས་ཞི་བར་བྱེད་པ་དེ་སྩོལ་ཅིག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ལྡན། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་འབྲས་སྟེར། །གང་ ཞིག་དཔལ་ལྡན་གནས་པའི་ཚོགས་ཀྱི་མཆོག་གྱུར་པ། །དེ་ཡི་བཀྲ་ཤིས་ཞི་བར་བྱེད་པ་དེ་སྩོལ་ཅིག །ཅེས་པའི་བཀྲ་ཤིས་ཀྱི་གླུ་འདི་ཡིས་ཉེ་བར་བྱེད་པ་སྟེ། བདག་ཉིད་ལ་སོགས་པས་ཀྱང་ངོ་། །དེ་ནས་ལུས་དག་པའི་དོན་དུ་སྒྲོལ་མ་ལ་སོགས་པའི་སྔགས་ཀྱིས་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ། རྣམ་ རྒྱལ་གྱི་དུང་ཐོར་དུ་བླུགས་ནས་གཙུག་ཏོར་དང་། དཔུང་པའི་ཚིགས་གཡས་པ་དང་། གཡོན་པ་དང་། དེ་ལྟར་དཔྱི་མགོའི་ཚིགས་དག་ལས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་བཞི་ནི་འབྱུང་བའི་གནས། །བྱིན་ཅིག་སངས་རྒྱས་ཐམས་ཅད་ཀྱིས། །ཞེས་ པ་དང་། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་རྣམ་རྒྱལ་གྱི་དུང་བོར་གྱི་ཆུས་དབང་བསྐུར་བ་ནི་ཁམས་ལྔ་ལྷ་མོ་ལྔར་བསྐྱེད་པས་སོ། །དེ་ནས་ཅོད་པན་གྱི་དབང་བསྐུར་བ་ལ་ཡང་གནས་ལྔར་སྔགས་འདིས་དབང་བསྐུར་བ་ནི་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་བསྐྱེད་པས། ཨོཾ་ཨ ཨཱི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་རིན་པོ་ཆེ་འམ། གསེར་རམ་རས་ལས་བྱུང་བའི་ཅོད་པན་ལ་སྔགས་འདི་བརྗོད་དེ་མགོ་ལ་བཅིང་བར་བྱའོ། །དེ་ལྟར་དབང་གཉིས་ཀྱིས་ཁམས་དང་ཕུང་པོ་རྣམ་པར་དག་པ་ནི་ལུས་ཡོངས་སུ་དག་པ་སྟེ། །འདི་ནི་ཆུ་དང་ཅོད་པན་གྱི་དབང་བསྐུར་ བའི་ཆོ་གའོ། །དེ་ནས་གཡས་སུ་བསྐོར་ཏེ། ལྷོ་སྒོར་ཁྲིད་ལ་གོང་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་ངག་རྣམ་པར་དག་པའི་དོན་དུ་གསུང་རྡོ་རྗེའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་དབང་བསྐུར་བ་ནི་རྡོ་རྗེ་ཆེ་ཞེས་པ་ལ་སོགས་པ་བརྗོད་ལ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེ་ཧོཿད་ཤ་པ་རི་མི་ཏ་ 14-1-139b པ་རི་པུ་ར་ཅི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་གནས་ལྔར་དབང་བསྐུར་བ་ནི་རླུང་བཅུ་ལྷ་མོ་བཅུ་རུ་བསྐྱེད་པས་སོ། །དེ་ནས་རིན་པོ་ཆེའམ་གསེར་གྱི་དར་དཔྱངས་སམ་མེ་ཏོག་གི་ཕྲེང་བ་དཔྲལ་བ་ལ་བཅིང་བར་བྱའོ། །དེ་ནས་དེ་ལྟར་གསོལ་བ་བཏབ་ལ་རྩ་གཉིས་ཡབ་ཡུམ་གཉིས་སུ་བསྐྱེད་པས། ཨོཾ་ཧུཾ་ ཧོ། སཱུརྱ་ཙནྡྲ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྡོ་རྗེ་དང་དྲིལ་བུ་མགོ་ལ་བཞག་ལ་གནས་ལྔར་དབང་བསྐུར་བ་འདི་དག་གིས་རླུང་དང་རྩ་དག་པ་ངག་རྣམ་པར་དག་པ་སྟེ། དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བའི་ཆོ་གའི་རིམ་པའོ། །དེ་ནས་གཡས་སྐོར་གྱིས་ཤར་སྒོར་རྡོ་རྗེ་སོར་གདུབ་བྱིན་ ལ་ཤར་གྱི་ཞལ་དུ་ཡིད་རྣམ་པར་དག་པར་བྱ་བའི་ཕྱིར་སྔ་མ་ལྟར་གསོལ་བ་བཏབ་ལ་ཐུགས་རྡོ་རྗེའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་རང་བཞིན། །སྣ་ཚོགས་ཡུམ་གྱི་བདག་པོ་མཆོག ། ཅེས་པས་བཅོམ་ལྡན་འདས་དང་པོའི་སྐྱེས་བུ་གོ་བར་བྱས་ཏེ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿབི་ཥ་ཡ་ཨིནྡྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དེ་ཁོ་ནའི་རང་བཞིན་རྡོ་རྗེ་བྱིན་ལ་དེ་ནས་གནས་ལྔར་དབང་བསྐུར་བ་ནི་དབང་པོ་དང་ཡུལ་རྣམས་སེམས་དཔའ་དང་སེམས་མར་བསྐྱེད་ པས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ཏོག་བྱིན་ནས། དེ་ནས་མིང་གི་དབང་བསྐུར་བ་ནི་གསོལ་བ་གདབ་པ་དང་། ལས་ཀྱི་དབང་པོ་དང་། དེའི་ཡུལ་རྣམས་ཁྲོ་བོ་དང་ཁྲོ་མོར་བསྐྱེད་པས། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤུདྡྷ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་གནས་ལྔར་དབང་ བསྐུར་ལ། དེ་ནས་ལག་པ་དང་རྐང་པ་རྣམས་ལ་ལག་གདུབ་བམ། མེ་ཏོག་གི་ཕྲེང་བ་བཅིངས་ལ། སྲིད་པའི་ངན་འགྲོ་ལས་བཏོན་ནས། སྲིད་པ་མཆོག་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི། །སརྦ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་སྟྭཾ་བྷུ་རྦྷཱུ་ཝ་སྭཿ། ཞེས་བརྗོད་པ་ནི་མེ་ཏོག་ལྷུང་བའི་སྒོ་ནས་རང་གི་རིགས་ཀྱི་མིང་གིས་ལུང་བསྟན་པ་ནི། པར་ཨཱརྱ་དང་། ཨ་ནུ་ས་མ་དང་། སུ་ར་ཏ་དང་། ས་མ་ར་ས་དང་། བི་ཛ་ཡ་དང་། ཨ་ལ་ལ་དང་། ས་ཏྭ་དང་། མ་ཧཱ་སུ་ཁ་དང་། ཨ་ནཱཾ་ག་དང་། ཛྙཱ་ན་དང་། ས་ཧཱ་ཛ་བཛྲ་ཞེས་པ་རྡོ་རྗེ་སེམས་དཔའི་མིང་གི་བྱེ་བྲག་སྟེ། མཐར་ 14-1-140a རྡོ་རྗེ་ཀུན་ལ་གོ་བར་བྱའོ། །མི་བསྐྱོད་པའི་ཧཱ་ས་དང་། པི་ལས་དང་། ར་ཏི་དང་། ལི་ལཱ་དང་། ལ་ལི་ཏ་དང་། སྭ་ཡཾ་བྷུ་དང་། དྭེ་ཥ་དང་། ཧེ་དང་། ཀ་རུ་ཎ་དང་། ཙིཏྟ་དང་། ཧཱུྃ་ཀ་ར་དང་། ཨཀྵོ་བྷྱ་བཛྲ། ཞེས་པ་རྣམས་སོ། །དོན་ཡོད་གྲུབ་པའི། །ཨ་མོ་གྷ་དང་། བ་ར་མཱ་ཤྭཱ་དང་། ས་མ་ཡ་དང་། པཱ་ར་མི་ཏ་དང་། ཀརྨ་དང་། ཨ་ནི་ལ་དང་། སྤརྴ་དང་། ཨཪྵ། ཞེས་པ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི། རཏྣ་དང་། ཙིནྟཱམ་ཎི་དང་། ཁ་དང་། ག་ག་ན་དང་། ཏེ་ཛོ་དང་། མཱརྟ་ཎ་ཌ་དང་། བྷས་ཀ་ར་དང་། མཱ་མ་ཞེས་པ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི། བཻ་རོ་ཙ་ན་དང་། ཨོཾ་ཀཱ་ར་དང་། ཤ་ཤཱ་ཏ་ དང་། ཏ་ཐཱ་ག་ཏ་དང་། མཱ་ཡཱ་དང་། བུདྡྷ་དང་། རཱུ་པ་དང་། ཀཱ་ཡ་བཛྲ། ཞེས་པ་རྣམས་སོ། །འོད་དཔག་མེད་ཀྱི། རཱ་ག་དང་། ཨ་བ་ལོ་ཀི་དང་། དྷརྨྨ་དང་། པདྨ་དང་། བཛྲ་ཨཾ་ཀུ་ར་དང་། པདྨ་ཨཾ་ཀུ་ར་དང་། སུ་ར་ཏ་ཨཾ་ཀུ་ར་དང་། ཀ་རུ་ཎ་ཨཾ་ཀུར་དང་། པདྨ་ཨ་ནནྟ་དང་། སུ་ར་ཏ་ཨ་ནནྟ་དང་། ཨ་ མི་ཏ་དང་། བཱ་ཀ་བཛྲ། ཞེས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། བི་གི་དང་། བེ་ལ་ས་ནི་དང་། པ་དཱ་དང་། ཀོ་ཀ་ན་དང་། ཨ་ནནྟ་དང་། པ་དཱ་ཀཱ་དང་། མཱ་ལཱ་དང་། བཛྲ་ཨུ་ད་ཡ། ཞེས་པ་རྣམས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། བཛྲ་ཧ་ར་དང་། སཱ་སཱ་དང་། ཛྭ་ལ་དང་། མཱ་ལཱ་ དང་། ཨཱ་ཀཱ་སཱ་དང་། བཛྲ་ཨཱ་ཀཱ་ས་ར་ཏི། ཞེས་པ་རྣམས་སོ། །མཱ་མ་ཀཱིའི། ཨཱ་ཏ་མ་དང་། ཧསྟ་དང་། ཨ་ཝ་ལཱི་དང་། ཀ་རཱ་དང་། བཛྲ་མཱ་མ་ཀཱི་དང་། དྭེ་ཥ་ར་ཏཱི། ཞེས་པ་རྣམས་སོ། །སྒྲོལ་མའི། གརྦྷ་དང་། མཱ་ཡཱ་དང་། བ་ཌ་ཝ་དང་། ཏཱ་རཱ་དང་། བཛྲ་ན་རྟྱེ་ཤྭཱ་རཱི་དང་། ས་མ་ཡ་བཛྲ་དང་། བཛྲ་ར་ཏི་ ཞེས་པ་རྣམས་སོ། །སྤྱན་མའི། ཌཱ་ཀི་ནཱི་དང་། གོོ་རཱི་དང་། ལཱ་སྱ་དང་། ལོ་ཙ་ན་དང་། བཛྲ་མོ་ཧ་ར་ཏི་ཞེས་པ་རྣམས་སོ། །གོས་དཀར་མོའི། རཱ་ག་དང་། གཱི་ཏ་དང་། ཨ་ཏོ་སུ་ཁ་དང་། བཻ་ཏཱ་ལི་དང་། མ་ཏཱི་དང་། ཧ་སྱ་དང་། པཱཎྜ་རི་དང་། བཛྲ་རཱ་ག་ཏི། ཞེས་པ་རྣམས་ཀྱི་དང་པོ་རྡོ་རྗེ་དང་ལྡན་པར་ བྱས་ཏེ། འདི་རྣམས་ཀྱིས་ཡིད་རྣམ་པར་དག་པ་རྡོ་རྗེའི་བརྟུལ་ཞུགས་དང་མིང་གི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་གཡས་སྐོར་དུ་ཁྲིད་ལ་ནུབ་ཀྱི་ཞལ་དུ་ཡེ་ཤེས་དག་པའི་དོན་དུ་སློབ་མས་གསོལ་བ་གདབ་པ་དང་། ཡེ་ཤེས་རྡོ་རྗེའི་སྐུ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ཡེ་ཤེས་དང་རྣམ་པར་ཤེས་ 14-1-140b པ་ཡབ་ཡུམ་གཉིས་སུ་བསྐྱེད་ལ། ཨོཾ་ཧཾ་ཀྵཿཛྙཱ་ན་པི་ཤུདྡྷ་དྷརྨྨཱ་ཙཀྲ་པྲ་བརྟ་ཀཱ་སྭཱ་ཧཱ། ཞེས་པ་སྟེ། དྷརྨྨཱའི་གནས་སུ་བཛྲ་དང་ཁཌྒ་དང་། རཏྣ་དང་། ཙཀྲ་དང་། པདྨ་རྣམས་བཅུག་ལ་ལན་ལྔ་རུ་བརྗོད་ཅིང་། གནས་ལྔ་རུ་དབང་བསྐུར་བ་ཡེ་ཤེས་རྣམ་པར་དག་པ་སྟེ། དེ་ནས་སློབ་མ་སྟན་ལ་བསྡད་པ་ལ་ བྷྲཱུཾ་ལས་བྱུང་བའི་ཆོས་ཀྱི་འཁོར། བཛྲ་ཧེ་ཏུ་མཱཾ། ཞེས་བརྗོད་དེ། རྐང་པ་དག་ལ་བྱིན་ནས། དབྱངས་ཡིག་ཐ་མ་ལས་བྱུང་བའི་དུང་། ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་བརྗོད་དེ། ལག་པ་གཡས་སུ་གཏད་དོ། །དབྱངས་ཡིག་དང་པོ་ལས་བྱུང་བའི་པོ་ཏི་ཨ་ཞེས་བརྗོད་ཅིང་གཡོན་པར་རོ། །ཡང་ཨ་ལས་བྱུང་བའི་ དྲིལ་བུ་དེ་ཉིད་བརྗོད་ཅིང་ལག་པ་གཡོན་དུ་གཏད་དེ། ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་ཉིད་ལ་མཚན་ཉིད་མེད། །ནམ་མཁའ་དང་ནི་མཚུངས་པ་སྟེ། །ཀུན་གྱི་མཆོག་སྟེ་མཉམ་ཉིད་གསལ། །དེང་ནས་བསམས་པ་ཙམ་གྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་དུ་གང་བ་བྱེད་བཞིན་ པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་པ་དང་། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདུལ་བ་ཆོས་རྣམས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བ་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་དང་མཚུངས་པར། ། ངལ་མེད་དམིགས་པ་རྣམས་དང་བྲལ། །སེམས་ཅན་དོན་རྣམས་དི་རིང་གྱིས། །ཞེས་བརྗོད་དོ། །དེས་ཀྱང་ཕྱག་བྱས་ཏེ་བརྗོད་པ། མངའ་བདག་གསུང་བ་དེ་ལྟར་བགྱི། །ཞེས་པ་འདི་ནི་རྗེས་སུ་གནང་བའི་ཆོ་གའི་རིམ་པའོ། །དེ་ནས་ཨོཾ་ཧྲཱཧྲཱིཾ་ཧྼཱིཾ་ཧྲུ་ཧྼླཱིཾ་ཧྲཿསྭཱ་ཧཱ། ཞེས་པ་དང་། ཨོཾ་ཨཱཿཧུྃ་ཏོ་ཧཾ་ཀྵཿ། ཞེས་ པ་དང་། དེ་ལྟར་ཕྲེང་བའི་སྔགས་ལ་སོགས་པ་རྣམས་ལན་གསུམ་བརྗོད་དེ་སྦྱིན་པ་ནི། བཅོམ་ལྡན་བདག་གི་སྦྱིན་བྱས་པ། །འདི་ལ་ཉེ་བར་གནས་པར་གྱིས། །ཞེས་པའི་ཚིག་གོ། །སློབ་མས་བརྗོད་པ། བདག་གིས་བཅོམ་ལྡན་འདས་བླངས་པས། །འདི་ལ་ཉེ་བར་གནས་པར་གྱིས། །ཞེས་པས་ བླངས་ཏེ་འདི་ནི་སྔགས་ཀྱི་རྗེས་སུ་གནང་བའོ། །དེ་ནས་གསེར་རམ་དངུལ་ལས་བྱས་པའི་སྣོད་དུ་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་བླངས་ཏེ། སློབ་མའི་མིག་ཏུ་པྲ་ཡིག་བསམས་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ། ཞེས་བརྗོད་ཅིང་བསྐུ་བར་བྱ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། ། 14-1-141a འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པ་འདི་ནི་མིག་སྨན་གྱི་ཆོ་གའི་རིམ་པའོ། །དེ་ནས་མེ་ལོང་མངོན་པར་བླངས་ཏེ་ཨཿམངོན་པར་བཟླས་ཞིང་སློབ་མ་ལ་བསྟན་ཅིང་བརྗོད་ལ། ཆོས་རྣམས་གཟུགས་ བརྙན་དང་མཚུངས་པར། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་བྱ་མེད་ཅིང་བརྗོད་བྱ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དུས་འཁོར་མེ་ལོང་གནས་མཚུངས་པར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་གྱི་གཙོ་བོ་སྟེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། ཁྱོད་ལ་འདྲེན་ པའི་སྤྱན་ལྡན་པས། །ངོ་བོ་མེད་ཅིང་གནས་མེད་པ། །འདི་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །ཞེས་པ་ནི་མེ་ལོང་གི་ཆོ་གའི་རིམ་པའོ། །དེ་ནས་ཧོ་ཡིག་ལས་བྱུང་བའི་གཞུ་ཧོ་ཞེས་པས་བྱིན་པ་ཡང་། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཱན་ཨ་ནུ་རཱ་གཱ་ཡ་སྭཱ་ཧཱ། ཞེས་བརྗོད་པར་བགྱིའོ། ། སློབ་མས་ཀྱང་མདའ་བཀང་བཞིན་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཱན་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད་ཅིང་། བློས་བགེགས་ལ་འབིགས་པར་བསམ་ཞིང་ཕྱོགས་མཚམས་སྟེང་འོག་རྣམས་སུའོ། །འདི་ནི་མདའ་གཞུའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་ལ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བརྗོད་དེ། རྡོ་རྗེ་དང་དྲིལ་བུ་བྱིན་ལ་ མཆོག་གི་སྙིང་རྗེས་དག་པའི་ཆོས་རྣམས་བསྟན་པར་བྱ། རྡོ་རྗེའི་རིགས་སུ་ངེས་པར་སྲོག་གཅོད་པ་དང་རལ་གྲི་མི་བདེན་པ་ཡི་ངག་བརྗོད་བྱ་བ་དང་། །རིན་ཆེན་དུ་ནི་གཞན་ནོར་འཕྲོག་དང་མཆོག་གི་པདྨའི་རིགས་ཉིད་དུ་ཡང་གཞན་གྱི་བུད་མེད་འཕྲོག །འཁོར་ལོར་ཆང་དང་མར་མེ་སངས་རྒྱས་རྣམས་དང་ཡུལ་ རྣམས་མཐའ་དག་ཤིན་ཏུ་བསྟེན་པར་བྱའོ། །གྲི་གུག་ཏུ་ནི་གདོལ་པ་མོ་ལ་སོགས་པ་བུད་མེད་མཐའ་དག་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་དུ་ནོར་དང་ལུས་བཅས་སྦྱིན་བྱ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱ་བ་མིན། །རིགས་ཀྱི་བུ་རྣམས་གཞན་དུ་བསྐལ་པ་གྲངས་མེད་པས་ཀྱང་སངས་རྒྱས་ མིན་པར་རྒྱལ་བས་གསུངས་བར་ངེས། །ཆུ་ཡི་སྒྲོལ་མ་ལ་སོགས་ལྷ་མོ་རྣམས་དང་དབུ་རྒྱན་རྒྱལ་བ་རྣམས་ཏེ་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརྟུལ་ཞུགས་ཡུལ་སོགས་རྣམས་དང་མིང་གི་བྱམས་པ་སོགས་སུ་སྦྱོང་། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་ལྡན་སྲིད་པའི་ 14-1-141b འཇིགས་པ་འཇོམས་པ་དུས་ཀྱི་འཁོར་ལོ་རྗེས་ཁྱབ་པ། །དེ་ལྟར་དབང་བདུན་རྣམས་ཀྱིས་སྡིག་པའི་དྲི་མ་འཇོམས་པས་དཀྱིལ་འཁོར་ཉིད་དུ་ཡང་དག་རབ་ཏུ་སྦྱིན། དེ་ནས་རས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་གནས་སུ་གཟུགས་དང་ལང་ཚོ་དང་ལྡན་པ་དམ་ཚིག་དང་ལྡན་པ་ལོ་བཅུ་གཅིག་ནས་ཉི་ཤུའི་བར་ རམ་དེ་མེད་ན་གཞན་ཕྱག་རྒྱས་བུམ་པའི་དབང་ལ་སོགས་པའི་དོན་དུ་ཕུལ་ལ་ཐལ་མོ་སྦྱར་ཏེ་བླ་མ་དུས་ཀྱི་འཁོར་ལོར་དམིགས་ལ། སྒྲིབ་པ་ཐམས་ཅད་སྤངས་པ་ཡི། །དུས་འཁོར་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བ་དེས་གང་བ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །སྟོང་དང་སྙིང་རྗེ་ དབྱེར་མེད་པའི། བྱང་ཆུབ་སེམས་གང་མི་འགྱུར་བ། །མགོན་པོ་བདག་ལ་དབང་དེ་ཡིས། །ད་ལྟ་ཉིད་དུ་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པས། །ཐམས་ཅད་དུ་ནི་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ལ་སྐྱབས་ནི་གཞན་མ་མཆིས། །ཞེས་པ་དང་བཅས་ པས་གསོལ་བ་བཏབ་པ་དང་། དེ་ནས་བླ་མས་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། སློབ་མ་སྐུ་རྡོ་རྗེའི་གཟུགས་དང་། རིག་མ་ཐ་མལ་གྱི་རང་བཞིན་དག་པའི་ཡོངས་སུ་རྫོགས་པའི་ལྷ་མོའི་གཟུགས་ཀྱིས་སྒེག་པ་དང་ཆགས་པའི་ལྟ་བས་ནུ་མ་ལ་རེག་ཏུ་གཞུག་པའོ། །འདི་ནི་ལུས་རྣམ་ པར་དག་པ་བུམ་པའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་ང་རྒྱལ་དང་ལྡན་པས། དེ་ལ་གསོལ་བ་བཏབ་པ་དང་། སློབ་མས་ཕུལ་བ་སྟོང་པའི་ངང་ལས་ལྷ་མོའི་གཟུགས་སུ་བསྐྱེད་ལ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས་སྙོམས་པར་འཇུག་པར་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ས་བོན་གྱི་འོད་ཟེར་གྱིས་སྒྲོལ་མ་ལ་སོགས་པ་དང་མཉམ་པར་སྦྱོར་བའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ལ་ཞུགས་པས་ཆགས་པ་ཆེན་པོས་ཞུ་ནས་ཨ་བ་དྷཱུ་ཏཱི་ནས་སོང་སྟེ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་པ་ པདྨ་ནས་བྱུང་སྟེ། མཐེ་བོང་དང་མཐེ་ཆུང་དག་གིས་བཟུང་སྟེ། དེ་བཞིན་གཤེགས་པའི་ཁུ་བ་དང་། བདག་ཉིད་བྱང་ཆུབ་ཀྱི་སེམས་ཐ་མི་དད་པར་གོ་བར་བྱས་ལ། སློབ་མ་གསུང་རྡོ་རྗེའི་ཁར་དབབ་པ་ནི། དེ་ཡང་། སྔོན་གྱི་སངས་རྒྱས་སྲས་རྣམས་ལ། །རྡོ་རྗེ་འཛིན་པས་དབང་བསྐུར་ལྟར། །བྱང་ཆུབ་ 14-1-142a སེམས་ནི་ཡིད་འོང་བས། །དེ་ལྟར་བུ་རྣམས་ཁྲུས་གསོལ་ཅིག །ཅེས་པ་དང་། ང་རྒྱལ་གྱི་སྔགས་བརྗོད་པས་སོ། །སློབ་མ་དེས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཚོགས་ཀྱི་བློས་ཀྱེ་མ་བདེ་བ་ཆེན་པོའོ་ཞེས་བརྗོད་ཅིང་བཏུང་ངོ་། །ཤེས་རབ་ཀྱིས་ཀྱང་ན་ བཟའ་དང་བྲལ་བར་ལངས་ཏེ་རང་གི་པདྨའི་དེ་བཞིན་གཤེགས་པའི་ཐིག་ལེ་དང་མེ་ཏོག་དེ་ཉིད་ཀྱི་ཁར་དབབ་པའོ། །དེས་ཀྱང་དེ་ལྟར་བཏུང་བར་བྱ་སྟེ། ཤེས་རབ་དང་ཐབས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསང་བའི་དབང་བསྐུར་བའོ། །འདི་ནི་ངག་རྣམ་པར་དག་པ་གསང་བའི་དབང་གི་ཆོ་གའི་རིམ་པའོ། །དེ་ ནས་སློབ་མས་ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་ད་ནི་བདག་གིས་ཇི་ལྟར་བགྱི་ཞེས་བརྗོད་པས། སློབ་དཔོན་གྱིས་བཀའ་བསྒོ་བ་ལྟར་གསོལ་བ་བཏབ་པའི་སློབ་མ་ལ་གཟུགས་ལ་སོགས་པ་ཡང་དག་པར་ལྡན་པའི་ཤེས་རབ་དེའི་སྣ་རྩེ་འཇིབས་ཏེ། སྙོམས་པར་ཞུགས་ལ་ཆགས་པ་དང་ལྡན་པར་ བྱས་ཏེ་དེ་བསྟེན་ཅིང་། འདི་དེ་འཛིན་པར་བྱེད་ཅིང་མཛེས། །སངས་རྒྱས་རྣམས་ཀྱིས་བསྟེན་བྱར་གསུངས། །སྦྱོར་བས་འཁོར་ལོ་ལ་དབབ་ཅིང་། །དམ་པའི་བདེ་བས་རོ་མཉམ་མྱོང་། །རྡོ་རྗེ་ལ་གནས་བྱང་ཆུབ་སེམས། །ནོར་བུའི་མཐར་ནི་བལྟ་བར་བྱ། །ཞེས་པ་དང་། ལས་ཀྱི་ཕྱག་རྒྱ་རབ་འདུས་ དང་། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་པས། བྱང་ཆུབ་སེམས་བརྟན་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོར་བསྲུང་བ་ནི། །བྷ་གར་མཚན་མ་རབ་གནས་ཏེ། བྱང་ཆུབ་སེམས་ནི་མི་འཛག་པས། །སྲིད་པ་གསུམ་པོ་མ་ལུས་པ། །སངས་རྒྱས་སྐུར་ནི་བསྒོམ་པར་བྱ། །ཞེས་བརྗོད་ཅིང་གཏད་པའོ། ། ཤེས་རབ་མས་ཀྱང་གུར་གུམ་ལ་སོགས་པའི་དྲི་ཞིམ་པོས་ལུས་བྱུགས་ཏེ། སློབ་མ་ལ་ཆུ་སྐྱེས་བསྟན་ཞིང་། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་དང་བཅས་མ་ལུས་པ། །གང་གིས་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུ་བདག་གནས་པས། །ཇི་ལྟར་འདོད་བཞིན་པདྨ་སྤྱོད། །སངས་རྒྱས་མཉེས་པ་ ལ་སོགས་ཕྱིར། །བདག་ནི་བདེ་ཆེན་རྒྱལ་པོ་སྟེ། །འདི་ནི་རྒྱུན་དུ་གནས་པའི་ཕྱིར། །ཐར་པའི་བསྙེན་པས་མཉེས་པར་གྱིས། །སློབ་མ་དེ་ཉིད་ཀྱང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་ཨཱཿཧུྃ་སྭཱ་ཧཱ། ཞེས་པ་རྣམས་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། གསང་བ་དང་། གཙུག་ཏོར་རྣམས་སུ་བཀོད་ 14-1-142b ལ། རིགས་ལྔའི་ཚོགས་ཀྱི་བདག་ཉིད་ཀྱི་གཟུགས་སུ་གནས་ལ་ཨཱཿཧཱུྃ་དག་ལས་བྱུང་བའི་པདྨ་རྡོ་རྗེས་མཚན་པ། ཧཱུྃ་ཨཱཿལས་རྡོ་རྗེ་པདྨ་འདབ་མ་བརྒྱད་ཀྱིས་མཚན་པར་དམིགས་ལ། གཡོན་པའི་གཡོན་གྱི་རྩ་མཛུབ་སོའི་རྩེ་མོ་ལ་ཧྲི་དམར་པོ་བསམས་ལ། བསྐྱོད་པ་ནི། ལྕེའི་ཤཱི་ཞེས་བརྗོད་པས་སོ། །དེ་ ནས་ཨོཾ་ཤཱི་ཤཱི་ཤྲཱི་ཧ་ཧ་ཧཱ་སྭཱ་ཧཱ། ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་ས་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ཧཱུྃ་ཕཊ་དང་ལྡན་པ་བརྗོད་ཅིང་། བླ་མའི་གདམས་ངག་ལས་དགའ་བའི་དབྱེ་བས་གོ་བར་བྱས་ལ། ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པས་ལུས་བྱིན་གྱིས་བརླབ་ཏེ། བླ་ མས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་གྲངས་མེད་པ་སྤྱན་དྲངས་ཏེ། རོ་གཅིག་ཏུ་གྱུར་པས་མཉེས་པར་བྱའོ། །དེ་ཡང་། སྐུ་གསུང་ཐུགས་དང་ཆགས་པ་རྣམས། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་དུ། དེ་ནས་པདྨ་རྣམ་སྦྱང་བྱ། །ཨ་ལས་པདྨ་འདབ་ བརྒྱད་པ། །ཧཱུྃ་ལས་རྡོ་རྗེ་དང་ལྡན་པ། །དེ་ལྟར་རྡོ་རྗེ་དང་བཅས་པ། །ཤེས་རབ་ཐབས་ཀྱི་རྒྱུད་ཉིད་དོ། །ཧཱུྃ་ལས་བདག་གི་རྡོ་རྗེ་ཉིད། །རྩེ་ལྔ་པ་རུ་བསམ་པར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨ་ཡིག་ལས་ནི་རབ་ཏུ་བརྟག །དེ་ལྟར་པད་བཅས་རྡོ་རྗེ་ཉིད། །པདྨ་ལ་ནི་གཞག་པར་ བྱ། །རྣལ་འབྱོར་པ་དེ་ཧཱུྃ་ཕཊ་བརྗོད། །མངལ་དུ་རྡོ་རྗེ་འཛིན་པ་རྒྱུ། །བྷ་གར་ལིངྒ་རབ་གནས་པ། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་པའི་དོན་གོ་བར་བྱ་ཞིང་ཇི་ལྟར་རིགས་པར་བཟུང་སྟེ། དཀྱིལ་འཁོར་ གྱི་ས་བཏང་བས་པདྨ་ནས་ལྕེ་ཡིས་བླངས་ལ་དེ་ཁོ་ནའི་བློས་དམ་ཚིག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །འདི་ནི་ཡིད་རྣམ་པར་དག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་ཚིག་དབང་རིན་པོ་ཆེ་སྦྱིན་པ་ཞེས་བྱ་བའི་དོན་གྱིས་ཁྱད་པར་གྱི་དགའ་བའི་མཐའ་སྟེ། བྱང་ཆུབ་ ཀྱི་སེམས་བསྒོམས་པས་ཐིག་ལེ་གསུམ་གྱི་མཐར་རབ་ཏུ་སྐྱེས་པ་ཉོན་མོངས་པ་དང་བྲལ་བའི་རང་བཞིན་དེ་ཁོ་ན་ཆོས་ཐམས་ཅད་བསམ་དུ་མེད་པ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ལ་དབང་བཞི་པར་བརྗོད་དོ་ཞེས་པས་སོ། །དི་ནས་ཚོགས་ཀྱི་འཁོར་ལོ་བྱ་སྟེ་གཤེགས་སུ་གསོལ་ལ་སློབ་མ་ལ་སྡོམ་པ་སྦྱིན་པ་ནི། 14-1-143a ང་ཡིས་བསྟན་པའི་ཀུན་རྫོབ་བྱེ་བྲག་ཏུ་དགའ་བའི་མཐའ་ལྷན་ཅིག་སྐྱེས་པའི་སྐད་ཅིག་གང་ཐིག་ལེ་གསུམ་གྱི་མཐའ་དེ་དོན་དམ་པ་མ་ཡིན་ཏེ། དོན་དམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་མི་འཛག་པ་སྟེ། དེ་བས་ན་ཁྱོད་ཀྱིས་སྲུངས་ཤིག །དེ་བཞིན་དུ་དང་པོའི་སངས་རྒྱས་སུ་བཅོམ་ ལྡན་འདས་ཀྱིས་གསུངས་པ། ལས་ཀྱི་ཕྱག་རྒྱ་རབ་འདུས་དང་། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་པས། བྱང་ཆུབ་སེམས་བརྟན་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོར་བསྲུང་བ་ནི། །བྷ་གར་མཚན་མ་རབ་གནས་ཏེ། བྱང་ཆུབ་སེམས་ནི་མི་འཛག་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འདི་ ལས་དམ་པའི་ཡེ་ཤེས་མེད། །ཁམས་གསུམ་དབང་ཕྱུག་དམ་པ་སྟེ། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །རང་གཞན་དོན་ནི་རབ་སྒྲུབ་བྱེད། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གང་ཚེ་ང་ཡི་བུ་སྐྱོང་ན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ནས། །དེ་ཡིས་བྱང་ཆུབ་ཐོབ་པར་འགྱུར། །གལ་ཏེ་ཆགས་ པའི་དབང་གྱུར་བདག །ཁྱབ་བདག་སྔོན་དུ་གཟུང་བ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ནི་ངུ་འབོད་དུ་ནི་འགྲོ། །གང་ཚེ་སེམས་དམན་སྐྱེ་གནས་སུ། །བྱང་ཆུབ་སེམས་འཛག་གྱུར་པ་ན། །ཕྱག་རྒྱའི་པདྨའི་ཕྱི་རོལ་ནས། རང་ལྕེས་བླང་བར་ཤེས་པར་བྱ། །ཞེས་པའོ། །འདི་ནི་ཡེ་ཤེས་དག་པ་ དབང་བཞི་པའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མའི་ལག་པར་ཤེས་རབ་ཀྱི་ལག་པ་གཏད་ལ། དེ་ནས་བདག་ཉིད་ཀྱི་ལག་པ་གཡོན་པས་བཟུང་ལ་གཡས་པས་རྡོ་རྗེ་དང་བཅས་པ་སློབ་མའི་མགོ་ལ་གཞག་སྟེ་གཏད་ལ། འདིའི་དབང་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པས་ཞེས་དེ་ལྟར་བྱས་ལ། ཐབས་ གཞན་གྱིས་ནི་སངས་རྒྱས་མིན། །ཁམས་གསུམ་འདི་ཡིས་དག་འགྱུར་བས། །དེ་ཕྱིར་འདི་དང་སྦྱོར་བ་ལས། །ནམ་ཡང་འབྲལ་བར་མ་བྱེད་ཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་འགའ་ཞིག་འདས་པ་ན། །དངོས་གྲུབ་དམ་པ་མེད་པར་འགྱུར། ། ཞེས་བརྗོད་ལ་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱའོ། །འདི་ནི་རིག་པའི་བརྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་དབང་ཐམས་ཅད་ཐོབ་པ་དང་ཐོས་པ་དང་། བསམས་པ་དང་བསྒོམས་པ་ལས་བྱུང་བའི་རྒྱུད་ཀྱི་དོན་ཐམས་ཅད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ལམ་དཔལ་གྱི་བླ་མ་ཁྱོད་ཀྱི་བཀའ་དྲིན་གྱིས་དེང་ 14-1-143b ངས་ཤེས་པས་དེང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྱོད་སྤངས་ནས་བླ་མ་གཞན་ལ་གུས་པར་མི་བྱའོ། །དེ་ལྟར་དམ་བཅས་ནས། དེ་ནས་བླ་མ་ལ་གསོལ་བ་གདབ་པ་ནི། སྔོན་གྱི་ཚིགས་སུ་བཅད་པས་སོ། །དེ་ནས་ལྷག་པའི་བདག་པོའི་དོན་དུ་ཆོ་ག་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཁང་ པའི་ཕྱི་རོལ་དུ་ས་གཞི་མཉམ་པའི་ཆ་ལ་ཁྲུ་བཞིའི་བར་ལ་བ་ལང་གི་ལྕི་བ་ལ་སོགས་པས་བྱུགས་པ་ཚོན་ལྔའི་ར་བ་བྱས་ཏེ། དེའི་དབུས་སུ་ཁྲུ་དོ་པའི་གདན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་སློབ་དཔོན་དགེ་སློང་བཞག་ལ་གཟུགས་བཟང་བ་རྒྱན་དང་ལྡན་པ་བུ་མོ་སྐྱེས་པའི་བུ་མོ་བརྒྱད། གཞོན་ནུ་མ་གཉིས་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དང་བཅས་པས་ཅོད་པན་དང་དར་དཔྱངས་དང་། ཕྱག་རྒྱ་དང་བཅས་པས་བཅིངས་ལ་ཁྲུས་བྱའོ། །དགེ་སློང་རྡོ་རྗེ་འཛིན་པའི་སྡིགས་མཛུབ་དང་ཆོས་གོས་མཐོང་བས་གདུག་པ་དེ་རྣམས་འོག་ཏུ་འགྲོ་བའོ་ཞེས་སོ། །དེ་ལྟར་རེ་ཁཱ་ལྔ་དང་ལྡན་ པའི་དབུས་སུ་པདྨ་དང་བྲལ་བའི་གདན་ལ་སློབ་དཔོན་དགེ་ཚུལ་བཞག་པ་ལ་ཕྱག་རྒྱ་དང་བཅས་པའི་དར་དཔྱངས་བྱིན་ལ། བུ་མོ་བཞི་དང་གཞོན་ནུ་མ་གཉིས་ཀྱིས་ཁྲུས་བྱའོ། །དེ་ལྟར་རེ་ཁཱ་གསུམ་དང་ལྡན་པའི་དབུས་སུ་ཐ་མལ་གྱི་གདན་ལ་སློབ་དཔོན་ཁྱིམ་པ་བཞག་ལ་ཕྱག་རྒྱ་བྱིན་ཏེ། རྣམ་པར་ རྒྱལ་བའི་བུམ་པ་གཅིག་པུས་གཞོན་ནུ་མ་གཅིག་གིས་ཁྲུས་བྱའོ། །འདི་ནི་མཆོག་དང་བར་མ་དང་ཐ་མའི་སློབ་དཔོན་གྱི་དབང་གི་ཆོ་གའོ། །དེ་ནས་དབང་གོང་མའི་དོན་དུ་སློབ་མས་སློབ་དཔོན་ལ་ཕྱག་རྒྱ་བཅུ་གཏད་དེ། དེ་ཡང་རྩ་བའི་རྒྱུད་ལས་གསུངས་པ། ཚ་མོ་དང་ནི་བུ་མོ་དང་། །སྲིང་མོ་སྐྱེད་ བྱེད་མ་དེ་བཞིན། །ཆུང་མའི་མ་སྟེ་སྒྱུག་མོ་ཉིད། །དེ་བཞིན་དུ་ནི་ཞང་ནེ་མོ། །བ་ཡི་དེ་བཞིན་སྤུན་ཆུང་མ། །སྐྱེད་བྱེད་ཀྱི་ནི་སྲིང་མོ་དང་། །རང་གི་མ་ཡི་སྤུན་ཉིད་དང་། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རིག་མ་བཅུ་རྣམས་རང་རིགས་སྐྱེས། །ཐར་པ་ འདོད་པའི་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། །གང་ཞིག་རིགས་ནི་འདི་བསྲུངས་པས། །བླ་མར་རིག་མ་མི་དབུལ་ན། །དེ་ལ་དབང་ནི་སྦྱིན་མི་བྱ། །གཞན་དུ་ན་ནི་ཁྱིམ་ནས་མིན། །དཀྱིལ་འཁོར་རྣམས་སུ་དབང་བསྐུར་བའི། །གཞན་ཡང་དམངས་རིགས་སྐྱེས་ཚོགས་རྣམས། །དགེ་སློང་ 14-1-144a དགེ་ཚུལ་རྣམས་ལ་ཡང་། །བླ་མས་སྦྱིན་ནོ་མི་བདག་ཀྱེ། །རླུང་སོགས་རིམ་པས་དམངས་རིགས་དང་། །རྒྱལ་རིགས་བྲམ་ཟེ་དེ་བཞིན་དུ། རྗེའུ་རིགས་གཡུང་མོ་ཉ་མ་དང་། །གར་མ་ཚོས་མ་དེ་བཞིན་དུ། །ཀོ་ལྤགས་མཁན་དང་གཏུམ་མོ་དང་། །ཆོས་ཁམས་མཐར་དེ་བཅུ་པོ་ རྣམས། །རིག་མ་ཆེན་མོར་ཡང་དག་བཤད། །ཟོས་དང་གྲོལ་འབྲས་རབ་ཏུ་སྟེར། །ཞེས་པས་འདི་ཐམས་ཅད་སྔོན་དུ་སོང་བ་ལྟར་དམངས་རིགས་ལ་སོགས་པ་ཕྱག་རྒྱ་བཅུས་དགེ་སློང་ལའོ། །དེ་རྣམས་ཀྱི་ནང་ནས་དྲུག་གིས་དགེ་ཚུལ་གྱིའོ། །རང་གི་ཆུང་མ་གཅིག་པུས་ཁྱིམ་པ་ལའོ། །འདི་ནི་ཤེས་ རབ་ཀྱི་ཡེ་ཤེས་ཀྱི་ཆོས་ཀྱི་དབང་བསྐུར་བའོ། །ལྷག་མ་རྣམས་ནི་སྔ་མ་ལྟར་རོ། །ཆུ་ལ་སོགས་པའི་དབང་བདུན་གྱིས་ས་བདུན་དུ་ལུང་བསྟན་པ་དགེ་བསྙེན་ནོ། །བུམ་པས་བརྒྱད་པ་མི་གཡོ་བར་ལུང་བསྟན་པ་དགེ་ཚུལ་གཞོན་ནུའི་ཞེས་པས་སོ། །གསང་བས་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་དགེ་སློང་སངས་རྒྱས་ ཀྱི་སྲས་རྒྱལ་ཚབ། །ཤེས་རབ་ཡེ་ཤེས་ཀྱིས་ཆོས་ཀྱི་སྲིན་དུ་ལུང་བསྟན་པ་གནས་བརྟན་ཏེ་སངས་རྒྱས་གཉིས་པའོ། །དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱ་བའི་དོན་དུ་གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས་དང་། ཕྱག་རྒྱ་དང་། དར་དཔྱངས་དང་། ཅོད་པན་རྣམས་ནི་བུམ་པ་དང་། གསང་བ་དང་ ཤེས་རབ་ཡེ་ཤེས་ཏེ་གོང་མའི་གོང་མའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་ཤར་གྱི་སྒོ་རུ་སློབ་མའི་སྟེང་དུ་གདུགས་བཟུང་ལ་གཡས་སུ་བསྐོར་བ་བྱེད་བཞིན་པས། །ཐལ་མོ་སྦྱར་བྱས་དཀྱིལ་འཁོར་བསྐོར། །གདུགས་དང་བཅས་པས་མཆོད་པ་ལ། །སློབ་མ་འདི་ནི་ཁྱོད་ལ་གཏད། །རྒྱུད་ཀྱི་འཛིན་པ་པོ་རུ་ མཛོད། །ཅེས་དཀྱིལ་འཁོར་གྱི་གཙོ་བོ་ལ་དེ་ལྟར་གསོལ་བ་བཏབ་པ་དང་། གདུགས་གཞན་དུ་བཞག་ལ་སློབ་མའི་ཡིད་ལ་འདོད་པ་སྦྱིན་པར་བྱ་སྟེ། ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། སྔགས་དང་རྒྱུད་ཀྱི་འཛིན་པ་ཁྱོད། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས། །ལྷ་རྣམས་ཀུན་ཀྱང་མཉེས་ པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། ཆོ་ག་བཞིན་དཀྱིལ་འཁོར་ཁྱོད་ཉིད་ཀྱིས། །ཤིན་ཏུ་རྩོལ་བས་བྲི་བར་བྱ། །སྒྲུབ་པ་པོ་ཡི་རྒྱུད་ལ་ཞུགས། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་ལྟ་ཞིང་ཞུགས་པ་ཡིས། །དེ་རིང་ཁྱོད་ཀྱི་སྡིག་པ་རྣམས། །མ་ལུས་ 14-1-144b གྲོལ་ནས་ཡང་དག་གནས། །གཞན་ཡང་ཁྱོད་ལ་འཕོ་བ་མེད། །བདེ་ཆེན་ཐེག་པ་འདི་ཉིད་ཀྱིས། །འཁོར་བ་ཤིན་ཏུ་དག་བྱས་ནས། །འཁོར་བའི་སྡུག་བསྔལ་རྣམས་ལས་ལོག །ཚེ་ལྡན་དེ་རིང་དབང་ཉིད་ཀྱིས། །སངས་རྒྱས་ཀུན་དང་རྡོ་རྗེར་བཅས། །ཁམས་གསུམ་ ཀུན་གྱི་རྒྱལ་སྲིད་ཀྱིས། །རྗེ་བོར་ཁྱོད་ཉིད་ངེས་པའོ། །འདོད་ཆགས་བྲལ་བའི་སྡིག་ལྟ་བུ། །ཁམས་གསུམ་ན་ནི་ཡོད་པ་མིན། །དེ་ཕྱིར་འདོད་ཆགས་དང་བྲལ་བ། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །ཆགས་པ་ཀུན་ལ་ཉེ་བར་སྤྱོད། །བདེ་བ་ནམ་ཡང་འཇིགས་བྱེད་མ། །ཤ་ལྔ་བདུད་རྩི་དང་བཅས་ སྤྱོད། །དམ་ཚིག་ནམ་ཡང་དེ་བཞིན་གསུངས། །སྲོག་གཅོད་པ་ནི་ནམ་ཡང་མིན། །དཔལ་གྱི་རིན་ཆེན་སྤང་མི་བྱ། །སྡོམ་པ་སྤང་བར་མི་བྱ་ཞིང་། །ཁྱོད་ཀྱིས་སློབ་དཔོན་མི་སྤོང་ངོ་། །དེ་བཞིན་གཤེགས་པས་གསུངས་པ་ལྟར། །མི་བྱ་བ་ནི་ཅི་ཡང་མེད། །ཤེས་རབ་ཐབས་ཀྱི་སེམས་ལྡན་པས། ། ཁྱོད་ལ་སྡིག་མེད་འཇིགས་མི་དགོས། །ཞེས་པའི་ཆོས་ཉིད་འདིས་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་ནས། བུ་གཅིག་པ་ལ་བརྩེ་བ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྩེ་བའི་སེམས་ཀྱིས་དགེ་བར་དགོངས་པ་འདི་ནི་དབུགས་དབྱུང་བའི་ཆོ་གའི་རིམ་པའོ། །དེ་ལྟར་སློབ་མ་དབང་ཐོབ་ཅིང་དབུགས་ཕྱུང་ བས་འདི་ལྟར་བྱ་སྟེ། དེ་རིང་བདག་སྐྱེས་འབྲས་བུར་བཅས། །བདག་ནི་འབྲས་བུ་དང་བཅས་སྲོག །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །དེ་རིང་སངས་རྒྱས་སྲས་སུ་གྱུར། །ཅེས་བརྗོད་དོ། །དེ་ནས་དབུལ་བ་ནི། གླང་པོ་དང་། རྟ་དང་། རིན་པོ་ཆེ་དང་། གསེར་དང་། གོས་དང་། རྒྱན་དང་། བ་ལང་དང་། མ་ཧེ་ དང་། བྲན་བོ་དང་། བྲན་མོ་དང་། ཡིད་དུ་འོང་བའི་ཆུང་མ་དང་། བུ་དང་། བུ་མོ་ལ་སོགས་པ་ཇི་ལྟར་འབྱོར་བ་བླ་མ་ལ་གུས་པས་དབུལ་བར་བྱའོ། །དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་དང་གཞོན་ནུ་མ་བཅུ་ལ་འོ་མ་ལ་སོགས་པ་མངར་བའི་སྟོན་མོ་བྱའོ། །ཆུ་ཚོད་བདུན་སོང་བ་དང་། དགེ་སློང་དང་དགེ་སློང་མའི་དགེ་ འདུན་ལ་ཉ་ཤ་ལ་སོགས་པ་སྤངས་པའི་མངར་བས་མཉེས་པར་བྱས་ཏེ། ཡོན་ཕུལ། ལྷ་ཁང་དུ་གཤེགས་སུ་གསོལ་ལོ། བུག་པ་མེད་པ་བར་དུ་གཅོད་པ་མེད་པ་འདུ་འཛི་མེད་པའི་གནས་སུ་མཚན་མོ་ཉི་མ་རྒས་པའི་དུས་སུ་རིགས་སུམ་ཅུ་སོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་གཞན་གྱིས་མ་ 14-1-145a ཚོར་བར་ཞུགས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པས་གནས་པ་ནི། དབུས་སུ་བ་ལང་དང་སྟག་གི་པགས་པའི་གདན་ལ་ཤེས་རབ་དང་བཅས་པའི་གཙོ་བོ་སྟེ། སློབ་དཔོན་སྡོང་ཅིང་མིའི་པགས་པའི་སྣོད་དོ། །དེའི་གཡས་ཕྱོགས་སུ་མིའི་པགས་པའི་སྟེང་དུ་གཡུང་མོའོ། ། ཕྱོགས་རྣམས་ལ་ཁྱི་དང་། རྟ་དང་། བ་ལང་དང་། གླང་པོ་ཆེའི་པགས་པའི་སྟན་རྣམས་ལ་དམངས་རིགས་མ་དང་། རྒྱལ་རིགས་མོ་དང་བྲམ་ཟེ་མོ་དང་རྗེ་རིགས་མ་རྣམས་སོ། །མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དང་དྲི་ཆེན་དང་། ཁྲག་དང་། རྐང་རྣམས་ཀྱི་སྣོད་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་ འཁོར་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་ལུག་དང་ནགས་ཀྱི་ཁྱི་དང་། རྔ་མོ་དང་འདམ་སེང་གི་པགས་པ་རྣམས་ལ་འཁར་བ་མཁན་མ་དང་། ཨུ་མ་བིའི་སྟེང་དུ་གར་བྱེད་མ་དང་། ནོར་བུ་བྱེད་མ་དང་། ཁྲོན་པ་བྱེད་མ་རྣམས་སོ། །མཚམས་རྣམས་ལ་ར་དང་རི་དྭགས་དང་། བོང་བུ་དང་ཕག་པའི་པགས་ པའི་སྟན་རྣམས་ལ་ཐག་མ་དང་། ཆང་འཚོང་མ་དང་། གསེར་མགར་མ་དང་ཕྲེང་བ་མ་རྣམས་སོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཕྱོགས་དང་མཚམས་རྣམས་ལ་ཆུ་སྲིན་ཀུམྦྷིར་དང་། འགྲོན་བུའི་ཕུང་པོ་དང་། ཀ་ཀ་རིའི་ཕུང་པོ་དང་། ཉ་སྲམ་དང་། ཆུ་སྲིན་དང་། སྦལ་པ་དང་། རུས་ སྦལ་ཁོག་པ་དང་། དུང་གི་གདན་རྣམས་ལ་ཤན་པ་མ་དང་བུམ་པ་བྱེད་མ་དང་། ཁུར་བྱེད་མ་དང་། སྨད་འཚོང་མ་དང་། ཁྱོགས་མཁན་མ་དང་། ཉ་བ་མ་དང་། གར་མ་དང་། ཁྲུས་མཁན་མ་རྣམས་སོ། །དེ་ནས་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས་སུ་བསེ་དང་། སྟག་དང་། དྲེད་དང་། དོམ་རྣམས་ཀྱི་ པགས་པ་ལ་ལྕགས་མགར་མ་དང་། རྒྱ་སྐྱེགས་མཁན་མ་དང་། སྲིན་བལ་མཁན་མ་དང་། མར་ཁུ་མཁན་མ་རྣམས་སོ། །མཚམས་རྣམས་སུ་མེའི་མཚམས་ནས་འབྲི་དང་། ཅེ་སྤྱང་མ་དང་། སྲམ་དང་། བྱི་ལའི་པགས་པ་རྣམས་ལ། སྒྱུག་མཁན་མ་དང་། ཤིང་མཁན་མ་དང་། ཀོ་ལྤགས་ མཁན་མ་དང་། འདྲེག་མཁན་མ་རྣམས་སོ། །ཡོངས་སུ་བསྐོར་བ་ལྔ་པ་ལ་གོ་དྷཱ་བ་དང་། བྱི་བ་དང་། སཱལ་ཛི་ཏ་ཀ་དང་། སྤྲེའུ་རྣམས་ལ། ཀླ་ཀློ་མ་དང་། མི་གཙང་འཕྱག་མ་དང་། དུར་ཁྲོད་གནས་མ་དང་། ཚོན་རྩི་མ་རྣམས་སོ། །མཚམས་ཀྱི་མེ་མཚམས་ནས་རི་བོང་དང་། གཟུང་མོ་དང་། ཨི་ 14-1-145b ཤུ་ཀ་པ་ཤུ་དང་། སྦལ་པ་རྣམས་ལ་ཀོ་སྐྱ་མ་དང་། མཐུ་མ་དང་། མི་རྒོད་མ་དང་། རི་ཁྲོད་མ་རྣམས་སོ། །པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པའོ། །ལྷོ་དང་བདེན་བྲལ་དུ་རྟའི་པགས་པའོ། །ནུབ་དང་རླུང་དུ་གླང་པོ་ཆེའི་པགས་པའོ། །བྱང་དང་དབང་ལྡན་དུ་བ་ལང་གི་པགས་པའོ། ། དབུས་སུ་མིའི་པགས་པའོ། །རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་དེ་རྣམས་དང་མཉམ་པ། ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ལ་པགས་པའི་གདན་སྦྱིན་པར་བྱའོ། །དེ་རྣམས་བཏུང་བའི་སྣོད་ནི་ཤར་དང་ མེར་ཉ་ཕྱིས་སོ། །ལྷོ་དང་ལྷོ་ནུབ་ཏུ་ན་རི་ཀེ་ལའི་སྣོད་དོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མིའི་ཐོད་པའོ། །དབུས་སུ་ཤིང་གི་པོར་པ་རྣམས་སོ། །དེ་ནས་དམ་ཚིག་གི་རྫས་རྣམས་ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་ཆུ་ལ་སྤྱོད་པའི་ དམ་ཚིག་གོ། །ཡང་ཙཱ་ཏ་ཀ་དང་། ནེ་ཙོ་དང་། ཁུ་བྱུག་དང་། ས་རི་ཀ་དང་། བྱ་ཝང་དང་། ཕུ་རོན་དང་། སེ་བྱ་དང་། མཆིལ་པ་དང་། ངུར་པ་དང་། ངང་པ་དང་། བྱ་ལོང་དང་། ཁུ་བྱུག་མིག་དང་། ཛ་ཀ་དང་། བྷ་ག་ཝ་ཏི་དང་། པོ་ཏ་ཀི་དང་། སྲེག་པ་དང་། བཞད་དང་། ཆུ་སྐྱར་དང་། ཆུ་བྱ་ དང་། ཁྭ་ཏ་དང་། བྱ་རྒོད་དང་། འུག་པ་དང་། ཧོར་པ་དང་། རྨ་བྱ་དང་། ཁྱིམ་བྱ་དང་། ཁྲ་དང་། འོལ་བ་དང་། བྱན་ལག་དང་། ཤིང་གི་དགྲ་དང་། མིག་སྔོན་ཙ་ཀོ་ར་དང་། གོ་བོ་དང་། པགས་པའི་བྱ་ཆེན་པོ་དང་། དྷཱ་ཏཱུ་ཧ་དང་། པ་ཧོར་ཏ་སྭ་ཡི་དང་། ཉ་ཟ་དང་། ཁྲུང་ཁྲུང་དང་། ཨཾ་པ་རི་ཀ་ རྣམས་ཀྱི་སྟོབས་ཏེ། འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫས་སུམ་ཅུ་སོ་དྲུག་གོ། །དེ་ནས་ཡང་སོ་དང་། སྐྲ་དང་། པགས་པ་དང་། ཤ་དང་། ཆུ་བ་དང་། རུས་པ་དང་། གྲོད་པ་དང་། བྷ་ག་དང་། ཤིག་དང་། བ་སྤུ་དང་། སྲིན་བུ་དང་། གློ་བ་དང་། རྒྱུ་མ་དང་། མཚན་མ་དང་། བད་ཀན་དང་། མཁྲིས་པ་དང་། ཆུ་སེར་དང་། ཁྲག་དང་། རྡུལ་དང་། ཚིལ་དང་། མཆི་མ་དང་། མཆིལ་མ་དང་། སྣབས་དང་། དྲི་ཆུ་དང་། ཞག་དང་། རྣག་རྣམས་ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང་། ཕྱིས་དང་། ལྕེ་དང་། མིག་དང་། རྣ་བ་དང་། སྣ་དང་། ཁུ་བ་དང་། རྡུལ་རྣམས་ཏེ། འདི་རྣམས་ནི་སེམས་ཅན་རྣམས་ཀྱི་ 14-1-146a ལུས་ཀྱི་དམ་ཚིག་གོ། །ཁུ་བ་དང་། དྲི་ཆུ་དང་། བཤང་བ་དང་། རྐང་མར་དང་། ཤ་དང་། མཚེར་པ་དང་། མཁྲིས་པ་དང་། ཁུག་དང་། རྒྱུ་མ་དང་། པགས་པ་རྣམས་དང་། ཆུ་དང་། ཡོན་ཆབ་དང་། བདུག་སྤོས་དང་། མར་མེ་དང་། མེ་ཏོག་དང་། འབྲས་བུ་མ་ཉམས་པ་དང་། ལྷ་བཤོས་རྣམས་སྣོད་དུ་བཞག་སྟེ། ཕྱོགས་མཚམས་བརྒྱད་དུ་གཞག་གོ། །དེ་ནས་སློབ་དཔོན་གྱིས་སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་སྟོང་པ་ཉིད་ཀྱི་རྗེས་ལ་བདག་ཉིད་ཀྱི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཡོན་ཆབ་སྔོན་དུ་སོང་བས། ཐུགས་ལ་སོགས་པའི་ དཀྱིལ་འཁོར་ལ་གཞུག་པར་བྱའོ། །དེ་རྣམས་ཀྱང་ལྷའི་གཟུགས་སུ་བསྒོམས་ལ་དེ་ནས་སློབ་དཔོན་གྱིས་སྔོན་དུ་སོང་བའི་དམ་ཚིག་གི་རྫས་དང་། སྟོབས་དང་མྱོས་བྱེད་དང་ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་ངོ་། །ཡང་ན་སྦྱང་ལུགས་གཞན་ནི་ཨོཾ་བཛྲ་ཀྲོ་དྷེ་ཤྭཱ་རི་སརྦ་དྲ་བྱཱ་ནི་བི་ཤོ་དྷ་ཡ་ཧཱུྃ་ཕཊ། ཅེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱིས་བཞུ་བར་བྱ་སྟེ་བསང་གཏོར་བྱའོ། །དེ་ནས་སྲིན་ལག་གིས་བླངས་ནས་གྲུ་གསུམ་བྱས་པའི་དབུས་སུ་མཎྜལ་ཟླུམ་པོ་བྱས་ལ་དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ་། །དེ་ནས་སྲིན་ལག་གིས་བླངས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དེ་ ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱས་ནས་གཤེགས་སུ་གསོལ་བར་བྱས་ཏེ། །དེ་ནས་ཞིང་སྐྱོང་རྣམས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་གཏོར་མ་བྱིན་ལ། །དེ་ནས་ཨོཾ་ཧཱ་རི་ཏི་པི་ཎ་ཌི་ཀཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཱུ་ཏི་ཀེ་ཨ་གྲ་གྲཱ་ས་མ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ འཕྲོག་མ་དང་ཕོ་ཉ་དག་ལ་ཆང་ཟན་དང་ཕུད་ཡི་གེ་གསུམ་མངོན་པར་བསྔགས་ཏེ་ས་ལ་བཞག་ལ་ཟས་མ་ཟོས་པ་དང་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜལ་བྱས་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་པའོ། །དེ་ནས་ལས་ཀྱི་རྡོ་རྗེས་བླ་མ་ལ་གུས་པས་བག་ཡོད་པས་དམ་ཚིག་གི་རྫས་དེ་དང་དེ་རྣམས་གུས་པ་དང་ བཅས་པས་དབུལ་བར་བྱའོ། །མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང་ལན་པས་ཀྱང་པདྨའི་ལག་ཀར་གྱིས་སོ། །སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་རྣམས་ཀྱིས་མྱོས་བྱེད་ཀྱི་ཕུད་དང་པོ་སློབ་དཔོན་ལ་ཕུལ་ཏེ་ཕྱག་བྱས་ལ་བཏུང་བར་བྱའོ། །གནང་བ་མ་བྱིན་གྱི་ 14-1-146b བར་དུ་མྱོས་བྱེད་ས་ལ་མི་གཞག་ཞག་ཅིང་ས་ལ་གཞག་ན་གཅིག་ལ་གཅིག་པདྨའི་ཕྱག་གིས་དྲང་ཞིང་བླང་བར་བྱའོ། །དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས་པ་ལྡག་པ་དང་བཏུང་བ་དང་བཟའ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་སུ་དེ་དག་གིས་བརྗོད་པ། ཆོས་རྣམས་རང་བཞིན་རྣམ་པར་དག །འདི་ལ་ཐེ་ ཚོམ་མ་བྱེད་པར། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་ཟ་བར་གྱིས། །བདེ་གཤེགས་ཆོས་རྣམས་ཟག་པ་མེད། །ནམ་མཁའ་དང་མཚུངས་དྲི་མ་མེད། །གཟུང་དང་འཛིན་པ་རྣམས་དང་བྲལ། །འདི་ལ་འཁྲུལ་པ་མེད་པར་སྐྱབས། །གཞན་ཡང་། འཁོར་ལོ་གཙོ་བོས་མ་ གནང་བས། །ཚོགས་ཀྱི་འཁོར་ལོ་བྱ་བ་མིན། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། བྱ་བ་ཐམས་ཅད་དལ་གྱིས་བྱ། །གཞན་དུ་ན་རྣམ་པར་གཡེང་བར་འགྱུར་རོ། །འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་པ་ལ་ཕྱག་བྱས་ཏེ། གནང་བ་ཞུ་ལའོ། །འཇུག་པའི་དུས་སུ་ཕྱག་བྱས་ལའོ། ། དེ་ལྟར་མཉམ་པར་གཞག་པས་ལོངས་སྤྱད་དོ། །སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པས་བཏེག་ན་བླ་མ་ལས་རྗེས་གནང་ཐོབ་པ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སྨད་ལ་བླང་བ་ནི་ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་པས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་བཟའ་བ་དང་བཏུང་ བ་ལ་སོགས་པ་བྱས་པ་དང་སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང་། ཟུར་གྱི་མིག་གིས་བསྡུས་པའི་ལྟ་བས་བལྟ་བར་བྱ་ཞིང་མཐོ་ལ་མཁྲེགས་པའི་ནུ་མ་དང་པདྨ་རེག་ཅིང་མཆུ་གཞིབ་ཅིང་འཁྱུད་པ་ལ་སོགས་པའི་ཀ་ར་ནའི་བྱེ་བྲག་བྱའོ། །འདིར་རྣལ་འབྱོར་མ་རྣམས་ཀྱི་ཐ་དད་ཀྱི་ངོ་ཚ་དང་ རིགས་དང་། རིགས་མིན་ལ་སོགས་པའི་རྣམ་པར་རྟོགས་པ་སྤངས་ཏེ། ས་སོའི་གནས་ན་གནས་པའི་སྲིང་མོ་ལ་སོགས་པ་སྣ་དང་། རྣ་བ་དང་མཆུ་ལ་སོགས་པ་ཆད་པ་དང་། གཟུགས་ངན་པ་ལ་སོགས་པ་དེ་རུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་ ཀྱང་ངོ་། །དེ་ཡང་ལང་ཚོ་མ་གང་ཞིག་ཨུཏྤ་ལའི་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པར་བྱེད་ན། དེའི་བསོད་ནམས་ནི་ས་གཞི་དང་གླང་པོ་ཆེ་དང་། རྟ་དང་། བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་བ་བས་ཀྱང་བསོད་ནམས་ཆེའོ། །འདིར་རྣལ་འབྱོར་ 14-1-147a མ་རྣམས་ཀྱི་ཕྱག་དང་མཚན་མ་དང་། །རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་ཀྱིས་དོགས་པས་མ་བྲིས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱོད་ལ་དེ་ལྟར་ཐམས་ཅད་བྱ་སྟེ། རྫོགས་པ་དང་། ཟོས་པ་དང་། འཐུངས་པའི་ལྷག་མ་སློབ་དཔོན་གྱིས་ སྡུད་དུ་བཅུག་ལ། མདུན་དུ་བཞག་པ་ལ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ། སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས་པའི་ཆང་གི་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཙྪིཥྚ་བ་ལཱིཾ་ཨུ་ཙྪིཥྚ་བྷཀྵ་ཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏོར་མ་ལ་སྟེ། མར་མེ་ དང་བཅས་པ་ཕྱི་ལོགས་སུ་གཏོང་དུ་བཞུག་གོ། །དེ་ནས་གོས་ཟུང་དང་། ལག་གདུབ་དང་། རྣ་རྒྱན་ལ་སོགས་པ་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང་དཔའ་མོ་ལ་སོགས་པ་རྣམས་ལ་འབུལ་བའོ། དེ་ནས་མཎྜལ་བྱས་ཏེ་བརྗོད་པ། བསོད་ནམས་འདི་ཡིས་སེམས་ཅན་གྲངས་མེད་ ཁམས་གསུམ་ལ་གནས་རྣམས་ཀྱིས་བླ་ན་མེད་པ་ཐོབ་པར་ཤོག །ཅེས་པས་ཡོན་གྱི་བདག་པོས་སྨོན་ལམ་གདབ་པར་བྱའོ། །དེ་ནས་ལྷག་མ་ལུས་པ་དོང་དུ་སྦ་བར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ས་བདག་རྒྱལ་པོའམ་གཞན་གྱིས་བྱ་བའོ། །དེ་ལས་གཞན་པ་ནི་ཆོག་པའི་བྱེ་བྲག་ཇི་ལྟར་རྙེད་ པའི་ཐ་མལ་མའི་བུད་མེད་དམ་སྐྱེས་པ་རྣམས་ལས་ལྔའམ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གམ། རྩ་དགུའམ། ཡོངས་སུ་རྫོགས་པ་ལ་སྙན་གསན་ཕབ་སྟེ། ཇི་ལྟར་རྙེད་པའི་གདན་ལ་སོགས་པ་དེ་སྟར་ཐམས་ཅད་བྱའོ། །དེ་ནས་དཔའ་བོའི་སྟོན་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་ དབུས་བ་ལང་གི་ལྕི་བས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་སོགས་པ། སློབ་དཔོན་གྱིས་སྔ་མ་ལྟར་བྱས་ལ། དེ་ཡང་ཚོགས་ཀྱི་གཙོ་བོ་ཁ་ཤར་དུ་ཕྱོགས་པའོ། །དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཕྱག་རྒྱ་དང་བྲལ་བའི་ ཆང་གི་བཏུང་བ་བཀག་པའི་ཕྱིར་རོ། །དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ནི་གྲལ་ཤར་དུ་ཕྱོགས་པས་སོ། །བདེན་བྲལ་ནས་སློབ་དཔོན་དགེ་ཚུལ་རྣམས་བྱང་དུ་ཕྱོགས་པས་སོ། །དབང་ལྡན་ནས་སློབ་དཔོན་ཁྱིམ་པ་རྣམས་ཁ་ལྷོ་རུ་ཕྱོགས་པས་སོ། །དེ་ལྟར་དགེ་སློང་མ་དང་དགེ་ཚུལ་ 14-1-147b མ་དང་། དགེ་བསྙེན་མ་རྣམས་ཀྱང་ངོ་། །ཚོགས་ཀྱི་གཙོ་མོའི་གཡོན་དུ་ཐབས་ཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཐབས་དང་བྲལ་བའི་སྟོབས་ཀྱིས་བཟའ་བ་བཀག་པའི་ཕྱིར་རོ། །ལྷག་མ་སྔ་མ་དང་མཚུངས་སོ། །འདི་ནི་དཔའ་བོའི་སྟོན་མོ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་ ཆོ་གའི་རིམ་པའོ། །དེ་ནས་གསུངས་པའི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་སྔོན་དུ་སོང་བས་ལུགས་མ་ལ་སོགས་པ་རབ་ཏུ་གནས་པ་བྱ་བ་ནི། སྟོང་པའི་ངང་ལས་ས་བོན་ལ་སོགས་པ་ལས་ཡོངས་སུ་རྫོགས་པའམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་ གཟུགས་ཐུགས་ཀར་ས་བོན་དང་བཅས་པ་བསམས་ལ། ན་བཟའ་གསར་པ་དམར་པོ་ལ་སོགས་པ་བསྐོན་པ་དང་། དེ་ནས་ཡོན་བདག་མེ་ཏོག་དང་བཅས་པ་དེ་ཉིད་གཟུགས་བརྙན་མེ་ཏོག་དང་བཅས་པར་དམིགས་ཏེ། ཡོན་བདག་ལུགས་མ་སོགས་པ་དང་བཅས་པས་སློབ་མ་ཇི་ལྟ་བ་བཞིན་དུ་ རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་སྟེ། སློབ་དཔོན་གྱིས་ཀྱང་ལུགས་མ་ལ་སོགས་པའི་ལྷག་པའི་ལྷའི་མཚན་མའམ་དེའི་རིགས་ཀྱི་མཚན་མ་ལ་དེའི་མེ་ཏོག་གི་ཕྲེང་བ་འབུལ་དུ་གཞུག་གོ། །ཡང་ན་མེ་ཏོག་དོར་བ་སྤངས་ཏེ། ལུགས་མ་ལ་སོགས་པ་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འཇུག་ པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ཤར་གྱི་ཕྱོགས་སམ་བྱང་ཤར་མཚམས་སུ་ཁྲུས་ཀྱི་གདན་གྱི་སྣམ་བུ་ཆུ་དང་ཞེང་དུ་ཇི་ལྟར་འཚམ་པར་བྱ་བའམ། ཇི་ལྟ་བ་བཞིན་དུ་ས་གཞི་ལ་བྱུགས་པ་ལ་སོགས་བྱས་པ་ལ་བདུད་རྩི་ལྔ་དང་བཅས་པའི་བའི་རྣམ་ལྔས་བྱུགས་ཏེ། ཕྱོགས་མཚམས་ལ་བུམ་པ་ བརྒྱད་བཀོད་པ་དང་། མེ་ཏོག་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་དང་། གར་དང་། གླུ་དང་། སྒྲ་ལ་སོགས་པ་ཇི་ལྟར་ནུས་པ་ཡིད་དུ་འོང་བར་བྱས་ལ། དགེ་བའི་ཚེས་ལ་སོགས་པ་ལ་སློབ་དཔོན་རྒྱན་ཐམས་ཅད་བཏགས་ཏེ། རྡོ་རྗེ་སེམས་དཔའ་རིག་མ་དང་ བཅས་པའི་ང་རྒྱལ་གྱིས། སྟེགས་བུའི་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ཀྱི་གྲུ་བཞི་པ། རྟ་བབས་དང་བྲལ་བའི་ནུབ་ཀྱི་སྒོ་དང་ལྡན་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱོགས་དང་མཚམས་རྣམས་ལ་དོན་ཡོད་གྲུབ་པ་ལ་སོགས་པའི་མཚན་མ་རྣམས་རྡུལ་ཚོན་གྱིས་བྱའོ། །དེའི་སྟེང་དུ་སྣམ་ 14-1-148a བུ་ལ་པདྨ་འདབ་མ་བརྒྱད་པ་བྲིས་པ་ལ། ལུགས་མ་ལ་སོགས་པ་བསྐྱོད་པར་ནུས་པ་རྣམས་ཤར་དུ་ཕྱོགས་པས་བཞུགས་སུ་གསོལ། །ལྷ་ཁང་དང་མཆོད་རྟེན་དུ་དྲི་གཙང་ཁང་དང་། ལུགས་མ་ཆེན་པོ་རྣམས་སྔ་མ་ལྟར་དམ་ཚིག་པ་བསྐྱེད་ལ་དཀྱིལ་འཁོར་དུ་བཞུགས་པར་ བསམ་པ་སྟེ། དེ་རྣམས་ལ་ཁྲུས་ཀྱི་སྣམ་བུ་དགོས་པ་མེད་པས་ན་དེ་ལྟར་བྱེ་བྲག་གཉིས་སོ། །དེ་ཡང་ནུབ་མོའི་དུས་སུ་ལུགས་མ་ལ་སོགས་པ་སྔོན་དུ་བཞུགས་པ་དང་། དེ་ལ་བདག་ཉིད་མངོན་པར་ཕྱོགས་ཏེ་ཞབས་བསིལ་ལ་སོགས་སྔོན་དུ་སོང་བས་ནིར་མན་ཚ་ན་བྱ་བ་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿ། ཞེས་པའི་སྔགས་ཀྱིས་གྲུབ་པའི་ཡུངས་ཀར་ཆང་བ་གཡས་གཡོན་དུ་གཟུང་ལ་སོ་སོར་ལན་གཉིས་སུ་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་བཾ་ད་ཧ་སྭཱ་ཧཱ། ཞེས་པ་བཟླས་ཏེ་ཡུངས་ཀར་མེ་ལ་གདེགས་པར་བྱའོ། །དེ་ལྟར་གཡས་སུ་བསྐོར་བས་ཀྱང་ངོ་། །དེ་ལྟར་ཆུས་ གང་བའི་ཁམ་ཕོར་དང་དཱུར་བ་དང་བཅས་པའི་བ་ལང་གི་ལྕི་བས་ཆང་བར་བཅངས་ལ་ཆང་ཟན་དང་། གསིལ་ཡབ་རས་རྣམས་ཏེ། འོན་ཀྱང་ཁ་འཕོར་ལ་སོགས་པ་མེ་རུ་སྐྱུར་བར་མི་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་ལ་ལག་པས་རེག་ལ། གཙོ་བོའི་སྔགས་དང་བཅས་པས་ལུགས་མ་ལ་སོགས་པ་ལ་ ཇི་ལྟར་རིགས་པ་ལྟར་དངོས་སུའམ་མེ་ལོང་གི་གཟུགས་བརྙན་ལ་དྲི་ནི་ཐུགས་ཀར་བྱུག་གོ། །མེ་ཏོག་ནི་དབུ་ལའོ། །ཡོན་ཆབ་མདུན་དུའོ། །མར་མེ་བསྐོར་བཞིན་པས་སོ། །མར་དང་སྤོས་དཀར་ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ་བདུག་པར་བྱའོ། །འདི་ནི་ནིར་མན་ཚ་ནའི་ཆོ་གའི་རིམ་པའོ། །དེ་ ནས་ཡི་གེ་དྲུག་པ་བཟླས་ཤིང་དཱུར་བའི་ཕྱིར་གྱིས་ཟངས་ཀྱི་སྣོད་ན་གནས་པའི་ཞོ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་། ཀ་ར་རྣམས་ཏེ། བདུད་རྩི་ལྔའི་བདག་ཉིད་དང་། གཞན་ཡང་ཞོ་དང་། འོ་མ་དང་། མར་དང་། བ་ལང་གི་ལྕི་བ་དང་། ཆུ་རྣམས་ཀྱིས་ལུགས་མ་ལ་སོགས་པ་སྐུ་ཁྲུས་གསོལ་ དུ་བཏུབ་པ་རྣམས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ། ཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །བྲིས་སྐུ་དང་པོ་ཏི་ལ་སོགས་པ་རྣམས་མེ་ལོང་གི་གཟུགས་བརྙན་ལའོ། །དེ་ནས་ཡི་གེ་དྲུག་པ་བཟླ་ཞིང་ཆུ་གཙང་མ་དང་དྲི་ཞིམ་པོས་ཁྲུས་བྱའོ། །དེ་ནས་ཁར་བའི་སྣོད་དུ་འདག་ཆ་ལ་ལྔ་བླུགས་པས་དག་པར་བྱ་བ་ནི། 14-1-148b ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སོ། །མེ་དང་ཉི་མས་སྨིན་པའི་དྲིའི་མར་གྱིས་བྱུགས་ལ་ཡང་འདག་ཆལ་གྱིས་སོ། །སྒྱུར་པོས་བྱུགས་ལ་དེ་ལྟར་ཁྲུས་བྱས་ཏེ། ཁར་བའི་སྣོད་ཀྱི་ཡུང་བས་བྱུགས་ནས་ཡང་ཁྲུས་བྱའོ། །དེ་ནས་ཙནྡན་དང་། གུར་གུམ་དང་། ག་བུར་དང་། གླ་རྩི་ལ་ སོགས་པས་མཉམ་པར་བྱུགས་ཏེ། སྙིང་གའི་ས་པོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་བུམ་པས་ཁྲུས་བྱེད་པར་བསམ་ཞིང་བཀྲ་ཤིས་ཀྱི་གླུ་དང་བཅས་པས་བུམ་པ་རྣམས་ཀྱི་ཆུ་ཡིས་ཁྲུས་བྱ་བ་ནི། སྔོན་དུ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་པས་སོ། །དེ་ཉིད་ལ་ཆགས་པའི་ཆུ་རས་འཇམ་ པོས་དབྱི་བར་བྱས་ལ་དེ་ལ་ཇི་ལྟར་ནུས་པའི་ན་བཟའ་དབུལ་བར་བྱའོ། །དེ་ནས་ས་བོན་གྱིས་ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་རྣམས་མདུན་དུ་སྤྱན་དྲངས་ལ་ཞབས་བསིལ་དང་། ཞལ་བསིལ་དང་། ཡོན་ཆབ་རྣམས་སྔོན་དུ་སོང་བས་པུས་མོ་ གཡས་པ་ས་ལ་བཙུགས་ཏེ། ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་སྤོས་སྣོད་ཀྱིས་བདུག་ཅིང་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྕེ་དང་ལྡན་པས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ཅེས་པ། བདག་ནི་རྡོ་རྗེ་ཆེ་གེ་ཉིད། །ཅེས་པར་བསྒྱུར་བས་བསྟོད་དེ། ཕྱག་བྱས་ནས། ཨོཾ་བཛྲ་པུ་ན་རཱ་ག་མ་ན་ ཡ་མུཿ། ཞེས་པས་གཤེགས་སུ་གསོལ་ལོ། །ཁྲུས་བྱས་པའི་ལུགས་མ་ལ་སོགས་པ་རྣམས་ཀྱི་གནས་ལྔ་རྣམས་ལ་དྲིས་བྱུགས་ལ་མཆོད་དེ། ཡི་གེ་དྲུག་པ་དང་བཅས་པའི་གཡས་ཀྱི་རྡོ་རྗེ་ལན་གསུམ་དུ་རེག་ནས་ལྷ་དེ་དང་དེའི་བསྔགས་བཟླས་ཏེ། དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ དབུལ་ལོ་ཞེས་པས་སོ། །གང་ཞིག་སེམས་ཅན་བརྟན་ན་ལྷག་པར་གནས་པ་མེད་ཀྱང་རབ་ཏུ་གནས་པར་བྱ་བ་ནི། གསུངས་པར་འགྱུར་བའི་ཆོ་ག་རྣམས་ཉི་མ་གཅིག་ལ་བྱའོ། །ཡོན་བདག་ལ་འབྱོར་པ་ཡོད་ན་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ལྷག་པར་གནས་པར་བྱའོ། །འདི་ནི་ལྷ་ལྷག་པར་ གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་གཞི་ལ་སྒོ་བཞི་པ་རེ་ཁཱ་ལྔ་དང་བཅས་པ་བྱས་ལ། དབུས་སུ་པདྨ་འདབ་མ་བརྒྱད་པའོ། །ཕྱོགས་དང་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་མཚན་མ་རྣམས་དགོད་དོ། །དེ་ནས་ལུགས་མ་ལ་སོགས་པ་དཀྱིལ་འཁོར་ 14-1-149a ལ་སྔོན་དུ་ཕྱོགས་པས་ཞུགས་པ་དང་། རྒྱུད་དང་སྒྲུབ་ཐབས་ལ་སོགས་པར་ལྷ་བསྐྱེད་པའི་བྱེ་བྲག་སློབ་དཔོན་གྱིས་གོ་བར་བྱ་སྟེ། མཆོད་རྟེན་ལ་སོགས་པ་སྟོང་པའི་ངང་ལས་རིམ་པས་སམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་བསྒོམ་མོ། །པོ་ཏི་རྣམས་ནི་སྟོང་པའི་ ངང་ལས་ཨཱཿདེ་ལས་འོད་དཔག་ཏུ་མེད་པའི་རིག་མ་དང་བཅས་པ་པདྨ་དང་ཉི་མའི་སྟེང་དུའོ། །དེ་ཡང་ཡོངས་སུ་གྱུར་པ་ལས་ཡི་གེའི་གཟུགས་བརྙན་གྱི་བདག་ཉིད་འོད་དཔག་མེད་ཀྱི་གཟུགས་ཀྱི་དམ་ཚིག་པ་རུ་བསྒོམ། ལྷ་ཁང་དང་། མཆོད་རྟེན་དང་། དྲིའི་གཙང་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་ བ་ལ་གནས་པ། ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མ་ལ་འཁྱུད་པ་ཡོངས་སུ་གྱུར་པ་ལས་ལྷ་ཁང་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །གཞན་ཡང་སྟོང་པའི་རང་བཞིན་དུ་ནི་བྱས་ནས་རྒྱལ་བ་མཆོག་དང་ བཅས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་བདག་ཉིད་དུས་ཀྱི་འཁོར་ལོར་བསྒོམ་ཞིང་། ལྷ་ལ་སོགས་པ་རྣམས་ཀྱང་སོ་སོའི་ས་བོན་ལས་བྱུང་བའི་སོ་སོའི་གཟུགས་ཀྱི་རྣམ་པར་བསྒོམས་ལ། ཟླ་བ་དཀར་པོ་ལ་སོགས་པ་ནས་ནམ་མཁའི་དཀྱིལ་འཁོར་ ལྗང་ཁུའི་བར་དཔྲལ་བ་ལ་སོགས་པའི་འཁོར་ལོ་ནས་གསང་བའི་བར་དུ་བཀོད་ལ་ཨོཾ་ནས་ཀྵཿའི་བར་བསྒོམ་པར་བྱའོ། །ལྷ་རྣམས་ཀྱང་འདི་ལྟ་སྟེ། རང་གི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཞབས་བསིལ་ལ་སོགས་པས་མཆོད་ལ། ཛ་ཧཱུྃ་བཾ་ཧོཿཞེས་པ་བརྗོད་དེ་ལྕགས་ཀྱུའི་ཕྱག་རྒྱ་ ལ་སོགས་པས་ཁྲོ་བོ་བཞི་ཡིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་རྣམས་རིམ་པ་བཞིན་དུ་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་རྣམས་སྙིང་གའི་པདྨར་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་ས་བོན་གྱི་ཡི་གེ་དགོད་པར་བྱའོ། །དེ་ནས་ཆུ་ལ་སོགས་པའི་དབང་རྣམས་སྔོན་དུ་གསུངས་པའི་ སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་ནོ། །ཡང་ན་བསྒོམས་པས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་དབང་བསྐུར་བ་སྤངས་ལ་ཐུགས་ཀར་ས་བོན་བཀོད་པ་དང་། ལྷའི་གཟུགས་བརྙན་གྱི་གཟུགས་སུ་ངེས་པར་བལྟས་ལ་རང་གི་སྔགས་སམ། སྔགས་འདིས་མཆོད་པ་ནི། ཨོཾ་ 14-1-149b ཨཱཿབཛྲ་ཝསྟྲ་ཡེ་ཧཱུྃ་སྭཱ་ཧཱ། ཞེས་པ་དང་། དེ་ལྟར་ཨོཾ་ཨཱཿབཛྲ་དང་པོར་བརྗོད་ཅིང་ཧཱུཾ་སྭཱ་ཧཱ། མཐའ་མར་སྦྱར་བའི་སྔགས་རྣམས་ཀྱིས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་དང་། རྒྱན་ལ་སོགས་པ་དབུལ་ལོ། ཨོཾ་ཨཱཿསརྦ་ཤོ་དྷ་ན་ཧཱུྃ་ཕཊ། ཅེས་པ་ནི། འབྲས་བུ་ལ་ སོགས་པ་དག་པར་བྱ་བའི་སྔགས་སོ། །ཨོཾ་བཛྲ་སྭཱ་ཧཱ། ཞེས་པའི་འབྲས་བུས་འདྲེན་པའི་སྔགས་སོ། །དེ་ནས་དམ་ཚིག་གི་རྫས་བྱིན་ལ། ཨོཾ་བཛྲ་ཨཱཿ། ཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ནོ། །དེ་ནས་སྦྱིན་སྲེག་གིས་མཉེས་པར་བྱ་བ་ནི། ཡོན་བདག་གི་འབྱོར་པའི་བྱེ་བྲག་གིས་ལུགས་མ་ ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་ལ་སྟེ། ཞི་བ་ལ་སོགས་པས་སངས་རྒྱས་ཀྱི་བར་འདོད་པའི་དོན་ནི་དགོས་པའོ། །གསེར་གྱི་ཐུར་མས་དངུལ་ལ་སོགས་པའི་སྣོད་དུ་སྦྲང་རྩི་བཞག་པ་ལས་བླངས་ཏེ། ཨོཾ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོདྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་ལུགས་མའི་སྤྱན་ལ་བྱུག་ཅིང་དབྱེ་བར་བྱའོ། ། པོ་ཏི་ལ་སོགས་པ་རྣམས་ལ་མེ་ལོང་གི་གཟུགས་བརྙན་ལ་དེ་ལྟར་བྱའོ། །དེ་ནས་ཐབ་ཁུང་གི་མེའམ། མེ་གཞན་ལ་འོ་མ་དང་། འབྲས་མཉམས་པ་དང་། མར་དང་། སྦྲང་དང་། ཀ་ར་རྣམས་ཧོམ་གཟར་རམ། པི་པི་ལིང་གི་ལོ་མས་སྒྱེད་པུའི་སྟེང་གི་སྣོད་དུ་བླུགས་སོ། །གཙོ་བོའི་སྔགས་བརྗོད་ ཅིང་ཚོས་པར་བཙོ་བར་བྱའོ། །ཐུག་པ་དེ་ཉིད། ཨོཾ་དི་བྱཱ་ནཾ་ས་མཱ་དྷཱི་དྷྱ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལུགས་མ་ལ་སོགས་པ་ལྷའི་གཟུགས་བརྙན་དུ་བསམས་ལ་དྲང་བར་བྱའོ། །ཞལ་བསིལ་ལ་དྲི་ཞིམ་པོའི་སྦྲང་རྩི་དང་བཅས་པ་དབུལ་ལོ། །དེ་ནས་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ། ཞེས་པའི་དམ་ཚིག་འདི་ ཉན་དུ་གཞུག་གོ། །པོ་ཏི་རྣམས་ལ་འོད་དཔག་མེད་ཤེས་རབ་དང་བཅས་པ་བསྟིམ་པས། བྱང་བུ་རྣམས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་རང་བཞིན་དབྱངས་དང་གསལ་བྱེད་དུ་བསྒོམ་མོ། །ལྷ་ཁང་ལ་སོགས་པ་རྣམས་ལ་ནོམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་ པས། རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། དེའི་ཆོས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་ཏིང་ངེ་འཛིན་སྣ་ཚོགས་ཀྱི་བྲང་ཁང་དུ་བསམ་པར་བྱའོ། །མཆོད་རྟེན་ལ་དེ་ལྟར་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་པས་དེའི་དབུས་སུ་ 14-1-150a པདྨའི་ལྟེ་བའི་སྟེང་དུ་ཟླ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །ཁྱང་ལ་སོགས་པའི་འདབ་མ་རྣམས་ལ་རལ་གྲི་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་རྣམས་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་བཞུགས་པ་ནས། །སྒྱུ་མ་ལྷ་མཛེས་ལྷུམས་བལྟམས་ལྟར། །དེ་ལྟར་གཟུགས་བརྙན་འདི་ཉིད་ལ། །མགོན་པོ་བརྟན་པར་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་འཕེལ་དོན་དུ། མཆོད་པ་ལ་སོགས་འདི་དག་རྣམས། །ཆེ་གེའི་དོན་དུ་བཞེས་པར་ མཛོད། །ཅེས་པ་འདི་ཇི་སྲིད་བར་དུ་བཞུགས་པར་གསོལ་བ་གདབ་པའི་དོན་དུའོ། །ཡི་གེ་དྲུག་པ་བཟླས་ཤིང་ལུགས་མ་ལ་སོགས་པའི་སྟོད་དང་། དབུས་དང་སྨད་ཀྱི་ཆ་རྣམས་ལ། ལག་པ་གཡས་པའི་རྡོ་རྗེས་ལན་གསུམ་དུ་བསྐོར་བས་བསྟན་པར་བྱ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་ པ་ལ་སོགས་པས་བསྟོད་ལ། ལྷག་པ་དང་ཆད་པའི་སྐྱོན་སྤང་བའི་དོན་དུ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟ་ཤྲི་ཡཿ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་ ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ་བཛྲཱ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། དེ་ལྟར་ཡི་གེ་བརྒྱ་པ་བརྗོད་ལ། མེད་དང་མི་ཤེས་མ་གུས་པས། །གང་ཞིག་ཆད་དང་ལྷག་པར་བྱས། །དེ་རྣམས་མ་ལུས་ཐུགས་རྗེ་ཅན། །ཁྱེད་ལ་བདག་ནི་བཟོད་པར་གསོལ། །ཞེས་པས་བཟོད་པར་གསོལ་ལོ། སངས་རྒྱས་རྣམས་དང་ལྷ་མོ་བཅས། །དེ་སྲས་ཚངས་པ་ཀླུ་ལ་སོགས། །མ་ལུས་ཆོ་ག་ཆད་ལ་སོགས། །དེ་རྣམས་བཟོད་པར་གསོལ་བར་རིགས། །མེ་དང་ས་དང་ཆུ་དང་རླུང་། །རྣམས་ལས་ལུགས་མ་རྣམས་ལ་སྐྱོབས། །ཡོན་གྱི་བདག་ལ་ཞི་བ་དང་། །རྒྱས་དང་བཀྲ་ཤིས་རྒྱུན་དུ་སྤྱོད། །དེ་ ཡིས་བུ་སོགས་སློབ་མ་དང་། །བདག་ཀྱང་དེ་མཚུངས་མཉེས་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འདིར་ནི་འབྱོན་པར་ཞུ། ཞེས་ལན་གསུམ་བརྗོད་དེ། །ཕྱོགས་སྐྱོང་དང་། འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ཡོན་གྱི་ 14-1-150b བདག་པོས་ཀྱང་ལུགས་མ་ལ་སོགས་པ་ལ་བསྐོར་བ་དང་། མཆོད་པ་དང་། ཕྱག་རྣམས་བྱས་ལ། སློབ་དཔོན་ལ་ཡོན་ཕུལ་ཏེ། ཡང་དག་པར་མཉེས་པར་བྱའོ། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་པོ་ཏི་རྣམས་སོ། །རྣམ་པར་སྣང་མཛད་དུ་ལྷ་ཁང་ལ་སོགས་པའོ། །རྡོ་རྗེ་ སེམས་དཔས་གཙོ་བོ་བྱས་པར་སྐུའམ་གཟུགས་བརྙན་ངོ་མ་ཤེས་པ་རྣམས་སོ། །གལ་ཏེ་ལུགས་མའམ་གཟུགས་བརྙན་དེ་དང་དེའི་རིགས་སུ་ཤེས་ནས་རིགས་ཀྱི་བདག་པོ་དེ་དང་དེའི་དཀྱིལ་འཁོར་དུའོ། །གང་དག་ཏུ་ཡང་། གཟུགས་བརྙན་རབ་ཏུ་གནས་པ་ནི། །རྒྱུད་ཉིད་གང་དུ་བཞུགས་པ་ལྟར། །དེ་ཉིད་ཀྱི་ནི་ དཀྱིལ་འཁོར་བྱ། །འོན་ཏེ་སློབ་དཔོན་རང་ཉིད་ཀྱི། །ལྷ་ཡི་བདག་ཉིད་གྱུར་པ་ལྟར། །དེ་ཡི་དབྱེ་བ་ཤེས་པར་བྱ། །ཞེས་པ་དེའི་ཕྱིར་རྒྱུད་དང་། རྒྱུད་དུ་གསུངས་པའི་ལྷ་ཡིས་ཀྱང་མཆོག་གི་བླ་ན་མེད་པ་འདིའི་དགོངས་པས་རབ་ཏུ་གནས་པའི་རིགས་སོ་ཞེས་བྱའོ། །ཆོ་ག་ཆུང་བའི་རབ་ཏུ་གནས་པ་ནི་ལུགས་ མ་ལ་སོགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་དེ་ཉིད་ཀྱི་ས་བོན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་གི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དང་། རང་ཉིད་ཀྱིས་ཀྱང་བུམ་ པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་ནི་ལུགས་མ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །སྲུང་བའི་འཁོར་ལོ་རབ་ཏུ་གནས་པ་ནི། རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་གནས་བསྲུང་བ་གང་དག་ གིས་དམ་ཚིག་སེམས་དཔའ་དེ་དང་མཐུན་པའི་ཡེ་ཤེས་སེམས་དཔའ་ལ་ཆོ་ག་ཇི་ལྟ་བ་བཞིན་གཞུག་ཅིང་བསྒོམ་པར་བྱ་བ་ནི། དེ་ལྟར་བསྒྲུབ་བྱའི་བྱེ་བྲག་གིས་དེ་དང་དེ་ལ་སྟེ། དེ་ཡང་སྲུང་འཁོར་གྱི་གཙོ་བོའི་སྔགས་དང་། སྒྲུབ་པ་པོའི་མིང་ལ་ཞུགས་པར་བསྒོམ་པ་དང་། བསྲུང་འཁོར་ཚངས་པའི་བུ་གའི་ ཁ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་ནས་དབང་བསྐུར་བ་དང་། ཡང་བདག་ཉིད་ཀྱིས་ཀྱང་བུམ་པའི་ཆུས་སོ། །དེ་ཡང་བསྲུང་བའི་གཙོ་བོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་རྡོ་རྗེ་འཛིན་ 14-1-151a པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་ལག་པ་གཡས་པའི་མཐིལ་དུ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་དེ་རུ་ཨཱཿ་ཡིག་ལས་ཉི་མ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ། །གཡོན་པས་སྐད་ཅིག་གིས་པདྨའི་འདབ་མའི་རྣམ་པ་ལ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ།། དེ་དག་གི་དབུས་སུ་བཞག་པའི་ཕྲེང་བའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །ཕྱོགས་དང་མཚམས་ཀྱི་སྐུད་པ་རྣམས་ལ་པདྨའི་ཕྱག་རྒྱ་དང་། བྱམས་པ་དང་། ནམ་མཁའ་མརྗོད་དང་། ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ དང་། སའི་སྙིང་པོ་རྣམས་ཀྱི་བདག་ཉིད་དོ། །རྡོག་པོ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །མདོ་འཛིན་སྟོབས་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་སྐད་ཅིག་གིས་རྣམ་པར་བསམ་མོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཇི་ལྟ་བ་ བཞིན་དུ་གཞུག་པར་བྱའོ། །ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཱཾ་སརྦ་བུདྡྷ་མ་ཏཱཾ་བྷ་ཝེད་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཿཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བུམ་པའི་ཆུས་དབང་བསྐུར་ལ་མཆོད་དོ། །ཚེགས་ཆུང་བར་བྱ་བ་ནི་ཕྲེང་བའི་སྐུད་པ་རྡོ་རྗེ་སེམས་དཔའ་དང་རོ་གཅིག་པར་བསམས་ལ། དེ་ཉིད་ཡོངས་ སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམ་པར་བྱའོ། །དབང་བསྐུར་ལ་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཡང་ན་དེ་ཉིད་སྟོང་པའི་ངང་ལས་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡི་གེ་ཧཱུྃ་རྣམས་སྤྱན་དྲངས་ལ་མདོ་འཛིན་དང་། རྡོག་པོ་གཞན་རྣམས་ལ་མཚན་ དང་དཔེ་བྱད་ཀྱི་བདག་ཉིད་གཞུག་གོ། །དེ་ལྟར་དྲིལ་བུ་ལ་ཨ་ལ་སོགས་པའི་དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱིས་སོ། །རྡོ་རྗེ་ལ་ཀ་ལ་སོགས་པའི་གསལ་བྱེད་བརྒྱད་ཅུ་ཡིས་སོ། །མཆོད་ཕྱིར་ཐོགས་དང་ཚངས་སྐུད་ཀྱང་ངོ་། །འདི་ནི་སྲུང་འཁོར་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། ། ཡོན་བདག་ནུས་པ་དང་ལྡན་པའི་དོན་དུ་རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྫིང་བུའི་འགྲམ་དུ་བཞེངས་ལ་འཁོར་ལོའི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་རྫིང་བུའི་ཕྱོགས་དང་མཚམས་སུ་གཏོར་མ་བཏང་བ་དང་། ཆུ་སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་བྷྲཱུཾ་དང་བཅས་པ་ལས་ 14-1-151b རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པའོ། །དེ་ནས་རྡོ་རྗེ་ཆུ་བདག་དཀར་པོ་མིའི་གདོང་པ་ཅན། གདེངས་ཀ་བདུན་དང་ལྡན་པ། ཕྱག་གཡོན་པས་སྦྲུལ་གྱི་ཞགས་པ་དང་བཅས་པས་ཡུམ་ལ་འཁྱུད་དེ་རོལ་པས་གནས་པ། གཡས་ཀྱི་ཨུཏྤལ་སྔོན་པོ་བསྣམས་པ་ལྟེ་བ་མན་ཆད་སྦྲུལ་གྱི་རྣམ་པ། འདི་དམ་ ཚིག་གི་སེམས་དཔའི་རྣམ་པར་བསྒོམས་ལ། བདག་ཉིད་ཀྱི་སྙིང་གའི་ས་བོན་ལས་འོད་སྤྲོས་ཏེ་རྣམ་པར་སྣང་མཛད་སྤྱན་དྲངས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས། ཨོཾ་ས་མ་ཡ་སྟཾ། ཞེས་བརྗོད་དེ་གཞུག་པར་བྱའོ། །དབང་བསྐུར་མེ་ཏོག་ལ་སོགས་པས་མཆོད་ནས་དེ་ཡོངས་སུ་གྱུར་ པ་ལས་གཟུགས་བརྙན་དང་བཅས་པའམ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ། རོ་དང་ལྡན་པ་ཡང་བ་དང་། འཇམ་པ་དང་། གྲང་བ་མགྲིན་པ་དང་། གསུས་པ་ལ་ནད་མི་བྱེད་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་འོག་གི་བར་དུ་སྟེ། ཀླུ་བརྒྱད་དང་ལྡན་པ་ཕྱོགས་བཞི་རུ་རླབས་ཀྱིས་འགྲོ་བ་དེ་ ཉིད་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་དགའ་བོ་དང་། པདྨ་དང་། འཇོག་པོ་དང་། ཆུ་བདག་རྣམས་སོ། །མཚམས་རྣམས་སུ་དུང་སྐྱོང་དང་། ཀརྐོ་ཊ་དང་། རིགས་ལྡན་དང་། པདྨ་ཆེན་པོ་རྣམས་རིམ་པ་བཞིན་གསེར་དང་། ར་གན་དང་། ཟངས་དང་། དངུལ་དང་། ཞ་ཉེ་དང་། འཁར་བ་དང་། ལྕགས་དང་། གཤའ་ཚེ་རྣམས་ལས་བྱས་པའམ་བསྒོམ་པ་སྟེ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་སུ་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་གནས་པར་བྱའོ། །དེའི་དུས་སུ་མཆོད་ལྡོང་དེའི་དཔངས་ཀྱི་ཉིས་འགྱུར་དང་ལྡན་པ་ གཟུགས་སོ། །དེའི་དབུས་སུ་ཆུ་བདག་གོ། །དེ་ལ་སྦྲང་རྩི་དང་བཅས་པ་དང་། བདུད་རྩི་བླུགས་པར་བྱའོ། །མེ་ཏོག་ལ་སོགས་པས་དེ་ཉིད་ཡང་དག་པར་མཆོད་པར་བྱས་ནས་སྦྱིན་སྲེག་བྱའོ། །དེའི་འགྲམ་དུ་བ་ལང་གི་ལྕི་བས་བྱུགས་ལ་གྲང་བའི་དྲི་ཡི་མཎྜལ་བྱས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ ཟེར་གྱིས་སྤྱན་དྲངས་ལ་མཎྜལ་གྱི་པདྨའི་ལྟེ་བར་རྡོ་རྗེ་ཆུ་བདག་གོ། །ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་ལ་དགའ་བོ་ལ་སོགས་པའོ། །ཕྱི་རོལ་གྱི་ཕྱོགས་ཐམས་ཅད་དུ་ཀླུ་རྣམས་རྣམ་པར་བསམ་པར་བྱའོ། །ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་དེ་ལྟར་རང་གི་མིང་དང་ལྡན་པའི་སྔགས་ཀྱིས་ 14-1-152a མེ་ཏོག་དཀར་པོས་རྣམ་པར་མཆོད་ལ། ཀླུའི་ཕྱག་རྒྱ་དང་ལྡན་པས། ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཀྵ་ཀ་ཀརྐོཊ་ཀྲ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ་དེ་བ་ཏི་མ་ཧཱ་དེ་བ་ཏི་སོ་མ་ཤི་ཁི་དཎྜ་དྷ་ར་ཨ་བ་ལཱ་ལ་ཧུ་ལུ་ཧུ་ལུ་ནནྡ་ཨུ་ནནྡ་སཱ་ག་ར་མ་ཧཱ་སཱ་ག་ར་ཏཱ་བྷ་མ་ཧཱ་ཏཱབྟ་ཤྲཱི་ཀཱནྟི་མ་ཧཱ་ཀཱནྟི་རཏྣ་ཀཱནྟི་སུ་རཱུ་པ་མ་ཧཱ་སུ་རཱུ་ པ་བྷ་དི་ཧཱི་ཀ་མ་ཧོ་དར། ས་ལི། མ་ཧཱ་ས་ལི། ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་བ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འོ་མའི་གཏོར་མ་སྦྱིན་ནོ། །དེ་ནས་ཇི་སྲིད་དུ་བཞུགས་པའི་དོན་དུ་ཡི་གེ་བརྒྱ་པ་བཟླས་ནས་བྱིན་གྱིས་བརླབས་པའི་ཕྱོགས་བརྒྱད་དུ་བཏང་ཞིང་དེའི་ཕྱི་རོལ་དུ་ཡང་ ངོ་། །གཞོན་ནུ་མ་མཉེས་པར་བྱ་སྟེ། འདི་ནི་རྫིང་བུ་དང་། ཁྲུས་གནས་དང་། ཁྲོན་པ་རྣམས་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་ལྗོན་ཤིང་དང་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་ག་ནི་ཕྱོགས་རྣམས་སུ་གཏོར་མ་བྱིན་ལ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་སློབ་དཔོན་གྱིས་ཤིང་རྣམས་ཀྱི་ གཙོ་བོ་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ལ། དེ་ལ་ཡེ་ཤེས་སེམས་དཔའི་ཡོན་ཆབ་སྔོན་དུ་སོང་བས་གཞུག་པར་བྱ་སྟེ། བུམ་པའི་ཆུ་ཡིས་དབང་བསྐུར་བ་དང་དེ་ཉིད་ཡོངས་སུ་གྱུར་པ་ལས་ལྗོན་ཤིང་ངོ་། །དེའི་དབུས་སུ་ལྗོན་ཤིང་ཡང་དེ་ལྟར་ལྷག་པར་མོས་པར་བྱའོ། །ལྗོན་ ཤིང་གཙོ་བོ་དེ་ཉིད་ལ་གནས་པའི་ལྷ་ལ་ཡང་མེ་ཏོག་ལ་སོགས་པ་ས་མཆོད་དེ་གཞན་གྱི་བྱ་བ་བྱེད་ཅིང་། ཇི་སྲིད་དུ་བཞུགས་པར་གསོལ་བ་བཏབ་ཅིང་ཕྱོགས་རྣམས་སུ་གཏོར་མ་བཏང་བ་འདི་ནི་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །ད་ནི་དབང་དང་རབ་ཏུ་གནས་པ་ལ་སོགས་པ་ ཐམས་ཅད་ལ་སྦྱིན་སྲེག་སྔོན་དུ་འགྲོ་བར་གསུངས་པའི་ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱ་སྟེ། ཉིན་མོའི་ཐུན་དང་པོ་ལ་ཞི་བ་ལ་སོགས་པའི་ལས་བྱ་སྟེ། དེ་ལྟར་མཚན་མོ་ལ་ཡང་ངོ་། །དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ་སྟེ། ལས་ཐམས་ཅད་པ་དང་། ཞི་བ་དང་། རྒྱས་པ་དང་། གསད་པ་དང་། དབྱེ་བ་དང་། དབང་དང་། དགུག་པ་དང་། རྨོངས་པ་དང་། རེངས་པ་རྣམས། གྲོང་ཁྱེར་གྱི་དབུས་དང་། གཤིན་རྗེ་དང་། བདེན་བྲལ་དང་། ཆུ་བདག་དང་། རླུང་དང་། གནོད་སྦྱིན་དང་། དབང་ལྡན་དང་། ཤར་དང་། མེ་མཚམས་སུ་སྟེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་གྱི་མེ་རིའི་ཕྱི་རོལ་དུ་ཁྲུ་དོ་སྤངས་པའི་གནོད་ 14-1-152b སྦྱིན་ནམ། དྲག་པོ་རུ་ཟླུམ་པོ་དང་། གྲུ་བཞི་དང་། གཞུའི་རྣམ་པ་དང་། ཟུར་ལྔ་དང་། བདུན་དང་། གསུམ་དང་། དྲུག་དང་། བརྒྱད་རྣམས་དང་ལྡན་པའོ། །ཁྲུ་གང་བ་དང་། ཁྲུ་དོ་བ་དང་། ཁྲུ་གང་གི་ཕྱེད་དང་། ཟླུམ་པོ་དང་མཚུངས་པ་དང་། སོར་བཞི་བཅུ་པ་དང་། ཉི་ཤུ་པ་དང་། སུམ་ཅུ་པ་རྣམས་ སོ། །ཐབ་ཁུང་རྣམས་ཀྱི་རྒྱའི་ཕྱེད་སྟེང་དུའོ། །ཐབ་ཀྱི་ཁ་ཁྱེར་ལ་ཐད་ཀར་སྤངས་ཀྱི་དྲུག་ཆའོ། །དེ་དག་གི་ཉིས་འགྱུར་སྟེགས་བུའོ། །དེའི་ཉིས་འགྱུར་ཁ་ཁྱེར་ཚོནལའོ། །ཡང་མཆུ་དང་མཉམ་པ་ཕྱི་རུ་ཁ་ཁྱེར་བྱའོ། །སྟེང་དུ་ཟླ་བ་དང་། ཉི་མ་དང་། ཟླ་བ་དང་། མཎྜལ་སྔོན་པོ་དང་། དམར་པོ་དང་། དུ་བའི་མཎྜལ་དང་། མཎྜལ་སེར་པོ་དང་། རི་རབ་གཉིས་ཀྱི་མཚན་མས་མཚན་པའི་ཐབ་བྱའོ། །སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོགས་གཉིས་ཀྱི་ཆ་གཉིས་སྤངས་ཏེ། ཆ་གསུམ་ལ་འོག་ནས་འབྱུང་བའི་མཚན་མ་རྣམས་ཀྱིས་རིམ་པ་བཞིན་འོག་ནས་བསྐོར་བ་སྟེ། གལ་ཏེ་ས་ཡིས་བྱེད་ན་ཆུའི་བྱད་ཀྱིས་སོ། ། རྡུལ་ཚོན་གྱིས་བྱེད་ན་ངེས་པ་མེད་དོ། །དེའི་ཕྱི་རོལ་དུ་གཉིས་ལ་པདྨའི་འདབ་མ་དང་། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང་། ཁྲའི་འཇུག་སྒྲོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་པོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་སེར་པོ་རྣམས་ཀྱི་ཕྲེང་བས་བསྐོར་རོ། །དེའི་ཕྱི་རོལ་དུ་གཉིས་ལ། ཀུ་ཤ་དང་ཤི་བའི་སྐྲ་དང་། ཡི་དྭགས་ཤིང་གི་ལོ་མ་དང་། གཉིས་ལ་མེ་ཏོག་དམར་པོ་དང་། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ། །ཐབ་ཀྱི་ཚད་ནི་པདྨའི་འདབ་མའོ། །བཅུ་གཉིས་ཀྱི་ཆས་གཙོ་བོའི་ལྟེ་བའོ། །དེ་ལ་རྡོ་རྗེ་ནག་པོ་དང་། པདྨ་དཀར་པོ་དང་། འཁོར་ལོ་དཀར་པོ་དང་། གྲི་གུག་ ནག་པོ་དང་། རལ་གྲི་ནག་པོ་དང་། མདའ་དམར་པོ་དང་། རྡོ་རྗེ་ལྕགས་ཀྱུ་དམར་པོ་དང་། སྦྲུལ་ཞགས་སེར་པོ་དང་། རྡོ་རྗེ་ལྕགས་སྒྲོག་སེར་པོ་རྣམས་དགོད་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ། རལ་གྲི་དང་། རིན་པོ་ཆེ་དང་།འཁོར་ལོ་དང་། པདྨ་རྣམས་སོ། །མཚམས་རྣམས་ལ་གྲི་གུག་ནག་པོ་དང་། ལྕགས་ཀྱུ་དམར་པོ་དང་། རྡོ་རྗེ་ཞགས་པ་སེར་པོ་དང་། རྩེ་གསུམ་པ་དཀར་པོ་རྣམས་སོ། །དེ་ལྟར་ཞི་བ་ལ་ཡང་ངོ་། །རྒྱས་པ་ལ་ཡང་ཕྱོགས་རྣམས་སུ་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང་། མཚམས་རྣམས་ལ་གྲི་གུག་ནག་པོ་ལ་ 14-1-153a སོགས་པའོ། །དེ་ལྟར་གསད་པ་ལ་ཤར་དུ་ཕྱོགས་པའི་དཀྱིལ་འཁོར་ཏེ། གསད་པ་དང་དབྱེ་བ་ལ་བྱང་དུ་ཁ་ཕྱོགས་པའི་རལ་གྲི་ལ་སོགས་པའི་མཚན་མའོ། །དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་ལ་སོགས་པའོ། །མཚམས་རྣམས་ལ་ལྕགས་ཀྱུ་ དམར་པོ་ལ་སོགས་པའོ། །རྨོངས་པ་དང་། རེངས་པ་ལ་ནུབ་ཏུ་ཁ་ཕྱོགས་པས་ཕྱོགས་བྲལ་རྣམས་ལ་འཁོར་ལོ་དང་། ཞགས་པ་སེར་པོ་ལ་སོགས་པའོ། །ཐབ་ཁུང་ལ་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང་། དམར་པོ་དང་། ནག་པོ་རྣམས་ཀྱིས་ར་བ་གསུམ་བྱ་སྟེ། བྱང་ལ་སོགས་པར་ཁ་ཕྱོགས་ པའི་ར་བའི་ནང་གི་རྒྱའི་བརྒྱད་ཆའི་སྒོའོ། །དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ། །ཐབ་ཁུང་གི་མདུན་དུ་ཁྲུ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བའི་དབྱིབས་དང་ལག་པ་སྔ་མ་ལྟར་པདྨ་དང་། མཚན་མའི་བྱེ་བྲག་བཀོད་པའི་ཁྲུ་གང་པ་རང་རང་གི་ ཕྱོགས་སུ་གཞག་གོ། །ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ། །དེ་ལྟར་སྦྱིན་སྲེག་གི་དགང་གཟར་ལ་སོགས་པའི་གདན་དང་། ཡོན་ཆབ་ཀྱི་གདན་གཡས་དང་གཡོན་དུའོ། །གདན་དེ་ལ་རིམ་པ་ཇི་ལྟ་བ་བཞིན་གནས་པར་བྱ་བ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་ གོང་དུ་བཞག་པ་པདྨའི་འདུག་སྟངས་སོ། །རྐང་པ་གཡས་པ་གཡོན་པའི་བརླའི་སྟེང་དུ་གཞག་ཅིང་གཡོན་པ་གཡས་པའི་བརླ་སྟེང་དུ་གཞག་པ་རྡོ་རྗེའི་འདུག་སྟངས་སོ། །ལྷ་མ་ཡིན་གྱི་འདུག་སྟངས་ནི་ལུས་བསྐུམས་ཏེ་རུས་སྦལ་ལྟར་གནས་པའོ། །རྐང་པའི་ལོང་མོ་གཉིས་གཤིབས་ཏེ། བཙོས་པོ་ཆེ་ འཕོང་དང་སྦྱར་ནས། པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ། །རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་གཉིས་པའོ། །རྐང་པ་གཡོན་པའི་ལོང་མོ་གཉིས་གཤིབས་ཏེ། བཙོས་པོ་ཆེ་འབོང་དང་སྦྱར་ནས། པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ། །རྐང་པ་ གཡོན་པ་སྐྱིལ་ཀྲུང་དུ་གནས་ནས་གཡས་པའི་ཙོག་པུ་སྟེ། ཅུང་ཟད་བརྐྱང་པ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ། །རྐང་པ་གཡོན་པའི་རྟིང་པ་བཤང་ལམ་ན་གནས་ཏེ། གཡས་པ་ཙོག་པུར་གནས་པ་རྐང་པ་བཤང་ལམ་ན་གནས་པའོ། །དེ་ལས་བཟློག་པ་རྣམས་སོ། །དེ་ 14-1-153b ནས་རིམ་པ་བཞིན་དུ་ཤེལ་དང་། མུ་ཏིག་དང་། མིའི་སོ་དང་། བོ་དེ་ཙེ་དང་། པདྨའི་ས་བོན་དང་། ཙནྡན་དམར་པོ་དང་། ལུང་ཏང་དང་། རུ་དྲུཀྵའི་ཕྲེང་བ་རྣམས་སོ། །དེ་ནས་པད་སྣོད་འདབ་མ་དང་། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ། ཤེལ་དང་། དངུལ་དང་། ཐོད་པ་དང་། ལྕགས་དང་། གསེར་དང་། ཟངས་དང་། ཤིང་དང་། ས་ལས་བྱས་པའི་ཡོན་ཆབ་ཀྱི་སྣོད་རྣམས་སོ། །དེ་ནས་དགང་གཟར་ནི་རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེང་གི་ཆ་ཐལ་མོ་སྦྱར་བའི་རྣམ་པའོ། །དེའི་ནང་གི་དབུས་གྲུ་བཞི་པ་པདྨས་མཚན་པ་སོར་བཞི་དང་ལྡན་པའོ། །དེའི་རྩེ་རྨོ་རྡོ་རྗེ་རྩེ་ལྔ་པའོ། །ར་དབུས་མ་ནས་བཅུད་འགྲོ་བའི་གནས་ དང་ལྡན་པའོ། །དེ་ལས་ཅུང་ཟད་ཕྲ་ལ་ཆུང་བ་སྲིད་དུ་མཚུངས་པའི་སྟེང་གི་ཆ་པདྨ་དང་བླུགས་གཟར་རོ། །དེ་ལྟར་ཞི་བ་ལ་སོགས་པའི་གཉིས་གཉིས་ཏེ། ཨུ་དུམྺཱར་དང་། བྱང་ཆུབ་ཤིང་དང་། ནྱ་གྲོ་དྷ་དང་། བ་ཀ་ཌི་དང་། རྒུན་འབྲུམ་ཤིང་རྣམས་ཀྱི་ཡམ་ཤིང་ལྔ་བརྒྱའོ། །མིའི་རུས་པ་མཐེ་ཆུང་གི་རྣམ་པ་ལྔ་ བརྒྱའོ། །དེ་ལྟར་ཁྭའི་མཇུག་སྒྲོ་ཡང་ངོ་། །དེ་ལྟར་སེང་ལྡེང་ངམ། པ་ལ་ཤ་ལས་བྱུང་བ་དང་། དེ་ལྟར་བི་ལོ ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ། །དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དཱུར་བའོ། །རྒྱས་པ་ལ་མར་དང་། དཱུར་བའོ། །གསད་པ་ལ་ཤ་དང་དུག་གོ། །བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་ དང་བཅས་པའི་རི་ཛ་ཀ་དང་ཚའོ། །དབང་ལ་རྡུལ་དང་། ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་དམར་པོའོ། །དགུག་པ་ལ་དྲི་ཆུ་དང་། ཤིང་པོ་ལའི་འདབ་མ་དང་། འབྲས་བུའོ། །རེངས་པ་ལ་མཆིལ་མ་དང་། མེ་ཏོག་རྙེད་པའོ། །རྨོངས་པ་ལ་ཚ་དང་། ཐང་ཕྲོམ་གྱི་འདབ་མའོ། །དེ་ལྟར་གཉིས་གཉིས་ལ་སྟེ། མེ་ ཏོག་དྲི་ཞིམ་ལ་དཀར་བ་དང་། ཚ་ལ་ཚེར་མ་དང་ལྡན་པའི་ནག་པོ་དང་། དམར་པོ་དང་། སེར་པོ་རྣམས་སོ། །དེ་ལྟར་གྲང་བའི་བདུག་སྤོས་ནི་ཨ་ག་རུ་དང་། ས་ཧླ་དང་། ག་བུར་དང་། སྦྲང་རྩི་ཀ་ར་རྣམས་ཀྱིས་སོ། །དེ་ལྟར་ཤིན་ཏུ་བདུག་པའི་སྤོས་ནི་བཤང་བ་དང་། ཤ་དང་། ཁྲག་རྣམས་ཀྱིས་སོ། །དེ་ལྟར་ དྲི་ཆེ་བར་འགྱུར་བའི་སྤོས་གུ་གུལ་དང་། རྒྱ་སྐྱེགས་དང་། སྤོས་དཀར་དང་། ཀུན་དུ་རུ་དང་། ཤྲཱི་བ་ས་དང་། བུ་རམ་རྣམས་ཀྱིས་སོ། །དེ་ལྟར་བསྐ་བའི་སྤོས་ཨ་རུ་རའི་ཕྱེ་མ་དང་། བུ་རམ་དག་གིས་སོ། །ཡང་རིམ་པ་ཇི་ལྟ་བ་བཞིན་འོ་མའི་ཟན་དང་། ཞོ་དང་བཅས་པའི་ཟན་དང་། གྲོད་པ་དང་། མར་དང་བཅས་ 14-1-154a པའི་ཟན་དང་ཏིལ་དང་བཅས་པའི་ཟན་དང་། སྲན་མུངྒ་དང་བཅས་པའི་ཟན་དང་། སྲན་ཙ་ན་ཀ་དང་བཅས་པའི་ཟན་རྣམས་སོ། །དེ་ལྟར་གཉིས་གཉིས་ལ་ཙནྡན་དཀར་པོ་དང་། ཁྲག་དང་། སོལ་བ་དང་། གུར་གུམ་དང་། གི་ཝཾ་དང་། ཙནྡན་དམར་པོ་དང་། ཡུང་བ་དང་། བ་བླ་ རྣམས་རྣམ་པར་བྱུག་གོ། །དེ་ལྟར་མར་དང་། མིའི་ཞག་དང་། ཏིལ་མར་དང་། ཛོ་ཏི་སྨ་ཏིའི་མར་དང་། བྷ་ལ་ཏ་ཀའི་མར་རྣམས་ཀྱིས་མར་མེའོ། །དེ་ལྟར་འབྲས་སཱ་ལུ་དང་། ར་ཛ་ཀ་དང་། ཡུངས་ཀར་དང་། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ། །དེ་ལྟར་ན་བཟའ་དཀར་པོ་ལ་སོགས་པ་རྣམས་ཞི་བ་ལ་སོགས་ པ་རྣམས་ལ་གོ་བར་བྱའོ། །དེ་ལྟར་སློབ་དཔོན་ཇི་ལྟར་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས། ལས་ཐམས་ཅད་པ་ལ་ལྗང་ཁུའོ། །ཞི་བ་ལ་སོགས་པ་ལ་གཉིས་གཉིས་ཏེ། །ཞི་ཞིང་དཀར་བ་དང་། ཁྲོ་ལ་གནག་པ་དང་། ཆགས་པ་དང་བཅས་པའི་དམར་པོ་དང་། རེངས་ཤིང་ སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། སྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པའི་ཆོ་གའི་རིམ་པ་བཞིན་དུ་ཨུ་དུམྺཱ་ར་དང་། པཊ་དང་། མྱ་ངན་མེད་དང་། རུས་པ་དང་། ལྕགས་དང་། སེང་ལྡེང་དང་། ས་ཁོགས་དང་། པི་ལོ་རྣམས་ལས་བྱུང་བའི་ ཕུར་བུས་ཕྱོགས་བཅུར་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧཱཿཕཊ། ཅེས་པའི་སྔགས་ཀྱིས་ཀུ་ཤས་ཡོན་ཆབ་ནས་བླངས་ཏེ་བསང་གཏོར་བྱའོ། །དེ་ནས་ལས་ཐམས་ཅད་པ་དང་། ཞི་བ་ལ་སོགས་པ་ལ་ཙནྡན་ལ་སོགས་པའི་དྲི་ཞིམ་པོ་དང་། འོ་མ་ཅན་གྱི་ཤིང་དང་། ཙནྡན་དམར་པོ་ལ་སོགས་པ་དང་། བསྐ་ བའི་ཤིང་རྣམས་བརྩེགས་ཏེ། ལྷ་ཁང་དང་། བྲམ་ཟེ་དང་། དམངས་རིགས་དང་། གཏུམ་མོ་དང་། རྒྱལ་རིགས་དང་། རྗེ་རིགས་རྣམས་ཀྱི་ཁྱིམ་ནས་མེ་བླངས་ཏེ། དེར་བཙུག་ལ་རླུང་ཡབ་ཀྱིས་སྦར་བར་བྱའོ། །དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲང་བ་ནི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷུ་ཏ་དེ་བ་རྀ་ཥི་དྭི་ ཛས་ཏ་མ། །གྲྀ་ཧི་ཏྭ་ཡུ་དྷ་མ་ཧཱར་ཨ་སྨིན་སནྣི་ཧི་ཏོ་བྷ་བ་བཛྲཿ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་དི། རང་གི་སྙིང་ག་དང་ཕྱིའི་ཐབ་ཁུང་དུ་ལས་ཀྱི་བྱེ་བྲག་གིས་ཟླ་བའམ། ཉི་མ་ལ་རཾ་ལས་བྱུང་བའི་མེ་ལྷའི་རྣམ་པར་བསྒོམས་ཏེ། ཛཿཧཱུྃ་བཾ་ཧོཿབརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་དགུག་གོ། །རྡོ་རྗེའི་ཕྱག་ 14-1-154b རྒྱས་གཞུག་གོ། །ཞགས་པའི་ཕྱག་རྒྱས་བཅིང་ངོ་། །དྲིལ་བུའི་ཕྱག་རྒྱས་དབང་དུ་བྱའོ། །དེ་ནས་ཡང་ལས་ཐམས་ཅད་པ་ལ་སྐུ་མདོག་ལྗང་གུ་གཡས་པའི་ཕྱག་དག་གི་རྡོ་རྗེ་དང་ཕྲེང་བའོ། །གཡོན་པའི་ཕྱག་དག་གིས་དྲིལ་བུ་དང་པདྨའོ། །ན་བཟའ་དང་སྤྱན་དང་། དབུ་སྐྲ་རྣམས་དམར་ལ་སེར་བ་ མི་བསྐྱོད་པས་རྒྱས་གདབ་པའོ། །ཞི་བ་ལ་དཀར་པོ་གཡས་པ་དག་གིས་པདྨ་དང་། ཤེལ་གྱི་ཕྲེང་བའོ། །གཡོན་པ་དག་གིས་སྤྱི་བླུགས་དང་དུང་ངོ་། །རྒྱས་པ་ལ་གཡས་པ་དག་གིས་འཁོར་ལོ་དང་མུ་ཏིག་གི་ཕྲེང་བའོ། །གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ། །འོད་དཔག་མེད་ཀྱིས་རྒྱས་བཏབ་པའོ། །གསད་ པ་ལ་ནག་པོ་གཡས་པ་དག་གིས་གྲི་གུག་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བསྐྲད་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དབང་དུ་བྱ་བ་ལ་གུར་གུམ་གྱི་ཁ་ དོག་གོ། །གཡས་པ་དག་གིས་མདའ་དག་རིན་པོ་ཆེའོ། །གཡོན་པ་དག་གིས་གཞུ་དང་མེ་ལོང་ངོ་། །རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ། །དགུག་པ་ལ་གཡས་པ་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང་ངོ་། །རྨོངས་པ་དག་ལ་གཡས་པ་དག་གིས་ སྦྲུལ་དང་དབྱུག་པའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རེངས་པ་དང་ཕུར་བུས་གདབ་པ་དག་ལ་སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་བའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པའོ། །ཞི་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའོ། ། དེ་ནས་ཨོཾ་པྲ་ཝ་ར་སཏ་ཀར་མ་ཧཱ་ར་སྨིན་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཡོན་ཆབ་སྦྱིན་ནོ། །དེ་ནས་ཨོཾ་བཛྲ་དང་པོར། པུཥྤཾ་ལ་སོགས་པས་བར་དུའོ། །སྭཱ་ཧཱ་ཞེས་པ་ཐ་མར་སྦྱར་བའི་པུཥྤཾ་དང་། དྷཱུ་པཾ་དང་། གནྡྷཾ་དང་། དཱི་པཾ་དང་། ཨཀྵ་ཏཾ་དང་། ནེེ་བི་དྱཾ་དང་། ལཱ་སྱཾ་དང་། ཧཱ་སྱཾ་དང་། བཱ་དྱཾ་དང་། ནྲྀ་དྱཾ་དང་། གཱི་ཏཾ་དང་། ཐཱ་མཾ་རྣམས་ཀྱིས་མཆོད། དེ་ནས་མེ་ལྷའི་ཞལ་གདངས་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྞི་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་པ་ལས་ཐམས་ཅད་པ་ལ་སོགས་པར་དང་པོར་སྲེག་བླུགས་ལེན་པར་སྤྱན་དྲང་བའོ། །གསད་པ་ལ་སོགས་པར། ཨོཾ་བཛྲ་ཨ་ན་ལ་སརྦ་བྷཱ་ 14-1-155a ཏ་ན་ཛྭཱ་ལ་ཡ་སརྦ་ན་བྷསྨི་ཀུ་རུ་སརྦ་དུཥྚཱན་སྭཱ་ཧཱ། ཞེས་པས་སོ། །དེ་ནས་ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿསྭཱ་ཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་བརྒྱད་ཀྱིས་བསྣུན་པར་བྱའོ། །ཨོཾ་ཧྼླྀཾ་ཧྲུཾ་ཧྡྼྀཾ་ཧྲྀཾ་ཧྲྀཾ་ཧྲཿསྭཱ་ཧཱ། ཞེས་པས་བརྒྱ་རྩ་བརྒྱད་དོ། །དེ་ནས་ཨོཾ་ཨ་ཨཱ་ཨི་ཨཱྀ་རྀ་རཱྀ་ཨུ་ཨཱུ་ལེ་ལཱྀ་ཨཾ་ཨཿསྭཱ་ཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱ་ཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿསྭཱ་ཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ལྟར་བཞི་བཅུས་ལྷག་པའི་ལྔ་བརྒྱ་ལ་ལྔ་བརྒྱ་ཞེས་བརྗོད་དོ། །ཞི་བ་ལ་སོགས་པ་ལ་ཆུ་ཤེལ་དང་། པུ་ཥུ་ར་ག་དང་། པནྡྷུ་ཀ་དང་། གསེར་ཞུན་མའི་ཁ་དོག་རྣམས་སོ། །མཱ་ལ་ཏི་དང་ག་བུར་དང་། ཨ་ག་རུ་དང་། ཙམ་པ་ཀའི་དྲི་རྣམས་སོ། །པི་ཝང་རྒྱུད་མངས་དང་གླིང་བུ་དང་། མྲི་མ་ག་དང་། ཤིན་ཏུ་དྲག་པོའི་སྒྲ་རྣམས་སོ། །དཔལ་བེའུ་དང་གདུགས་དང་། རལ་གྲི་དང་པདྨ་དང་། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ། །གཅིག་དང་། གཉིས་དང་། གསུམ་དང་། བཞི་ལ་སོགས་པ་བཟང་ངོ་། །ཤིན་ཏུ་གཡོ་བ་དང་། ཐིག་ལེ་ནག་པོ་ཅན་དང་། མེ་སྟག་འཕྲོ་བ་དང་། རང་གི་ཕྱོགས་སུ་ཕྱོགས་པ་དང་། གཡོན་ཞིང་འབར་བ་དང་། ཁ་དོག་སྣ་ཚོགས་པ་དང་། ཤིན་ཏུ་གནག་པ་དང་། ཚག་སྒྲ་དང་། ཐོག་སྒྲ་རྣམས་ནི་གསད་པ་ལ་བཟང་ངོ་། །དེ་ནས་འབྲུ་ལ་ སོགས་པ་རྣམས་སྔོན་དུ་སོང་བའི་སྔགས་ཀྱི་ཆོ་གས་ཏེ་དགང་གཟར་ཡང་ངོ་། །དེ་ཉིད་མེད་ན། ལག་པ་གཡོན་གན་རྐྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོད་སྦྱིན་བྱས་པའི་མཐེ་བོས་བསྐྱོད་ཅིང་། སྔོན་གྱི་རྫས་རྣམས་བསྣུན་པར་བྱའོ། །ཞི་བ་ལ་ན་མཿའི་མཐའ་ཅན་ནོ། །རྒྱས་པ་ལ་བོོཥ་ཊའོ། །གསད་པ་ དང་། བསྐྲད་པ་དང་། དབྱེ་བ་རྣམས་ལ་ཧཱུཾ་ངོ་། །དབང་ལ་བ་ཥཊ་ཅེས་པའོ། །ཕུར་བུས་གདབ་པ་དང་། རེངས་པ་དང་། རྨོངས་པ་རྣམས་ལ་ལཊ་ཀྱི་མཐའ་རྟེན་དང་བཅས་པ་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་ཧྐྵྨླྺྼྱྃ་ཞེས་སྔགས་ཀྱིས་མར་གྱིས་དགང་གཟར་བཀང་ལ་མཉམ་པར་གཞག་པར་སློབ་ དཔོན་དང་། ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ནི། ཨོཾ་བྷུར་བྷུ་བ་སྭཿ། ན་མོ་དེ་བེ་བྷྱཿ། སྭ་སྟི་པྲ་ཛཱ་བྷྱཿ། སྭཱ་ཧཱ་རཱ་ཛ་བྷྱཿ། སྭཱ་དྷཱ་པི་ཏྲྀ་བྷྱ༔། ཨ་ལཾ་བྷཱུ་ཏེ་བྷྱཿ། ཝ་ཥ་ཌེདྡྷ་ཡ་ཞེས་པས་སོ། །དེ་ལྟར་མེ་ 14-1-155b ཏོག་ལ་སོགས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ་ཀ་ཡ་ཝཱག་ཙིཏྟ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་ཞལ་བསིལ་དབུལ་ལོ། །དེ་ནས་ཨོཾ་ཛཿགཙྪ་མ་ཧཱ་རསྨིཿསྭ་སྠཱ་ནཾ་སན་ཏྲིཔྟ་ཏོ། ། པུ་ན་རཱ་ག་མྱིཥྚ་ས་ཡ་དེ་ཝཱ་ཧྭ་ན་ཡ་མི་སྭཱ་ཧཱ། ཞེས་པས་སྙིང་གའི་པདྨ་ལ་ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ཞིང་ ཐབ་ཀྱི་མེ་ལྷ་ཡང་གཤེགས་སུ་གསོལ་ལོ། །འདི་ནི་སྦྱིན་སྲེག་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་མཆོད་པ་བྱས་ལ་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ། རྡོ་རྗེའི་འདུག་སྟངས་ལ་གནས་ནས། རང་གི་པདྨ་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་རིམ་པ་བཞིན་དུ། གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་འཁོར་ལོ་རྣམས་སོ། །ཨ་ཨི་རི་ཨུ་ལྀ་ཧཾ་ཡི་གེ་རྣམས་སྟོང་པ་ལ་སོགས་པའི་ཟད་པར་རྣམས་དང་། ཕྱོགས་སྐྱོང་རྣམས་དང་། གཟའ་རྣམས་དང་། ཀླུ་རྣམས་དང་། འབྱུང་པོ་རྣམས་དང་། ཁྲོ་ བོའི་ཚོགས་རྣམས་གཤེགས་སུ་གསོལ། དེ་ནས་བུམ་པའི་གོས་ཟུང་རྣམས་སྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ། བྱང་ཆུབ་ཀྱི་ཤིང་གི་ལོ་མའམ་རང་གི་ལག་པའམ་རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་གཤེགས་པར་བྱའོ། །དེ་ནས་རང་གི་ སྤྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་གཞག་སྟེ། པདྨ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྡུལ་ཚོན་སྦྱངས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འབྱོར་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང་། རྒྱལ་མཚན་ལ་སོགས་པ་དང་བཅས་པར་ཁྱེར་ལ་རྒྱ་མཚོ་ལ་འགྲོ་བའི་ཆུ་བོ་ལ་དོར་ བར་བྱའོ། །བུམ་པ་དེ་ཉིད་ཆུས་བཀང་ལ། དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་གཏོར་ནས་བ་ལང་གི་ལྕི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དེར་གནས་ནས་འོ་མ་ལ་སོགས་པའི་དཀར་བ་དང་། མངར་བ་དང་རས་ཟུང་རྣམས་ཀྱིས་གཞོན་ནུ་མ་མཉེས་པར་བྱས་ནས་གཤེགས་སུ་གསོལ་བ་ དང་། མཚན་མོའི་དུས་སུ་སྔོན་གྱི་ཆོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ། །འདིས་ནི་གཤེགས་སུ་གསོལ་བའི་ཆོ་གའི་རིམ་པའོ། །སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དཀྱིལ་འཁོར་ཆོ་གའི་སྒྲུབ་ཐབས་བྱས་པའི་དགེ་བར་གྱུར་པའི་དཀར་ 14-1-156a བའི་འོད་ཟེར་དང་ལྡན་པ། །དེ་ཡིས་འགྲོ་བ་མ་ལུས་པ་ཡི་ཉོན་མོངས་ཚོགས་རྣམས་རབ་ཏུ་བཅོམ་པའི་གནས་གྱུར་པ། །སྤྲོས་པ་ཐམས་ཅད་དང་ནི་བྲལ་བའི་བདེ་བ་ཆེན་པོ་མཉམ་པ་མེད་པར་ཐོབ་པར་ཤོག །དཔལ་ལྡན་པདྨའི་ཕྱག་དང་ལྡན་པས་ཤིན་ཏུ་དྲི་མ་བྲལ་བར། །རབ་རིབ་མ་ ལུས་བཅོམ་ཡང་འོན་ཏེ་མ་དག་མིག་ལྡན་རྣམས་ཀྱིའོ། །གལ་ཏེ་དངོས་པོ་ཚོགས་རྣམས་མ་མཐོང་འགྱུར་ནས་སྔ་ཕྱི་འགལ་བ། །མཆིས་ན་མཁས་པར་གྱུར་པ་རྣམས་ལ་བདག་ནི་བཟོད་པར་གསོལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཆེན་པོ་སཱ་དྷཱུ་པུ་ཏྲས་དྷརྨྨ་ཨཱ་ཀ་ ར་ཤཱནྟིའི་དོན་དུ་མཛད་པའོ། །རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭཱ་ར་གུཔྟ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜལ་བྷི་དྷིཿ། བོད་སྐད་དུ། དཔལ་དུས་ཀྱི་ འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །སྙིང་གའི་པདྨ་ཁ་འབྱེད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དཀྱིལ་འཁོར་ཆོ་ག་དབྱེ་བར་བྱ། །ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱིས། །སྔོན་དུ་བསྙེན་ པ་བྱས་ནས་སུ། །སྡོམ་ནི། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་བོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ ལག་ལ་སོགས་ཐུན་མོང་ངོ་། །དང་པོར་སློབ་དཔོན་བརྟག་པ་ནི། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེའི་ཐེག་པ་དང་པོར་ཞོན། །དེ་ཉིད་ཁྱབ་ཅན་ཆགས་པ་མེད། །དྲི་མ་དང་ནི་རྣམ་པར་བྲལ། །བཟོད་དང་ཚུལ་ཁྲིམས་དོན་འཇུག་པ། །སློབ་མ་རྣམས་ལ་བདེ་སྟེར་ཞིང་། །དམྱལ་བ་ཡི་ ནི་འཇིགས་སེལ་བ། །དེ་ཁོ་ན་ཡི་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེ་དབྱུག །དེ་ཡང་ས་ཡི་སྟེང་དུ་ནི། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཁྲོ་དང་ང་རྒྱལ་དང་ལྡན་ཞིང་། །དམ་ཚིག་དང་ནི་རྣམ་བྲལ་བ། །རྫས་ལ་བརྐམ་ཞིང་མ་ཐོས་པ། །སློབ་མ་རྣམས་ནི་བསླུ་དོན་དུ། ། 14-1-156b མཆོག་ཏུ་བདེ་བའི་གོ་འཕང་དུ། །སེམས་ནི་ཉམས་དང་དབང་མ་བསྐུར། །ལོངས་སྤྱོད་ཆགས་ཤིང་མྱོས་པ་དང་། །ཞེར་འདེབས་པ་ཡི་ཚིག་སྨྲ་ཞིང་། །རང་དབང་དོན་དུ་འདོད་སྤྱོད་པ། །སློབ་མ་རྫོགས་བྱང་ཆུབ་དོན་དུ། །དམྱལ་བ་ལྟ་བུར་རྟོགས་པ་ཡིས། །དེ་ནི་སྤང་བར་བྱ་བ་ཡིན། །ཟབ་ ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མ་མཉེས་པ་ལ་དགའ་ཞིང་། །གཏོང་བའི་སེམས་དང་ཡོན་ཏན་ཆེ། །ཐར་པ་འདོད་ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང་། །དེ་ཉིད་རྙེད་པ་དང་གསང་ཞིང་། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །ཤིན་ཏུ་མཁས་པའི་བླ་མ་ཡིས། །སློབ་མ་དེ་ནི་གཟུང་ བར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོ་བརྗོད། །དེ་ནས་ས་བསླང་བརྟག་པ་དང་། །སྦྱང་དང་གཟུང་དང་སྤེལ་བ་དང་། །དཔྱིད་འབྲིང་དཀར་ཚེས་ཉ་མཐར་ཐུག ། གཞན་ལ་ཕན་པའི་བླ་མ་ཡིས། །ས་བརྟག་ལ་སོགས་རིམ་པར་བྱ། །ནགས་སམ་གྲོང་རྡལ་ཁང་སྟོང་སོགས། །བྱང་དང་དབང་ལྡན་ཕྱོགས་སུ་ནི། །དཀར་པོ་ཞི་བ་རྒྱས་པ་དང་། །ས་ལ་དྲི་ཞིམ་དང་ལྡན་པ། །ས་དང་ཆུ་ནི་བརྟགས་ནས་ནི། །བསླང་བ་གནང་དང་མི་གནང་དང་། །སྦྱང་བ་པུས་མོ་ ལྟེ་བ་དང་། །རྐེད་པ་འཕང་དུ་བརྐོ་བར་བྱ། །ཡང་ན་རྡོའམ་ཆུར་ཐུག་པར། །ཟུག་རྔུ་སོལ་བ་བཅས་པར་རོ། །ས་ཡི་ཁོང་ན་ཡོད་པ་ནི། །འཆི་བ་ཡི་ནི་འཇིགས་པ་བྱེད། །གནས་དེ་རུ་ནི་སྦྱང་བ་ནི། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །དེ་ཡི་ཕྱིར་ན་སྦྱང་བར་བྱ། །ནོར་བུ་མཆིང་བུ་དུང་ཡོད་ན། ། རྣམ་པར་རྒྱལ་ཞིང་བདེ་བ་བྱེད། །དཀྱིལ་འཁོར་ས་གཞིའི་དོན་དང་ནི། །ཁང་བཟངས་དོན་དང་ཁྱིམ་དོན་དུ། །ངེས་པ་ཁོ་ནར་གསལ་བ་རུ། །མཆོད་སྦྱིན་ལ་སོགས་རྒྱུན་སྦྱང་བྱ། །རྫོགས་པ་ལ་ནི་སྦྱང་བྱ་ཞིང་། དེ་བཞིན་ས་ནི་གཟུང་བར་བྱ། །བུ་རྣམས་གཟུང་བ་ལ་ཡང་ངོ་། །དེ་ཡང་ ཤར་དང་བྱང་དུ་གཞོལ། །དབུས་ནི་མེ་ལོང་བཞིན་དུ་མཐོ། །བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། །མཉམ་ཞིང་ཟུག་རྔུ་མེད་པར་བྱ། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས། །གཟུང་ཞིང་བླ་རེ་ལ་སོགས་བྲི། །སྤོས་ཆུས་ 14-1-157a བརླན་པའི་ལག་པ་ཡིས། །ཉེ་སྙིང་བཟླས་པས་ས་ལ་རེག །རྡོ་རྗེ་ཡི་ནི་རང་བཞིན་བསམ། །ལྷག་གནས་ཡན་ལག་ཆོ་གའོ། །དེ་ནས་དགོངས་ཀའི་དུས་སུ་ནི། །ཆུ་དང་མཆོད་ཡོན་དྲི་ཆབ་སྤོས། །མེ་ཏོག་དང་ནི་འབྲས་བུ་དང་། །བསང་གཏོར་དང་ནི་མར་མེ་དང་། །ལྷ་ བཤོས་གོས་དང་བཅུར་འགྱུར་ཏེ། །དུར་ཁྲོད་བརྒྱད་དང་བཅས་པ་ཡི། །འཇིག་རྟེན་པ་ལ་གཏོར་མ་དང་། །ས་ཡི་ལྷ་མོའི་མཆོད་གཏོར་དང་། །ཚོགས་འཁོར་ཇི་ལྟར་འབྱོར་བ་དང་། །ན་བཟའ་ཉི་ཤུ་རྩ་ལྔ་དང་། །བླ་རེ་བ་དན་མཎྜལ་དང་། །སློབ་དཔོན་རྫས་བརྒྱད་ལྡན་པ་ཡིས། །ཡན་ ལག་བཞི་པའི་སྒྲུབ་ཐབས་བཞིན། །རིམ་པ་བཞིན་དུ་བསྒོམས་ནས་ནི། །མཎྜལ་སྟེང་གི་དྲི་ཐིག་ལེ། །མེ་ཏོག་བཀྲམ་ལ་ཁྲོ་བོ་ནི། །འདོད་པའི་རྒྱལ་པོ་ས་ལྷ་མོ། །སེར་མོ་ཕྱག་གཉིས་བུམ་པ་ཐོགས། །རོ་སྟོད་ས་ནས་འཐོན་པ་ནི། །བཀུག་ནས་མཆོད་ཡོན་ཞབས་བསིལ་དབུལ། །དམ་ ཚིག་ཕྱག་རྒྱ་བརྟན་ནས་སུ། །བསྟོད་དང་གསོལ་བ་གདབ་པར་བྱ། །ལྷ་ཡི་དབང་པོ་ལྷན་ཅིག་པའི། །བདུད་སྡེ་རྒྱལ་བས་བཅོམ་པ་ཡི། །དབང་པོར་ལྷ་མོ་ཁྱོད་ནི་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ། །ལྷ་ཡི་མཆོག་གིས་ཕྱག་བྱས་པ། །བདག་གི་མཆོད་པ་འདི་བཞེས་ཤིག །ཇི་ལྟར་ རྒྱལ་བས་བྱང་ཆུབ་ཕྱིར། །བདུད་ཀྱི་སྡེ་ནི་མི་བཟད་པ། །སྟོབས་དང་ལྡན་པས་བཅོམ་པ་ལྟར། །སློབ་མ་རྣམས་ནི་དབང་བསྐུར་ཕྱིར། །དེ་བཞིན་དུ་ནི་བདག་གིས་ཀྱང་། །བདུད་ཀྱི་སྡེ་ནི་གཞོམ་པར་བགྱི། གང་ཡང་ཕྱོགས་བཅུའི་སངས་རྒྱས་དང་། །དྲི་མ་དག་དང་བྲལ་བ་ཡི། བྱང་ཆུབ་ སེམས་དཔའ་མ་ལུས་པ། །དེ་རྣམས་ཉིད་ཀྱིས་བསྐྱང་བར་མཛོད། །དཀྱིལ་འཁོར་དབང་བསྐུར་བ་ཡི་ཕྱིར། །མཆོག་གི་སྙིང་རྗེས་བསྐྱང་བར་མཛོད། །དེ་རྣམས་ཀུན་ལ་གསོལ་བཏབ་ནས། །དེ་ནས་རྣམ་བཅུའི་མཆོད་པ་དང་། །གཏོར་མ་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་སྒྲུབ་པའི་ གྲོགས་ཀྱིས་སུ། རིགས་དྲུག་གི་ནི་བསྟོད་པས་བསྟོད། །སེང་ལྡེང་མཁྲང་བའི་རང་བཞིན་གྱི། །ཕུར་བུ་བདུད་རྩི་འཁྱིལ་པར་བསྐྱེད། །སྐུད་གདགས་ཕུར་པའི་གསང་སྔགས་བཟླས། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། དཀྱིལ་འཁོར་སྙིང་གར་བསྡུ་བར་བྱ། །རྐང་གཉིས་ཧཱུྃ་ལས་རྡོ་རྗེ་དང་། ། 14-1-157b མིག་ཏུ་ཉི་མ་ཟླ་བ་བསམ། །ལངས་ནས་དཀྱིལ་འཁོར་དབུས་འདུག་སྟེ། །ཁྲོ་བོའི་དབྱངས་ཀྱིས་བསྟོད་པ་བྱ། །དེ་ནས་བགེགས་ལ་བཀའ་བསྒོ་བྱ། །གསང་བའི་རྒྱུད་ལས་འབྱུང་བ་ཡི། སྟང་སྟབས་ཇི་ཙམ་ནུས་པ་བྱ། །དེ་ནས་བསྲུང་བའི་འཁོར་ལོ་ནི། །དཔལ་ཀྱེ་་རྡོ་རྗེ་ཕྱོགས་ཀུན་ ནས། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པ་ནི་ངེས་པར་བསྲེག །རྡོ་རྗེ་གསུམ་གྱི་ར་བ་གསུམ། །ས་ཡིས་འཁོར་བར་སོང་བ་ཡི། ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པ་བརྩེགས་མ་ཡིན། །དབུས་སུ་འདམ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ལྡན་གདན་ལ་ནི། །དུས་དང་ ལག་པའི་ཁྲུ་རུ་འགྱུར། །དེ་ཡི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་ཉིད། འཁོར་ལོའི་དབུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེའི་ཤུགས། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱི་ནས་འཁོར་ལོ་རྩིབས་བཅུ་པ། །ཕྱོགས་དང་མཚམས་སུ་སོང་བ་ཡི། ཁྲོ་མོའི་ ཚོགས་ནི་བསྒོམ་པར་བྱ། །དེ་ནས་སྔར་གྱི་ཕུར་བུ་ནི། །སྔགས་ཀྱིས་ཕྱོགས་མཚམས་སྟེང་འོག་གདབ། །དེ་ལ་དྲི་དང་བདུག་པ་བྱ། །ལྷག་གནས་སྔོན་དུ་འགྲོ་བའོ། །དེ་ནས་དྲི་ཡི་ཆུ་དང་ནི། །བ་ཡི་རྣམ་ལྔའི་སྐྱང་ནུལ་བྱ། །ཐིག་ལེ་ཉི་ཤུ་རྩ་ལྔ་དང་། །མེ་ཏོག་ཚོམ་ཡང་དེ་མཉམ་བྱ། །དེ་ནས་ རང་གནས་ལྷ་གནས་པའི། །རྣལ་འབྱོར་པས་ནི་སྙིང་ག་ནས། །དཀྱིལ་འཁོར་ལ་ནི་སྤྲུལ་པར་བྱ། །དེ་ནས་དེ་ལ་ཆོ་ག་དང་། །ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ། །དབང་བསྐུར་ནས་ནི་དགུག་གཞུག་བྱ། །དེ་ནས་ཆང་དང་བདུད་རྩི་དང་། །མཆོད་པ་རྣམ་པ་བཅུ་པོ་དང་། །བསྟོད་པ་རྣམ་པ་དུ་མ་ དང་། །ན་བཟའ་ཅི་འབྱོར་དབུལ་བར་བྱ། །གོ་ཆའི་སྔགས་ཀྱིས་བསྲུངས་ནས་ནི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་བརྟན་གཡོའི་བདག་པོ་ནི། །བཅོམ་ལྡན་དུས་ཀྱི་འཁོར་ལོ་གཙོ། སྣ་ཚོགས་ཡུམ་གྱིས་མགུལ་ནས་འཁྱུད། །ཉི་ཤུ་རྩ་ལྔ་པ་ཡི་འཁོར། །མ་ལུས་བདག་ལ་དགོངས་ སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པའི། །ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ལྷ་ནི་ལྷག་བྱས་ནས། །བུམ་པ་ལྷག་པར་གནས་ 14-1-158a པར་བྱ། །དེ་ཡང་རྣམ་རྒྱལ་བུམ་པ་ནི། །རྒྱ་རུ་བརྒྱད་གཉིས་སོར་གསུམ་པ། །དཔངས་སུ་སོར་ཚད་བཅུ་ཕྲག་གཉིས། །མཆུ་ནི་སོར་གཉིས་སྐེ་སོར་དྲུག །ཤེལ་ལམ་དངུལ་གྱི་བུམ་པ་ནི། །རི་བོང་འཛིན་པ་ལྟར་དཀར་བ། །ཡང་ན་ཐ་མལ་བུམ་པ་ནི། །འབྲས་ལ་སོགས་ པས་ཁ་དོག་བསྒྱུར། །བུམ་པ་རྣམ་པ་བཅུ་ལ་ནི། །རིགས་ཀྱི་མཚན་མ་རྣམས་བཀོད་ལ། །སྨན་དང་འབྲུ་རྣམས་གཞུག་པ་ནི། །དྲི་ཡི་སྨན་གྱི་རེ་མིག་ཏུ། །རིམ་པ་བཞིན་དུ་སྨན་གྱི་གྲངས། །མིག་དང་ཟླ་བ་ལ་སོགས་ཆས། །ཚངས་མ་ལ་སོགས་ལྔ་ལྔ་ལ། །ཚངས་མ་ཁྱབ་འཇུག་མ་ དྲག་མོ། །དབང་ཕྱུག་མ་དང་དབང་ཆེན་མོ། །དབང་མོ་དཔལ་མོ་ཕག་མོ་དང་། །གཞོན་ནུ་མ་དང་རྒན་བྱད་མ། །ས་མོ་ཆུ་མོ་མེ་མོ་དང་། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་རང་རྨོངས་མ་དེ་བཞིན། །བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེའུ་རིགས་མོ་དང་ དམངས་རིགས་མོ། །གཡུང་མོ་དེ་བཞིན་ཤེས་པར་བྱ། །སྨན་འདི་ཡིས་ནི་དངོས་གྲུབ་ཆེ། །སྤྱོད་དང་གྲོལ་བ་རབ་ཏུ་སྟེར། །འབྲས་དང་མོན་སྲན་གྲེའུ་དང་། །མོན་སྲན་དཀར་དང་ཙནྡན་དཀར། །ཏིལ་ནག་ལྔ་པ་དང་པོ་ཡིན། །ཀྲོ་ཏྲ་འབྲས་སྔོན་སྲན་མ་དང་། །ཏིལ་དཀར་གྲོ་ནི་གཉིས་པ་ ཡིན། །མུ་ཏྲོ་ཡུ་ཏྲི་པུ་ཡུངས་སྨུག །ནས་སྲན་མ་ཤ་གསུམ་པ་ཡིན། །སྲན་ཆུང་ཡུངས་ཀར་དཀར་པོ་དང་། །ཀ་ཀུན་ཏྲི་བི་ཀ་ར་དང་། །བ་ར་ཙི་ཀ་བཞི་པ་ཡིན། །ཨ་ཏ་ཤི་དང་པ་ར་ཏི། །བ་ལ་རྒྱ་སྲན་ཙནྡན་ནག །དེ་ནི་ལྔ་པར་བཀོད་པ་ཡིན། །དེ་ནས་རིན་པོ་ཆེ་ཡི་རིགས། །བྲམ་ཟེ་ རྒྱལ་དང་རྗེ་དམངས་དང་། །མཐར་སྐྱེས་རིགས་ཀྱི་རྡོ་རྗེའོ། །དེ་ནས་ཨིནྡྲ་བ་ར་ཀ །ཆུ་ཤེལ་ཀེ་ཀེ་རུ་མ་རྒད། །དང་པོའི་ལྔ་ཚན་བསྟན་པ་ཡིན། །ལྕགས་དང་གསེར་དངུལ་ཟངས་ཁྲོ་ཆུ། ཁབ་ལེན་ལྔ་ཚན་གཉིས་པ་ཡིན། །མུ་ཏིག་བྱུ་རུ་མཐིང་ཤིང་དང་། །ཀ་ཤ་མ་ནི་ཤད་ཨ་རུ། །ལྔ་ཚན་ གསུམ་པར་བཀོད་པ་ཡིན། །ཡུ་ཛ་ཛི་པ་ཛཱ་ཏི་དང་། །དོ་བ་རིག་འབའ་ཧ་རི་ཏ། །ལྔ་ཚན་བཞི་པར་བཀོད་པ་ཡིན། །ལྔ་པ་འཁོར་ལོས་སྒྱུར་བ་ཡིན། །ལྷ་ཀླུའི་ནོར་བུ་ཁ་དོག་ལྔའོ། །འབྱོར་བ་མེད་ན་ཁ་དོག་ལྔ། །མེ་ཏོག་ལྔ་ནི་གཞུག་པར་བྱ། །ལྗང་ཁུ་རྣམ་རྒྱལ་བུམ་པར་གཞུག །སྔོན་པོ་ 14-1-158b རྒྱལ་དང་རྣམ་རྒྱལ་ལ། །ནག་པོ་ཤར་མེའི་བུམ་པར་རོ། །དམར་པོ་ལྷོ་དང་བདེན་བྲལ་ལོ། དཀར་པོ་བྱང་དང་དབང་ལྡན་དུའོ། །སེར་པོ་ནུབ་དང་རླུང་དུའོ། །ཐམས་ཅད་ཆ་དབྱེས་བཅུག་ནས་ནི། །རིགས་མཐུན་གོས་ཀྱིས་མགྲིན་པ་བཅིང་། །གཡས་སུ་པདྨའི་སྟེང་བཞག་ནས། ། ཤཱུ་ནྱ་ཏྲཱ་ཡིས་སྟོང་པར་བསམ། །དེ་ནས་ཧཾ་ལས་གཞལ་ཡས་ཁང་། །བཾ་ལས་འོ་མའི་རྒྱ་མཚོ་བསྐྱེད། །ཧྲཱིཿལས་པདྨ་འདབ་བརྒྱད་ལ། །ཧཱུྃ་ལས་ལྷ་རྣམས་བསྐྱེད་པར་བྱ། །ཆོ་ག་གོང་མ་འདྲ་བ་ལས། །ནག་པོར་ཤར་གྱི་ལྷ་ཚོགས་བསྐྱེད། །གཞན་ཡང་དེ་བཞིན་ཤེས་པར་བྱ། །དེ་ ནས་བགེགས་བསྐྲད་ཡེ་ཤེས་དགུག །དབང་བསྐུར་ཡིག་གསུམ་བྱིན་བརླབས་ལ། །མཆོད་བསྟོད་གོང་མ་བཞིན་དུ་བྱ། །ཚོན་སྐུད་བུམ་པའི་སྟེང་བཞག་ནས། །ཐུན་གཅིག་བར་དུ་བཟླས་པར་བྱ། །དེ་ནས་བུམ་པ་བསྡུས་ནས་སུ། །གོས་ཀྱིས་བཀབ་ནས་ཞལ་བཞིས་བསྲུང་། །དེ་ལྟར་བུམ་པ་ ལྷག་གནས་ནས། །སྦྱིན་སྲེག་ལྷག་པར་གནས་པར་བྱ། །གྲོང་ཁྱེར་གྱི་ནི་དབུས་ཉིད་དང་། །བྱང་དང་དབང་ལྡན་མཚམས་སུའོ། །ཐབ་ཁུང་ཁྲུ་གང་ཟླུམ་པོ་ལ། །ཟབས་སུ་ཁྲུ་ཕྱིད་བརྐོ་བར་བྱ། །མཆུ་ནི་ཐབ་ཁུང་བཅུ་གཉིས་ཆ། །དེ་ཡི་ཉིས་འགྱུར་ཁ་ཁྱེར་རོ། །ཁ་ཁྱེར་དཔངས་ལ་མཆུ་ཡི་ཕྱེད། ། ནང་དུ་པདྨ་འདབ་མ་བརྒྱད། །ཚོན་རྩི་དཀར་པོས་བྲི་བར་བྱ། །ཕྱི་རོལ་པདྨའི་འདབ་མ་ལ། །ཀུ་ཤ་ཡིས་ནི་དགྲམ་པར་བྱ། །དེ་ཡི་མཐའ་ཡི་ནུབ་ཏུ་ནི། །ངེས་པ་ཁོ་ནར་བྱ་བ་ནི། །ར་བ་གསུམ་ལ་སྒོ་གཅིག་པ། །སློབ་དཔོན་གྱི་ནི་བདག་ཉིད་ནི། །མཉམ་པ་ཁོ་ནར་བྱ་བ་ཡིན། །སྔར་གསུངས་ མཆོད་པ་བཅུ་པ་ནི། །རིམ་པ་བཞིན་དུ་བཤམ་པར་བྱ། །ནྱ་གྲོ་དྷ་དང་འོ་མ་ཅན། །བསྲེག་པའི་ཤིང་ནི་མདའ་ཡི་བརྒྱ། །ཏིལ་དང་ཡུངས་ཀར་ལ་སོགས་དང་། །དཱུར་བ་འོ་མ་ལ་སོགས་དང་། །ནས་གྲོ་མ་ཤ་ཞུ་བའི་རྫས། །བིལ་བ་ཏ་རྐ་ཛཱ་ཏི་དང་། །འབྲས་བུ་ཨུ་དུམྺཱརའི་ཤིང་། །ནགས་ཀྱི་ ལྕུག་མ་ལ་སོགས་དང་། །ཤེལ་ཕྲེང་གསེར་དང་གོས་དང་ནི། །ཤ་ལྔ་བདུད་རྩི་ལྔ་དང་ཆང་། །ཚོགས་ཀྱི་འཁོར་ལོའི་རྫས་རྣམས་བསགས། དེ་ནས་དེ་རྗེས་ཉིད་ལ་ནི། །དག་པ་རྣམ་གསུམ་བྱ་བ་ནས། །ཡན་ལག་བཞི་པ་གཞུང་བཞིན་བསྒོམ། །སྙིང་གར་སྔགས་རྣམས་ཀུན་བཀོད་ནས། ། 14-1-159a བཟླས་བརྗོད་མེས་ནི་སྡིག་པ་སྦྱང་། །རང་ཉིད་དཀྱིལ་འཁོར་བར་སྣང་དུ། །བཞག་ནས་ཁམས་གསུམ་སྟོང་པར་བས་མ། །བེ་རམ་ལ་སོགས་རི་རབ་ལ། །ཐུག་པ་རིམ་པ་བཞིན་དུ་བསྐྱེད། །དེ་དབུས་བྷྲཱུཾ་ལས་མེ་ཐབ་ཀྱི། །འཁོར་ལོ་རིམ་པ་བཞིན་བསམས་ནས། །དེ་དབུས་དེ་ ལས་མེ་དཀྱིལ་འཁོར། །གྲུ་གསུམ་པ་ནི་བསམ་པར་བྱ། །དེ་དབུས་བཾ་ལས་ཆུ་དཀྱིལ་འཁོར། །ཟླུམ་པོ་དབུས་སུ་མེ་དཀྱིལ་འཁོར། །དབུས་སུ་རང་གི་མཚན་མ་བསམ། །ཟུར་གསུམ་ལ་ནི་ཡིག་གསུམ་བསམ། །ལོགས་སུ་ཧི་ཡི་ཡི་གེ་བསམ། །དེ་རྣམས་གྱུར་ལས་མེ་ལྷ་ནི། །ཞལ་ གཅིག་ཕྱག་གཉིས་མདོག་དཀར་བ། །གཡོན་པ་ཐབ་ཁུང་པདྨའོ། །གཡས་ན་བགྲང་ཕྲེང་དབྱུག་པའོ། །བཟང་པོ་སེར་སྐྱ་རལ་པ་ཅན། །སྤྱན་ནི་སེར་སྐྱ་ན་བཟར་བཅས། །ཟླ་བའི་སྟེང་དུ་བསྒོམ་པར་བྱ། །དེ་ལྟར་དམ་ཚིག་བསྐྱེད་ནས་ནི། །ཁྲོ་བོ་ལྷ་མོས་བསྲུང་ནས་ནི། །དྲི་ཡི་ཆུས་ཀྱང་བསང་བར་ བྱ། །དེ་རྗེས་མེ་ལྷ་སྤྱན་དྲངས་ཏེ། །མེ་ལྷ་སྤྱན་དྲང་ཕྱག་རྒྱ་དང་། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་ཏེ་ཛ་མ་ནུ་རྀ་ཥི་ཧིཿ་ཏྭ་ཨུཏྟ་མ་ཧཱ་རསྨི་ཧི་ཏོ་བྷ་བེ་བཛྲཿདྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། །ཆུ་དང་བཅས་པའི་མེ་ཏོག་གི། མཆོད་ཡོན་ཉིད་ནི་མེ་ལྷ་ལ། །དེ་ཡི་སྦྱོར་དང་ལྡན་པས་སྦྱིན། །བསྟོད་པ་ཡང་ནི་བྱས་ནས་སུ། ཛཿདང་ལྕགས་ཀྱུའི་ཕྱག་རྒྱས་དྲངས། །ཧཱུྃ་དང་རྡོ་རྗེ་ཡིས་ནི་གཞུག །བཾ་དང་ཞགས་པའི་ཕྱག་རྒྱས་བཅིང་། །ཧོཿདང་དྲིལ་བུས་དགྱེས་པར་བྱ། །དེ་ནས་བུམ་པས་དབང་བསྐུར་ལ། །སྣང་བ་མཐའ་ཡས་དབུ་ལ་བསམ། །དེ་ནས་མཆོད་ཡོན་དབུལ་བ་ནི། །ཨོཾ་པྲ་བ་ར་སཏྐཱ་ར་མ་ཧཱ་རསྨི་པྲ་ཏཱིཙྪ་སྭཱ་ཧཱ། ཨ་རྩ་མན་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་དྷཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ནཻ་བི་དྱེ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ལཱ་སྱ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཧཱ་སྱ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་བཱ་ད་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་གཱི་ཏཱི་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཀཱ་མེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ཡང་གསུངས་པ། མེ་ནི་རྣམ་པ་ གསུམ་ཡིན་ཏེ། །ཀུན་བསྲེག་ཁྱིམ་བདག་ཡོན་གྱི་མེ། །ཁྱིམ་བདག་ཟླ་བའི་ལྕེ་ལ་ནི། །ཨོཾ་ཨ་ན་ལ་སརྦ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་ཛ་ན་དུཥྚཱ་ན་ཧཱུྃ་ཕཊ། མེ་ནི་གསོ་ཕྱིར་དགང་བླུགས་སྦྱིན། །དེ་ནས་བགེགས་ནི་བརྟག་པར་བྱ། །ཙེག་ཙེག་སྒྲ་དང་རོ་ཡི་དྲི། །བ་ལང་མགོ་སོགས་མི་ 14-1-159b དགེ་བའི། །མཚན་མ་ཡིན་པར་ཤེས་པར་བྱ། །གདུགས་དང་དཔལ་བེའུ་ཆུ་ཤེལ་དང་། །དྲི་ཞིམ་མཚན་མ་སོགས་ཞེས་བྱ། །མི་ཤིས་པ་ནི་ཕྱིར་བཟློག་བྱ། །མཆོད་སྦྱིན་གྱི་ནི་ལག་པ་ཡིས། །མཐེ་བོང་གིས་ནི་མེ་ཡི་ཁར། །རྡོ་རྗེ་ཡན་ལག་ཕུང་སོགས་ཀྱང་། །བསྲེག་པ་རུ་ནི་རབ་ཏུ་བྱ། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿསྭཱ་ཧཱ། ཧུྃ་ཧཱུྃ་ཧྲི་ཧྲི་ཧྲི་སྭཱ་ཧཱ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨ་ཨཿསྭཱ་ཧཱ། །ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱ་ཧཱ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿསྭཱ་ཧཱ། དེ་རྣམས་འོད་ལ་དབུལ་བར་བྱ། །ཨོཾ་ཨགྷ་ཡེ་སྭཱ་ཧཱ། མར་ནི་ཞལ་དུ་དབུལ་བར་བྱ། །ཨོཾ་སརྦ་ སཾ་པ་དེ་སྭཱ་ཧཱ། འབྲས་ཆན་ཞལ་དུ་དབུལ་བར་བར་བྱ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཨོཾབཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་དཱུར་བ་སྤྱི་གཙུག་ཏུའོ། །ཨོཾ་མ་ཧཱ་བེ་གེ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་མུ་ཏ་ཡེ་སྭཱ་ཧཱ། ནས་དང་གྲོ་དང་སོ་བ་ དང་། །མ་ཤ་འབྲས་ནི་ཞལ་དུའོ། །འོ་མ་ལ་སོགས་ཞུ་བའི་རྫས། །མེ་ཡི་སྔགས་ཀྱིས་ཞལ་དུའོ། །ཨོཾ་མ་ཧཱ་ཤེ་པཱ་ཡ་སྭཱ་ཧཱ། བིལ་བ་དང་ནི་སྟརྐའོ། །དྲི་ནི་ཐུགས་ཀ་མེ་ཏོག་དབུ། །སྤོས་ནི་འོད་ལ་མར་མེ་བདུན། །མཆོད་ཡོན་འཐོར་འཐུང་ཕྱག་ཏུའོ། །བདུད་རྩི་ཞལ་དང་རིན་ཆེན་དབུ། ། ཕྲེང་བ་ཕྱག་དང་སྐུ་ལ་སོགས། །དེ་ལྟར་མེ་ལྷ་མཆོད་ནས་ནི། །མེ་ནི་གསང་ལ་འོད་དུ་ཞུ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་ཆོ་ག་བཞིན་དུ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་བསྟོད་དགུག་གཞུག་གོ་བསྐོན་ནས། །དབང་བསྐུར་ནས་ནི་སྔོན་བཞིན་དུ། །སྦྱིན་ སྲེག་རྒྱས་པར་དབུལ་བར་བྱ། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ཡང་། །ཡེ་ཤེས་མེ་ལ་དབུལ་བར་བྱ། །དེ་ནས་ཁྱད་པར་སྦྱིན་སྲེག་ནི། །ཨོཾ་བྷུར་བྷུ་བ་སྭཿ། ན་མོ་དེ་བེ་བྷྱཿསྭསྟི་པྲ་ཛཱ་བྷྱཿསྭཱ་ཧཱ། རཱ་ཛ་བྷྱཿསྭ་ལཾ་པྲ་ཏི་བྷྱཿཨ་ལཾ་བྷུ་ཏེ་བྷྱཿ་བ་ཥཊ་ཨིནྡྲ་ཡ། འབྲས་ཁྲོལ་ཆུ་དང་བཅས་པ་ཡི། ཇི་ཙམ་ནུས་ པའི་སྦྱིན་སྲེག་བྱ། །སླར་ལ་འབྲས་བསྲེག་ཕྱིར་དོར་ལ། །མེ་ལྷའི་སྙིང་གར་ཡེ་ཤེས་མེ། །གཉི་ག་གསལ་བར་དམིགས་ནས་ནི། །གོང་བཞིན་སྦྱིན་སྲེག་རྒྱས་པར་བྱ། །དྲི་དང་སྤོས་ཀྱང་གོང་བཞིན་སྦྱིན། །དེ་ནས་རང་གི་སྙིང་ག་རུ། །དཀྱིལ་འཁོར་པ་ནི་གཤེགས་སུ་གསོལ། །རྫས་ཀྱི་ལྷག་མ་ 14-1-160a བསྡུས་ནས་ནི། །མེ་ལྷ་ལ་ནི་སྦྱིན་སྲེག་བྱ། །དེ་ནས་ཡོན་བདག་གཡོན་དུ་གཞག །མེ་ལྷའི་ཞབས་དྲུང་ཐལ་བ་ཡིས། །དཔྲལ་བར་ཐིག་ལེ་བྱས་ནས་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་པ་མཆོག་གི་སྲས། །མེ་ལྷའི་རྒྱལ་པོར་ཡོངས་སུ་དབང་བསྐུར་བ། །ཤེས་རབ་ མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རང་གི་པདྨའི་སྙིང་ག་རུ། །ཡེ་ཤེས་མེ་ནི་གཤེགས་སུ་གསོལ། །ཨོཾ་ཛཿགཙྪ་གཙྪ་སྭཱ་ཧཱ། རསྨི་སརྦ་སཾ་ཏྲི་བ་ཏོ་ཧོ་པུ་ན་ར་ག་མི་ཤ་ས་དི་པ་སྱེ་ཡ་དྷ་ཏྲཱ་ན་ཡ་མི་སྭཱ་ཧཱ། དམ་ཚིག་གདན་རྣམས་རིམ་བཞིན་ཐིམ། །དེ་ ལྟར་ལྷག་གནས་བྱས་ནས་ནི། །ཆོ་གས་གཏོར་མ་ལྷག་གནས་བྱ། །དེ་ལྟར་གཏོར་མ་ལྷག་བྱས་ནས། །གཞན་དོན་སློབ་མ་ལྷག་གནས་བྱ། །སྣོད་ལྡན་སློབ་མ་ཁྲུས་བྱས་ཏེ། །གཙང་མའི་གོས་བགོ་མཎྜལ་བྱ། །མེ་ཏོག་ཐོགས་ལ་གསོལ་བ་གདབ། །ཕྱག་འཚལ་ལ་སོགས་བདུན་པོ་དང་། ། སྡོམ་པ་གསང་བ་བླ་མེད་སྦྱིན། །དེ་ནས་སྨོན་ལམ་གདབ་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང་བར་བགྱིའོ་རྡོ་རྗེ་ཡི། །རིན་ཆེན་གྱིས་ནི་སྦྱིན་པ་སྦྱིན། །རྒྱལ་བ་མཆོག་གི་དམ་ཚིག་ནི། །བསྐྱང་བར་བགྱིའོ་འཁོར་ལོ་ཡི། །རལ་གྲི་ཡིས་ནི་མཆོད་པར་བྱ། །ཆུ་ ལས་སྐྱེས་པའི་རིགས་ཀྱིས་ནི། སྡོམ་པ་ཡང་ནི་སྦྱིན་པར་བྱ། །སེམས་ཅན་རྣམས་ནི་གྲོལ་བའི་རྒྱུར། །རྒྱལ་བ་བསྐྱེད་པའི་རིགས་ཀྱིས་ནི། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཀུན་རྫོབ་དོན་དུ་བརྟུལ་ཞུགས་རྣམས། །རབ་མཆོག་གིས་ནི་ལམ་སོང་བ། །དེ་བཞིན་དེ་རྣམས་སྦྱིན་པར་བྱ། ། འཚེ་དང་བརྫུན་སྨྲ་གཞན་བུད་མེད། །གཞན་ནོར་དེ་བཞིན་ཆང་འཐུང་སྤང་། །སྡིག་པ་ལྔ་པོ་འདི་དག་ནི། །འཁོར་བར་རྡོ་རྗེ་ཞགས་པ་སྟེ། །རང་གི་རིགས་ནི་འཇོམས་པར་བྱེད། །གང་ཞིག་གང་གི་དུས་སུ་ནི། །སུམ་ཅུ་པ་དང་མིའི་བླ་མ། །དེ་ཡི་མིང་གིས་སྦྱིན་པར་བྱ། །སྣ་ཚོགས་བདག་པོའི་ བཀའ་འདི་ནི། །སྲིད་པ་ཡི་ནི་འཇིགས་འཇོམས་པ། །ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་བསད་ཟས་ཁ་ན་མ་ཐོར་བཅས། །ཚིག་ནི་ངན་པར་སྨྲ་བ་དང་། །འབྱུང་པོ་ལྷ་དང་ལྷ་མིན་ཆོས། །བ་ལང་བུད་མེད་སྐྱེས་པ་རྣམས། །སུམ་ཅུ་པ་དང་མིའི་བླ་མ། །ལྔ་ནི་བསོད་ནམས་མི་བྱའོ། །སུམ་ 14-1-160b ཅུ་པ་དང་མིའི་བླ་མ། །དགེ་འདུན་དང་ནི་སངས་རྒྱས་དང་། །ཡིད་ཆེས་པ་དང་བྱང་ཆུབ་དང་། །གྲོགས་དང་དཔོན་ལ་འཁུ་མི་བྱ། །དབང་པོ་རྣམས་ནི་ཆགས་མེད་བྱ། །འདི་ནི་སྲིད་པའི་བདག་པོ་ཡི། བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ། །བརྒྱ་ལ་གཡོ་སྒྱུའི་དབང་གིས་ནི། །རྩ་བའི་ལྟུང་བ་བྱུང་ གྱུར་ན། །དམྱལ་བ་ཡི་ནི་སྡུག་བསྔལ་མྱོང་། །བུ་ཡི་རྩ་བའི་ལྟུང་བ་ནི། །དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང་། །རི་བོང་འཛིན་པ་ཉིད་དུ་འགྱུར། །དེ་ཡི་བཀའ་ལས་འདས་པ་གཞན། །གཉིས་པ་ཉིད་ནི་དེ་བཞིན་དུ། །སྤུན་ལ་ཁྲོ་བ་གསུམ་པའོ། །བྱམས་པ་དོར་བ་ལྔ་རུ་འགྱུར། ། གྲུབ་པའི་མཐའ་སྨོད་དྲུག་པའོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྟོན་པ་གཞན་པས་རིང་། །ཕུང་པོ་ཉོན་མོངས་བརྒྱད་པར་འགྱུར། །དམ་པའི་ཆོས་ལ་མི་དད་པ། །སླར་ལ་ཡང་ནི་དགུ་པའོ། །རྒྱུ་ཡི་བྱམས་པ་ཕྱོགས་སུ་འགྱུར། །མིང་སོགས་བྲལ་བའི་བདེ་སྟེར་བ། ། ཏོག་པ་དྲག་པོ་རུ་ནི་འགྱུར། །དག་པའི་སེམས་ཅན་ལ་སྐྱོན་བརྗོད། །ཉི་མ་རུ་ནི་འགྱུར་བ་ཡིན། །དམ་ཚིག་རྙེད་པ་འདོར་འདོད་པའོ། །བུད་མེད་ཀུན་ལ་སྨོད་པ་ནི། །ཡིད་ཉིད་ཀྱི་ནི་དགྲ་རུ་འགྱུར། །རྡོ་རྗེའི་ཐེག་ལ་གནས་རྣམས་ཀྱིའོ། །སློབ་མ་སྐད་ཅིག་ལྷར་བསྐྱེད་ནས། །སློབ་མ་ལ་ནི་ བསྲུང་བྱ་སྟེ། །སྤྱི་བོ་སྙིང་ག་དེ་བཞིན་དུ། །སྤྱི་གཙུག་ལྟོ་བ་མགྲིན་པ་དང་། །དཔྲལ་བ་གསང་བར་རྒྱལ་བ་སོགས། །གཉི་གའི་རིགས་སུ་སོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །ངེས་པར་བྱིན་གྱིས་བརླབ་པར་བྱ། །དེ་ལ་རྣམ་བཅུའི་མཆོད་པ་བཞིན། །སོ་ཤིང་དོར་དང་སྲུང་སྐུད་བཅིང་། ། བྱམས་པའི་གོ་བསྐོན་གཙུག་ཏོར་བསྐྱེད། །རྨི་ལམ་བརྟག་པའི་ཀུ་ཤ་སྦྱིན། དེ་ནས་སློབ་མ་གཤེགས་སུ་གསོལ། །ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ཉིད། །ཤར་དང་གཤིན་རྗེ་ཆུ་ལྷ་རུ། བྱང་དུ་རྡོ་རྗེ་དྲིལ་བུའོ། །དེ་ནས་དཀྱིལ་འཁོར་སྙིང་གར་བསྡུ། །བདག་ཉིད་མལ་སར་རྨི་ལམ་བརྟག །ངན་ ན་ཕྱིར་བཟློག་ཆོ་ག་བྱ། །བཅུ་གཉིས་པ་ལ་ཐིག་གདབ་ཅིང་། །འདོད་པ་ཡིད་ཀྱི་ཉི་མ་ལ། །དཔལ་གྱི་རྡུལ་ཚོན་ཉིད་ནི་བྲི། །ཉ་ལ་དབང་རྣམས་རྫོགས་པར་ནི། །མཆོག་གི་བླ་མས་སྦྱིན་པར་བྱ། །བདུད་བཅོམ་པ་ཡི་ཉི་མ་ལ། །དེ་ཡི་མཚན་མོ་རྒྱལ་བ་ཡི། །རིགས་ནི་རབ་ཏུ་གནས་པར་ 14-1-161a བྱ། །མཚན་མོ་གཞན་ལ་རབ་གནས་མིན། །སྲད་བུ་ཁྲུ་ནི་བརྒྱད་འགྱུར་ལ། །ལག་པའི་ནས་ཀྱི་ཚད་ཙམ་དུ། གཅིག་ཏུ་བསྒྲིལ་བའི་སུམ་བསྒྲིལ་ལ། །སློབ་དཔོན་མཐེ་བོང་ནས་ཀྱི་ཚད། །ལམ་ནི་རྣམ་པ་གསུམ་སོང་བ། །སྲད་བུ་གཅིག་གོ་གཞན་ནི་མེད། །ཨ་ སོགས་ཀ་སོགས་གཅིག་པ་ཉིད། །རང་གི་སྙིང་གའི་པདྨ་ལ། །ཟླ་བ་ཉི་མ་མེ་སྟེངས་སུ། རི་བོང་ཅན་དང་དྲེགས་པ་ནི། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །ཤེས་རབ་རྗེ་བཙུན་སྙིང་པདྨར། །ཉི་མ་ཟླ་བ་བརྩེགས་པ་ཡི། །རང་རང་རྡོ་རྗེ་ལྕགས་ཀྱུ་ཡིས། །སངས་རྒྱས་ལྷ་མོ་རྣམས་བཀུག་ སྟེ། །ཐིག་སྐུད་ཆད་པས་སློབ་དཔོན་འཆི། །ཕྱོགས་འཁྲུལ་སློབ་མ་རྣམས་ནི་འཆི། །མཐུན་དང་མི་མཐུན་རྐང་པ་ཡིས། །ཐིག་གདབ་པར་ནི་བྱ་བ་མིན། །ཤེས་རབ་ཐབས་ཀྱི་ཡན་ལག་དབུས། །མེ་དང་རླུང་དུ་སོང་བ་ཡི། །དཔུང་གི་དབུས་སུ་སྦྲུལ་འདྲ་བའི། །དཀྱིལ་འཁོར་མཚམས་རྒལ་དེ་ སྤང་བྱ། །ཚངས་པའི་ཐིག་ནས་ཐིག་གདབ་ཉིད། །ནོར་དང་དུས་ཀྱི་ཚད་ཀྱིས་ནི། །ཕྱོགས་ཀྱི་ཆ་ལ་རབ་ཏུ་སྦྱིན། །ཐུགས་ཀྱི་དཀྱིལ་འཁོར་བདག་ཉིད་ནི། །སོར་མོ་ཕྱེད་ཀྱི་ཆ་རུ་གསུངས། །འཁོར་ལོ་པདྨའི་བདག་པོ་སྟེ། །ལྷ་མོ་ལ་སོགས་གདན་རྣམས་ཀྱི། །སུམ་འགྱུར་དུ་ཡང་གསུངས་པ་ ཡིན། །ཚངས་པའི་གནས་སུ་ཉི་རེའུ་མིག །སླར་ལ་ཡང་ནི་ཟླ་བ་ཡིས། །ཀ་བ་རྡོ་རྗེ་ར་བར་གསུངས། །སངས་རྒྱས་ལ་སོགས་ཆུ་སྐྱེས་བཞིས། །ཕྱི་རུ་རི་བོང་ཅན་གྱིས་ནི། །རྡོ་རྗེའི་ཕྲེང་བར་རབ་ཏུ་འགྱུར། །སངས་རྒྱས་ལྷ་མོའི་བར་བར་དུ། །སོར་ཕྱེད་གསུམ་གྱི་རེའུ་མིག་ལ། །བུམ་པའང་ཐོད་ པའི་གདན་དུ་འགྱུར། །དེ་ཡི་གནས་སུ་རྡུལ་ཚོན་ལས། །ཉིན་མོ་བྱེད་པ་ལ་འགྱུར་ཏེ། རེ་ཁཱ་གསུམ་གྱི་མཐར་ཐུག་པར། །ཕྱོགས་དང་མཚམས་ཀྱི་རེའུ་མིག་བཞི། །པདྨ་རྣམས་ལ་ཟླ་ཉི་མ། །དེ་བཞིན་དྲི་ལ་སོགས་རྣམས་ཀྱིས། །སོར་ཕྱེད་བཞི་ཆས་རེ་ཁཱ་གསུམ། །དུས་དང་དེ་བཞིན་རོ་ཡིས་ ནི། །སྒོ་དང་སྒོ་ཁྱུད་དེ་བཞིན་དུ། སོར་ཕྱེད་དྲུག་ལས་འགྲམ་དང་ལོགས། །ཁ་ཁྱེར་ཆེན་པོ་ཀ་བའི་ཕྱེད། །དེ་ཡི་ཕྱེད་ཀྱིས་ནོར་བུ་ཡི། །རང་བཞིན་ཕ་གུ་འབའ་ཞིག་འགྱུར། །ཉིས་འགྱུར་དྲ་བ་དྲ་ཕྱེད་པ། །སྒོ་ཡི་རྩ་བའི་ཕྱི་རོལ་དུ། །སོར་ཕྱེད་དྲུག་གི་སུམ་འགྱུར་གྱིས། །ཀ་བར་བཅས་པའི་ 14-1-161b རྟ་བབས་འགྱུར། །ཐིག་ལས་མཐའ་རུ་སྤང་བར་བྱ། །དེ་ཡི་ཕྱི་རོལ་འབྱུང་བ་བཞི། །ཡང་ནི་སྤྲོས་དོན་མ་ཡིན་པ། །གཅིག་བཞི་གཉིས་བཞི་གཅིག་ཉི་མ། །དུས་དང་རོ་དང་རྩེ་མོ་ཅན། །མེ་དང་དུས་དང་དུས་ཀྱི་ཕྱེད། །དུས་ལ་དྲུག་གི་རབ་ཕྱེད་དང་། །དུས་དྲུག་དང་ནི་རོ་རྣམས་ཀྱི། །ངེས་པར་ཆ་ཡི་ རིམ་པ་ཡིས། །ལྟེ་བའམ་ནི་སྙིང་པོ་ནས། །ཆུ་སྐྱེས་པདྨ་ཡང་དེ་ནི། །ཀ་བ་རྡོ་རྗེ་ཕྲེང་བ་དང་། །པདྨ་རྡོ་རྗེ་ཕྲེང་བར་འགྱུར། །སྒོ་དང་སྒོ་ཁྱུད་ལ་སོགས་པའི། །ས་རུ་དེ་འོག་འགྱུར་བ་དང་། །ཀ་བ་ར་བ་ཁ་ཁྱེར་དང་། །སླར་ལ་ཡང་ནི་དེ་འོག་ཏུ། །ཕ་གུ་དྲ་བ་དྲ་ཕྱེད་པ། །མེ་འོང་ལ་སོགས་སྣམ་བུ་ས། ། མི་ཡི་བདག་པོར་གྱུར་པ་དང་། །རྟ་བབས་ཀྱི་ནི་ཆ་རབ་གསུངས། །དེ་ལྟར་ཐིག་གི་ལས་ཟིན་ནས། །ཚོན་གྱི་ལས་ནི་རབ་ཏུ་བྱ། །རྡོ་རྗེ་ལ་སོགས་རྡུལ་ཚོན་ལྔ། །གསེར་དང་པདྨ་རཱ་ག་དང་། །བྱུ་རུ་མུ་ཏིག་ལ་སོགས་པ། །འབྲུ་ཡི་ཁྱད་པར་དག་དང་ནི། །ནོར་བུའི་ཁྱད་པར་མང་པོ་ཡི། ཕྱི་མ་རྡུལ་ཚོན་དེ་བཞིན་ དུ། ཐིག་བཞིན་བྱིན་རླབས་ཆོ་ག་བྱ། །ཕྱོགས་ཀྱི་ཆ་ཡི་ཚོན་གྱི་སར། །མི་ཡི་བདག་པོ་རྡུལ་ཚོན་གྱི། །སངས་རྒྱས་དབྱེ་བས་བྲི་བར་བྱ། །སེར་པོ་དཀར་པོ་དམར་སོགས་ཀྱིས། །ས་དང་ཆུ་དང་མེ་རླུང་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །ཤར་གྱི་སར་ནི་དཔལ་ནག་པོ། །ཉི་མ་ལྟ་བུར་ལྷོ་རུའོ། །ནུབ་ཏུ་ གསེར་དུ་སྣང་བ་སྟེ། བྱང་དུ་རི་བོང་འཛིན་དཀར་པོ། །རྡོ་རྗེ་འཛིན་ཞལ་དབྱེ་བས་སོ། །དཀར་པོ་དམར་པོ་ནག་པོའོ། །རིམ་པས་ཡོངས་སུ་བྲིས་ནས་སོ། །ཁ་ཁྱེར་ཕ་གུ་དྲ་བའི་ས། །པདྨ་ཟླ་བ་ཉི་མའི་མདོག །དྲི་མེད་རི་བོང་ཅན་འདྲ་དང་། །དམར་པོ་ནག་པོ་རེ་ཁཱ་གསུམ། །དབུས་སུ་པདྨ་འདབ་མ་ བརྒྱད། །ལྗང་གུ་ཨཱ་ལི་ལྟ་བུའོ། །ཀ་བ་རྡོ་རྗེ་ཕྲེང་བར་འགྱུར། །དབང་ལྡན་བདེན་བྲལ་མེ་རླུང་དུ། །ཟླ་བ་ཉི་མ་དག་གི་མདོག །ནག་པོ་སེར་པོ་དམར་པོ་ཡིས། །དུང་དང་གཎྜཱི་ནོར་བུ་དང་། །ལྗོན་ཤིང་དང་ནི་དེ་བཞིན་དུ། །བུམ་པ་དཀར་པོ་པདྨ་ཡི། སྟེང་དུ་ཟླ་བ་དམར་པོ་ནི། །འགྱུར་རོ་ཉིན་ མོར་བྱེད་པ་ནི། །པདྨ་དཀར་པོའི་སྟེང་དུའོ། །པདྨ་དཀར་པོའི་ལྟེ་བར་ལྷ། །རི་བོང་འཛིན་པའི་གདན་ལ་ནི། །ལྷ་མོ་རྣམས་ནི་གནས་པར་འགྱུར། །པདྨ་དཀར་པོའི་ལྟེ་བ་ལ། །ཉིན་མོར་བྱེད་པ་དགོད་པ་ཡི། ལྷ་རྣམས་ཕྱོགས་སུ་གནས་པ་ན། །ཕྱི་རུ་རྡོ་རྗེ་ཕྲེང་བར་འགྱུར། །གཙོ་བོའི་པདྨའི་དབང་ 14-1-162a གིས་ནི། །ཁ་ཁྱེར་དག་ནི་མདོག་དཀར་པོ། །བ་ཀུ་ལི་དང་ཀ་བ་ནི། །གསེར་དང་འདྲ་བ་སེར་པོར་འགྱུར། །རྟ་བབས་ཁ་དོག་སྣ་ཚོགས་སོ། །སྦོམ་པོས་ནད་ནི་སྐྱེད་པར་བྱེད། །ཕྲ་མོས་ངེས་པ་ཁོ་ནར་ནི། །ནོར་ཉམས་མཚན་ངན་རི་མོ་སྤང་། །ཆད་པས་འཆི་ཞིང་ཡོན་པོ་ཡིས། ། མི་རྣམས་སྐྱེ་བོའི་བདག་པོས་སྐྲོད། །དེ་བཞིན་མཚན་མ་ཉི་མའི་བདག །སྲིད་པ་ཡི་ནི་འཇིགས་འཇོམས་ལ། །སྔགས་པ་རྣམས་ནི་དངོས་གྲུབ་མེད། །རྡུལ་ཚོན་འདྲེས་ན་རིགས་ནི་འཆད། །རྒྱལ་རིགས་དཀྱིལ་འཁོར་ལ་ནི་བྱ། །རྒྱལ་བ་ངེས་པ་ཁོ་ནར་སྟེར། །རྒྱུད་ཀྱི་ནང་དུ་གང་མ་གསུངས། ། མཚན་མ་མཛེས་པའི་ཆེད་དུ་ནི། །དཀྱིལ་འཁོར་དུ་ནི་དེ་མི་དགོད། །རྒྱལ་བས་རིགས་ནི་ཤེས་མེད་པས། །དེ་ཉིད་བདུད་ཀྱི་མཚན་མའོ། །དེ་ཕྱིར་རྒྱུད་གསུངས་མཚན་མ་ནི། །རིགས་ཀྱི་དབང་གིས་བྱ་བར་འགྱུར། །དཀྱིལ་འཁོར་སྒོ་ཡི་བར་དུ་ནི། །དྲ་བ་དྲ་ཕྱེད་བར་དེ་བྱ། །ས་དང་རླུང་གི་དཀྱིལ་ འཁོར་ལ། །པདྨ་བུམ་པ་སོགས་ཀྱིས་བརྒྱན། །ནག་པོ་ལ་སོགས་རྡུལ་ཚོན་རྣམས། །བཞི་ཆ་འཕེལ་བར་འགྱུར་བ་སྟེ། །ནས་གཅིག་བར་དུ་མཐོ་བའོ། །ར་བ་རྣམས་ནི་མཐོ་འགྱུར་ཏེ། །ཉིན་མོར་བྱེད་དང་རི་བོང་ཅན། །རེ་ཁཱ་གཞན་ནི་ཉིས་འགྱུར་ཏེ། །དཀྱིལ་འཁོར་འདི་ནི་མཐོ་བ་རུ། །མི་ཡི་ བདག་པོར་འགྱུར་བ་ཡིན། །དྲ་བ་དྲ་ཕྱེད་མཐར་ཐུག་དང་། །ས་དང་ཆུ་དང་བྱིན་ཟ་དང་། །ཕྱི་རོལ་རྡོ་རྗེའི་ཕྲེང་གནས་གཅིག །ཨོཾ་གྱི་ཡེ་ཤེས་ལས་སྐྱེས་པར། །རྒྱལ་བ་དམ་པའི་པདྨ་ཡི། །ཉི་མ་ཟླ་བའི་གདན་སྟེངས་སུ། །ཨ་སོགས་ཀ་སོགས་སྟོང་པར་བཅས། །སྲིད་པ་གསུམ་ནི་བསྐྱེད་པ་ཡི། ཡུམ་ནི་གཞག་པར་བྱ་བ་ཡིན། །སྟོང་པ་ཨ་དང་ཚེག་དྲག་དང་། །གཞན་ནི་དབྱངས་དང་བྲལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡང་དག་འབྱུང་ཕྱིར་སྔགས་སྐྱེ་གནས། །མཆོག་ཏུ་བདེ་བ་བྱེད་པ་ཡི། །ཡེ་ཤེས་རྡོ་རྗེ་བཞི་པའོ། །ཧཱུྃ་ནི་ཁ་དོག་སྣ་ཚོགས་པ། །རྒྱལ་བའི་བདག་པོའི་པདྨ་ཡི། ཟླ་བ་ ཉི་མ་མེ་སྟེང་དུ། །དབང་ལྡན་བདེན་བྲལ་གྱི་ནི་མཚམས། །རྩེ་མོ་ཅན་དང་རླུང་དུ་ནི། །སྐུ་དང་གསུང་དང་ཐུགས་ཆགས་པས། །ཧཾ་སོགས་བུམ་པ་བརྒྱད་ཀྱིའོ། །ཤར་གྱི་པདྨར་ཨི་ཡིག་སྟེ། །མེ་ཡི་པདྨ་རུ་སོང་བ། །ཡི་གེ་ཨཱི་ནི་རིང་པོ་ཉིད། །གཤིན་རྗེ་བདེན་བྲལ་རྀ་ཡིག་གཉིས། །ཤར་དང་ 14-1-162b ནོར་སྦྱིན་ཕྱོགས་སོང་བ། །ཐུང་དང་རིང་བའི་ཨུ་ཡིག་གོ། །ཆུ་དང་རླུང་གི་མཚམས་སུ་ནི། །གཞན་ཡང་པདྨ་རུ་སོང་བ། །ཐུང་དང་རིང་བའི་ལྀ་ཡིག་གོ། །ནག་པོ་དམར་པོ་དཀར་པོ་དང་། །གསེར་ནི་བཙོ་མ་ལྟ་བུ་ནི། །ཞལ་གྱི་དབྱེ་བ་ཡོད་པ་ཡིས། །ཤར་གྱི་སྒོ་ཡི་གཡས་དང་ནི། །རྩེ་མོ་ ཅན་གྱི་པད་སོད་པ། །རིང་དང་ཐུང་བ་དེ་བཞིན་ཉིད། །གཤིན་རྗེ་རུ་ནི་བདེན་བྲལ་དུ། དེ་བཞིན་དུ་ནི་ཨར་ནི་ཟུང་། །ནུབ་དང་རླུང་དུ་ཨཱལ་ནི་ཐུང་། །གནོད་སྦྱིན་འཕྲོག་མར་ཨོ་ཨཽའོ། །ལྷ་དང་ཆུ་ལྷ་གཤིན་རྗེ་ཡི། སྒོ་ཡི་གཡོན་དང་གནོད་སྦྱིན་བཅས། །ཨཾ་དང་ཨ་ཡི་རིམ་པ་ཡིས། །གཞན་ ཡང་ཡ་ར་ཝ་ལ་དང་། །སྒོ་ཡི་པདྨར་རླུང་ལ་སོགས། །ཤར་གྱི་སྒོ་དང་གཡས་མིན་པར། །ཁྲོ་བོ་དག་གི་གདན་དུ་ནི། །རི་བོང་འཛིན་པར་འགྱུར་བ་སྟེ། །གཡས་དང་ནུབ་ཏུ་ཉི་མ་ཡང་། །པདྨ་དག་གི་སྟེང་དུ་ནི། །གདན་གཉིས་དག་ཏུ་རབ་ཏུ་འགྱུར། །ཤེས་རབ་ཐབས་ཀྱི་རབ་དབྱེ་བས། ། པདྨའི་སྟེང་དུ་ཟླ་བ་དང་། །ཉི་མ་ཡང་ནི་གདན་དུ་འགྱུར། །གཡས་དང་རྒྱབ་ཏུ་ཉི་མར་འགྱུར། །ལྷ་ཡི་བདག་པོར་གནོད་སྦྱིན་དུ། །ཟླ་བ་ཡི་ནི་གདན་དུ་འགྱུར། །ཐུང་དང་རིང་པོའི་སྡེ་ཚན་དྲུག །རང་བཞིན་ཡོན་ཏན་དབང་གིས་ན། །ཁ་ཁྱེར་ཀ་བའི་ལོགས་སུའོ། །དྲི་སོགས་རྣམས་ནི་ རིམ་པ་བཞིན། །རང་གི་རིགས་ཀྱི་སར་སོང་བ། །ཤར་གྱི་ཆ་ནས་རང་ཕྱོགས་སུའོ། །དེ་ལྟར་བྲིས་པ་ཟིན་པ་དང་། །དེ་ནས་རྫས་རྣམས་བསག་པར་བྱ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །སློབ་དཔོན་གྱི་ནི་རྫས་རྣམས་དང་། །གདུགས་དང་རྒྱལ་མཚན་ལ་སོགས་པ། །དཀྱིལ་འཁོར་གྱི་ནི་རྫས་རྣམས་ དང་། །དེ་རྗེས་མཆོད་པའི་ཡན་ལག་རྫས། །རེ་རེ་ཉི་ཤུ་རྩ་ལྔ་དང་། །ཁྱད་པར་ཚོགས་ཀྱི་མཆོད་པའི་རྫས། །ཆང་དང་བདུད་རྩི་ལ་སོགས་པ། །ཅི་འབྱོར་པ་ནི་བསགས་པར་བྱས། །བསྲུང་བ་མདའ་དང་ཕུར་བུ་དང་། །ཡུངས་ཀར་ཕུར་བུ་ཚོན་སྐུད་དོ། །སྒྲུབ་པ་བུམ་པ་རྣམས་དང་ཡང་། །སྦྱིན་སྲེག་ རྫས་དང་གཏོར་མའོ། །བསོད་ནམས་བསོག་པའི་རྫས་དག་ནི། །རིན་ཆེན་བདུན་དང་རྫས་བརྒྱད་དང་། །བུམ་པ་འདོད་འཇོ་ནོར་བུ་དང་། །འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །རྫས་ནི་ཇི་ཙམ་འབྱོར་པའོ། །དེ་ནས་དགོངས་ཀྱི་དུས་སུ་ནི། །དཀྱིལ་འཁོར་སྔགས་ཀྱིས་བསླང་བྱས་ལ། །རང་གི་ 14-1-163a འཁོར་ལོ་སྤྲུལ་དང་བསྲེ། །ལྷ་རྣམས་མ་ལུས་ཚང་བར་བསྒོམ། །དེ་ནས་ཤར་དུ་ལས་ཀྱི་ནི། །ཧེ་རུ་ཀ་ཡི་གཟུགས་ཀྱིས་དབྱེ། །ཚམ་ངམ་སྔགས་ཀྱིས་བསྟོད་པ་དང་། །ས་མནྟ་ཞེས་སྔགས་ཀྱིས་ནི། །བགེགས་བསྐྲད་ལྷག་དང་མ་ཚང་བསྐང་། །ལྷ་ལ་མེ་ཏོག་ ཕྲེང་བ་དོར། །སྔགས་ཀྱི་མཚན་མ་ཁང་པའི་ནང་། །ཤེལ་གྱི་བུམ་པ་དཀར་པོ་ལ། །སྐུད་པ་སྣ་ལྔས་དཀྲིས་པ་ནི། །ཟུར་དུ་ཡང་དག་གཞག་པར་བྱ། །སློབ་དཔོན་འཁོར་ལོའི་ཤར་དུ་ནི། །གནས་ནས་སྡིག་པ་བཤགས་སོགས་དང་། །དཀྱིལ་འཁོར་རྒྱལ་པོ་མཆོག་དང་ནི། །ལས་ཀྱི་ རྒྱལ་པོའི་མཆོག་ལ་ནི། །རིགས་གཙོ་པདྨ་ལས་སྐྱེས་པའི། །བྱུང་བ་ཁྲོ་བོའི་རྒྱལ་པོ་ཡིས། །ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །མཆོད་ཡོན་དང་ནི་མཆོད་པ་བཅུ། །ལྷ་རྣམས་ཀུན་ལ་རྒྱས་བྱས་ལ། །ཛཿཧཱུྃ་བཾ་ཧོཿ་ལྕགས་ཀྱུ་སོགས། །རིམ་བཞིན་ཡོངས་སུ་བསྐྱེད་པ་ཡིས། །དགུག་ གཞུག་བཅིང་དང་དགྱེས་བྱས་ནས། །རྡུལ་ཚོན་དང་ནི་རོ་མཉམ་པ། །དབང་གི་ཆེད་དུ་བྱ་བ་ཡིན། །དེ་ནས་བུམ་པ་ཐམས་ཅད་ལ། །བཟླས་པ་ལྷ་རེ་བརྒྱ་བྱས་ལ། །མཆོད་དང་ལྷ་རྣམས་ཞུ་བར་བྱ། །ཞུ་བའི་ཆུ་ཡིས་དཀྱིལ་འཁོར་ལ། །དབང་བསྐུར་རིམ་པ་བཞིན་བྱས་ལ། །དེ་ནས་བདུད་ རྩི་ལྔ་རྣམས་ནི། །ལྷ་རྣམས་སྔགས་ཀྱིས་དབུལ་བར་བྱ། །ཧཱུྃ་ཡིག་ཡེ་ཤེས་ས་བོན་ནི། །སྙིང་པོ་ཡང་ནི་ཆེན་པོ་སྟེ། །བརྩེགས་པའི་ཡི་གེ་ཞལ་དུ་བཅས། །ཧཾ་ལ་སོགས་པ་གོ་ཆ་དྲུག །ཉེ་བ་ཡི་ནི་སྙིང་པོ་འདི། །སྐུ་ཡི་རྡོ་རྗེ་དང་པོར་ལྡན། །ཕྲེང་བའི་སྔགས་ནི་དེ་བཞིན་གཞན། ། ལས་ཀྱི་དབྱེ་བ་དུ་མ་ཡིས། །རྣམ་པ་མང་པོ་རུ་ནི་འགྱུར། །དེ་བཞིན་འཁོར་གྱི་སྔགས་ཀྱིས་ཀྱང་། །བདུད་རྩི་ལྔ་ནི་དབུལ་བ་ཡིན། །དེ་ནས་གོང་གསུངས་སྲེག་བླུགས་ཀྱིས། །ལྷ་རྣམས་ཀུན་ལ་སྦྱིན་སྲེག་སྦྱིན། །དེ་ནས་མཆོད་པ་ཐམས་ཅད་ནི། །དབྱངས་དང་བསྟོད་སྒྲ་ལྡན་པས་ནི། ། རིན་ཆེན་གསེར་དང་ཆུ་མེ་ཏོག །རྣམ་པ་སྣ་ཚོགས་པ་དང་རས། །དྲི་དང་སྤོས་དང་མར་མེ་དང་། །དྲིལ་བུ་མེ་ལོང་བླ་རེ་དང་། །འབྲས་བུ་སྣ་ཚོགས་པ་ལ་སོགས། །གར་དང་རོལ་མོ་ལ་སོགས་པའི། །མཆོད་པ་སྣ་ཚོགས་བྱས་ནས་ནི། །གོང་གི་གཏོར་མ་རྒྱ་ཆེན་སྦྱིན། །དེ་ལྟར་མཆོད་པའི་ 14-1-163b ལས་ཟིན་ནས། །དེ་ནས་སློབ་མ་གཞུག་པ་ནི། །ཁྲུས་དང་དྲི་ཡིས་རྗེས་བྱུགས་ཤིང་། །ལུས་ལ་གོས་ནི་སེར་བྱིན་ཏེ། །མིག་ནི་དར་གྱིས་བཀབ་ནས་སུ། ཡོལ་བའི་རྒྱབ་ཏུ་བཞག་ནས་ནི། །བསང་ཆུ་དང་ནི་དྲིས་ལན་བྱ། །རྒྱལ་རྣམས་ལ་ནི་དེང་བདག་ཉིད། འཁོར་བ་མི་བཟད་འཇིགས་པས་ ན། །སྐུ་དང་གསུང་དང་ཐུགས་དག་པ། །སྲིད་པ་ཡི་ནི་འཇིགས་སེལ་བ། །ཁྱེད་ཀྱི་ཞབས་ཀྱི་པདྨ་རུ། །སྐྱབས་སུ་ལྷག་པར་འགྲོ་བར་བགྱི། །གསེར་དང་བཅས་པའི་མེ་ཏོག་གིས། །མཎྜལ་དག་ནི་བྱས་པ་ཡིན། །དེ་ལྟར་གསོལ་བ་བཏབ་ནས་ནི། །ཡོལ་བའི་ནང་དུ་བསྡུ་བར་བྱ། །བྱིན་ གྱིས་བརླབས་པའི་ཕྱག་བཞི་དང་། །བདུན་པོ་རྣམས་དག་རྫོགས་པར་བྱ། །དེ་ནས་སྨོན་ལམ་གདབ་པ་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང་བར་བགྱིའོ་རྡོ་རྗེའོ། །རིན་ཆེན་གྱི་ནི་སྦྱིན་པ་སྦྱིན། །རྒྱལ་བ་མཆོག་གི་དམ་ཚིག་ནི། །བསྐྱབ་པར་བགྱིའོ་འཁོར་ལོ་ཡི། ། རལ་གྲི་ཡིས་ནི་མཆོད་པར་བྱ། །ཆུ་ལས་སྐྱེས་ཀྱི་རིགས་ཀྱི་ནི། །སྡོམ་པ་ཡང་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་གྲོལ་བའི་རྒྱུར། །རྒྱལ་བ་སྐྱེད་བྱེད་རིགས་ཀྱི་ནི། བྱང་ཆུབ་དག་ནི་བསྐྱེད་པར་བགྱི། །དེ་ནས་དམ་ཚིག་རྡོ་རྗེ་སྦྱིན། །སྙིང་ག་ཡི་ནི་ཟླ་བ་ལ། །ཧཱུྃ་ལས་རྡོ་རྗེ་བཀོད་ནས་ནི། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །དེ་ནས་ལྷ་དང་སློབ་དཔོན་གྱི། །དམ་ཚིག་རབ་ཏུ་བསྒྲག་པར་བྱ། །ལྕེ་ལ་རྒྱལ་བ་མཆོག་གི་ནི། །དམ་ཚིག་གི་ནི་བདུད་རྩི་བཞིན། །སྤོས་ནི་དབབ་པའི་དོན་དུའོ། །ཧཱུྃ་གི་སྔགས་ནི་གཅིག་པུ་དང་། །ཨ་ར་ལ་དང་ལྷན་ཅིག་ཏུ། །ཁྲོ་བོ་ཡི་ནི་རྒྱལ་བ་བསྐུལ། །དེ་ ཡི་མཚན་ཉིད་རྒྱུད་ན་གསལ། །དབབ་པ་པདྨའི་སྟེང་ལ་ནི། །སྤྱི་བོ་སྙིང་ག་སྤྱི་གཙུག་དང་། །ལྟེ་བ་མགྲིན་པ་གསང་བ་རུ། །རྒྱལ་བ་རིགས་ཀྱི་སར་སོན་པ། །རྡོ་རྗེ་གསུམ་གྱིས་བསྲུབ་བ་བྱ། །དེ་ནས་རིགས་ནི་དག་བྱའི་ཕྱིར། །ཨོཾ་སརྦ་ཞེས་བྱ་བ་ཡི། །དཔལ་ཀྱི་སྔགས་ཀྱིས་མངོན་བསྔགས་ཏེ། ། ལག་པའི་པདྨ་སྦྱར་བྱས་ལ། །མེ་ཏོག་གཅིག་ནི་རབ་ཏུ་སྦྱིན། །དང་པོ་བསྐོར་བ་གསུམ་བྱས་ཏེ། །ལག་པའི་པདྨོ་སྦྱོར་བྱས་པའི། །མེ་ཏོག་དཀྱིལ་འཁོར་དུ་ནི་དོར། །གནས་གང་དུ་ནི་ལྷུང་བ་ནི། །དེ་ཡིས་རིགས་སོ་མི་བདག་ཀྱེ། །དབྱེ་བའི་སྔགས་ཀྱིས་མིག་ནི་དབྱེ། །དེ་ནས་རིགས་ཀྱི་ལྷ་ 14-1-164a དང་ནི། །གཙོ་བོ་ལ་སོགས་པ་ནི་བསྟན། །འཇུག་པ་བདུན་ནི་མིའི་བདག་པོ། །དེ་ནས་དབང་བསྐུ་ར་བྱ་བ་ནི། །སློབ་མ་ཤར་གྱི་ས་རུ་ནི། །ཆོ་ག་བཞིན་དུ་ལྷར་བསྐྱེད་ནས། །རིགས་ནི་དག་པར་བྱས་ནས་ནི། །དེ་ནས་བྱང་གི་སྒོ་རུ་ནི། །རྒྱལ་པོ་ཀླུ་དང་བཞི་ཡིས་ཏེ། །རྒྱལ་དང་ རྣམ་རྒྱལ་བུམ་པ་དང་། །ལྷ་མོ་རྣམས་ཀྱིས་བཀྲུས་པ་ནི། །སྒྲོལ་མ་ལ་སོགས་པ་རུ་འགྱུར། །ཅོད་པན་སངས་རྒྱས་རབ་དབྱེ་བས། །བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་ལྟར་སྐུ་ནི་དག་བྱས་ལ། ལྷོ་རུ་གསུང་ནི་དག་པར་བྱ། །དར་དཔྱངས་ནུས་པ་རྣམས་ཡིན་ནོ། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག ། དེ་ནས་ཤར་དུ་བརྟུལ་ཞུགས་ནི། །དབང་པོ་རྣམས་ལ་སྦྱར་བའོ། །མིང་ནི་ཁྲོ་བོ་བྱམས་སོགས་དག །དེར་ནི་ནུབ་ཀྱི་སྒོ་རུ་ནི། །རྒྱལ་བའི་བདག་པོས་ངེས་པར་ནི། །སྔགས་དང་བཅས་པའི་གནང་བ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་སྦྱིན་ཏེ། །རབ་མཆོག་གི་ནི་སྙིང་རྗེ་ཡིས། དག་པའི་ཆོས་ནི་བསྟན་པར་ བྱ། །རིགས་གཙོ་རིགས་ཀྱི་ངེས་པར་ནི། །སྲོག་བཅད་པ་ནི་བྱ་བ་ཡིན། །རལ་གྲི་མི་བདེན་བར་སྨྲ་བའི། །རིན་པོ་ཆེ་ཡིས་གཞན་ནོར་དབྲོག །པདྨས་གཞན་གྱི་བུད་མེད་དབྲོག །ཆང་དང་མར་མེ་སངས་རྒྱས་དང་། །ཡུལ་ནི་དུ་མ་མ་ལུས་དང་། །འཁོར་ལོ་ཡིས་ནི་བསྟེན་པར་བྱ། །གྲི་གུག་ གཡུང་སོགས་བུད་མེད་ཀྱི། །མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ནོར་བཅས་ལུས་ནི་སྦྱིན་པར་བྱའོ། །ཁྱོད་ཀྱིས་ཞེན་པར་མི་བྱའོ། །བསྐལ་པ་དཔག་མེད་རྒྱལ་བས་གསུངས། །སངས་རྒྱས་ཉིད་དེ་གཞན་དུ་མིན། །མིན་པར་འགྱུར་རོ་རིགས་ཀྱི་བུ། །ཆུ་ནི་སྒྲོལ་ མ་སོགས་ལྷ་མོ། །ཅོད་པན་འདིར་ནི་རྒྱལ་བ་རྣམས། །དར་དཔྱངས་ནུས་པ་རྣམས་ཡིན་ནོ། །རྡོ་རྗེ་ནོར་བུ་ཉི་མ་ཟླ། །བརྟུལ་ཞུགས་ཡུལ་ནི་དག་པར་འདོད། །མིང་ནི་བྱམས་པ་སོགས་ལ་སྦྱོར། །གནང་བ་རྫོགས་པའི་བྱང་ཆུབ་ཐོབ། །སྲིད་པ་ཡི་ནི་འཇིགས་པ་སེལ། །དུས་ཀྱི་འཁོར་ལོ་རྗེས་ཤེས་ པའོ། །འདི་དག་དབང་ནི་བདུན་ཡིན་ནོ། །ཉོན་མོངས་དྲི་མ་སེལ་བར་བྱེད། །དཀྱིལ་འཁོར་དུ་ནི་རབ་སྦྱིན་བྱ། །དབང་བདུན་བསྐུར་བས་ས་བདུན་གྱི། །དབང་ཕྱུག་ཏུ་ནི་གྲོལ་བར་འགྱུར། །བུམ་པ་གསང་བའི་དབང་བསྐུར་བས། །ཡང་ནི་ཕྱིར་མི་ལྡོག་པ་སོགས། །ངེས་པ་ཁོ་ནར་འཇུག་པར་བྱ། ། 14-1-164b ཤེས་རབ་ཡེ་ཤེས་ཀྱིས་སྲིད་པའི། །འཇིགས་སེལ་འཇམ་དཔལ་དབྱངས་སུ་འགྱུར། །རྩ་བའི་ལྟུང་བས་དམྱལ་བར་བསྲེག །ལྟུང་བ་དག་པས་དབང་བདུན་ལ། །གནས་པ་ཡོན་ཏན་གྱིས་སྦྱང་བྱ། །བུམ་པ་གསང་གནས་བརྒྱ་ལ་ནི། །བརྟུལ་ཞུགས་པ་ཡི་དབང་གིས་ཏེ། །རྩ་ལྟུང་བྱས་ནས་ སླར་ཡང་ནི། །དག་ཕྱིར་དཀྱིལ་འཁོར་འཇུག་པར་བྱ། །གནང་ཐོབ་ཚོགས་ནང་འཇུག་པ་ན། །སླར་ཡང་རྒན་ནས་གཞོན་སྤང་ངོ་། །དེ་ནས་སྔགས་ཀྱི་དབང་བསྐུར་སྦྱིན། །དབང་བདུན་གྱི་ནི་ཆོ་གའོ། །ད་ནི་བུམ་པའི་དབང་བསྐུར་བ། །བདག་ནི་བདེ་གཤེགས་ཀུན་གྱི་ལམ། །དཔལ་ལྡན་བླ་ མ་ཁྱེད་ཀྱི་ནི། །བཀའ་དྲིན་གྱིས་ནི་བདག་འཚལ་ལོ། །བླ་མ་ཁྱེད་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མ་གཏོགས་པར། །སློབ་དཔོན་གཞན་ནི་མཉེས་མི་བགྱི། །དེ་ལྟར་གསོལ་བ་བཏབ་ནས་ནི། །དཀྱིལ་འཁོར་བྱི་རུ་མཎྜལ་བྱ། །རེ་ཁཱ་ལྔ་ཡིས་སྤྲས་པ་ཡི། དབུས་སུ་པདྨ་འདབ་ བརྒྱད་བྱ། །དེ་རུ་སློབ་མ་བཞག་ནས་ནི། །བརྒྱད་དང་དེ་བཞིན་བཞི་ཡིས་ནི། །བུམ་པ་ནོར་བུ་གསེར་གྱི་འམ། །ས་ལས་བྱུང་བ་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པ་ཡི། །རྒྱལ་དང་རྣམ་རྒྱལ་བུམ་པ་ཡིས། །ཤིང་སྟེགས་དབུས་སུ་བཀྲུ་བར་བྱ། །ཀླུ་ཡི་དཔལ་གྱི་ཅོད་པན་བཅིངས། ། ནོར་གྱི་དཔལ་གྱི་འདབ་མ་ལ། །བཞི་ཡིས་བཀྲུ་དང་དར་གྱིས་བཅིངས། །ཕྱག་རྒྱ་དཔལ་བུམ་གཅིག་གིས་ཏེ། །འདིར་ནི་པདྨ་དང་བྲལ་ཞིང་། །རི་མོ་ལྔ་ནི་ནམ་པར་སྤངས། །དང་པོ་ཆུ་ལ་སོགས་པ་ཡིས། །དགེ་བསྙེན་དུ་ནི་འགྱུར་བ་ཡིན། །བུམ་པ་ཡིས་ནི་དགེ་ཚུལ་འགྱུར། །གསང་དབང་དགེ་ སློང་དུ་འགྱུར་ཏེ། །གནས་བརྟན་འགྱུར་བ་གོང་མའི་རྒྱུ། །དེ་ནས་རྡོར་གསུམ་ཕྱག་རྒྱ་སྦྱིན། །ཁྱབ་འཇུག་ཐུགས་སུ་བྱ་བའི་ཕྱིར། །ཕྱག་རྒྱ་དྲུག་ལྔ་ཅོད་པན་སྦྱིན། །ཚངས་པའི་སྐུ་ཕྱིར་མཆོད་ཕྱིར་ཐོགས། །དབང་ཕྱུག་གསུང་དུ་བྱ་བའི་ཕྱིར། །རང་གི་རྒྱལ་པོའི་རིགས་དབང་གིས། དེར་ནི་ཕྱག་ རྒྱ་སྦྱིན་པར་བྱ། །དེ་ལྟར་སྐུ་གསུང་ཐུགས་དབང་དང་། །ལུང་བསྟན་དང་ནི་དབུགས་དབྱུང་དང་། །མིག་ཐུར་ཉོན་མོངས་སྤང་བ་དང་། །མེ་ལོང་ཡེ་ཤེས་དབང་དང་ནི། ཆོས་དང་ཕྲིན་ལས་གནང་བ་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །དམ་ཚིག་རྣམས་ནི་བསྒྲག་པར་བྱ། །དེ་ལྟར་དབང་བསྐུར་ 14-1-165a ཟིན་ནས་ནི། །རབ་ཏུ་གནས་པ་ཙམ་དུ་བྱ། །སྟེང་དུ་བླ་རེ་བྲེས་ནས་ནི། །ས་ཡི་སྟེང་གི་གནས་དག་ཏུ། །ཀུན་ནས་མིང་ཡིག་གསུམ་བྲིའོ། །དེ་རྣམས་མཚམས་སུ་གཞག་པར་བྱའོ། །ནོར་བུ་གསེར་གྱི་བུམ་པ་རྣམས། །ཆུ་བཅས་གང་བ་པདྨའི་ཁར། །གསེར་གྱི་སྣོད་དང་ དངུལ་ལ་སོགས། །ཡང་ན་དངུལ་ལས་བྱུང་བ་ལ། །དྲི་ཡི་ཆུ་ནི་གཞག་པར་བྱ། །ནང་དུ་གསེར་ལས་བྱུང་བའི་སྟེགས། །ངེས་པ་ཁོ་ནར་གཞག་པར་བྱ། །དེ་རུ་ཁྲུས་ནི་བརྩམ་པར་བྱ། །མེ་ཏོག་ལ་སོགས་དྲིས་བདུགས་ལ། །ཉི་མ་མེ་ལ་བསྲོས་པ་ཡིས། །ལྷ་རྣམས་ལ་ནི་བྱུག་པར་བྱ། ། ཕྱེ་མ་རྣམས་ཀྱིས་མཉེས་ནས་ནི། །སྦྲང་རྩི་ཞོ་དང་མར་རྣམས་དང་། །འོ་མའི་ཆུ་ཡིས་བཀྲུ་བར་བྱ། །གྲུབ་པའི་དོན་དུ་མར་མེ་དང་། །འབྲས་བུ་སྣ་ཚོགས་མཆོག་གིས་བྱ། །འདི་རུ་བྱས་པ་ཟིན་ནས་ནི། །གནས་དེ་ནས་ནི་བསྐྱོད་པར་བྱ། །དེ་ནི་གནས་ནས་བསྐྱོད་བྱས་ནས། །སྐུ་ལ་ན་བཟའ་དམར་ པོས་ནི། །ཡང་དག་པར་ནི་དགབ་པར་བྱ། །དཔལ་གྱི་དཀྱིལ་འཁོར་མཐའ་རུ་ནི། །ས་མཉམ་གནས་སུ་རྒྱལ་བ་ཡི། རི་མོ་ལྔ་ནི་བྲིས་ནས་སུ། །དབུས་སུ་པདྨ་འདབ་མ་བརྒྱད། །རང་གི་རིགས་ཀྱི་ཕྱོགས་སོང་བ། །མཚན་མ་ལྔ་ཡིས་བརྒྱན་པ་ཡི། དེ་ཡི་དབུས་སུ་གཞག་པར་བྱ། །ལྷ་ དང་ལྷ་མོའི་སྐུ་གཟུགས་ཀྱི། །ཞལ་ནི་པདྨ་ལོགས་སུ་བྱ། །མཆོད་རྟེན་ལ་སོགས་གླེགས་བམ་དང་། །དེ་བཞིན་དུ་ནི་བྲིས་སྐུ་ལ། །དེ་ལ་སྔགས་པ་ཁ་ཕྱོགས་བྱ། །རྒྱལ་བ་མཆོག་དང་ལྷན་ཅིག་ཏུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །སྟོང་པའི་རང་བཞིན་དུ་ཞེས་བྱ། །ཕྱི་ནས་སྔོན་གསུངས་རྣལ་ འབྱོར་ལ། །ཟླ་བ་ཉི་མ་མེ་སྐྱེས་ལ། །དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། རིག་མ་ལྷ་མོ་རྫོགས་སངས་རྒྱས། །ཨཱ་ལི་ཀཱ་ལི་རིགས་སྐྱེས་ཤིང་། །རང་རང་ས་བོན་ལས་སྐྱེས་རྣམས། །སྙིང་ག་མགྲིན་པ་ལྟེ་བ་དང་། །སྤྱི་བོ་སྤྱི་གཙུག་འཁོར་ལོ་རུ། །རིགས་ཀྱི་དབང་གིས་བསྒོམ་པར་བྱ། །དེ་བཞིན་ དུ་ནི་བསྒོམ་བྱ་བ། །སླར་ལ་ཡང་ནི་ལྷ་རྣམས་ནི། །མ་ལུས་པ་ཡི་རང་ལུས་ལ། །ཡེ་ཤེས་སེམས་དཔའ་བཀུག་ནས་ནི། །གཉི་ག་མཉམ་པར་བྱ་བའོ། །ཁྲོ་བོའི་རྒྱལ་པོ་རང་ལུས་ལ། །གཞུག་དང་བཅིང་དང་མཉེས་པ་དང་། །རོ་མཉམ་བྱ་ཕྱིར་ལྷ་རྣམས་བསྟིམ། །དེ་ནས་སློབ་དཔོན་ཉིད་ 14-1-165b ཀྱིས་ནི། །ལྷ་རྣམས་ཞལ་བསིལ་ཕྱག་ནི་བྱ། །ལྷ་དང་ལྷ་མོ་རྣམས་ཀྱིས་ནི། །ས་བོན་ཨ་སོགས་ཀ་སོགས་དང་། །རང་རིག་ཡོན་ཏན་གྱིས་སོང་བ། །སྙིང་གི་དབུས་སུ་ས་བོན་ཏེ། །ཟླ་བ་ཉི་མ་སྦྱངས་པ་ཡི། །སྐུ་དང་གསུང་དང་ཐུགས་སུ་ལྡན། །སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་། །ལུས་ ནི་མ་ལུས་པར་སོན་པའི། །མཁའ་བརྒྱད་གསལ་བྱེད་རྣམས་ནི་འགོད། །དེ་ཉིད་དབྱངས་ཀྱིས་ཕྱེ་བ་ནི། །གླེགས་བམ་རྣམས་ཀྱི་ཡི་གེ་དང་། །འདབ་མ་ལ་ནི་རྣམ་པར་དགོད། །མཆོད་རྟེན་ནང་དུ་དཔལ་འཁོར་ལོ། མེ་དང་ནོར་བུ་པདྨ་ཡི། །དབུས་སུ་རལ་གྲིའི་རི་མོའོ། །ཧཱུྃ་ལས་གྱུར་པའི་བགྲང་ ཕྲེང་ནི། །རི་ལུ་ཡོངས་སུ་བགྲང་བ་ནི། །གསལ་བྱེད་རྣམས་ཀྱི་མཚན་ཉིད་དོ། །དྲིལ་བུའི་ལུས་ལ་དབྱངས་རྣམས་ཏེ། །བཅུ་ཡི་སུམ་འགྱུར་བྱས་པ་ཡི། །ཀ་སོགས་སྡེ་ཚན་རྡོ་རྗེ་མ། །མཆོད་ཕྱིར་ཐོགས་ལ་སོགས་པ་དང་། །གོང་མ་བཅུ་ཡིས་བགྲངས་པ་ཡི། གསལ་བྱེད་རྣམས་ནི་སྒྲོལ་ བྱེད་ལ། །ཀ་སོགས་སྡེ་ཚན་གུག་སྐྱེད་བཅས། །ནམ་མཁར་རོ་དང་ཡོན་ཏན་རྣམས། །རྣལ་འབྱོར་རང་ལ་བསྒོམ་པར་བྱ། །ཧ་ཧཱ་དཔལ་གྱི་རྣ་ཆ་ལ། །ཝ་ནི་ཟུང་གཅིག་མགུལ་དོ་དང་། །སྐེ་རགས་དག་ལ་དགོད་པའོ། །དེ་བཞིན་ཡི་གེ་ཡ་ནི་ཟུང་། །གདུ་བུ་དག་ལ་དགོད་པར་བྱ། །གཡེར་ཁ་ རྣམས་ལ་ཧ་ཧཱ་གཉིས། །རྣམ་པ་ལྔ་ཡི་སྟོང་པ་ནི། །ལུས་ནི་མ་ལུས་པར་ཁྱབ་པའི། །ཐལ་བ་ཡང་ནི་བསྒོམ་པར་བྱ། །རང་ལུས་ཡེ་ཤེས་རྣམ་པའོ། །རིགས་གསུམ་གཙོ་པོ་ལྷན་ཅིག་པའོ། །ཕུང་པོ་ཁམས་སོགས་ཀུན་ལ་སོགས། །རང་གི་སྙིང་གི་པདྨ་ནི། །ས་བོན་སོ་སོའི་རིམ་པ་ཡིས། ། ལྷ་རྣམས་དགོད་པར་བྱ་བ་ནི། །མཆོད་རྟེན་ལྡེར་སོ་ལ་སོགས་ལ། །ས་བོན་བཀོད་པས་རབ་གནས་འགྱུར། །རང་གི་ལུས་ལ་ས་བོན་དབབ། །ལག་པ་ལ་ནི་རིགས་ཀྱི་གཙོ། །སྡུད་པ་ཡི་ནི་དུས་སུ་མིན། །རི་མོར་བྲིས་པའི་བྲིས་སྐུ་རྣམས། །འདི་རུ་མེ་ལོང་ལ་ནི་ཁྲུས། བྱས་ནས་དྲི་དང་སྤོས་དང་ནི། ། དྲི་ཞིམ་མེ་ཏོག་གིས་མཆོད་བྱ། །གླུ་དང་གར་དང་རོལ་མོ་དང་། །གོས་ཀྱི་མཆོག་ནི་སྣ་ཚོགས་པ། །རྔ་ཡབ་གདུགས་རྣམས་ཀྱིས་ནི་མཆོད། །དེ་ལྟར་རབ་གནས་བྱས་ནས་ནི། །དྲི་ཡི་མཆོག་ནི་སྣ་ཚོགས་པས། །དགེ་འདུན་ལ་ནི་སྟོན་མོ་བྱ། །ཁྲོན་པ་རྫིང་དང་མཚེའུ་དང་། །ཕྱོགས་བཞི་ 14-1-166a མཚམས་ནི་བཞི་པོ་རུ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དགོད། །མཚོན་བདུན་རང་གི་ས་བོན་ནི། སྦྲང་རྩི་ཆུ་དང་ལྡན་པ་ཡི། །བ་ཡི་ལྔ་ནི་གཞུག་པར་བྱ། །སྦྱིན་སྲེག་མཐར་ནི་རྫིང་སོགས་སུ། ཆུ་ལྷ་དཀར་མོ་ཕྱག་ན་ནི། །ཞགས་པ་བསྣམས་པ་བསྒོམ་པར་བྱ། །སྐྱེད་མོས་ ཚལ་དང་དཔག་བསམ་ཤིང་། །ཡང་ན་ཀུན་དུ་བསྐྱེད་པའི་ཤིང་། །ཤིང་གཅིག་པ་ལ་གཏོར་བར་བྱ། །དེ་ནས་རབ་གནས་ཟིན་པ་དང་། །དམ་པ་ཡི་ནི་མན་ངག་གིས། །རྫོགས་པའི་དབང་རྣམས་རིམ་བཞིན་སྦྱིན། །ཅི་འབྱོར་པ་ཡི་ཚོགས་འཁོར་དང་། །དཔའ་བོ་ཡི་ནི་སྟོན་མོ་བྱ། །སྲིད་པ་རྣམ་པ་ གསུམ་སོང་བའི། །འཇིག་རྟེན་གསུམ་གྱི་སེམས་ཅན་ཡང་། །ཡེ་ཤེས་ལྕགས་ཀྱུས་བཀུག་ནས་ནི། །སྙིང་རྗེས་དཀྱིལ་འཁོར་དུ་དབང་བསྐུར། །སངས་རྒྱས་བདུད་རྩིའི་རྡོ་རྗེ་ཡིས། །ལུས་ནི་ཟླ་བ་ལྟ་བུར་འགྱུར། །རྡོ་རྗེ་ཅན་གྱི་ལམ་རྙེད་ནས། །རང་གི་གནས་སུ་གཏང་བར་བྱ། །ཉོན་མོངས་པ་དང་ བྲལ་བ་ལས། བྱང་ཆུབ་སྤྱོད་པ་རྗེས་སུ་གཞོལ། །དེ་ནས་དཀྱིལ་འཁོར་མདུན་དུ་ནི། །སློབ་མས་ཡོན་གྱི་ཚོགས་རྣམས་དབུལ། །ལུས་ཀྱི་ནང་གི་དྲུག་ཆ་ནི། །ལག་པ་རྐང་པ་དག་དང་ལུས། །ཡན་ལག་མཆོག་ནི་སྦྱིན་པ་དག །སློབ་དཔོན་ལ་ནི་རབ་ཕུལ་ན། །བདེ་བའི་གོ་འཕང་ཐོབ་པར་འགྱུར། ཕྱག་རྒྱ་བཟང་མོས་རྗེས་སུ་དབྱེ། །ལས་ཀྱི་དབང་པོ་རྣམས་ལས་ཚིག །དབང་པོ་རྣམས་ཀྱི་ནང་ནས་ཡིད། །ཡོན་དང་བཅས་པ་དབུལ་བར་བྱ། །ཁམས་ཀྱི་ནང་ནས་ཆ་དྲུག་པ། །རྐང་པ་གཉིས་དང་ཕྱུགས་ཀྱི་ཚོགས། །དེ་ཁོ་ན་ཡི་ཆ་གཞན་ནི། །ཅོད་པན་དར་དང་དོ་ཤལ་དང་། །གདུ་བུ་ཡང་ནི་དེ་བཞིན་ ཏེ། །རྣ་ཆ་ཀ་བོ་ཆེ་ལ་སོགས། །སློབ་དཔོན་ལ་ནི་རབ་ཕུལ་ཞིང་། །རང་གི་ནུས་པས་ཡོན་རྣམས་ནི། །དབུལ་ལོ་མི་ཡི་བདག་པོ་ཀྱེ། །མ་ལུས་ཚོགས་ཀྱི་རིགས་ལ་ཡང་། །བསོད་ནམས་རྒྱུ་རུ་དབུལ་བ་ནི། །གཞན་གྱི་དོན་དུ་སྨོན་ལམ་གདབ། །བསོད་ནམས་འདི་ཡིས་སེམས་ཅན་རྣམས། །བཅོམ་ལྡན་ རྣམ་པ་གསུམ་གྱིས་ནི། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ནས་བཟོད་པར་གསོལ་བ་ནི། །རང་གི་སྙིང་གའི་པདྨ་རུ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །པདྨའི་བར་གྱི་རྡུལ་ཚོན་རྣམས། །ཆུ་བོ་གཙང་མར་བསྐྱུར་བར་བྱ། །དམ་པ་དང་པོའི་རྒྱུད་རྒྱལ་མཐོང་ནས་བདག་གིས་ནི། །རིམ་བཞིན་རྗེས་ 14-1-166b སུ་སྦྱར་གྱིས་རང་བཟོར་བྱས་པ་མིན། །སློབ་མ་དམ་པས་གསོལ་བཏབ་ངོར་བྱས་ཀྱི། །ང་རྒྱལ་ལ་སོགས་གྲགས་པའི་དབང་གིས་མིན། །བདག་གིས་ཆོ་ག་འདི་བྱས་པས། །བློ་དང་ལྡན་པས་རྟོགས་པ་དང་། །བྱེད་པོ་དགེ་བ་སྤེལ་བ་དང་། །བསྟན་བཅོས་རྙེད་དང་ལྡན་པར་ཤོག །དཔལ་ཡིད་དུ་འོང་བའི་ ཕྲེང་བ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །དུས་ཀྱི་ཞབས་ཆེན་པོ་དམ་པའི་སྣང་བ་དང་ལྡན་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བ་ནི་ཤྲཱི་དང་། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ས་ཧ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་འཇིགས་འཇིག་རྟེན་འཇིགས་སྐྱོབས་པ། །བུད་མེད་སྦྱོར་ལ་ཚངས་པར་སྤྱོད། །ཐུགས་རྗེ་ཤེས་རབ་དབྱེར་མེད་ པ། །ཕྱག་འཚལ་དེ་བསྒྲུབ་མདོ་ཙམ་བྲི། །རབ་ཏུ་བསྔགས་པའི་ས་ཡི་ཆ། །སྔགས་པ་རབ་ཏུ་ཡིད་དགེ་བས། །མཎྜལ་ལ་སོགས་པ་བྱས་ལ། །གཏོར་མ་སྦྱིན་པ་སྔོན་འགྲོ་བས། །བགེགས་བསྐྲད་པར་བྱའོ། །དེ་ནས་བྷྲཱུྃ་ལས་རྡོ་རྗེའི་ཁང་པ་བརྩེགས་པ་བསམས་ལ། དབུས་སུ་འདམ་སྐྱེས་དང་། ཉི་མ་ལ། ཧཱུྃ་རབ་ཏུ་དཀར་བ་ལས་འོད་འཕྲོས་ཏེ། སངས་རྒྱས་ལ་སོགས་པ་བཀུག་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །སྟོང་པ་རླུང་དང་མེ་དང་ཆུ། ས་དང་རྒྱ་མཚོ་རོ་པདྨ། །ཟླ་བ་ཉི་མ་མེ་དཀྱིལ་དུ། རིན་ཆེན་ཁང་བརྩེགས་འོད་འཕྲོ་བསྒོམ། །ཟླ་བ་ཉི་མ་མ་སྟེང་དུ། །དྲག་པོ་ འདོད་ལྷའི་གདན་བཞུགས་པ། །རྡོ་རྗེ་དང་ནི་དྲིལ་འཛིན་འཁྱུད། །གངས་རི་ལྟར་དཀར་བཙུན་མོར་བཅས། །ཕ་རོལ་ཕྱིན་དྲུག་དག་པའི་རྒྱན། །ཡོན་ཏན་ཐམས་ཅད་ཚད་མེད་པས། །ཚད་མེད་དག་པའི་ཆོས་ལྡན་པ། །སངས་རྒྱས་སྐུ་ལྔའི་བདག་ཉིད་དོ། །ལྟེ་བར་སངས་རྒྱས་ཡུམ་བཅས་བསྲེགས། ། སྤྱི་པོར་ཟླ་བ་བཟང་རྒྱུན་འཛག །ཆོས་འབྱུང་གཉིས་འདུས་རྡོ་རྗེ་ཅན། །སྲིད་གསུམ་ཡང་དག་བསྒོམ་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་ལས། །ཤེས་རབ་པདྨར་སེམས་ཐིག་ལེ། །ལྷན་ཅིག་སྐྱེས་པ་དེ་དབང་གིས། །མི་ཤིགས་འོད་གསལ་བསྒོ་བར་འགྱུར། །བསྙེན་པ་བདུད་རྩི་ལྔ་ལ་སོགས། །རིགས་ 14-1-167a ཀྱི་གཙོ་བོ་བཞི་དག་ནི། །སྔགས་ཀྱིས་བཟླས་པ་ལ་སོགས་པ། །སོ་སོར་སྡུད་པ་ལ་སོགས་འགྱུར། །རྡོ་རྗེ་པདྨ་ལས་སྐྱེས་པའི། །བདུད་རྩི་ཉེ་བར་སྒྲུབ་པའོ། །དགའ་བ་ལ་སོགས་རྡོ་རྗེ་གསུམ། །པདྨར་མཉམ་སོང་བསྒྲུབ་པར་འགྱུར། །ཤེས་རབ་སྦྱོར་ལ་མི་འཛག་གང་། སྒྲུབ་པ་ཆིན་པོ་ཉིད་འགྱུར་ཏེ། །ཕྲ་མོ་ཡི་ནི་སྦྱོར་བས་སོ། །དེ་བཞིན་གཞན་ནི་གཞན་དུ་འགྱུར། །མཆོག་ཏུ་གསང་བ་ཁྱབ་བདག་ལ། །རྩེ་གཅིག་མཉམ་པར་བཞག་པས་ནི། །ཐུན་མོང་ཐུན་མོང་མ་ཡིན་རྟགས། །སྨིག་རྒྱུ་ནམ་མཁའ་ལ་སོགས་མཐོང་། །ཨོཾ་ཀཱ་ལ་ཙཀྲ་ཨཱཿཧཱུྃ་ཧོཿསྭཱ་ཧཱ། ཨོཾ་ཧྲཾ་ཧྲཾ་ཧྲྀཾ་ཧྼཱུཾ་ཧྲཾ་ཧྲླྀཾ་ཧྲཿསྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རེ་ཨཱཿཧཱུྃ་སྭཱ་ཧཱ། ཏིང་ངེ་འཛིན་ལས་སྐྱོ་ན། མདོ་ལི་ལ་སོགས་པའི་རྣམ་པས་བཟླས་པ་བྱའོ། །ཉི་མ་དང་། ཟླ་བ་དང་། དུས་དང་། རོ་དང་། རྒྱ་མཚོ་དང་། མེ་དང་། ནམ་མཁའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །གཏོར་མ་ནི་མཚན་ཕྱེད་ན་སྦྱིན་པར་བྱ་སྟེ། །དུས་ དང་། རོའི་ཡི་གེས་བྱིན་གྱིས་བརླབས་ལ། རྒྱ་མཚོ་དང་། མིག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་སྦྱིན་པར་བྱའོ། །ཨོཾ་བྲཧྨ། བིཥྞུ་ནཻ་ཪྼི་ཏྱེ། བཱ་ཡུ། ཡ་མ། ཨགྣེ། ས་མུ་ཏྲེཾ། ཨཱི་ཤྭཱ་རེནྡྲ། ཡཀྵེ་བྷྱཿ། ས་པ་རི་ཝཱ་རེ་བྷྱཿ། ཨིདཾ་བ་ལི། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་བཾ། ཨཀྵ་ཏཾ་ད་དཱ་མ་ཧི། ཏེ་ཛ་ཨ་ཀ་ཏྱ། ས་པ་རི་ཝཱ་རེ། ཤྲཱི་གྷཱཾ་ཨི་དཾ་བ་ལི་གྲྀཧྞ་སཾ་ཏྲྀཔྟ། ཧཱུྃ་ཧཱུྃ་ཕཊ་བཛྲ་ངྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །ནོར་མཆོག་གཏོང་བ་སྦྱིན་པ་སྟེ། །ཡུམ་སྦྱོར་མི་འཛག་ཚུལ་ཁྲིམས་སོ། །སྒྲ་སོགས་མི་འཛུག་བཟོད་པ་སྟེ། །གཉིས་སྤོང་ལེ་ལོ་མེད་བརྩོན་འགྲུས། །ཀུན་ནས་མི་གཡེང་བསམ་གཏན་ མཆོག །བདེ་སྦྱོར་འོད་གསལ་ཤེས་རབ་ཡིན། །དེ་འབྲས་བསམ་མི་ཁྱབ་རྨད་བྱུང་། ཧེ་རུ་ཀ་དཔལ་བརྗོད་པའོ། །དེ་ལྟར་ཅུང་ཟད་དུས་འབྱུང་རྒྱུད། །སྙིང་པོ་སྦས་པ་འདི་ཕྱུང་བས། །སྒྲུབ་པོ་ཡང་དག་སྦྱོར་རྣམས་ལ། །ཡེ་ཤེས་མེ་ཆེན་འབར་བར་འགྱུར། །དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་ པའི་སྒྲུབ་ཐབས། སློབ་དཔོན་དུས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་རི་ཊི་ཏི་ས་ཧ་ཛ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ 14-1-167b ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཞེས་བྱ་བ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། རྣམ་པ་དང་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་དེས་རབ་ཏུ་འཁྱུད། །སྐྱེ་འཇིག་རྣམ་པར་སྤངས་པའི་མི་འགྱུར་བ་དེ་ལ་དགོད་པ་ལ་སོགས་རྣམས་དང་བྲལ་བ་ཡིས། །སངས་ རྒྱས་རྣམས་ནི་སྐྱེད་པར་མཛད་པའི་སྐུ་གསུམ་དང་བཅས་དུས་གསུམ་ཡང་དག་མཁྱེན་པ་པོ། །ཐམས་ཅད་མཁྱེན་པ་དང་པོའི་མཆོག་གི་སངས་རྒྱས་གཉིས་མེད་དེ་ལ་ཕྱག་འཚལ་ལོ། །དང་པོ་སྐད་ཅིག་གཅིག་གིས་སྟོང་པ་ལ་གནས་ཕྱི་ནས་དེ་བཞིན་སྐད་ཅིག་གིས་བསྐྱེད་པ། །སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་སྒྲ་ གཅན་རྣམས་ཀྱི་དཀྱིལ་འཁོར་ལ་གནས་དབང་ཕྱུག་དང་། །འདོད་ལྷ་དག་གི་སྙིང་གར་གཡས་བརྐྱང་ཤིན་ཏུ་སྔོ་བ་རྡོ་རྗེ་དྲིལ་བུ་དང་ལྡན་ཕྱག་གཉིས་ཀྱིས། །སྣ་ཚོགས་ཡུམ་གྱི་སྐུ་ལ་ཡང་དག་འཁྱུད་པའི་དཔལ་ལྡན་མངའ་བདག་དུས་འཁོར་ལོ། །སྤྲིན་ནག་ལྟ་བུའི་རལ་པའི་ཚོགས་ལ་ཏ་མ་ལ་མཚུངས་མི་ བསྐྱོད་པ་ལ་སོགས་པས་སྤྲས། །ཕྱག་རྒྱ་དྲུག་གིས་ཀྱང་ནི་རབ་སྤྲས་ཐོད་པ་དཀར་པོའི་ཕྲིང་བས་བཅིངས་པ་གང་། །མི་མགོའི་དོ་ཤལ་སྤྱན་གསུམ་གསེར་མཚུངས་སྐུ་མངའ་གྲི་གུག་པད་སྣོད་དང་ལྡན་ཕྱག་གཉིས་མ། །དཔལ་ལྡན་སྣ་ཚོགས་ཡུམ་དང་གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སོགས་བསྒོམ་ པར་བྱ། །དེ་ནས་ཁམས་གསུམ་རང་དང་མཚུངས་པར་ལྡན་པ་དེ་རྣམས་མ་ལུས་ལྷ་མོའི་སྐུ་ལ་བཞུགས། །དེ་ཡང་རང་ལ་རང་ལུས་གདན་དང་བཅས་པ་ཉི་མ་ལ་སྟེ་ཉི་མ་ཧཱུྃ་ལའོ། །ཨཱུ་ནི་ཧ་ལ་དེ་ཡང་མགོ་པོ་ལ་སྟེ་དེ་ཉིད་ཟླ་བ་ཕྱེད་པ་ཉིད་ལའོ། །ཟླ་ཕྱེད་ཐིག་ལེ་དེ་ཉིད་ནཱ་ད་དེ་བཞིན་ནམ་མཁའ་ཁ་རླངས་ མེ་ལོང་ལ་ཕོག་མཚུངས། །དེ་ལྟར་འོད་གསལ་ཞུགས་ནས་སླར་ཡང་སྔ་མ་དང་མཚུངས་གཟུགས་སུ་དྲན་པར་བྱས་པ་དང་། །སྤྲུལ་པ་སྣ་ཚོགས་ཁམས་གསུམ་རྣམས་སུ་ནམ་མཁའ་ཁྱབ་པར་སྐད་ཅིག་གིས་ནི་སྤྲོ་བར་བྱ། །དེ་ལྟར་ཡང་ནི་དེ་བཞིན་བསྡུ་ཞིང་ཡང་ནི་དེ་ལྟར་བསྐྱེད་ཅིང་སྤྲོ་བ་དེ་བཞིན་དུ། ། མཉམ་པར་གཞག་པའི་ཟུང་འཇུག་ལམ་དང་འདི་ཡིས་ནི། །སངས་རྒྱས་ཞབས་ལ་ཡང་དག་འགྲོ་བར་འགྱུར། །དཔལ་ལྡན་དུས་འཁོར་སྒྲུབ་པའི་ཐབས། །གང་བྱས་པ་ཡི་བསོད་ནམས་འདིས། །འཇིག་རྟེན་པ་རྣམས་ལྷན་སྐྱེས་ཀྱང་། །གཉིས་མེད་རང་བཞིན་ཞབས་ཐོབས་ཤོག །དཔལ་ 14-1-168a དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་བཱ་གཱི་ཤྭཱ་ར་དང་། ལོ་བ་ཆོས་རབ་ཀྱིས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་སཱ་དྷ་ན་ཡོ་ག་པ་དཱི་པཱ་ཧྭ་ ཡཾ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣལ་འབྱོར་རབ་གསལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་བྱམས་པས་འཇིག་རྟེན་ལ་གཟིགས་པ། །དཀྱིལ་འཁོར་གསུམ་གྱི་གལ་བ་སྣ་ཚོགས་འདི། །དེ་ནི་དཔལ་ལྡན་དུས་འཁོར་ཏིང་འཛིན་རྒྱལ། །རྡོ་རྗེ་འཛིན་ པས་ཁྱེད་ལ་ཕུན་ཚོགས་མཛོད། །བྱང་ཆུབ་སེམས་དཔས་མཛད་པའི་རྒྱས་འགྲེལ་སོགས། །མེད་པར་མཁས་པས་རྒྱུད་མང་རྟོགས་པ་མིན། །དང་པོའི་སངས་རྒྱས་ཐོས་ནས་རྫོགས་བྱང་ཆུབ། །ལེགས་གྲུབ་གཉེར་རྙེད་ཕྱིར་ན་བདེ་ཐོབ་འགྱུར། །དེ་ཡི་སྒྲུབ་ཐབས་རྗེས་དྲན་བྱ་བ་ལ། །བདག་ ནི་མཁས་མིན་སྡེབ་སྦྱོར་མཆོག་ཡོད་མིན། །དེ་ལྟ་ན་ཡང་རང་ཉིད་དྲན་ཆེད་དུ། །བདག་གིས་བགྱིད་དེ་མཁས་རྣམས་བཟོད་པར་མཛོད། །རླུང་མེ་ཆུ་ས་ལྷུན་པོ་དང་། །སྣ་ཚོགས་ཆུ་སྐྱེས་དཀྱིལ་པདྨར། །ཟླ་ཉི་སྒྲ་གཅན་བདུད་དབང་ཕྱུག །རོལ་པར་གཡས་བརྐྱང་ཞབས་གཞོལ་ཞིང་། ། སྣ་ཚོགས་ཡུམ་ལ་སྙོམས་འཇུག་པ། །གཅིག་ཏུ་རང་གཞན་དོན་ཕུན་ཚོགས། །སྐུ་བཞིའི་བདག་ཉིད་ཞི་བ་ནི། །གཉིས་སུ་མེད་ཅིང་རྟོག་པ་སྤངས། །འགྱུར་མེད་བདེ་བ་ཆེན་པོ་གང་། །སྟོང་པ་ཉིད་དང་སྙིང་རྗེའི་བདག །དེ་དྲན་ཆོས་དང་རྗེས་མཐུན་པས། །སྒྲུབ་ཐབས་ཀུན་དུ་འདྲིས་པར་ བྱ། །སྲིད་པའི་སྐྱེ་བར་ཀུན་རྨོངས་ལས་སྐྱེས་པའི། །མངལ་གྱི་སྡུག་བསྔལ་དག་ཀྱང་མཐའ་ཡས་ཤིང་། །བྱིས་པ་གཞོན་ནུ་ཉིད་དང་ལོང་ཚོ་དང་། །རྒན་པོ་ལ་ཡང་སྲིད་པར་བར་དུ་འཇིག །དེ་ལ་མི་ཡི་དངོས་པོ་རྙེད་དཀའ་སྟེ། །ཆོས་བཞིན་སྤྱོད་པ་ཤིན་དུ་རྙེད་པར་དཀའ། །སངས་རྒྱས་འབྱུང་ དང་ཐེག་པ་ཆེན་པོ་དང་། །དེ་ལ་གུས་པའང་ཤིན་ཏུ་རྙེད་པར་དཀའ། །བརྟན་རྣམས་མཐའ་དག་གསང་བའི་བསམ་གཏན་ལའང་། །གང་ཞིག་ཚེ་ན་རབ་ཏུ་འཇུག་པར་བྱེད། །དེ་ལས་སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཨེ་མའོ་འཇུག་པ་ཤིན་ཏུ་དཀའ་བ་ཉིད། །དེས་ན་བློ་ལྡན་རྣམས་ཀྱི་མགོ་དང་ 14-1-168b ནི། །གོས་ལ་མེ་ཤོར་བཟློག་པ་ལྟར་སྒྲུབ་བྱ། །སྙིང་རྗེ་ཆེ་ལྡན་རྣལ་འབྱོར་པ། །རྨོངས་དང་ང་རྒྱལ་ལ་སོགས་སྤང་། །ཆུ་སོགས་བདེན་དང་རྗེས་གནང་དང་། །བུམ་པ་གསང་བ་མཆོག་གསུམ་དང་། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །བླ་མ་དམ་པའི་རིམ་ཐོབ་པ། །གང་ན་ས་སྐྱོང་ཆོས་ ལྡན་ཞིང་། །སྐྱེ་དགུ་རྣམས་ཀྱང་བདེར་གནས་ལ། །གང་ན་ས་འཛིན་རྩོད་མེད་པ། །དེར་ནི་བསྒྲུབ་པ་བརྩམ་པར་བྱ། །སྐྱེད་ཚལ་རི་བོ་རྒྱལ་བ་བཞུགས། །གྲུབ་པའི་ལྷ་གནས་སྟོང་པ་དང་། །དུར་ཁྲོད་དང་ནི་ཆུ་འགྲམ་དང་། །གནས་གཙང་དང་ནི་ས་ཕུག་དང་། །གང་དུ་སེམས་ནི་ཉམས་དགའ་བར། །ཅི་འབྱོར་ པས་ནི་མཆོད་པར་བྱ། །དང་པོར་རེ་ཞིག་རྣལ་འབྱོར་པས། །ཀུན་ནས་སྲུང་བའི་འཁོར་ལོ་བསམ། །བདེ་བའི་ལམ་ལ་སྟན་འདུག་ནས། །སྔོན་དུ་ཁྲོ་དབང་ང་རྒྱལ་བྱ། །སྙིང་གར་སྣ་ཚོགས་ཆུ་སྐྱེས་ཉི། །དབུས་སུ་ས་བོན་ཧཱུྃ་བསྒོམ་བྱ། །དེ་འོད་དཀྱིལ་གསལ་སྲུང་འཁོར་མཆོག །རྒྱ་ལ་རྒྱ་ མཚོ་གཙོར་བསྒོམས་ནས། །ཕྱག་འཚལ་སྔོན་དུ་འགྲོ་བ་ཡིས། །འཆད་པར་འགྱུར་བའི་རྣམ་བདུན་གྱི། །མཆོད་པ་བླ་ན་མེད་བྱས་ནས། །སྟོང་པ་ཉིད་ལ་དམིགས་པར་བྱ། །ལྷ་ཡི་སྐུར་ནི་བསྐྱེད་པ་དང་། །ལུས་སོགས་རྣམ་པར་སྦྱོང་བ་རྣམས། །རིམ་པ་ཇི་བཞིན་བརྗོད་བྱ་སྟེ། །དེ་རྣམས་སྔགས་ ཀྱང་གོ་རིམས་བཞིན། ཨོཾ་ཨཱཿཧཱུྃ་ཏོ་ཧཾ་ཀྵཿཔྲཛྙོ་པཱ་ཡཱ་ཏྨཱ་ཀ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ནཱ་དྷི་པ་ཏེ་མ་མ་ཀཱ་ཡ་ཝཱཀྩིཏྟ་བཛྲཾ་བཛྲཱ་མྲྀ་ཏ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྐནྡྷ་དྷྲ་ཏྭོ་ཡ་ཏ་ནཾ་ནི་སྭ་བྷཱ་བཾ་སྭཱ་ཧཱ། དེ་ནས་གཙུག་ཏོར་སྟེང་གི་ཆར། །ཟླ་བའི་དཀྱིལ་འཁོར་ཉ་གང་བ། །དེ་ནི་ཝཾ་ལས་བྱུང་བ་བསྒོམ། །གཙུག་ཏོར་ནས་ནི་རྐང་སེན་ མཐར། །སྦྲུལ་གྱི་ཤུན་པ་བཞིན་དུ་ནི། །ལན་གསུམ་དོར་བས་གཉུག་མའི་ལུས། །བདག་གི་ལུས་དེ་དེ་ནས་ནི། །དགེ་བའི་ལས་ལ་ཟླ་བར་བསམ། །དབང་སོགས་རྒྱས་པར་མ་བརྗོད་དོ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དཔྲལ་བ་མགྲིན་པ་ སྙིང་ག་དང་། །ལྟེ་བ་གཙུག་ཏོར་གསང་བ་ལ། །ཨོཾ་ཨཱཿཧཱུྃ་ཧོཿདེ་ནས་ནི། །ཧཾ་ཀྵཿཡི་གེ་རིམ་པས་སྦྱར། །འོད་དཔག་མེད་དང་རིན་ཆེན་དབང་། །དེ་ནས་དོན་ཡོད་རྣམ་སྣང་མཛད། །མི་བསྐྱོད་པ་དང་རྡོ་རྗེ་འཛིན། །སྐུ་མདོག་ཕྱག་མཚན་འཆད་འགྱུར་བཞིན། །ཨོཾ་ཧྲཿསརྦཱ་སྟྭ་རཱ་ཛ་མཱ་ར་ཀླེ་ཤཱནྟ་ཀ་ 14-1-169a ར་བཛྲ་ཏཱིཀྵྞ་དུཿཁཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱ་ཧཱ། སྔགས་འདི་ཡང་དག་བརྗོད་བྱས་ནས། །ལག་པ་ཕན་ཚུན་ཉེ་བར་བྱ། །ཨ་ཨི་ལ་སོགས་ཐུང་ངུ་ནི། །གཡོན་པའི་མཐེའུ་ཆུང་འོག་ཚིགས་ནས། །གཡས་པའི་མཐེ་བོང་སྟེང་ཚིགས་སོགས། །ལཱ་སོགས་རིང་པོ་ལྔ་པ་གསུམ། ། ཨ་ཨི་རྀ་ཨུ་ལེ། ཨེ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། ཞེས་པ་དང་། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱ་ལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱ་ཞེས་པའོ། །ལག་པ་ཁ་སྦྱར་དབུས་སུ་ནི། །ཧཱུྃ་གི་ཡི་གེ་མཆོག་ཏུ་སྔོ། །ཟླ་བ་ཉི་མ་སྒྲ་གཅན་གྱི། །ས་བོན་གྱིས་ནི་རྩེ་ལྔ་བཅིང་། །རྡོ་རྗེའི་ཕྱག་རྒྱ་དེ་ཡིས་ནི། །གཙུག་ཏོར་རྐང་སེན་ མཐར་ཐུག་རེག །ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿཀཱ་ཡ་ཝཱཀྩིཏྟ་ཛྙཱ་ནཱ་དྷི་པ་ཏེ་བཛྲ་ཀཱ་ཡ་མ་མ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཞེས་བྱའོ། །བློ་ལྡན་རིགས་དྲུག་རྣམས་བཀོད་ནས། །དེ་ནས་ཡན་ལག་དྲུག་དགོད་བྱ། ། ལག་གཉིས་ཁ་སྦྱར་བྱས་ནས་ནི། །མཐེ་བོང་ཟུང་དག་སྙིང་གར་དགོད། །བསྲུང་བའི་འཁོར་ལོ་ཉེར་བསྡུ་བ། །ལུགས་ལས་བཟློག་པའི་རིམ་པས་བརྗོད། །ཨོཾ་ཧླཱྀཾ་ཧྲྀ་ད་ཡཱ་ཡ་ན་མ། །ཨོཾ་ཧཱུྃ་ཤི་ར་སེ་སྭཱ་ཧཱ། ཨོཾ་ཧྲྼྀཾ་ཤིཾ་ཁཱ་ཡེེ་བོོ་ཥཊ། །ཨོཾ་ཧྲིཾ་ག་པ་ཙཱ་ཡ་ཧཱུྃ། ལག་གཉིས་དག་གིས་ལུས་ཀུན་ལ། །རེག་ཅིང་འདི་ནི་ཡང་དག་བརྗོད། །ཨོཾ་ཧྲཱཾ་ནེ་ཏྲཱ་ ཡ་བ་ཥཊ། །ཨོཾ་ཧྲཿཨསྟྲ་ཡ་ལཊ། མཛུབ་མོ་དང་ནི་མཐེ་བོང་གི། སེ་གོལ་ལག་པ་གཡོན་པས་བྱའོ། །མི་དགེ་བ་ལ་ལག་གཡས་ཀྱི། །ཕྱོགས་ཀུན་དུ་ཡང་མཚོན་ཆ་མཆོག །དེ་ཡི་འོག་ཏུ་བློ་བཟངས་ཀྱིས། །འདིར་ཡང་སྟོང་ཉིད་བསྒོམ་པར་བྱ། བརྟན་པར་བྱེད་པའི་སྔགས་རྣམས་ཀྱང་། །འཆད་པར་འགྱུར་ བ་ཉིད་བཞིན་ནོ། །རླུང་སོགས་དཀྱིལ་འཁོར་བསམས་ནས་ནི། །སྟེང་དུ་དེ་ཡོངས་གྱུར་པ་ལས། །རིང་དུ་མཐོང་བའི་མཚམས་ཀྱི་མཐའ། །དེར་ནི་ར་བ་གསུམ་པའོ། །ཡུལ་འཁོར་བསྲུང་ཕྱིར་ཡུལ་འཁོར་མཐར། །ར་བ་ལྔ་ཡང་དེ་བཞིན་ནོ། །ཀུན་གྱི་འོག་ཏུ་མདུང་དང་ནི། །སྟེང་དུ་མདའ་ཡི་དྲ་བའོ། །དབུས་ སུ་རྡོ་རྗེ་ས་གཞི་ནི། །ཡུལ་འཁོར་མཐར་ཡང་བསྒོམ་པར་བྱ། །ཐོ་རངས་གྲིབ་མའི་མཚམས་ཀྱི་མཐར། །ཁང་པ་བརྩེགས་པའོ་དེ་ནང་དུ། །སྣ་ཚོགས་པདྨ་འམ་འཁོར་ལོ་སྟེ། །དེ་དབུས་ཉི་མའི་དཀྱིལ་འཁོར་རོ། །ཨོཾ་ཧཱཾ་ཡཾ་རཱཾ་ཝཱཾ་ལཾ་བཛྲཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་ཨུ་ད་ཀ་པྲྀ་ཐྭཱི་བཛྲ་སྭ་བྷཱ་བ་པཉྩ་དྷཱ་ཏ་པོ་བཛྲ་མཎྜ་ལཱ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། 14-1-169b ཞེས་པ་འོག་ཏུ་དཀྱིལ་འཁོར་དགོད་པའི་སྔགས་སོ། །ཨོཾ་ཨཱཿཧུཾ་རཿབཛྲ་ཙནྡྲ་སཱུརྱ་རཱ་ཧུ་ཀཱ་ལཱགྣ་ཡཿཀཱ་ཡ་ཝཱཀྩིཏྟ་བཛྲ་པྲཱ་ཀཱ་རཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ར་བའི་སྔགས་སོ། །ཨོཾ་བི་ཤྭཱ་ཀཱ་ཡ་བཛྲ་བཛྲ་ཀཱུ་ཊཱ་གཱ་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ཁང་པ་བརྩེགས་པའི་སྔགས་སོ། །ཨོཾ་བི་ཤྭཱ་བཛྲ་པདྨ་ཀུ་རུ་ཀུ་རུ་ སྭཱ་ཧཱ། ཞེས་པ་པདྨའི་སྔགས་སོ། །ཨོཾ་རཿབཛྲ་སཱུརྱ་བཛྲ་སཱུརྱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ཉི་མའི་གདན་གྱི་སྔགས་སོ། །ཧཱུྃ་ཡིག་རྡོ་རྗེ་ལས་སྐྱེས་པའི། །རྡོ་རྗེ་ཤུགས་ནི་གཙོ་བོ་བཞིན། །དབུ་ནི་གཡས་འགྱིང་གླང་ལྤགས་གྱོན། །ཉི་ཤུ་རྩ་དྲུག་ཕྱག་ལྡན་པའི། །ཁྲོ་དབང་རྣལ་འབྱོར་པ་ཡིས་བསྒོམ། ། ཀླུ་བཅུ་ཡིས་ནི་རྒྱན་དུ་བྱས། །རལ་པ་དར་དཔྱངས་ཕྱག་གདུབ་དང་། །སྐེ་རགས་མགུལ་རྒྱན་རྐང་གདུབ་རིམ། །རྒྱལ་བ་རྣམ་རྒྱལ་ཞེས་བྱ་དང་། །སྟོབས་ཀྱི་རྒྱུ་དང་པདྨ་ཞེས། །གཉིས་རྣམས་དང་པོ་གཡོན་ཤེས་བྱ། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །མཐའ་ཡས་དེ་བཞིན་རིགས་ལྡན་དང་། །འཇོག་པོ་ པདྨ་ཆེ་དག་གོ། །མ་ལུས་བགེགས་ཀྱི་དཀྱིལ་འཁོར་རྣམས། །སྐུ་ལས་མེ་འོད་འཕྲོས་པས་བསྲེགས། མཐའ་ཡས་ཞིང་རྡུལ་གྲངས་འདས་པའི། །ཉི་མ་ལས་ལྷག་གཟི་འོད་ཅན། །བསམས་ནས་དེ་སྙིང་པད་ཉི་ལ། །ཧ་ཡ་ར་ཝ་ལ་རྣམས་བརྩེགས། །ཐུང་ངུ་རིང་པོས་རབ་ཕྱེ་བ། །དེ་རྣམས་བཅུ་ ནི་རྩིབས་བཅུར་སྤྲོ། །ཧ་ཡིག་ལས་སྐྱེས་གཙུག་ཏོར་ཅན། །རྩ་ཞལ་གྱི་ནི་སྙན་གཡོན་ལས། །ཕྱུང་སྟེ་ཁང་བརྩེགས་སྟེང་དབུས་སུ། །ཟླ་བའམ་ཉི་མར་སྣང་བར་བསྒོམ། །སྙན་གཡས་ནས་ཕྱུང་གནོད་མཛེས་ནི། །ཧཱ་སྐྱེས་རྡོ་རྗེ་ས་འོག་ཏུའོ། །བགེགས་མཐར་བྱེད་པ་ཡི་ལས་སྐྱེས། །ཤངས་བུག་ གཡོན་ནས་ཤར་དུའོ། །ཤངས་བུག་གཡས་ནས་མེ་མཚམས་སུ། །ཡཱི་ལས་བྱུང་བའི་དབྱུག་སྔོན་ཅན། །རྲཱྀ་སྐྱེས་ཤེས་རབ་མཐར་བྱེད་ནི། །གཡོན་པའི་སྤྱན་ལས་ལྷོ་རུ་སྤྲོ། །རྼྀ་ལས་བྱུང་བའི་འདོད་རྒྱལ་ནི། །གཡས་པའི་སྤྱན་ལས་བདེན་བྲལ་དུའོ། །འདིར་ནི་སྐྱེ་བའི་རིམ་ཉིད་ཀྱིས། །དང་པོར་གནོད་སྦྱིན་དབང་ ལྡན་མཆོག །ལྷག་མ་ཆུ་དང་རླུང་གི་ཕྱོགས། །རིམ་པ་ལས་ནི་བཟློག་པ་ཡིན། །ཝུ་ཡིག་ཡོངས་སུ་གྱུར་ལས་སྐྱེས། །པདྨ་མཐར་བྱེད་ཞལ་སྒོ་ལས། །ཝུ་ཡིག་ལས་བྱུང་མི་གཡོ་བ། །གཅི་བའི་སྒོ་ནས་ངེས་པར་སྐྱེས། །བཤང་ལམ་སྒོ་ནས་ཕྱུང་བ་ནི། །ལྀ་ཡིག་ལས་སྐེས་གཤིན་རྗེ་གཤེད། །རྡོ་རྗེ་ 14-1-170a གཙུག་ཏོར་ནས་ཕྱུང་བ། ལཱྀ་ཡིག་ལས་ཆེན་སྟོབས་ཆེན་ཏེ། །ཁྲོ་བོའི་རྒྱལ་པོ་འདི་རྣམས་ཀུན། །མི་མཉམ་གཟི་ལྡན་གཙོ་བོ་མཚུངས། །མ་ལུས་བགེགས་ནི་འཇོམས་མཛད་ཅིང་། །བདུད་བཞི་ཟད་པར་མཛད་རྣམས་སོ། །སོ་སོར་བསྡུ་བའི་རིམ་ཉིད་ཀྱིས། །ང་འོག་ཉ་ཎ་མ་ན་ རྣམས། །བསམས་ཏེ་ཟད་པར་ནམ་མཁའ་སོགས། །དེ་ལྟར་སྒོ་རྣམས་ལས་བྱུང་སྤྲོ། །ཁང་བརྩེགས་སྟེང་དང་གཡོན་མཛེས་དྲུང་། །གཞན་ནི་ཁང་བརྩེགས་ཕྱི་རོལ་དུ། །སྟོང་པ་རླུང་མེ་ཆུ་དང་སའི། །དཀྱིལ་འཁོར་ལྔ་པ་ཟུང་ལའོ། །དེ་བཞིན་གཟའ་དང་ཀླུ་རྣམས་དང་། །འབྱུང་པོ་རྣམས་ཀྱང་གདན་ ལའོ། །ཟད་པར་གཟའ་དང་འབྱུང་པོ་རྣམས། །མཚོན་ཆ་འདོད་མ་སོགས་ཇི་བཞིན། །ཁྲོ་བོ་ཕྱོགས་སྐྱོང་ཀླུ་རྣམས་ཀྱི། །དབྱིབས་ནི་འཆད་འགྱུར་ཇི་བཞིན་ནོ། །ཀླུ་ཡིས་ཁྲོ་བོ་རྣམས་ཀྱང་འདིར། །ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་པའོ། །འདི་ཀུན་མིང་གི་རིམ་པ་ཡང་། །གཏོར་མའི་སྔགས་ ནི་ཇི་བཞིན་ནོ། །ར་བ་གསུམ་པར་ཕྱོགས་སྐྱོང་དང་། །གཟའ་རྣམས་འཆད་འགྱུར་གདན་ལའོ། །ཕྱི་རོལ་ར་བ་ལྔ་རྣམས་ལ། །དེ་བཞིན་ཀླུ་དང་འབྱུང་པོ་སྤྲོ། །གྷ་ཛྷ་ཌྷ་བྷ་དྷ་རྣམས་བརྩེགས། །ཕྱོགས་སྐྱོང་ས་བོན་གོ་རིམས་བཞིན། །ག་ཛ་ཌ་བ་ད་རྣམས་བརྩེགས། །གཟའ་རྣམས་རིམ་པས་ འབྱུང་བའོ། །ཁ་ཚ་ཋ་མ་ཐ་རྣམས་བརྩེགས། །རིམ་པ་ཇི་བཞིན་ཀླུའི་ས་པོན། །ཀ་ཙ་ཊ་པ་ཏ་རྣམས་བརྩེགས། །འབྱུང་པོ་རྣམས་ནི་རིམ་པས་འབྱུང་། །ར་བ་གསུམ་དང་ར་བ་ལྔའི། །ཕྱི་དང་ནང་དུ་དེ་བཞིན་ནོ། །དེ་དག་རྣམ་པར་གནོན་བྱེད་པའི། །སྟེང་དང་འོག་ཏུ་གནས་པ་སྤྲོ། །ཡེ་ཤེས་མཁའ་རླུང་ མེ་དང་ཆུ། ས་ཡི་ཁམས་ལས་ཡང་དག་བྱུང་། །སྲུང་བའི་འཁོར་ལོར་གནས་པ་དྲུག །གཉིས་གཉིས་སེམས་དག་ལུས་སྲུང་བའོ། །ལུས་ལས་འཇིག་དུས་མེ་འབར་བས། །བགེགས་དང་ལོག་པར་འདྲེན་པ་བསྲེགས། །མཁའ་ཁྱབ་མེ་སྟག་ཚོགས་འཕྲོ་བའི། །འཁོར་ལོ་འདིར་ནི་རྣམ་པར་བསྒོམ། །དེ་ནས་མཉམ་ པར་གཞག་པ་ཡིས། བདུད་སྲེག་པ་ནི་བསྒྲགས་པར་བྱ། །ཨོཾ་ཨཱཿཧཱུཾཧོ་ཧཾ་ཀྵཿཧྲཿཧྲཿཧྲཿཧྲཿར་ར་ར་ར་བཛྲ་ན་ལ་སརྦཱ་བ་ར་ཎ་དྷརྨ་པྲ་ལ་ཡ་སྭཱ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀཱ་དཱི་ནཱཾ་ད་ཤ་དིགྒ་ཏཱ་ནཱཾ་ཀ་ཡ་ཝཱཀྩིཏྟཱ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷཤྨཱིཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་བདུད་སྲེག་ 14-1-170b པའི་སྔགས་སོ། །བགེགས་དང་ལོག་འདྲེན་ལ་སོགས་རྣམས། །རྡོ་རྗེ་ལྕགས་ཀྱུས་དབང་བྱས་ཏེ། །རྡོ་རྗེ་ཞགས་པ་ཡིས་ཀྱང་ནི། །བཅིང་པ་ལྔ་ཡིས་བཅིངས་པར་བསྒོམ། །ཁྲོ་དབང་རྡོ་རྗེ་ཕུར་བུ་ནི། །ལྟེ་བའི་འོག་ནས་མདུང་གི་ཚུལ། །ཕྱོགས་བཅུ་རྣམས་སུ་གདུག་པ་ཡི། སྟེང་དུ་བྱིང་བར་ བསམ་པར་བྱ། །སྔགས་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་བཛྲ་ཀཱི་ལ་ཀ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ནཱ་དྷི་པ་ཏེ་ཥ་ཌྜྨུ་ཁ་ཥཌྜྷུ་ཛ་སརྦ་ཙ་ར་ཎ་སརྦ་བི་གྷྣ་བི་ནཱ་ཡ་ཀཱ་དི་དུཥྚཱ་ནཾ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ནཱ་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་རྡོ་རྗེ་ཐོ་བའི་སྔགས་ནི། ཨོཾ་ལླཱྀཿབཛྲ་མུངྒ་ར་མཱ་རཱ་དཱི་ནཱཾ་ཤི་ར་སི་ཀཎྛེ་་ཧྲྀ་ད་ ཡེ་ནཱ་བྷཽ་གུ་ཧྱནྟེ་བཛྲ་ཀཱི་ལ་ཀཱ་ནཱ་ཀོ་ཊ་ཡ་ཀྵཱཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། དེ་ནས་བློ་ལྡན་ཁྲོ་དབང་གི། །ང་རྒྱལ་བྱས་ནས་ཕྱོགས་བཅུ་ཡི། །ཕུར་བུ་བསྲུང་བའི་ཁྲོ་བོ་ལ། །སྔགས་འདི་བརྗོད་དེ་བཀའ་བསྒོ་བྱ། །ཨོཾ་ཧཱུྃ་ཀྲོ་དྷེ་ནྡྲོ་ཧཾ་ཀྲོ་དྷཱ་ནཱ་མཱ་ཛཱ་དཱ་ཡ་ཀ་སྭཱ་ཧཱ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧོཥྞཱི་ཥོརྡྷ་དི་ཤི་རཀྵཱཾ་ཀུ་ རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བ་ལ། སརྦ་བིགྷྣཱནྟ་ཀ་པཱུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥྚ་པྲཛྙཱནྟ་ཀ་དཀྵི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མཱནྟ་ཀ་པ་ཤྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་རཱ་ག་པདྨཱནྟ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜ་ཨགྣེ་ཡྻཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་རཱ་ཛ་ནཻ་ཪྼི་ཏྱཱཾ་དི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་བཱ་ཡ་བྱནྡཱི་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཾཿབཛྲ་ཀྲོ་དྷ་རཱ་ཛ་ཙ་ལ་ཨཱི་ཤཱན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་རཱ་ཛ་ ཨ་དྷྭ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵཱ་ཙཀྲ་སྭ་བྷཱ་བཱཏྨ་ཀོ྅་ཞེས་པས་བརྟན་པར་བྱའོ། །དེ་ནས་དེ་རྣམས་ལ་གཏོར་མ། སྔགས་ཚིག་རྣམས་ཀྱིས་རིམ་པས་སྦྱིན། ཨོཾ་ཨཱཿཧཱུྃ་ཧོ། ཨུཥྞཱི་ཥ་སུམྦྷ་ནི་སུམྦྷ་བིགྷྣཱནྟ་ཀ་ནཱི་ལ་དཎྜ་པྲཛྙཱནྟ་ཀ་ཊཱཀྐི་ར་ཛ་པདྨནྟ་ཀ་ཨ་ཙ་ལ་ཡ་མཱནྟ་ཀ་མ་ཧཱ་བ་ལེ་བྷྱཿས་ པ་རི་ཝཱ་རེ་བྷྱ་ཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ་ཏེ་ཙུ་ག་ཏྱ་ས་པ་རི་ཝཱ་རཱཿཤཱི་གྷྲཾ་ཨི་དཾ་བ་ལི་གྲྀཧྞནྟུ་ཁ་དཱ་ནྟུ་པི་ཝནྟུ་ཛཿཧཱུྃ་བཾ་ཧོཿསཾ་ཏྲྀ་པྟྭཱཿསརྦ་སཏྭཱ་ནཱཾ་ཤཱནྟི་པུཥྚི་རཀྵཱ་བ་ར་ཎ་གུ་པྟཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ཁྲོ་བོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿ 14-1-171a ཨཱ་ཀཱ་ཤ་ཝ་ཡུ་ཏེ་ཛ་ཨུ་ད་ཀ་པྲྀ་ཐི་སཱ་དྷི་ཏེ་བྷྱཿས་པ་རི་ཝཱ་རེ་ཞེས་པ་ལ་སོགས་པ་ལྷག་མ་སྔ་མ་བཞིན་ཏེ་ཟད་པར་གྱི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿབྲཧྨ་བིཥྞུ་ནཻ་ཪྼི་ཏྱ་བཱ་ཡུ་ཡཱ་མཱགྣི་ས་མུ་དྲེ་ཤྭཱ་རེནྡྲ་ཡཀྵེ་བྷྱཿ། ཞེས་པ་ལ་སོགས་པ་ཕྱོགས་སྐྱོང་གི་གཏོར་མའི་སྔགས་སོ། །ཨོཾ་ ཨཱཿཧཱུྃ་ཧོཿ རཱ་ཧུ་ཀཱ་ལཱགྣི་ཙནྡྲ་སཱུརྱ་བུདྡྷ་མཾ་ག་ལ་ཤུ་ཀྲ་བྲྀ་ཧསྤ་ཏི་ཀེ་ཏུ་ཤ་ནི་བྷྱཿ། ཞེས་པ་ལ་སོགས་པ་གཟའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿཛ་ཡ་བི་ཛ་ཡ་པདྨ་ཀརྐོ་ཊ་ག་བཱ་སུ་ཀིཾ་ཤཾ་ཁཱ་པཱ་ལ་ཀུ་ལི་ཀཱ་ནནྟ་ཏཀྵ་ཀ་མ་ཧཱ་པདྨེ་བྷྱཿ། ཞེས་པ་ལ་སོགས་པ་ཀླུའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿབེ་ཏཱ་ ཌ་བི་ཀྲྀ་ཏ་མུ་ཁ་ཤྭཱ་ཀཱ་ཀ་ཤཱུ་ཀ་ར་གྲྀ་དྷཱ་བྱཱ་གྷྲོ་ལཱུ་ཀ་ཛམྦུ་ག་རུ་ཌ་མུ་ཁེ་བྷྱཿས་པ་རི་ཞེས་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་ཏེ་འབྱུང་པོའི་གཏོར་མའི་སྔགས་སོ། །གཏོར་མ་རྒྱལ་མཚན་བ་དན་སོགས། །མཆོད་པའི་རྣམ་པ་ཡང་དག་ལྡན། །མེད་ན་ཡིད་ཀྱིས་བསྒོམ་པར་བྱ། །བཟའ་བཅའ་ལ་སོགས་རྒྱ་ཆེ་བ། ། ཤིང་རྟ་ཁུར་དང་ཟངས་མོ་ཆེ། །ཐལ་མོ་ལ་སོགས་བར་དུ་ཡང་། །གཡོན་དང་གཡས་དང་ཟུང་གིས་བཀབ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་དང་། །སྐུ་ཡི་རྡོ་རྗེས་སྦྱང་བར་བྱ། །གསུང་གི་རྡོ་རྗེས་རྟོགས་བྱ་སྟེ། །ཐུགས་ཀྱི་རྡོ་རྗེས་སྦར་བར་བྱ། །ཡེ་ཤེས་ཀྱི་ནི་བདུད་རྩི་དགུག །རྩེ་ལྔ་གྲི་ གུག་རལ་གྲི་དང་། །རིན་ཆེན་ཆུ་སྐྱེས་འཁོར་ལོ་ཡིས། །ཕྱག་རྒྱས་དེ་རྣམས་ལ་གཏོར་མ། །དབུལ་ཞིང་འཐོར་འཐུང་སོགས་ཀྱིས་མཆོད། །དྲིལ་བུའི་སྒྲ་དང་བསྟོད་པ་བྱ། །ཡེ་ཤེས་ནམ་མཁའ་རླུང་མེ་ཆུ། །ས་ཡི་རང་བཞིན་དེ་རྣམས་ཀྱང་། །ཧཾ་ཨ་ཨི་རྀ་ཨུ་གླྀ་བསམ། །ཀྲ་མཱ་དཱ་པ་ རཀྵེ་ན་ས་སྟེ། །འཁོར་ལོ་དྲུག་ཏུ་གཤེགས་གསོལ་བྱ། །སྐད་ཅིག་ཉིད་ལ་དགུག་བྱ་སྟེ། །ཇི་སྐད་བསྟན་པ་ཐམས་ཅད་ཉིད། །ཅེས་པ་གསུངས་པའི་འཁོར་ལོའི་སྒྲུབ་ཐབས་ཀྱི་ཆོ་གའོ། །དེ་ནས་རྣལ་འབྱོར་རིག་པ་འཛིན། །འདོད་མའི་གྲོགས་དང་ལྡན་པ་ཡང་། །ཁ་ནི་དག་པར་བྱ་བའི་ཕྱིར། ། བདུད་རྩི་རིལ་བུ་ཁ་རུ་གཞུག །ཡང་ན་ལུས་དག་བྱ་བའི་ཕྱིར། །རྡོ་རྗེའི་ཕྱག་རྒྱས་ལུས་རེ་གནས། །དང་པོར་སྐད་ཅིག་རྣམ་པ་ཡིས། །དཔལ་ལྡན་དུས་ཀྱི་འཁོར་ལོའི་སྐུ། །ཐུགས་ཀར་པཾ་སྐྱེས་པད་དམར་འདབ་བརྒྱད་པའམ། །ཡང་ན་ཨཾ་སྐྱེས་སྣ་ཚོགས་པདྨར་ནི། །ཟླ་བ་ཉ་བ་ལ་ནི་ཧཱུཾ་ཡིག་ 14-1-171b སྡོ། །དེ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའི། །གཟི་བརྗིད་ལས་སྐྱེས་སངས་རྒྱས་ཚོགས་རྣམས་ནི། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་མཛད་པའོ། །སངས་རྒྱས་རྣམས་ལ་མཆོད་པའི་ཕྱིར་དུ་ཡང་། །འཁོར་ལོའི་ག་ཙོ་བོ་རྣམས་ཀྱང་བསྒོམ་པར་བྱ། །བརྩེགས་པའི་ས་བོན་ལས་བྱུང་བ། ། དྲི་ཆབ་མ་སོགས་ལྷ་མོ་ནི། །ཀུན་ནས་འོད་ཀྱིས་བཀུག་རྣམས་ཀྱིས། །མངོན་པར་ཕྱག་འཚལ་རབ་མཆོད་བྱ། །ཨོཾ་ཙྪྫྫྷྙ་བཛྲ་གནྡྷེ་གནྡྷ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪྫྫྷྙཱ་བཛྲ་མཱ་ལེ་མཱ་ལཱརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞ་བཛྲ་དྷཱུ་པེ་དྷཱུ་པཱརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨ་བཛྲ་མྲྀ་ཏེ་ནཻ་བིདྱ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨཱ་བཛྲཱ་ཀྵ་ཏེ྅ཀྵ་ཏ་ལ་ལཱརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱེ་ཝཔྟྲ་བྷ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱེ་གཎྜཱ་དརྴ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཨོཾ་ཀྑྒྒྷྔབཛྲ་ཝཱ་དྱེ་ཝ་དྱ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྷྷྷྔཱ་བཛྲ་ ནྲྀ་ཏྱེ་ནྲྀ་ཏྱ་པུ་ཛཾ ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྉཔྵྴྈཀ་བཛྲ་གཱི་ཏེ་གཱི་ཏ་པུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྉཔྵྴྈཀཱ་ བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞིང་རྡུལ་ཀུན་ལས་ལྷག་པ་ཡི། །རྡོ་རྗེ་གསུམ་སྦྱོར་རྫོགས་སངས་རྒྱས། །དམ་ ཆོས་དང་བཅས་ཚོགས་རྣམས་ལ། །བདག་ནི་གུས་པས་ཕྱག་བགྱིའོ། །དེ་རྣམས་རེ་རེ་ལ་ཡང་དེ་སྙིད་ཀྱི། །དེ་ལ་བོས་པ་ཤིན་ཏུ་ཡིད་འཕྲོག་པ། །དྲི་ཆབ་མ་སོགས་ལྷ་མོའི་ཚོགས་རྣམས་ཀྱིས། །དྲི་བཟང་ལ་སོགས་རྣམས་ཀྱིས་མཆོད་པ་བགྱི། །བགྱིས་དང་ བགྱིད་དུ་སྩལ་དང་གཞན་རྣམས་ལ། །རྗེས་སུ་ཡིད་རངས་བཏང་སྙོམས་གཞག་པ་སྟེ། །སྲིད་པར་ལུས་སོགས་ལས་སྐྱེས་ཉེས་པ་དང་། །སྡིག་པ་མ་ལུས་པ་དག་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་དུ་མས་ཆོས་ལ་མཆོག་མཛད་དང་། །གཞན་ གྱི་དགེ་བ་བྱས་པ་གང་ཡིན་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། །མཆོག་གི་བརྩེ་བས་ཁྱབ་པར་གྱུར་པ་ཡི། །ཀུན་དུ་ཆགས་ལས་མ་ཆགས་བདེ་བ་འབྱུང་། །ཐར་པའི་ཐབས་ནི་རབ་ཏུ་སྦྱིན་མཛད་པའི། །སངས་རྒྱས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །ཀུན་དུ་རྟོག་པ་མ་ལུས་ཀུན་ནས་སྤངས། །རྫོགས་ 14-1-172a པའི་སངས་རྒྱས་རྣམས་ཀྱི་ཕུན་ཚོགས་བརྟེན། །དངོས་དང་དངོས་མེད་གཉིས་སུ་མེད་པའི་ཆོས། །རྣམ་པ་གཉིས་ལ་རབ་ཏུ་སྐྱབས་སུ་མཆི། །སངས་རྒྱས་རྫོགས་པའི་སངས་རྒྱས་དམ་པའི་ཆོས། །དམ་པའི་ཡོན་ཏན་མངའ་བ་ཚོགས་ཀྱི་མཆོག །ཆགས་པའི་ཞགས་པའི་ ཚོགས་ལས་ངེས་གྲོལ་བར། །འགྱུར་བ་དེ་ལ་ངེས་པར་སྐྱབས་སུ་མཆི། །སེམས་ཅན་རྣམས་ཀྱི་ཅི་འདོད་དོན། བྱ་ཕྱིར་བདག་གི་ལུས་འདི་ནི། །ཤིན་ཏུ་རྣམ་པར་དག་སེམས་ཀྱིས། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །རྨོངས་དང་དཀའ་ཐུབ་ཀྱིས་བསྐམས་པའི། །འགྲོ་བའི་ལོ་ཏོག་ ཐམས་ཅད་ལ། །དམ་ཆོས་སྟོན་པའི་ཆར་པ་ནི། །རྒྱལ་བས་རྒྱུན་མི་འཆད་པར་མཛོད། །ཇི་སྲིད་འཁོར་བའི་བཙོན་ར་ལས། །མ་གྲོལ་སེམས་ཅན་གཅིག་གི་བར། །དེ་སྲིད་མྱ་ངན་མི་འདའ་བའི། བརྩེ་བ་ཆེན་པོ་བསྟན་དུ་གསོལ། །གལ་ཏེ་གཟུགས་ཅན་གྱུར་ན་ཞིང་གི་རྡུལ། །ཀུན་དང་ མཉམ་པའི་ནམ་མཁའི་ཚད་ལས་ཀྱང་། །ལྷག་པར་གྱུར་པའི་བསོད་ནམས་འདི་དེ་ཡང་། །རྫོགས་པའི་བྱང་ཆུབ་ཉིད་དུ་བསྔོ་བར་བགྱི། །མ་ལུས་ཉེས་ལས་ངེས་གྲོལ་ཞིང་། །ཡོན་ཏན་ཀུན་གྱིས་བརྒྱན་གྱུར་པ། །ཡེ་ཤེས་རྒྱ་མཚོ་རྫོགས་སངས་རྒྱས། །སེམས་ཅན་དོན་ཕྱིར་འགྲུབ་པར་ཤོག ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བསམ་པ་རྣམ་པར་དག་པ་བསྐྱེད། །བདག་དང་བདག་གིར་འཛིན་པ་སྤངས། །རྩ་བ་གསུམ་ནི་དྲན་པར་བགྱི། །སྦྱིན་སོགས་ཕྱོགས་དང་ཚངས་གནས་བཞི། །བསྡུ་བཞི་དགེ་བ་རྣམ་བཅུ་བསྟེན། །སྒྲིབ་པ་ལྔ་དང་ཉོན་མོངས་དང་། །དེ་བཞིན་ཟག་པ་བཞི་པོ་སྤང་། ། དེ་ནས་དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །སྟོང་པའི་རང་བཞིན་སྟོང་ཉིད་ལས། །ཀུན་ནས་ཉོན་མོངས་རྣམ་བྱང་སྐྱེས། །དེ་ལྟ་ན་ཡང་ཀུན་རྫོབ་ཏུ། །བསྔགས་པས་དཀྱིལ་འཁོར་དབང་ཕྱུག་ བསྒྲུབ། །ཇི་ལྟར་མཐར་ནི་ཆུ་ཡིས་མེ། །འཇིག་སྟེ་ས་ཡང་བཞུ་བར་གྱུར། །ཆུ་ནི་རླུང་གིས་སྐེམས་བྱེད་ཅིང་། །རླུང་ནི་སྟོང་པར་འཇུག་པར་བྱེད། །ཀུན་གཞི་རྣམ་པར་ཤེས་པའི་སེམས། །མཁའ་དབྱིངས་ཡུལ་དང་བྲལ་གྱུར་པ། །རྣམ་པ་ཀུན་གྱི་མཆོག་ལྡན་གཟུགས། །དབུ་མའི་གནས་སུ་ 14-1-172b གཞག་པར་བྱ། །དེ་ནས་ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་ས་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ནི་ཧི་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་བཱཏྨ་ཀོ྅ཧཾ། ཨོཾ་ཨ་ན་བྷི་ས་སྐཱ་ར་ཛྙཱ་ན་བཛྲ་སྭཱ་བྷཱ་བཱཏྨ་ཀོ྅ཧཾ། འདི་ནི་ཕྱི་རུ་ཆོས་འབྱུང་སྟེ། །མ་ཡི་ལུས་ལ་གྲུ་གསུམ་མོ། །དེ་དབུས་བརྩེགས་པའི་ས་བོན་ དང་། །སྨོན་ལམ་བག་ཆགས་དབང་ལས་བྱུང་། །ཧྐྵྨླྺྼྻྃདེ་ཡོངས་གྱུར་ལས་རླུང་ལ་སོགས། །རྟེན་གྱི་དཀྱིལ་འཁོར་དེ་རྣམས་ལ། །ཐད་ཀའི་ཚད་ནི་དཔག་ཚད་དག །འབུམ་ཕྲག་བཞི་གསུམ་གཉིས་གཅིག་གོ། །ནག་དམར་སེར་དང་དཀར་བ་སྟེ། །སྣ་ཚོགས་རྡོ་རྗེ་གཉིས་ཀྱིས་མཚན། །རྒྱལ་མཚན་བཀྲ་ཤིས་ཆུ་སྐྱེས་དང་། ། རྡོ་རྗེས་ཀྱང་ནི་དེ་རྣམས་མཚན། །དབྱིབས་ནི་གཞུ་དང་ཐུར་གསུམ་དང་། །ཟླུམ་པོ་གྲུ་བཞི་གོ་རིམས་བཞིན། །མ་ཡིག་ལས་སྐྱེས་ལྷུན་པོ་ཆེ། །རིན་ཆེན་རྡོ་རྗེའི་རང་བཞིན་དེ། །འོག་ལ་སྟོང་བག་བཅུ་དྲུག་དང་། །སྟེང་ལ་སྟོང་ཕྲག་ལྔ་བཅུར་བརྗོད། །དེ་ཡི་ཕྱེད་དུ་ཀྵ་ལས་སྐྱེས། ། སྣ་ཚོགས་པདྨའོ་ཧ་དང་ནི། །ཟླ་ཕྱེད་ཐིག་ལེ་ལས་སྐྱེས་པའི། །ཟླ་བ་ཉི་མ་སྒྲ་གཅན་གཟུགས། །ནང་དུ་དཔྲལ་བ་སོགས་ཀྱང་ངོ་། །དེ་སྟེང་ཧཱུྃ་འཕྲོས་རྡོ་རྗེ་ནི། །འབར་བའི་ས་དང་གུར་ནང་དུ། །འོད་གསལ་བྷྲཱུྃ་ཡིག་ལས་བྱུང་བའི། །ཁང་པ་བརྩེགས་པའི་དཀྱིལ་འཁོར་གསུམ། །འོག་ ཏུ་ཨོཾ་སྐྱེས་དབུས་ཀྱི་ནི། །པདྨར་ཉི་ཟླ་སྒྲ་གཅན་འཛིན། །ཐུགས་ཀྱི་དཀྱིལ་འཁོར་པདྨ་རྣམས། །སུམ་ཅུ་རྩ་གཉིས་དེ་ཞེས་བྱ། །ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་པར། །ཟླ་བ་ཉི་མའི་གདན་རྣམས་སོ། །ཕྱི་རོལ་དག་ཏུ་བཞོན་པའི་སྟེང་། །ཟླ་བ་ཉི་མ་སྤངས་པ་ཡི། །བརྒྱད་དང་བཅུ་གཉིས་ གྲངས་རྣམས་སོ། །སྒོ་རྣམས་སུ་ནི་ཤིང་རྟ་བཞི། །སྣ་ཚོགས་ནོར་བུ་གསེར་སོགས་ཀྱི། །དཀྱིལ་འཁོར་དེ་ཡང་འོད་གསལ་ཏེ། །མཐའ་ཡས་སངས་རྒྱས་ཞིང་རྡུལ་དང་། །མཉམ་པའི་ཉི་མའི་འོད་དང་མཚུངས། །ནམ་མཁའ་ཇི་སྲིད་མཐས་གཏུགས་པར། །སངས་རྒྱས་དཀྱིལ་འཁོར་རྣམ་པར་འཕྲོ། །སངས་ རྒྱས་བྱང་ཆུབ་ལྷ་རྫས་གནས། །རང་བཞིན་དྲི་མེད་ཤིན་ཏུ་གསལ། །གཞལ་མེད་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་ལས་བྱུང་བའི་ནོར་བུས་བརྒྱན། །སྙིང་པོའི་འཁོར་ལོའི་ནོར་བུའི་ནང་། །འདི་ནི་ཀུན་ནས་དག་པའི་མཆོག །དེ་ནས་ཕྱི་རོལ་དེ་ལུས་ལ། །དེ་ཁམས་དག་པར་རྒྱས་པར་བརྗོད། །ཆོས་ 14-1-173a ཀྱི་ཕུང་པོའི་དག་པ་ནི། །རྩ་བའི་རྒྱུད་བཞིན་བརྗོད་བྱ་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ཆོས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་རྗེའི་ཐིག་ལེ་བཞི་པ་སྟེ། །དྲན་པ་ཉེར་གཞག་བཞི་རྣམས་ཀྱིས། །ཀུན་ནས་གྲུ་བཞི་པ་ཉིད་ དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་རྣམས་ ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་སྦྱངས་པ། །ཐེག་པ་གསུམ་གྱིས་ར་བ་ གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་ཁ་ཁྱེར་ཏེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་ཕྱེད་པ་དེ་རྣམས་ཉིད། །དབང་རྣམས་ཀྱིས་ཀྱང་བ་ཀུ་ལཱི། དགེ་བས་ཀྲ་མ་ཤཱིཪྵའོ། །སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ ཡབ་གཡོ། །ཡན་ལག་དགུ་ཡི་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཐུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་པ་རིན་ཆེན་བཞི་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ཟླུམ་སྐོར་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་གྱིས་བྱང་ཆུབ་སྤྲས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ལྕགས་རི་ཡིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཤེས་རབ་ཐབས་ཀྱི་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་ཡང་དག་དག །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་པོ་ཆེ་དང་བྱང་ཆུབ་ཤིང་། །དེ་བཞིན་ 14-1-173b ཡིད་བཞིན་ནོར་བུ་སོགས། །འདི་དག་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་ལྡན། །ཕུན་ཚོགས་ཀུན་བྱེད་བསྒོམས་ནས་ནི། །དེ་ནས་ཨ་སོགས་ཀ་སོགས་དགོད། །ཅེས་གསུངས་སོ། །ཐུང་ངུ་ཡོན་ཏན་ཡ་ཎ་འཕེལ་རིང་། །ཚེས་མཐའ་དག་ཏུ་ཨཾ་དང་ཨ། ཨ་སོགས་ གཡོན་སྐོར་ལུགས་འབྱུང་སྟེ། །ལ་སོགས་དེ་ལས་བཟློག་པའོ། །སུམ་ཅུ་རྩ་གཉིས་མཚན་རྣམས་ནི། །ཟླར་འགྱུར་ཟླ་བའི་རྒྱུ་རྣམས་སོ། །ལ་སོགས་ཝ་ཡ་ཌ་ཌྷ་རྣམས། །ཡི་གེ་རྣམ་གཉིས་རྣམ་གཉིས་བརྗོད། །ལ་ལས་ཏ་སོགས་པ་ཊ་ཙ། །ཀ་སོགས་རང་རང་གཉིས་བརྩེགས་ནས། །དེ རྣམས་གཅིག་པ་ལུགས་བཟློག་ལས། །ང་གྷ་ག་སོགས་རིམ་པའོ། །གཡས་སྐོར་བ་དང་ཐུང་གིས་ནི། བརྒྱད་ཅུ་ཉི་མའོ་ཉི་མའི་རྒྱུ། །གང་འདི་མེ་ལོང་སོགས་རིམ་ལས། །དབྱངས་ཡིག་དང་པོ་གསལ་བྱེད་རྗེས། །གང་འདི་སྐྱེ་བའི་རིམ་པ་ལས། །གསལ་བྱེད་དང་པོ་དབྱངས་རྗེས་སུ། ། དེས་ན་ཉི་མའི་སྟེང་གི་ནི། །ཟླ་བར་ཧཱུྃ་ཡིག་དྲི་ཟ་ཉིད། དེ་རྣམས་ཀྱང་ནི་ཧྲིཿརུ་འགྱུར། །དེ་ཡང་ཧཾ་གྱུར་དེས་མཚན་པའི། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །མཐོན་ཀ་ཆེན་པོའི་འོད་ལྟར་གསལ། །རྒྱལ་བ་ལྔ་ཡི་འོད་འཕྲོ་བ། །སྟོན་པར་སྤྲུལ་པའི་རྣལ་འབྱོར་ཅན། །དུས་ཀྱི་འཁོར་ལོར་ མངོན་བརྗོད་པ། །རྡོ་རྗེའི་རྒྱན་དང་སྐུ་འོད་ཀྱིས། །མ་ལུས་ནམ་མཁའི་ཁོངས་ཁྱབ་པ། །ཡན་ལག་བཅུ་གཉིས་འགོག་བདག་ཉིད། །དུས་ཀྱི་དབུགས་འགགས་ལས་སྐྱེས་པའི། །གཙུག་རྒྱན་རྣ་ཆ་མགུལ་རྒྱན་དང་། །ཚངས་སྐུད་ཕྱག་གདུབ་སྐེ་རགས་དང་། །ཞབས་གདུབ་རྡོ་རྗེ་ཕྲེང་བ་ དང་། །ཐལ་བ་སྟག་ལྤགས་ན་བཟའ་དང་། སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་དང་། །རལ་པར་དཔལ་ལྡན་རྡོར་སེམས་འཛིན། །དཔའ་བོ་མི་རུས་རྒྱན་ལྡན་ཞིང་། །ཐོད་ཕྲེང་དང་ནི་དར་དཔྱངས་ཅན། །སྤྱན་དང་ཕྱག་དར་བཅུ་གཉིས་ཏེ། །མགྲིན་པ་གསུམ་དང་ཞལ་བཞི་པ། །ནག་པོ་མཆེ་གཅིགས་དྲག་པོ་ ནི། བྱམས་ཆེན་རང་བཞིན་ལས་འཁྲུངས་ཤིང་། །གཡས་པ་དམར་པོ་ཕྱག་དང་བཅས། །དགའ་བ་ཆེན་པོའི་ཐུགས་ལས་འཁྲུངས། །སེར་འོད་ཏིང་འཛིན་ལ་གནས་ཞལ། །བཏང་སྙོམས་ཆེ་ལས་ཡང་དག་བྱུང་། །གཡོན་ཞལ་དཀར་པོ་ཞི་བ་སྟེ། །སྙིང་རྗེ་ཆེན་པོ་ལས་བྱུང་བའོ། །དབུས་ 14-1-174a དང་གཡས་དང་ཅིག་ཤོས་ནི། །སྔོ་དམར་དཀར་བའི་མགྲིན་གསུམ་ལྡན། །སྐུ་གཅིག་ཞབས་གཉིས་ཕྲག་པ་དྲུག །དམ་པའི་ཕྱག་ནི་ཉི་ཤུ་བཞི། །སུམ་བརྒྱ་དྲུག་ཅུའི་ཚིགས་ཀྱིས་ནི། །སྣ་ཚོགས་གཟུགས་དང་ལྡན་པས་མཛེས། །གཡས་པའི་ཕྲག་གསུམ་སྔོ་དམར་དཀར། ། ཅིག་ཤོས་ཀྱང་ནི་དེ་བཞིན་ཏེ། །དཔུང་པ་གཉིས་གཉིས་ཅིག་ཤོས་ཀྱང་། །སྔོ་དམར་དཀར་བའི་རྣམ་པ་གསུམ། །དེ་བཞིན་ཕྱག་ནི་བཞི་བཞི་ཡང་། །སྔོ་དམར་དཀར་བ་རྣམ་པ་གསུམ། །དེ་བཞིན་ཕྱག་སོར་འོག་ཚིགས་ནས། །སྔོ་དང་དམར་དང་དཀར་བ་ཉིད། །སོར་མོ་ཀུན་ཀྱང་སོར་གདུབ་ཀྱིས། ། མཛེས་ཤིང་ཁ་དོག་ལྔ་ལྡན་ཏེ། །མཐོ་བོང་ལ་སོགས་རིམ་པ་ཡིས། །སེར་དཀར་དམར་དང་སྔོ་དང་ལྗང་། །ནག་པོའི་ཕྱག་བཞིར་རྡོ་རྗེ་དང་། །རལ་གྲི་རྩེ་གསུམ་གྲི་གུག་འགྱུར། །དེ་བཞིན་དམར་པོར་མེ་མདའ་དང་། །ལྕགས་ཀྱུ་ཅང་ཏེའུ་ཐོ་བ་ཉིད། །དཀར་པོ་བཞིར་ནི་འཁོར་ལོ་མཆོག ། མདུང་དང་དབྱུག་པ་དགྲ་སྟའོ། །གཡོན་གྱི་ནག་པོར་དྲིལ་བུ་མཆོག །ཕུབ་དང་ཁ་ཊྭཱཾ་ཐོད་པ་སྟེ། །དམར་པོ་བཞིར་ནི་གཞུ་དང་ཞགས། །རིན་ཆེན་དང་ནི་ཆུ་སྐྱེས་དཀར། །དམར་པོར་དཔལ་ལྡན་དུང་མེ་ལོང་། །རྡོ་རྗེ་ལྕགས་སྒྲོག་ཚངས་པའི་མགོ། སྣ་ཚོགས་ཡུམ་གྱིས་སྐུ་ལ་འཁྱུད། ། དཔལ་ལྡན་ཨོཾ་ཡིག་ལས་སྐྱེས་པའི། །པདྨར་ཟླ་ཉི་སྒྲ་གཅན་གཟུགས། །སྟེང་དུ་བདུད་དང་དབང་ལྡན་གྱི། །བྲང་གི་མཐིལ་ལ་ཉི་གཞོན་དང་། །ཟླ་འོད་ལྟར་གསལ་ཞབས་གཉིས་པོ། །གཡས་བརྐྱང་དུ་ནི་རོལ་པས་བཞུགས། །ཞབས་གཡས་དམར་པོའི་འོག་ཏུ་ནི། །ལག་པ་བཞི་པའི་ བདུད་དམར་པོ། །གདོང་གཅིག་མེ་ཏོག་མདའ་ལྔ་དང་། །ལྕགས་ཀྱུ་གཞུ་དང་ཞགས་པ་འཛིན། །ཞབས་དཀར་འོག་ཏུ་དབང་ལྡན་ཡང་། །དཀར་པོ་གདོང་གཅིག་མིག་གསུམ་པ། །ལག་བཞི་རྩེ་གསུམ་ཌ་མ་རུ། །ཁ་ཊྭཱཾ་ག་དང་ཐོད་པ་འཛིན། །དགའ་མ་ཨུ་མ་གདོང་དམན་ཅིང་། ། ཀུན་དུ་འཁྲུལ་པ་ཡང་དག་སྐྱེས། །སྐྲ་གྲོལ་གོས་དང་བྲལ་གྱུར་པས། །རང་གི་རྗེ་བོའི་རྐང་མཐའ་འཛིན། །གཙོ་བོའི་མགུལ་ལ་འཁྱུད་པ་ཡི། །སྣ་ཚོགས་ཡུམ་ནི་གསེར་གྱི་མདོག །གཙོ་བོའི་རྒྱབ་ཞལ་གཙོར་གྱུར་ལྟའི། །ཞལ་བཞི་དང་ནི་ཕྱག་བརྒྱད་མ། །གཡས་པར་གྲི་གུག་ 14-1-174b ཞགས་པ་དང་། །ཌ་མ་རུ་དང་བགྲང་ཕྲེང་སྟེ། །གཡོན་པར་ཐོད་པ་ཞགས་པ་དང་། །ཆུ་སྐྱེས་འདབ་བརྒྱ་ནོར་བུའོ། །སྤྱན་གསལ་བཅུ་གཉིས་ཀྱིས་ཕྱུག་ཅིང་། །རྡོ་རྗེ་སེམས་དཔའི་ཅོད་པན་ལྡན། །མི་འགྱུར་གཉིས་མེད་སྦྱོར་བ་ཡིས། །གཙོ་བོའི་བྱིན་པའི་ལྗོན་ཤིང་སྟེང་། །རང་གི་བྱིན་པའི་ འཁྲི་ཤིང་དཀྲིས། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །འདབ་མ་བརྒྱད་ལ་ལྷ་མོ་བརྒྱད། །ཕྱག་བརྒྱད་སྤྱན་ནི་བཅུ་གཉིས་མ། །ནག་དམར་སེར་དང་དཀར་མོ་ནི། །འབར་བ་མཉམ་པའི་སྟབས་ཀྱིས་བཞུགས། །ཕྱོགས་བྲལ་འདབ་མར་དུ་བ་དང་། །སྨིག་རྒྱུ་མར་མེ་མཁའ་ སྣང་མ། །ཕྱག་རྒྱ་ལྔ་སོགས་རྒྱན་ཀུན་གྱིས། །གཙོ་མོ་བཞིན་དུ་བརྒྱན་བྱས་མ། །རང་རང་མངོན་ཕྱོགས་མགོན་པོའི་ཞལ། །གཙོ་བོར་གྱུར་འདྲའི་ཞལ་བཞི་ལྡན། །དེ་ཕྱིར་མགོན་པོའི་ཞལ་མདོག་གམ། །ཡང་ན་ཕྱི་རོལ་ཕྱོགས་ཀྱང་ངོ་། །མེ་སོགས་ཕྱོགས་བྲལ་རྣམས་ཀྱང་ནི། །རིམ་པ་ཇི་བཞིན་ ཤར་ཕྱོགས་བཞིན། །ལྷ་དང་སྐུ་མདོག་དག་ཀྱང་འདིར། །གཡས་སྐོར་གྱིས་ནི་བརྗོད་པ་ཉིད། གཞན་དུ་རིམ་པ་གཞན་ཉིད་དང་། །ཡང་ན་སྤྲོ་བའི་རིམ་པས་སོ། །ནག་པོ་འབར་མ་བདུག་སྤོས་དང་། །ཙནྡན་ཁ་ཆེ་གླ་རྩི་ནི། །ག་པུར་བཅས་སྣོད་དྲིལ་བུ་དང་། །ཡོངས་འདུའི་མེ་ཏོག་མེ་ཏོག་ཕྲེང་། ། དམར་པོ་འབར་མ་མར་མེ་དང་། །དོ་ཤལ་ཅོད་པན་ལག་གདུབ་གོས། །སྐེ་རགས་རིན་ཆེན་རྣ་རྒྱན་དང་། །སིལ་སིལ་བྱེད་པའི་རྐང་གདུབ་ལྡན། །སེར་མོ་འབར་མའི་གཡས་སུ་དུང་། །གླིང་བུ་འོད་འཕྲོ་རིན་ཆེན་དང་། །ཅང་ཏེའུ་གཡོན་དང་པི་ཝང་རྔ། །ཁར་བའི་རྔ་དང་ཟངས་ཀྱི་དུང་། །དཀར་ མོ་འབར་བའི་གཡས་སུ་ཡང་། །འོ་མ་ཆུ་དང་སྨན་ཆང་སྣོད། །གཡོན་དུ་བདུད་གྲུབ་པའི་རོ། །འབྲས་བུ་སྣ་ཚོགས་འབྲས་ཆན་སྣོད། །དུ་བ་མ་སོགས་མཚན་མ་ནི། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད། །འདི་དག་ཁྲོ་མོའི་དབང་ཕྱུག་དང་། །ལྷན་ཅིག་ཕ་རོལ་ཕྱིན་བཅུར་བཤད། །ཡིད་བཞིན་ ནོར་བུ་ཆོས་གཎྜཱི། །དཔག་བསམ་ཤིང་ནི་གྲྭ་གསུམ་དུའོ། །གཙོ་བོའི་པདྨའི་ས་ལས་ཕྱིའི། །དབང་ལྡན་དུ་ནི་ཆོས་ཀྱི་དུང་། །འདོད་ཆགས་ཆེན་པོས་འདུལ་བ་ཡི། །སྐྱེ་བོའི་འཇིག་རྟེན་དེ་གཟིགས་ནས། །ལུས་ལ་ཤིན་ཏུ་དགའ་བའི་སྒྲས། །རྒྱལ་བའི་ཚོགས་ནི་རབ་ཏུ་གཞུག །སྐྱེས་བུ་རིག་མའི་ 14-1-175a རང་བཞིན་ལས། །ཕུང་པོ་ཁམས་སོགས་རབ་བཅུག་ནས། །མིང་དང་གཟུགས་སོགས་ངོ་བོ་ཡིས། །མི་སྣང་གྱུར་པར་རྣམ་པར་བསྒོམ། །ལྷ་ཉིད་གཟུགས་ཀྱི་སྐུ་ཡིས་ནི། །མི་སྣང་གྱུར་པར་བར་སྣང་དུ། །ཕྱུང་བས་ཇི་ལྟ་བ་བཞིན་དུ། །སྣ་ཚོགས་ཡུམ་ལ་གཞུག་པར་བྱ། ། སླར་ཡང་དེ་ལས་ངེས་འཐོན་ནས། །རང་གི་ལུས་ཀྱི་ནང་དུ་ཞུགས། །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །ཟླ་བ་ཞུ་བའི་རང་བཞིན་ལས། །ལྷ་མོའི་པདྨར་རང་རང་གི། ས་བོན་ལས་སྐྱེས་རྡོ་རྗེ་ནི། །རྟེན་དང་བརྟེན་པའི་མཚན་ཉིད་ཅན། །མི་བསྐྱོད་དཀྱིལ་འཁོར་བསམས་ཏེ་དབྱུང་། །སྔོན་དུ་བཅོམ་ལྡན་འདས་ སྐུ་ལ། །འགྲོ་ལ་ཕན་པ་ཀུན་སྒྲུབ་པ། །བདག་པོ་དེ་བཞིན་བཅུ་གནས་ནི། །དཀྱིལ་འཁོར་པ་རྣམས་ཡང་དག་སྤྲོ། །བདེ་ཆེན་སྦྱར་ལས་ཕྱི་རོལ་དུ། །རྡོ་རྗེ་ཕྲེང་བ་གཉིས་ཀྱི་བར། །རལ་གྲི་ཕྲེང་སོགས་ཀྱིས་བརྒྱན་པའི། །བརྒྱད་གཉིས་ཀ་བའི་བར་བར་དུ། ཕྱོགས་ཀྱི་པདྨར་རྫོགས་སངས་ རྒྱས། །ཀུན་ཏུ་གཟིགས་རྣམས་སྤྲོ་བར་བྱ། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན། །དམ་པའི་ཕྱག་གིས་རང་ཉིད་ལ། །མངོན་ཕྱོགས་གཞན་རིགས་ཤེས་རབ་འཁྱུད། །པད་དཀར་ལ་གནས་ཉི་མ་ཡི། །དཀྱིལ་འཁོར་ལ་ནི་སྐྱིལ་ཀྲུང་བཞུགས། ། རྣམ་ཤེས་ཀྱིས་མཚན་སྤྱི་བོར་ནི། །རལ་པའི་ཅོད་པན་དར་དཔྱངས་ཅན། །དེར་ནི་ཤར་ཕྱོགས་ཆུ་སྐྱེས་ལས། །སེམས་ཅན་མཐའ་ཡས་དོན་བྱེད་པ། །དོན་ཡོད་གྲུབ་པ་འདི་ནི་ནག །དཀར་དང་ནག་དང་དམར་བའི་ཞལ། །དེ་རྣམས་ཡེ་ཤེས་ལྔ་རང་བཞིན། །ཕུང་སོགས་དག་པའི་མཚན་ཉིད་དོ། །སྤྱན་ མ་དང་ནི་མཱ་མ་ཀཱི། །སྒྲོལ་མ་གོས་དཀར་རིམ་པ་བཞིན། །སངས་རྒྱས་རྣམས་ཀྱི་ཤེས་རབ་འགྱུར། །མངོན་དུ་ཕྱོགས་པའི་གནས་ལས་བྱུང་། །སྐུ་མདོག་ཕྱག་མཚན་རང་བཞིན་ཡང་། །རང་རིག་སངས་རྒྱས་རྣམས་དང་མཚུངས། །རལ་པའི་ཅོད་པན་དབྱེ་བ་གཞན། །འདི་རྣམས་རིན་ཆེན་ཅོད་ པན་ཅན། །འདི་ལྟར་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་མདོག་ནག་པོ་རྣམས་ཀྱི་གཡས། །རལ་གྲི་གྲི་གུག་རྩེ་གསུམ་སྟེ། །གཡོན་ན་ཕུབ་ཐོད་ཁ་ཊྭཱཾ་ག །མདོག་དམར་རྣམས་ཀྱིས་གཡས་པ་ན། །མདའ་དང་ལྕགས་ཀྱུ་ཅང་ཏེའུ། །གཡོན་པའི་ཕྱག་གི་མཐིལ་གསུམ་དུ། །གཞུ་ 14-1-175b དང་ཞགས་པ་རིན་པོ་ཆེ། །སེར་པོ་རྣམས་ཀྱི་ཕྱག་གཡས་སུ། །འཁོར་ལོ་དབྱུག་པ་རྡོ་རྗེ་མཆོག །གཡོན་ཕྱག་གསུམ་དུ་དཔལ་གྱི་དུང་། །ལྕགས་སྒྲོག་རྡོ་རྗེ་དྲིལ་བུའོ། །དཀར་པོ་རྣམས་ཀྱི་ཕྱག་གཡས་སུ། །ཐོ་བ་མདུང་དང་རྩེ་གསུམ་སྟེ། །གཡོན་དུ་པད་དཀར་འདབ་བརྒྱད་དང་། །མེ་ལོང་དང་ ནི་བགྲང་ཕྲེང་ངོ་། །མེ་ཡི་མཚམས་ནས་བརྩམས་བྱས་ཏེ། །ཆུ་སྐྱེས་དམར་དང་ཟླ་དཀྱིལ་ལས། །དཔལ་ལྡན་སྒྲོལ་མ་གོས་དཀར་མོ། །སྤྱན་དང་མཱ་མ་ཀཱི་རིམ་བཞིན། །འདི་རྣམས་ཐབས་ནི་རིམ་པ་བཞིན། །མངོན་དུ་ཕྱོགས་པའི་གནས་ལས་བྱུང་། །རྣམ་སྣང་མཛད་དང་དཔག་མེད་འོད། །ལས་ ཀྱི་རྒྱལ་དང་རིན་ཆེན་འབྱུང་། །པདྨའི་གདན་བཞུགས་དེ་རྣམས་ཀྱང་། །ཁམས་སོགས་དག་པའི་མཚན་ཉིད་དོ། །སངས་རྒྱས་ལྷ་མོ་གཉིས་བར་དུ། །རེ་མིག་བརྒྱད་ལ་པད་དམར་སྟེང་། །བདུད་རྩིས་གང་བའི་བུམ་པའམ། །ཡང་ན་པདྨའི་སྣོད་རྣམས་སོ། །ཤར་ཕྱོགས་སྒོར་ནི་ ཤིན་ཏུ་སྟོབས། །རྨུགས་བྱེད་རེངས་བྱེད་ཁེངས་བྱེད་རྣམས། །ཁྲོ་མོ་གཞན་ནི་ཐོབ་པ་ལ། །དེ་བཞིན་ཁོ་ནར་རོལ་བར་མཛད། །ཕན་ཚུན་གཞན་རིགས་ལས་སྐྱེས་ཕྱིར། །ཁྲོ་བོ་དང་ནི་ཁྲོ་མོ་ཉིད། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་ལ། །མངོན་དུ་ཕྱོགས་པ་ཕྱག་རྒྱར་འགྱུར། །རེངས་བྱེད་མ་ དང་ཁེངས་བྱེད་མ། །ཤིན་ཏུ་སྟོབས་མ་ཞེས་བྱ་དང་། །རྨུགས་བྱེད་མ་རྣམས་བཙུན་མོ་ཉིད། །ཆུ་སྐྱེས་དཀར་དང་སྣང་བྱེད་ལ། །གཡས་བརྐྱང་བ་ཡི་སྟབས་ཀྱིས་གནས། །མངལ་དུ་ཟླ་བ་བཞི་པ་ལ། །མིང་གཟུགས་འབྱུང་བའི་སྐད་ཅིག་གོ། །འབྱུང་བ་བཞི་ལས་བྱུང་བའི་གཟུགས། །དེ་སྐྱེད་ཁྲོ་ བོ་ལྷག་མ་རྣམས། །དབང་པོ་དྲུག་ནི་འབྱུང་བ་ལ། །མཁའ་ལྡིང་ལ་སོགས་ཡང་དག་སྤྲོ། །ཤར་སོགས་སྒོ་ལས་བྱུང་བ་ཡི། །གཡས་སུ་ར་བའི་རྩིག་པ་ལ། །སྣམ་བུར་དབང་པོར་ལེགས་དག་པ། །མཁའ་སྙིང་ས་ཡི་སྙིང་པོ་དང་། །རྣམ་སེལ་འཇིག་རྟེན་མགོན་ཞེས་བྱ། ཁྱང་ཆུབ་སེམས་ མ་ཕྱོགས་བྲལ་དུ། །རེག་བྱ་རོ་དྲི་གཟུགས་རྡོ་རྗེ། །མ་རྣམས་ཡུལ་དག་པ་ལས་སྐྱེས། །ཤར་སོགས་སྒོ་ཡི་གཡོན་རྣམས་སུ། །ཀུན་བཟང་དང་ནི་རྡོ་རྗེ་འཛིན། །འདི་དག་འོག་དང་སྟེང་དུ་འགྱུར། །སྟེང་དང་འོག་ཏུ་འགྱུར་བ་གཞག །ཆོས་དབྱིངས་མ་དང་སྒྲ་མ་སྟེ། །དེ་དག་ཐབས་དང་ཤེས་ 14-1-176a རབ་དག །ཡེ་ཤེས་རྣམ་ཤེས་ལས་སྐྱེས་པ། །དེ་བཞིན་སྔོན་པོ་ལྗང་ཁུའོ། །འདི་ཀུན་གཡས་སུ་རིམ་པ་ཡིས། །རྡོ་རྗེ་གྲི་གུག་དགྲ་སྟ་སྟེ། །གཡོན་པ་རྣམས་སུ་དྲིལ་བུ་དང་། །ཐོད་པ་དང་ནི་ཚངས་མགོ་བཤད། །འདི་ཀུན་གཡས་དང་ཅིག་ཤོས་ཞལ། །དུས་ཀྱི་འཁོར་ལོ་ བཞིན་ཞེས་བཤད། །སྔོན་པོ་རྣམས་ནི་ནག་པོ་བཞིན། །ལྗང་ཁུ་རྣམས་ཀྱི་སེར་པོ་བཞིན། །ཇི་སྐད་བཤད་པའི་གནས་ཉིད་དུ། །འདི་དག་བསྒོམ་པར་ཡང་འདོད་དོ། །སྐྱེ་བའི་གནས་ཀྱང་གཞན་དག་ཏུ། །གཞན་དུ་ཇི་ལྟར་འདོད་པ་བཞིན། །ཁ་ཁྱེར་ལ་ནི་ཤར་གཡས་དང་། །གཡོན་དུ་དྲི་དང་ ཕྲེང་བ་གཉིས། །གཤིན་རྗེར་བདུག་སྤོས་མར་མེ་མ། །ནུབ་ཏུ་སྒེག་མོ་བཞད་མ་ཉིད། །ལྷ་བཤོས་དཔལ་ལྡན་བདུད་རྩི་ཡི། །འབྲས་བུ་མ་ནི་བྱང་དུའོ། །སྟེང་དུ་སྒྲ་མ་གར་མཁན་མ། །འོག་ཏུ་གླུ་མ་འདོད་མའོ། །དེ་ཡིས་བར་བར་མཐའ་ཡས་པའི། །གཟུང་བའི་མཚན་མ་བརྗོད་བྱ་སྟེ། །དུང་ ཆོས་ཕྲེང་བ་སྤོས་ཕོར་དང་། །མར་མེ་དར་དཔྱངས་དོ་ཤལ་དང་། །ཟན་སྣོད་བདུད་རྩིའི་འབྲས་སིལ་སྙན། །གོས་དང་རྡོ་རྗེ་མཚོ་སྐྱེས་རྣམས། །རེས་འགའ་དུ་བ་མ་ལ་སོགས། །ལྷ་མོ་བརྒྱད་དང་བུམ་པ་བརྒྱད། །ཡིད་བཞིན་ནོར་བུ་ལ་སོགས་བཞི། །དོར་ནས་ཐུགས་ཀྱི་དཀྱིལ་འཁོར་ནི། །དཔལ་ ལྡན་འདུས་པ་ལྟ་བུ་ཉིད། །ལྷ་ནི་ཉི་ཤུ་རྩ་ལྔ་པ། །འདི་ཡང་རང་སེམས་ནུས་པ་དག །ཤེས་ནས་རྣལ་འབྱོར་པས་བསྒོམ་བྱ། །གང་ཚེ་སེམས་མཆོག་ལྷན་ཅིག་སྐྱེས། །རྡོ་རྗེ་སེམས་དཔའ་སྙིང་པོར་གྱུར། །དེ་ཚེ་མགོན་པོ་བཞུགས་པ་ལའང་། །རིས་ནི་མེད་པ་ཉིད་ཀྱིས་སྐྱོན། །མེད་ཅེས་ ཐུབ་པ་ཆེན་པོས་གསུངས། །ཡང་ན་དབང་གི་དོན་དུ་ཡང་། །དཀྱིལ་འཁོར་ཕྱི་ཡི་འཁོར་ལོ་སྤངས། །འདིར་ནི་ཁྲོ་རྒྱལ་གཙུག་ཏོར་དང་། །གནོད་མཛེས་ཀྱི་ནི་རྒྱལ་པོ་དག །སྟེང་འོག་དག་ཏུ་གནས་པའང་བྱ། །ཟླ་བ་དྲུག་གིས་མ་རིག་སོགས། །དྲུག་ནི་རེག་པའི་ཡན་ལག་པར། །བདུན་པར་ ཚོར་བར་སྐྱེ་བ་ལ། །དབུ་མའི་དཀྱིལ་འཁོར་སྤྲོ་བར་བྱ། །དེ་ལ་སྤྲུལ་པའི་འཁོར་ལོར་ནི། །ཆུ་ཚོད་དྲུག་ཅུའི་རང་བཞིན་གནས། །ཤར་སོགས་ཕྱོགས་སུ་ཙ་རྩི་ཀཱ། །ལ་སོགས་རྡོ་རྗེའི་མིང་ཐོགས་ལྡན། །སྣ་ཚོགས་ཞལ་དང་རྒྱན་བཟང་ཅན། །སྤྱན་གསུམ་ལྡན་ཞིང་ཕྱག་བཞི་མ། ། 14-1-176b དབང་པོ་ཚངས་པ་དབང་ཕྱུག་དང་། །གླང་པོའི་གདོང་དང་ལྷ་མིན་དང་། །ཁྱབ་འཇུག་མཐར་བྱེད་སྦེད་བྱེད་རྣམས། །གཞན་རིགས་ཐབས་ལ་འདི་དག་ནི། །ལག་པ་ཡིས་ནི་ཀུན་དུ་འཁྱུད། །ཡི་དགས་དམར་དང་མཁའ་འགྲོའི་དབང་། །མ་ཧེ་ལྟོས་འགྲོ་ཟ་བ་དང་། །གླང་པོ་ངང་པ་ཁྱུ་མཆོག་ དང་། །སེང་གེའི་རྒྱབ་ཏུ་པདྨ་བརྒྱད། །རང་རང་ཕྱོགས་སུ་ངེས་གསལ་བ། །ཕྱོགས་དང་ཕྱོགས་བྲལ་དམར་དང་དཀར། །པདྨའི་ལྟེ་བར་ཟླ་ཉི་བྲལ། །ས་གའི་སྟབས་ཀྱིས་གནས་པ་ལ། །ཁ་དོག་མཚུངས་པའི་མཚན་ཉིད་ཅན། །ལྷ་མོའི་ཚོགས་རྣམས་བརྒྱད་བརྒྱད་ཀྱི། །འདབ་ མར་རོལ་པའི་སྟབས་ཀྱིས་བསྐོར། །ཙ་རྩི་ཀཱ་ནི་གྲི་གུག་དང་། །མདུང་དང་ཐོད་པ་ཁ་ཊྭཱཾ་འཛིན། །ཁྱབ་འཇུག་མ་ནི་འཁོར་ལོ་དང་། །དབྱུག་པ་པདྨ་དུང་གིས་མཚན། །ཕག་མོའི་མཚོན་ཆ་དབྱུག་པ་མཆོག །རལ་གྲི་དང་ནི་ལྕགས་སྒྲོག་ཕུབ། །གཞོན་ནུ་མ་ནི་ལྷ་རྫས་མདུང་། །ལྕགས་ཀྱུ་ ཞགས་པ་ནོར་བུས་མཚན། །རྡོ་རྗེ་དབང་མོ་རྡོ་རྗེ་དང་། །མདའ་དང་དྲིལ་བུ་གཞུ་འཛིན་འགྱུར། །ཚངས་མ་ལག་པར་ཆུ་སྐྱེས་དང་། །ཚངས་དབྱུག་སྤྱི་བླུགས་ལྷུང་བཟེད་འཛིན། །དྲག་མོ་རྩེ་གསུམ་ཌ་མ་རུ། །ཁ་ཊྭཱཾ་ག་དང་སྦྲུལ་གྱིས་མཚན། །དཔལ་ཆེན་མོ་ནི་པདྨ་དང་། །བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་ མཚན། །དེ་ནས་དེ་འདབ་ལྷ་མོ་ཡི། །མིང་གི་ཕྲེང་བ་བཤད་པར་བྱ། །འཇིགས་མ་དྲག་མོ་དུས་ཀྱི་ནི། །མཆེ་བ་མ་དང་མེ་འབར་གདོང་། །རླུང་གི་ཤུགས་མ་རབ་གཏུམ་མ། །སྤྱན་དྲངས་མ་དང་སྣ་ཆེན་མའོ། །གཙོ་བོ་ཁྱབ་འཇུག་མའི་འདབ་མར། །དཔལ་མོ་སྒྱུ་མ་དྲག་མ་དང་། །བཀྲ་ཤིས་མ་དང་ རྣམ་རྒྱལ་མ། །དཔལ་རྒྱལ་དཔལ་རྒྱལ་བྱེད་མ་དང་། །དཔལ་ལྡན་འཁོར་ལོ་ཅན་མའོ། །ལག་མོའི་འདབ་མར་ཀེང་རུས་མ། །དུས་མཚན་མ་དང་ཁྲོས་མ་དང་། །དུས་ཀྱི་ལྕེ་མ་གཅིགས་མ་དང་། །ནག་མོ་དྲག་མོ་གཟུགས་ངན་མའོ། །པདྨ་ལུས་མེད་གཞོན་ནུ་མ། །རི་དགས་བདག་པོས་འགྲོ་ མ་དང་། །རིན་ཆེན་ཕྲེང་མ་མིག་བཟང་མ། །རུས་མ་བརྒྱད་པ་བཟང་མོའོ། །རྡོ་རྗེ་འོད་དང་རྡོ་རྗེ་ལུས། །གསེར་ལྡན་མ་དང་ཨུརྦ་སྟེ། །བཀྲ་བའི་རི་མོ་རབ་འབར་གྲགས། །ཟུག་རྔུ་མེད་མ་ལེགས་སྒྲོལ་མའོ། །རིག་བྱེད་འདོན་མ་པདྨའི་མིག །ཆུ་སྐྱེས་ལྡན་མ་བློ་མ་དང་། །ངག་གི་དབང་ཕྱུག་གླུ་ 14-1-177a མ་དང་། །དེ་བཞིན་གློག་མ་དྲན་མའོ། །གང་དུ་དྲག་མོ་གཙོར་གྱུར་དེར། །དཀར་མོ་གངྒཱ་རྟག་མ་དང་། །མྱུར་མ་དང་ནི་འདེགས་མ་དང་། །མཚོན་བྱེད་དམར་སེར་ནག་མའོ། །དཔལ་ལྡན་དཀར་མོ་ཟླ་རིས་མ། །ཟླ་ཞལ་མ་དང་ངང་པའི་མདོག །འཛིན་མ་པདྨའི་དབང་མོ་ དང་། །སྐར་མིག་དྲི་མེད་རི་བོང་འཛིན། །སུམ་ཅུ་རྩ་དྲུག་གྲངས་མཉམ་པའི། །འདོད་དང་ཕྱིར་འདོད་ལྷ་མོ་རྣམས། །གསུང་སྐུའི་དཀྱིལ་འཁོར་ཁ་ཁྱེར་ལ། །ཞལ་གཅིག་རང་རང་ཕྱོགས་གསལ་བྱེད། །ཕྱོགས་ཆ་རེ་རེ་རྣམ་པ་དགུ། རོལ་པའི་སྟབས་ཀྱིས་ལེགས་པར་བཞུགས། །ཤར་ དུ་རལ་གྲི་ཕུབ་འཛིན་ཏེ། །གཤིན་རྗེར་མདའ་དང་གཞུ་འཛིན་རྣམས། །ཀླུར་ནི་འཁོར་ལོ་དུང་འཛིན་ཏེ། །ནོར་སྦྱིན་ཐོ་བ་ཆུ་སྐྱེས་འཛིན། །སྟེང་དང་འོག་གི་རིགས་གཉིས་ནི། །ལག་ན་གྲི་གུག་ཐོད་པ་འདོད། །གསོད་དང་བསྐྱེད་པར་འདོད་མ་ནི། །རྟ་བབས་རྩ་བའམ་སྟེང་འོག་ཏུའོ། །འདི་རྣམས་ གང་གིས་བསྐྱེད་པ་ནི། །རྒྱས་པར་དོགས་པས་མ་བཤད་དོ། །ཟླ་བ་བརྒྱད་པ་སྲེག་པ་ཡི། །ཡན་ལག་སྐུ་ཡི་དཀྱིལ་འཁོར་སྤྲོ། །ལས་དང་བྱ་བའི་འཁོར་ལོ་ཡི། རྩ་རྣམས་རྣམ་པར་དག་པ་དང་། །ནག་སོགས་ཟླ་བ་དག་པ་ལས། །དེར་ནི་ལྷ་རྣམས་བཅུ་གཉིས་འགྱུར། །རྡོ་རྗེ་དང་པོའི་མིང་ལྡན་པ། ། སྔར་བཞིན་ཡང་དག་ཡེ་ཤེས་སྦྱོང་། །ཤར་སྒོའི་གཡས་ནས་བརྩམས་བྱས་ཏེ། །དེ་རྣམས་མཁའ་སྙིང་ལ་སོགས་བཞིན། །སྒྲ་དང་སྒོ་ཡི་ངོས་རྣམས་སུའོ། །སྒོ་རྣམས་སུ་ནི་རང་རང་གི། །བཞོན་པའི་རྒྱབ་གནས་སྒོ་སྐྱོང་རྣམས། །ཕྱོགས་དང་ཕྱོགས་བྲལ་དམར་དང་དཀར། །གེ་སར་ཟེ་འབྲུ་འོད་འཕྲོ་ བ། །ཟླ་ཉི་བྲལ་བའི་འདམ་སྐྱེས་ལ། །རྡོ་རྗེའི་གདན་བཞུགས་རང་ཕྱོགས་མདོག །གཉིས་མེད་ཤེས་རབ་ལ་མངོན་ཕྱོགས། །འདབ་མ་ཉི་ཤུ་རྩ་བརྒྱད་ལ། །རོལ་པའི་རྐང་སྟབས་ཀྱིས་གནས་པ། །ཀུན་ཀྱང་ཕྱག་བཞི་ཁ་དོག་དང་། །མཚན་མ་མཚུངས་པའི་ལྷ་མོས་བསྐོར། །ཡི་དགས་ དམར་པོ་བདེན་བྲལ་ནག །རལ་གྲི་གྲི་གུག་ཕུབ་ཐོད་འཛིན། །རི་དགས་ལ་ནི་རླུང་གི་ལྷ། །ལྗོན་ཤིང་དབང་པོའི་མེ་ཏོག་དང་། །ཨིནྡྲ་ནཱི་ལ་ཨུཏྤལ་དམར། །མ་ཧེའི་པདྨར་གཤིན་རྗེ་དབྱུག །རལ་གྲི་ལྕགས་སྒྲོག་ཞགས་པ་འཛིན། །ར་ཡི་པདྨར་མེ་ལྷ་མདུང་། །དབྱུག་པ་པདྨ་ཆུ་སྐྱེས་འཛིན། ། 14-1-177b གདོང་དྲུག་ཤཀྟི་མདུང་རིན་ཆེན། །མེ་ལོང་ལྡན་པར་རྨ་བྱར་གནས། །གླང་པོའི་པདྨར་གནོད་སྦྱིན་ནི། །རིན་པོ་ཆེ་དང་བེ་ཅོན་དང་། །ནེའུ་ལེ་དང་དུང་རྣམས་འཛིན། །དབང་པོ་ས་སྲུང་བུ་ལ་གནས། །རྡོ་རྗེ་དྲིལ་བུ་མདའ་གཞུ་འཛིན། །ངང་པའི་པདྨར་ཚངས་པ་ཁབ། །བགྲང་ཕྲེང་ཆུ་སྐྱེས་སྤྱི་བླུགས་ ཅན། །གླང་གི་པདྨར་དྲག་པོ་ནི། །མདུང་དང་མདའ་དང་སྦྲུལ་གཞུ་འཛིན། །ཆུ་སྲིན་པདྨར་རྒྱ་མཚོ་ནི། །ཞགས་པ་རིན་ཆེན་ངོས་གཉིས་ལྡན། །བྱི་བའི་པདྨར་ཚོགས་བདག་ནི། །དགྲ་སྟ་མཆོག་གི་རྡོ་རྗེ་དང་། །ཞགས་པ་དང་ནི་རིན་ཆེན་ལྡན། །མཁའ་འགྲོ་དབང་པོ་ལ་གནས་པའི། ། ཁྱབ་འཇུག་འཁོར་ལོ་བེ་ཅོན་དང་། །ཆུ་སྐྱེས་སྐྱེ་བ་ལྔ་དུང་འཛིན། །མཆོག་སྡེའི་དོན་དང་རྗེས་མཐུན་པར། །འདི་རྣམས་ཕྱག་རྒྱ་འབྱུང་འགྱུར་བ། །སྲིན་མོ་དང་ནི་རབ་གཏུམ་མ། །གཤིན་རྗེ་མ་དང་ཆུ་ལྷ་མོ། །དཔལ་ཆེན་ནོར་དབང་རླུང་ལྷ་མོ། །གློག་མ་དཀར་མོ་ཕག་མོ་དང་། །གཞོན་ནུ་མ་ དང་དཔལ་མོ་རྣམས། །དཀྱིལ་འཁོར་པདྨར་བསྟན་པ་བཞིན། །ཁྱབ་འཇུག་དང་ནི་མཐར་བྱེད་དང་། །འཕྲོག་བྱེད་དང་ནི་ནོར་དབང་དག །རིམ་བཞིན་ལྗང་དང་སྔོན་པོའོ། །སྟེང་དང་འོག་གི་རིགས་ཉིད་ཀྱིས། །དེར་མ་ཡང་ན་འདོད་པས་བརྗོད། །མ་བཤད་ཕྱག་རྒྱའི་གཟུགས་རྣམས་ཀྱང་། །ཇི་ སྐད་བཤད་པའི་མིང་ཉིད་ཀྱིས། །མངོན་ཕྱོགས་ཕྱག་རྒྱ་རྣམས་ཀྱི་ཡང་། །མཚོན་ཆ་གཞན་རིགས་ཉིད་དུ་འདོད། །འདབ་མའི་ལྷ་མོ་དེ་རྣམས་ཀྱིས། །མིང་ནི་ས་བོན་མཐའ་རྡོ་རྗེ། །བཞི་བརྒྱད་མི་གདགས་འདབ་མར་ནི། །འཆད་འགྱུར་རྣམས་ལ་བརྗོད་པར་བྱ། །ལག་པ་རྐང་པའི་མཐིལ་ གཙུག་ཏོར། །བཤང་ལམ་རྩ་ཡི་རང་བཞིན་ལས། །དྲུག་དྲུག་སྒོ་བའི་ཁྲོ་བོ་དང་། །དེ་ཡི་ལྷ་མོ་ཡང་དག་སྤྲོ། །ལྷ་བདག་ཕྱོགས་སུ་དབྱུག་སྔོན་ཅན། །རལ་གྲི་རྡོ་རྗེ་ཕུབ་སྦྲུལ་ལྡན། །གཤིན་རྗེའི་ཕྱོགས་སུ་འདོད་པའི་རྒྱལ། །མདའ་དང་ལྕགས་ཀྱུ་གཞུ་ཞགས་ལྡན། །སྟོབས་ཆེན་འཁོར་ ལོ་དབྱུག་པ་དུང་། །རིན་ཆེན་ལྡན་པ་ཆུ་བདག་ཏུའོ། །མི་གཡོ་ཐོ་བ་མདུང་པདྨ། །མེ་ལོང་ལྡན་པ་ནོར་སྦྱིན་དུ། །གཙུག་ཏོར་ཅན་ནི་དགྲ་སྟ་དང་། །རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ལྡན། །གནོད་མཛེས་ཕྱག་བཞི་གྲི་གུག་དང་། །རྡོ་རྗེ་ཐོད་པ་དྲིལ་བུ་ལྡན། །འདི་དག་གཡས་བརྐྱང་སྟབས་ 14-1-178a ཀྱིས་ནི། །རང་རང་ཤེས་རབ་ཤིང་རྟར་གནས། །ཕག་རྟ་གླང་པོ་གདོང་ལྔ་པ། །བདུན་གྱི་གྲངས་དང་ལྡན་པས་དྲངས། །ཕྱོགས་ཀྱི་མདོག་དང་ལྷན་ཅིག་པ། །སྟེང་དང་འོག་གི་ཤིང་རྟ་ཡང་། །ལྗང་ཁུ་དང་ནི་སྔོན་པོ་སྟེ། །གྲངས་བདུན་མཁའ་ལྡིང་ཨ་ནི་ལ། །སེང་གེ་ རྐང་པ་བརྒྱད་པས་དྲངས། དེ་རྣམས་ཀྱི་ནི་ཤེས་རབ་ཀྱང་། །འོད་ཟེར་ཅན་དང་སྐུལ་བྱེད་མ། །དཔལ་ལྡན་རྡོ་རྗེ་ལུ་གུ་རྒྱུད། །ཁྲོ་གཉེར་ཅན་དང་ཤིན་ཏུ་ངོ་། །དྲག་ཅན་མ་རྣམས་གཞན་གྱི་རིགས། །ཟླ་བ་དགུ་པར་ལེན་པ་ལ། །སོར་མོ་ཉི་ཤུའི་རྩ་རྣམས་ནི། །རྣམ་དག་ཀླུ་དབང་བཅུ་རྣམས་དང་། ། རབ་གཏུམ་མ་རྣམས་ཡང་དག་སྤྲོ། །རྟ་བབས་ཀ་བའི་རྩ་རྣམས་སུ། །རེ་མིག་ཟུང་བཞིར་ཀླུ་རྣམས་ཏེ། །རླུང་མེ་ས་ཆུར་བུམ་པ་དང་། །རྡོ་རྗེ་པདྨ་རིན་ཆེན་ལྡན། །ཤར་དུ་པདྨ་སྟོབས་རྒྱུ་དག །གཤིན་རྗེར་ནོར་རྒྱས་དུང་སྐྱོང་དག །ནུབ་ཏུ་འཇོག་པོ་པད་ཆེན་ཏེ། བྱང་དུ་རིགས་ལྡན་མཐའ་ཡས་སོ། ། ཀླུ་དབང་རྒྱལ་བ་རྣམ་རྒྱལ་ཞེས། །འདི་དག་མཁའ་དང་ས་འོག་ཏུ། །མཁའ་དང་ཡེ་ཤེས་དཀྱིལ་འཁོར་ལ། །རྣལ་འབྱོར་དབང་པོས་བསྒོམ་པར་བྱ། །མགོ་བོ་རྣམས་ནི་གདེངས་ཀས་བཀབ། །རང་རང་ཕྱོགས་ཀྱི་མདོག་དང་ལྡན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཐམས་ཅད་རྡོ་རྗེའི་ གདན་གྱིས་གནས། །དམ་པའི་བདེ་སླད་ཁྱི་གདོང་མ། །ལ་སོགས་རབ་གཏུམ་ཕྱག་རྒྱར་འགྱུར། །པདྨ་ལ་སོགས་འདི་རྣམས་ཀྱང་། །ཐབས་ཀྱི་ཚུལ་ནི་ཇི་ལྟ་བར། །ཞལ་གཅིག་ཕྱག་གཉིས་ཕྱག་རྒྱ་ལྔ། །ལྡན་ཞིང་མི་མགོའི་ཕྲེང་བ་ཅན། །ལུས་ལ་མི་རུས་ཕྲེང་བ་དང་། །ཐོད་པའི་ཕྲེང་བ་དར་ དཔྱངས་ལྡན། །གོས་དང་ལྡན་ཞིང་སྐྲ་གྲོལ་མ། །གྲི་གུག་དང་ནི་ཐོད་པ་འཛིན། །རང་གི་བཞོན་པའི་སྟེང་རྣམས་སུ། །འཁོར་ལོར་ཟླུམ་པོའི་སྟབས་ཀྱིས་གནས། །མེ་རླུང་འཁོར་ཡུག་བར་གྱི་ནི། །དུར་ཁྲོད་དུ་ནི་བཞོན་པ་རྣམས། །ཤར་དུ་བསེ་དང་མ་མཚམས་སུ། །བྷེ་རུཎྜ་དང་ལྷོ་རུ་དོམ། ། བདེན་བྲལ་ཁྲུང་ཁྲུང་ནུབ་ཕྱོགས་སུ། །སེང་གེ་རླུང་དུ་མིག་སྔོན་པོ། །ནོར་བདག་ཕྱོགས་སུ་འབྲི་དང་ནི། །དབང་ལྡན་དུ་ནི་བཤང་ལམ་གདོང་། །མདུང་གིས་འབིགས་པར་ཁྱི་གདོང་མ། །ལྷག་མ་ཟ་བར་ཁྭ་གདོང་མ། །རོ་བསྲེགས་པར་ནི་ཕག་གདོང་མ། །དྲག་པོའི་གཡུལ་དུ་བྱ་གོད་གདོང་། ། 14-1-178b ཅེ་སྤྱང་གདོང་མ་རྣག་གི་དྲིར། །སྦྲུལ་གྱིས་བྲོས་པར་མཁའ་ལྡིང་གདོང་། །རུས་པ་བཅས་པར་སྟག་གདོང་མ། །བྱིས་པ་ཤི་བར་ལུག་གདོང་མ། །སྔོན་མོ་རྡོ་རྗེ་མིག་མ་དག །ཀུན་གྱི་སྟེང་གི་ནམ་མཁའ་དང་། །ཀུན་གྱི་འོག་གི་ས་འོག་ཏུ། །ཨ་ནི་ལ་དང་རྐང་བརྒྱད་པའི། །ཤིང་རྟར་གནས་པ་བསྒོམ་ པར་བྱ། །ཀུན་ནས་རླུང་གི་ཁོར་ཡུག་མཐར། ཞལ་མདོག་མཚོན་ཆ་སྣ་ཚོགས་པའི། །འབྱུང་པོ་བྱེ་བ་ཕྱེད་དང་བཞིའི། །ཚོགས་རྣམས་སྒྲུབ་པ་པོ་ཡིས་བསྒོམ། །དེ་ལྟར་དཔལ་ལྡན་དུས་འཁོར་ཞེས། །བསམས་ནས་དཀྱིལ་འཁོར་གསུམ་ནང་དུ། །འགྲོ་དྲུག་གནས་པའི་སེམས་ཅན་རྣམས། ། གསང་མཆོག་དཀྱིལ་འཁོར་དུ་བཀུག་ནས། །རྣམ་པར་སྣང་མཛད་སོགས་སངས་རྒྱས། །ཁམས་དང་བཅས་པ་སྙིང་གར་གཞུག །བྱང་ཆུབ་སེམས་སུ་ཞུ་གྱུར་པ། །རྡོ་རྗེ་ནས་ནི་ཡང་དག་སྤྲོ། །བྱང་ཆུབ་སེམས་དེས་དབང་བསྐུར་བར། །བསམས་ཏེ་རེག་པའི་སྐད་ཅིག་དེར། །ཞུ་བའི་ས་བོན་ སོགས་ངོ་བོས། །ཞལ་མདོག་མཚོན་ཆ་སྣ་ཚོགས་པ། །ལྷ་ཡི་གཟུགས་ཀྱི་སྐུ་ཡིས་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །དགའ་ཆེན་བདེ་བས་གང་གྱུར་པ། །རང་ལུས་དཀྱིལ་འཁོར་བདག་ཉིད་གྱུར། །གང་ཕྱིར་གསལ་བྱེད་སྣ་ཚོགས་པ། །ས་བོན་དབྱངས་དང་ལྡན་རྣམས་ཏེ། ། གསལ་བྱེད་མ་ལུས་བདག་ཉིད་ཅན། །སོ་སོར་བསྡུ་བའི་ཚུལ་ལས་ཀྵ། །སུམ་ཅུ་རྩ་གཉིས་དབྱངས་ལྡན་པ། །དེ་ནི་ས་བོན་རྣམས་སུ་འགྱུར། །ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཱ། ཀྵྷ་ཀྵྻ་ཀྵྼ་ཀྵྺ་ཀྵླ། ཀྵཱ་ཀྵྻཱ་ཀྵྼཱ་ཀྵླཱ་ཀྵླཱ། ཕུང་པོ་ཁམས་དབང་ ཡུལ་རྣམས་དང་། །ལས་དབང་དང་ནི་བྱ་བ་རྣམས། །སུམ་ཅུ་རྩ་གཉིས་མཚན་དུ་གྱུར། །རྩ་བའི་རྒྱུད་ལས་ཇི་སྐད་དུ། །སངས་རྒྱས་ཞིང་ན་སེམས་ཅན་གང་། །སྐུ་གསུམ་དམ་ཚིག་བདུད་ཡིས། །བསྐྱེད་ཅིང་རྡོ་རྗེའི་དཔལ་གྱིས་རེག །ཐམས་ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་ གསུམ་གྱི་ཡེ་ཤེས་འཐོབ། །འདིར་ནི་རྫོགས་པའི་སངས་རྒྱས་གྱུར། །བསྒོམས་ཏེ་དེ་ནས་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་གཞུག །ཅེས་གསུངས་སོ། །སྲིད་པའི་ཡན་ལག་སྲོག་སྤྲོ་བ། །རྡོ་རྗེའི་གསུང་བསྐྱེད་བཙའ་བ་བརྗོད། །གཙུག་ཏོར་དང་ནི་ལྟེ་བ་ཧོཿ། །དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། ། 14-1-179a ལྟེ་བའི་ཏོཿཡིག་འོད་རྣམས་ཀྱིས། །དཔལ་ལྡན་བདེ་ཆེན་པདྨ་རུ། །ཤེས་རབ་དང་བཅས་རྡོ་རྗེ་ཅན། །ཤེས་རབ་ཆགས་པས་ཁུ་བར་ཞུ། །དེ་མཐོང་ཡིད་མི་བདེ་བ་ཡིས། སྒྲོལ་མ་ལ་སོགས་ཤས་ཆེར་བརྩོན། བྱམས་སོགས་མཆོག་གི་རང་བཞིན་ཅན། འགྲོ་བའི་དོན་ལ་རབ་འཇུག་ཕྱིར། ། སྙན་པའི་དབྱངས་ཀྱིས་སྟོད་བྱེད་ཅིང་། །སྟོན་པ་ལ་ནི་གླུ་དག་མཛད། །སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་ དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་ཀྱེ། །རྣལ་འབྱོར་པ་ཡི་སྐྱེས་བུར་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་ གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་གདོན་པའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་སོ། །སྒྲོལ་མ་བྱམས་པའི་རང་བཞིན་ཏེ། །མཱ་མ་ཀཱི་ནི་ བརྩེ་བའི་སྐུ། །གོས་དཀར་དགའ་བའི་རང་བཞིན་ཏེ། །སྤྱན་མ་བཏང་སྙོམས་སྐུ་ཅན་ནོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཐམས་ཅད་ལ་ནི་ཁྱབ་བདག་ཉིད། །རིམ་པས་སྤྱན་མ་ལ་སོགས་གླུ། རྒྱུ་མཐུན་འབྲས་སོགས་རིམ་པ་སྟེ། །ཐུགས་སྐུ་གསུང་དང་ཡེ་ཤེས་བདག །རྡོ་རྗེ་གླུ་ཡིས་བསྐུལ་གྱུར་པ། །དེ་ གསན་ནས་ནི་སྲིད་པ་གསུམ། །མིག་འཕྲུལ་ལྟ་བུར་གཟིགས་གྱུར་ནས། །སྔར་བཞིན་ས་བོན་སོགས་ངོ་བོས། །ཁྱབ་བདག་རྫོགས་པར་བསྡོམ་བྱ་སྟེ། །དཀྱིལ་འཁོར་སྤྲོ་བའང་དེ་བཞིན་ནོ། །ཟླ་བ་བཅུ་པར་མངའ་བཅས་པ། །རྣམ་ལྔ་མངོན་པར་རྫོགས་བྱང་ཆུབ། །སྐུ་བསྐྱེད་པ་ཡི་མཚན་ཉིད་ཅན། །བསྙེན་ པའི་ཡན་ལག་དང་པོ་འདི། །ཕྱིས་ཀྱང་དེ་ལྟར་བསྒོམ་པར་བྱ། །ཨོཾ་སུ་བི་ཤུདྡྷ་དྷ་རྨ་དྷཱ་ཏུ་སྭ་བྷཱ་ཝཱ་ཏྨ་ཀོ྅ཧཾ། བསྙེན་པའི་ཡན་ལག་གཉིས་པ་ནི། །གསུང་བསྐྱེད་པ་ཡི་རྒྱུ་ལས་འགྱུར། །ཧོཿཡིག་གཉིས་ཀྱི་བར་གནས་པའི། །ཡི་གེ་སུཾ་ནི་སྔར་བཞིན་དགོད། །སྐུ་གསུང་ཐུགས་ལས་ཡང་དག་བྱུང་། །ཟླ་ཉི་སྒྲ་ 14-1-179b གཅན་མཚན་ཉིད་ཅན། །འོག་དང་སྟེང་དུ་དུས་ཀྱི་མེ། །དེ་ནི་ཤེས་རབ་གསུམ་པོའོ། །དེ་ཡི་འོད་ཀྱིས་བདག་ཉིད་ནི། །ཟླ་བ་བཞིན་དུ་ཞུ་བར་བལྟ། །མཐོང་ནས་འདིར་ཡང་བསྐུལ་བ་དང་། །ཆོ་ག་ཐམས་ཅད་སྔར་བཞིན་དུ། །གཅིག་ནི་སྲོག་འབྱུང་ཆེད་དུ་སྟེ། །གཞན་ནི་བརྒྱད་གཉིས་ལོ་ཡི་མཐར། ། བདེ་བར་སྐྱེད་པའི་ཆེད་དུའོ། །མངལ་སྐྱེས་རྣམས་ཀྱི་སྲོག་རླུང་དང་། །ཁམས་རྣམས་ཇི་བཞིན་བསྐྱེད་པ་དང་། །རྣམ་ཤེས་རབ་ཏུ་སད་བྱེད་པ། །དེ་བཞིན་སྤྱན་མ་ལ་སོགས་རྣམས། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །དུང་ཅན་མ་ལ་བརྟེན་པའི་སེམས། །དཀྱིལ་འཁོར་ལྔ་ནི་འབབ་དོན་དང་། །འགྲོ་ བའི་དོན་ཕྱིར་རྡོ་རྗེ་ཅན། །གླུ་གསན་རྡོ་རྗེ་ཆེ་ལྡན་པ། །ཁུ་བའི་གཟུགས་ནི་དོར་ནས་ཀྱང་། །སྟེང་པའི་དཀྱིལ་འཁོར་འབབ་པ་ཡི། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས། །འཁྱུད་ཙམ་ཉིད་ཀྱིས་གཞོན་དུ་ནི། །སྣ་ཚོགས་ཡུམ་དང་ལྷན་ཅིག་བཞེངས། །བྱིས་པ་རྣམས་ལ་སྲོག་ལ་སོགས། །རླུང་བཅུ་ ངེས་པར་འབབ་པ་སྟེ། །འདི་ནི་དམ་ཚིག་དཀྱིལ་འཁོར་དུ། །སྐུ་རྫོགས་པ་ཡི་མཚན་ཉིད་ཅན། །འདི་དེ་དཀྱིལ་འཁོར་རྒྱལ་པོ་ནི། །མཆོག་གི་ཏིང་ངེ་འཛིན་ཞེས་བྱ། །ཉེ་བར་བསྒྲུབ་པའི་ཡན་ལག་ཀྱང་། །ཡེ་ཤེས་སེམས་དཔའ་གཞུག་པ་སྟེ། །བྱིས་པའི་ཡུལ་དང་དབང་པོ་དག །ཡང་དག་སད་པའི་ དབྱེ་བ་ལས། །གསུང་ནི་མངོན་དུ་རྫོགས་གྱུར་པ། །རྣམ་པ་ཉི་ཤུས་རྫོགས་བྱང་ཆུབ། །བསྐྱེད་རིམ་རྣམ་གཉིས་ཤེས་བྱ་སྟེ། །སྒོང་སྐྱེས་དང་ནི་མངལ་ནས་སྐྱེས། །དེ་ནི་འཇིག་རྟེན་ཁམས་བསྐྱེད་དང་། །མི་རྣམས་བསྐྱེད་པ་ཉིད་ཀྱང་ངོ་། །སྐད་ཅིག་གིས་ནི་བསྐྱེད་པ་གང་། །དེ་ནི་རྫུས་ཏེ་སྐྱེ་བར་ འགྱུར། །རྒྱལ་བས་སེམས་ཅན་བསམ་དབང་ལས། །དེ་ཡང་བསྐྱེད་པའི་རིམ་པར་གསུང་ས། །གང་དུ་བསྐྱེད་པའི་རིམ་པ་དེའི། །རྟོག་པའི་དྲ་བ་སྤངས་པ་ནི། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་སོགས་རྣམས་ཀྱིས་རབ་ཏུ་བརྗོད། །བྱིས་པ་བཙས་པའི་སྲོག་གང་དག །དབུ་མ་ཨ་བ་ དྷཱུ་ཏཱིར་གནས། །དེ་ལས་བྱུང་ནས་དབང་པོ་དྲུག །རྣམ་ཤེས་ཡུལ་རྣམས་དང་ལྷན་ཅིག །རབ་འཇུག་དེས་ན་འོད་སྔོན་པོ། །རྡོ་རྗེ་ཤུགས་ནི་མཁས་པས་སྤྲོ། །རྐང་པ་བརྒྱད་པའི་ཤིང་རྟ་ཞོན། །ཧཱུྃ་ཡིག་རྡོ་རྗེ་ལས་བྱུང་བ། །འོད་ཟེར་རྣོན་པོས་ནམ་མཁའ་ཁྱབ། །སྲུང་འཁོར་ལས་བསྲུངས་མཚན་ 14-1-180a ཉིད་ཅན། །བདུད་དང་ཉོན་མོངས་མཐར་བྱེད་པ། །གཙོ་དེས་ཡེ་ཤེས་འཁོར་ལོ་དགུག །ལྟེ་བར་ལྕགས་ཀྱུ་བསྣུན་བྱས་ཤིང་། །མཚོན་ཆ་རྣམས་ཀྱིས་འཇིགས་བྱས་ཏེ། །ཉི་ཤུ་རྩ་བཞིའི་ཕྱག་རྣམས་ཀྱང་། །འདི་ཡི་ཞགས་པས་རབ་བཅིངས་ཏེ། །བསྒྲུབ་པར་བྱས་ནས་རང་གནས་སུ། ། འོང་བར་རྣམ་པར་བསྒོམ་པར་བྱ། །བྱིས་པའི་སྣ་ཚོགས་ཡུལ་རྣམས་ནི། །མཐའ་དག་དངོས་པོའི་མཚན་ཉིད་དོ། །བསྐྱོད་ནས་གཉུག་མའི་གནས་སུ་ནི། །རྣམ་ཤེས་འཇུག་པ་དེ་ཇི་བཞིན། །ཀུན་གཞི་ལས་སྐྱེས་མིག་དང་ལུས། །ལྕེ་དང་སྣ་ཡི་དབང་པོ་རྣམས། །རྣམ་དག་རྨུགས་བྱེད་ རེངས་བྱེད་དང་། །ཁེངས་བྱེད་དང་ནི་ཤིན་ཏུ་སྟོབས། །རིམ་བཞིན་གཞུག་དང་བཅིང་བ་དང་། །དེ་བཞིན་མཉེས་དང་རོ་མཉམ་བྱེད། །ཛཿཧཱུྃ་བཾ་ཧོཿརིམ་ཉིད་དང་། །ལྕགས་ཀྱུ་རྡོ་རྗེ་ཞགས་པ་དང་། །དྲིལ་བུ་ཧྲིཿལས་བྱུང་དབྱུག་པ། །དེ་རྣམས་ས་བོན་མཚན་མ་ཉིད། །དེ་བཞིན་སྔར་བཞིན་ ལེགས་མཆོད་ནས། །ཡེ་ཤེས་འཁོར་ལོ་ཆོ་ག་བཞིན། །མྱུར་དུ་དམ་ཚིག་འཁོར་ལོ་དང་། །གཅིག་ཏུ་གྱུར་པ་རྣམ་བསྒོམ་བྱ། །ཡབ་ཡུམ་ས་བོན་ཧཱུྃ་དང་ཕྲེཾ། །ཕུང་པོ་ཁམས་དང་དབང་པོ་ཡུལ། །ཐུང་ངུ་རིང་པོ་ཡོན་ཏན་སོགས། །འདི་ནི་ཨོཾ་དང་ཆོས་དབྱིངས་ཨཱཿ། །ཧཾ་ཧཿགཙུག་ ཏོར་ཤིན་ཏུ་སྔོ། །ཧ་ཧཱ་གནོད་མཛེས་དྲག་ལྡན་མ། །ཡཾ་རཾ་ཝཾ་ལཾ་ཁྲོ་བོ་བཞི། །ལཱཿབཱཿརཱཿཡཱཿཁྲོ་མོ་རྣམས། །ཡ་ར་ལ་ཝ་དབྱུག་སྔོན་དང་། འདོད་པ་སྟོབས་ཆེན་མི་གཡོའོ། །སྲུང་བའི་འཁོར་ལོ་གཞན་དུ་བཤད། །ལཱ་ཝཱ་ཡཱ་རཱ་ཁྲོ་མོ་རྣམས། །ཨ་ཨཿཨཱ་ཨཾ་ཧ་ཧཿཧཱ། །ཧཾ་རྣམས་ ཕྱོགས་དང་མཚམས་རིམ་བཞིན། །ནག་མོ་འབར་སོགས་དུ་བ་སོགས། །ཨོཾ་ཨཱཿཧོཿཧཱུྃ་རིམ་པ་བཞིན། །ཡིད་བཞིན་ནོར་བུ་ལ་སོགས་རྣམས། །ཧི་ཧཱི་ཧྼྀ་ཧྼཱྀ་ཧླི་ཧླཱྀ་ཧུ། །ཧཱུྃ་རྣམས་བུམ་པ་རྣམས་ཀྱིའོ། །ཧ་ཀྵ་ཧཿཀྵཿཧཱ་ཀྵཱ་དང་། །ཧཾ་ཀྵཾ་ཙརྩི་ཀ་སོགས་རིམ། །ཕྱོགས་ཀྱི་པདྨའི་མདུན་རྒྱབ་ཀྱི། ། འདབ་མ་གཉིས་སུ་ཧི་ཧཱི་དང་། །ཧྼྀ་ཧྼཱྀ་ཧླྀ་ཧླཱྀ་ཧུ་ཧཱུ་རྣམས། །ཕྱོགས་བྲལ་པདྨའི་མདུན་རྒྱབ་ཀྱི། །འདབ་མ་གཉིས་སུ་ཀྵེ་ཀྵཱི་དང་། །ཀྵྼྀ་ཀྵྼཱྀ་ཀྵླྀ་ཀྵླཱྀ་ཀྵུ་ཀྵཱུ་རྣམས། །ཕྱོགས་ཀྱི་པདྨའི་འདབ་མ་ནི། །ལྷག་མ་རྣམས་སུ་ཡ་ལ་སོགས། །ཐུང་ངུའི་དབྱངས་ཀྱིས་ཕྱ་བ་དྲུག །ཕྱོགས་བྲལ་པདྨའི་འདབ་ 14-1-180b མ་ནི། །ལྷག་མ་རྣམས་སུ་ཡ་ལ་སོགས། །རིང་པོའི་དབྱངས་ཀྱིས་ཕྱེ་བ་དྲུག །ཅ་སྡེ་ལ་སོགས་སྡེ་པ་དྲུག །ཡ་ཎའི་དེ་པ་ཧ་ཀྵ་ལྡན། །རྣམ་བཅད་བཅས་དང་ཐིག་ལེར་བཅས། །འདོད་དང་ཕྱིར་འདོད་ཚོགས་ཀྱིའོ། །སྐུ་ཡི་དཀྱིལ་འཁོར་པདྨ་ཡི། །ལྟོ་བ་བཅུ་གཉིས་རྣམས་སུ་ནི། །བདེན་བྲལ་སོགས་ ཀྱི་ཙཾ་ཉཿདང་། །ཊཾ་ཎཿཏཾ་ནཿཔཾ་མཿརྣམས། །ཁྱབ་འཇུག་མཐར་བྱེད་དབང་ལྡན་དང་། །ནོར་སྦྱིན་ཀཾ་ངཿསཾ་ྈྐཿའོ། །འདབ་མ་རྣམས་ལ་ཉ་ཉི་སོགས། །རིང་དང་ཐུང་ངུས་བྱ་བ་དྲུག །ཕྱི་ནས་བརྩམས་ཏེ་དགོད་པར་བྱ། །ཛྲྀ་ནི་ལྟེ་བར་ཤེས་རབ་མ། །རླུང་ལྷའི་པདྨར་ཙཱ་ལ་སོགས། །རིང་པོའི་དབྱངས་ལྡན་འབྱུང་ བ་སྟེ། །འདི་ནི་སྡུད་པའི་དབྱེ་བ་ལས། ཛྲཱྀ་ནི་ལྟེ་བར་ཤེས་རབ་མའོ། །ཁྱི་གདོང་མ་སོགས་ལྷ་མོ་ཡི། ས་པོན་བརྩེགས་པར་རྣམ་སྒོམ་སྟེ། །ཤར་དུ་ཀ་སྡེ་བརྩེགས་པ་ཅན། །ལ་ཐོག་ཀྵ་ཐའི་པ་ན་ལྷོ། །ནུབ་ཏུ་ས་འོག་བརྩེགས་པ་དང་། །ལ་ཐོག་ཏ་ཐའི་ཡ་ཎ་བྱང་། །ཟུར་དུ་ཅ་ཊ་ཏ་པ་སོགས། །ཀུན་ ནས་བརྩེགས་པའི་ས་བོན་ནོ། །རྒྱལ་བའི་ཧཱུཾ་དང་རྣམ་རྒྱལ་ཀྵཱུ། །ཤིན་ཏུ་སྔོན་མོ་རྡོ་རྗེ་མིག །རྣམ་བཅད་བཅས་དང་ཐིག་ལེར་བཅས། །ཀ་ས་དང་པོའི་སྡེ་པ་བརྩེགས། །འབྱུང་པོ་བྱེ་བ་ཕྱེད་དང་བཞི། །མ་ལུས་ས་བོན་སྣ་ཚོགས་པའོ། །འདིར་ནི་བཙས་པའི་བྱིས་པ་རྣམས། །ངེས་པར་གནས་སྐབས་གསུམ་ དུ་འགྱུར། །སད་དང་རྨི་ལམ་གཉིད་ལོག་ཉིད། །དེས་ན་སྐུ་སོགས་བྱིན་གྱིས་བརླབ། །དཔྲལ་བ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་གཙུག་ཏོར་ཏེ། །ཨོཾ་ཨཱཿཧཱུྃ་ཧོཿདེ་བཞིན་དུ། །སྭཱ་ཧཱ་ས་རིམ་བཞིན་བྱིན་གྱིས་བརླབས། །བྱིན་གྱིས་བརླབ་པ་འདི་ཉིད་ནི། །བྱིས་པ་མ་ཡིས་འཁྱུད་དང་མཚུངས། ། དེ་བཞིན་བདག་པོ་རྣལ་འབྱོར་པས། །ལྷ་མོའི་ཚོགས་ཀྱིས་བཀྲུ་བར་བྱ། །དཔྲལ་བར་ཨཾ་ལས་བྱུང་ཟླ་བར། །ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ། །ལས་བྱུང་སྐུའི་རྡོ་རྗེ་དཀར། །ཞལ་གསུམ་གཡས་གཡོན་ནག་དང་དམར། །ཕྱག་དྲུག་གཡས་ན་འཁོར་ལོ་དང་། །རྡོ་རྗེ་པདྨ་འཛིན་པར་དྲན། །རལ་གྲི་ དྲིལ་བུ་ནོར་བུ་གཡོན། །ཤེས་རབ་ལྷན་ཅིག་རལ་པ་འཛིན། །དཔྲལ་བ་ནས་ནི་དེ་ཕྱུང་སྟེ། །དེ་ཡིས་ནམ་མཁའ་ཀུན་ནས་དགོང་། །སྐུ་ཡི་རྡོ་རྗེའི་གདུལ་བྱ་ལ། །ཆོས་སྟོན་བྱ་བ་མཛད་ནས་སླར། །བཀུག་སྟེ་མདུན་དུ་བཞག་པ་ལ། །དབང་བསྐུར་དོན་དུ་གསོལ་བ་གདབ། །ངག་གིས་བར་དུ་མ་ཆོད་ 14-1-181a པར། །སྐུ་ཡི་རྡོ་རྗེ་འཛིན་པ་རྣམས། །བདག་ལ་མངོན་པར་དབང་བསྐུར་གསོལ། །སྐུ་ཡི་རིགས་ལས་བྱུང་བ་ཡི། །ལྷ་མོ་རྣམས་ཀྱིས་བདུད་རྩི་ཡིས། །གང་བའི་བུམ་པས་དབང་བསྐུར་ཞིང་། །བྱིན་གྱིས་བརླབ་པར་ཡང་ནི་བྱ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ། །སྐུ་ཡི་རྡོ་རྗེ་ བཅུག་ནས་ནི། །དེ་ལ་གསོལ་བ་གདབ་པ་ཡི། །ཚིགས་བཅད་འདི་གཉིས་བརྗོད་པར་བྱ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ ཕྱེད་གསུམ་བསྒོམས་ནས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །མགྲིན་པར་རེ་བ་ལས་བྱུང་བའི། །ཉི་མར་ཨ་ཡིག་གྱུར་ལས་སྐྱེས། །པདྨ་དམར་པོ་འདབ་བརྒྱད་པ། །དེ་ལས་གསུང་གི་རྡོ་རྗེ་བསྒོམ། །ཤེས་རབ་དང་བཅས་རྩ་ཞལ་དམར། །གཡོན་དང་ཅིག་ཤོས་ དཀར་དང་ནག །ཆུ་སྐྱེས་རྡོ་རྗེ་འཁོར་ལོ་གཡས། །ནོར་བུ་དྲིལ་བུ་རལ་གྲི་གཡོན། །སྔ་མ་བཞིན་དུ་ཕྱུང་ནས་ནི། །ལྷག་མ་མིང་ཙམ་གཞན་ཐ་དད། །དེ་བཞིན་སྙིང་གར་ཐིག་ལེ་ལས། །བྱུང་བའི་སྒྲ་གཅན་དཀྱིལ་འཁོར་ནི། །སྔོན་པོ་དེར་ཡང་ཧཱུྃ་ཡིག་ལས། །ཡང་དག་བསྐྱེད་པའི་རྩེ་ལྔ་པ། །རྡོ་རྗེ་ དེ་ཡོངས་གྱུར་པ་ལས། །ཐུགས་ཀྱི་རྡོ་རྗེ་རྣམ་པར་བསྒོམ། །ཤེས་རབ་བཅས་ཤིང་རྩ་ཞལ་ནས། །གཞན་དག་དམར་དང་དཀར་པོ་ཉིད། །རྡོ་རྗེ་འཁོར་ལོ་ཆུ་སྐྱེས་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཕྱུང་ནས་སྔ་མ་བཞིན་དུ་སྟེ། །ཐམས་ཅད་རྒྱས་པར་མ་བྲིས་སོ། །དེ་ནས་གཅིག་ཉིད་ སྔགས་འདི་ཡིས། །ང་རྒྱལ་ཀུན་དུ་གཟུང་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭཱ་བྷཱ་བཱཏྨ་ཀོ྅ཧཾ། དེ་བཞིན་ཁོ་ནར་ཤེས་རབ་ཀྱི། །ལྟེ་བའི་ཕྱོགས་སུ་ཧོཿཡིག་སྟེ། །གསང་བར་སྭཱ་ཡིག་གཙུག་ཏོར་དུ། ཧཱ་ཡིག་རིགས་དྲུག་དགོད་པར་བྱ། །ཁུ་བ་གཅིག་པུའི་ཆོས་ལས་ནི། །གང་ཕྱིར་ཐབས་ནི་ རིགས་གསུམ་ཉིད། །རྡུལ་དང་ཁུ་བའི་བདག་ཉིད་ཀྱིས། །ཤེས་རབ་ཀྱི་ནི་རིགས་དྲུག་འགྱུར། །དབང་བསྐུར་དེ་ནས་དེ་མ་ཐག །རང་རང་རིགས་བདག་གིས་རྒྱས་གདབ། །རྒྱས་འདེབས་སངས་རྒྱས་ཀུན་ཀྱང་ནི། །གཙུག་ཏོར་ཆོས་གོས་འཛིན་ཤེས་བྱ། །རྡོ་རྗེ་སེམས་དཔའ་ཡང་དེར་འདིར། །སྔོན་པོ་མི་བསྐྱོད་མཚུངས་པར་ 14-1-181b འགྱུར། །སངས་རྒྱས་རྣམ་ཤེས་རྒྱས་བཏབ་པ། །སངས་རྒྱས་རྒྱས་བཏབ་སངས་རྒྱས་སྐྱེས། །ཡེ་ཤེས་རྣམ་ཤེས་ཀྱིས་རྒྱས་བཏབ། །རྣམ་ཤེས་ཡེ་ཤེས་ཀྱིས་རྒྱས་བཏབ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག །བསྐྱེད་པའི་མཚན་ཉིད་ཇི་སྲིད་པའོ། །ཞེས་པ་དེ་ལྟར་རྡོ་རྗེ་ཅན། །སྲིད་གསུམ་ཐམས་ཅད་ དཀྱིལ་འཁོར་ཏེ། །ཕྱི་དང་ལུས་དང་གཞན་ལ་ཡང་། །དེ་རྣམས་སྤྲོ་དང་སྡུད་པ་སྟེ། །དངོས་པོའི་རིགས་རྣམས་ལ་ནི་དེ། །མཁའ་ཁམས་བཞིན་དུ་ཡང་དག་གནས། །རྣམ་གསུམ་སྲིད་པར་གནས་པ་དེ། །མི་རྟག་ཉིད་དུ་མི་འགྱུར་རོ། །གང་ཕྱིར་མིག་འཕྲུལ་ཇི་ལྟ་བཞིན། །འབྱུང་བའི་ཚོགས་ནི་མི་རྟག་ འགྱུར། །དེ་བཞིན་རྟག་དང་མི་རྟག་པ། །མཚུངས་མཐོང་མི་ཤེས་ཡིད་ཅན་རྣམས། །དག་ཕྱིར་འཇིག་རྟེན་བདེན་པ་ཡིས། །རྡོ་རྗེ་ཅན་གྱི་སྒྲུབ་ཐབས་བརྗོད། །སྐུ་གཅིག་ཡུམ་དང་ལྡན་པའམ། །ཡང་ན་ལྷ་མོ་དགུ་དང་ལྡན། །ཉི་ཤུ་ལྔ་པའི་བདག་ཉིད་སོགས། །རྒྱལ་བས་གདུལ་བྱའི་བསམ་པས་ གསུངས། །འདིར་ནི་སེམས་ཀྱི་ངོ་བོ་ཡིས། །གནས་པའི་བསྒྲུབ་བྱ་འགའ་ཡང་མེད། །བསྒྲུབ་བྱ་གང་ཞིག་སྒྲུབ་པ་པོ། །རྡོ་རྗེ་ཅན་གྱིས་བསྒྲུབ་པ་འཁྲུལ། །དེ་ཕྱིར་རང་སེམས་དྲི་མ་བྲལ། །དཀྱིལ་འཁོར་གྱི་ནི་གཙོ་བོར་བྱ། །ད་ནི་ཐིག་ལེ་ཕྲ་མོ་སོགས། །རྣལ་འབྱོར་བཟླས་པ་བརྗོད་པར་བྱ། །གང་ཕྱིར་མི་ རྣམས་བཅུ་དྲུག་ལོས། །ཐིག་ལེའི་བདེ་བ་ཀུན་དུ་འབྱུང་། །སེམས་མཆོག་ཐིག་ལེ་རྫོགས་པ་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བྱར་བརྗོད། །འཛག་པའི་བདེ་ལ་དམིགས་པ་ནི། །ཕྲ་མོའི་རྣལ་འབྱོར་ཞེས་བྱར་བརྗོད། །མི་རྣམས་ལག་པ་འཛིན་པ་དང་། །ཤེས་རབ་མ་ཡང་གཏོད་པར་བྱེད། །དབང་བརྟུལ་ལ་ སོགས་རྣལ་འབྱོར་པས། །ལས་དང་ཡེ་ཤེས་ཕྱག་རྒྱ་སྟེ། །རྣལ་འབྱོར་གཉིས་དང་དེ་བཞིན་བཟླས། །རྩ་བའི་རྒྱུད་བཞིན་བརྗོད་པར་བྱ། །བཅུ་དྲུག་ལོ་འམ་རིག་ལྡན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབ་བྱས་ཏེ། །དབང་བསྐུར་ནས་ནི་བསྒྲུབ་པ་བརྩམ། །སྐུ་ གསུང་ཐུགས་བྱིན་བརླབ་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭྭ་ཧཱ་གསང་བ་གཙུག་ཏོར་ཆེ། །དེ་ནས་པདྨ་རྣམ་པར་སྦྱངས། །ཨ་ཡིག་དམ་པ་འདབ་བརྒྱད་པ། །ཧཱུྃ་ཡིག་གིས་ནི་རྡོ་རྗེ་ལྡན། །དེ་བཞིན་རྡོ་རྗེ་དང་བཅས་པའི། །ཤེས་རབ་པདྨ་བསྐྱོད་རྒྱུ་ལས། །ཧཱུྃ་གིས་རང་གི་རྡོ་རྗེ་ནི། ། 14-1-182a རྩེ་མོ་ལྔ་པར་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨཱ་ཡིག་གིས་ནི་རབ་ཏུ་བརྟགས། །དེ་ལྷར་རྡོ་རྗེ་པདྨ་དང་། །བཅས་པར་བྱས་ནས་པདྨར་བཞུགས། །དེ་ལྟར་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ་བྱ། །བྷ་གར་ལིངྒ་རབ་བཀོད་ནས། །བྱང་ཆུབ་སེམས་ ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་ནས་རི་བོང་ཅན་ཧཾ་འཛག ། བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་གྲགས་པ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཕྲ་མོའི་རྣལ་འབྱོར་ཞེས་གྲགས་པ། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །དུང་ཅན་མ་འདི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོ་རབ་ཏུ་བརྗོད། །ལྟེ་བའི་སྟེང་དུ་གཡུང་མོ་གང་། །ཨ་ བ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སོགས། །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །སྣ་རྩེར་ཡུངས་ཀར་དུ་གྲགས་པ། །དེ་ཡང་སྲོག་དང་རྩོལ་བར་བཤད། །ཁམས་གསུམ་པོ་ནི་མ་ལུས་ནས། །སྲིད་པ་གསུམ་ནི་ཡོངས་ཤེས་པ། །སྲོག་འགོག་པ་ནི་ཡུངས་ཀར་མ། །དེ་ཡང་རྒྱུ་བཅས་ རྒྱུ་མེད་དུའོ། །སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །བཀོད་པ་དེ་ཡི་ཕྱོགས་སུ་སྣང་། །མཚན་མའི་མཐར་ནི་རེ་ཁཱ་གང་། །དེ་ལ་བརྟན་དང་གཡོ་བའི་གཟུགས། །རྣལ་འབྱོར་བསམ་གཏན་སོགས་དེ་ཡང་། །ཞེས་གསུངས་སོ། ། དེ་ལྟར་རྣམ་པ་སྣ་ཚོགས་སོགས། །མན་ངག་ཇི་བཞིན་རབ་དབྱེ་བས། །དགའ་བའི་ཐིག་ལེ་གཙོ་བོ་ལས། །སྐུ་གསུང་ཐུགས་དང་བཞི་པར་གྲགས། །རྒྱུ་མཐུན་ལ་སོགས་རིམ་པ་ཡིས། །ཇི་ལྟར་བྱོན་པ་དེ་བཞིན་གཤེགས། །དཔྲལ་བ་སོགས་དང་ལྟེ་བ་སོགས། །ཤེས་རབ་ཆོས་འབྱུང་ བདག་ཉིད་ལའོ། །གང་ཚེ་ཐིག་ལེ་ཕྲ་མོས་ཀྱང་། །དུས་གསུམ་པ་ཡི་སྲིད་གསུམ་ཤེས། །དུ་བ་ལ་སོགས་མཚན་མའི་མཐའ། །མཐར་ཐུག་གཟུགས་བརྙན་མཐོང་བར་བྱེད། །རྣལ་འབྱོར་པ་ཡི་དཀྱིལ་འཁོར་གྱི། །འཁོར་ལོ་སྤྲོ་བ་ཉིད་དང་ཡང་། །འཁོར་བ་པ་རྣམས་བུ་སོགས་སྤྲོ། །དེ་ 14-1-182b བཞིན་སྒྲུབ་པ་ཆེན་པོའོ། །ལུས་དང་དབྱེར་མེད་སྔགས་བཟླས་པ། །དེ་ཡང་སྲོག་དང་རྩོལ་བར་བཤད། །ལུས་ངག་སེམས་ཀྱི་རྩ་རྣམས་ནི། །གཡས་དང་གཡོན་དང་དབུ་མ་རུ། །གློག་ལས་གཞོམ་དུ་མེད་པའི་སྐད། །ཡན་ལག་དྲུག་གིས་དེ་བཞིན་བཟླས། །སོ་སོར་སྡུད་དང་བསམ་གཏན་དང་། ། སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །དབུ་མ་མཆོག་གི་དབུགས་དང་ནི། །དྲི་ཡི་ཆུ་དང་བཅས་པ་ཡིས། །རྟག་ཏུ་རིག་སྔགས་མ་མཆོད་བྱ། །ཁྱད་པར་དུས་ཀྱི་ཕོ་ཉ་མོ། །དྲང་བའི་དོན་དུ་རྣལ་འབྱོར་པ། །ཐུན་མོང་དངོས་གྲུབ་ འདོད་པས་ཀྱང་། །བགྲང་ཕྲེང་ལ་སོགས་ཆོ་ག་ཡིས། །རྟག་ཏུ་མཉམ་པར་གཞག་པས་བཟླ། །ལས་ཀུན་པ་ལ་རྡོ་རྗེ་བཞི། །འཇིག་རྟེན་ཁམས་མཐར་སྭཱ་ཧཱ་སྦྱར། །གང་ཚེ་རྣལ་འབྱོར་བཟླས་པས་སྐྱོ། །རྣམ་པར་གཡེང་བའི་སེམས་ལྡན་ན། །མཆོག་སྦྱིན་རྡོ་རྗེ་མཆོག་སོགས་ཀྱི། །བསྟོད་ པ་བྱས་ནས་རབ་མཆོད་དེ། །གཙུག་ཏོར་སྤྱི་བོ་མགྲིན་སྙིང་ག །ལྟེ་བ་གསང་བ་རྣམས་སུ་ནི། །རྡོ་རྗེ་རྩེ་མོ་བཞི་པ་དང་། །རྩེ་མོ་བཅུ་དྲུག་བར་རྣམས་བཅས། །རྩེ་མོ་སུམ་ཅུ་རྩ་གཉིས་རྣམས། །བསམས་ནས་དེ་ཡི་ལྟོ་དབུས་གཤེགས། །ལས་དང་བྱ་བའི་འཁོར་ལོར་ཡང་། །སུམ་ཅུ་པ་དང་རྩེ་ ལྔ་པར། །ཇི་ལྟར་རིགས་པར་གཤེགས་གསོལ་བྱ། །དུང་དང་གཎྜཱི་ནོར་བུ་ལྗོན། །དུ་སོགས་ཕུང་ཁམས་ལྷ་དང་བཅས། །བདེ་བ་ཆེན་པོའི་གནས་སུའོ། །སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་དང་། །ཙརྩི་ཀཱ་སོགས་ཤིང་རྟར་གནས། །འོད་ཟེར་ཅན་སོགས་ལྷ་མོ་དང་། །ཀླུ་དང་ཁྱི་གདོང་མ་ལ་སོགས། ། ཇི་ལྟར་རིགས་པས་གཤེགས་གསོལ་བྱ། །རྣལ་འབྱོར་པ་ཡིས་ཐུན་གསུམ་དུ། །སཱར་བཤད་ཆོ་གས་བདུད་རྩི་ལྔ། །ལེགས་པར་སྦྱངས་ཏེ་གཏོར་མ་སྦྱིན། །རྣལ་འབྱོར་དབང་པོས་ཉིན་སོ་སོར། །བདག་ཉིད་ཚིམ་པར་བྱ་བ་ཡང་། །སྐྱིལ་ཀྲུང་དང་ནི་སོ་རྣམས་ཉིད། །ཅུང་ཟད་ཕྱི་ཞིང་བཀུག་ནས་ བསྐྱོད། །ཡང་ན་དཔྲལ་བར་ཐིག་ལེ་དཀར། །བསམས་ནས་ཡོངས་སུ་ངལ་བ་བསོ། །ཨོཾ་ཨཱཿཧཱུྃ་ཧོཿརིམ་གནས་པ། །དེ་ཡིས་སྦྱངས་དང་རྟོགས་པ་དང་། །འབར་བ་དང་ནི་བདུད་རྩིར་བྱ། །མཐེ་བོང་མིང་མེད་དག་གིས་ནི། །སྣོད་དེ་ཆང་གི་ཐིགས་པ་ཡིས། །ཕྱི་རོལ་དུ་ནི་གྲུ་གསུམ་དང་། །དེ་དབུས་ཟླུམ་ 14-1-183a པོ་བྱས་ནས་ནི། །ཉི་མའི་གཟུགས་ལྟར་རབ་གསལ་བ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་སྲིད་གསུམ་མཆོག་བསྒོམས་ནས། །ཚིམ་པ་སོགས་ལ་འབད་པར་བྱ། །དེ་བཞིན་ནང་གི་དཀྱིལ་འཁོར་ཡང་། །སྔར་བཞིན་ཟས་དང་ཁྲུས་དང་ནི། །ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། ། ཉལ་ཚེ་སྟོང་པ་ཉིད་ལ་གཞུག །ལྡང་ཚེ་གླུ་ཡིས་བསྐུལ་བ་སྟེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རྡོ་རྗེའི་རྣལ་འབྱོར་རྟག་དྲན་བྱ། །ཡུལ་བདག་གྲོང་བདག་དག་ལ་ཡང་། །གཏོར་མ་ཆོ་ག་ཇི་བཞིན་སྦྱིན། །འཕྲོག་མ་ལ་ནི་ཆང་བུ་གཉིས། །ཕོ་ཉ་མོ་ལ་ཕུད་ཀྱི་ནི། །ཆང་བུ་ས་ལ་གཞག་པར་བྱ། །ཟོས་ ལྷག་འབྱུང་པོ་རྣམས་ལ་སྟེ། །སྦྱིན་པའི་ཚིགས་བཅད་བརྗོད་པར་བྱ། །རྣལ་འབྱོར་མ་ཐོབ་རྣལ་འབྱོར་དབང་། །གལ་ཏེ་གཡོ་བའི་སེམས་དབང་ལས། །ནམ་ཞིག་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ། །རབ་མཆོག་རིགས་སུ་སྐྱེ་བར་ཤོག །དེར་ཡང་སྔོན་གོམས་རྣལ་འབྱོར་ལྡན། །ཡེ་ཤེས་ རྣལ་འབྱོར་རབ་ཡངས་པ། །དེ་ལ་སླར་ཡང་སྤྱོད་བྱེད་ཅིང་། །ཚོགས་གཉིས་ཡང་དག་བསགས་པ་ལས། །མི་འགྱུར་མཆོག་གི་གོ་འཕང་གི། ཡེ་ཤེས་ངེས་པར་ཐོབ་གྱུར་ཏེ། །གང་དུའང་སྐྱེ་ལྡན་མིན་གྱུར་ཅིག །ཅེས་བྱའོ། །རྡོ་རྗེ་སློབ་དཔོན་ལས་ཀྱི་ཆོ་ག་ལ། །སྔོན་དུ་ནན་ཏན་བྱ་བ་གང་ཡིན་པ། །རྒྱས་ འགྲེལ་མཛད་པའི་མཁྱེན་ལྟར་སྒྲུབ་པའི་ཐབས། །འདི་ནི་རྣལ་འབྱོར་རབ་གསལ་ཞེས་བྱའོ། །མཁས་པའི་མན་ངག་དང་བཅས་བྲིས་པ་ལས། །དགེ་བ་ཡངས་པ་བདག་གིས་ཐོབ་པ་དེས། །འགྲོ་བ་མྱུར་དུ་མི་འགྱུར་བདེ་བ་ཆེ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་དང་པོའི་ སངས་རྒྱས་སུ་གྲགས་པའི་བསྐྱེད་པའི་རིམ་པ་ཐམས་ཅད་གཙོ་བོར་གྱུར་པའི་སྒྲུབ་ཐབས་དབུ་མ་ཆེན་པོའི་པཎྜི་ཏ་མཻ་ཏྲི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདིའི་གཞུང་གི་ཚད་ནི་ཅུང་ཟད་ལྷག་པའི་བཞི་བརྒྱའོ། །གཞུང་འདི་བོད་སྐད་དུ། གཅིག་ཏུ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་ གཅེས་སྤྲས་མཛད་ཅིང་། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ལ་མངའ་འབྱོར་བས་ཐུབ་པའི་དབང་པོ་དང་གཉིས་སུ་མེད་པར་ལྷར་བཅས་སྐྱེ་དགུའི་གཙུག་རྒྱན་དཔལ་ལྡན་བླ་མ་དམ་པ། ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་ལེགས་པར་སྒྱུར་ཅིག་ཅེས་བཀའ་སྩལ་པ་ 14-1-183b བཞིན་དུ། བསྟན་པ་རིན་པོ་ཆེ་གུས་པས་མཆོད་པའི་ས་སྐྱོང་ཆོས་ཀྱི་སྤྱན་ལྡན་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ་བས་མཐུན་རྐྱེན་སྩལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་གཞུང་གི་ཆ་ཙམ་རྟོགས་ཤིང་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ཇི་སྟར་བསྒྱུར་བའི་ཚུལ་རྗེས་སུ་ དཔག་པ་ལས་རྟོགས་པའི་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་ལུགས་གཉིས་ཀྱི་འདུན་ས་གཞིས་ཀ་ལྷུན་གྲུབ་གླིང་གི་སྐྱེད་མོས་ཚལ་དུ་ཟིལ་གནོན་གྱི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅུ་དྲུག་ལ་རྫོགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་བླ་མ་ཤེས་རབ་འཕགས་པ་ ཞེས་བགྱི་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཥ་ཌཾ་ག་ཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཐབས་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཏེ། འདིར་བར་མ་རིམ་པ་ལས་བཟློག་ པས་བསྟན་ཅིང་ནང་གི་ཡན་ལག་རེ་རེ་དོར་བ་སྔ་མ་མ་བསྟན་པའི་ཡན་ལག་ཕྱི་མ་བསྟན་པའི་ཤུགས་ཉིད་ཀྱིས་རྟོགས་པར་བྱ་སྟེ། དཔེར་ན་འདི་ནི་ཉིན་སྤྱོད་ཅེས་བརྗོད་པས་གཞན་མཚན་སྤྱོད་ཅེས་བྱ་བ་མ་བརྗོད་ཀྱང་ཤུགས་ཉིད་ཀྱིས་ཉེ་བར་དམིགས་པར་འགྱུར་རོ། །དེ་བཞིན་དུ་ཡང་གང་ཞིག་ཕན་ཚུན་ལྟོས་ པའི་ཆོས་ནི་མ་བསྟན་པ་ཡང་བསྟན་པའི་ཆོས་ཀྱིས་ཉེ་བར་རྟོགས་སོ། །དེའི་ཕྱིར་རྒྱུད་འདིར་ཡན་ལག་རེ་རེའི་ཁོངས་སུ་གཏོགས་པའི་ཡན་ལག་གསུམ་བསྟན་ཏོ། །བར་དུ་བཤད་པའི་ཡན་ལག་དང་པོར་བྱ་བ་ནི་འདིར་བླ་མའི་མན་ངག་སྟེ། གཞན་དུ་ན་གང་གི་ཚེ་རྒྱུད་ལས་གསུངས་པའི་རིམ་པས་གཟུང་ན་ནི་དེའི་ ཚེ་བླ་མའི་མན་ངག་ཅི་ཞིག་དགོས། །དེའི་ཕྱིར་དགོངས་པས་བཤད་པ་ལ་སོགས་པ་ཐམས་ཅད་བླ་མའི་མན་ངག་ལས་རྟོགས་པར་བྱ་བའམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་པ་ལས་ཤེས་པར་བྱ་བ་ཡིན་གྱི་མཁས་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པ་དེ་ལས་ནི་མ་ཡིན་ ནོ། །དེས་ན་བསམ་གཏན་ཞེས་བྱ་བ་ལ་སོགས་པས་ཡན་ལག་གཞན་གསུམ་ཤེས་པར་བྱའོ། །རྒྱུད་གཞན་དུ་ཡན་ལག་དྲུག་གསུངས་པ་འདིར་མདོར་བྱས་པའི་དོན་གྱིས་ཡན་ལག་གསུམ་དུ་རྟོགས་པར་བྱ་བ་སྟེ། འདིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་། ། 14-1-184a སྲོག་དང་རྩོལ་དང་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཏེ། དེས་ན་བསམ་གཏན་གྱི་སྔོན་དུ་འགྲོ་བ་ནི་སོ་སོར་སྡུད་པའོ། །སྔགས་བཟླས་པའི་སྔོན་དུ་འགྲོ་བ་ནི་སྲོག་དང་རྩོལ་བ་སྟེ། འདིར་སྔགས་བཟླས་པའི་སྒྲས་ ནི་མ་ནིང་གི་བཟླས་པའམ། རྡོ་རྗེའི་བཟླས་པ་སྟེ། སྲོག་གི་རླུང་འཛིན་པར་བརྗོད་དོ། །བདེ་བའི་སྔོན་དུ་འགྲོ་བ་ནི་རྗེས་སུ་དྲན་པ་སྟེ། དེ་ལ་བདེ་བའི་སྒྲས་ཏིང་ངེ་འཛིན་བསྟན་ཏོ། །དེ་ལྟར་ན་ཡན་ལག་དྲུག་གི་རྣལ་འབྱོར་པ་ཉིད་ནི་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཐ་མལ་པའི་ཕྱིའི་འཇིག་ རྟེན་པའི་རྣལ་འབྱོར་གྲུབ་པ་ནི་ལས་དང་པོ་པའི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྔགས་བཟླས་པ་དང་བསམ་གཏན་གྱིས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བརྟགས་པའི་བསྒོམ་པའི་སེམས་དང་བདེ་བ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་བྱུང་བའི་འཇིག་རྟེན་པའི་བདེ་བ་དང་། འབབ་པའི་རང་ བཞིན་གྱི་བདེ་བ་འཇིག་རྟེན་པའི་བདེ་བས་ནི་འོག་མིན་གྱི་གནས་ཀྱི་བར་གྱི་འཇིག་རྟེན་པའི་འབྲས་བུའོ། །དེ་ལྟར་རིམ་པ་གཉིས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར་རོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་མཆོག་གི་ཡན་ལག་དྲུག་གི་སྦྱོར་བས་ འགྲུབ་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་པར་བྱ་སྟེ། འདིར་སོ་སོར་སྡུད་པ་ནི་ཕྱིའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་འཇུག་ཅིང་། ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པ་འཇུག་པ་སྟེ། །ནང་གི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ ཀྱི་དམིགས་པ་རྣམ་པར་མ་བརྟགས་པར་མཐོང་བ་ནི་དངོས་པོ་ཐམས་ཅད་མཐོང་བ་སྟོང་པ་ཉིད་ཀྱིས་ཏེ། ཇི་ལྟར་བུ་མོས་གཟུགས་བརྙན་མཐོང་བ་ལྟར་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ནི་སོ་སོར་སྡུད་པ་ཞེས་བྱ་བ་ཡན་ལག་དང་པོའོ། །དེ་ནས་བསམ་གཏན་ནི་དངོས་པོ་ཡོད་པ་ ཐམས་ཅད་ཀྱི་སྟོང་པ་ཤེས་རབ་ཏུ་འདུས་པ་ལ་སེམས་ཀྱི་འཇུག་པའོ། །རྟོག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོའི་དོན་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་འཛིན་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ནི་དངོས་པོ་ཐམས་ཅད་ཀྱི་མི་གཡོ་བའི་ཕུན་ 14-1-184b སུམ་ཚོགས་པའོ། །དེ་ལྟར་བསམ་གཏན་གྱི་ཡན་ལག་ལྔ་བསྟན་ཏོ། །དེ་ནས་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་ལ་ལ་ནཱ་དང་། ར་ས་ནཱ་སྟེ་གཡས་པ་དང་གཡོན་པ་འགགས་ཤིང་ཨ་བ་བྷཱུ་ཏཱིར་ཐིམ་སྟེ་དབུས་ཀྱི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པའོ། །རྔུབ་པ་དང་། གནས་པ་དང་། འབྱུང་བའི་སྦྱོར་བས་ཨ་བ་དྷཱུ་ ཏཱིར་ཨོཾ་གྱིས་འཇུག་པ་དང་། ཧཱུྃ་གིས་འགོག་པ་དང་། ཨཿས་འབྱུང་བ་དང་། ཟླ་བ་དང་། སྒྲ་གཅན་དང་། ཉི་མའི་རང་བཞིན་གྱིས་གོམས་པར་བྱེད་པ་ནི་སྲོག་དང་རྩོལ་བའི་རང་བཞིན་དུ་བསྟན་ཏོ། །དེ་ནས་འཛིན་པ་ཞེས་བྱ་བ་ནི་སྲོག་གི་རླུང་ལྟེ་བ་དང་། སྙིང་ག་དང་། ལྐོག་མ་དང་། དཔྲལ་བའི་དབང་ཆིན་ དང་། ཆུ་དང་། མེ་དང་། རླུང་གི་དཀྱིལ་འཁོར་རྣམས་སུ་འཇུག་པས་ཐིག་ལེ་ལ་སྲོག་གནས་ཤིང་ཕྱིར་མི་འབྱུང་བ་ནི་འཛིན་པའི་ཡན་ལག་ཏུ་བསྟན་ཏོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་དད་པའི་ལྷའི་གཟུགས་བརྙན་མཐོང་བས་རྣམ་པར་རྟོག་པ་སྤང་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་གཟུགས་ཅན་ རབ་ཏུ་སྣང་བའི་དཀྱིལ་འཁོར་སྣ་ཚོགས་ཀྱི་ཚུལ་ཅན་ཁམས་གསུམ་དུ་སྤྲོ་བ་དེ་རྗེས་སུ་དྲན་པའི་ཡན་ལག་གོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་རང་དད་པའི་ལྷ་ལ་རྗེས་སུ་ཆགས་ཤིང་མི་འཇིགས་པའི་བདེ་བ། གཟུང་བ་དང་འཛིན་པ་མེད་པར་སེམས་རྩེ་གཅིག་པ་ཡིན་ནོ་ཞེས་ཏིང་ངེ་འཛིན་གྱི་ཡན་ལག་དེ་བཞིན་ གཤེགས་པས་གསུངས་སོ། །འདིར་ཡན་ལག་དྲུག་ནི་རྣལ་འབྱོར་མདོར་གསུངས་པ་སྟེ་རྒྱས་པར་ནི་འབུམ་སྡེའམ། དཔལ་མཆོག་དང་པོའམ། བླ་མའི་མན་ངག་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ། །འདིར་ཡན་ལག་དྲུག་གི་རྣལ་འབྱོར་དང་པོའི་ལམ་དུ་ བསྒོམ་པའི་མན་ངག་བསྟན་པ་རྒྱུད་གཞན་རྣམས་སུ་གསུངས་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་ཏེ། ཇི་སྐད་དུ་། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་འབད་པས་བསྒོམ་པར་བྱ། །ཉེ་སྒྲུབ་དུས་སུ་དེ་བཞིན་དུ། བདུད་རྩི་འཁྱིལ་པའི་གཟུགས་བསྒོམ་བྱ། །སྒྲུབ་པ་ལ་ནི་ལྟེ་ཡི་གཟུགས། །རྣལ་འབྱོར་བརྩོན་པས་བསྒོམ་པར་བྱ། །སངས་རྒྱས་མངའ་བདག་གཟུགས་ཉིད་ནི། །སྒྲུབ་པ་ཆེ་ལ་རྣམ་པར་བརྟག །ཅེས་གསུངས་ཏེ། འདིར་དགོངས་པའི་ཚིག་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་ནི་ཁམས་གསུམ་ 14-1-185a མ་ལུས་པའི་སངས་རྒྱས་ཀྱི་སྐུ་ནམ་མཁའ་ཆོས་འབྱུང་བར་ཐུགས་རྗེ་རབ་ཏུ་གཞག་ཅིང་བསྙེན་པའི་དུས་དང་པོར་སོ་སོར་སྡུད་པས་སྒོམ་ཞིང་བསམ་གཏན་གྱི་ཡན་ལག་གིས་ཀྱང་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། རྟོག་པ་ཐམས་ཅད་རྣམ་སྤངས་ཏེ། ། ཉིན་ཞག་གཅིག་ལ་རྣམ་པར་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་ཚིག་བརྫུན་ཡིན། །དེ་ལ་རྟགས་ནི་དུ་བ་ལ་སོགས་པའི་མཚན་མའོ། །གཞན་དུ་སྔགས་ལ་སོགས་པས་མ་ཡིན་ནོ། །ཞག་གཅིག་ལ་སྒྲུབ་པ་གང་གིས་སྔགས་པ་ལ་རྟགས་འབྱུང་སྟེ། དེའི་ཕྱིར་སྔགས་པས་ཡོད་པ་དང་ མེད་པའི་བློ་སྤངས་ནས་ལྟོས་པ་མེད་པར་བྱས་ལ་ཟབ་ཅིང་མི་དམིགས་པའི་སྟོང་པ་ཉིད་ལས་དུ་བ་ལ་སོགས་པའི་རྟགས་རྣམས་འབྱུང་བ་དེ་དག་བསྒོམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །བྱེད་དང་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་ས་གསུམ་པའི་སངས་ རྒྱས་ཀྱི་སྐུ་མིག་ལ་སོགས་པའི་བྱེད་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་མན་ངག་ནི། ཞལ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལ་བླ་མའི་མན་ངག་གིས་རྣལ་འབྱོར་པས་དང་པོར་ནམ་མཁའ་ལ་དུ་བ་ལྟ་བུ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ཞེས་རང་གིས་ཉམས་སུ་མྱོང་བར་ཤེས་པར་བྱའོ། །དེ་ནས་སྨིག་རྒྱུ་ལྟ་ བུ་སྟེ། དུ་བ་ལ་སོགས་པ་དེ་ཉིད་རྟོག་པ་མེད་པར་གཟུགས་བརྙན་བཞིན་དུའོ། །དང་པོ་དུ་བ་ལྟ་བུ་དང་། གཉིས་པ་སྨིག་རྒྱུ་ལྟ་བུ་དང་། གསུམ་པ་ནམ་མཁའ་ལྟ་བུ་དང་། བཞི་པ་མར་མེ་ལྟ་བུ་དང་། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་གསང་བ་འདུས་པ་དང་། མཁའ་འགྲོ་མའི་དྲ་བ་ ལས་གསུངས་སོ། །གཞན་ཡང་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ལས། བཅོམ་ལྡན་འདས་ཀྱིས། སྒྱུ་མ་ལྟ་བུའི་རྣམ་པ་དང་། །སྐད་ཅིག་རྨི་ལམ་ལྟ་བུའི་རྗེས། །དེ་ནི་ཀུན་མཁྱེན་རྒྱུ་ཡིན་ཏེ། །དངོས་གྲུབ་ཉེ་བར་སྟེར་བྱེད་པའོ། །ཞེས་གསུངས་ཏེ། དེས་ན་བཅོམ་ལྡན་འདས་ཀྱི་བཀའ་ལས་དང་ པོ་དུ་བ་ལྟ་བུ་ལ་སོགས་པའི་མཚན་མ་ནི་བསྒོམ་པའི་རྟགས་སུ་འགྱུར་རོ། །ཁ་ཅིག་ནི་གྲུབ་པའི་དུས་སུ་ཞེས་སྨྲ་སྟེ། དེ་རྣམས་ནི་དེ་བཞིན་གཤེགས་པའི་དམ་བཅའ་མ་ཉམས་པར་བྱེད་པ་སྟེ། རྟོག་པ་ཐམས་ཅད་ཡོངས་སྤང་སྟེ། །ཉིན་ཞག་གཅིག་ལ་བརྟག་པར་བྱ། །ཞེས་བྱ་བའི་བཅོམ་ལྡན་ 14-1-185b འདས་ཀྱི་བཀའ་སུན་འབྱིན་པར་འགྱུར་རོ། །གྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་པ་དང་། སྒྱུ་མ་ལ་སོགས་པ་གང་ཡིན་པ་དེ་རྟགས་སུ་མི་འགྱུར་ཏེ། དངོས་སུ་དུ་བ་དང་། འབར་བ་དང་། སྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དཔེར་ན་གུར་གུམ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་ལ་ སོགས་པའི་ཆར་གྱིས་ཀྱང་ངོ་། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རྟགས་སུ་དུ་བ་ལ་སོགས་པར་འགྱུར་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་ལྟར་མཁའ་འགྲོ་མའི་རྡོ་རྗེ་དྲ་བའི་རྒྱུད་ལས་ཀྱང་། ཡན་ལག་དྲུག་བསྒོམས་དེ་ནས་ནི། །སླར་ཡང་བདག་བྱིན་བརླབ་པར་བྱ། །དེ་ནས་གོ་རིམས་ ཇི་ལྟ་བའི། །ཆོ་གས་མཚན་མ་རྟོགས་པར་བྱ། །ཞེས་གསུངས་ཏེ། དེ་ལ་བདག་བྱིན་གྱིས་བརླབ་པ་ནི་ཀུན་རྫོབ་ཀྱི་སྟོང་པ་ཉིད་མཐོང་བའོ། །སོ་སོར་སྡུད་པའི་མཚན་མ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟ་བུར་སྣང་བ་སྟེ། དེ་ཡང་མར་མེའི་མཐའ། དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའི་ བར་དུའོ། །རྒྱུད་གཞན་རྣམས་སུ་དང་པོ་འབར་བ་ནས་ཐིག་ལེ་མཐའི་བར་དུ་སྟེ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་མཛད། ། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་བར་རྟགས་གཞན་ཡང་བཅོམ་ལྡན་འདས་ ཀྱིས་དགོངས་པའི་ཚིག་གིས་གསུངས་སོ། །སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བ་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བ་སྟེ། རྣམ་པར་ཏོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ནི་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་མཛད། ། ཅེས་བྱ་བ་ནི་ཟླ་བ་ལྟར་སྣང་བ་སྟེ། དེ་ཉིད་ཁོ་ནར་ཡེ་ཤེས་སྣང་བ་ལམ་མེ་བའོ། །འགྲོ་བའི་མར་མེ་ཞེས་བྱ་བ་ནི་ཉི་མའི་སྣང་བའོ། །ཡེ་ཤེས་སྒྲོན་མེས་བྱ་བ་ནི་སྒྲ་གཅན་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་ལྟར་སྣང་བའོ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། ། 14-1-186a ཞེས་བྱ་བ་ནི་ཐིག་ལེ་ལྟར་སྣང་བ་སྟེ་ཟླ་བའི་དཀྱིལ་འཁོར་ཁ་དོག་སྔོན་པོའི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་མཛད། །ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཁམས་གསུམ་གྱི་དངོས་པོའི་སྣང་བ་སྒྱུ་མ་དང་རྨི་ལམ་དང་མཚུངས་པ་སོ་སོར་སྡུད་པའི་སྦྱོར་བས་མཐོང་བའོ། །མིག་ གི་དབང་པོའི་བྱེད་པ་དང་། དེ་ནས་སྲོག་དང་རྩོལ་བའི་བཅིང་བ་སྟེ། བྱེད་པ་འདི་རྣམས་དང་བཅིངས་པའི་སྦྱོར་བས་ལས་གསུམ་པོ་ནི་བསྒྲུབ་པར་བྱ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་ མའི་དྲ་བ་ལས་ཀྱང་། འགྲོ་དང་མི་འགྲོ་ཁམས་གསུམ་ནི། །ཇི་སྲིད་འཇིག་རྟེན་ཁམས་རྣམས་དང་། །རྡོ་རྗེའི་ལུས་ལྡན་ཇི་སྲིད་པར། །མ་ལུས་ལུས་པ་མེད་པ་འགྲུར། ཅེས་ཡན་ལག་དྲུག་གིས་སོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་བཞིན་དུ་གསང་བ་འདུས་པ་ལས་ཀྱང་། དངོས་པོ་ མེད་ཅིང་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ། འདིར་དངོས་པོ་མེད་པ་ནི་སྤྲིན་མེད་པའི་ནམ་མཁའོ། །སྒོམ་པ་ནི་སོ་སོར་སྡུད་པའོ། །དེ་ཉིད་ནི། དངོས་པོ་མེད་པ་བསྒོམ་པ་མིན། །ཞེས་བྱ་བའོ། །འདིར་སོ་སོར་ སྡུད་པའི་བསྒོམ་པའི་ཡུལ་ནི་སྤྲིན་མེད་པའི་ནམ་མཁའ་ཡིན་པས་བསྒོམ་པ་ཡང་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་ནི་སོ་སོར་སྡུད་པས་མཐོང་བ་དེ་ཡང་དངོས་པོ་མ་ཡིན་ཏེ་མ་བརྟགས་པར་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་ རྣམས་དངོས་པོ་མེད་པར་མཐོང་བའོ། །དེ་ནས་སོ་སོར་སྡུད་པ་བསྒོམ་པའི་ཕྱིར་རྣམ་པར་རྟོག་པ་སྒོམ་པ་མི་དམིགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་འདི་ལྟ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་ དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཇི་ལྟར་རྙེད་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ནམ་མཁའ་ལ་སྦྱོར་བར་འདོད་པས་ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་ 14-1-186b ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་གཟུགས་བརྙན་དང་སྒྱུ་མ་དང་མཚུངས་པ་དང་། སྤྲིན་མེད་པའི་ནམ་མཁའ་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལྟར་སོ་སོར་སྡུད་པ་དང་། བསམ་གཏན་གྱིས་བསྙེན་པའི་ཡན་ལག་བསྟན་ཏོ། །དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་དགོངས་པས་རླུང་དུ་བཤད་དོ། ། དེའང་རྣམ་པ་གཉིས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡི་བྱིན་གྱིས་བརླབས། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་པར་བསྒོམ། །ཞེས་གསུངས་པ་ལ། འདིར་རིན་ཆེན་ལྔའི་སྒྲས་ ནི་ར་ས་ནཱ་ལ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔའོ། །དེའི་བདག་ཉིད་ཀྱི་དབུགས་ནི་རིན་པོ་ཆེ་ལྔའི་རང་བཞིན་སྣ་བུག་གཡས་པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་ལ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་སྟེ། དེ་རྣམས་ཀྱིས་ བྱིན་གྱིས་བརླབས་པ་སྣ་ཁུང་གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་བ་ནི་འདིར་གོང་བུའི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུས་མ་ཨ་བ་བྷཱུ་ཏཱིར་གཅིག་ཏུ་གྱུར་པའི། །སྲོག་གི་རླུང་དེ་ཡང་གོང་བུའི་གཟུགས་ཀྱིས་ཕྱུང་ནས་སྣའི་རྩེ་མོར་སྒོམ་པ་སྟེ། དེ་ལ་སྣའི་ རྩེ་མོའི་སྒྲས་ལྟེ་བ་དང་། སྙིང་ག་དང་། ལྐོག་མ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ལྟེ་བ་བསྟན་ཏེ་དེའི་རྩེ་མོར་བསྒོམ་པར་བྱའོ། །སྣའི་རྩེ་མོར་བསྒོམ་པ་ནི་གཡས་པ་དང་གཡོན་པའི་དབུས་ཀྱི་པདྨའི་ལྟེ་བར་རོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་ཚུལ་ཅན་སྲོག་འཛིན་པས་ན་ དེ་ཉིད་འཛིན་པར་བསྟན་ཏོ། །དེ་བཞིན་དུ་ཡན་ལག་གཉིས་ཉེ་བར་བསྒྲུབ་པ་ནི་བདུད་རྩི་འཁྱིལ་པའི་གཟུགས་ཏེ། ཉེ་བར་བསྒྲུབ་པ་དེ་ཉིད་རྡོ་རྗེ་བཟླས་པར་ཡང་བསྟན་ཏེ་ཡན་ལག་མ་ཉམས་པའི་བཟླས་པ་ནི་གཡས་པ་དང་གཡོན་པའི་རྩ་ལ་མི་རྒྱུ་བའོ། །གཙུག་ཏོར་གྱི་གཟུགས་མཐོང་ནས། ཕྱི་ནས་ སྔགས་པས་སྲོག་དང་རྩོལ་བ་ལ་བྱ་བ་སྟེ། བླ་མའི་མན་ངག་དང་དགོངས་པའི་ཚིག་ལས་རྟོགས་པར་བྱའོ་ཞེས་བྱ་བ་ནི་སྲོག་དང་རྩོལ་བ་དང་འཛིན་པ་དེའང་ཉེ་བར་བསྒྲུབཔའོ། །དེ་ནས། བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །ཞེས་གསུངས་པ་ལ། འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་ཙཎྜ་ 14-1-187a ལཱི་འབར་བར་རྣལ་འབྱོར་པས་མཐོང་བ་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བས་གཟུགས་བརྙན་ལྟ་བུའི་ཕྱག་རྒྱ་ཆེན་པོ་འབར་ཞིང་སངས་རྒྱས་ཀྱི་སྤྲིན་མཐའ་ཡས་པའི་འོད་ཟེར་གྱི་སྤྲིན་འཕྲོ་བའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ་ཅན་ཏེ་རྗེས་སུ་དྲན་པས་ནི་སྒྲུབ་པ་བསྟན་ཏོ། ། འཛིན་པའི་མཐར་ཙཎྜ་ལཱིའི་སྦྱོར་བ་སྒོམ་པ་འདི་ནི་ངེས་པའོ། །དེ་ནས་དེའི་ཡེ་ཤེས་ཀྱི་འོད་ཀྱིས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་བསྲེགས་ནས་རོ་གཅིག་པར་བྱ་ཞིང་གཡས་པ་དང་གཡོན་པའི་རྩ་ལ་གནས་པའི་རྣམ་པར་ཤེས་པ་ལ་སོགས་པ་དང་། ས་ལ་སོགས་པའི་དཀྱིལ་འཁོར་ རྣམས་ཀྱི་རང་བཞིན་དཔྲལ་བར་ཟླ་བའི་དཀྱིལ་འཁོར་དུ་ཞུགས་པ་དང་། དེ་ནས་ཙཎྜ་ལཱིའི་ཡེ་ཤེས་ཀྱི་མེའི་འོད་ཀྱིས་ཟླ་བ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པས་འོག་ཏུ་བབ་སྟེ། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་པདྨར་དགའ་བ་དང་། མཆོག་ཏུ་དགའ་བ་དང་། སྣ་ཚོགས་པའི་དགའ་བའི་ རང་བཞིན་གྱིས། དེ་ནས་རྡོ་རྗེ་ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དམ། ཡང་ན་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། མཚན་ཉིད་བྲལ་བའི་རང་བཞིན་གྱིས་ཏེ། དེ་ལྟར་བཅུ་དྲུག་གི་ཆ་ཡོངས་སུ་རྫོགས་ཤིང་བསྒོམས་པའི་སྟོབས་ ཀྱིས་ནོར་བུའི་ནང་དུ་ཆུད་པའི་བདེ་བ་གང་གི་ཚེ་འབྱུང་བ་དེའི་ཚེ་ཚིག་གི་བདེ་བ་ལྟ་བུ་དཔེ་ཙམ་ཏེ། ངོ་བོ་ཉིད་ནི་དབང་པོ་གཉིས་ལས་བྱུང་བའི་འཇིག་རྟེན་པའི་བདེ་བ་དེས་ནི་མཆོག་ཏུ་མི་འཇིག་པའི་བདེ་བའི་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །འདིར་མི་འཇིག་པའི་བདེ་བ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ གྱི་གནས་སྐབས་ནི་ཚིག་གི་ཡུལ་མ་ཡིན་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་མི་ཤེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བསྟན་ཏེ། འཇིན་རྟེན་ལ་གྲགས་པའི་མེད་པ་ཉིད་ཀྱི་དོན་དུ་ལྷུང་བར་བྱེད་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟ་ན་ཡན་ལག་དྲུག་གི་ རྣལ་འབྱོར། སྔགས་བཟླས་པ་དང་། བསམ་གཏན་དང་། བདེ་བས་རྣལ་འབྱོར་པ་ཉིད་སངས་རྒྱས་ཉིད་དེ། དག་བྱེད་སྡིག་པ་འཇིག་པར་བྱེད་པའི་མཆོག་རྣལ་འབྱོར་པས་ཚེ་འདི་ལ་བསྒྲུབ་ཅེས་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ངེས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ་ 14-1-187b བ་གསང་བ་པའི་བདག་པོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བའི་ཞལ་སྔ་ནས་ལོ་ཙཱ་བ་ཅོག་རོ་དགེ་སློང་ཏིང་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་གརྦྷཱ་ལཾ་ཀ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་ འཚལ་ལོ། །དུས་འཁོར་བདེན་པ་གཉིས་ཀྱི་བདག །ཆོས་སྐུ་ཟབ་མོ་ལོངས་སྤྱོད་རྫོགས། །འགྲོ་བ་དད་མོས་སྤྲུལ་སྐུ་དང་། །མཉམ་པ་ཉིད་ལ་ཕྱག་འཚལ་ལོ། །ཀཱ་ནི་མི་འགྱུར་ཞི་བ་སྟེ། །ལ་ནི་འདི་ལ་སྟོབས་དང་ལྡན། །ཙ་ནི་སེམས་ཀྱི་གཡོ་བ་ཉིད། །ཀྲ་ནི་རིགས་ཀྱིས་འཆིང་བ་སྟེ། ། ཡེ་ཤེས་གསུམ་ལ་ཕྱག་འཚལ་ལོ། །ཐམས་ཅད་རྨི་ལམ་ཐུགས་ཆུད་ཅིང་། །མི་མཁྱེན་མི་མངའ་ས་ལེ་མཁྱེན། །ཐུགས་ཀྱི་ཆོས་དབྱིངས་ཉིད་ལས་འབྱུང་། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་ལོ། ཆོས་ཀྱི་སྐུ་ཡི་གསུང་དང་ཐུགས། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །སྤྲུལ་ པའི་སྐུ་ཡི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་ལ་འདུད། །དཔལ་ལྡན་དུས་འཁོར་སྦྱོར་བ་འདི། །རྩོད་པའི་དུས་ཀྱི་སེམས་ཅན་གྱིས། །ཡེ་ཤེས་འདོད་ལུགས་མི་ཤེས་པས། །ང་མཁས་ཟེར་ཞིང་བྱིས་པ་འདྲིད། །རྨོངས་པ་ང་རྒྱལ་ཅན་ནི་གླེགས་བམ་མཐོང་བས་ཁེངས། །རྡོ་རྗེ་ འཛིན་འདྲའི་བླ་མ་ལ་བརྙས་ཤིང་། །ཤི་མ་ཐག་ཏུ་རྡོ་རྗེ་དམྱལ་བར་འགྲོ། །དེ་ཕྱིར་དུས་འཁོར་རྒྱན་འདི་བདག་གིས་བྲི། །དེ་ལ་དང་པོ་ཁོ་ནར་བདག་ཉིད་ལ་གནས་པ་སྟེ་རྣལ་འབྱོར་པའི་ལུས་ལ་ཁམས་དྲུག་སྟེ། འཁོར་ལོ་དྲུག་ལ་ལ་ནཱ་དང་། ར་ས་ནཱ་དང་། དབུ་མ་ཨ་བ་དྷཱུ་ཏཱི་རྩ་གསུམ་དང་བཅས་ པ་གནས་ཏེ། གཙུག་ཏོར་གྱི་འཁོར་ལོ་ལ་རྩ་འདབ་མ་ལྔའི་དབུས་ན། ཨ་ཀུ་ཧའི་སྡེ་ཚན་དང་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་དང་། རྣ་བའི་དབང་པོ་དང་། ཆོས་དང་། བྷ་ག་དང་། ཁུ་བ་དང་། འདི་རྣམས་ཀྱི་མཚན་ཉིད་དང་རང་བཞིན་བསྐྱེད་པའོ། །དཔྲལ་བར་བདེ་བ་ཆེན་པོའི་ 14-1-188a འཁོར་ལོའི་རྩ་འདབ་མ་བཅུ་དྲུག་ལ་དེའི་དབུས་ན་ཨུ་པུ་ཝ་པའི་སྡེ་ཚན་དང་། འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེའི་དབང་པོ་དང་། ཡུལ་གཟུགས་དང་། རྐང་པའི་དབང་པོ་དང་། ལེན་པ་དང་། འདི་རྣམས་སྐྱེད་པར་བྱེད་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ རྩ་འདབ་སུམ་ཅུ་རྩ་གཉིས་ནི་རྀ་ཊུ་ར་ཥའི་སྡེ་ཚན་དང་། ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་གི་དབང་པོ་དང་། རོ་དང་། ལག་པ་དང་། འགྲོ་བ་དང་། འདི་རྣམས་སྐྱེད་པའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ན་ཨི་ཙུ་ཡ་ཤའི་སྡེ་ཚན་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་ དང་། སྣའི་དབང་པོ་དང་། ཡུལ་རེག་བྱ་དང་། ངག་གི་དབང་པོ་དང་། དྲི་ཆེན་འཛག་པ་དང་། འདི་རྣམས་སྐྱེད་པར་བྱེད་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞི་ན་ལྀ་ཏུས་ལའི་སྡེ་ཚན་དང་།གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་། བཤང་བའི་ དབང་པོ་དང་། བརྗོད་པ་དང་། འདི་རྣམས་སྐྱེད་པར་བྱེད་པ་སྟེ། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་བྱའོ། །དྲུག་པ་ནི་གསང་བའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ན་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡིད་ཀྱི་དབང་པོ་དང་། སྒྲ་དང་། དབང་པོ་དམ་པ་དང་། དྲི་ཆུ་འཛག་པ་དང་། འདི་ རྣམས་སྐྱེད་པའོ། །རོ་མཉམ་ཞིང་སྐྱེད་པ་གཅིག་ཏུ་འདྲེས་པ་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་པའི་ངོ་བོ་ཤེས་རབ་ཀྱི་རྣམ་པ་ཨེའི་ཆ་བྱད་ཅན་ལྔ་པོ་ནི་ཐབས་ཀྱི་རྣམ་པ་ཝཾ་གྱི་རང་བཞིན་ཏེ། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་དང་པདྨ་ནམ་མཁའི་དབྱིངས། །བྷ་ག་ཆོས་འབྱུང་ཆུ་ སྐྱེས་ཀྱི། །ཡིག་གདན་རྡོ་རྗེ་ཅན་ཞུགས་པ། །བདག་གི་རྒྱུད་ཀྱི་ནང་དུ་གསུངས། །རྡོ་རྗེ་ཅན་ཝཾ་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཤྲཱི་ཧེ་རུ་ཀ་དུས་འཁོར་ལོ། དང་པོའི་སངས་རྒྱས་སོགས་མིང་དང་། །སྣ་ཚོགས་ཡུམ་གྱི་མིང་རྣམས་ཀྱིས། །གནས་དང་རྟེན་གྱི་མཚན་ཉིད་དང་། ། བརྟེན་པ་དག་གིས་གསུངས་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །སྟོན་པ་ཀུན་མཁྱེན་རྡོ་རྗེ་འཆང་། །སངས་རྒྱས་སེང་གེའི་གདན་བཞུགས་པ། །དུས་ཀྱི་འཁོར་ལོ་སྟོན་པ་པོ། །ཟླ་བ་བཟང་པོ་ཁྱོད་ཀྱིས་ཞུས། །ཞེས་གསུངས་སོ། །གཅིག་པ་ནི་ནམ་པར་ཤེས་པའི་བདག་ཉིད་སེམས་གཅིག་ 14-1-188b གི་རང་བཞིན་ནོ། །དེ་ལ་ལ་ནི་རྣམ་པར་ཤེས་པ་བརྒྱད་དུ་འདོད་དོ། །ལ་ལ་ནི་དྲུག་ཏུ་འདོད་དོ། །ལ་ལ་ནི་གསུམ་དུ་འདོད་དོ། ལ་ལ་ནི་རྩ་བའི་རྣམ་པར་ཤེས་པ་དང་དགུ་རུ་འདོད་དོ། །ངེས་པའི་དོན་དུ་རྣམ་པར་ཤེས་པ་གཅིག་ཉིད་ཡིན་གྱི་དུ་མ་ནི་མ་ཡིན་ནོ། །དེ་ཡང་ལུང་དང་རིགས་པས་མངོན་ཏེ། ལུང་ དེ་མདོ་སྡེ་ལང་ཀར་གཤེགས་པ་ལས། ཀུན་གཞི་རྣམ་པར་ཤེས་པ་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་ཀླུང་གི་དབའ་རླབས་དང་འདྲ་བ་འབྱུང་ཞེས་པ་དང་། སྡེ་སྣོད་གསུམ་ལས་ཀྱང་། རིང་དུ་རྒྱུ་ཞིང་གཅིག་པར་གནས། །ལུས་མེད་དབང་པོའི་ཕུག་སོང་བ། །གདུལ་བར་དཀའ་ བའི་སེམས་འདུལ་བྱེད། །འདི་ནི་བྲམ་ཟེ་ངས་བཤད་དེ། །བདུད་ཀྱིས་བཅིངས་པ་ལས་གྲོལ་འགྱུར། །ཞེས་པ་དང་། རྒྱུད་ཀྱི་རྒྱལ་པོ་ཉིད་ལས་ཀྱང་། བྱ་བ་པོ་དང་བྱེད་པ་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་གྱི་ཇི་ལྟར་སྦུབས་ཀྱི་སྲིན་བུ་བཞིན་ནོ་ཞེས་སོ། །དཔལ་སངས་རྒྱས་ཐོད་པ་ལས་ཀྱང་། སེམས་གཅིག་དྲི་མེད་མེ་ལོང་བཞིན། །གང་བསམ་དེ་ནི་གཟུགས་བརྙན་ཏེ། །རྨི་ལམ་ལྟ་བུར་ཤེས་མོད་ཀྱི། །འོན་ཀྱང་རྣམ་པར་རྟོག་པས་གཟུང་། །ཞེས་པ་སྟེ། རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས་ཀྱང་། རྣམ་པར་ཤེས་པ་གཅིག་ཉིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་པས་ ཀྱང་རྣམ་པར་ཤེས་པ་བརྒྱད་ནི་མི་འཐད་དེ། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞི་ལ་ལ་ནི་ཆོས་ཅན་ལ་དམིགས་པ། ལ་ལ་ནི་ཆོས་དང་ཆོས་ཅན་གཉིས་ཀ་ལ་དམིགས་ཟེར་ཏེ། གང་ཆོས་ཅན་ལ་དམིགས་པའི་ཡེ་ཤེས་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ མ་ཡིན་ཏེ། ཆོས་ཅན་ལ་དམིགས་པའི་ཕྱིར་དཔེར་ན་སེམས་ཅན་བཞིན་ནོ། །ཁ་ཅིག་ན་རེ་ཀུན་གཞི་རྣམ་པར་ཤེས་པ་རྒྱུན་བརྟན་པ་ཡིན་ལ་འཇུག་པའི་རྣམ་པར་ཤེས་པ་མི་བརྟན་པ་ཡིན་ཟེར་རོ། །དེ་ལ་སྐད་ཅིག་མ་སྐྱེ་འགག་བྱེད་མི་བྱེད་བརྟགས་ཏེ། དེ་ལ་དུ་མ་ནི་ཀུན་གཞི་སྐད་ཅིག་མ་ཁས་ལེན་ཏེ། སྐད་ཅིག་མ་མི་རྟག་པ་དེ་དང་རྒྱུན་གྱི་མི་རྟག་པ་དེ་གཉིས་སྐད་ཅིག་མ་མི་རྟག་པར་ཁྱད་པར་མེད་དེ་མི་རྟག་པའི་ཕྱིར་ན་འོ། །དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་དུ་མ་མ་ཡིན་ཏེ་གཅིག་ཁོ་ན་ཐེ་ཚོམ་ཡིན་ནོ། །འདི་ལ་ཁ་ཅིག་འདི་སྐད་དུ་སེམས་པར་འགྱུར་ཏེ། འདུ་ཤེས་ 14-1-189a ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་པ་ལ་སོགས་པ་རང་རིག་པའི་དབྱེ་བ་ལ་སོགས་པ་ཉམས་སུ་མྱོང་བས་ན་རྣམ་པར་ཤེས་པ་ཡིན་ནོ། །གཟུགས་ཀྱི་ཕུང་པོ་ཇི་ལྟར་རྣམ་པར་ཤེས་པ་ཡིན་ཞེ་ན། སྨྲས་པ། མངོན་པའི་མདོ་ལས་ཀྱང་། རྡུལ་ཕྲ་རབ་ཀྱི་ས་མ་བྱས། །ས་རྣམས་ ལྟ་བུར་ཀུན་གཞི་སྣང་། །ཇི་ལྟར་འོ་མ་གྱུར་པ་ལས། །ཡོན་ཏན་ཞོ་དང་དར་བ་འབྱུང་། །དེ་བཞིན་རྣམ་ཤེས་གྱུར་པས་ནི། །རྣམ་པར་གྱུར་ནས་གཟུགས་སུ་སྣང་། །ཞེས་གསུངས་པ་དང་། ཡང་ཐེག་པ་ཆེན་པོའི་མདོ་སྡེ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་བརྟག་པ་ཡི། །ཕྱི་རོལ་ དངོས་པོ་ཡོད་མིན་པར། །བག་ཆགས་ཀྱིས་ནི་སྦགས་པའི་སེམས། །དོན་གྱི་དངོས་པོར་རབ་ཏུ་སྐྱེས། །ཞེས་སོ། །མདོ་སྡེ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །དེའི་ཕྱིར་ན་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་རྣམ་པར་ ཤེས་པ་ལས་གུད་ན་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་ཡང་གྲུབ་པ་མེད་དོ། །དེས་ན་ཁམས་གསུམ་འདི་དག་ནི་རང་གི་སེམས་ཉིད་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཡེ་ཤེས་ལ་སོགས་པར་རྣམ་པ་སྣ་ཚོགས་སུ་སྣང་ངོ་། །དེ་ཡང་ཤེས་པའི་རང་གི་མཚན་ཉིད་དུ་གཅིག་གོ། ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསལ་བར་གསུངས་ཏེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་། རྣམ་པ་ཀུན་ནི་རང་གི་སེམས་ཉིད་དེ། །ཡུལ་དང་བྲལ་བ་རང་གི་སེམས་ཉིད་མིན། །ཞེས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། ལུས་སེམས་ལྟ་བུ་སྐྱེད་ཅིག་ཅེས་བྱ་བ་ལ་སོགས་ པ་གསུངས་སོ། །དེ་ནས་ཐོག་མ་མེད་པ་ནས་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བྱེ་བྲག་གིས་ཡུལ་སེམས་ཐ་དད་པར་སྣང་ཞིང་ངོ་བོ་ཐ་དད་པ་ནི་མ་ཡིན་ནོ། །དེ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་སཾ་པུ་ཊ་ལས། ཆུ་བོའི་རྒྱུན་དང་དེ་བཞིན་ རྒྱ་མཚོ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཐམས་ཅད་ཀྱང་རྒྱ་མཚོ་ལས་བྱུང་ནས་སླར་ཡང་རྒྱ་མཚོར་འཇུག་པ་དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་ལས་བྱུང་ནས་སླར་རྣམ་པར་ཤེས་པ་ལ་འཇུག་གོ། །སྨྲས་པ་ 14-1-189b རྣམ་པར་ཤེས་པ་ཉིད་ཐོག་མ་མེད་པ་ནས་སྤྲོས་པའི་བག་ཆགས་ལ་ཞེན་པའི་དབང་གིས་གཟུང་འཛིན་དུ་སྣང་བ་དང་། བེམ་པོ་རུ་སྣང་བ་དེའི་ཕྱིར་ཏེ། རྣམ་པར་ཤེས་པ་ཉིད་ཐ་དད་དུ་སྣང་བས་སོ། །དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་ལྟ་བུའམ། །ཤེལ་དག་པ་ཚོན་གྱིས་བསྒྱུར་བ་ལྟ་བུའོ། ། དེ་ཡང་ ཡུལ་གྱི་བྱེ་བྲག་གིས་ཤེས་པ་དེ་ཉིད་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་ཐ་དད་པར་སྣང་གི་ངོ་བོ་ལ་ནི་མ་ཡིན་ནོ། །ཤེས་པ་དག་ནི་གར་མཁན་དང་། མིག་འཕྲུལ་མཁན་དང་། སྒྱུ་མ་མཁན་དང་འདྲའོ། །དེ་ཉིད་རང་བྱུང་གི་ཡེ་ཤེས་དང་གཟུང་བ་དང་འཛིན་པ་ཉིད་ ཀྱིས་སྟོང་པ་སྤྲོས་པའི་མཐའ་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཆེན་པོ་སྟེ། གང་ནས་ཀྱང་མ་བྱུང་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པ་གཉིས་ཀྱིས་སྟོང་པའི་ཕྱིར་དང་། སྟོང་པ་དང་། སྙིང་རྗེ་དབྱེར་ མེད་པའི་ཕྱིར་དང་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས་ཀྱང་། དངོས་པོ་ཀུན་དང་རྣམ་བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། སྟོང་ པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་བས་ན་རྣམ་པར་ཤེས་པའམ་ཡེ་ཤེས་ ནི་གཅིག་ཁོ་ནའོ། །ཐུན་མོང་བཅའ་གཞིའི་རིམ་པ་སྟེ་དང་པོའོ།། །།ད་ནི་ལྷའི་ངོ་བོ་གསལ་བར་བྱ་སྟེ། དེ་ཡང་གསང་བ་འདུས་པ་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །ཁྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ མཆོག །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མར་གྲགས། །ཞེས་གསུངས་ཏེ། དེས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་ལོ། །རིགས་དྲུག་པ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། ཕུང་པོ་དྲུག་དང་། ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་ 14-1-190a དྲུག་དང་ལས་ཀྱི་དབང་པོ་དྲུག་ཅེས་གསུངས་སོ། །དེ་གསལ་བར་བསྟན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་ བསྐྱོད་པའོ། །ཡེ་ཤེས་ཀྱི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །ས་ནི་སངས་རྒྱས་སྤྱན་ནོ། །ཆུ་ནི་མ་མ་མཱ་ཀཱིའོ། །མེ་ནི་གོས་དཀར་མོའོ། །རླུང་ནི་སྒྲོལ་མའོ། །ནམ་མཁའ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཡེ་ཤེས་ཀྱི་ཁམས་ནི་སྣ་ཚོགས་ཀྱི་ཡུམ་མོ། །མིག་གཉིས་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ཞེ་ སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་ཕྲག་དོག་རྡོ་རྗེའོ། །ཡིད་ལ་དབང་ཕྱུག་རྡོ་རྗེའོ། །གཟུགས་ལ་གཟུགས་ཀྱི་རྡོ་རྗེའོ། །སྒྲ་ལ་སྒྲའི་རྡོ་རྗེའོ། །དྲི་ལ་དྲིའི་རྡོ་རྗེའོ། །རོ་ལ་རོའི་རྡོ་རྗེའོ། །རེག་ལ་རེག་གི་རྡོ་རྗེའོ། །ཆོས་ལ་ཆོས་ཀྱི་རྡོ་རྗེའོ། །ངག་གི་བརྗོད་པ་དང་ དབང་པོ་ལ་གཤིན་རྗེ་མཐར་བྱེད་ཡབ་ཡུམ་མོ། །ལག་པ་དང་ལེན་པ་ལ་ཤེས་རབ་མཐར་བྱེད་ཡབ་ཡུམ་མོ། །རྐང་པ་དང་འགྲོ་བ་ལ་བགེགས་མཐར་བྱེད་ཡབ་ཡུམ་མོ། །བཤང་ལམ་དང་དྲི་ཆེན་ལ་པདྨ་མཐར་བྱེད་ཡབ་ཡུམ་མོ། །བྷ་ག་དང་དྲི་ཆུ་་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡབ་ལུམ་མོ། ། དམ་པའི་དབང་པོ་ཁུ་བ་ལ་གནོད་མཛེས་ཡབ་ཡུམ་མོ། །དེས་ནི་ལུས་རྣམ་པར་དབེན་པ་གསལ་བར་བསྟན་ཏོ། །ལྷ་སུམ་ཅུ་རྩ་དྲུག་པོ་དེ་ནི་འཁོར་ལོ་དྲུག་ལ་གནས་ཏེ། གཙུག་ཏོར་གྱི་འཁོར་ལོ་ན་རྩ་འདབ་མ་བཞིའི་དབུས་ན་མི་བསྐྱོད་པའི་རིགས་རྣམས་གནས་སོ། །དཔྲལ་བ་བདེ་བ་ ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་པའི་དབུས་ན་འོད་དཔག་མེད་པའི་སྡེ་གནས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་རིན་ཆེན་འབྱུང་ལྡན་གྱི་རིགས་རྣམས་གནས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་པའི་དབུས་ན་དོན་ཡོད་གྲུབ་པའི་ སྡེ་གནས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་དབུས་ན་རྣམ་པར་སྣང་མཛད་ཀྱི་རིགས་རྣམས་གནས་སོ། །གསང་བའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་རྡོ་རྗེ་སེམས་དཔའི་རིགས་གནས་སོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་ 14-1-190b མོའི་དཀྱིལ་འཁོར་དུ་གསལ་བར་བསྟན་པས་ཐ་མལ་པའི་རྣམ་པར་རྟོག་པ་བསལ་ནས་དེ་ཉིད་དུ་གསལ་ལོ། །དེ་ཡང་འཁོར་ལོ་རེ་རེ་ལ་དྲུག་དྲུག་ཏུ་བསྟན་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཤར་ན་དོན་ཡོད་གྲུབ་པ་གནས།ལྷོ་ན་རིན་ཆེན་འབྱུང་ལྡན་གནས། ནུབ་ན་རྣམ་པར་སྣང་མཛད་གནས། བྱང་ན་ སྣང་བ་མཐའ་ཡས་གནས། དབུས་སྟེང་ན་མི་བསྐྱོད་པ། འོག་ན་རྡོ་རྗེ་སེམས་དཔའོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། སྟོང་པ་ཆེན་པོའི་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་སོ། །ལུས་རྣམ་པར་དབེན་པའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་གསུང་རྣམ་ པར་དག་པའི་སྲོག་རྩོལ་བརྗོད་དེ། དེ་ཡང་འཁོར་ལོ་དྲུག་ཏུ་གཙུག་ཏོར་དུ་ཨ། དཔྲལ་བར་ཨུ། མགྲིན་པར་རྀ། སྙིང་གར་ཨི། ལྟེ་བར་ལྀ། གསང་བར་ཨཾ་གནས་སོ། །དེ་ནི་གཙུག་ཏོར་ན་ཨ་སྟོང་པའོ། །དཔྲལ་བ་ན་ཨོ་དང་ཨུ་དང་ཧཱའོ། །མགྲིན་པར་ཨར་རོ། །སྙིང་གར་ཨི་དང་ཡའོ། ། ལྟེ་བ་ན་ཏ་དང་ཨལ་ལོ། །གསང་བར་ཨཾ་ངོ་། །དེ་ལྟར་སྣ་རྩེ་རེ་རེ་ན་ཡང་དྲུག་དྲུག་གནས་ཏེ། འཁོར་ལོ་དྲུག་གི་ཤར་ནས་རླུང་རྒྱུ། ལྷོ་ནས་མེ་རྒྱུ། ནུབ་ནས་ས་རྒྱུ། བྱང་ནས་ཆུ་རྒྱུ། དབུས་སྟེང་ནས་ནམ་མཁའ། དབུས་འོག་ནས་ཡེ་ཤེས་རྒྱུ་སྟེ། དེ་བཞིན་དུ་འཁོར་ལོ་ལྔ་ལས་ཀྱང་དེ་བཞིན་དུ་རྒྱུའོ། ། དེ་རྣམས་ཀྱང་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱི་ནས་རིམ་པ་བཞིན་རྒྱུ་སྟེ། འབྱུང་བ་ལྔའི་དབུགས་ཕུང་པོ་ལྔ་བསྐྱེད་པའི་བདག་ཉིད་ཡན་ལག་ལྔའི་རླུང་ལྔ་རྒྱུ་སྟེ། རྡོ་རྗེ་སྒོའི་རྒྱུད་ལས། སྲོག་དང་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །རྒྱུ་ དང་རྣམ་པར་རྒྱུ་བ་དང་། །ཡང་རྒྱུ་རྣམ་པར་རྒྱུ་བ་དང་། །རབ་ཏུ་རྒྱུ་དང་ངེས་པར་རྒྱུ། །ཞེས་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང་། སྲོག་ཅེས་བྱ་བའི་རླུང་གཅིག་པུ། །རྣམ་པ་བཅུ་རུ་འགྱུར་བ་སྟེ། །སྟེང་དང་འོག་དང་ཤར་དུའོ། །ཞེས་གསུངས་སོ། །དེ་ཉིད་རྣམ་པར་གྲོལ་ཏེ་སྟེང་དུ་ནི་ནམ་ མཁའི་རང་བཞིན་གྱེན་དུ་རྒྱུ་བ་ལྗང་ཁུའོ། །འོག་ཏུ་ཡེ་ཤེས་ཀྱི་རང་བཞིན་ཐུར་དུ་སེལ་བ་སྔོན་པོའི་རླུང་ངོ་། །ཤར་དུ་འོད་ཟེར་ནག་པོ་མཉམ་པའི་རླུང་ངོ་། །ནུབ་ཏུ་སྲོག་གི་རླུང་སེར་པོའོ། །ལྷོར་ཁྱབ་བྱེད་ཀྱི་རླུང་དམར་པོའོ། །བྱང་དུ་ལྷ་སྦྱིན་གྱི་རླུང་དཀར་པོའོ། །དེ་བཞིན་དུ་རུས་སྦལ་དང་། ཀླུ་ 14-1-191a དང་། རྩངས་པ་དང་། ནོར་རྒྱས་ཏེ་རླུང་བཅུའོ། །དེ་ཡང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་དབུགས་འཁོར་ལོ་དྲུག་ནས་ཁྱབ་པར་རྒྱུ་སྟེ། དེ་ཡང་ལ་ལ་ནཱ་ནས་ཁྲི་བཞི་བརྒྱ་དྲུག་ཅུ་རྩ་ཕྱེད་དང་གསུམ་རྒྱུ། ར་ས་ནཱ་ནས་ཁྲི་བཞི་བརྒྱ་དྲུག་ཅུ་རྩ་ཕྱེད་དང་གསུམ་རྒྱུ། ཨ་བ་དྷཱུ་ཏཱི་ནས་དྲུག་བརྒྱ་ བདུན་ཅུ་རྩ་ལྔའི་དབུགས་རབ་ཏུ་རྒྱུའོ། །དེ་ལྟར་ལྟེ་བའི་འཁོར་ལོ་ལ་རཱ་ཤི་བཅུ་གཉིས་ཀྱི་འདབ་མ་ལ་རིམ་པ་བཞིན་དུ་རྒྱུ་སྟེ། ལུག་ལ་སོགས་པ་མི་མཐུན་པའི་འདབ་མ་ལ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་ལས་ཨ་བ་དྷཱུ་ཏཱི་ནས་བཞི་ཆ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྒྱུའོ། །གླང་ལ་སོགས་པ་མཐུན་པའི་ འདབ་མ་ལས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་ལས་ཨ་བ་དྷཱུ་ཏཱིར་བཞི་ཆ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྒྱུའོ། །དེ་དབུགས་དྲུག་དྲུག་ལས་ཆུ་སྲང་དུ་འགྱུར་རོ། །ཆུ་སྲང་དྲུག་ཅུ་ལས་ཆུ་ཚོད་དུ་འགྱུར་རོ། །ཆུ་ཚོད་ལྔས་དུས་སྦྱོར་དུ་འགྱུར་རོ། །དུས་སྦྱོར་ཕྱེད་དང་གཉིས་ཀྱིས་ཐུན་རེ་ཐུན་བརྒྱད་དོ། ། དུས་སྦྱོར་གཉིས་གཉིས་ཀྱིས་དུས་དྲུག་གོ། །དུས་སྦྱོར་གསུམ་གསུམ་གྱིས་དུས་བཞིའོ། །དུས་སྦྱོར་བཞི་བཞིས་དུས་གསུམ་དུ་འགྱུར་རོ། །དུས་སྦྱོར་དྲུག་དྲུག་གིས་བགྲོད་པ་གཉིས་ཏེ། དེ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་གཅིག་པུའི་བཞོན་པའོ། །འཁོར་ལོ་དྲུག་དང་རྩ་གསུམ་ནས་བྱུང་ནས་དབང་ པོའི་ཡུལ་ནས་ཡུལ་རྣམས་ལ་ངེས་པར་རྒྱུའོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ལས་གསལ་བར་གསུངས་ཏེ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །ཞེས་གསུངས་སོ། །སྣའི་རྩེ་མོ་ནི་འཁོར་ལོ་ལྔ་ པའོ། །འཁོར་ལོ་རེ་རེ་ལ་ཡང་ལྔ་ལྔ་སྟེ། དྲུག་པ་ནི་འཁོར་ལོའི་གསང་བའོ། །འཁོར་ལོ་རེ་རེ་ནི་འོག་ནས་སོ། །འབྱུང་བ་དྲུག་ནི་ལྷག་པའི་ཨི་ཨ་རྀ་ཨུ་ལྀ་ཨཾ། དེ་ལྟར་ན་རླུང་གི་རང་བཞིན་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་རང་ཉིད་ལས་གཞན་མ་ཡིན་ནོ། །རླུང་གི་བརྟེན་གནས་དང་། སྔགས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་དང་འཇུག་པ་དང་གནས་པ་དང་བདེ་བ་ལ་ཨོཾ་ཨཱཿཧཱུྃ་ཧོཿའོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་བཞི་གྲུབ་པའོ། །དེ་ཡང་སྦྱོར་བ་ཡན་ལག་དྲུག་ལ་བསླབ་པར་བྱ་སྟེ། སྲོལ་རྩོལ་ནི་ 14-1-191b རྡོ་རྗེའི་བཟླས་པའོ། །སྲོག་རྩོལ་གྱི་དབང་གིས་སེམས་མི་ཡེངས་པ་ནི་བསམ་གཏན་ནོ། །བསམ་གཏན་གྱི་ཡུལ་ལྔའོ། །དབང་པོ་ལྔ་འགག་པ་ནི་སོ་སོར་སྡུད་པའོ། །དེ་ཡིས་རང་གནས་སུ་བཟུང་ནས་ནི་དེ་བཞིན་དུ་བཟུང་བའོ། །དེ་ནས་བདེ་བའི་གནས་ལ་གནས་པ་ནི་རྗེས་སུ་དྲན་པའོ། །དེ་ནས་མ་ ཡེངས་པ་ནི་ཏིང་ངེ་འཛིན་ནོ། །གསུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་གསུམ་པའོ།། །།ད་ནི་ཐུགས་རྣམ་པར་དག་པ་བརྗོད་པའི་ཕྱིར་ནམ་མཁའ་ལ་སོགས་པ་དང་། བླ་གབ་མེད་པ་ལ་གོམས་པ་དང་སྦྱོར་བའི་ཡན་ལག་དྲུག་ལ་བསླབ་པའི་གོམས་པ་སྐྱེ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། ། བསྒོམ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདི་ལྟ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་གསོལ་ཏོ། །གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཇི་ལྟར་ནན་ཏན་དུ་བྱ། གང་རྣལ་འབྱོར་དུ་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དེས་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སའི་རླུང་ཆུ་ལ་ཐིམ་པས་གཙུག་ཏོར་གྱི་འཁོར་ལོ་དཔྲལ་ བའི་ཡི་གེ་ཨཾ་ལས་མགྲིན་པའི་འཁོར་ལོར་ཐིམ་པས་དགའ་བ་དང་པོ་སྐྱེ་སྟེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་ཀྱི་རགས་པ་འགགས་ནས་རང་བཞིན་སུམ་ཅུ་རྩ་གསུམ་གྱི་རྣམ་པར་རྟོག་པ་འགགས་ནས་དགའ་བའི་ཡེ་ཤེས་སྐྱེ་སྟེ། དེའི་རང་བཞིན་དུ་བ་ལྟ་བུ་དང་སེམས་སོ་སོར་རྟོགས་པ་ དང་པོའོ། །ཟླ་བའི་འཁོར་ལོ་དང་འབར་བ་དང་ལུས་ཀྱི་རྣམ་པར་རྟོག་པ་འགགས་ནས་སྣང་བ་སྐུའི་རང་བཞིན་ནོ། །དེ་ཡང་ཤེས་རབ་ཡེ་ཤེས་མེ་ཆེན་འདི་འབར་བར་སྣང་བའོ། །རྣམ་པར་སྣང་མཛད་འོད་པོ་ཆེ་ནི་ཟླ་བར་སྣང་བ་ནི་སྟོན་ཀའི་སྤྲིན་མེད་པའི་ནམ་མཁར་ཟླ་བའི་དཀྱིལ་འཁོར་འོད་ཟེར་སྣང་བར་བྱེད་ པས་ཁྱབ་པར་བྱེད་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་དམིགས་པས་ན་སྣང་བ་སྟེ་ཞེས་གསུངས་པ་དང་། དེའི་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བ་ཚེས་གཅིག་དང་གཉིས་དང་གསུམ་དང་བཞི་པ་ཨ་ཨི་རྀ་ཨུ་སྟེ། 14-1-192a ཡར་ངོ་ཚེས་བཞིའི་བདག་ཉིད་ཅན་གྱི་སད་པའི་རྣམ་པར་རྟོག་པ་འགག་པའི་སྤྲུལ་པའི་རྒྱུ་མཐུན་པ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུ་མཐུན་པ་དག་གི་རང་བཞིན་དུས་ཀྱི་འཁོར་ལོ་སྣང་བའི་རང་བཞིན་ནོ། །དེ་བས་མཆོག་དགའི་རང་བཞིན་ནི་ཆུ་མེ་ལ་ཐིམ་པས་མགྲིན་པའི་འཁོར་ལོ་ ཨའི་བྱང་ཆུབ་ཀྱི་སེམས་ལས་སྙིང་གའི་འཁོར་ལོར་ཕབ་སྟེ། ཇི་ཙམ་འཛིན་ནུས་ཙམ་ན་ཕྱི་གཟུང་བ་དང་ནང་འཛིན་པའི་འབྲིང་པོ་འགགས་པས་སེམས་སོ་སོར་རྟོགས་པ་གཉིས་སྨིག་རྒྱུའི་རྣམ་པ་དང་ཉི་མ་ལྟ་བུ་སྣང་བ་མཆེད་པ་སྐྱེས་པས་རང་བཞིན་བཞི་བཅུའི་རྣམ་པར་རྟོག་པ་འགགས་ནས་མི་རྟོག་པར་འགྱུར་རོ། ། འགྲོ་བའི་མར་མེ་ནི་ཉི་མར་སྣང་བའོ། །ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་ཤར་བ་བཞིན་དུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་ནི་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་སྟེ། རིམ་པ་གཉིས་པ་བཞིན་དུ་སྟོང་པ་བདེ་བས་ན་སྐུའི་དམ་པའི་དགའ་བ་དང་། གསུང་གི་དམ་པའི་ དགའ་བ་དང་། ཐུགས་ཀྱི་དམ་པའི་དགའ་བ་དང་། ཡེ་ཤེས་ཀྱི་དམ་པའི་དགའ་བ་དང་། ཚེས་ལྔ་དང་དྲུག་དང་བདུན་དང་བརྒྱད་ལ་ལྀ་ཨ་ཨེ་ཨར་གྱི་བདག་ཉིད་རྨི་ལམ་གྱི་གནས་སྐབས་འགག་པ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་མཐུན་པ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུ་མཐུན་པའི་ ཆོས་ལ་དམིགས་པའི་སྙིང་རྗེ་རྩེ་མོའི་རང་བཞིན་དུས་ཀྱི་འཁོར་ལོ་སྣང་བ་མཆེད་པའི་ངོ་བོ་ཉིད་དོ། །དེ་བས་ན་དགའ་བྲལ་གྱི་རང་བཞིན་མེ་རླུང་ལ་ཐིམ་ནས་སྙིང་གའི་འཁོར་ལོ་ནས་ཧཱུྃ་བྱང་ཆུབ་སེམས་ཀྱི་རང་བཞིན་ལྟེ་བར་བབས་པས་ཇི་ཙམ་འཛིན་ནུས་པ་དང་། ཕྱི་གཟུང་བ་དང་ནང་འཛིན་པ་ཕྲ་བ་ཡང་ འགག་སྟེ། དགའ་བྲལ་གྱི་ངོ་བོ་སེམས་སོ་སོར་རྟོགས་པ་སྲིན་བུ་མེ་ཁྱེར་དང་སྒྲ་གཅན་གྱི་དཀྱིལ་འཁོར་ལྟ་བུ་སྣང་བ་ཐོབ་པའི་སེམས་ཙམ་གྱི་ངོ་བོ་རང་བཞིན་བདུན་དང་བྲལ་བ་མི་རྟོག་པ་སེམས་ཙམ་གྱི་ངོ་བོ་ཡེ་ཤེས་སྒྲོན་མ་སྒྲ་ཙམ་དུ་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ན་གློག་ཏུ་སྣང་བའོ། ། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་མུན་པ་ལ་ཕབ་པའི་ངོ་བོས་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་ནི་རྒྱུ་བ་དང་རྒྱུ་མེད་པ་སེམས་མེད་པ་མི་གཡོ་བ་གང་གི་ས་བོན་ལ་བརྟེན་པའི་སྒོ་ཞེས་གསུངས་སོ། །དེ་བས་ན་སྐུའི་དགའ་ 14-1-192b བྲལ་དང་། གསུང་གི་དགའ་བྲལ་དང་། ཐུགས་ཀྱི་དགའ་བྲལ་དང་། ཡེ་ཤེས་ཀྱི་དགའ་བྲལ་དང་། ཚེས་དགུ་དང་། བཅུ་དང་། བཅུ་གཅིག་དང་། བཅུ་གཉིས་ལ་ཨོ་ཨལ་ཧ་ཡའི་བདག་ཉིད་དམ་པའི་གནས་སྐབས་ཀྱི་བདག་ཉིད་འགག་པའི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱ་བ་ནན་ཏན་གྱི་ ཡེ་ཤེས་ཀྱི་རྒྱུ་མཐུན་པས་དམིགས་པ་མེད་པའི་སྙིང་རྗེ་དུས་ཀྱི་འཁོར་ལོ་བཟོད་པ་ཐོབ་པའི་རང་བཞིན་སྣང་བ་ཐོབ་པའོ། །དེའི་མཚན་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། འདི་དག་ཀྱང་སེམས་ཙམ་གྱི་སྐུ་ཡིན་པར་གསལ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡེ་ཤེས་ གསུམ་གྱི་ངོ་བོ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་གསུངས་སོ། །མདོ་སྡེ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་པོ་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་འབྱུང་བས་ཀྱང་དོན་འདི་ཉིད་གསལ་བར་གསུངས་སོ། །ཡེ་ཤེས་གསུམ་ཡང་སེམས་ཙམ་གྱི་རང་བཞིན་ནོ། ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ནང་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་གསུམ་དུ་བསྟན་ཏོ། །ཀམྦ་ལའི་ཞལ་སྔ་ནས་ཀྱང་། སྣང་བ་ནི་དྲོད་དོ། །སྣང་བ་མཆེད་པ་ནི་རྩེ་མོའོ། །སྣང་བ་ཐོབ་པ་ནི་བཟོད་པའོ་ཞེས་གསུངས་སོ། །དེ་ནས་དངོས་པོ་མ་ལུས་པར་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་དུ་ལྟེ་བ་སྤྲུལ་པའི་ འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་གནས་སུ་ཕེབས་ཙམ་འཛིན་ནུས་པ་གསལ་བར་རྫོགས་པའོ། །དེ་ནས་ཡིད་ཀྱི་ལུས་ཀྱི་རང་བཞིན་གསལ་བར་བསྟན་ཏེ། དེ་ཡང་མདོ་སྡེ་དང་རྒྱུད་དང་གྲུབ་པ་བརྙེས་པས་ཀྱང་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གཟུགས་ནི་རྨི་ལམ་ལྟ་བུའོ་ ཞེས་པ་ནས། མྱ་ངན་ལས་འདས་པའི་ཆོས་ཅིག་ཡོད་ན་ཡང་རྨི་ལམ་ལྟ་བུ་ཞེས་གསུངས་པས་སོ། །མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམ་པས་མཐོང་བར་འགྱུར། །ཞེས་པ་དང་། གསང་བ་འདུས་པའི་རྒྱུད་ལས་ཀྱང་། ཀྱེ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པས་རྡོ་རྗེའི་གནས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་ནི་དེ་ཡང་ལུས་ལ་མི་གནས་ངག་ལ་མི་གནས་སེམས་ལ་མི་གནས་ཁམས་གསུམ་ལ་མི་གནས་པ་དེ་ནི་ 14-1-193a སྐྱེ་བ་མེད་དེ་དེ་ནི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་འདི་ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་འདི་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་ཞེས་སྙམ་དུ་སེམས་པར་བྱའོ། །རྨི་ལམ་ཡང་བདག་གིས་རྨི་ལམ་དུ་མཐོང་བར་བྱའོ་ཞེས་ པ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་པ་དང་། དུས་ཀྱི་འཁོར་ལོ་ལས། བུ་མོ་གཞོན་ནུ་མས་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་ཙམ་ལ་སྣང་བ་ལུགས་ལས་བཟློག་པས་རིག་པའི་རྒྱལ་པོ་གསང་སྔགས་མཆོག་ནི་ཐིག་ལེར་སྣང་བས་དངོས་པོ་ཐམས་ཅད་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། མར་མེའི་རྣམ་པ་ལྟ་བུ་དེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་སྟེ། དེའི་ནང་དུ་རྩ་ དབུས་མའི་ནང་དུ་དབུགས་ཆུད་པའི་རྟགས་སུ་དེའི་དབུས་སུ་སངས་རྒྱས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་ཆུའི་ཟླ་བ་དང་འདྲ་བ་བརྗོད་དུ་མེད་པ། སྣ་ཚོགས་པའི་མདོག་ཅན་རྣམ་པ་ཀུན་རང་གི་སེམས་ཡུལ་རྣམ་པར་བྲལ་བ་གཞན་གྱི་སེམས་མི་ཤེས་པ་དེ་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་ཅན་མཐོང་ངོ་། །དེ་ ཡང་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་གསུངས་ཏེ། དེ་བཞིན་རིམ་པ་བཞིན་དུ་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་རྣམས་བསྒོམ་པའི་སྟོབས་ཀྱིས་འབྱུང་ངོ་ཞེས་ཁམས་གསུམ་མ་ལུས་པ་མཐོང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ། སྒྲའི་ སྒོ་ནས་ཆོས་སྟོན་ཏེ། དེ་ཡང་ཏྭ་ཏ་སཾ་གྲ་ཧ་ལས་ཀྱང་ཡིད་ལྷའི་ངོ་བོའི་ཏིང་ངེ་འཛིན་ལས་མངོན་པར་བྱང་ཆུབ་པ་ལྔ་བསྟན་པ་བོ་དྷི་ཙིཏྟོཏྤ་ད་ཡཱ་མི་ལ་སོགས་པས་བསྟན་ཏོ། །རྒྱ་ཆེར་རོལ་པ་ལས་ཀྱང་། ཤཱ་ཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །ནཻ་རཉྫ་ནའི་ཆུ་ འགྲམ་གནས། །མི་གཡོ་ཏིང་འཛིན་ལ་ཞུགས་ནས། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གཏམས་པ་ལས། །དེ་ལ་དབྱངས་གཅིག་གིས་བསྐུལ་ཏེ། །བསམ་པ་འདི་ནི་རྣམ་དག་མིན། །འདིས་ནི་ཐར་པ་མི་ཐོབ་སྟེ། །ཞེས་བྱ་བ་ལ་སོགས་པས་བསྐུལ། །དེ་བཞིན་དུ་ཡང་ 14-1-193b རྣལ་འབྱོར་པ་ཡང་ངོ་། །དེ་ལྟར་ཡིད་ཀྱིས་ལུས་དེ་སྣང་བ་ཐོབ་པ་ལས་སྣང་བ་མཆེད་པ་དེ་ལས་རླུང་དྲུག །དེ་ལས་ཐིག་ལེའི་དབུས་རྒྱལ་བ་རིགས་དྲུག་ཏུ་བཞེངས་ནས་བསྐུལ་ལོ། །མཉམ་པ་ལ་གཞག་པའི་སེམས་ཙམ་ལ་གནས་ནས། རླུང་དྲུག་འགགས་ནས་དགའ་བྲལ་ལ་གནས་སོ། །ཀུན་རྫོབ་ བདེན་པའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་སྐུ་གསུང་ཐུགས་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པའི་འོད་གསལ་བའི་ངོ་བོ་ཉིད་བཞི་པའི་གནས་སྐབས་ཟད་པ་འདི། འབྱུང་བ་མེད་པའི་མདོ་ལས་ཀྱང་། ཆོས་འདི་སྒྲ་སྐད་ཀྱིས་ནི་ལུང་བསྟན་པ། །ཆོས་དང་སྒྲ་དག་འདིར་ནི་རྙེད་མ་གྱུར། །ཆོས་ ཉིད་ཚུལ་གྱིས་དངོས་ལ་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དུས་ཀྱི་འཁོར་ལོ་ལས་ཀྱང་།ཀུན་རྫོབ་ཀྱི་རྣལ་འབྱོར་ནི་མདོག་དང་ཕྱག་དང་དབྱིབས་དང་བཅས་པའོ། །དོན་དམ་པའི་རྣལ་འབྱོར་ནི་མདོག་དང་ཕྱག་དང་དབྱིབས་དང་བྲལ་བའོ་ཞེས་གསུངས་སོ། །དེ་ཡང་ སྐྱེ་བ་མེད་པའི་བཀའ་ལི་ཙྪབཱི་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་ནི་ཡང་དག་ཞུས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མི་གསུང་བས་ནི་རྒྱ་ཆེར་བཤད། །ཅེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། རླུང་གི་རླུང་ནི་མཁའ་དང་ཡེ་ཤེས་ལ་ཐིམ་པས་ལྟེ་བའི་འཁོར་ ལོ་ནས་གསང་བའི་འཁོར་ལོ་རྡོ་རྗེ་ནོར་བུའི་དབུས་སུ་བྱང་ཆུབ་ཀྱི་སེམས་རིལ་པོར་འཛིན་པའམ། རྗེས་སུ་གཞིག་པའི་མན་ངག་གིས་དོན་དམ་པའི་བདེན་པ་རུ་བཅུག་པས་དངོས་པོ་ཐམས་ཅད་རྣམ་པར་དག་སྟེ། སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་ ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ར་བ་ལ་ཨ་ཚེས་བཅུ་གསུམ་དང་། བཅུ་བཞི་དང་། བཅོ་ལྔ་དང་། བཅུ་དྲུག་པའི་ཡར་ངོའི་ཕྱོགས་ཀྱི་རྟོག་པ་ལས་འདས་པ་བཅུ་དྲུག་ཕྱེད་ཕྱེད་འཛིན་པའི་བདག་ཉིད་ཅན་རྡོ་རྗེ་ནོར་བུར་ཆུད་ནས་མི་འཛག་པའི་བདེ་བ་ ལྷན་ཅིག་སྐྱེས་པའི་སྐུ། མ་ནིང་གི་གནས་སྐབས་བཅུ་དྲུག་པའི་ཆ་ཡོངས་སུ་རྫོགས་པའི་ནམ་མཁའི་དཀྱིལ་ལྟར་སྐད་ཅིག་མ་གཅིག་ལ་ཐུགས་སུ་ཆུད་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བར་སྣང་ངོ་། །དོན་དམ་པའི་བདེན་པ་དབུགས་སྟོང་བརྒྱད་བརྒྱ་མཉམ་པ་ལ་གཞག་ཀྱང་རུང་མཉམ་པ་ལས་ལངས་ 14-1-194a ཀྱང་རུང་གསང་བར་ཉི་མ་དང་ཟླ་བའི་ཆ་ཟད་པ་བཅུ་དྲུག་པ་ལས་ཡོངས་སུ་རྫོགས་པ་དང་ས་དང་པོའི་བདེན་པ་ལ་གནས་ཞེས་བྱ་བ་ཐོབ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ཡང་ཁ་དོག་མེད་པ་ལུས་མེད་པ་དབྱིབས་མེད་པ་བྱ་བ་དང་རྩོལ་བ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་ རིག་པ་རྡོ་རྗེ་སློབ་དཔོན་གྱི་ཁ་ལས་ཤེས་པར་བྱའོ། །རྡོ་རྗེ་བཅུ་དྲུག་པའི་ངོ་བོ་ཉིད་རང་བཞིན་ཐམས་ཅད་དང་བྲལ་བ་དོན་དམ་པའི་བདེན་པ་ཡོད་པ་དང་མེད་པའི་ཕྱིར་སྐད་ཅིག་མ་གཅིག་ཤེས་ཏེ་གཅིག་ཏུ་མི་འགལ་བའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་དེ་ཉིད་འབྲས་བུ་སྔགས་ཀྱི་ཐོག་པར་ལྷན་ཅིག་སྐྱེས་པའི་ དགའ་བ་ནི་ལྷན་ཅིག་སྐྱེས་པའི་སྐུ་གཟུང་བ་དང་འཛིན་པ་སྤངས་པ། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང མྱ་ངན་ལས་འདས་པ་ལ་མི་གནས་པ་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལྷ་མོ་རྣམས་ཀྱི་སྡོམ་པའོ་ཞེས་གསུངས་སོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། བཅུ་ དྲུག་ཕྱེད་ཕྱེད་ཐིག་མེ་ཅན། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་པ་རྒྱུད་རིག་པ། །ཞེས་གསུངས་སོ། །དོན་དམ་པའི་བདེན་པ་བསྟན་པའི་རིག་པ་སྟེ་ལྔ་པའོ།། །།དེ་ནས་ཟུང་དུ་འཇུག་པ་ལ་བསླབ་ པར་བྱ་སྟེ་བཞི་པའི་དེ་ཉིད་ཐོབ་པའོ། །དེ་ནས་རྡོ་རྗེ་ནོར་བུ་ནས་ཡར་བཟློག་སྟེ། གསང་བའི་གནས་སུ་དབུགས་སུམ་སྟོང་བརྒྱད་བརྒྱ་པ་གཅིག་འགགས་པས་ས་གཉིས་པ་ཐོབ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་ སུ་སུམ་སྟོང་དྲུག་བརྒྱར་མཉམ་པ་ལ་བཞག་ཀྱང་རུང་མ་བཞག་ཀྱང་རུང་འགག་པས་བཞི་དང་དྲུག་དང་བརྒྱད་དང་བཅུ་བཞིའི་ས་རྣམས་འཐོབ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ནས་ས་བཅུ་ཐོབ་སྟེ། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེའི་རྗེས་སུ་མཐུན་པའི་མངོན་པར་ཤེས་པ་ལྔ་དང་། ཉོན་ མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །དེ་ནས་བླ་མ་དམ་པའི་མན་ངག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །འདི་དག་ནི་དོན་དམ་པ་ཡེ་ཤེས་ཀྱི་སྐུ་རོ་མཉམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་བསླབས་པས་གསང་བ་ནས་ལྟེ་བའི་བར་དུ་ཁུ་བ་གྱེན་དུ་འགྲོ་ 14-1-194b བས་མར་ངོའི་སྐུའི་དགའ་བ་དང་། གསུང་གི་དགའ་བ་དང་། ཐུགས་ཀྱི་དགའ་བ་དང་། ཡེ་ཤེས་ཀྱི་དགའ་བ་དང་བཞིའི་བདག་ཉིད་ཅན་ནོ། །སྟོང་པ་ཉིད་དང་དེ་ཡང་ཡི་གེ་ཡ་ལ་ཝ་རའོ། །དེ་ནས་ལྟེ་བ་ནས་སྙིང་གའི་བར་དུ་བྱང་ཆུབ་ཀྱི་སེམས་གྱེན་དུ་འདྲེན་ནུས་ན། སྐུའི་དམ་པའི་དགའ་བ་དང་། གསུང་གི་ དམ་པའི་དགའ་བ་དང་། ཐུགས་ཀྱི་དམ་པའི་དགའ་བ་དང་། ཡེ་ཤེས་ཀྱི་དམ་པའི་དགའ་བ་སྟེ། ས་དྲུག་གི་བདག་ཉིད་སྟོང་པ་ཆེན་པོ་སྟོང་ཉིད་ཅན་ཏལ་ཨོཾ་ཨར་རོ། །སྙིང་ག་ནས་མགྲིན་པར་འདྲེན་ནུས་ཙམ་ན་སྐུའི་དགའ་བྲལ་དང་། གསུང་གི་དགའ་བྲལ་དང་། ཐུགས་ཀྱི་དགའ་བྲལ་དང་། ཡེ་ཤེས་ཀྱི་ དགའ་བྲལ་ཏེ། ས་བརྒྱད་པའི་བདག་ཉིད་ཅན། དོན་དམ་པ་སྟོང་པ་ཉིད་ཨེ་ཨཱ་ལཱྀ་ཨཻ། དེ་ནས་མགྲིན་པ་ནས་དཔྲལ་བ་དང་གཙུག་ཏོར་གྱི་གནས་སུ་བྱང་ཆུབ་ཀྱི་སེམས་འདྲེན་ནུས་ཙམ་ན་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་ཀྱི་ལྷན་ཅིག་སྐྱེས་ པའི་དགའ་བ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བས་ལས་བཅུ་པ་ནོན་ནས། སྟོང་པ་ཉིད་བཅུ་དྲུག་པའི་བདག་ཉིད་རྀ་ཨཱི་ཨ་ཨིའི་ཡི་གེའི་བདག་ཉིད་ཅན་ནམ་མཁའ་སྟོང་པའི་མཐར་ཐུག་པའོ། །བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་གང་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་ཐོབ་པའི་སྐྱེས་བུ་དམ་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ ཆུབ་སེམས་དཔའ་དེ་ལ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱང་བ་བྱས་པ་ཞེས་ང་མི་སྨྲའོ། །བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ དང་། ཤེས་རབ་དང་། ཐབས་དང་ལྡན་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོབ་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མོས་པ་དང་ལྡན་པའོ་ཞེས་ང་མི་སྨྲའོ། །རིགས་ཀྱི་ 14-1-195a བུ་དག་དེ་བས་ན་ངེས་པར་འབྱུང་བའོ། །ལམ་ཐམས་ཅད་དུ་ངེས་པར་འབྱུང་བ་ནི་འདོད་པའི་བྱང་ཆུབ་སེམས་དཔའ་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ མཛོད་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཙུག་ཏོར་གྱི་གནས་སུ་འགགས་ནས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་གྱི་གནས་སུ་འདྲེན་ནུས་ཙམ་དང་། སྐད་ཅིག་མ་གཅིག་ལ་ མངོན་པར་རྫོགས་པར་བྱང་ཆུབ་པ་འགྲོ་བ་དང་མི་འགྲོ་བ་ཐམས་ཅད་སྣང་བར་བྱེད་ལ། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་བསྒོམ་པ་དེ་ཉིད་ཀྱི་མཐུ་ཡིས་ཐབས་ཀྱི་བདག་ཉིད་ཅན་ཞི་བ། མཚན་དང་དཔེ་བྱད་འབྱུང་བའི་གཞི་ཅན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་ བ། གཉིས་སུ་མེད་པ་མཆོག་ཏུ་ཞི་བ་གཟུང་བ་དང་འཛིན་པ་བསྒོམ་པ་དེ་ཉིད་ཀྱི་མཐུ་ཡིས་སྤངས་པ། ལྷན་ཅིག་ཏུ་སྐྱེས་པའི་སྐུ་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་དེ་ཁོ་ན་ཉིད་རྡོ་རྗེ་འཆང་ཆེན་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་མི་གནས་པ། འོད་གསལ་བའི་རང་བཞིན་དྲི་མ་མེད་པ་ཡེ་ཤེས་ སྒྱུ་མ་དང་འདྲ་ཞིང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལས་འདས་པའི་ཏིང་ངེ་འཛིན་གྱི་མིག་ཅན་མཆོག་གཅིག་ནི་མཐོང་བར་བྱའོ། །སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ ཏན་གྱི་འབྱོར་པ་སྟེར་བས་ན་དེ་སངས་རྒྱས་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཡོད་དང་མེད་པ་ལས་འདས་པ། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་པ་སྙིང་རྗེ་གཉིས་མེད་པ། །རྡོ་རྗེ་སྦྱོར་བ་བདེ་ཆེན་པོ། །སྟོང་པའི་ཆོས་ནི་རྣམ་པར་ སྤངས། །རྡོ་རྗེ་སྤྱོར་བ་གཉིས་མེད་པའོ། །ཞེས་གསུངས་སོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་སོ། །དཔལ་དམ་པ་དང་པོ་ 14-1-195b ལས་ཀྱང་། ནམ་མཁའ་ལས་ཀྱང་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེའི་ཕྱིར་ན་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་དེ་ནི་དེ་ཁོ་ན་ཉིད་སྐྱེས་བུའི་དུས་སུ་ཡེ་ཤེས་རྣམ་པ་དྲུག་ཤར་ཏེ། གཟུགས་ ཀྱི་ཕུང་པོ་དང་ལྀའི་ཡི་གེ་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མ་ཙམ་དུ་ཤེས་སོ། །དེ་ཉིད་ཐུགས་རྗེ་ཆེན་པོ་ཚོར་བའི་ཕུང་པོ་དང་རྀའི་ཡི་གེ་རྣམ་པར་དག་པས་ཐམས་ཅད་ལ་ཉི་མ་ལྟར་ཁྱབ་པས། མཉམ་པ་ཉིད་ ཀྱི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་འདུ་ཤེས་ཀྱི་ཕུང་པོ་དང་ཨུའི་ཡི་གེ་རྣམ་པར་དག་པ་སོ་སོར་འབྱེད་པས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཐམས་ཅད་བསྐོང་བས་འདུ་བྱེད་ཀྱི་ཕུང་པོ་དང་ཨིའི་ཡི་གེ་རྣམ་པར་དག་པས་ན་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེ་ཉིད་ ནམ་མཁའ་ལས་ཐ་མི་དད་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་དང་ཨ་རྣམ་པར་དག་པའོ། །དེ་ཐམས་ཅད་རང་རིག་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་ན་བདེ་བ་ཆེན་པོའི་ཕུང་པོ་དང་ཨེ་རྣམ་པར་དག་པས་སོ། །དྲུག་པ་ནི་ཁྱབ་བྱེད་དོ། །ལྔ་པ་ནི་ཁྱབ་བྱའོ། །དེ་ཡང་དུས་ཀྱི་ འཁོར་ལོ་ལས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་པའི་འོད་ལྟ་བུ། །པདྨའི་འདབ་མ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་བཞུགས་པ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། སྟོང་པའི་ཡི་གེ་དང་ཐིག་ལེ། །མཆོག་གི་རྡོ་རྗེ་འཛིན་པ་དང་། །ཞེས་གསུངས་སོ། ། དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཆེན་པོ་ཀུན་གྱི་གཞི། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པ་ལས་ཀྱང་། གསང་བ་མཆོག་གི་དགྱེས་པས་ན། །ཐམས་ཅད་བདག་ཉིད་རྟག་ཏུ་ བཞུགས། །ཞེས་གསུངས་སོ། །དེ་བས་ན་ཡེ་ཤེས་ལྔའོ། །བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པ་ལ་འདི་སྐད་ཅེས་བྱའོ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ནི། ཡེ་ཤེས་ལྔ་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་བཞི་དང་ལྡན། ལོངས་སྤྱོད་རྫོགས་པའི་སྐུ་མཚན་གྱི་མེ་ཏོག་ 14-1-196a ལ་དཔེ་བྱད་ཀྱི་འབྲུ་ཆགས་པ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་ཉིད་ལ་བདེ་བ་ཆེན་པོ་ཉིད་དེ་ལྟར་སྣང་ངོ་། །དེ་ནི་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། སེམས་ཅན་གདུལ་བྱ་ཇི་ལྟར་གདུལ་བ་དེ་བཞིན་དུ་སྤྲུལ་ པའི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་རུ་ཇི་ལྟར་འདུལ་བའི་སྐུ་སྣང་བར་མཛད་པའོ། །དེ་ཡང་གཅིག་ལས་འཕྲོས་པའི་རྒྱུད་ལས། འཇིག་རྟེན་ཁམས་ལ་རྡུལ་སྙེད་དུ། སྐུ་དོན་རྡུལ་ཕྲན་གྲངས་མེད་ཉིད། །སྤྲུལ་པ་རྡུལ་སྙེད་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། ། གསུང་གི་སྒོ་ནས་མཆོག་དཔག་ཏུ་མེད་པ་སྟོན་ཏོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། དཔག་བསམ་ཤིང་ཆེན་རྒྱས་པ་ཡི། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་དོན་སེམས་ཅན་མཉེས་གཤིན་པ། །ཞེས་གསུངས་སོ། །བདེ་བ་ཆེན་པོ་ཉིད་ཇི་ལྟར་ཡང་ སྣང་བ་ཇི་ལྟར་ཡང་མ་ཡིན་ཏེ། བདེན་པ་གཉིས་སུ་མེད་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྟོགས་པ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་དམ་ཚིག་ཡང་དག་པར་བསྟན་པར་བྱ་སྟེ། དམ་ཚིག་ལ་རྣམ་པ་གསུམ་ཡོད་དེ། སློབ་དཔོན་ཕྱི་དང་ནང་གིའོ། །ཀུན་གྱི་མཆོག་ཏུ་སློབ་དཔོན་ཏེ། །རྩ་བའི་རྒྱུད་དང་བསྡུས་རྒྱུད་དང་། །གྲུབ་པ་ཐོབ་པའི་སློབ་དཔོན་ནི། །དཔལ་ལྡན་ཡན་ལག་མེད་རྡོ་རྗེ། །ཨུ་རྒྱན་པདྨ་ལ་བ་པ། །ཨིནྡྲ་བོ་དྷི་ལཀྵྨཱི་དང་། །ནཱ་གཱརྫུ་ན་རྗེ་འབངས་བཅས། །ཤ་བ་རི་དང་ཌོཾ་པི་དང་། །ས་ར་ཨཱརྱ་ལཱུ་ཡི་པ། ། དཱ་རི་ཀ་སོགས་གྲུབ་ཐོབ་པའོ། །སློབ་དཔོན་མཁས་པ་གྲངས་མེད་ཀྱིས། །ཀུན་གྱི་གཙོ་བོ་སློབ་དཔོན་པས། །འདི་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །དབང་བསྐུར་སློབ་དཔོན་མིག་དང་འདྲ། །རྒྱུད་སྟོན་ པ་ནི་ལུས་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །དེ་བས་སློབ་དཔོན་མཆོག་ཡིན་པས། །ངག་འཁྱལ་ཚིག་གཅིག་བརྗོད་མི་བྱ། །ཞེ་སའི་ཚིག་དག་མ་བརྗོད་ན། །ངུ་འབོད་གནས་སུ་སྐྱེ་བར་ནི། །ངེས་པར་རྡོ་རྗེ་འཛིན་པ་དང་། །གྲུབ་ཐོབ་སློབ་དཔོན་གྲངས་མེད་གསུངས། །ཡིད་ལ་ངན་སེམས་སྐྱེས་ 14-1-196b གྱུར་ན། །ཐུགས་ཀྱི་དམ་ཚིག་ཉམས་པ་སྟེ། །ངེས་པར་རྡོ་རྗེ་དམྱལ་བར་འགྲོ། །ཕྱག་མི་འཚལ་ཞིང་གོང་མི་འཇོག །ལུས་ཀྱིས་བརྙས་པ་བྱས་གྱུར་ན། །རྡོ་རྗེ་བྲག་ཆེན་གཏམས་པར་ནི། །དཔག་ཚད་བརྒྱ་ཁྲིར་གནས་པར་འགྱུར། །སྔགས་རྒོད་དྲག་པོ་རྣོན་པོ་ཡང་། །བསྒྲུབ་ཀྱང་གྲུབ་པར་མི་འགྱུར་རོ། ། དཔལ་ལྡན་རྡོ་རྗེ་འཛིན་པ་ཡང་། །སྙིང་ལ་ཞུགས་པ་དྲལ་ཏེ་གཤེགས། །རིགས་འཛིན་སར་ཞུགས་མཁའ་འགྲོས་ཀྱང་། །དེ་ལ་འཇིགས་པར་མི་འགྱུར་རོ། །དཔལ་ལྡན་རྡོ་རྗེ་འཛིན་པ་དང་། །བྱང་ཆུབ་སེམས་དཔའ་གྲངས་མེད་དང་། །གྲུབ་ཐོབ་སློབ་དཔོན་རྣམས་ཀྱིས་གསུངས། །རྒྱུད་ཆེན་བདེ་མཆོག་ འཁོར་ལོ་ལས། །ཇི་ལྟར་པདྨ་འབྱུང་གནས་ཉམས་དགའ་ལ། །ངང་པ་མང་པོའི་ཚོགས་རྣམས་འདུས་པ་ལྟར། །དེ་བཞིན་རྣལ་འབྱོར་དམ་ཚིག་མ་ཉམས་ན། །མ་མོ་མཁའ་འགྲོ་དམ་ཚིག་ཅན་རྣམས་འདུ། །དཔལ་ཆེན་གསང་བ་འདུས་པ་ལས། །སྙིང་ནས་སློབ་དཔོན་སྨོད་པ་ནི། །ནམ་ཡང་གྲུབ་ པར་མི་འགྱུར་རོ། །དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས། སློབ་དཔོན་ཕྱི་དང་ནང་གི་དམ་ཚིག་གསུངས་སོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བ་དང་། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པ་ དང་། ཕྱི་དང་ནང་གི་དམ་ཚིག་བརྒྱད། །ཕྱག་ན་རྡོ་རྗེས་གསལ་བར་གསུངས། །རྟག་ཏུ་དངོས་གྲུབ་རྣམས་ཀྱི་རྒྱུར། །དམ་ཚིག་རྣམས་ནི་བསྐྱང་བར་བྱ། །རིགས་གཞན་ལས་འབྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་སུ་མེད་དང་ཐོགས་མེད་དང་། །དམ་ཚིག་རྣམས་ལ་སྤྱོད་ པ་དང་། །བུད་མེད་སྤྱོད་པ་བསྒྲུབ་པ་དང་། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་པ་ནས་དམ་ཚིག་བསྐྱང་བའི་ཆོ་གའོ་ཞེས་པའི་བར་ནི་བདེ་བ་མཆོག་གི་སྟོད་འགྲེལ་ལས་ཤེས་པར་བྱའོ། །དེ་ལྟར་ཕྱིའི་དམ་ཚིག་ཉམས་པས་ནི་འཇིག་རྟེན་པས་དཔྱ་བར་འགྱུར་རོ། །ཆོས་ལ་སྨོད་པས་སྡིག་པ་ཆེན་ པོར་འགྱུར་རོ། །སྡིག་པ་བསྐྱེད་པས་བསོད་ནམས་ཉམས་པར་འགྱུར་རོ། །བསོད་ནམས་ཉམས་པས་དངོས་གྲུབ་མེད་དོ། །ནང་གི་དམ་ཚིག་ཉམས་པས་དགའ་བ་བཞི་བོར་ནས་ཆགས་པ་དང་བྲལ་བའི་སྡིག་པ་ལས་སྡུག་བསྔལ་སྐྱེའོ། །དེ་ལྟར་དམ་ཚིག་ཉམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ 14-1-197a ཐོབ་བོ། །རྡོ་རྗེ་སློབ་དཔོན་ལ་བརྙས་པ་བྱས་ཞིང་བཀུར་བ་མ་བྱས་པས་མི་ཕ་རོལ་པོས་བརྙས་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་སུན་ཕྱུང་བས་རྡོ་རྗེ་འཛིན་པ་སུན་ཕྱུང་བ་དང་འདྲ་བས་རྡོ་རྗེ་དམྱལ་བར་འགྲོའོ། །དུས་འཁོར་བདེ་ཆེན་རྒྱ་མཚོ་ལྟ་བུ་ལ། །ཤེས་རབ་ཟབ་མོ་ གྲུ་གཟིངས་ལྟ་བུས་འཆང་། །བླ་མ་ཟླ་རྒྱས་ལྟ་བུའི་ཐུགས་མངའ་བ། །བཀའ་གནང་ཉེས་པར་གྱུར་ན་བཟོད་པར་བཞེས། །དུས་ཀྱི་འཁོར་ལོ་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས་ལྷོ་ཕྱོགས་རྒྱ་མཚོའི་ཡུལ་དུ་སྐུ་འཁྲུངས་པ་མཁས་པ་ཆེན་པོ་བྲམ་ཟེ་བསོད་སྙོམས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་བྷ་དྲ་བོ་དྷིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ཨུ་པ་དེ་ཤ བོད་སྐད་དུ། དུས་ཀྱི་འཁོར་ལོའི་མན་ངག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །མཁའ་ལ་ཀུན་ཞེན་སེམས་ཀྱིས་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་ཞུགས་པས། །སྟོང་ལས་དུ་བ་སྨིག་རྒྱུ་མཁའ་སྣང་དྲི་མེད་གསལ་དང་མར་མེ་དང་། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་ཆེ་མཆོག་ཐིག་ལེ་མཐོང་བའོ། །དེ་དབུས་སངས་རྒྱས་སྐུ་ནི་ཡུལ་བྲལ་དུ་མ་ལོངས་སྤྱོད་ རྫོགས་སྐུའོ། །ཆུ་འཛིན་དང་བྲལ་མཁའ་ལ་བརྟན་ལྟ་རྣལ་འབྱོར་པས་ནི་སྣང་བར་བྱ། །ཇི་སྲིད་དུས་ཀྱི་རྩ་ལ་རི་མོ་ནག་འོད་དྲི་མེད་འཕྲོ་མཐོང་བ། །དེ་ལ་ཀུན་མཁྱེན་སྐུ་ནི་རྙོག་མེད་སྣ་ཚོགས་ཁ་དོག་ཆུ་ཉི་མཚུངས། །རྣམ་ཀུན་རང་གི་སེམས་དེ་ཡུལ་དང་རྣམ་བྲལ་གཞན་གྱི་སེམས་ཉིད་མེད། །སྐུ་ མཐོང་བ་ནི་ཉི་མ་རེ་རེ་དུས་སུ་སྲོག་གི་རླུང་འགོག་བྱེད། །ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན་པ་ཡིས་བསྐོར་མཐོང་བས། །སྡོམ་བརྩོན་རྣམས་ཀྱིཟླ་དྲུག་རེག་སྤངས་ལམ་སེམས་ཞི་བའི་བདེ་བར་འགྲོ། །ཆགས་དང་ཆགས་བྲལ་མཐའ་ཐོག་སྐད་ཅིག་ལ་ནི་ཁྱབ་བདག་དབུགས་གྲེངས་འཕེལ། ། མགོ་དྲ་ནང་གི་དགའ་བྲལ་ལྷན་སྐྱེས་ཡེ་ཤེས་རྣམ་ཤེས་དག་དབུས་སུ། །གཉིད་ལོག་དུས་སུ་རྡོ་རྗེ་པདྨ་དག་གིས་གཉིས་གཉིས་སྦྱོར་བདེ་གང་། །དེ་ཡི་འཕེལ་བྱེད་བླ་མའི་བཀའ་ཡི་དབང་གིས་འཕེལ་ལ་འདི་མཚར་མེད། །རྣལ་འབྱོར་པ་བཟང་ལ་སྦྱོར་རྒྱལ་བདག་ལ་འཇུག་བདུད་དང་ཉོན་མོངས་འཇོམས། །ད་ 14-1-197b ནི་སེམས་འོད་གསལ་བ་ལ་འཇུག་པའི་ཕྱིར། ཁ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་རྣལ་འབྱོར་རྣམ་པ་གཉིས་ལ་བསླབ་པར་བྱ་སྟེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པར་བྱའོ། །གང་ནམ་མཁའི་རྣལ་འབྱོར་ལ་སློབ་ པ་དེ་མཚན་མོ་མུན་པ་ལ་ནམ་མཁའ་ལ་ཀུན་དུ་ཞེན་པའི་སེམས་ཀྱིས་དུ་བ་ལ་སོགས་པའི་མཚན་མ་མཐོང་བའོ། །མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་ཞུགས་པས་ཞེས་བྱ་བ་ནི་དབུ་མར་སྲོག་གི་རླུང་ཞུགས་པའོ། །སྟོང་ལས་ཞེས་བྱ་བ་ནི་ནམ་མཁའ་ལ་ཀུན་དུ་ཞེན་པའི་སེམས་དང་མིག་མི་འཛུམས་པ་ དང་། རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་དུ་བ་དང་སྨིག་རྒྱུ་དང་མཁའ་སྣང་དྲི་མ་མེད་པ་གསལ་བ་དང་དེ་བཞིན་དུ་མར་མེ་ནི་མཚན་མོའི་སྦྱོར་བས་མཐོང་ངོ་། །དེ་ནས་སྤྲིན་མེད་པའི་ནམ་མཁའ་མཐོང་ངོ་། །དེ་ནས་ཡང་ནམ་མཁའ་ལ་ཉིན་མོའི་སྦྱར་བ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་ རབ་ཡེ་ཤེས་མེ་བོ་ཆེ། ཞེས་གསུངས་ཏེ། སྤྲིན་མེད་པའི་ནམ་མཁའ་ལ་འབར་བ་མཐོང་བའོ། །རྣམ་པར་སྣང་མཛད་འོད་ཆེན་པོ། །ཡེ་ཤེས་འོད་ཟེར་ལྷང་ངེ་བ། །ཞེས་པ་ནི་ཟླ་བར་སྣང་བའོ། །འགྲོ་བའི་མར་མེ་ཞེས་པ་ནི་ཉི་མར་སྣང་བའོ། །ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི་སྒྲ་གཅན་དུ་སྣང་བའོ། ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ནི་གློག་སྟེ་ཆ་དམ་པའོ། །རིགས་པའི་རྒྱལ་པོ་སྔགས་མཆོག་མཚོ། །ཞེས་བྱ་བ་ནི་ཐིག་ལེར་མཐོང་བའོ། །དེ་ལྟར་མཚན་མ་བཅུ་འདུས་པ་ལ་སོགས་པར་མཚན་མོའི་སྦྱོར་བ་གསུངས་ཤིང་། མཚན་ཡང་དག་པར་བརྗོད་པར་ཉིན་མོའི་སྦྱོར་བ་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་པ་ནི་བུམ་པ་དང་རས་ལ་སོགས་པ་རྣམ་པ་ཐམས་ཅད་སྐུར་མཐོང་བའོ། །དེ་དབུས་ཞེས་བྱ་བ་ནི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་ཡུལ་དང་བྲལ་བ་རྫས་མེད་ཅིང་རྟོག་པའི་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་མཐོང་བའོ། །དེ་ནས་སྐུའི་སྦྱར་ བས་མི་ཤིགས་པའི་སྒྲ་ཉིད་ཐོས་སོ། །དེ་ལྟར་སྤྲུལ་པའི་སྐུ་ནི་གཟུགས་སུ་སྣང་བའོ། །ལོངས་སྤྱོད་རྫོགས་སྐུ་ནི་སྒྲར་སྣང་བའི་དོན་ཏོ། །འདིར་ཉི་མའི་སྦྱོར་བ་ནི་ཆུ་འཛིན་དང་བྲལ་བའི་ནམ་མཁའ་བརྟན་པར་ལྟ་བའི་རྣལ་འབྱོར་པས་སྣང་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོའི་ཉི་མ་ལ་རྒྱ་བ་བསྟན་པར་བྱའོ། ། 14-1-198a གཞན་དུ་ན་ཉི་མའི་འོད་ཟེར་རྣམས་ཀྱི་རབ་རིབ་ཏུ་འགྱུར་ཏེ། དེས་གནོད་པའི་ཕྱིར་རོ། །དེ་ལྟར་ཉི་མ་རེ་རེ་ལ་བསླབ་པར་བྱ་ཞིང་སྣང་བའོ། །ཇི་སྲིད་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱིའི་ནང་དུ་ཆུད་པའི་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་གྱི་འོད་ཟེར་དྲི་མ་མེད་པ་འཕྲོ་བ་མཐོང་བའི་བར་དུའོ། །དེ་ ལ་ཀུན་མཁྱེན་སྐུ་ཞེས་པ་ནི་ཁམས་གསུམ་མ་ལུས་པ་རྙོག་པ་མེད་པའི་ཆུའི་ནང་གི་ཉི་མ་ལྟ་བུ་མདོག་སྣ་ཚོགས་པ་ཀུན་རང་གི་སེམས་ཡུལ་དང་རྣམ་པར་བྲལ་བ་དེ་ཉིད་གཞན་གྱི་སེམས་མི་ཤེས་པའི་ཕྱིར་གཞན་གྱི་སེམས་མ་ཡིན་པའོ། །འདིར་དང་པོ་རང་གི་སེམས་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་ གྱིས་ཡང་དག་པར་མཐོང་བའོ། །ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་བའོ། །བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་པོ་དེ་དག་ནི་ཆོས་ཡང་དག་སྡུད་པ་ལས་གསུངས་སོ། །དེ་ལྟར་རིམ་པ་བཞིན་ཤའི་སྤྱན་དང་། ལྷའི་སྤྱན་དང་།སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་རྣམས་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་ནས་མ་གཟིགས་པས་ཅི་ཡང་མི་མངའ་བའི་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་ཕྱིར་སྐུ་མཐོང་བས་ཉི་མ་རེ་རེའི་དུས་སུ་སྲོག་གི་རླུང་འགོག་པ་བུམ་པ་ཅན་གྱི་སྦྱོར་བ་བྱའོ། །ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན་ པས་བསྐོར་བ་མཐོང་བ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་སྐུའི་ནང་དུ་མཐོང་བའོ། །སྡོམ་བརྩོན་རྣམས་ཞེས་བྱ་བ་ནི་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམས་སོ། །ཟླ་བ་དྲུག་ཏུ་རེག་སྤངས་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་སྤངས་པའོ། །ལམ་གྱི་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུའི་སེམས་ སོ། །ཞི་བའི་བདེ་བར་འགྲོ་ཞེས་བྱ་བ་ནི་མི་ཟད་པའི་བདེ་བ་ཐོབ་པའོ། །ཆགས་དང་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་སོ། །དེའི་མཐར་སོང་བ་ཞེས་བྱ་བ་ནི་བཅུ་དྲུག་པའི་ཆའི་མཚན་ཉིད་དོ། །དེ་ནས་ཆགས་བྲལ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་སོ། །དེའི་ཐོག་མ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ལ་མ་ ཞུགས་པའོ། །སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེའི་སྐད་ཅིག་གོ། །དབུགས་གྲངས་འཕེལ་ཞེས་བྱ་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་འཕེལ་ལོ། །བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གི་དབུགས་དགུ་བརྒྱ་དགུ་བརྒྱའི་ 14-1-198b གྲངས་བཀག་ཅིང་སྤངས་པ་དེས་ནས་གཉིས་གཉིས་ཐོབ་པར་འགྱུར་རོ། །དེ་ལྟར་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་བཞི་དང་། དྲུག་དང་། བརྒྱད་དང་། བཅུས་ས་རྣམས་ཐོབ་པར་འགྱུར་རོ། །གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་འཐོབ་པར་འགྱུར་རོ། །དེ་ནས་མགོའི་ དྲ་བའི་ནང་ནས་གསང་བར་འོང་བ་ནི་དགའ་བ་དང་ལྷན་ཅིག་སྐྱེས་པ་དག་གིས་དབུ་མའོ། །དེ་ལྟར་ནི་གཉིད་ལོག་པའི་དུས་སུའོ། །སྙིང་གར་ནི་ཡེ་ཤེས་དབུ་མའོ། །མགྲིན་པར་ནི་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་ཀྱི་ཐིག་ལེའི་རང་བཞིན་གྱིས་སོ། །གང་དཔྲལ་བ་ནས་འོངས་པ་ནི་གཉིས་ཀྱི་སྦྱོར་ བའི་བདེ་བའོ། །དེའི་བདེ་བ་ནི་བླ་མའི་བཀའི་དབང་གིས་ཁུ་བའི་བདེ་བ་གྱེན་དུ་འགྲོ་བར་བྱེད་དོ། །སྔོན་དུ་གསུངས་པའི་སྲོག་འགོག་པ་དང་དབྲལ་བའི་བར་དུ་འཕེལ་བ་ལ་ངོ་མཚར་མེད་དོ། །དེ་ལྟར་ཉོན་མོངས་པ་དང་། བདུད་བཅོམ་ནས་རྒྱལ་བའི་བདག་པོ་ལ་སྟེ་རྣལ་འབྱོར་བཟང་པོ་ཨ་བ་དྷཱུ་ཏཱིའི་གནས་པས་ལོ་གཅིག་གི་ སྦྱོར་བས་གཡོན་དང་གཡས་སུ་ཆུད་པའི་སྲོག་རྣམས་བསད་ནས་རྒྱལ་བའི་བདག་པོ་སྟོང་པ་ཉིད་ཀྱི་སྐུ་ལ་འཇུག་གོ། །དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བས་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་དེ། བདེ་བ་འཕེལ་བར་ངེས་པའོ། །དུས་ཀྱི་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞབས་ཆེན་པོས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བུདྡྷ་ཀཱར་བྷ་དྲ་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤ་ཌངྒ་ཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ལྡན་ཤ་བ་རི་པ་ལ་ཕྱག་འཚལ་ལོ། སྒྲིབ་པའི་སྤྲིན་ཚོགས་དང་བྲལ་བ། ། གྲངས་མཐར་རླུང་རྟོག་ཀུན་འགག་པའི། །བར་སྣང་དུ་ནི་སྤྱན་རས་གཟིགས། །གང་བའི་ཟླ་བ་འཆར་ཏེ་མཛེས། །སྲིད་ཞིའི་དམིགས་དང་བྲལ་ཡང་གང་། །ཁྱབ་བྱེད་དེ་ཉིད་ཐ་དད་མིན། །སྟོང་ཡང་རྣམ་པ་ཀུན་དང་ལྡན། །ས་རྣམས་དབང་ཕྱུག་རབ་མི་གནས། །གཡོ་མེད་རྟོག་ཀུན་དང་བྲལ་ཡང་། ། མཁས་ལ་མ་ཉམས་བདེ་བ་སྟོན། །སེམས་མིན་ལས་ནི་འཆར་བའི་མགོན། །འགྲོ་སེམས་བྱིན་གྱིས་རློབ་གྱུར་ཅིག །ཡོད་རྟོག་རྟག་པའི་མཐར་གྱུར་ཏེ། །མ་དཔྱད་མེད་རྟོག་མནར་མེད་རྒྱུ། །གྲོལ་ལམ་དེ་ལྟར་བསུབས་གྱུར་ལ། །གང་ཞིག་སེམས་ལས་འདས་པ་ཡི། སྟོང་ཉིད་ཐུགས་རྗེ་ཐ་མི་དད། ། 14-1-199a ནམ་མཁའི་གཟུགས་བརྙན་སྟོན་པ་པོ། །བླ་མ་དེ་ལ་རབ་དགའ་བས། །རྟག་ཏུ་གུས་བྱས་ཕྱག་འཚལ་ལོ། །དེ་ལྟའི་བླ་མ་དངོས་ཆེན་གྱིས། །བསྟོད་པ་རང་རྟོག་བརྗོད་པ་ཉིད། །འབར་བའི་མེ་ནི་མེད་པ་ན། །དུ་བའི་རྒྱུན་ནི་གང་ལ་འབྱུང་། །རྟོགས་བརྗོད་ང་ཡི་སྐྱོན་ཡིན་མོད། ། འཇུག་པར་བྱེད་པས་གཞན་དོན་རྒྱུ། །སྟོན་པས་མ་ངེས་དངོས་པོ་ལ། །དགོས་དོན་གྲུབ་འདོད་ག་ལ་འཇུག །དྲང་དོན་རྟོགས་པས་ཁེངས་པ་ཅན། །ལམ་ལས་འཁྲུལ་པའི་སྔགས་པ་རྣམས། །དགག་པ་འཇུག་པའི་ཚིག་སྒོ་ནས། །མ་རྟོགས་རྟོགས་ཕྱིར་སངས་རྒྱས་ཀྱི། །བཀའ་ཡི་འཇིག་རྟེན་ ཀུན་དོན་ཕྱིར། །གོ་བླ་ཚིག་གིས་འཇམ་དབྱངས་ཀྱིས། །བཀའ་བསྡུའི་ཚུལ་གྱིས་ཤཾ་བྷ་ལར། །དུས་འཁོར་བསྡུས་རྒྱུད་ལེགས་པར་གསུངས། །ཐུགས་རྗེ་ཆེན་པོའི་སྤྲུལ་སྐུ་དེས། །ཊཱི་ཀ་དྲི་མེད་འོད་ཅེས་མཛད། །དེ་གསལ་ངེས་དོན་ཐོབ་ནས་སུ། །མཁས་ཀུན་སྲིད་དུ་སེལ་ཞིང་རོལ། །གང་དུ་ ཇི་སྲིད་ཤེས་བྱ་ལ། །ཀུན་མཁྱེན་ཞེས་མཚན་དོན་དང་ལྡན། །འཁྲུལ་ཞིང་སྙིང་པོ་མེད་པར་གྱུར། །ཤེས་རབ་ཕ་རོལ་ཕྱིན་པ་ཞེས། །མཁའ་བྱུང་སངས་རྒྱས་ཡུམ་གཅིག་གིས། །སྐྱེ་འདོད་མ་ལུས་རྣམ་རྟོག་ཚོགས། །སླར་མི་འབྱུང་ཚུལ་འཇོམས་པར་མཛད། །གང་དུ་དྲི་མེད་ནམ་མཁའ་ ལ། །མིག་ཕྱེད་བརྟན་པར་བཤད་པ་ན། །བདེ་ཆེན་སྟོང་རྟོགས་རྟོག་མེད་ལས། །དུ་བ་ལ་སོགས་རྟོག་མེད་འབྱུང་། །དེ་བས་ན་རྫོགས་པའི་རིམ་པ་གསལ་བར་བྱེད་པ། ཕྱག་རྒྱ་ཆེན་པོའི་ལམ་བསྒོམ་པའི་རྗེས་སུ་མཐུན་པ། དཔལ་ལྡན་དང་པོའི་སངས་རྒྱས་ལ་སོགས་པའི་རྒྱུད་ནས་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པའི་གསུང་རབ་རིན་ཆེན་འདུས་པར་བྱ་སྟེ། སངས་རྒྱས་རིན་ཆེན་གྱི་ཟ་མ་ཏོག་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པ། ཉམས་མེད་བདེ་ལྡན་ཡེ་ཤེས་དབང་ཅན་རྣམ་པ་ཀུན་ལྡན་པ། །འགྲོ་ཀུན་སྒྱུ་མ་ཅན་གྱི་ཐིག་ལེ་རྒྱལ་པོའི་དབང་ཕྱུག་གི། ཨཱ་ལི་ཀཱ་ལི་ཉི་ཟླའི་གདན་ནི་རྡོ་རྗེ་འཛིན་པའི་མིན། །ཧཱུྃ་ཡིག་གྱུར་པའི་སྐུ་གཟུགས་དང་ནི་ཕྱག་མཚན་མི་འདོད་དོ། །ཅེས་བྱ་བའོ། །དེ་བས་ན་ལས་དང་པོ་པའི་རྣལ་འབྱོར་པ་མ་ཉམས་པའི་མཆོག་བསྒྲུབ་པར་མངོན་པར་འདོད་པ། བླ་མ་དམ་པའི་མན་ངག་ཐོབ་པ། མ་རུངས་པའི་ 14-1-199b གྲོགས་སྤངས་པ། དུ་བ་ལ་སོགས་པའི་མཚན་མ་ལ་གོམས་པ་རྩ་དབུ་མ་སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་བསམ་པ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རང་ལུས་དང་བུ་དང་ཆུང་མ་ལ་སོགས་པ་ལ་ལྟོས་པ་མེད་པ། དགོན་པ་དང་གཙུག་ལག་ཁང་དང་། བླ་མའི་ནོར་གྱི་ལོངས་སྤྱོད་ལས་ལོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་བསྟེན་པ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚངས་པའི་གནས་བཞི་ལ་གནས་པ། ཞི་བ་ལ་སོགས་པ་འཇིག་རྟེན་གྱི་གྲུབ་པ་སྒྲུབ་པའི་འདོད་པ་དང་བྲལ་བ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་ པ། །ཆོས་དབྱིངས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཀྱི་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་མ་སྐྱེས་པའི་ཆོས་མཐོང་བ་མིག་ཡོར་དང་རྨི་ལམ་ལྟ་བུ་རང་བཞིན་ཅན། རྡུལ་བ་རབ་ཀྱི་ཕུང་པོའི་ཆོས་ཀྱི་བརྟག་དཔྱད་དང་བྲལ་བ། ཆད་པའི་སྟོང་ཉིད་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པའི་ཆོས་ལ་ རྗེས་སུ་ཆགས་པ། ཕྱིའི་དབང་པོའི་བདེ་བ་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཁོ་ན་ལ་བརྩོན་པ་ཅན། བདེ་བ་ཆེན་པོའི་མཆོག་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་རྟེན་ཅན་དང་། ཕྱག་མཚན་དང་། མདོག་དང་། དབྱིབས་ དང་། དཀྱིལ་འཁོར་གྱི་རྟོག་པ་མི་འདོད་ཅེས་བྱའོ། །དེ་བཞིན་དུ། རྒྱལ་བས་གསུངས་པའི་དེ་ཉིད་ནི། །བཅུ་དྲུག་བཞི་རུ་རབ་ཕྱེ་བས། །སྣ་ཚོགས་རྣམ་རྟོག་ལམ་གྱིས་ནི། །བརྒྱ་ལམ་མེད་པས་མི་འཐོབ་བོ། །ཧཱུྃ་ཕཊ་ལ་སོགས་རྟོག་པ་ཅན། །བསྐྱེད་པའི་རིམ་པ་ལས་འདས་པ། །རྫོགས་རིམ་ སྦྱོར་བ་དེ་ཉིད་ནི། །དེ་ཉིད་རྒྱུ་ཡིན་གཞན་མིན་ནོ། །དེ་ནི་ཤིང་ལ་གནས་པ་ཡང་། །དུམ་བུར་གཏུབས་ཀྱང་མཐོང་བ་མེད། །གཙུབ་ཤིང་གཙུབ་སྟན་གཙུབས་པ་ལས། །དེ་ཉིད་དུ་ནི་མཐོང་བ་ལྟར། །རྣམ་རྟོག་གོམས་པའི་ཐབས་ཀུན་གྱིས། །སེམས་ཀྱི་སྣང་ཚུལ་མི་མཐོང་མོད། །རོ་མ་རྐྱང་མ་ གཅིག་སྦྱོར་བས། །དེ་ཉིད་དུ་ནི་དེ་སྣང་འགྱུར། །དུ་བ་ལ་སོགས་མཚན་མ་ཡིན། །དབུ་མར་རྒྱུ་བ་སྲོག་རྩོལ་གྱིས། །རིག་མ་བརྟུལ་ཞུགས་རྟག་མ་ཉམ། བྱང་སེམས་གྱེན་དུ་རྒྱུ་བ་ཡིས། །སངས་རྒྱས་ཀུན་ལམ་འདི་ཡིས་ནི། །རྣལ་འབྱོར་བདེ་བ་ཐོབ་འགྱུར་ཏེ། །ཕོ་ཉ་ཀུན་གྱི་ལྷན་སྐྱེས་ཡང་། །མ་ 14-1-200a ཉམས་བདེ་མཆོག་ཐོབ་འགྱུར་རོ། །གཟུགས་ལ་སོགས་པའི་རྟོག་པ་ཅན། །དཀྱིལ་འཁོར་ལ་སོགས་སྒོམ་པ་པོས། །འཇིག་རྟེན་བསྒྲུབ་པ་འགྲུབ་མོད་ཀྱི། །འདོད་པའི་གྲུབ་ཆེན་ག་ལ་འབྱུང་། །སེམས་ཅན་སྙིང་རྗེ་གཞན་དོན་དང་། །རྟག་ཏུ་དགེ་བ་བརྩོན་པའོ། །རྣམ་པར་དག་པའི་ སློབ་མ་ཡིས། །བླ་མའི་དྲིན་གྱིས་ལམ་མཆོག་ཐོབ། །ལམ་མཆོག་རིན་ཆེན་ལེགས་པ་འདི། །བག་མེད་མི་ལ་བྱིན་ཀྱང་ནི། །རང་ཁྱིམ་ནགས་སུ་ཞུགས་པ་ཡི། །སྤྱོད་ཡུལ་ཇག་པས་འཕྲོག་པར་འགྱུར། །བག་མེད་ལེ་ལོ་ཐེ་ཚོམ་དང་། །གཉིད་དང་འགྱོད་པ་ཆོམ་རྐུན་གྱི། །ཉེ་དུའི་ནགས་ནང་ ཞུགས་པ་ཡིས། །གྲོལ་ལམ་མཆོག་ནི་འཕྲོག་འགྱུར་རོ། སྲོག་གཅོད་མ་བྱིན་ལེན་དང་བརྫུན། །ཕྲ་མ་ཚིག་རྩུབ་གཞན་བུད་མེད། །ངག་འཁྱལ་བརྣབ་སེམས་གནོད་སེམས་དང་། །ལོག་ལྟའི་ཆོམ་རྐུན་གྱིས་ཀྱང་འཕྲོག །བཟའ་བཏུང་ཤིན་ཏུ་ཚད་མེད་དང་། །ལོངས་སྤྱོད་དུ་མའི་ཆོམ་རྐུན་ གྱིས། །བག་མེད་རྒྱལ་འགྱུར་རྨོངས་པའི་ལྟར། །བརྩོན་འགྲུས་ལྡན་པས་ཡང་འཕྲོག་འགྱུར། །རིན་ཆེན་ཡིན་མིན་མི་ཤེས་པ། །གཞན་མི་མཁས་ལ་སྟོན་པར་བྱེད། །རིན་ཐང་མེད་པའི་རིན་ཆེན་དེ། །མི་མཁས་ཚིག་གིས་སྐལ་མེད་འགྱུར། །རིན་ཆེན་ཡོན་ཏན་མཁས་པ་ལ། །མི་ ཤེས་དེ་ནི་བསྟན་པར་བྱ། །དེ་ཡི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་ཤེས་པར་བྱ། །ཕ་མ་བུ་མོ་སྲིང་མོ་ནུ། །སྤུན་དང་ཡིད་འོང་ཆུང་མ་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཡང་། །གཟུགས་ཀྱི་བདུད་ནི་གེག་བྱེད་དོ། །ཆོམ་རྐུན་ཉེ་དུ་སྤངས་ནས་སུ། འབད་དེ་སློབ་མས་རིན་ཆེན་ལས། ། བླ་མ་དམ་པའི་དྲིན་ལས་བྱུང་། །ཐོས་ནས་ཤིན་ཏུ་གསང་བར་བྱ། །བདག་བྱིན་བརླབ་པའི་རིམ་པ་དང་། །དཔའ་བོའི་རིམ་པ་ཐར་ལམ་མིན། །ཤིན་ཏུ་རྣམ་དག་རིམ་པ་ཉིད། །སངས་རྒྱས་ཀྱིས་གསུངས་གྲོལ་ཕྱིར་རོ། །གང་གིས་དབང་བསྐུར་དོན་ཉིད་ཀྱིས། །ཤེས་རབ་ཐབས་དང་ལྡན་རྒྱུད་དུ། ། མཚམས་མེད་ལྔ་དང་ལྡན་རྣམས་ཀྱང་། །བདེ་བ་སངས་རྒྱས་ཀྱིས་བསྡུ་བྱས། །དཔའ་བོའི་རིམ་པ་ཕྱི་མིན་ཏེ། །ལུས་ལ་སྲོག་རླུང་ཟད་བྱེད་ཡིན། །ནམ་མཁར་ཁམས་གསུམ་སྣང་བ་གང་། །བདག་བྱིན་བརླབ་པར་དེ་བཤད་དོ། །འཁོར་བ་སྙིང་པོ་མེད་པ་ལ། །དེ་ཟད་པས་ནི་དེ་ཉིད་ལས། །ཆུ་ 14-1-200b ཤིང་ཟད་པས་དེ་འབྲས་ལྟར། །སངས་རྒྱས་འབྲས་བུ་འབྱུང་འགྱུར་རོ། །རྟ་བླ་མོ་དང་སྡིག་སྲིན་ནི། །མ་ལས་སྐྱེས་ཏེ་མ་གསོད་དོ། །སྒྱུ་མ་ལས་བྱུང་རྣལ་འབྱོར་སེམས། །དེ་ལྟར་སྒྱུ་མ་གསོད་པར་བྱེད། །གཉིས་མེད་མི་གཡོ་རྒྱུ་མེད་དང་། །ཡི་དམ་མ་ཉམས་ཆགས་ཆེན་དང་། །དངོས་པོ་ དངོས་མིན་མ་ཡིན་པ། །ཡེ་ཤེས་སེམས་དཔའ་ཀུན་དུ་བཟང་། །སྒྲ་མེད་སྒྲ་ཆེན་ལྷན་སྐྱེས་དང་། །བྱང་སེམས་ཐིག་ལེ་འཛིན་པའི་དཔལ། །དུས་ཀྱི་འཁོར་ལོའི་རྡོ་རྗེ་དང་། །རྣལ་འབྱོར་ཤེས་རབ་ཐབས་དང་ལྡན། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་། །བདེ་གཤེགས་དུ་མས་བསྟེན་དང་བཤད། ། རྡོ་རྗེ་འཛིན་པ་གསང་སྔགས་རིགས། བྱང་སེམས་ཀུན་གྱིས་བཀའ་བསྡུ་མཛད། །རྡོ་རྗེའི་ཐིག་གནས་དམ་ཚིག་ལྡན། །རྙོག་པ་དང་བྲལ་འདོད་པ་མེད། །བཟོད་ལྡན་ལམ་གནས་དེ་ཉིད་བསྒོམ། །དམྱལ་བའི་འཇིགས་སྐྱོབ་སློབ་མ་ལ། ལམ་སྟོན་དོན་གྱི་ཚངས་པར་སྤྱོད། །བདུད་འཇོམས་རྡོ་རྗེ་ སེམས་གྲགས་པའི། །བླ་མ་ཐོག་མར་བསྟེན་པར་བྱ། །ལྷ་ཡི་དམིགས་པ་རྣམ་པ་གཉིས། །མངོན་སུམ་དང་ནི་རྗེས་དཔག་གོ། །དེ་ཉིད་སྦྱོར་བས་ནམ་མཁའ་ལ། །སྐར་མ་ལྟར་ནི་མངོན་སུམ་དུ། ལོངས་སྤྱོད་རྫོགས་སྐུ་དུ་མ་སྣང་། །ཡོངས་སུ་མ་སྨིན་རྣལ་འབྱོར་ལ། །གོམས་ཕྱིར་རི་མོ་ལ་ སོགས་པ། །དོན་དམ་མིན་པའི་རྟོགས་པ་ནི། །ཤི་བའི་རོ་ལྟར་རྗེས་དཔག་གོ། །འདིར་སེམས་ཅན་གྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ལ་ལྷའི་དམིགས་པ་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་དཔག་གོ། །དེ་ཉིད་ལས་མངོན་སུམ་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་ནམ་མཁའ་ལ་སྐར་མ་ བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་སྒྱུ་མ་དང་རྨི་ལམ་ལྟ་བུ་དུས་གསུམ་གྱི་སྲིད་པ་གསུམ་ཤའི་མིག་ལ་སོགས་པ་གཟུང་བའོ། །འདིར་དང་པོ་མངོན་ཤེས་མེད་པས་ལས་དང་པོ་པའི་ནོལ་འབྱོར་པས་ཤའི་མིག་གིས་སྣ་ཚོགས་གཟུགས་བརྙན་མཐོང་ངོ་། །མངོན་ཤེས་བྱུང་ནས་ལྷའི་མིག་གིས་མཐོང་ ངོ་། །འདོད་ཆགས་དང་བྲལ་བས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །བྱང་ཆུབ་སེམས་དཔར་གྱུར་ནས་ཤེས་རབ་ཀྱི་མིག་གིས་སོ། །ཡང་དག་པར་རྫོགས་པར་བྱང་ཆུབ་པ་ན་ཡེ་ཤེས་ཀྱི་མིག་གིས་ཏེ། ཕུང་པོ་ལྷག་མ་དང་བྲལ་བས་སོ། །དེ་ལྟར་སྟོང་པ་ཉིད་མཐོང་བའི་སླད་དུ་དེ་བཞིན་ 14-1-201a གཤེགས་པས་མིག་ལྔ་སྟེ་ཤའི་མིག་ལ་སོགས་པའོ། །སེམས་ཅན་གཞན་སྟོང་པ་ཉིད་མ་མཐོང་བ་རྣམས་ལ་དམུས་ལོང་ཉིད་ཡིན་ནོ་ཞེས་དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ། །དེ་ཉིད་མ་ཡིན་པའི་སྒྲུབ་པ་ནི་མངོན་སུམ་མེད་པར་རྗེས་དཔག་དེ་ཤི་བའི་ལུས་དང་འདྲ་བ་དོན་དམ་པ་མ་ཡིན་པའི་ རྟོག་པ་རི་མོ་ལ་སོགས་པས་བསྟན་པར་བྱའོ། །དེ་ལྟར་ལུགས་མ་དང་བྱས་པའི་གཟུགས་བརྙན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་རམ་བྲིས་ནས་བློས་སྨོན་པའི་རྣལ་འབྱོར་ལ་བསྒོམ་པའི་ཕྱིར་ངེས་པའི་རྣམ་པ་ཅན་བརྟན་པར་བྱ་སྟེ། རྣམ་རྟོག་ཏུ་བསྒོམ་པའི་ངེས་པའོ། །བསྙེན་པ་ བདུད་རྩི་ལྔ་སོགས་དང་། །རྡོ་རྗེ་བཞི་སྔགས་བཟླས་སོགས་ཀྱིས། །ཉེ་སྒྲུབ་སོ་སོར་རྟོག་སོགས་དང་། །པད་རྡོར་ལས་བྱུང་བདུད་རྩིས་སོ། །སྒྲུབ་པ་དགའ་བ་ལ་སོགས་དང་། །པདྨར་རོ་གཅིག་རྡོར་གསུམ་གྱིས། །སྒྲུབ་ཆེན་ཕྲ་བའི་རྣལ་འབྱོར་དང་། །མ་ཉམས་རིག་མའི་སྦྱོར་བས་སོ། །འདིར་ལས་དང་ པོ་པས་ཐོག་མར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པར་བྱ་སྟེ། ཕྱིའི་བདུད་རྩི་ལྔ་ནི་བཤང་བ་ལ་སོགས་པའོ། །སོགས་ཀྱི་སྒྲས་ནི་སྒྲོན་མ་ལྔའོ། །ནང་གི་བདུད་རྩི་ལྔ་ནི་ཕུང་པོ་ལྔའོ། །ལྷ་མཉེས་པའི་ཕྱིར་དེ་ཟོས་པས་བསྙེན་པའོ། །སོགས་པའི་སྒྲས་སྒྲོན་མ་ལྔ་ནི་དབང་པོ་ལྔའོ། །དེ་དག་ལ་ལྟོས་ པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ནོར་གྱི་སྲེད་པ་ཡོངས་སུ་སྤོང་བའོ། །བསྙེན་པ་དེས་ལྷས་མཆོག་སྦྱིན་ཏེ་བཤད་པ་ལ་སོགས་པ་ཟོས་པས་མ་ཡིན་ནོ། །རྡོ་རྗེ་བཞི་ནི་ལུས་ངག་ཡིད་གསུམ་ཀྱི་ལོངས་སྤྱོད་པ་ལ་ལྟོས་པ་མེད་པ་དང་། ཉམས་པའི་བདེ་བ་ལ་ལྟོས་པ་མེད་པ་སྟེ་ལུས་ངག་ཡིད་གསུམ་ ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱི་དོན་ཏོ། །འདིས་ལྷས་མཆོག་སྦྱིན་གྱི་སྲེད་པའི་ལོངས་སྤྱོད་ལ་ལྟོས་པས་མ་ཡིན་ནོ། །སྔགས་བཟླས་པ་ལ་སོགས་པ་ལ་བཟླས་པ་ནི་སྲོག་རྩོལ་ཏེ། སོགས་པའི་སྒྲས་འཕངས་པ་དང་དགང་བ་དང་གཞིལ་བའི་སྦྱོར་བ་ནི། །བསྙེན་པ་སྟེ་དེས་ལྷས་མཆོག་སྦྱིན་གྱི་ སྲོག་མ་ནོན་པས་མ་ཡིན་ནོ་ཞེས་ངེས་དོན་ཏོ། །སྒྲུབ་པ་ཐུན་མོང་གི་ཕྲེང་བས་བཟླས་པ་ལ་སོགས་པ་ནི་དྲང་དོན་ཏོ། །ཉེ་བའི་སྒྲུབ་པ་ནི་སོ་སོར་རྟོག་པ་ལ་སོགས་པ་སྟེ། འཁོར་བ་པའི་ཟས་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་གཟུང་བའོ། །དེ་ནས་ལོག་པ་ནི་སོ་སོར་རྟོག་པ་སྟེ་སྟོང་ཉིད་ཀྱི་ 14-1-201b གཟུགས་བརྙན་ལ་གཞན་མིག་ལ་སོགས་པས་ཡུལ་གཟུང་བའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་རྩོལ་དང་འཛིན་པའོ། །ངེས་དོན་དུ་རྡོ་རྗེ་དང་པདྨ་ལས་བྱུང་བའི་བདུད་རྩིས་ཉེ་བའི་སྒྲུབ་པའོ། །དྲང་དོན་དུ་འཁོར་གྱི་ལྷ་ཀུན་བསྐྱེད་པའོ། །བསྒྲུབ་པ་བཤད་དེ། དགའ་བ་ལ་སོགས་པའོ། །འདིར་ དགའ་བ་ལ་སོགས་པ་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཐིག་ལེའོ། །སྙིང་དང་ལྟེ་བ་གསང་བའི་པདྨར་རོ་གཅིག་ཏུ་གྱུར་པའི་ཐིག་ལེ་བསྒོམ་པ་ནི་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་ངེས་པའི་དོན་དུ་ཕྲ་བའི་རྣལ་འབྱོར་ནི་རྩ་དབུ་མ་ལ་གྱེན་དུ་རྒྱུ་བའི་ས་བོན་གྱིས་ཏེ། ཤེས་རབ་མའི་སྦྱོར་བས་མ་ཉམས་པའི་བདེ་ བས་སོ། །དྲང་དོན་དུ་ཤེས་རབ་མའི་ཆོས་འབྱུང་གི་སྣའི་རྩེ་མོར་ཐིག་ལེའི་སྤྱོར་བ་ལ་སོགས་པའོ། །སྟོང་ཉིད་བྱང་ཆུབ་ཐོག་མ་རུ། །དེ་ནས་ཟླ་བ་ཐིག་ལེ་འཛིན། །དེ་ལས་སྐུ་ནི་བསྐྱེད་པ་ཡིན། །དབང་པོའི་བྱིན་རླབས་རིགས་དྲུག་གི་ས། །འདི་ནི་བསྙེན་པ་ཐུན་མོང་ཡིན། །ཉེ་བར་སྒྲུབ་པ་རྡོ་རྗེ་ བཞིས། །འདིར་ཐབས་ཆུང་སོགས་རྣམ་པ་བཞི། །བསྒྲུབ་པ་སྒྲུབ་ཆེན་ངག་ལ་ཡང་། །འདིར་བསྐྱེད་པའི་རིམ་པས་ཐོག་མར་སྟོང་པ་ཉིད་ལས་བྱང་ཆུབ་པ་ནི་སེམས་ཅན་རྣམས་ལ་ཐ་མར་ཕུང་པོ་དོར་བ་ལས་ཕུང་པོ་གཞན་མ་བླངས་པའི་བར་དུ་སྟོང་པའི་མཚན་ཉིད་ཅན་སྲིད་གསུམ་སྟོང་པར་མཐོང་བ་གང་ཡིན་ པ་དེ་ནི་སྟོང་པ་ཉིད་ཅེས་བརྗོད་དོ། །དེའི་རྗེས་སུ་ཟླ་བའི་ཐིག་ལེ་འཛིན་པ་ནི་མའི་མངལ་དུ་ཀུན་གཞིའི་རྣམ་ཤེས་ཀྱི་ས་བོན་གྱི་ཐིག་ལེ་གཟུང་བའོ། །དེ་ལས་སྐུ་བསྐྱེད་པ་ནི་ཟླ་བ་བདུན་གྱིས་གཟུགས་རྫོགས་པའོ། །རིགས་དྲུག་གི་ལུས་མིག་ལ་སོགས་པ་བྱིན་རླབས་ནི་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་ པའོ། །འདི་དང་འདྲ་བར་ལས་དང་པོ་བས་ལྷའི་སྒྲུབ་པ་ལ་ཡང་རྟོག་པའི་བདག་ཉིད་བསྒོམ་པར་བྱའོ། །འདི་ནི་ཐུན་མོང་གི་བསྙེན་པའོ། །ཉེ་བའི་སྒྲུབ་པ་ནི་སྲོག་རླུང་ཡོངས་སུ་རྫོགས་པ་སྟེ། རྡོ་རྗེ་བཞི་ནི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྫོགས་པས་སོ། །འདིར་ཐབས་རྣམ་བཞི་ནི་བསྙེན་པ་དང་། ཉེ་བར་བསྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་སྟེ། ལོ་བཅུ་དྲུག་གི་བར་དུའོ། །འདིར་ཆུང་ངུ་ནི་སྐྱེས་མ་ཐག་གི་བྱིས་པའོ། །སོ་སྐྱེས་ནས་བྱིས་པ་བར་མའོ། །སོ་འགོགས་པ་ན་གཞོན་ནུའོ། །སོ་སྐྱེས་ནས་བཅུ་དྲུག་བར་དར་ལ་བབ་པ་སྟེ་བུ་བསྐྱེད་པའི་ཕྱིར་རོ། །དེ་ལྟར་ལྷ་རྣམས་ལ་ཡང་ 14-1-202a ཡན་ལག་བཞི་བསྒོམ་པར་བྱའོ་ཞེས་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་སྐུ་བསྐྱེད་པ་བརྗོད་དོ། །ཐོག་མར་སྟོང་པ་ཉིད་བྱང་ཆུབ་པ་ནི་མུན་ནག་ལ་ཅི་ཡང་མི་སེམས་པའོ། །དེ་ཟླ་བ་ཐིག་ལེ་འཛིན་པ་ནི་ཐིག་ལེ་ཆེན་པོའི་བར་དུ་དུ་བ་ལ་ སོགས་པའི་མཚན་མ་འབྱུང་བའོ། །བུ་བསྐྱེད་པ་ནི་ཐིག་ལེ་དེ་ལས་ཀུན་མཐོང་བའོ། །རིགས་དྲུག་གི་ནི་སྒྲིབ་པ་དང་བྲལ་བའི་ཕུང་པོ་དྲུག་གིས་ཏེ། བྱིན་རླབས་ནི་སོ་སོའི་སྐྱེ་བོའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འགོག་པའོ། །དེ་ནས་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐོབ་པར་འགྱུར་ཏེ། ས་བཅུ་གཉིས་ ཀྱི་དབང་ཕྱུག་གི་བར་རོ། །དེ་ནས། བདེན་དོན་རྣམ་པ་བཅུ་གཉིས་དོན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་གྱི་མཆོག །ཅེས་ངེས་པའོ། །དེ་བཞིན་དུ། ནམ་མཁའ་དུ་བ་ལ་སོགས་ལམ། །བསྒོམས་ཏེ་སྣ་ཚོགས་གཟུགས་ཀྱི་བར། །དེ་ནས་ སྲོག་རླུང་ཐུར་སེལ་གཉིས། །རྩ་ཡི་འཁོར་ལོར་བསྟན་པར་བྱ། །རྣལ་འབྱོར་བྱང་སེམས་ཟླ་བ་ནི། །རཱ་ཧུ་ལ་ལྟར་དགོད་པར་བྱ། །གང་འདོད་སྐྱེ་བ་འདི་ཉིད་དུ། ཞག་འགའ་ཞིག་གིས་ཐོབ་པར་འགྱུར། །ལམ་གྱི་རྒྱལ་པོ་འདི་རིམ་པས་བསྒོམ་པའི་གདམས་པ་དང་པོའི་སངས་རྒྱས་ཀྱི་མཆོག་ལ་ བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དུ་བ་ལ་སོགས་བསྒོམས་ནས་སུ། སེམས་ནི་ལོགས་སུ་བརྟན་པར་བྱ། །རྩ་དབུ་མ་ནི་སྦྱངས་ནས་སུ། །མ་ཉམས་མཆོག་ནི་བསྒྲུབ་པར་བྱ། །པདྨར་རྡོ་རྗེ་བཞག་ནས་སུ། །སྲོག་རླུང་ཐིག་ལེར་གནས་པར་བྱ། །ཐིག་ལེ་རྣམས་ལ་འཁོར་ལོས་སྒྱུར། །རྡོ་རྗེ་ ཐིག་ལེ་འགོག་པར་བྱ། །རྣལ་འབྱོར་རྟག་ཏུ་རྟག་བགྲེང་བ། །རྟག་ཏུ་བྱང་སེམས་གྱེན་དུ་རྒྱུ། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་དབབ་པས་བྱིན་བརླབ་པ། །རྒྱལ་ཆེན་དྲུག་བརྒྱ་དང་བཅས་པའི། །སྟོང་ཕྲག་ཉི་ཤུ་གཅིག་དང་ལྡན། །མ་ཉམས་བདེ་བའི་སྐད་ཅིག་ནི། །ཚངས་པས་རྡོ་རྗེ་སེམས་ དཔར་འགྱུར། །ཇི་སྲིད་བཅུ་ནི་མ་སྐྱེས་པར། །ཤེས་རབ་མ་གཞན་མི་བྱའོ། །ཕྱི་རོལ་གཡེང་བ་འབྱུང་བའི་ཕྱིར། །མཚན་མ་རྣམས་ཀྱང་བསྒོམ་པའོ། །རྡོ་རྗེ་སེམས་ཉིད་སོ་སོར་རྟོག །བཅུ་སྟེ་བསམ་གཏན་མི་བསྐྱོད་དོ། །སྲོག་རྩོལ་དོན་གྲུབ་རྣམ་པ་བཅུ། །འཛིན་པ་རིན་ཆེན་འབྱུང་ལྡན་ཡིན། །ཌོཾ་བི་ 14-1-202b ལ་ནི་རྗེས་སུ་དྲན། །འོད་དཔག་མེད་དེ་དེ་བཞིན་ནོ། །རྣམ་པར་སྣང་མཛད་ཏིང་ངེ་འཛིན། །ཡུལ་དང་ཡུལ་ཅན་བཅུ་པོ་ནི། །འཇུག་པ་མེད་པར་སོ་སོར་རྟོག །ལུས་ལ་ཤེས་རབ་བསམ་གཏན་ནི། །རྟོག་པ་རྣམ་དཔྱོད་དགའ་བ་དང་། །བདེ་བའི་སེམས་ནི་རྩེ་གཅིག་གོ། །སྲོག་རྩོལ་ལམ་གཉིས་སྤངས་ ནས་སུ། །སྲོག་རླུང་དབུ་མར་རྒྱུ་བའོ། །འཛིན་པ་རྒྱུ་བ་གཉིས་མེད་པར། སྲོག་རླུང་ཐིག་ལེར་འཇུག་པའོ། །རྗེས་དྲན་ལུས་དང་ནམ་མཁའ་རུ། །གཏུམ་མོའི་བར་དུ་སྣང་བ་འབྱུང་། །ཤེས་རབ་ཐབས་དང་སྦྱོར་བ་ཡིས། །མ་ཉམས་བདེ་བས་ཏིང་ངེ་འཛིན། །སོ་སོར་རྟོག་གི་ཡུལ་བྲལ་ཞིང་། ། བྱིན་རླབས་པར་འབྱུང་སྔགས་ཀུན་གྱི། །བསམ་གཏན་སྦྱོར་བས་དག་པ་ནི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །ཉི་ཟླ་དང་བྲལ་སྲོག་རྩོལ་དག །བྱང་ཆུབ་སེམས་དཔའ་ཀུན་གྱིས་བསྔགས། །བདུད་དང་ཉོན་མོངས་སྲོག་བྲལ་བའི། །སྟོབས་བཅུར་འཛིན་པའི་སྟོབས་ཀྱིས་འཇུག །རྗེས་སུ་དྲན་པས་ དག་པས་ན། །ཡེ་ཤེས་སྐུ་ལས་འོད་ཀོར་འབྱུང་། །ཏིང་འཛིན་དག་ཞག་འགའ་ཞིག་གིས། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །སོ་སོར་རྟོག་ལ་སོགས་པ་ཡིས། །སྔགས་པས་དོན་གྲུབ་མ་གྱུར་ན། །ནཱ་ད་གོམས་པ་བཙན་ཐབས་ཀྱིས། །པདྨར་རྡོ་རྗེ་ནོར་བུ་ལ། །ཐིག་ལེ་འགོག་པས་བསྒྲུབ་པར་ བྱ། །བསྙེན་པར་ཐིག་ལེའི་སྦྱོར་བ་ནི། །འཁོར་ལོ་ཅན་གྱི་ཁྲོ་སྟངས་ཀྱིས། །ནམ་མཁའ་རྣམ་པ་བཅུ་ཡིན་ནོ། །ཉེ་བའི་བསྒྲུབ་པ་སྦྱོར་དྲུག་ནི། །བདུད་རྩིའི་ལམ་དུ་གནས་པ་ཡི། །བགེགས་མཐར་བྱེད་ཀྱི་ལྟ་བས་སོ། །ཤེས་རབ་སྦྱོར་བྱུང་ཐིག་ལེ་ནི། །རྡོ་རྗེའི་ནོར་བུར་ཕྱིན་ནས་སུ། །མ་མཉམ་ གསུམ་འགྱུར་བསྒྲུབ་པར་རོ། །མ་མཉམ་བདེ་གཅིག་ཞི་བ་ནི། །ལྷན་སྐྱེས་ཡེ་ཤེས་སྒྲུབ་ཆེན་ལ། །ད་ནི་སྦྱོར་བ་དྲུག་བཤད་དེ། །སོ་སོར་རྟོག་ནི་ལས་དང་པོར་རྡོ་རྗེ་སེམས་དཔའ་སྟེ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་ མེ། འབར་བ། ཟླ་བ། ཉི་མ། རཱ་ཧུ་ལ། གློག ཐིག་ལེ། སྣང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་ནི་རྣམ་པ་བཅུ་སྟེ། རྣམ་ཤེས་ཀྱི་ཕུང་པོའོ། །ཡུལ་དང་ཡུལ་ཅན་བཅུ་ནི་སྣ་ཚོགས་གཟུགས་ལ་གཅིག་ཏུ་གྱུར་པ་ནི་བསམ་གཏན་ནོ། །སྲོག་རྩོལ་ 14-1-203a ཡང་བཅུ་སྟེ། དོན་ཡོད་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་ནི་གཅིག་ཏུ་གྱུར་པའི་ཕྱིར་རོ། །འཛིན་པ་རིན་ཆེན་འབྱུང་ལྡན་ནི་ཚོར་བའི་ཕུང་པོའོ། །སྲོག་རླུང་འཛིན་པ་ནི་ལྟེ་བ། སྙིང་ག མགུལ་པ། དཔྲལ་བ། སྤྱི་གཙུག་གི་པདྨ་ལ་འགྲོ་བ་དང་། འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཌོཾ་བིལ་ནི་རྗེས་སུ་དྲན་པ་འོད་དཔག་མེད་འདུ་ཤེས་ཀྱི་ཕུང་པོ་རྣམ་པ་བཅུའོ། །རྗེས་སུ་དྲན་པ་ནི་ཌོཾ་བི་ལ་སྟེ་རྩ་དབུ་མ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ཡིས་སོ། །རྣམ་པར་སྣང་མཛད་ཏིང་ངེ་འཛིན་ནི་རྣམ་པ་བཅུ་སྟེ་རླུང་བཅུ་འགོག་པས་སོ། །དེ་ལྟར་བཅོམ་ལྡན་ འདས་རླུང་རྣམས་མི་རྒྱུ་བས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ། །ད་ནི་སོ་སོར་རྟོག་པ་ལ་སོགས་པའི་མཚན་ཉིད་བརྗོད་དེ། སོ་སོར་རྟོག་པ་ནི་ཡུལ་དང་ཡུལ་ཅན་བཅུའི་འབྲེལ་པས་རྣམ་པར་ཤེས་པ་མི་འཇུག་པ་སྟེ། ལུས་ལ་ཤེས་རབ་ནི་ནམ་མཁའི་གཟུགས་བརྙན་སྟོང་པའི་ཡུལ་ རྣམས་སུ་མིག་ལ་སོགས་པ་ལྔ་གཞན་གྱིས་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ཡུལ་དེ་ཉིད་ལ་ཤེས་རབ་ནི་ལྟ་བའོ། །རྟོག་པ་ནི་དངོས་པོར་གཟུང་བའོ། །དཔྱོད་པ་ནི་ངེས་པའོ། །དགའ་བ་ནི་སྣ་ཚོགས་གཟུགས་ལ་ཞེན་པའོ། །བདེ་བ་མི་གཡོ་བ་ནི་སྣ་ཚོགས་གཟུགས་དང་སེམས་གཅིག་ཏུ་བྱེད་པའོ། ། དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་ནི་རྣམ་པ་བཅུའོ། །སྲོག་རྩོལ་ལམ་གཉིས་སྤངས་ནས་ནི་གཡོན་དང་གཡས་པའི་ལམ་སྤངས་པ་ནི། འགགས་ནས་ལམ་དབུ་མ་ལ་འཇུག་པའོ། །དེ་ཡང་བཅུ་སྟེ་དཀྱིལ་འཁོར་བཅུ་འགོག་པས་སོ། །ཐིག་ལེ་ནི་དཔྲལ་བར་སྲོག་རླུང་འཇུག་པའོ། །རྒྱུ་ བ་གཉིས་བྲལ་ནི་འགྲོ་འོང་དང་བྲལ་བའོ། །འཛིན་པ་ནི་དཔྲལ་བར་སྲོག་རླུང་འཛིན་པ་སྟེ་སེམས་རྩེ་གཅིག་གོ། །གཏུམ་མོའི་བར་དུ་སྣང་བ་ནི་ནམ་མཁའ་སྲིད་པ་གསུམ་གྱི་སྣང་བ་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུ་ནི་སྔར་བཤད་པ་ཉིད་དོ། །ཤེས་རབ་ཐབས་དང་སྦྱོར་བ་ཡིས་ནི་ཤེས་པར་བྱ་བ་དང་རྣམ་ཤེས་ གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱི་གཟུགས་ལ་མཉམས་པའི་བདེ་བའི་དབང་གིས་ཏིང་ངེ་འཛིན་རྣམ་པ་བཅུ་སྟེ། སྲོག་རླུང་ལ་སོགས་པ་རྒྱུ་བ་མེད་པས་སོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའོ། །ད་ནི་སོ་སོར་རྟོག་ལ་སོགས་པའི་ཕན་ཡོན་བརྗོད་དེ། སོ་སོར་རྟོག་པས་དག་པར་འགྱུར་བ་ནི་སྣ་ 14-1-203b ཚོགས་གཟུགས་བརྙན་བརྟན་པར་གྱུར་ན་སྟེ། དེའི་ཚེ་སྔགས་ཀུན་གྱི་བྱིན་གྱིས་བརླབ་པར་འགྱུར་རོ། །སྨྲས་པ་ཙམ་གྱིས་མཆོག་སྦྱིན་ལ་སོགས་པ་སྟེར་རོ། །མངོན་ཤེས་ལྔ་ནི་གང་གི་ཚེ་མིག་བཙུམས་པ་མེད་པར་གྱུར་པ་དེའི་ཚེ་ལྷའི་མིག་འབྱུང་ངོ་། །དེ་ལྟར་བསམ་གཏན་གྱི་དག་པས་ན་ལྷའི་རྣ་བའང་ངོ་། ། སྲོག་རྩོལ་གྱིས་དག་པས་ནི་གང་གི་ཚེ་ཉི་མ་དང་ཟླ་བའི་ལམ་དང་བྲལ་ཞིང་རྟག་ཏུ་དབུ་མར་རྒྱུ་བ། དེའི་ཚེ་སྲོག་རྩོལ་གྱིས་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་བརྗོད་པར་འགྱུར་རོ། །བདུད་དང་ཉོན་མོངས་སོགས་བྲལ་བའི་སྟོབས་བཅུ་ནི། སྟོང་པའི་གཟུགས་བརྙན་ནི་གཟུང་བ་ཡིན་ཏེ། དེ་ལ་ འཛིན་པའི་སེམས་འཇུག་པ་ནི་འཛིན་པའི་སྟོབས་ཀྱིས་སོ། །སྲོག་རླུང་གི་འགྲོ་འོང་ཟད་པས་རོ་གཅིག་ཏུ་འགྱུར་རོ། །རྗེས་སུ་དྲན་པས་དག་པ་ནི་སེམས་ཀྱིས་གཟུགས་བརྙན་འཁྱུད་པ་སྟེ། རྣམ་རྟོག་ཐམས་ཅད་དང་བྲལ་བ་ཉིད་དོ། །དེའི་ཚེ་དྲི་མ་མེད་པའི་འོད་ཀོར་འབྱུང་ངོ་། །བ་སྤུ་རྣམས་ལས་འོད་ཟེར་ ལྔ་ཡང་སྤྲོ་བའོ། །ཡེ་ཤེས་སྐུ་ལས་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སོ། །ཏིང་ངེ་འཛིན་དག་པ་ནི་གཟུང་བ་དང་འཛིན་པའི་སེམས་གཉིས་གཅིག་ཏུ་གྱུར་པས་མ་ཉམས་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་ཏེ། དེས་དག་པ་ནི་བྲལ་བར་གྱུར་པའོ། །ཞག་འགའ་ཞིག་གིས་ནི་ལོ་གསུམ་དང་ཕྱོགས་གསུམ་གྱིས་འགྲུབ་པའོ། །ཡེ་ཤེས་ སྐུ་ནི་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་སོ་སོར་རྟོག་པ་ལ་སོགས་པའི་ངེས་པའོ། །ད་ནི་བཙན་ཐབས་ཀྱི་སྦྱོར་བ་བཤད་དེ། །སོ་སོར་རྟོག་པ་ལ་སོགས་པས་སྟོང་པའི་གཟུགས་བརྙན་མཐོང་ན་ཡང་མ་ཉམས་པའི་སྐད་ཅིག་མི་སྐྱེན་སྲོག་རླུང་མི་ནོན་པའི་ཕྱིར་དེའི་ཚེ་ནཱ་ད་གོམས་པ་བཙན་ ཐབས་ཀྱིས་སྲོག་རླུང་དབུ་མར་རྒྱུ་བར་བྱས་ལ། པདྨར་རྡོ་རྗེའི་ནོར་བུ་ལ་བྱང་སེམས་ཐིག་ལེ་འགོག་པས་འཛག་པ་མེད་པར་མ་ཉམས་པའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་བཙན་ཐབས་སོ། །ནཱ་ད་ལ་གོམས་པ་ནི་འདིར་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནུས་པ་གང་འགྲོ་ལྟེ་བ་ལས། ། མཆོག་གནས་བཅུ་གཉིས་བཅུ་དྲུག་མཐར། །ལྟེ་བར་དེ་ཐིམ་དབྱུ་གུའི་ཚུལ། །གློག་མེ་ལྟ་བུ་གྱེན་དུ་རྒྱུ། །དབུ་མར་བསྐྱོད་པ་འཇམ་ཞིང་རྒྱུ། །འཁོར་ལོར་གཙུག་ཏོར་བུ་ག་གནས། །ཁབ་བཞིན་ཕྱི་རོལ་པགས་ལ་རེག །དེ་དུས་ཐུར་སེར་གྱེན་དུ་བསྐྱོད། །རླུང་གཉིས་བཀག་ནས་གཙུག་ཏོར་རལ། ། 14-1-204a གཞན་གྱི་ལུས་ལ་ཞུགས་པར་འགྱུར། །དེ་ལྟར་རྡོ་རྗེ་ལངས་བྱས་ནས། །སེམས་ནི་གཟུང་འཛིན་བྲལ་བའི་ཚེ། །མཁའ་ལ་སྤྱོད་པར་འགྲོ་བ་དང་། །མངོན་ཤེས་ལྔ་ལྡན་སྣ་ཚོགས་ཡུམ། །ད་ནི་སྟོང་ཉིད་གཟུགས་བརྙན་བསྒྲུབ་པར་བྱ་བའི་ཕྱིར་ལྟ་སྟངས་བཤད་དེ། འདིར་བསྙེན་པ་ནི་ དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་སྟེ། དེར་དང་པོའི་སྦྱོར་བ་ནི་དུ་བ་ལ་སོགས་པའི་མཚན་མ་སེམས་ཀྱིས་གཟུང་བའོ། །དེ་ཡང་རྣམ་པ་བཅུ་སྟེ་དུ་བ་ལ་སོགས་པ་དམིགས་པའི་ཡེ་ཤེས་བཅུའོ། །དེ་ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་ཁྲོ་བོའི་ལྟ་སྟངས་ནི་མིག་འཛུམས་པ་མེད་པར་གྱེན་དུ་ལྟ་བས་མཚན་མ་ འབྱུང་སྟེ། མཚན་མོའི་སྦྱོར་བ་རྣམ་པ་བཞི་དང་། ཉིན་མོའི་སྦྱོར་བ་རྣམ་པ་དྲུག་གོ། །དེ་བས་གཟུགས་བརྙན་གྱི་བར་སོ་སོར་རྟོག་པ་དང་བསམ་གཏན་གྱི་བསྙེན་པའི་ཡན་ལག་ཡིན་ནོ། །བདུད་རྩིའི་ལམ་ལ་སོགས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པ་སྟེ། དེའི་བལྟ་བ་ནི་བདུད་རྩིའི་གནས་དཔྲལ་ བ་སྟེ། དེར་བཏང་བས་དེར་ཉེ་བའི་སྒྲུབ་པ་ལ་ཡན་ལག་དྲུག་གོ། །གཟུགས་བརྙན་མཐོང་བ་ནི་སྲོག་རྩོལ་དང་སྲོག་རླུང་འཛིན་པར་བྱའོ་ཞེས་ཉེ་བའི་སྒྲུབ་པའོ། །ཤེས་རབ་སྦྱོར་བྱུང་ཐིག་ལེ་ནི་ཤེས་རབ་མའི་ཆགས་པ་ལས་བྱུང་བའི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའོ། །མ་ཉམས་པ་གསུམ་ནི་གསང་བ་དང་། ལྟེ་བ་དང་། སྙིང་གར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །མ་ཉམས་བདེ་གཅིག་ཞི་བ་ནི་བྱང་ཆུབ་སེམས་ཀྱི་མ་ཉམས་པའི་སྐད་ཅིག་ནི་ཞི་བར་བརྗོད་དོ། །ལྷན་སྐྱེས་ཡེ་ཤེས་སྒྲུབ་ཆེན་ནི་མ་ཉམས་བདེ་བ་དང་བྱང་སེམས་ལྷན་ཅིག་ཏུ་གྱུར་པ་ཆེན་པོའི་ཡན་ལག་བཞི་པའོ། །སྒྱུ་མ་ལྟ་བུ་ཕྱག་རྒྱ་ཆེ། །ནམ་ མཁར་སེམས་སུ་མེད་སེམས་ལ། །མེ་ལོང་གཟུགས་བརྙན་ལྟ་བུར་སྣང་། །ཁམས་གསུམ་ན་ནི་སྣང་བར་བྱེད། །གློག་ལྟར་འོད་ཟེར་དུ་མ་སྤྲོ། །སྒྱུ་མའི་སྐུ་ལས་ཐ་མི་དད། །ཡུལ་དང་དབང་པོའི་དབྱེ་བ་མེད། །སྣང་བ་ཙམ་སྟེ་ནམ་མཁར་གནས། །སེམས་སུ་མེད་སེམས་གཅིག་པུ་ཡང་། །འགྲོ་བ་ སྣ་ཚོགས་སེམས་ལ་འཁྱུད། །རང་སེམས་ལས་བྱུང་སེམས་སྣང་ཙམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རྣལ་འབྱོར་ཀུན་གྱིས་བསྟེན་བྱ་བ། །སངས་རྒྱས་སྲས་བཅས་ཀྱིས་བསྟེན་བྱ། །ཡེ་ཤེས་མེ་དེ་འབར་བ་ན། །ཕུང་པོ་ལ་སོགས་དང་བཅས་པའི། །རྟོག་པའི་དྲ་བ་སྲེག་པར་བྱེད། །རྣལ་ 14-1-204b འབྱོར་ཀུན་ལ་ལོ་གཅིག་གིས། །ལྷན་ཅིག་སྐྱེས་བདེ་ཐོབ་པར་བྱེད། །ཤེས་རབ་འཛིན་པའི་སེམས་ཡིན་ཉིད། །ཡེ་ཤེས་དེ་ཡི་གཟུང་བྱ་སྟེ། །སྣང་ཙམ་དུ་བ་ལ་སོགས་བཅུ། །ཕྱི་ཡུལ་དང་བྲལ་འཛིན་པ་དེ། །གཟུང་ཡུལ་ལ་ཐིམ་དབང་སྐུར་ཡིན། །དེ་ལས་མ་ཉམས་ལྷན་སྐྱེས་དང་། །མྱ་ངན་ལས་ འདས་བདེ་བ་ནི། །བཞི་པ་དཔེ་མེད་འཇིག་རྟེན་འདས། །སངས་རྒྱས་གསུང་འདི་གང་སྙིང་ལ། །ཞལ་ན་ཡོད་དེ་བླ་མའི་མཆོག །འདིར་ཤེས་རབ་ནི་འཛིན་པའི་སེམས་ཡིན་ཏེ། དེའི་སྣང་བ་དུ་བ་ལ་སོགས་པ་རྣམ་པ་བཅུ་གཟུང་བར་བྱ་བ་པྲ་ཕབ་པ་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུའི་གཟུང་བྱ་ནི་ ཡེ་ཤེས་སོ། །མེ་ལོང་ལ་རང་གི་མིག་གི་གཟུགས་བརྙན་ནི་རང་གི་མིག་གི་གཟུང་བྱ་ཡིན་ནོ། །གཟུང་ཡུལ་ལ་ཐིམ་དབང་བསྐུར་ཡིན་པ་ནི་གཟུང་ཆའི་ཡེ་ཤེས་ལ་འཛིན་པའི་ཤེས་རབ་རབ་ཏུ་འཇུག་པ་ཕྱིའི་ཡུལ་ལ་མི་འཇུག་པ་ནི་སོ་སོར་རྟོག་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ཀུན་ནི་ཐིམ་པར་ བརྗོད་དེ་ཡན་ལག་དྲུག་ལའོ། །དེ་ལས་ནི་ཐིམ་པ་ལས་ཏེ་མ་ཉམས་ལྷན་སྐྱེས་དང་མྱ་ངན་ལས་འདས་པའི་བདེ་བ་ནི་བཞི་པའི་བདེ་བ་སྟེ། བྱིས་པ་དང་དར་ལ་བབ་པ་དང་། འཛག་པའི་བདེ་བ་མཆོག་འཇིག་རྟེན་གྱི་དཔེ་ལས་འདས་པ་ཁམས་གསུམ་གྱི་སྤྱོད་པ་ལས་གྲོལ་བའི་དོན་ཏོ། །དགོད་པ་དང་། ལྟ་བ་དང་། རེག་པ་དང་། འཁྱུད་པ་དང་། ལག་པས་གཟུང་བ་དང་། འཁྲིག་པ་དང་བྲལ་བ། ལས་ཀྱི་ཕྱག་རྒྱ་དང་ཡིད་ཀྱི་ཕྱག་རྒྱའི་རྒྱུ་ལས་མ་བྱུང་བ། སྟོང་པ་ཉིད་རྣམ་པ་ཐམས་ཅད་སོ་སོར་སྣང་བའི་མཚན་ཉིད་ཅན་ནོ། །སངས་རྒྱས་ཀྱི་གསུང་འདི་ཡེ་ཤེས་ཀྱི་ཐབས་ཡིན་ཏེ། སློབ་དཔོན་གང་གི་སྙིང་ལ་གནས་པ་རང་ གིས་མྱོང་བའི་ཕྱིར་ཞལ་ལ་ཡོད་པ་སློབ་མ་རྣམས་ལ་སྟོན་པའི་ཕྱིར་དུས་རྟག་ཏུ་ཡོད་པ་དེ་ནི་བླ་མའི་མཆོག་སྟེ་རྡོ་རྗེ་འཛིན་པའི་དོན་ཏོ། །དབང་པོ་གཉིས་ཀྱི་བདེ་བ་རྟོགས་པ་གཞན་ནི་མ་ཡིན་ནོ། །ནམ་མཁར་སེམས་ཆགས་མིག་མི་འཛུམས། །རྡོ་རྗེ་ལམ་ཞུགས་པདྨ་ལས། །དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་ མེ་འབར་བ་ཟླ་ཉི་མ། །རཱ་ཧུ་ལ་གློག་ཐིག་ལེ་སྣང་། །དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་སྣང་། །ད་ནི་རང་སེམས་ཀྱི་སྣང་བ་ལ་རབ་ཏུ་འཇུག་པར་བརྗོད་དེ། སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདིར་རྣལ་འབྱོར་བསྒོམ་པ་གཉིས་ཏེ། ནམ་མཁའ་ལ་རྣལ་འབྱོར་བསྒོམ་པ་ 14-1-205a དང་། བླ་གབ་མེད་པར་རོ། །ནམ་མཁའ་ལ་རྣལ་འབྱོར་བྱེད་པ་ནི་མཚན་མོ་བུ་ག་མེད་པའི་ཁང་པ་རུ་མུན་པ་ནག་པོ་ལ་ནམ་མཁའ་ལ་སེམས་ཆགས་པས་དུ་བ་ལ་སོགས་པའི་མཚན་མ་མཐོང་བའོ། །རྡོ་རྗེ་ལམ་ཞུགས་ནི་རྩ་དབུ་མར་སྲོག་རླུང་འཇུག་པའོ། །མིག་མི་འཛུམས་པའི་ ནམ་མཁའ་ལས། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་ཞེས་བྱ་བ་བཞི་མཚན་མོའི་སྦྱོར་བས་མཐོང་ངོ་། །དེ་ནས་སྤྲིན་མེད་པའི་ནམ་མཁའ་མཐོང་སྟེ། ནམ་མཁའ་དེ་ལས་ཉིན་མོའི་སྦྱོར་བས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་སྤྲིན་མེད་པའི་ ནམ་མཁའ་འབར་བར་མཐོང་ངོ་། །དེ་ནས་འོད་ཆེན་རྣམ་པར་སྣང་བར་བྱེད། ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བའི་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་མ་ནི་རཱ་ཧུ་ལའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་གོ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ་ནི་ཐིག་ལེའོ་ ཞེས་པ་ནི་མཚན་མ་ནི་བཅུའོ། །གསང་བ་འདུས་པ་ལ་སོགས་པས་མཚན་མོའི་སྦྱོར་བས་ནི། མཚན་བརྗོད་ལས་ཉིན་མོའི་སྦྱོར་བས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བ་བུམ་པ་དང་རས་ལ་སོགས་པའི་རྣམ་པ་ཐམས་ཅད་དང་ལྡན་པའི་ གཟུགས་བརྙན་མཐོང་བའོ། །དེ་ནང་གི་ནི་ཐིག་ལེའི་དབུས་སུ་གཟུགས་བརྙན་ཡུལ་མེད་པ་དེའི་དངོས་པོ་མེད་པས་སོ། །ལོངས་སྤྱོད་རྫོགས་སྐུ་དུ་མ་ནི་གཟུགས་བརྙན་གྱི་སྦྱོར་བས་རང་སྒྲ་གང་ཡིན་པ་དེ་ཐོས་པར་འགྱུར་རོ། །དེ་ལྟར་རྟོག་པ་མེད་ཅིང་གཟུགས་ཀྱི་སྣང་བ་ནི་སྤྲུལ་པའི་སྐུའོ། །སྒྲའི་སྣང་ བ་ནི་ལོངས་སྤྱོད་ཆོགས་པའི་སྐུའོ། །སྤྲིན་མེད་ནམ་མཁའ་རྣལ་འབྱོར་གྱིས། །མིག་གཉིས་བརྟན་པས་བལྟ་བར་བྱ། །ཐིག་ལེར་དྲི་མེད་འོད་འཕྲོ་ཅན། །རི་མོ་ཕྲ་ནག་མཐོང་བའི་བར། །རི་མོ་ནག་དེར་ཀུན་མཁྱེན་སྐུ། རྙོག་མེད་ཆུ་ལ་ཉི་མ་ལྟར། །རང་བསམ་རྣམ་པ་ཀུན་དང་ལྡན། །ཡུལ་ མེད་སྣ་ཚོགས་སྣང་བར་འགྱུར། །ཉིན་མོའི་སྦྱོར་བ་འདིར་སྤྲིན་མེད་པའི་ནམ་མཁའ་ལ་རྣལ་འབྱོར་པས་མིག་བརྟན་པར་བལྟ་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །གཞན་དུ་ན་རབ་རིབ་འབྱུང་སྟེ་དེས་དེ་ལ་གནོད་པའོ། །ཞག་རེ་རེ་ཞིང་བལྟ་བར་བྱ་སྟེ། ཐིག་ལེའི་ནང་དུ་རི་མོ་ནག་པོ་སྐྲའི་ 14-1-205b ཚད་དྲི་མེད་འོད་འཕྲོ་བ་མཐོང་བའི་བར་དུའོ། །ཨ་བ་དྷཱུ་ཏཱིར་རི་མོ་ནག་པོ་དེའི་ནང་དུ་ཀུན་མཁྱེན་གྱི་སྐུ་ཡིན་པའི་ཁམས་གསུམ་ཆུ་ལ་ཉི་མ་ལྟར་མདོག་སྣ་ཚོགས་རྙོག་པ་མེད་པ། རང་གི་སེམས་རྣམ་པ་ཀུན་དང་ལྡན་པ། ཡུལ་དང་བྲལ་བ། སེམས་གཞན་མ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་མེད་པས་ སོ། །འདིར་དང་པོར་རང་སེམས་ཀྱི་སྣང་བ་འདི་རྣལ་འབྱོར་པའི་ཤའི་མིག་གིས་མཐོང་སྟེ། ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་། ཆོས་བསྡུས་པ་ལས་བཅོམ་ལྡན་འདས་ཀྱིས་མིག་ལྔར་བཤད་དེ། ཤའི་མིག །ལྷའི་མིག །སངས་རྒྱས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན། ཡེ་ ཤེས་ཀྱི་སྤྱན་ནི་གོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པས་མ་གཟིགས་པ་མི་སྲིད་དོ། །ས་ཡི་རྣམ་པ་སྲ་བ་མིན། །ཆུ་སྣང་དེ་མིན་ཆུ་མིན་ཕྱིར། །མེ་ལྟར་དེ་མིན་དྲོད་མེད་པས། །རླུང་སྣང་དེ་མིན་མི་གཡོའི་ཕྱིར། །མཁའ་ལྟར་དེ་མིན་མཐོང་ཕྱིར་རོ། ། མདོག་སྣ་ཚོགས་སྣང་མདོག་མ་ཡིན། །རྣམ་པ་ཀུན་ལྡན་ཡང་མི་མཐོང་། །བྱིས་པས་མ་རིག་མུན་ཕྱིར་རོ། །ས་རླུང་ཆུ་ཡི་རླུང་ལ་ཐིམ། །ཆུ་ནི་མེ་ལ་མེ་རླུང་ལ། །རླུང་མཁར་ནམ་མཁས་མཚན་མ་བཅུ། །དེ་ཡང་སྣ་ཚོགས་གཟུགས་བརྙན་འགྱུར། །དེ་ཡང་མ་ཉམས་བདེ་བའི་མཆོག །རང་ སྒྲ་ཡེ་ཤེས་སྐུ་རུ་འགྱུར། །ཡེ་ཤེས་ལས་བྱུང་རྫུ་འཕྲུལ་སྐུ། །སྒྲུབ་པ་སྐྱེ་བ་འདི་ཉིད་དུ། དབུ་མར་སྲོག་རླུང་འཇུག་པ་དང་། །གཡས་གཡོན་ཉི་ཟླའི་རྒྱུ་བ་སྡོམ། །སེམས་ནི་སྣ་ཚོགས་སྐུ་ལ་ཆགས། །བདེ་བ་མཆོག་གི་རྡོ་རྗེ་བསླང་། །ཡང་ན་པདྨར་རྡོ་རྗེའི་སྒྲ། །རྡོ་རྗེ་གསོར་བ་རང་ལག་གིས། ། བདེ་ཕྱིར་ས་བོན་འདོར་མི་བྱ། །འཆི་འཇིགས་འཕྲོག་གི་བླ་མའི་ཞལ། །འདི་ནི་ཕྱག་རྒྱ་ཆེན་པོའི་གདམས་ངག །དང་པོའི་སངས་རྒྱས་ལས་ཀྱང་གསུངས། །འདི་ཁོ་ན་ནི་བསྒྲུབ་པར་བྱ། །བསམ་དུ་མེད་པའི་སྣང་བ་དང་། །དུ་བ་ལ་སོགས་མཚན་མ་དང་། །ཤེས་རབ་གཟུགས་བརྙན་མཁའ་ དང་མཉམ། །ཡོད་དང་མེད་པ་ལས་འདས་པའི། །རང་སེམས་ཀྱིས་ནི་མྱོང་བའི་དོན། །རྡུལ་ཕྲ་རབ་ཀྱི་ཚོགས་པས་ནི། །ཀུན་ནས་ཡོངས་སུ་སྤངས་པ་ཡི། །དུ་བ་སྨིག་རྒྱུ་སྤྲིན་མེ་ཁྱེར། །མར་མེ་འབར་བ་ཟླ་ཉི་མ། །རཱ་ཧུ་ལ་གློག་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། ། 14-1-206a བཙུམས་དང་མ་བཙུམས་མིག་དག་གིས། །སྟོང་པར་གང་ནི་མ་བརྟགས་པ། །གཟུགས་བརྙན་གང་མཐོང་རྨི་ལམ་ལྟར། །དེ་ནི་རྟག་ཏུ་བསྒོམ་པར་བྱ། །བསྒོམ་པའི་གཟུགས་བརྙན་དངོས་མེད་ལ། །རྣལ་འབྱོར་པ་ཡི་བསྒོམ་མ་ཡིན། །སེམས་ངོ་དངོས་པོ་མེད་པ་མིན། །སྐུ་ ལ་རྟོག་མེད་མཐོང་ཕྱིར་རོ། །པྲ་ཕབ་ལྟར་ནི་མེ་ལོང་ལ། །དངོས་མེད་ལས་བྱུང་གཞོན་ནུས་མཐོང་། །འདས་དང་མ་འོངས་པ་ཡི་ཆོས། །དེ་ཉིད་རྣལ་འབྱོར་ནམ་མཁའ་མཐོང་། །དེ་མེད་པས་ནི་དངོས་པོ་མིན། །དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །དངོས་པོ་མེད་ལས་དོན་ཡོད་མིན། །སྒྱུ་མའི་དྲ་བ་རྨི་ ལམ་བཞིན། །ཆོས་ཅན་མེད་པའི་ཆོས་ཀྱིས་འདིར། །སྐྱེ་བར་འདིར་ནི་རབ་ཏུ་བསྟན། །མཐའ་ཡས་སེམས་ཅན་སེམས་ཚིམ་པའི། །ཡིད་བཞིན་ནོར་བུ་ཇི་བཞིན་ནོ། །སྔར་མ་མཐོང་བའི་གཞོན་ནུ་མས། །པྲ་ཕབ་པས་ནི་རྐུན་པོ་མཐོང་། །ཕྱོགས་གཅིག་གི་ནི་མིག་དག་གིས། །སྒྲུབ་པ་པོས་ནི་ཕྱི་ནང་ མཐོང་། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང་། །གལ་ཏེ་མེད་པའི་གཟུགས་མཐོང་ན། །ཅི་སྟེ་རི་བོང་རྭ་མི་མཐོང་། །གཞན་གྱི་མིག་གིས་མི་མཐོང་ལ། རང་གི་མིག་གིས་ཀྱང་མི་མཐོང་། །ཇི་ལྟར་གཞོན་ནུ་མ་ཡི་བུ། །མ་སྐྱེས་པ་ཡང་མཐོང་འགྱུར་རོ། །གསང་ འདུས་ཀྱི་རྒྱུད་ཕྱི་མ་ལས་ཀྱང་། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །འདིར་སོ་སོར་སྡུད་ནི་ཕྱིའི་གཟུགས་ལ་སོགས་པ་ལ་མིག་གི། དབང་པོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འཇུག་པར་ནང་གི་ ཡུལ་དུ་བ་ལ་སོགས་པ་རྣམས་ལ་ལྷའི་མིག་ལ་སོགས་པས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རབ་ཏུ་འཇུག་པ་སྟེ། ནང་གི་སྟོང་པ་ཉིད་ལ་དམིགས་པས་པྲ་ཕབ་པའི་གཞོན་ནུ་མས་མཐོང་བ་ལྟར་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་རྟོགས་པར་བརྗོད་དེ། ཁམས་གསུམ་ གྱི་སྐུ་མཐོང་བའི་ཕྱིར་རོ། །བསམ་གཏན་ནི་ཆོས་ཐམས་ཅད་སྟོང་པར་མཐོང་བ་སྟེ། ཤེས་རབ་ནི་དེ་དག་ལ་སེམས་རབ་ཏུ་འཇུག་པའོ། །རྟོག་པ་ནི་སེམས་ཀྱི་དངོས་པོ་གཟུང་བའོ། །དཔྱོད་པ་ནི་དངོས་པོ་སོ་སོར་རྟོག་པའོ། །དགའ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །མི་གཡོ་བའི་བདེ་ 14-1-206b བ་ནི་དངོས་པོ་ཐམས་ཅད་ལས་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ། །དེ་ལྟར་བསམ་གཏན་ཡན་ལག་ལྔ་ལྡན་ནོ། །དེ་ནས་སྲོག་རྩོལ་རླུང་ནི་རྐྱང་མ་དང་། རོ་མ་གཡོན་པ་དང་གཡས་པའི་ལམ་འགགས་ཏེ། ཨ་བ་དྷཱུ་ཏཱི་དབུ་མའི་ལམ་ལ་སྲོག་རླུང་རྟག་ཏུ་འཇུག་པ་སྟེ། དགའ་བ་དང་། བུམ་པ་ཅན་དང་། འཕང་པའི་སྦྱོར་བས་དབུ་མ་ལ་ཨོཾ་ཡིག་གིས་འཇུག་པ་དང་། ཧཱུྃ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་ཕྱིར་འབྱུང་བ་སྟེ། ཟླ་བ་དང་། རཱ་ཧུ་ལ་དང་། ཉི་མའི་ཚུལ་གྱིས་རྣལ་འབྱོར་གྱིས་བྱེད་དོ། །དེ་ནས་འཛིན་པ་ནི་སྲོག་གི་ས་དང་། ཆུ་དང་། མེ་དང་། རླུང་གི་དཀྱིལ་འཁོར་ལྟེ་བ་དང་། སྙིང་ག་དང་། མགུལ་ པ་དང་། དཔྲལ་བར་འཇུག་ཅིང་ཕྱི་རོལ་དུ་མི་འབྱུང་ཞིང་། ཐིག་ལེར་སྲོག་རླུང་འཇུག་པ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །རྗེས་སུ་དྲན་པ་ནི་རང་གི་ཡི་དམ་གྱི་ལྷའི་གཟུགས་བརྙན་རྟོག་པ་མེད་པར་མཐོང་བ་དང་། དེ་ལས་འོད་ཟེར་རྣམ་པ་སྣ་ཚོགས་པའི་འོད་ཀོར་དང་ཁམས་གསུམ་གྱི་སྤྲོ་བ་རྣམ་པ་དུ་མ་ ནི་རྗེས་སུ་དྲན་པར་བརྗོད་དོ། །དེ་ནས་ཏིང་ངེ་འཛིན་ནི་ཡི་དམ་གྱི་ལྷ་ལ་རྗེས་སུ་ཆགས་པས་མ་ཉམས་པའི་བདེ་བ་ཐོབ་པ་གང་ཡིན་པ་དེ་དང་སེམས་གཅིག་ཏུ་གྱུར་ཅིང་གཟུང་འཛིན་དང་བྲལ་བ་ཏིང་ངེ་འཛིན་དུ་བརྗོད་དོ། །བསྙེན་པའི་དུས་སུ་ནམ་མཁའ་ཆོས་འབྱུང་ལ་སེམས་ཀྱི་རྡོ་རྗེ་རབ་ཏུ་བཞག་ལ་སོ་སོར་རྟོག་ གིས་བསྒོམས་ཏེ། བསམ་གཏན་གྱིས་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དམ་བཅས་པ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གང་ཞིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་དེ་ཚིག་བདག་གི་བརྫུན། །ཞེས་བྱའོ། །འདིར་ཡིད་ཆེས་པ་ནི་དུ་བ་ལ་སོགས་ པའི་མཚན་མ་ཡིན་ཏེ། སྔགས་ལ་སོགས་པ་གཞན་ནི་ཉིན་གཅིག་གིས་མི་འགྲུབ་པས་ཅི་སྟེ་ཡིད་ཆེས་པར་འགྱུར། དེ་བས་ཐེ་ཚོམ་མ་བྱས་པར་བློ་རྟེན་མེད་པར་བྱས་ལ་སྟོང་པ་ཉིད་ཟབ་མོ་ལ་དམིགས་པ་མེད་པའི་ཡེ་ཤེས་འབྱུང་ངོ་། །ཁྱི་སོགས་པ་ལ་ཤ་ཡི་མིག །ལྷ་ཡི་མིག་ནི་ལྷ་སོགས་ལ། རང་སངས་ རྒྱས་དང་ཉན་ཐོས་དང་། །སངས་རྒྱས་སྤྱན་ནི་གསུམ་པ་འབྱུང་། བྱང་སེམས་ལ་ནི་ཤེས་རབ་སྤྱན། །སྒྲིབ་པ་མེད་ཅིང་ཀུན་དུ་གཟིགས། །ཡེ་ཤེས་སྤྱན་ནི་སངས་རྒྱས་ལ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པ་སྣ་ཚོགས་ཀྱི་གཟུགས་རྫོགས་པས་མ་ཉམས་པའི་སྐད་ཅིག་ཐོབ་པའོ། །མཚན་མ་བར་ 14-1-207a མ་ནི་མ་ཉམས་པའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་དང་པོ་ཐོབ་པ་དང་། མངོན་ཤེས་ལྔ་དང་མ་མཐོང་བའི་དོན་མཐོང་བ་དང་། འཇིག་རྟེན་གྱི་གྲུབ་པ་ཐོབ་པའོ། །ཐ་མའི་མཚན་མ་ནི་ཉམས་པའི་སྐད་ཅིག་སྟོང་ཕྲག་ཉི་ཤུ་གཅིག་དང་། དྲུག་བརྒྱས་ལ་ས་བཅུ་གཉིས་ཐོབ་པ་སངས་རྒྱས་ཉིད་ རྡོ་རྗེ་འཛིན་པའོ། །ཕྱག་རྒྱ་ཆེན་པོ་འགྲུབ་བོ་ཞེས་བྱ་བ་ཐོག་མའི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལ་སོགས་པར་གསུངས་པ་སྦྱོར་བ་ཡན་ལག་དྲུག་པ་རྫོགས་སོ།། །།གྲུབ་པ་ཐོབ་པའི་པཎྜི་ཏ་ཆེན་པོ་ཤྲཱི་ཨ་ནུ་པཱ་མ་རཀྵ་ཏ་པཱ་ད་ནཾ་གིས་མཛད་པ་ལ་སྟོད་དིང་རིའི་གླང་སྐོར་མཁན་པ་ཁྲོད་དུ། རྒྱ་གར་ཤར་ ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང་། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཥ་ཌངྒ་ཡོ་ག་ཊཱི་ཀཱ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ ལོའི་དབང་ཕྱུག་དང་། །ཡོན་ཏན་ཆེ་བའི་བླ་མ་ལ། །བཏུད་དེ་སྦྱོར་བ་དྲུག་པ་ཡི། །ཡོན་ཏན་རྫོགས་བྱེད་འགྲེལ་པ་བརྩམ། །འདིར་ཕྱི་ནང་གི་རིམ་པ་ལ་སྦྱངས་པའི་ཐུགས་དང་ལྡན་པའི་སློབ་དཔོན་དཔེ་མེད་འཚོ་དམིགས་པའི་དེ་ཁོ་ན་ཉིད་བསྒོམ་ཞིང་། དཔལ་ཁཪྶ་པ་ཎིའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ ཀྱང་རྟོགས་པའི་ཁྱད་པར་མ་ཐོབ་པས་ཡི་ཆད་ནས་གཉིད་དུ་སོང་བ་ལ་རྡོ་རྗེ་རྣལ་འབྱོར་མས་གསུང་བྱུང་སྟེ། བུ་བི་ཀྲ་མ་པུ་རར་སོང་ཤིག །དེར་ཁྱོད་ལ་རྟོགས་པའི་ཁྱད་པར་འབྱུང་བར་འགྱུར་ཞེས་སོ། །དེས་དེའི་བཀའ་སྤྱི་བོར་བཞག་ནས། སློབ་མ་ཚོང་དཔོན་གྱི་བུ་པཎྜི་ཏ་ཆེན་པོ་དཔལ་འཛིན་དང་བི་ཀྲ་མ་ པཱུ་རར་གཤེགས་སོ། །དེར་དུས་བཟང་པོར་དགེ་སྦྱོར་ལ་བཞུགས་པ་ལ་ནམ་ཕྱེད་ལ་ཨ་བ་དྷཱུ་ཏཱིའི་ཚུལ་གྱི་རྡོ་རྗེ་འཆང་གིས་དངོས་སུ་གདམས། དེའི་གདམས་པ་ཐོབ་པ་ཙམ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ་མི་སྣང་བར་གྱུར། ནམ་ལངས་པ་དང་དེའང་ཏིང་ངེ་འཛིན་ ལས་ལངས་ནས་བདག་ཉིད་ཆེན་པོ་བླ་མ་དེའི་གྲོགས་མཛད་པའི་དཔལ་འཛིན་པ་ལ་གདམས་པ་གནང་ངོ་། །དེས་ཀྱང་ཐུགས་རྗེ་དང་སྐལ་པར་ལྡན་པར་པཎྜི་ཏ་ཆེན་པོ་འོད་བྱེད་ལྷ་ལ་གནང་། དེས་ཀྱང་པཎྜི་ཏ་ཆེནཔོའི་བླ་མ་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ་ལ་བཤད། དེས་ཀྱང་བརྗོད་དུ་ 14-1-207b མེད་པའི་ཡོན་ཏན་གྱི་འབྱུང་གནས་ཀྱི་བླ་མ་མཉེས་པར་བྱེད་པ་ལ་བརྩོན་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཐོབ་བོ། །འདི་ནི་བླ་མའི་བརྒྱུད་པའོ། །དེ་ལྟར་སློབ་མས་གསོལ་བ་བཏབ་པའི་དབང་གིས་སློབ་དཔོན་དཔེ་མེད་འཚོ་དེས་རྡོ་རྗེ་འཛིན་པའི་ས་གོ་འཕང་ཐོབ་པའི་རྒྱུ་སྦྱོར་བ་ཡན་ལག་དྲུག་པ་བྱེད་པར་འདོད་པས་ རང་གི་ཡི་དམ་ལ་བསྟོད་པ་བྱེད་པའི་སྒོ་ནས་ཡན་ལག་དྲུག་པ་བརྗོད་དེ། སྒྲིབ་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ལ་བསྒྲིབས་པས་སྒྲིབ་པ་ཉིད་ཁོ་ན་སྤྲིན་གྱི་ཚོགས་ཏེ་དེ་དང་བྲལ་བས་གྲངས་མ་ལུས་པ་རྟོགས་པ་དང་། དབུགས་རླུང་འགགས་པས་མཐར་ཐུག་པའི་བར་སྣང་ལ་འཆར་བ་སྤྱན་རས་གཟིགས་ནི་སངས་ རྒྱས་ཏེ། དེ་ཁོ་ན་གང་བའི་ཟླ་བ་ཡིན་པས་སྐྱེ་བོ་རྣམས་དགའ་བར་བྱེད་པས་མཛེས་པའོ། །ངེས་དོན་གྱི་གཟུང་འཛིན་གྱི་སྒྲོ་བཏགས་པ་དང་བྲལ་བ་སྟེ། འདིས་སོ་སོར་རྟོག་པ་དང་བསམ་གཏན་གྱི་ཡན་ལག་བཤད་དོ། །གྲངས་མ་ལུས་པའི་རྟོག་པ་ནི་ཆགས་པ་དང་བཅས་པའི་སེམས་ཀྱི་སྐད་ཅིག་སྟོང་ཕྲག་བརྒྱད་ཅུ་ རྩ་བཞིའི་མཚན་ཉིད་ཅན་དང་། འབྱུང་བ་དང་། རྔུབ་པའི་རླུང་འགགས་པའི་བར་སྣང་དུ་རྣམ་པ་ཐམས་ཅད་དུ་མཐོང་བའི་སྣ་ཚོགས་གཟུགས་འདིས་སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་བཤད་དེ། འཆར་བའི་གཏུམ་མོ་ལ་རེག་པས་བདེ་བ་ཆེན་པོའི་འཁོར་ལོ་ལས་སོ། །སངས་རྒྱས་ཐམས་ ཅད་ཀྱི་སྤྱི་གཙུག་དང་རྡོ་རྗེའི་རྩེ་མོས་འཛིན་པས་འཇིག་རྟེན་དབང་ཕྱུག །དགའ་བ་བཅུ་དྲུག་གིས་གང་བའི་ཟླ་བ་དེ་ལྟ་བུར་མཛེས་པའོ། །འདིས་ཏིང་ངེ་འཛིན་གྱི་ཡན་ལག་བཤད་དོ། །ད་ནི་ཡན་ལག་དྲུག་པའི་བྱ་བ་འགལ་ཚབས་ཅན་དུ་བཤད་དོ། །སྲིད་ཞི་ལ་སོགས་པའོ། །སྲིད་པ་ནི་སྐྱེ་བ་དང་། འཆི་བའི་ རྒྱུན་ཀུན་རྫོབ་དང་། ཞི་བ་ནི་དོན་དམ་པའི་བདེན་པ་སྟེ། དེ་གཉིས་ཀྱི་དམིགས་པ་དང་བྲལ་ཡང་དེ་གཉིས་ལས་ཐ་མི་དད་པས་ཟུང་དུ་འཇུག་པའོ། །ཁམས་གསུམ་ལ་ཁྱབ་པས་ཁྱབ་བྱེད། སྟོང་པ། ཤིན་ཏུ་སྟོང་པ། སྟོང་ཉིད་ཆེན་པོ། ཐམས་ཅད་སྟོང་པས་སྟོང་པའོ། །མེ་ལོང་གི་གཟུགས་བརྙན་ལྟ་བུའི་ རྣམ་པ་ཐམས་ཅད་དང་ལྡན་པའོ། །རྟོག་པ་མེད་པའི་ཡེ་ཤེས་མཐར་ཐུག་གི་གནས་སྐབས་པ་སྟེ། དེའི་དབང་ཕྱུག་ལས་བཅུ་གཉིས་པའོ། །རབ་ཏུ་མི་གནས་ནི་དམིགས་པ་ལ་མི་ཆགས་པས་སོ། །གཡོ་མེད་ནི་མ་ཉམས་པས་སོ། །གཉིས་དང་བྲལ་བས་རྟོག་མེད། མཁས་པ་ནི་རྟོག་མེད་ཀྱི་ཡེ་ཤེས་ 14-1-208a རྟོགས་པ་ལ་འདོད་པའི་ཡོན་ཏན་ལྔའི་བདེ་བ་མ་ཉམས་པ་སྟོན་པའོ། །སེམས་མིན་ནི་རྟོག་པ་འགག་པའི་སེམས་སོ། །དེ་ལས་འཆར་བས་འགྲོ་བས་བསྟེན་པར་བྱ་བས་མགོན་ཏེ། དེས་འགྲོ་བ་དག་གི་སེམས་བྱིན་གྱིས་རློབ་པར་སྨོན་པའོ། །ཡོད་པའི་ཡོན་ཏན་བརྗོད་པ་ངོན་དུ་འགྲོ་ བས་བླ་མ་ལ་ཕྱག་འཚལ་བ་བཤད་དེ་ཡོད་རྟོག་ལ་སོགས་པའོ། །ཅུང་ཟད་ཀྱང་ཡོད་པར་རྟོག་ན་རྟག་པའི་མཐར་འགྱུར་ཏེ། དེ་ཡང་མ་བརྟགས་པར་དོར་ན་ཆད་པའི་མཐའ་སྟེ་བསྐལ་པ་དུ་མར་མནར་མེད་དུ་སྡུག་བསྔལ་མྱོང་བའི་རྒྱུའོ། །དེ་ལྟར་དམ་པའི་ལམ་སུབས་པར་གྱུར་པ་ལས་དཔལ་ལྡན་བླ་མ་གང་ གིས་སེམས་ལས་འདས་པ་སེམས་མ་ཡིན་པའི་སེམས་ཀྱི་རང་བཞིན་སྟོང་པར་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཐམས་ཅད་དང་ལྡན་པ། ནམ་མཁའི་གཟུགས་བརྙན་ནི་སྣ་ཚོགས་པའི་གཟུགས་སློབ་མ་དམ་པ་ལ་སྟོན་པར་བྱེད་པའི་བླ་མ་དེ་ལ་རབ་ཏུ་དགའ་བར་བྱེད་པས་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ལོ། ། འོ་ན་བླ་མའི་དྲིན་ཁོ་ནས་ལམ་དམ་པ་ཐོབ་ན་དེ་རང་ལ་བསྔགས་པས་མཆོག་གི་ཡན་ལག་དྲུག་པ་བརྗོད་པས་ཅི་བྱ་ཞེ་ན། སྨྲས་པ། དེ་ལྟ་ལ་སོགས་པའོ། །ཇི་ལྟ་བའི་ལམ་སྟོན་པ་པོའི་བླ་མའི་ཡོན་ཏན་བརྗོད་པ་ནི་རང་གི་རྟོག་པ་བརྗོད་པ་ཁོ་ན་སྟེ། གང་གི་ཕྱིར་འབར་བའི་མེ་མེད་ན་དུ་བ་འབྱུང་བ་གསལ་བར་ མཐོང་བ་མི་སྲིད་པ་བཞིན་ནོ། །འོ་ན་ང་རྒྱལ་ཞི་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་ལམ་རྟོགས་པ་ཉིད་ལ་བདག་དེ་ཁོ་ན་ཉིད་རིག་པའོ་ཞེས་ང་རྒྱལ་མི་རིགས་ཤེ་ན། སྨྲས་པ། རྟོགས་བརྗོད་ལ་སོགས་པའོ། །བདག་གི་རྟོག་པའི་ང་རྒྱལ་འདི་སྐྱོན་དུ་མི་འགྱུར་ཏེ། གང་གི་ཕྱིར་ཐར་པ་འདོད་པ་རྣམས་འཇུག་པར་བྱེད་པས་ གཞན་དོན་གྱི་རྒྱུ། རྙེད་པ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་སྟོན་པ་པོས་མ་ངེས་པའི་དངོས་པོ་ལ་འདོད་པའི་དོན་བསྒྲུབ་པའི་ཕྱིར་སྐྱེ་བོ་རྣམས་མི་འཇུག་པའོ། །ད་ནི་རྒྱུད་ཀྱི་བྱུང་ཚུལ་བཤད་དེ། སོ་སོ་སྐྱེ་བོས་བྱས་པའི་འགྲེལ་པས་རྒྱུད་ཀུན་གྱི་དྲང་དོན་རྟོགས་པས་ཁེངས་པའི་སྔགས་པ་རྣམས་ ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་མི་ཤེས་པས་ལམ་ལ་འཁྲུལ་པ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་ཡིན་ཞེས་པ་ལ་སོགས་པས་འཇུག་པ་རྣམ་པར་སྣང་མཛད་ཀྱི་ཚིག་གིས་གཟུགས་ཀྱི་ཕུང་པོ་སྟོང་པར་བསྟན་པས་གཟུགས་བཀག་པར་མི་རྟོག་པ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་འཆང་ 14-1-208b གི་བཀས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་སྤྲུལ་པ་ཤམྦྷ་ལའི་རྒྱལ་པོས་བཀའ་བསྡུས་པའི་སྒོ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གསུངས། འདིས་སྟོན་པ་པོ་དང་། བཀའ་སྡུད་པ་པོ་དང་།དོན་གྱི་ཞུ་བ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བཟངས་ཡིན་པས། རྒྱུད་ གང་ལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་པདྨ་དཀར་པོས་དོན་ཐམས་ཅད་གསལ་བར་བྱེད་པའི་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་པ་མཛད། དེས་གསལ་བར་བྱས་པ་སངས་རྒྱས་རིན་པོ་ཆེའི་ཐུགས་དམ་པའི་ལམ་གྱི་དམ་པ་བསོད་ནམས་བསགས་པ་རྣམས་ཀྱིས་བླ་མ་ལས་ཐོབ་ནས་ངེས་དོན་བདུད་རྩི་སྟོན་པས་དགའ་ བ་བཞིའི་བདུད་རྩིས་སྲིད་པའི་དུག་སེལ་ཞིང་། མ་ཉམས་པའི་བདེ་བས་རོལ་པ་འདིས་བཤད་པ་པོའི་ཆེ་བ་བརྗོད་དོ། །སླར་ཡང་རྒྱུད་ཀྱི་རྒྱལ་པོའི་བསྔགས་པ་བརྗོད་དེ། གང་དུ་ལ་སོགས་པའོ། །ཤེས་བྱའི་ཚོགས་ཐམས་ཅད་ཕྱི་ནང་གི་རིག་པའི་གནས་ཀྱི་རྟེན་ལ། དང་པོའི་སངས་རྒྱས་ལས་མ་གསུངས་ པ་གང་ཡིན་པ་དེ་ནི་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུད་ཀྱི་རྒྱལ་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཞེས་མཚན་དོན་དང་ལྡན་པར་བསྟན། །ཡང་དེ་ཁོ་ན་ཉིད་རིན་པོ་ཆེའི་འབྱུང་གནས་གང་ལ་དབང་ཕྱུག་ལ་སོགས་པའི་ཚིག་སྙིང་པོ་མེད་པས་རྩྭ་དང་འདྲའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཆོས་སྟོང་པ་རྟོགས་པས་ནམ་མཁའ་ལས་བྱུང་བ་ནི་སྣ་ཚོགས་གཟུགས་ལས་བྱུང་བའི་སངས་རྒྱས་ཀྱི་ཡུམ་གྱིས་སྐྱེ་བར་འགྱུར་བ་ནི་རྟོགས་པའི་ཚོགས་མ་ལུས་པ་སླར་མི་འབྱུང་བའི་ཚུལ་དུ་འཇོམས་པར་མཛད་དོ། །ད་ནི་དུ་བ་ལ་སོགས་པའི་མཚན་མ་སྐྱེ་བའི་རྒྱུ་ཡན་ལག་དྲུག་པའི་རྟེན་བླ་མའི་གདམས་པ་ བཤད་དེ། །གང་དུ་ལ་སོགས་པའོ། །རྒྱུད་གང་ལ་དྲི་མ་སྟེ་སྤྲིན་ལ་སོགས་པ་མེད་པའི་ནམ་མཁའི་བར་སྣང་ལ། དམིགས་པས་མིག་ཕྱེད་བརྟན་པར་གཏད་པ་ན་སྙིང་རྗེས་བརླན་པ་རྟོག་པ་དང་བྲལ་བའི་སེམས་ལས་མུ་བཞི་དང་བྲལ་བ་དུ་བ་ལ་སོགས་པའི་རྟགས་འབྱུང་ངོ་། །མུན་པ་གནག་པ་ལ་ཅི་ ཡང་བསམ་པར་མི་བྱའོ་ཞེས་པ་ནི་གདམས་པའོ། །གཞན་དུ་ཡང་། ཡིད་ཀྱི་རྩ་བ་ཕྱུང་བྱས་ཏེ། །སྟོང་པ་ཉིད་ལ་གོམས་བྱས་ན། །མ་རིག་རབ་རིབ་ཀྱིས་ལྡོངས་པའི། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་སོ། །ས་ར་ཧ་པས་ཀྱང་། ཆོས་ཀུན་མཁའ་དང་མཉམ་བྱས་ཤིང་། །ནམ་མཁའ་ 14-1-209a མཉམ་པར་སེམས་བཟུང་ནས། །སེམས་དེ་སེམས་མ་ཡིན་བྱས་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །ད་ནི་རྫོགས་པའི་རིམ་པ་གསལ་བར་བྱེད་པ་ནི་ཀུན་རྫོབ་དང་དོན་དམ་རོ་གཅིག་པར་སོན་པའོ། །དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ཚིགས་སུ་བཅད་པ་བརྒྱ་ དང་ཉི་ཤུ་རྩ་དྲུག་གི་རྗེས་ལ་ཉམས་མེད་ལ་སོགས་པའོ། །ཉམས་པ་མེད་བའི་ལྷན་ཅིག་སྐྱེས་པའི་སྐུའི་ཨཱ་ལི་དང་ཀཱ་ལི་པདྨ་དང་ཟླ་བ་ཉི་མའི་གདན་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ལས་བྱུང་བའི་གཟུགས་དང་དབྱིབས་དང་ཕྱག་དང་དབྱིབས་སུ་རྟོག་པའི་ཆོས་འགོག་པས་བཅོམ་ལྡན་འདས་མ་ཉམས་ པའི་ཡེ་ཤེས་ཀྱི་བསྒྲུབ་པ་བརྗོད་དེ། ཨཱ་ལི་ནི་ཨ་ལ་སོགས་ཏེ་དབྱངས་ཀྱི་ཚོགས་ཟླ་བའོ། །ཀཱ་ལི་ནི་ཀ་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་ཉི་མའོ། །དེ་གཉིས་གཅིག་ཏུ་གྱུར་པའི་གདན་དང་། པཾ་ལས་པདྨ་དང་། ཨ་ལས་ཟླ་བ། རཾ་ལས་ཉི་མ། མ་ཉམས་པའི་ཡེ་ཤེས་དང་ལྡན་པའི་རྡོ་རྗེ་འཆང་གི་གདན་མ་ ཡིན་ནོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་རྟེན་པ་མི་འདོད་དོ། །མངོན་པར་ཞེན་པའི་མཚན་ཉིད་ཅན་ཡིན་པས་ཉམས་པའི་ཕྱིར་རོ། །མ་ཉམས་པའི་བདེ་བ་སྐྱེད་ཅིང་ཉམས་པ་འཇོམས་པས་ཐ་མལ་པས་བརྟགས་པའི་ཨ་ལ་སོགས་པའི་ཡི་གེར་དང་བྲལ་བ་ལྷའི་དབང་པོ་དང་ལྡན་པའོ། །དེ་ བས་ན་ལ་སོགས་པ་གོ་སླའོ། །ཆོས་ཀྱི་དབྱིངས་ནི་མཁའ་ལ་སྣ་ཚོགས་གཟུགས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པའི་མེ་ལོང་ལ་པྲ་ཕབ་པ་ནི་སྒྲུབ་པ་པོས་བསམས་པ་བཞིན་ནོ། །དེར་མེད་པའི་ཆོམ་རྐུན་ལ་སོགས་པ་གཞོན་ནུ་མས་མཐོང་བཞིན་དུ་རྟོག་པ་མེད་པར་མ་སྐྱེས་པའི་ཆོས་མཐོང་བའོ། ། བྱིས་པས་བརྟགས་པས་ཕྱི་རོལ་གྱི་དངོས་པོ་མེད་པས་མིག་ཡོད་ན་རྨི་ལམ་ལྟ་བུར་སྣང་བས་སོ། །བེམས་པོ་མེད་པས་རྡུལ་ཕྲ་རབ་མེད་པའོ། །རྒྱང་ཕན་པའི་ལུགས་ལ་མ་ཞུགས་པས་ཆད་པའི་སྟོང་ཉིད་རིང་དུ་བྱས་པའོ། །ནང་གི་བདེ་བ་རང་ཉིད་ཀྱི་རིག་པ་ལ་ཆགས་པས་སོ། །ལས་ཀྱི་ཕྱག་རྒྱ་ མི་བསྟེན་པས་ཕྱིའི་ལ་སོགས་པས་སོ། །མན་ངག་ནི་འཆད་པར་འགྱུར་བས་སོ། །རྒྱལ་བ་ལ་སོགས་པ་ནི་ལམ་མ་ཐོབ་པས་བས་བསྡུ་ན་བཞི། ཕྱི་ན་བཅུ་དྲུག་འཆད་པར་འགྱུར་བ་ནི་རྟོག་པའི་ལམ་གྱིས་མི་འཐོབ་པོ། །ཧཱུྃ་ཕཊ་ལ་སོགས་པ་ནི་སོགས་པའི་སྒྲས་ཕྱག་རྒྱ་ལ་སོགས་པ་དང་བྲལ་བ་བསྐྱེད་ 14-1-209b པའི་རིམ་པ་ལམ་དུ་ཞུགས་པ་སྟེ། དེ་དེ་ལས་འདས་པ་རྫོགས་པའི་རིམ་པ་ནི་ནམ་མཁའ་ལ་བསྒོམས་པས་རྟོགས་པར་བྱ་བ་དེའི་རིམ་པ་ནི་དུ་བ་ལ་སོགས་པའི་སྦྱོར་བ་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡིན་གྱི་པདྨ་ལ་སོགས་པའི་རྟོག་པ་གཞན་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་བཤད་དེ། མེ་ནི་ལ་སོགས་ པའོ། །རྟེན་མེད་པ་ལྟ་ཞོག་གི་ཤིང་ལ་གནས་པ་ཡང་སྟ་རེ་ལ་སོགས་པས་གཅོད་པ་དང་སོག་ལེས་གཤགས་ཀྱང་མི་མཐོང་ལ་གཙུབ་ཤིང་ལ་སོགས་པའི་སྦྱོར་བས་མཐོང་བ་ལྟར་དེ་བཞིན་དུ་རྣམ་ཏོག་ཡང་དང་ཡང་དུ་གོམས་པས་སེམས་ཀྱི་སྣང་ཚུལ་མི་མཐོང་གི་འོན་ཀྱང་རོ་མ་དང་རྐྱང་མ་དབུ་མ་གཉིས་ སུ་མེད་པའི་སྦྱོར་བས་རང་སེམས་དེ་ཉིད་དུ་སྣང་བར་འགྱུར། དོན་དམ་པ་བསྙེན་པ་ལས་དེ་བཤད་པ། ཤིང་ལས་མེ་བྱུང་ཆུ་ནི་ཆུ་ཤེལ་ལས། །ཞོ་ལས་མར་དང་རྡོ་ལས་གསེར་སོགས་ལྟར། །བུད་མེད་བསྟན་པས་མ་ཉམས་བདེ་བ་ནི། །དེ་ཐབས་སྦྱོར་བས་སྐལ་ལྡན་གྱིས་གཟུང་བྱ། །ཁྱོད་ཀྱི་སེམས་ ལ་ཅུང་ཟད་བསགས་པ་མིན། གཞག་བྱ་མེད་ལ་འཕེལ་ཞིང་འགྲིབ་པ་མེད། །རང་གི་སེམས་ལ་སེམས་ཉིད་སྣང་བ་ཙམ། །དཔེར་ན་ཁམས་གསུམ་ཆུ་ལ་ཉི་མ་བཞིན། །ཞེས་སོ། །སེམས་གཅིག་པུ་ཉིད་ཤེས་རབ་ཀྱི་གཟུགས་བརྙན་ལས་དུ་མར་འགྱུར་ཞེས་དགོངས་པའོ། །དེ་ཉིད་བཤད་ དེ། དུ་བ་ལ་སོགས་པའོ། །དུ་བ་ཉིད་ཐོག་མར་གང་གི་ཡིན་པ་དེ་ནི་སྨིག་རྒྱུ་ལ་སོགས་པའོ། །རྟགས་ནི་ཡིད་ཆེས་པའོ། །སྲོག་རྩོལ་ནི་བུམ་པ་ཅན་དེ་གོང་དང་འོག་ཏུ་རྩ་གསུམ་འགོག་པའི་བདག་ཉིད་ཅན་ནོ། །དབུ་མར་རྒྱུ་བ་ནི་སེམས་ཀྱི་རྩ་ལ་སྲོག་རླུང་ཞུགས་ནས་རྒྱུ་བའོ། །རིག་མའི་བརྟུལ་ ཞུགས་ནི་རིག་མ་གཙོ་བོར་བྱས་པ་ཚངས་པར་སྤྱོད་པའོ། །མ་ཉམས་པ་ནི་འགྲེང་བའོ། །གྱེན་དུ་རྒྱུ་བ་ནི་ནོར་བུ་དང་པདྨ་ལ་སོགས་ཏེ་ལམ་འདིས་ནི་དུ་བ་ལ་སོགས་པ་ལ་ཡན་ལག་དྲུག་པའི་མཚན་ཉིད་ཅན་གྱིས་སོ། །སངས་རྒྱས་ཐམས་ཅད་ཀྱི་དབང་པོ་དང་བྲལ་བའི་བདེ་བ་ནི་མ་ཉམས་པའི་ མཆོག་ཡིན་ནོ། །ཕོ་ཉ་ཀུན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགོག་པའི་རང་བཞིན་མཁའ་འགྲོ་མ་རྣམས་ཀྱི་ལྷན་སྐྱེས་སོ། །གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལ་གཟུགས་བསྒོམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །སོགས་པའི་སྒྲས་ཡིད་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་ནི་རྟེན་ཡིན་ལ། 14-1-210a འཁོར་ལོ་ནི་བརྟེན་པ་ལྷའི་ཚོགས་སོ། །སོགས་པའི་སྒྲས་སྔགས་དང་ཕྱག་རྒྱའོ། །དེ་དག་བསྒོམས་པས་འཇིག་རྟེན་ནི་ཁམས་གསུམ་སྟེ་དེའི་གྲུབ་པ་ནི་འོག་མིན་གྱི་བར་གྱི་དབང་ཕྱུག་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པ་འཇིག་རྟེན་ལས་འདས་པ་གང་ལ་གྲུབ། འོ་ན་ ལམ་གྱི་གདམས་པ་འདི་ཐམས་ཅད་ལས་འབྱུང་ངམ་མ་ཡིན་ཏེ་འོན་ཀྱང་སེམས་ཅན་ལ་སོགས་པའོ། །ལམ་འདི་བླ་མ་དམ་པའི་དྲིན་གྱིས་དབང་ལ་སོགས་པས་ཐ་མལ་པའི་ང་རྒྱལ་གྱི་དྲི་མ་དག་པས་རྣམ་པར་དག་པའི་སློབ་མ་ལ་སྐྱེའོ། །ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་གསུངས་ པ། ཇི་ལྟར་དུག་ནི་སྔགས་སོགས་ཀྱིས། །སྦྱངས་པ་ཡིས་ནི་བཅུད་ལེན་འགྱུར། །དེ་སྟར་དབང་ལ་སོགས་པ་ཡིས། །མ་དག་སློབ་མ་དག་པར་འགྱུར། །ཞེས་སོ། །གང་གི་སེམས་ཅན་སྙིང་རྗེ་གཞན་དོན་དང་རྟག་ཏུ་དགེ་བ་ལ་བརྩོན་པའོ། །ད་ནི་ལམ་ཐོབ་ན་འདི་བག་མེད་པས་ མེ་དང་འབྲལ་བའི་རྒྱུ་བཤད་དེ། ལམ་མཆོག་ལ་སོགས་པའོ། །སངས་རྒྱས་ཉིད་དཀའ་ཚེགས་མེད་པར་གང་གིས་ཐོབ་པ་དེ་ནི་ལམ་སྟེ། དེ་ཉིད་དགའ་བ་འཕེལ་བར་བྱེད་པས་རིན་པོ་ཆེ། རྙེད་པར་དཀའ་བ་དང་འདོད་པའི་དོན་ཕུན་སུམ་ཚོགས་པ་སྟེར་བས་ཡིད་བཞིན་ ནོར་བུ་ལྟ་བུའོ། །བག་མེད་ནི་ཕན་པ་དང་བདེ་བ་ལ་ལྟོས་པ་མེད་པ། འཁོར་བར་རིགས་དྲུག་ཏུ་འཁྱམས་པ། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་བྲལ་བ། གཞན་ལ་ཕན་པ་དང་བདེ་བ་ལ་མི་བརྩོན་པ་ལ་བྱིན་ན་རང་གི་ཁྱིམ་ནི་ཆུང་མ་སྟེ་དེ་ཉིད་ནགས་ཡིན་ཏེ། མ་རུངས་པའི་ སེམས་ཅན་གྱི་རྟེན་ཡིན་པས་སོ། །དེར་འདི་ལ་དབང་པོ་རྣམས་ཆགས་པས་ཡུལ་ཏེ། གཟུགས་ལ་སོགས་པ་ཕྱིའི་ཡུལ་ལོངས་སྤྱོད་དེ་ནི་དམན་པ་སྟེ། ལམ་གྱི་མི་མཐུན་ཕྱོགས་ཡིན་པ་རྨོངས་པས་བསྟེན་པའོ། །དེ་ཉིད་ཆོམ་རྐུན་ཏེ་དེ་དག་གིས་ཕྲོགས་པར་འགྱུར། འདི་ དག་འབའ་ཞིག་གིས་མ་ཡིན་གྱི་འོན་ཀྱང་བླ་མ་དང་ལུང་དང་རང་ཉིད་ཡིད་ཆེས་པའི་ལམ་རིན་པོ་ཆེ་ལ་ཐེ་ཚོམ་དང་ལེ་ལོ་ནི་དགེ་བ་ལ་མ་སྤྲོ་བའོ། །གཉིད་ནི་ལུས་དང་ཡིད་ལས་སུ་མི་རུང་བའོ། །འགྱོད་པ་ནི་ལས་དམན་པ་བདག་གིས་བྱས་པས་ལམ་མངོན་སུམ་བདག་གིས་བྱ་བར་མི་ 14-1-210b ནུས་སོ་ཞེས་བྱ་བའི་རྣམ་པ་ཅན་ནོ། །ཆོམ་རྐུན་འདི་དག་གི་ཉེ་དུ་ནི་བུ་དང་ཆུང་མ་ལ་སོགས་པ་དེ་ཉིད་ནགས་ཏེ་དེར་ཞུགས་པའི་གྲོལ་ལམ་མཆོག་ནི་འཕྲོག་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་འདི་དག་འབའ་ཞིག་པ་མ་ཡིན་གྱི། འོན་ཀྱང་སྲོག་གཅོད་པ་དང་། མ་བྱིན་པར་ ལེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། འདོད་པས་ལོག་པར་གཡེམ་པ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་།ལོག་ལྟ་སྟེ་འདི་དག་གིས་ཀྱང་ལམ་རིན་པོ་ཆེ་འཕྲོག་པར་འགྱུར་རོ། །དེ་དག་འབའ་ཞིག་གིས་མ་ ཡིན་གྱི་འོན་ཀྱང་བཟའ་བཏུང་ཤིན་ཏུ་ཚད་མེད་པས་ཀྱང་འཕྲོག་སྟེ་དེ་ལ་བཟའ་བ་ནི་ཤ་ལ་སོགས་པའོ། །བཏུང་བ་ནི་ཆང་ལ་སོགས་པའོ། །ཤིན་ཏུ་ནི་རྒྱལ་བའི་ཆོས་ཀྱིས་སོ། །ལོངས་སྤྱོད་ནི་ཕྲེང་བ་ཙནྡན་བུད་མེད་ལ་སོགས་པ་སྣ་ཚོགས་པའོ། །དེས་བརྩོན་འགྲུས་དང་ལྡན་པའི་ ཡང་འཕྲོག་ན་བརྩོན་འགྲུས་མེད་པའི་ལྟ་ཅི་ཞིག་དགོས། བག་མེད་ནི་གྲོགས་ངན་པ་དང་འགྲོགས་པ་ལ་སོགས་ཏེ། དེས་བརྒྱལ་བ་བཞིན་ནོ། །ལམ་རིན་ཆེན་བརྟག་པ་བཤད་དེ། རིན་ཆེན་ལ་སོགས་པའོ། །རང་གིས་རིན་ཆེན་ཡིན་མིན་མི་ཤེས་པས་གཞན་སྡིག་ཅན་མི་ མཁས་པ་ལ་རིན་ཆེན་ཡིན་ནམ་མ་ཡིན་ཞེས་སྟོན་ནོ། དེས་མ་ཡིན་ཞེས་སྨྲས། དེས་ཚིག་གིས་སྐལ་བ་མེད་པས་དེ་འདོར་བར་བྱེད་དོ། །དེས་སྡིག་པའི་གྲོགས་དང་འགྲོགས་པའི་སྐྱོན་བཤད་དོ། །འོ་ན་རང་གིས་བརྟག་པས་མི་ཤེས་པ་ལམ་རིན་ཆེན་ཇི་ལྟར་ཤེས་ཤེ་ན་སྨྲས་པ། རིན་ཆེན་ལ་སོགས་པའོ། །རིན་ཆེན་བརྟག་དཔྱད་མཁས་པ་ཁོ་ན་ལ་བརྟེན་པར་བྱ་སྟེ་དེའི་མི་སླུ་བའི་ཚིག་གིས་རིན་ཐང་མེད་པར་ཤེས་པར་བྱ། དེས་དགེ་བའི་བཤེས་གཉེན་བསྟེན་པ་བཤད་དོ། །ལམ་ལ་ཞུགས་པ་ལ་བདུད་བྱུང་ན་སྤང་བར་བཤད་དོ། །ཕ་ལ་སོགས་པའོ། །གང་ གི་ཕྱིར་ལམ་འཕྲོག་པ་ཡོད་པ་དེ་བས་བདུད་སྡིག་ཅན་སངས་རྒྱས་ལ་སོགས་པའི་གཟུགས་ཀྱིས་བར་ཆད་བྱེད་དེ་འདིས་འཚང་རྒྱ་བའི་ལམ་ཡིན་ཞེས་བྱ་བ་ལ་སོགས་པ་བདུད་ཀྱི་ལས་ཀྱི་ལེའུ་ལས་བཤད་པ་བཞིན་ནོ། །ཉེ་བར་བསྡུས་ཤིང་བཤད་དེ་ཆོམ་རྐུན་ལ་སོགས་པའོ། །གང་ 14-1-211a གི་ཕྱིར་ལམ་འཕྲོག་པ་ཡོད་པ་དེ་བས་ཉེ་དུ་དང་ཐེ་ཚོམ་ལ་སོགས་པ་སྤངས་ནས་འབད་དེ་བླ་མས་གནང་བའི་ལམ་རིན་པོ་ཆེ་ཤིན་ཏུ་གསལ་བར་བྱ། ཐར་པ་ཐོབ་པའི་ལམ་གཞན་ཡང་ཡོད་ཅེ་ན། སྨྲས་པ།བདག་ལ་སོགས་པའོ། །བདག་བྱིན་གྱིས་བརླབ་པའི་ རིམ་པ་ནི་ཞི་བའི་ལྷ་ལ་དམིགས་པའོ། །དཔའ་བོའི་རིམ་པ་ནི་དྲག་པོའི་ལྷ་ལ་དམིགས་པའོ། །དེ་ནི་ཐར་པའི་སླད་དུ་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱིས་འོན་ཀྱང་ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་འབའ་ཞིག་པའོ། །དེ་ཅིས་ཤེས་ཤེ་ན། སྨྲས་པ། གང་ གིས་མལ་སོགས་པའོ། །རྒྱུ་མཚན་གང་གིས་ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱང་བདེ་བས་འབད་རྩོལ་མེད་པར་རྣམ་དག་གི་རིམ་པ་ དབང་གི་དོན་གྱིས་བསྡུས་པར་བྱས་པ་ལས་གཞན་དུ་ན་མཚམས་མེད་པ་བྱས་པ་རྣམས་དཔའ་བོའི་རིམ་པས་དྲག་པོའི་ལས་ལས་ལྡོག་པར་མི་འགྱུར་རོ། །བདག་བྱིན་གྱིས་བརླབས་པས་ཀྱང་འཁོར་བའི་བདེ་བ་ལས་ཐར་པ་མི་ཐོབ་བོ། །འོ་ན་རིམ་པ་གཉིས་པོ་འདི་ལམ་མ་ཡིན་ན་ བཅོམ་ལྡན་འདས་ཀྱིས་ཅི་སྟེ་གསུངས་ཤེ་ན། སྨྲས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པའོ། །དཔའ་བོའི་རིམ་པ་ནི་ཕྱི་རོལ་དུ་མ་ཡིན་གྱི་གང་གི་ཕྱིར་ལུས་ལ་སྲོག་རླུང་ཟད་པར་བྱེད་པ་འདི་ཡིན་ནོ། །བདག་བྱིན་གྱིས་བརླབ་པ་ནི་རང་སེམས་ཀྱི་སྣང་བ་སྟེ། དེ་ཡང་ནམ་མཁའ་ ལ་ཁམས་གསུམ་གྱི་སྣང་བའོ། །བདག་བྱིན་གྱིས་བརླབ་པ་ནི་རང་གི་སེམས་ཀྱི་སྣང་བ་སྟེ། ཁམས་གསུམ་གྱི་སྣང་བ་ཡིན་པས་བྱུང་ནས་དེ་མི་ལྡོག་པས་འཁོར་བ་མི་ལྡོག་པར་འགྱུར་རོ། །ཇི་ལྟར་སངས་རྒྱས་ཤེ་ན། སྨྲས་པ། འཁོར་བ་ལ་སོགས་པའོ། །ཁམས་གསུམ་ སྙིང་པོ་མེད་པ་བརྫུན་པ་ཟད་པའི་རྗེས་སུ་སངས་རྒྱས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཡོན་ཏན་ཅན་འབྲས་བུ་འབྱུང་ངོ་། །དཔེར་ན་ཆུ་ཤིང་སྙིང་པོ་མེད་པ་ལ་འབྲས་བུ་སྨིན་པ་ནི་དེ་ཟད་ནས་འབྱུང་བ་བཞིན་ནོ། །འོ་ན་སྒྱུ་མ་ལྟར་སྣང་བ་འདི་མ་རིག་པ་ཡིན་པས་དེ་ལས་བྱུང་བའི་བྱང་ 14-1-211b ཆུབ་ཀྱི་སེམས་ཇི་ལྟར་འཚང་རྒྱ་བའི་རྒྱུ་ཡིན་ཞེ་ན། སྨྲས་པ། རྟ་བླ་མོ་ལ་སོགས་པའོ། །རྟ་བླ་མོ་དང་སྡིག་སྲིན་ལ་སོགས་པ་རྣམས་ནི་མ་གང་ལས་སྐྱེས་པ་དེ་གསོད་པར་བྱེད། དེ་ལྟར་ཐབས་དང་ཤེས་རབ་རྣལ་འབྱོར་གྱི་སེམས་དེའང་བཞི་པ་ཀུན་རྫོབ་ཀྱིས་གང་ལས་བྱུང་བ་དེས་ སྒྱུ་མ་དེ་གསོད་པར་བྱེད། རྣལ་འབྱོར་གྱི་སེམས་འདིའི་མ་ཉམས་ཚུལ་གྱིས་དབྱེ་བ་བཞི་དང་བཅུ་དྲུག་བཤད་དེ། གཉིས་མེད་ལ་སོགས་པའོ། །གཉིས་མེད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གང་ལ་མེད་པའོ། །ནོར་བུ་དང་པདྨ་ལས་མི་གཡོ་བས་མི་གཡོ་བའོ། །ཐབས་ སམ་ཤེས་རབ་ཀྱི་རྒྱུ་མེད་པས་རྒྱུ་མེད་དོ། །བླ་ན་མེད་པའི་བདེ་བ་སྟེར་བས་ཡི་དམ་སྟེ་རྣལ་འབྱོར་བཞི་པའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པས་མ་ཉམས་སོ། །ཆགས་པ་དང་ཆགས་པ་དང་བྲལ་བའི་བར་དུ་གནས་པས་ཆགས་པ་ཆེན་པོའོ། །རྣམ་པ་དང་བཅས་པ་དང་རྣམ་པ་ མེད་པའི་བར་ལས་གྲོལ་བས་དངོས་པོ་དངོས་མིན་མ་ཡིན་པའོ། །ཤེས་བྱ་མ་ལུས་པ་མཐོང་བས་ཡེ་ཤེས་དེ་རྣལ་འབྱོར་གསུམ་པའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་དུ་འགྲོ་བ་སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའོ། །ཐོག་མཐའ་བར་དུ་དགེ་བས་ཀུན་དུ་བཟང་པོའོ། ། བདུད་དང་ཉོན་མོངས་པ་ལ་རྟོག་པ་སྤངས་པས་ཕྱི་ནང་དུ་བརྗོད་པའི་སྒྲ་མེད་པས་སྒྲ་མེད་དོ། །རང་སྒྲའི་རང་བཞིན་མེད་པས་སྒྲ་ཆེན་དེ་རྣལ་འབྱོར་གཉིས་པའོ། །མངལ་ལས་སྐྱེ་བ་སྤངས་པས་ལྷན་སྐྱེས་སོ། །སྐུ་བཞིའི་སྒྲིབ་པ་ཟད་པས་བྱང་ཆུབ་སེམས་ཀྱེ་ཐིག་ལེ་འཛིན་ནོ། །སྟོང་ཉིད་ དང་སྙིང་རྗེ་ཐ་མི་དད་པས་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ། ཚུལ་ཁྲིམས་ཀྱི་ཚོགས་རྫོགས་པས་ཐབས་དང་ཤེས་རབ་དང་ལྡན་པའི་རྣལ་འབྱོར་ཏེ་རྣལ་འབྱོར་དང་པོའོ། །བསྟན་པའི་ཕྱིར་བླ་མའི་མཚན་ཉིད་བཤད་དེ། དེ་ལྟར་ལ་སོགས་པའོ། །རྡོ་རྗེའི་ཐེག་པ་ལ་འཇུག་པ་མ་ཉམས་པའི་ ཡེ་ཤེས་བསྒོམས་པས་དེ་ཁོ་ན་ཉིད་བསྒོམ་ལ། བྱང་སེམས་བསྲུང་བས་དམ་ཚིག་དང་ལྡན་པ། འདོད་ཆགས་ལ་སོགས་མེད་པས་རྙོག་མ་མེད་པ། བུ་དང་ཆུང་མ་དང་རང་ལུས་ལ་སོགས་པ་ལྟོས་པ་མེད་པས་འདོད་པ་མེད་པ། བཟོད་པ་དང་ལྡན་པའི་སངས་རྒྱས་པའི་ལམ་ལ་ 14-1-212a གནས་པའི་བླ་མ་མཉེས་པར་བྱས་པ། དམྱལ་བའི་འཇིགས་པ་ལས་སྐྱོབ་པའི་ལམ་སྟོན་པ། མ་ཉམས་པའི་བདེ་བ་ཐོབ་པས་དེ་ཉིད་དུ་ཚངས་པར་སྤྱོད་པ། བདུད་བཞི་འཇོམས་པར་བྱེད་པའི་བླ་མ་དེ་ནི་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་པས་དེའི་སྤྲུལ་པ་ཡིན་ པས་རྡོ་རྗེ་སེམས་དཔའ་ཡིན་ནོ། །ད་ནི་འཇིན་རྟེན་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་ལྷའི་དམིགས་པ་བཤད་དེ། ལྷའི་ལ་སོགས་པའོ། །དེ་ཉིད་ཀྱི་སྦྱོར་བ་ནི་སྣ་ཚོགས་གཟུགས་སྒོམ་པའི་སྦྱོར་བས་སོ། །སྐར་མའི་འཁོར་ལོ་བཞིན་ནི་ནོར་བུ་སྔོན་པོ་ཟླ་བའི་དཀྱིལ་འཁོར་ གྱི་རྣམ་པ་ཅན་ཐིག་ལེའི་ནང་དུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཁོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་སྔོན་དུ་འགྲོ་བ་དཔག་ཚད་བརྒྱར་རིང་བའི་དངོས་པོ་མཐོང་བའི་ཤའི་མིག་གིས་ཁམས་གསུམ་གྱི་བུམ་པ་ལ་སོགས་པ་མཐོང་བ་དང་། སངས་རྒྱས་ཀྱི་སྤྱན་དང་། གཞན་སེམས་ རིག་པ་དང་། ཆོས་ཐམས་ཅད་མི་རྟོག་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཐོང་བའོ། །ཐ་མལ་པ་གཞན་གྱིས་ལ་སོགས་པ་ལ་བྱས་པ་དང་། ར་གན་ལ་སོགས་པ་བླུགས་པ། སྤྲོ་བ་ལ་སོགས་པ་མེད་པས་ཤི་ བའི་རོ་ལྟར་མཐོང་ངོ་། །བདུད་རྩི་ལྔ་ནི་བཤང་བ་དང་། གཅི་བ་དང་། རྐང་མར་དང་། ཁྲག་དང་། ས་བོན་ནོ། །སོགས་པའི་སྒྲས་སྒྲོན་མ་ལྔ་སྟེ་བ་ལང་དང་། ཁྱི་དང་། གླང་པོ་ཆེ་དང་། རྟ་དང་། མིའི་ཤའོ། །ནང་གི་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ། སྒྲོན་མ་ལྔ་ནི་དབང་པོ་ལྔའོ། །དེ་ལ་ ལྟོས་པ་མེད་པའོ། །ཟས་ནི་མངོན་པར་ཕྱོགས་པ་སྟེ། ཐ་མལ་པའི་གཟུགས་ལ་སོགས་པ་མངོན་དུ་ཕྱོགས་པ་ལས་ལོག་པ་ནི་སོ་སོར་རྟོག་པའོ། །གཟུགས་ལ་སོགས་གཞན་ནི་རྡུལ་ཕྲན་མ་ཡིན་པས་འཇིག་རྟེན་ལས་འདས་པའི་གཟུགས་ལ་སོགས་པའོ། །རྡོ་རྗེའི་པདྨ་ནི་ སྤྱི་གཙུག་གི་པདྨ་སྟེ་དེར་འཆར་བ་སྟེ། བདུད་རྩིས་ནི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་སོ། །ཟླ་བ་བདུན་གྱིས་ནི་ཉེ་བར་མཚོན་པས་ཟླ་བ་དགུའོ། །ཕུང་པོ་དྲུག་གིས་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་ཕུང་པོས་སོ། །ཆུང་ངུ་ 14-1-212b ལ་སོགས་པའི་དབྱེ་བས་ས་ཐོབ་པ་ནི་ཆུང་ངུ་ལ་སོགས་པ་བཞི་པ་གསུམ་ལ་སྦྱར་བས་སོ། །རབ་ཏུ་དགའ་བ་ནས་ཡེ་ཤེས་སྤྱན་གྱི་བར་ས་བཅུ་གཉིས་སོ། །བདེན་པ་རྣམ་པ་བཅུ་གཉིས་ཀྱི་དོན་ནི་ལུག་དང་གླང་ལ་སོགས་པའི་ཁྱིམ་བཅུ་གཉིས་ཀྱི་དག་པ་སྣ་བུག་ཏུ་འཕོ་བ་བཅུ་གཉིས་འགོགཔའོ། ། དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་འཁོར་བའི་ཆ་བཅུ་དྲུག་ཟླ་བའི་ཆ་ཟད་པས་མ་ཉམས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་སྦྱོར་དྲུག་བསྒོམས་པས་དག་པའི་དབུ་མས་སྦྱངས་པ་ཕུང་པོ་ལྔ་དང་། ཁམས་ལྔ་དང་། དབང་པོ་ལྔ་དང་། སྐྱེ་མཆེད་ལྔ་དག་པའི་རྣམ་པར་རྟོག་པས་སོ། །རྣམ་ པར་སངས་རྒྱས་ནི་མ་རིག་པ་འགོག་པས་སོ། །ཀུན་རིག་ནི་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པས་སོ། །དེ་ཉིད་ཀྱི་ཕྱིར་མཆོག་ཡིན་ནོ། །ཞག་འགའ་ཞིག་གིས་ནི་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་དུས་ཀྱི་འཁོར་ལོའི་ཞག་གིས་ཕྱག་རྒྱ་ཆེན་པོའི་གྲུབ་པ་ཐོབ་ པར་འགྱུར་རོ། །ད་ནི་ཚིགས་བཅད་རྡོ་རྗེ་སེམས་ལ་སོགས་པས་སྦྱོར་བ་དྲུག་བཤད་དོ། །སོ་སོར་རྟོག་ནི་དུ་བ་ལ་སོགས་པ་མཚན་མའི་དབྱེ་བས་རྣམ་པ་བཅུའོ། །བསམ་གཏན་ནི་སྣ་ཚོགས་གཟུགས་ལ་ཡུལ་དང་ཡུལ་ཅན་བཅུ་གཅིག་ཏུ་འགྱུར་བས་སོ། །སྲོག་རྩོལ་ནི་གཡོན་དང་ གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་གྱུར་པས་སོ། །འཛིན་པ་ནི་ལྟེ་བ་སྙིང་ག་མགུལ་བ་དཔྲལ་བ་སྤྱི་གཙུག་ཏུ་སྲོག་རླུང་འགྲོ་བ་དང་འོང་བ་མེད་པས་རྣམ་པ་བཅུའོ། །རྗེས་སུ་དྲན་པ་ལ་འདོད་པའི་གནས་སྐབས་བཅུའི་དབྱེ་བས་ནི། སེམས་པ་འདོད་དང་ལུས་ཚད་འབྱུང་། །ཁ་ སྐམས་པ་དང་ཟ་མི་འདོད། །འདར་དང་མྱོས་པ་ལུས་འཁོར་དང་། །སེམས་འཁྲུལ་བ་དང་ཤིན་ཏུ་བརྒྱལ། །སེམས་ཅན་ལུས་ལ་གནས་སྐབས་འདི། །རྡོ་རྗེ་འཆང་གི་གནས་སྐབས་ཡིན། །ཏིང་འཛིན་རླུང་བཅུ་འགོག་པ་ནི། །སྲོག་དང་ཐུར་སེལ་མཉམ་པ་ཉིད། །གྱེན་ དུ་རྒྱུ་དང་ཁྱབ་བྱེད་དང་། །གླུ་དང་རུས་སྦལ་ཀྲི་ཀ་ར། །ལྷ་སྦྱིན་ནོར་ལས་རྒྱལ་བའོ། །ཆགས་པ་དང་ཆགས་པ་དང་བྲལ་བས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་སོ། །མིག་ལ་སོགས་པ་ལྔ་གཞན་གྱིས་ནི་ཤའི་མིག་ལ་སོགས་པ་སྣ་ཚོགས་གཟུགས་མཐོང་བའོ། །ངེས་ 14-1-213a པ་ནི་སྟོང་པ་ཉིད་དུ་ངེས་པའོ། །སྣ་ཚོགས་གཟུགས་ལ་ཞེན་པ་ནི་ཡུལ་ལ་སོགས་པའི་ཡིད་ཙམ་གྱིས་བླ་ན་མེད་པ་ཤེས་རབ་དང་ཐབས་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ལ་འཇུག་པས་ཡིད་བདེ་བ་གང་ཡིན་པ་དེ་ནི་དགའ་བའོ། །བདེ་བ་མི་གཡོ་བ་ནི་ལུས་སྦྱངས་པ་ལ་ སོགས་པའི་བདེ་བས་སོ། །ལམ་གཉིས་དབུ་མར་འཇུག་པ་ནི་སྣ་བུག་གཡོན་པར་ནམ་མཁའ་ལ་སོགས་ལྔ་དང་། གཡས་སུ་ས་ལ་སོགས་པ་ལྔ་མི་རྒྱུ་བས་རོ་མ་རྐྱང་མ་འགགས་ནས་དབུ་མའི་ལམ་ཁོ་ན་ལ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་ཕྲ་བ་ནི་སྲོག་རྩོལ་ཡིན་ ནོ། །རྒྱུ་བ་གཉིས་བྲལ་ནི་ལྟེ་བ་སྙིང་དང་མགུལ་པ་སྤྱི་གཙུག་ལ་འགྲོ་བ་དང་འོང་བ་མེད་པས་སོ། །རྣམ་པ་བཅུར་སྔར་བཤད་པ་ནི་སེམས་འཛིན་པ་ལ་གནས་པས་ན་རང་གི་ངང་གིས་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུའི་སྣང་བ་སྔོན་དུ་འགྲོ་བས་རྫོགས་པའི་དཀྱིལ་འཁོར་གྱི་ལྷའི་སྣང་ བ་གཟུགས་བརྙན་ལྟ་བུ་རྟོག་པ་མེད་པ། དེ་ནས་འོད་དུ་མ་འཕྲོ་བ། དེ་ནས་ཁམས་གསུམ་དུ་ལྷའི་དཀྱིལ་འཁོར་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་སེམས་པ་ལ་སོགས་པ་འདོད་པའི་གནས་སྐབས་བཅུའི་མཚན་ཉིད་ཅན་རྗེས་སུ་དྲན་པའོ། །སྲོག་རླུང་ལ་སོགས་པ་རྒྱུ་བ་མེད་པས་ནི་ གཏུམ་མོ་འབར་བས་རྡོ་རྗེའི་ནོར་བུའི་རྩེ་མོར་གནས་པ་མ་ཉམས་པའི་བྱང་སེམས་ཡིན་པས་རིམ་གྱིས་འཁོར་ལོ་དྲུག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རླུང་འགོག་པས་རྟོག་མེད་མ་ཉམས་པའི་བདེ་བའི་རང་བཞིན་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་ཏིང་ངེ་འཛིན་ཡིན་ནོ། ། བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པ་ནི་མྱ་ངན་ལས་འདས་པའི་སེམས་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མི་མཛད་པ་སྟེ། དེ་མཛད་པ་ན་སངས་རྒྱས་ཀྱི་ཞིང་ཁམས་སུ་རྫོགས་པའི་སངས་རྒྱས་ཁོ་ནར་གྲགས་པར་འགྱུར་རོ་ཞེས་དགོངས་པའོ། །དབང་བཅུ་ནི་ ཚེ་དང་། ལས་དང་། མོས་པ་དང་། ཡོ་བྱད་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཆོས་དང་། སེམས་དང་། སྐྱེ་བ་དང་། ཡེ་ཤེས་ལ་དབང་བ་ལ་སོགས་པའོ། །ནཱ་ད་ལ་གོམས་པས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ལ་གོམས་པས་སོ། །ཇི་ལྟར་བཤད་པའི་གཞོན་ནུ་ 14-1-213b མའི་པདྨར་རྡོ་རྗེ་བཅུག་ཅིང་གཡོ་བ་མེད་པར་ངལ་སོ་ལ་དེའི་པདྨར་རྡོ་རྗེའི་ནོར་བུས་མནན་ལ་དགའ་བ་དང་མཆོག་ཏུ་དགའ་བས་ཡུད་ཙམ་མི་གཡོ་ཞིང་གཉིས་ཀ་ལ་ཉམས་པའི་དགའ་བ་འཆར་བ་ན་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་བླ་མ་དམ་པའི་དྲིན་ལ་མངོན་དུ་ཕྱོགས་ཤིང་། ལྷན་ཅིག་སྐྱེས་པའི་དགའ་ བ་བཞི་པ་མྱོང་བས་བྱང་ཆུབ་ཀྱི་སེམས་བཀག་སྟེ་མ་ཉམས་པའི་སྐད་ཅིག་ཐོབ་པའོ། །དམིགས་པ་མེད་པའི་གནས་སུ་འགྲོ། །བཅུ་གཉིས་ཀྱི་མཐར་ནི་སྣ་བུག་གཡོན་པ་ན་ནམ་མཁའ་ནས་སའི་དཀྱིལ་འཁོར་གྱི་བར་དུ་སོར་བཅུ་དྲུག་ནས་བཅུ་གཉིས་ཀྱི་མཐར་རོ། །བཅུ་དྲུག་མཐར་ནི་སྣ་བུག་ གཡས་པ་ནས་སའི་དཀྱིལ་འཁོར་ནས་ནམ་མཁའི་བར་དུ་སོར་བཅུ་གཉིས་ནས་བཅུ་དྲུག་གི་མཐར་རོ། །ཧཱུཾ་གི་སྒྲས་བརྗོད་པས་སྲོག་དང་ཐུར་སེལ་གཉིས་སྦྱར་བས་ལྟེ་བར་ཐིམ་པར་བྱས་ནས་དབུ་མར་བཅུག་སྟེ་གློག་གི་མེ་དང་མཚུངས་པ་གྱེན་དུ་བསྐུལ་བས་ཁབ་ལྟ་བུའོ། །གྲོང་འཇུག་ མི་ནུས་ན་འཕོ་བ་བྱས་ཏེ་རྡོ་རྗེ་ལངས་པ་ནི་བདེ་བའི་ཡེ་ཤེས་ཀྱི་མཆོག་བསྐྱེད་ནས་སོ། །མཁའ་ལ་སྤྱོད་པ་ནི་འོག་མིན་གྱི་བར་དུ་དབང་བྱེད་པའོ། །མངོན་ཤེས་ལྔ་ནི་རྫུ་འཕྲུལ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་ དྲན་པ་སྟེ་མངོན་ཤེས་ལྔའི་རང་བཞིན་དུ་སྣ་ཚོགས་ཡུམ་གྱུར་ཏེ་ཕྱག་རྒྱ་ཆེན་པོ་ལ་ཆགས་པས་རྟོག་མེད་གཏུམ་མོ་འབར་བས་སོ། །མ་ཉམས་གསུམ་ནི་སེམས་ཀྱི་ཐིག་ལེ་ནི་གསང་གནས་སུ་འགོག་པ་དང་། །ངག་གི་ཐིག་ལེ་ལྟེ་བར་འགོག་པ་དང་། ལུས་ཀྱི་ཐིག་ལེ་སྙིང་གར་འགོག་ པའོ། །མ་ཉམས་པའི་བདེ་བས་ནི་རྡོ་རྗེའི་རྩེ་མོར་ཐིག་ལེའི་ཚོགས་མ་ཉམས་པས་ཡེ་ཤེས་ཀྱི་ཐིག་ལེ་འགོག་པའོ། །རླུང་གཉིས་འགོག་པ་ཞེས་བྱ་བའི་བར་གྱིས་མཁའ་སྤྱོད་ཀྱི་བསྒྲུབ་པ་བསྟན། སྣ་ཚོགས་ཡུམ་ཞེས་བྱ་བའི་བར་གྱིས་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་བསྟན་ཏོ། །ཕྱག་རྒྱ་ ཆེན་པོ་སྒྱུ་མ་ལྟ་བུ་ནི་མེ་ལོང་དངས་པའི་གཟུགས་བརྙན་ལྟ་བུའོ། །ནམ་མཁར་སེམས་སུ་མེད་པ་ནི་སེམས་མ་ཡིན་པའི་སེམས་ལའོ། །ཤེས་རབ་དང་ཡེ་ཤེས་ཀྱི་གོ་རིམས་བཞིན་དུ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ནི་ཤེས་རབ་བོ། །ཡེ་ཤེས་ནི་འཛིན་པའི་སེམས་སོ། ། 14-1-214a དུ་བ་ལ་སོགས་པའི་སྣང་བ་ནི་དེའི་གཟུང་བྱ་ཡིན་ནོ། །ཇི་ལྟར་མེ་ལོང་གི་གཟུགས་བརྙན་མིག་རང་གི་མིག་གིས་མཐོང་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་རང་སེམས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དང་ལྡན་པའི་རང་སེམས་མཐོང་ངོ་། །གཟུང་བྱའི་ སེམས་དུ་བ་དང་ལྡན་པའི་མཚན་ཉིད་འདི་ལ་རྣལ་འབྱོར་པས་དབུ་མ་ལ་སྲོག་རླུང་གཞུག་དགོས། དེས་མཚན་མ་མཐོང་བའོ། །འདི་ནི་བླ་མའི་ཞལ་དང་པོ་སྐུའི་རྡོ་རྗེའོ། །དེ་བས་ཉི་མ་དང་ཟླ་བར་འགྲོ་བའི་སྲོག་རླུང་བསྡམས་པས་གཉིས་པ་སྲོག་རྩོལ་གསུང་གི་རྡོ་རྗེའོ། །བྱང་སེམས་ ནི་བྱང་སེམས་སྣ་ཚོགས་གཟུགས་བརྙན་ལ་ཆགས་པ་གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །བདེ་བའི་མཆོག་གིས་རྡོ་རྗེ་བསླང་། །སྣ་ཚོགས་གཟུགས་ཀྱི་སྒོ་ནས་དགའ་བ་མ་སྐྱེས་ན་དེའི་ཚེ་བུལ་བར་རྡོ་རྗེའི་སྒྲ་བྱའོ། ། གལ་ཏེ་ཤེས་རབ་མ་མ་རྙེད་ན་དེའི་ཚེ་རང་གི་ལག་གིས་རྡོ་རྗེ་གསོར་བ་བདེ་བ་ འཕེལ་བའི་ཕྱིར་ཏེ་ལྟུང་བའི་ཕྱིར་མ་ཡིན་ནོ། །དེ་ལྟར་བྱང་སེམས་མི་འདོར་ཞིང་བདེ་བ་དང་ལྡན་པ་འཆི་བའི་འཇིགས་པ་ལས་སྐྱོབ་པ་བཞི་པ་ཡེ་ཤེས་རྡོ་རྗེ་འདིའོ། །འདི་ནི་རྣལ་འབྱོར་པས་བསྒོམ་པའི་ངེས་པའོ། །དང་པོ་སངས་རྒྱས་ནི་དབང་མདོར་བསྡུས་པའི་སྐབས་སུ་སྟེ། འདི་ཁོ་ ན་ལ་སོགས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་དུ་བ་ལ་སོགས་པས་འདི་ཁོ་ན་རྣལ་འབྱོར་པས་བསྒྲུབ་པར་བྱ་སྟེ། ཇི་ལྟ་བུས་ཤེ་ན། རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པ་ལ་ སོགས་པ་ངེས་དོན་གྱི་མདོ་ལས་གྲགས་པ། སྟོང་པ་ཉིད་ལ་སྣང་བ་རྟོག་པ་ཐམས་ཅད་དང་བྲལ་བས་བསམ་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་མངོན་དུ་འབྱུང་བས་མཚན་མ་སོགས་གཟུང་འཛིན་དང་བྲལ་བས་རང་བཞིན་གྱིས་སྟོང་པའི་ཤེས་རབ་ཀྱི་གཟུགས་བརྙན། ཕྱི་ནང་གི་སྒྲིབ་ པས་མ་གཡོགས་པས་ནམ་མཁའ་དང་མཉམ་པ། ཡོད་མེད་ལ་སོགས་པའི་རྟོག་པ་མེད་པས། ཡོད་མེད་ལས་འདས་པ། རང་རིག་ཡིན་པས་རང་སེམས་ཀྱིས་མྱོང་བའི་དོན་མ་བྱས་པས་ངོ་མཚར་བ། རང་བཞིན་མེད་པས་རྡུལ་ཕྲ་རབ་ཀྱི་ཚོགས་པས་སྟོང་པ། མོ་གཤམ་གྱི་བུ་ 14-1-214b མོ་དང་ཕྲད་པས་བདེ་བ་རྨི་ལམ་དུ་འབྱུང་བ་ལྟར། ནམ་མཁའ་ལས་བྱུང་གཟུགས་བརྙན་ལ། །བརྟེན་པས་རང་ལ་དེ་བཞིན་ནོ། །ས་ཡི་རྣམ་པ་ལ་སོགས་པ་ནི་གཟུགས་བརྙན་གྱི་མཚན་ཉིད་དོ། །འདིར་སྟོང་པ་ཉིད་ཀྱི་སྣང་བ་དངོས་པོ་མ་ཡིན་པ་ལ་སོགས་པར་སྣང་བ་སྲ་བ་མིན། ཁུ་བའི་ རྣམ་པ་ཅན་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་མ་ཡིན་ཏེ། དངོས་པོ་མ་ཡིན་པས་སོ། །མེའི་རྣམ་པ་ཅན་མེ་མ་ཡིན་ཏེ། མི་སྲེག་པས་སོ། །གཡོ་བ་རླུང་ལྟར་སྣང་། རླུང་མིན་དངོས་པོ་མིན་པས་སོ། །ནམ་མཁའ་ལྟ་བུ་དེ་མི་མཐོང་བའི་ཕྱིར་རོ། །སྒྱུ་མའི་གྲོང་ཁྱེར་ལྟར་དཀར་པོ་ལ་སོགས་ པའི་ཁ་དོག་དང་ལྡན་ཀྱང་དངོས་པོ་མ་ཡིན་པས་མདོག་མ་ཡིན་ནོ། །རྣམ་པ་ཐམས་ཅད་དང་ལྡན་ཡང་བྱིས་པ་རྣམས་ཀྱིས་མཐོང་བྱ་མ་ཡིན་ཏེ། ཉོན་མོངས་པ་དང་བདུད་ཀྱི་མཐུ་སྟེ། གཡོན་དང་གཡས་སུ་སྲོག་རླུང་རྒྱུ་བས་སོ། །ད་ནི་དཀྱིལ་འཁོར་ལྔ་ཐིམ་ཚུལ་བཤད་དེ། ས་ རླུང་ལ་སོགས་པའོ། །གང་གི་ཚེ་རྣལ་འབྱོར་པ་མིག་བརྟན་ཅིང་ཁྲོ་བོའི་སྟངས་ཀྱིས་སྟོང་པ་ལ་སེམས་གཏད་པ་དེའི་ཚེ་སྣ་བུག་གཡོན་ནམ་གཡས་ལ་ནམ་མཁའ་ལ་སོགས་པའམ། ས་ལ་སོགས་པ་རྒྱུ་བས་སའི་རླུང་ཆུ་རླུང་ལ་ཐིམ། དེ་ལྟར་གཡོན་ནས་ནམ་མཁའ་ལ་སོགས་ པ་རྣམ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་རོ། །དེ་ལྟར་སྟོང་པ་ཉིད་དུ་བ་ལ་སོགས་པ་རྟགས་བཅུར་འགྱུར། རྟགས་ཀྱང་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་བརྙན་དུ་འགྲོ། གཟུགས་བརྙན་དེ་མ་ཉམས་པའི་བདེ་བར་འགྲོ། དེ་ཉིད་ཤེས་རབ་ཀྱི་ལ་རོལ་ཏུ་བྱིན་པའི་ཡེ་ཤེས་ཡིན། ཡེ་ཤེས་ལས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ཁམས་གསུམ་གྱི་དབང་ཕྱུག་གི་སྒྲུབ་པ་སྐྱེ་བ་འདི་ཉིད་དུ་གྲུབ་པར་འགྱུར་རོ། །རྣལ་འབྱོར་ཉེ་བར་བསྡུས་ཤིང་བཤད་དེ་དབུ་མ་ལ་སོགས་པའོ། །འདིར་དང་པོ་འཛིན་པའི་སེམས་སྟོང་པར་ཐིམ་པ་ནི་རོ་གཅིག་ཏུ་གྱུར་ པའོ། །བྱིས་པ་དང་དར་ལ་བབ་པ་དང་འཛག་པ་ནི་ཐབས་ཀྱི་ཉམས་པའི་བདེ་བ་གཉིས་འགྱུར་བ་དང་བུལ་བའོ། །ཤེས་རབ་མི་འཛག་པ་སྟེ་མྱུར་དུ་མ་ཉམས་པས་སོ། །དེ་དག་གི་མཆོག་འཇིག་རྟེན་ལས་འདས་པ་གང་གི་མི་འཛག་པ་དེ་བཞིན་པ་ཕྱག་རྒྱ་ཆེན་པོ་ལས་བྱུང་ 14-1-215a བའོ། །ད་ནི་རང་གི་སེམས་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་འཇུག་པར་བཤད་དེ། ནམ་མཁའ་ལ་སོགས་པའོ། །མཚན་མོ་ནི་མུན་པ་ཉེ་བར་མཚོན་པའོ། །ཆགས་པ་ནི་ནམ་མཁའ་ལ་སེམས་ཐིམ་པའོ། །གཟུགས་ཀྱི་སྣང་བ་ནི་མེ་ལོང་གི་གཟུགས་བརྙན་ ལྟ་བུ་དེ་རྙོག་པ་དང་བྲལ་བ་ཐོགས་པ་མེད་པར་སྣང་བས་སོ། །སྒྲའི་སྣང་བ་ནི་མགུལ་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་བྱུང་བ་མ་ཡིན། བདེ་བ་ཆེན་པོའི་སྟོབས་ཀྱིས་རང་སྒྲ་ཙམ་མྱོང་བས་སོ། །ཚིགས་བཅད་འདིས་སྐུ་གཉིས་བཤད་དོ། །གཞན་གྱི་སེམས་ཤེས་པ་མེད་པ་ནི་རང་གི་ སེམས་ལས་ཐ་དད་པ་གཞན་གྱི་སེམས་ཤེས་པར་བྱར་མེད་པས་སོ། །གསུངས་པ། མ་སྐྱེས་པ་དང་མ་འགགས་པ། །འདིར་ནི་ཤེས་བྱ་གང་མཐོང་བ། །དེ་ནི་རང་སེམས་གཞན་མ་ཡིན། །ཕྱི་ཡི་ཤེས་བྱ་ལས་གཞན་བྱར། །དེ་བས་རང་གིས་རང་ཉིད་ལ། །རྒྱས་འདེབས་པ་ནི་གར་ ཡང་མེད། །རལ་གྲི་ཆེན་པོས་རང་ཉིད་ཀྱི། །རང་སོ་གཅོད་པར་མི་ནུས་བཞིན། །ཚིགས་བཅད་འདིས་ཆོས་ཀྱི་སྐུ་སྒྲུབ་པར་བཤད་དོ། །ཕྱི་ནང་ཁྱབ་པའི་དུ་བའི་རྣམ་པ་སྤྲིན་གྱི་སྣང་བའི་རྗེས་སུ་འབྱུང་ངོ་། །དེ་གསུངས་པ། དང་པོ་ཉིད་དུ་སྤྲིན་བཞིན་སྣང་། །དུ་བར་སྣང་བ་གཉིས་ པའོ། །ཞེས་སོ། །སྨིག་རྒྱུ་ནི་གཡོ་བའི་ཆུ་བཞིན་ནོ། །སྲིན་བུ་མེ་ཁྱེར་དང་མར་མེའི་རྣམ་པ་གྲགས་པ་བཞིན་ནོ། །མཚན་མ་བཞི་པོ་འདི་དག་ནི་བུ་ག་མེད་པའི་ཁྱིམ་དུ་མུན་པ་ལས་འབྱུང་བས། མཚན་མོའི་སྦྱོར་བ་དང་ནམ་མཁའི་སྦྱོར་བའོ། །གསང་བ་འདུས་པ་ལས་དང་པོ་ དང་གཉིས་པ་བཟློག་པར་གསུངས་པ། སེམས་འགོག་རྡོ་རྗེར་གྱུར་པ་ན། །མཚན་མ་དག་ནི་འབྱུང་བར་འགྱུར། །མཚན་མ་དེ་ཡང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཐོག་མར་སྨིག་རྒྱུའི་རྣམ་པ་ཅན། །དུ་བ་ལྟ་བུ་གཉིས་པའོ། །སྲིན་བུ་མེ་ཁྱེར་གསུམ་པ་ སྟེ། །མར་མེ་ལྟ་བུ་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་སོ། །སྤྲིན་མེད་ནམ་མཁའ་སྣང་བ་སྔོན་དུ་འགྲོ་བ་མེའི་རྣམ་པ་ཅན་འབར་བ་དང་ཟླ་བ་དང་ཉི་མའི་སྣང་བ་གྲགས་པ་བཞིན། སྒྲ་གཅན་ནི་རིན་ཆེན་ནག་པོ་ལྟར་སྣང་། གློག་ 14-1-215b དང་ཐིག་ལེ་ཆེན་པོ་ནི་བརྟན་པ་དང་གཡོ་བ་གསལ་བར་བྱེད་པ་མདོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟར་སྣང་། མཚན་མ་དྲུག་པོ་འདི་དག་ནི་སྤྲིན་མེད་པའི་ནམ་མཁའི་སྣང་བ་ལས་བྱུང་བ་ཉིན་མོའི་རྣལ་འབྱོར་དང་བླ་གབ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་ལོངས་ སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་སྔོན་དུ་འགྲོ་བ་སྐད་ཅིག་གཅིག་ལ་ལག་མཐིལ་ན་ཡོད་པའི་ཆུ་བཞིན་དུ་དང་བ་རྣམ་པ་ཐམས་ཅད་དང་ལྡན་པའི་བུམ་པ་དང་རས་ལ་སོགས་པའི་སྣ་ཚོགས་གཟུགས་འོད་གསལ་བ་མཐོང་བའོ། །བཙུམས་པ་ལ་ སོགས་པ་ནི་བར་སྣང་ལ་ཕྱེད་ཕྱེ་བའི་མིག་གཉིས་ཀྱིས་སྟོང་པ་ནི་གཟུང་འཛིན་དང་བྲལ་བ་ལས་ཏེ། མ་བརྟགས་པའི་རྣལ་འབྱོར་གྱི་མངོན་སུམ་དུ་གཟུགས་བརྙན་དུ་བ་ལ་སོགས་པ་རྟག་ཏུ་བསྒོམ་པར་བྱའོ། །རྣལ་འབྱོར་གཉི་ག་ནམ་མཁའ་ལ་ཆགས་པ་ལ་སོགས་པས་དུས་ཀྱི་ འཁོར་ལོར་གསུངས་སོ། །ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ། རིན་པོ་ཆེ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ་དང་། ཟླ་བའི་སྣང་བ་ཞེས་བྱ་བ་དང་། །ཉི་མའི་སྒྲོན་མ་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས་ པའོ། །དེ་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་འཚང་རྒྱ་བར་འདོད་པས་བསྒོམ་པར་བྱའོ། །འོ་ན་རྟོག་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོ་ཡིན་ལ། སྒོམ་པ་ནི་སྒྲོ་བཏགས་པ་སྟེ་ཇི་ལྟར་བསྒོམ་པར་བྱ་ཞེས་བཤད་ཅེ་ན། སྨྲས་པ། སྒོམ་པ་ལ་སོགས་པའོ། །གདམས་ པ་ཇི་ལྟ་བ་བཞིན་དུ་ཕྱི་ནང་མེད་པ་ལ་སྒོམ་པའི་གཟུགས་བརྙན་དེ་ཉིད་ལ། རྣལ་འབྱོར་པའི་བསྒོམ་པ་གང་ཡིན་པ་དེ་དངོས་པོ་མ་ཡིན་པའི་ཕྱིར་བསྒོམ་པ་མ་ཡིན་ནོ། །འོ་ན་དངོས་པོའི་ཡིན་རུང་དངོས་པོ་མ་ཡིན་པའི་ཡིན་རུང་རྟོག་པ་ལ་ཁྱད་མེད་པས་ཇི་ལྟར་དངོས་མིན་སྒོམ་ ཞེ་ན་སྨྲས་པ། སེམས་ལ་སོགས་པའོ། །གང་གི་ཕྱིར་སྟོང་ཉིད་ཀྱི་གཟུགས་བརྙན་ལ་རྣལ་འབྱོར་པའི་དངོས་དང་དངོས་མིན་གྱི་རྟོག་པ་མེད་དེ། སྟོང་ཉིད་ཀྱི་གཟུགས་བརྙན་མ་བརྟགས་པའི་དུ་བ་ལ་སོགས་པ་ལ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དགོངས་པ་འདི་ལྟ་ 14-1-216a སྟེ་གལ་ཏེ་བརྟག་པ་ཡིན་ན་དངོས་པོར་འགྱུར་ཏེ་ལུགས་མ་ལ་སོགས་པ་བཞིན་ནོ། །མཐོང་བ་མེད་ན་དངོས་པོ་མ་ཡིན་པར་འགྱུར་ཏེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །འདིར་ནི་མ་བརྟགས་པར་མངོན་སུམ་དུ་མཐོང་བས་ཐམས་ཅད་ལེགས་པར་གནས་སོ། །མཐོང་ བའི་དཔེ་བཤད་དེ་པྲ་ཕབ་པ་ལ་སོགས་པའོ། །པྲ་ཕབ་པ་ནི་སྒྲུབ་པ་པོས་བྱེད་པ་སྟེ། མེ་ལོང་དང་རལ་གྲི་དང་མཐོ་བོང་དང་མར་མེ་དང་ཟླ་བ་དང་ཉི་མ་དང་ཆུ་ལ་མིག་གི་སྤྱོད་ཡུལ་དངོས་པོ་ལས་མ་བྱུང་བ། ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ལས་མ་བྱུང་བ། མ་བརྟགས་ པར་མཐོང་བ་འདི་ལ་དངོས་པོ་དང་དངོས་མིན་མེད་དོ། །དངོས་པོ་མེད་པར་དོན་བྱེད་ནུས་པ་ཙམ་དམིགས་པས་སོ། །འཇིག་རྟེན་ཁོ་ན་ལ་དངོས་པོ་མེད་པར་དངོས་པོར་མཐོང་སྟེ། དཔེར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པའོ། །ཆོས་ཅན་ལ་སོགས་པ་ནི་རྟོག་པ་མེད་པའི་ཡེ་ཤེས་ འབྱུང་བ་དེ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་སྒྲུབ་པར་བྱེད་པས་ཡིད་བཞིན་ནོར་བུ་ལྟ་བུའོ། །དཔེ་བཤད་དེ་སྔར་ལ་སོགས་པའོ། །སྔར་མ་མཐོང་བའི་ཆོམ་རྐུན་ལ་སོགས་པ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མས་པྲ་ཕབ་ན་མཐོང་། སྒྲུབ་པ་པོས་ནི་ གཞོན་ནུ་མས་བཤད་པ་དེར་སོང་ལ་ཉི་ཚེ་བའི་མིག་གིས་མཐོང་ངོ་། །བསམ་པ་འདི་ལྟ་སྟེ་སྒྲུབ་པའི་མན་ངག་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བློའི་སྤྱན་གྱིས་རྣལ་འབྱོར་པ་གཞོན་ནུ་མ་བཞིན་བྱང་སེམས་མ་ཉམས་པས་མ་བསྟན་པ། ཐ་མལ་པའི་བགྲོད་བྱ་མ་ཡིན་པ་ནམ་མཁའ་ ལ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་མཐོང་ངོ་། །དེའང་སྤྲོས་པ་མཐའ་དག་དང་བྲལ་བར་བཤད་དེ་གཞན་གྱིས་ལ་སོགས་པའོ། །གཞན་གྱི་མིག་གིས་མི་མཐོང་སྟེ་དུ་བ་གཞན་དུ་མི་མཐོང་བའི་ཕྱིར་རོ། །རང་གི་མིག་གིས་མི་མཐོང་སྟེ་མིག་རས་ཀྱིས་བཀབ་པའི་ཕྱིར་རོ། །པྲ་ ཕབ་པའི་དཔེ་འདིས་རྣལ་འབྱོར་གྱི་མངོན་སུམ་རང་བཞིན་ཀུན་མེད་པས་མ་སྐྱེས་ཏེ། རྨི་ལམ་དུ་གཞོན་ནུ་མས་བུ་དམིགས་པ་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །སྦྱོར་བ་ཡན་ལག་དྲུག་གི་ནི། །བདག་གིས་བཤད་པའི་དགེ་བ་གང་། །དེས་ནི་འཇིག་རྟེན་མ་ལུས་ 14-1-216b པ། །མ་ཉམས་བདེ་བ་ཐོབ་པར་ཤོག །སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་པཎྜི་ཏ་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཨུ་པ་དེ་ཤ་སཱུརྱ་ཙནྡྲ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་གདམས་ངག་ཉི་མ་ཟླ་བ་བསྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། བྷི་ཀུ་ནི་ཞེས་བྱ་བའི་པཎྜི་ཏ། དབུས་འགྱུར་ཚལ་དུ་སྐུ་འཁྲུངས་པ། རིག་པའི་གནས་ལྔ་ཀུན་ལ་མཁས་པ། དགུང་ལོ་བཞི་བརྒྱ་བཞེས། ས་དང་པོའི་བདེན་པ་མཐོང་། འཇམ་དཔལ་གྱི་ལུང་བསྟན་ཐོབ་ནས་མུ་ཁྱུད་འཛིན་རིའི་འགྲམ་དུ་རྐང་མགྱོགས་ཀྱིས་བྱོན། རིགས་ གསུམ་མགོན་པོའི་བརྒྱུད་པ་བྲམ་ཟེ་ཉི་མའི་ཤིང་རྟ་ལ་དུས་ཀྱི་འཁོར་ལོ་དམ་པ་དང་པོ་གསན། དབང་སྒྲུབ་ཐབས་དང་བཅས་པ་ཐོབ། དེའི་དུས་སུ་སྲོད་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན། ཁྱོད་ཡུལ་དབུས་སུ་འགྲོ་བ་ལ་ཕྱི་དུས་ཀྱི་འཁོར་ལོ་ཤེས་ཀྱང་ནང་དུས་ཀྱི་འཁོར་ལོ་མི་ཤེས་ སོ་ཟེར་རོ། །དེ་ཁྱེད་ལ་ཞུ་བྱས་པས་ནང་གཡོ་བ་རླུང་ལ་གདམས་པ། བདེ་བ་ཡེ་ཤེས་རྡོ་རྗེ་ཡིས། །ཕྲིན་ལས་དྲུག་གི་འཁོར་ལོ་བསྐོར། །མ་རིག་འཁྲུལ་འཁོར་བཅོམ་ནས་ནི། །ཡེ་ཤེས་ལྔ་ནི་བསྐྱེད་མཛད་པ། །གཙོ་བོ་རྡོ་རྗེ་འཆང་ལ་འདུད། །བག་ཆགས་རླུང་གིས་བསྐྱོད་ནས་ ནི། །འགྲོ་བ་རྨོངས་ཤིང་སྡུག་བསྔལ་བས། །གསལ་བྱེད་འཁོར་ལོ་བཤད་པར་བྱ། །བསྐྱེད་དང་གནས་དང་དབྱེ་བ་དང་། །རྩིས་དང་ལམ་དུ་བྱ་བ་དང་། །ནད་འཇོམས་པ་དང་འབྲས་བུ་གཉིས། །རྣམ་ཤེས་བསྐྱོད་པའི་རླུང་འབྱུང་སྟེ། །རླུང་ལས་མེ་ནི་སྐྱེས་པའོ། །དེ་ལས་ ཆུ་དང་ས་འབྱུང་སྟེ། །ནམ་མཁའ་ཀུན་དུ་ཁྱབ་པའོ། །རླུང་ལས་སྐྱེས་པའི་དུག་ལྔ་ཡིས། །ལས་བསགས་འབྲས་བུ་འཁོར་བ་སྨིན། །ཕོ་རླུང་མོ་རླུང་མ་ནིང་རླུང་། །ཐོད་རྒལ་བ་དང་བཞི་རུ་གནས། །ཡང་ན་འབྱུང་བ་ལྔ་ཡི་རླུང་། །རྣམ་ཤེས་ནམ་མཁའི་ཚུལ་དུ་གནས། ། 14-1-217a མིང་དང་གནས་དང་ཁ་དོག་དང་། །རྒྱུ་དང་བྱེད་པའི་ལས་དང་ནི། །ཟིན་དང་ལོག་རེངས་བཅོས་ཐབས་དང་། །ངག་དང་ཡོན་ཏན་བསྐྱེད་པའོ། །ཡེ་ཤེས་ཁམས་ལས་ཐུར་སེལ་དང་། །སྟོང་པ་དག་ལས་སྲོག་གི་རླུང་། །འདི་གཉིས་རྣམ་པ་གསུམ་དུ་འགྱུར། །རླུང་ གི་རླུང་ལས་མཉམ་གནས་དང་། །མེ་ལ་གྱེན་དུ་རྒྱུ་བ་སྟེ། །ཆུ་ལ་ཁྱབ་པར་བྱེད་པ་ཉིད། །མཁའ་ལས་རླུང་འབྱུང་དེ་ལས་ནི། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ལྔ་པོ་ས་རླུང་མེ་དང་ནི། །ཆུ་དང་ས་ལས་རིམ་འབྱུང་སྟེ། །དྲུག་གི་བདག་ཉིད་བཅུ་མིང་ ཅན། །ས་ལྟེ་ཆུ་སྙིང་མེ་མགྲིན་དང་། །རླུང་དཔྲལ་མཁའ་གཙུག་ཡེ་ཤེས་གསང་། །སྙིང་འཁོར་རླུང་དང་དཔྲལ་འཁོར་ཆུ། འཁོར་གཞན་གནས་ཁམས་མཐུན་པའོ། །ས་སེར་ཆུ་དཀར་མེ་ནི་དམར། །རླུང་གནག་མཁའ་སྔོ་ཡེ་ཤེས་ལྗང་། །ས་ཆུ་མེ་རླུང་ནམ་མཁའ་ནི། །བཅུ་ གཉིས་བཅུ་གསུམ་བཅུ་བཞི་དང་། །བཅོ་ལྔ་བཅུ་དྲུག་ཕྱི་རུ་རྒྱུ། །ཕྱིར་འཕེལ་ནང་དུ་ཐུང་ངུ་རྒྱུ། །ཡེ་ཤེས་ས་མཁའ་མཉམ་དུ་སྟེ། །སྣ་བུག་གཉིས་ནས་རྒྱུ་བའོ། །འོག་ནས་ས་དང་གཡོན་དུ་ཆུ། །གཡས་སུ་མེ་དང་སྟེང་དུ་རླུང་། །བཞི་དབུས་ནམ་མཁའ་རྒྱུ་བ་སྟེ། །སྣ་བུག་གཉིས་ མཉམ་ཡེ་ཤེས་སོ། །ཁྱིམ་ནི་བཅུ་གཉིས་དབྱེ་བ་ཡིས། །དུས་སྦྱོར་འཕོ་ཆེན་བཅུ་གཉིས་ལ། །འབྱུང་ལྔ་རླུང་གི་དབྱེ་བ་ཡིས། །དུས་སྦྱོར་འཕོ་ཆུང་དྲུག་ཅུའོ། །འབྱུང་ལྔའི་འཕོ་ཆུང་རེ་རེ་རེ་ལ། །སུམ་བརྒྱ་དྲུག་ཅུ་རྒྱུ་བ་ཡིས། །དུས་སྦྱོར་བཅུ་གཉིས་འཕོ་ཆེན་རེའང་། །སྟོང་དང་ བརྒྱད་བརྒྱ་རྒྱུ་བ་སྟེ། །ཞག་གཅིག་རྟོག་རླུང་ཉི་ཁྲི་དང་། །དགུ་བརྒྱ་ཉེར་ལྔ་རྒྱུ་བའོ། །འབྱུང་ལྔའི་འཕོ་ཆུང་མཚམས་རེ་ནས། །བཅུ་གཅིག་བཞི་ཆ་ཆད་པ་ཡིས། །དུས་སྦྱོར་བཅུ་གཉིས་མཚམས་རེ་ནས། །ལྔ་བཅུ་རྩ་དྲུག་བཞི་ཆ་རྒྱུ། །ཞག་གཅིག་ཡེ་རླུང་དྲུག་བརྒྱ་དང་། །བདུན་ཅུ་རྩ་ ལྔ་རྒྱུ་བའོ། །སྐྱེས་བུ་ཁམས་སྙོམས་ཞག་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །སྐྱེ་འཇིག་གནས་འཕོ་འཁྲིག་དུས་དང་། །བརྒྱལ་དང་གཟས་ཟིན་ཏིང་འཛིན་ཐོབ། །དེ་མིན་འཇིག་རྟེན་རླུང་དུ་ཟད། །དེ་ནི་རླུང་གི་རྒྱུ་བའོ། །གཏི་མུག་ས་ལ་ང་རྒྱལ་ཆུ། འདོད་ཆགས་མེ་ལ་ཕྲག་ 14-1-217b དོག་རླུང་། །ཞེ་སྡང་མཁའ་སྟེ་སེར་སྣའི་སེམས། །ཡེ་ཤེས་ཁམས་ཀྱི་འབྱེད་པར་བཤད། །སེམས་ཅན་ཀུན་གྱི་སྲོག་གྱུར་པའི། །རླུང་གིས་ལས་ཀུན་བྱེད་པའོ། །མཐུན་དང་མི་མཐུན་ཟིན་པ་ཡི། །གཉིས་སྟོབས་གསུམ་སྟོབས་ཤེས་པར་བྱ། །སྲོག་འཛིན་ལོག་རེངས་འཆི་སྨྱོ་དང་། །ཐུར་ སེལ་ལོག་རེངས་རྩ་ཆུ་སྲི། གྱེན་རྒྱུ་ལོག་རེངས་དབུགས་མི་བདེ། །མེ་མཉམ་ལོག་རེངས་རྨུ་ཆུ་སྐྲན། །ཁྱབ་བྱེད་རླུང་ལོག་རེངས་པ་ན། །མཛེ་དཀར་ལ་སོགས་ནད་མང་བྱེད། །དབྱུག་རླུང་འཁྲུལ་འཁོར་སྦྱོར་བ་དང་། །དམིགས་དང་བྱིན་རླབས་བདེ་བ་བསྒོམ། །ཟས་དང་སྤྱོད་ལམ་སྨན་ དཔྱད་དང་། །རྟེན་འབྲེལ་གྱིས་ནི་བཅོས་པར་བྱ། །རླུང་སེམས་འདྲེས་ཤིང་དག་པ་ཡི། མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྔགས་རྣམས་ཀུན་གྱིས་བྱིན་རློབ་པས། །ཕྲིན་ལས་བཞི་ནི་རྩོལ་མེད་འགྲུབ། ས་རླུང་ཡོན་ཏན་འཆི་བ་མེད། །མེ་ཡིས་བཀྲག་ལ་དྲོད་དང་ལྡན། །ཆུ་ ཡིས་བདེ་དང་སྣུམ་ལ་འགྲིལ། །རླུང་གིས་གསལ་དང་ཡང་བར་བྱེད། །ནམ་མཁའ་ནམ་མཁའ་ལྟ་བུར་འགྲུབ། །ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །གཞན་གྱི་རླུང་རྩིས་ཕྱི་ནས་བརྩི། །ཕྱོགས་དང་དུས་དང་བྱེད་པའི་ལས། །གཟུགས་དང་དབྱིབས་དང་ཁ་དོག་དང་། །སྒྲ་ གདངས་སྒྲ་ཡི་བྱེད་པ་དང་། །རྒྱུ་ཚུལ་སྤྱོད་ལམ་ལ་སོགས་པ། །འབྱུང་བ་ལྔ་དང་འབྱུང་ཆུང་དང་། །དགྲ་གཤེད་གྲོགས་སུ་འགྱུར་བ་དང་། །བཏང་སྙོམས་བྱེད་པའི་རླུང་རྩིས་བརྩི། །འདི་ནི་ཕྱི་ཡི་རླུང་རྩིས་སོ། །ནང་གི་རླུང་རྩིས་ནང་ནས་བརྩི། །ཨཱ་ལི་ཀཱ་ལི་རབ་དབྱེ་བས། ། ཁམས་དྲུག་རླུང་ནི་རྩིས་ཀྱིས་འཇུག །གཡས་གཡོན་དབུས་ནས་རྒྱུ་བ་ཡི། །རླུང་དྲུག་བྱེད་ལས་བརྟག་པ་ཡིས། །བཟང་ངན་བྱེད་ལས་ཤེས་པར་བྱ། །འདི་ནི་ནང་གི་རླུང་རྩིས་སོ། །རྣལ་འབྱོར་རིག་པའི་རྩིས་ཤེས་ནས། །འཆར་ཚུལ་གཟུགས་དང་ཁ་དོག་དང་། །སྤྱོད་ལམ་ཚེ་དང་དབང་ ཐང་དང་། །ཕན་གནོད་ལས་ཀྱི་ལྟས་ཀྱང་ཤེས། །ལྷ་འདྲེ་སྒྲ་ཡི་ངོས་འཛིན་དང་། །ནད་དང་རྟེན་འབྲེལ་ཕན་ཡང་ཤེས། །ཕྱི་ནང་བྱེད་པ་འཆར་བར་འགྱུར། །ཁྱད་པར་ཕྲིན་ལས་བཞི་ལ་འཇུག །ཕོ་རྩ་མོ་རྩ་མ་ནིང་རྩ། །ཕོ་རླུང་མོ་རླུང་མ་ནིང་རླུང་། །ཐོད་རྒལ་བཞི་ཡི་སྦྱོར་བ་ཡིས། ། 14-1-218a འདིས་ཀྱང་ཕྱི་ནང་རྩི་བར་ནུས། །སྔོན་འགྲོ་སྦྱོར་བ་ལྡན་པ་ཡིས། །ལམ་ནི་བྱ་བའི་རིམ་པ་ནི། །འབྱུང་དང་འཇུག་དང་གནས་དང་གསུམ། །ཡི་གེ་གསུམ་གྱིས་རྩ་ལམ་སྦྱངས། །རྡོ་རྗེ་སྐྱིལ་ཀྲུང་སོགས་གནས་པས། །རྡོ་རྗེ་བཟླས་པའི་རིམ་པ་ཡིས། །རླུང་ནི་ལམ་དུ་ བྱེད་པར་འགྱུར། །འཁྲུལ་འཁོར་སྦྱོར་བ་མཁས་པ་ཡིས། །རླུང་ལྔ་ཨ་བ་དྷཱུ་ཏཱིར་གཟུང་། །རྒྱུ་བ་དག་པ་རང་གནས་བསྒོམ། །ཞག་ལྔ་ཨ་བ་དྷཱུ་ཏཱི་རུ། །ཚུད་པའི་རྟགས་ནི་འབྱུང་བར་འགྱུར། །བུམ་པ་ཅན་དང་བཙན་ཐབས་ཀྱིས། །བཅིངས་དང་ཞི་བར་བྱས་པ་ཡིས། །ནོར་བུའི་མེ་ལ་ སྲོག་ཞུགས་པའི། །བདེ་བ་སྐྱེ་བར་ངེས་པ་སྟེ། །འོད་ཀྱི་འཁོར་ལོ་མཐོང་བ་དང་། །མགོ་བོ་ན་ན་གཞག་པར་བྱ། །ཐུར་སེལ་རྒྱུ་བ་འཇམ་རླུང་གཟུང་། །རླུང་གི་ནད་རྣམས་སྤོང་བར་འགྱུར། །སྲོག་དང་རྩོལ་བས་བད་ཀན་སེལ། །བཏང་བས་མཁྲིས་པ་སེལ་བར་བྱེད། །འདུས་པའི་ ནད་ལ་སྟེང་འོག་དགག །དངས་མའི་སྦྱོར་བས་སེལ་བར་བྱེད། །ལྟེ་བའི་འོག་ཏུ་སྲོག་རླུང་དགག །མ་ལུས་པ་ནི་སེལ་བར་བྱེད། །ཁྱད་པར་རྩོལ་བའི་རླུང་གིས་སེལ། །ཨ་བ་དྷཱུ་ཏཱིར་དངས་པར་བྱེད། །ཁ་སྦྱོར་རླུང་གིས་རྐྱེན་སྣང་བསྲུང་། །རེག་དང་རལ་གྲི་བཅུད་དབང་པོ། །བདུད་རྩི་ འབྲས་བུ་རི་ལུ་དང་། །གི་ཝང་དང་ནི་མིག་སྨན་དང་། །རྐང་ལ་བྱུགས་དང་མཐིལ་ལམ་བརྒྱད། །འཇིག་རྟེན་དངོས་གྲུབ་བརྒྱད་དེས་འགྲུབ། །མཆོག་གི་འབྲས་བུ་སྟེར་བར་བྱེད། །ཅེས་གསུངས་སོ། །ཡང་ནམ་གུང་ལ་རྒྱལ་པོ་གྲགས་པ་བྱོན་ནས། ཁྱོད་འཛམ་བུའི་གླིང་གི་ ཡུལ་དབུས་སུ་འགྲོ་བ་ལ་ནད་པ་ལྟོ་གོས་ལ་སྲེད་པ་མང་བས། ནད་གནས་པ་རྩ་གཏུམ་མོ་ལ་གདམས་པ་འདི་དགོས་གསུངས་ནས་གདམས་པ། ཇི་ལྟར་སྒོམ་པ་རྩ་ཡི་གནད། །རབ་ཏུ་ཕྱེ་སྟེ་བཤད་པར་བྱ། །བརྒྱད་ཁྲི་དང་ནི་བཞི་སྟོང་དང་། །ངེས་པར་ཕྱེ་ན་འབུམ་སྡེའོ། ། བ་སྤུ་བྱེ་བ་ཇི་ཙམ་པར། །རྩ་ཡི་གྲངས་ཀྱང་དེ་བཞིན་ཏེ། །བྱེད་པ་ལས་ཀྱི་རྩ་རྣམས་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །སུམ་ཅུ་རྩ་གཉིས་དག་ཏུ་བརྗོད། །ལ་ལ་ཉི་མའི་རྩ་ཡིས་ནི། །གླིང་བཞི་གླིང་ཕྲན་རྣམས་ལ་བསྐོར། །ར་ས་ཟླ་བའི་རྩ་ཡིས་ཀྱང་། །གོང་ 14-1-218b བཞིན་བསྐོར་ནས་གནས་པའོ། །འཁོར་ལོ་རྣམས་ཀྱི་རྩ་ཡི་གཙོ། །གཙུག་ཏོར་བཞི་ལ་སྙིང་གར་བརྒྱད། །སྤྱི་བོ་རུ་ནི་མི་ཡི་བདག །མགྲིན་པ་རུ་ནི་སོ་ཡི་གྲངས། །ལྟེ་བར་བརྒྱད་ཀྱིས་བརྒྱད་བསྒྲེས་པ། །གསང་བར་རྒྱལ་པོ་ཉིས་འགྱུར་ཉིད། །རྩ་བ་ལྟེ་བའི་དཀྱིལ་ནས་གྱེས། ། རྩེ་མོ་དོན་སྙིང་ལྔ་ལ་ཟུག །དོན་སྙིང་ལས་ནི་རྩ་ལྔ་གྱེས། །རྩེ་མོ་སྐྱེ་མཆེད་ལྔ་ལ་ཟུག །ཡུལ་ལྔ་དག་ནི་མྱོང་བར་བྱེད། །ལྟེ་བའི་དཀྱིལ་ནས་རྩ་བཞི་གྱེས། །བརྒྱད་ཀྱིས་ལུས་ནི་སྐྱེད་པར་བྱེད། །རྩ་ཡི་གཙོ་བོ་གསུམ་དུ་བཤད། །ཨ་བ་དྷཱུ་ཏཱི་ཞེས་བྱ་བ། །ལྷན་ཅིག་སྐྱེས་ པ་སྐྱེད་པར་བྱེད། །འདི་ནི་རྩ་ཡི་རྒྱལ་པོར་བཤད། །སྔོན་འགྲོ་བྱ་བ་རྫོགས་ནས་ཀྱང་། །སྦྱང་ཞིང་གནད་ལ་བོར་བར་བྱ། །གླིང་བཞི་རི་རབ་དག་ལ་བསྡུ། །རི་རབ་སྲོག་ཤིང་བསྲང་བར་བྱ། །རྒྱུ་བའི་ཉི་ཟླ་གཟུང་བར་བྱ། །ཉི་ཟླའི་འོད་ཀྱིས་རབ་བསྲོས་ཏེ། །རཾ་ལས་ གློག་གི་རྒྱུན་བྱུང་བས། །མཚན་ཉིད་བཞི་དང་ལྡན་པ་ཡིས། །ཨོཾ་ཧཱུཾཨཱཿཡི་བར་དུ་བསྲེག །ཧཾ་ལས་བབས་པས་བདུད་རྩིའི་རྒྱུན། །ཡིག་འབྲུ་གསོས་ཀྱི་བར་དུ་བསྒོམ། །རྒྱ་མཚོའི་དཀྱིལ་དུ་ཉི་མ་དགོད། །རཾ་ལས་བྱུང་བ་གཏུམ་མོའི་མེས། །ཁམས་གསུམ་པོ་ནི་མེ་རུ་འབར། ། ཇི་ལྟར་སྦྱིན་སྲེག་མེ་ཡིས་ནི། །ཏིལ་མར་དགང་བླུགས་དེ་བཞིན་ནོ། །རི་རབ་བསྐྱོད་དང་རླུང་ལྷ་སྟེ། །བུད་ཤིང་བཟང་པོ་བསྟེན་པར་བྱ། །གློག་གི་མེ་ཡི་རྩེ་མོ་ཡིས། །སྤྱི་བོའི་ཟླ་བ་བཞུ་བར་བྱ། །གང་དང་གང་གིས་ཐིག་ལེ་བཞུ། །འདི་ལས་མགྲིན་པ་སྙིང་ག་དང་། ། ལྟེ་བ་གསང་བ་རུ་ནི་འགོག །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །འབྱུང་པོའི་དུག་རྣམས་མ་ལུས་སེལ། །ནད་ལས་རྣམ་པར་རྒྱལ་པོ་ཐོབ། །གཏུམ་མོ་ཡོན་ཏན་བརྒྱད་དང་ལྡན། །བདེ་བ་དམ་པ་སྟོན་པ་དང་། །ཆོས་ཀྱི་དབྱིངས་ནི་སྟོན་པར་བྱེད། །ཐུན་བཞི་ རིམ་པས་ཉམས་སུ་བླང་། །ཞག་བདུན་ཉི་ཤུ་རྩ་གཅིག་ལ། །སྐྱེ་དང་བརྟན་པར་བྱེད་པ་ཡིན། །ཞེས་གསུངས་སོ། །ཡང་ནམ་ཐོ་རངས་རྒྱལ་པོ་པདྨ་དཀར་པོ་བྱོན་ནས། ཁྱེད་འཛམ་བུའི་གླིང་གི་ཡུལ་དབུས་འགྱུར་ཚལ་དེ་ན། ཆགས་ 14-1-219a པ་དེ་ལ་མཆོག་ཏུ་སྲེད། །ཚེ་ཐུང་ནད་མང་དབང་ཐང་ཆུང་བས་ནང་འགྱུར་བ་བྱང་ཆུབ་ཀྱི་སེམས་ལ་གདམས་པ་འདི་དགོས་སོ་གསུངས་ནས་གདམས་པ། གཙོ་བོ་རྡོ་རྗེ་འཆང་ཆེན་ལ། །གསང་བའི་སྙིང་པོ་འདི་སྐད་ཐོས། །ཁྱོད་ལ་རབ་ཏུ་བཤད་པར་བྱ། །རྟགས་དང་ ཉམས་པའི་ཉེས་དམིགས་དང་། །ཉམས་པའི་ཚུལ་དང་མི་ཉམས་བསྲུང་། །དངས་འཕེལ་ཐབས་དང་རྒྱས་པ་དང་། །དངས་པའི་ཡོན་ཏན་བསྟན་པའོ། །ལུས་དང་རྩ་ཡི་སྒོ་རྣམས་དང་། །སྐྲ་དང་བ་སྤུ་བྱེ་བ་དང་། །མདོག་དང་བཞིན་གྱི་དཀྱིལ་འཁོར་དང་། །སེམས་ཉམས་ སྐད་ཀྱི་གདངས་དང་ནི། །གྲིབ་མ་གནས་ཁང་ལུས་ལས་ཤེས། །མཚན་ལྟས་རྟོག་ལ་དྲང་སྲོང་མཁས། །བདེ་གསལ་མེད་པའི་སྒྱིད་པ་སྒྱུར། །སྟོབས་ཆུང་ཤེད་དམའ་སྙིང་མི་དགའ། །བཀྲག་མདངས་ལུས་སྟོབས་མེད་པ་དང་། །བྲང་ལ་བ་སྤུ་ལོག་པ་དང་། །མིའམ་ ཅི་ལ་ཡི་དགས་ལུས། །ངག་ཉམས་ཐོས་ལ་སྙིང་རླུང་འཇུག །ནད་མང་བགེགས་འཇུག་ཚེ་ཡང་ཐུང་། །འདོད་ཡོན་ཆུ་ཡིས་སྐམས་པ་ཡིས། །དབང་ཐང་ཆུང་ཞིང་ལོངས་སྤྱོད་ངན། །བྱང་སེམས་དཔག་བསམ་སྐམས་པ་ཡིས། །འདོད་པའི་འབྲས་བུ་ག་ལ་འབྱུང་། ། ཕོ་མོ་དབང་དུ་མི་འགྱུར་ཞིང་། །མཐུན་པ་དག་ཀྱང་དབྲལ་བར་འགྱུར། །མི་མ་ཡིན་རྣམས་མི་འདུ་ཞིང་། །ཞི་དྲག་ལ་སོགས་འགྲུབ་པ་མིན། །མཁའ་འགྲོ་དབང་དུ་མི་འདུ་ཞིང་། །དངོས་གྲུབ་དག་ཀྱང་ཉམས་པར་བྱེད། །གནས་ཁང་ལུད་པ་བྱིན་མེད་ཅིང་། །ས་ ཡི་སྣུམ་ཡང་མེད་པར་འགྱུར། །མི་ཡི་ནོར་བུ་མེད་པ་ལ། །དེ་ཡི་བདེ་ལེགས་གཟུགས་ལ་འབྱུང་། །རྒྱུན་འཛག་གང་བས་འཛག་པ་དང་། །གདོན་དང་བག་ཆགས་ཆགས་སྐྱེས་འཛག །ཁ་ཟས་ཀྱིས་ཀྱང་འཛག་པར་བྱེད། །མིག་དང་རྣ་བ་སྣ་དང་ནི། །ཁ་དང་དབང་པོ་དག ནས་འཛག །ཁྱབ་བྱེད་ཐིག་ལེ་ཞེས་བྱ་བ། །རྡུལ་དང་གདོང་ནས་འཛག་པར་བྱེད། །ཆུ་དང་རྩ་འཁྲུའི་དུས་སུ་ནི། །ནད་གཞི་དག་གིས་འདོར་བར་འགྱུར། །མེ་དང་ཉི་མ་ངལ་དུབ་ལས། །ནད་དྲག་པོ་ཡི་རྒྱུན་ལས་ནི། །འདི་རྣམས་ཀྱིས་ནི་སྐེམས་པར་བྱེད། །སྣ་རྩ་ 14-1-219b རླུང་ནི་ཁ་དྷལ་ལམ། །དེ་བཞིན་ཁ་དང་འོག་རྩ་དྷལ། །ཉི་མ་འདོར་བར་བྱེད་པ་ཡིན། །མོ་ཡི་ཉམས་པའི་རྐྱེན་དག་ནི། །དཀར་པོ་ཕོ་དང་ཅུང་ཟད་མཚུངས། །ཁྱད་པར་ཆགས་སྐྱེས་ཆགས་སྤྱོད་འཛག །ཚེས་བརྒྱད་དང་ནི་བཅུ་བཞི་དང་། །ཉ་དང་གནམ་སྟོང་གང་ ཡིན་ལ། །ཕྱི་རུ་སྒྲ་གཅན་རྒྱས་པ་ཡིས། །ནང་དུ་ཉི་མ་འདོར་བར་འགྱུར། །ཁ་སྣ་ནུ་མ་ནས་ཀྱང་འདོར། །རྒྱུ་དང་རྐྱེན་དང་བྱེད་པའི་ལས། །གནོད་པའི་འབྲས་བུ་ཤེས་པར་བྱ། །འཛག་གཉིས་ཐུར་སེལ་དབང་དུ་བྱས། །འཁྲུལ་འཁོར་གིས་ནི་ལེགས་པར་དགྲམ། །སྔགས་ དང་རྫས་དང་རྟེན་འབྲེལ་བསྲུང་། །རྒྱུད་དག་གསང་རླུང་དབང་དུ་བྱ། །གླང་མོ་མྱོས་སྐད་ཤེས་པར་བྱ། །ཟས་ངན་སྤངས་ལ་ཟས་མཆོག་བསྟེན། །སྟེང་རླུང་འགོག་པའི་སྦྱོར་བ་ཡིས། །འཁྲུལ་འཁོར་བྱ་ཞིང་གསང་རླུང་བཟུང་། །ཁོང་གསེང་མཁའ་འགྲོ་དྷཱུ་ཏཱིར་གཞུག ། དྲོད་ཀྱི་སྦྱོར་བ་ལ་སོགས་ཀྱིས། །གཏུམ་མོ་བསྒོམ་ཞིང་དགྲམ་པར་བྱ། །དྲག་སྤྱོད་སྤངས་ལ་བག་ཡོད་བསྟེན། །དྲང་སྲོང་རིག་པ་སྨན་དུ་གཏང་། །གནད་ཀྱིས་དྲུག་རྣམས་དག་པར་བྱ། །ཉི་མ་རི་རབ་དབུས་སུ་སྦ། དགྲམ་པའི་སྦྱོར་བ་ཤེས་པར་བྱ། །རྒྱ་མཚོ་དཀྱིལ་གྱི་སྒྲ་གཅན་གྱིས། །ཉི་ ཟླ་གཉིས་པོ་ཟོས་ནས་ནི། །ཉི་ཟླ་རི་རབ་རྩེ་རུ་དྲང་། །འཁྲུལ་འཁོར་གྱིས་ནི་དགྲམ་པར་བྱ། །དེ་འདྲ་སྦྱོར་བ་སྣ་ཚོགས་ནི། །ཀུན་མཁྱེན་རིག་པ་དེ་ལ་དྲིས། །རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི། །དོན་དམ་ཕྱག་རྒྱ་ཆེ་བསྟེན་ནས། །མི་གཡོ་བསམ་གཏན་སྦྱོར་བ་ཡིས། །རྒྱུ་མཐུན་བདེ་ སྟོང་ཏིང་འཛིན་བསྒོམ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །རྣལ་འབྱོར་དབང་འབྲིང་རྣམས་ཀྱིས་ནི། །སེམས་བརྟག་ཡེ་ཤེས་ཕྱག་རྒྱ་བསྟེན། །རང་ལུས་ཐབས་ལྡན་སྦྱོར་བ་ཡིས། །ཆ་མཐུན་བདེ་སྟོང་ཏིང་འཛིན་བསྒོམ། །གཟུགས་ཁམས་ ལྷ་དང་ཐུན་མོང་གི། དངོས་གྲུབ་ཐོབ་པ་རྒྱལ་བས་གསུངས། །རྣལ་འབྱོར་དབང་ཐ་རྣམས་ཀྱིས་ནི། །མཚན་ཆོས་ལྡན་པའི་ལས་རྒྱ་བསྟེན། །སྙོམས་པར་འཇུག་པའི་སྦྱོར་བ་ཡིས། །འཛག་བཅས་བདེ་སྟོང་ཏིང་འཛིན་བསྒོམ། །འདོད་ཁམས་ལྷ་དང་ཐུན་མོང་གི། དངོས་གྲུབ་ཐོབ་པར་ 14-1-220a རྒྱུད་ལས་གསུངས། །ཆགས་ཅན་བདེ་སྟོང་སྤེལ་འདོད་ཀྱིས། །ཁ་སྦྱོར་རླུང་བཅིངས་འཛིན་བསྒྲུབས་ཏེ། །མཚན་ཉིད་ལྡན་པའི་བུ་མོ་ལ། །སྐྱབས་འགྲོ་དབང་བསྐུར་སྣོད་དུ་བྱ། །ལུས་ལ་རིགས་དྲུག་ས་བོན་དགོད། །སྐྱེད་དང་སྡུད་པའི་རིམ་པ་ཡིས། །རྡོ་རྗེ་ པདྨ་བྱིན་གྱིས་བརླབ། །གཟུགས་སྒྲ་ཆགས་པ་རྒྱས་པར་བྱ། །སྤྱོད་དེས་དངས་མ་གཡོ་བར་བྱ། །སྔོན་འགྲོ་གསུམ་གྱིས་སྦྱང་བྱས་ནས། །འདུ་ཤེས་གསུམ་ལྡན་བསྒོམ་པ་ཡིས། །དངོས་གཞི་སྙོམས་འཇུག་སྦྱོར་བ་ཡིས། །དབབ་བཟུང་བདེ་སྟོང་རོ་མྱོང་བྱ། །རྗེས་སུ་ལྡོག་ ཅིང་གནས་སུ་བསྡུས། །དགྲམ་པ་གཉིས་མེད་བསྲེས་ལ་བསྒོམ། །རུས་སྦལ་འགྲོས་སུ་དལ་བུས་དབབ། །དགོས་པ་གཉིས་ལ་མཁས་པར་བྱ། །ཐུར་སེལ་རླུང་ནི་གསུམ་དུ་འགྱུར། །བདེ་འཕེལ་རྒྱུན་འགྲོགས་རབ་འཇུག་དང་། །ཁྱབ་བྱེད་རྒྱས་པའི་རླུང་གིས་གཟུང་། ། རྒྱུན་འགྲོགས་བསྐྱོད་པའི་སྦྱོར་བ་ཡིས། །ཟླ་བ་འཛིན་ལ་མཁས་པ་ཡིན། །ཐུར་སེལ་དབང་མི་ཐོབ་པ་ན། །བདེ་འཕེལ་ཆོས་འབྱུང་གཉིས་མེད་བསྲེས། །རྒྱུན་འགྲོགས་ཀྱིས་ནི་ཉི་འོད་འདྲེན། །རབ་འཇུག་རླུང་གིས་གནས་སུ་གཟུང་། །ཟླ་བ་རྒྱུན་འགྲོགས་ཀྱིས་འདྲེན་ནི། །ཡི་ གེ་གསུམ་གྱིས་གྱེན་ལ་ཟློག །ཚངས་པར་ལྷན་སྐྱེས་མྱོང་བསྡུས་པས། །མགོ་བོ་ན་ན་དགྲམ་པར་བྱ། །སེམས་དང་རླུང་ནི་རིམ་གྱིས་དགྲམ། །ཉི་ཤུ་རྩ་གཅིག་རིམ་པས་སོ། །རླུང་སེམས་གཉིས་སུ་མེད་བསྲེས་ལ། །ཞེན་པ་ཡེ་ཤེས་གཉིས་མེད་བྱ། །བདེ་སྟོང་ཟུང་འཇུག་ཏིང་ འཛིན་བསྒོམ། །དངས་མའི་དངས་མ་ཡུལ་ལ་འདྲེན། །དངས་མའི་བདེ་བ་སྐྱེས་པ་དང་། །བདེ་བ་རྩལ་སྦྱང་ཐབས་ལ་མཁས། །དེ་ནི་རྣལ་འབྱོར་ཆེན་པོར་འགྱུར། །ཡུལ་ལ་ཆགས་པ་སྐྱེས་པ་ན། །དངས་མའི་དངས་མ་ཡུལ་ལ་འཛག །ནང་དུ་དངོས་འཛིན་སྐྱེས་པ་ན། །དངས་ མའི་དངོས་པོ་ཉམས་པར་འགྱུར། །ཞེན་པ་དང་བཅས་སྤྱོད་པ་ན། །དངས་མའི་དངོས་པོ་རྙེད་པར་བྱེད། །གཉིས་མེད་གནས་ན་དངས་མ་འཕེལ། །གང་ཡང་དེར་ཤེས་དངས་མ་རྒྱས། །ཡོན་ཏན་ཚོགས་ནི་དངས་མའི་སྟོབས། །གསལ་བའི་དངས་མ་སྟོང་པ་ཉིད། །རྟོག་ 14-1-220b པའི་སྐྱོན་བྲལ་ཟླ་བ་ཡིས། །ཉོན་མོངས་གདུང་བ་སེལ་བར་བྱེད། །སྟོང་པའི་དངས་མ་གསལ་འོད་ཅན། །ཐུགས་རྗེ་ཡེ་ཤེས་ཉི་མ་ཡིས། །མ་རིག་སྡུག་བསྔལ་སེལ་བར་བྱེད། །བག་ཆགས་སྤྲིན་གྱིས་མ་གོས་པར། །ཉི་ཟླ་མཆོག་ཏུ་རྒྱས་པར་བྱ། །གཙོ་བོ་རྡོ་རྗེ་འཆང་ཆེན་གྱིས། ། དེ་སྐད་གསུངས་པ་བདག་གིས་ཐོས། །དུས་ཀྱི་འཁོར་ལོ་གསང་བའི་སྐད། །གཞན་དུ་བཤད་པ་མ་ཡིན་ནོ། །ཉི་ཟླ་སྐུ་ལ་རྒྱས་པ་ཡིས། །བཀྲག་མདངས་གཟི་བརྗིད་ཆེན་པོར་ལྡན། །སྣུམ་ཞིང་འགྲེལ་ལ་པགས་པ་དངས། །ནད་མེད་བདེ་བ་རྡོ་རྗེ་ལྡན། །བྱིན་ཆེན་དངས་དང་ལྡན་པ་དང་། ། བདེ་བསྐྱེད་ཚངས་པའི་དབྱངས་སུ་འགྱུར། །གསལ་བས་ཕྱི་ནང་ཆོས་རྣམས་ཤེས། །རྟོག་མེད་བདག་འཛིན་རང་སར་གྲོལ། །བདེ་སྟོང་རྡོ་རྗེ་སྡུག་བསྔལ་འཇོམས། །ལུས་དང་རུས་པ་སེམས་ལ་སྨིན། །ཡོན་ཏན་ཡོན་ཏན་བསམ་མི་ཁྱབ། །ལུས་ཀྱི་ཐིག་ལེ་རྒྱས་པ་ཡིས། ། ཚེ་དང་ལོངས་སྤྱོད་དབང་ཐང་དང་། །འདོད་ཡོན་རྒྱས་ཤིང་ཡེ་ཤེས་འཕེལ། །ཀུན་རྫོབ་བདེ་བས་སྡུག་བསྔལ་ཞི། །དོན་དམ་ཐིག་ལེས་འཁྲུལ་པ་ཞི། །གཉིས་མེད་ཐིག་ལེས་སྒྲིབ་པ་ཞི། །འདི་ནི་ཞི་བའི་ཕྲིན་ལས་སོ། །བུད་མེད་མཁའ་འགྲོ་དབང་དུ་འདུ། །མོ་ཆགས་ ཀུན་གྱི་ཡིད་དུ་འོང་། །ལྷ་ཀླུ་གནོད་སྦྱིན་མ་མོ་ཡང་། །དབང་འགྱུར་མི་ཡི་སྨོས་ཅི་དགོས། །ཚངས་པ་ལ་སོགས་དབང་དུ་འདུ། སྐྱེས་པ་རྣམས་ནི་སྨོས་ཅི་དགོས། །རྫས་དང་འདོད་ཡོན་དེ་བཞིན་ནོ། ཕྱོགས་སྐྱོང་རྣམས་ནི་དབང་དུ་འདུ། དྲག་པོའི་ལས་ལ་མཚོན་ཆར་འགྱུར། ། གསད་དང་བསྐྲད་དང་རྨོངས་དང་རེངས། །ཀུན་ལ་དབང་བསྒྱུར་རྡོ་རྗེ་ཡིན། །རླུང་སེམས་འདྲེས་ལ་རྒྱས་པ་ཡི། །ཏིང་འཛིན་སྟོབས་ཀྱིས་གང་ཡང་ནུས། །ཕལ་ཆེར་དངས་པའི་ཐིག་ལེ་ཡིས། །ས་འོག་གཏེར་རྣམས་མཐོང་བ་དང་། །ལུས་ཀྱི་རྩ་མཐོང་མུན་པ་སེལ། །དངས་མས་ སེམས་ནི་བདེ་བར་འཆར། །སངས་རྒྱས་ལྟ་བུ་འབྱུང་བར་འགྱུར། །དངས་མའི་དངས་མ་གྱུར་པ་ཡིས། །ལུས་ལ་བདེ་བ་རྒྱས་པ་དང་། །ཁྲོ་གཏུམ་སྟག་སོགས་ལྡན་པར་བྱེད། །རབ་ཏུ་དངས་པས་མཆོག་མཐོང་འགྱུར། །མཆོག་ཏུ་དངས་པས་མངོན་ཤེས་དྲུག །དེ་བཞིན་ 14-1-221a རྗེས་དྲན་དྲུག་ཀྱང་འཆར། །དངས་མ་སྟོབས་འགྱུར་ཞེས་བྱ་བ། །སྲེད་མེད་བུ་ཡི་སྟོབས་སོགས་ཐོབ། །དངས་མ་བཅུད་ཅེས་བྱ་བ་ཡིས། །སྣང་བ་བདེ་བར་འཆར་བ་དང་། །ཁམས་གསུམ་རོ་ལ་སྤྱོད་པར་ནུས། །མི་གཡོ་དངས་མ་ཞེས་བྱ་བས། །འཁོར་ བ་བདེ་བར་ཤར་ནས་ནི། །ཕྱིར་མི་ལྡོག་པའི་ས་ཐོབ་བོ། །དབང་སྒྱུར་དངས་མས་སྤྲུལ་པ་འགྱེད། །མྱ་ངན་འདས་པའི་བདེ་བ་འཆར། །མཆོག་དང་མཆོག་མིན་སྤྲུལ་པ་ནུས། །རྡོ་རྗེ་དངས་མ་ཞེས་བྱ་ལས། །ཇི་ལྟ་བ་དང་ཇི་སྙེད་ཤེས། །ས་རྣམས་དབང་ཕྱུག་ཐུབ་པའི་སྐུ། ། ཟག་མེད་རྣམ་དག་ཞིང་དུ་ནི། །ཟག་མེད་རྡོ་རྗེའི་སྐུར་བསྟན་ནས། །ཉིད་དང་མཉམ་པའི་འཁོར་རྣམས་ལ། །བདེ་བ་ཆེན་པོའི་ཆོས་བསྟན་ནས། །འཁོར་དང་བཅས་པ་མངོན་སངས་རྒྱས། །སངས་རྒྱས་གཙོ་བོར་དབང་བསྐུར་རོ། །ཞེས་གསུངས་སོ། །དེ་ནས་བླ་མ་བྷྀ་ཀུ་པ་ཡིས་ དུས་ཀྱི་འཁོར་ལོའི་ཚིག་དང་དོན་དུ་བཅས་པ་སྤྱན་དྲངས་འོངས་པས། མཁའ་འགྲོ་མ་བཞིའི་མུ་ཁྱུད་འཛིན་རི་ཐལ་ཐལ་བསྐྱལ་ནས། པཎྚི་ཏ་ཁྱོད་ཀྱིས་ངེད་ཀྱི་མཛོད་སྟོང་པར་བཞག་ཟེར་རོ། །དེ་ལྟ་ན་རྫུ་འཕྲུལ་གྱིས་འཛམ་བུའི་གླིང་དུ་བྱོན་ལ་ཆོས་འདི་རྣམས་ཀྱི་བཀའ་སྲུང་ གྱིས་བྱས་པས་བཀའ་སྲུང་བྱེད་པར་དམ་བཅས་ཏེ། རྡོ་རྗེའི་མགུར་རེ་བླངས་པ་ནི་རིན་ཆེན་མཁའ་འགྲོ་ན་རེ། ཨ་བ་དྷཱུ་ཏཱི་རྩ་ཡི་མཆོག །དང་པོའི་མདུད་པ་ཁྲོལ་ནས་ནི། །རླུང་སེམས་དབྱེར་མེད་འཛུད་ཤེས་ན། །ལྷན་ཅིག་སྐྱེས་པ་མངོན་དུ་བྱེད། །རྩ་ལ་མ་སྦྱོངས་ ཤིག་རྣལ་འབྱོར་པ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ན་རེ། རླུང་གི་རྒྱལ་པོ་སྲོག་གི་རླུང་། །འཛིན་ཅིང་དག་པར་བྱེད་ཤེས་ན། །ཕུང་པོ་རྡོ་རྗེ་དབང་བྱས་ཏེ། །མཁའ་སྤྱོད་གནས་སུ་འགྲོ་བར་ནུས། །སྲོག་རྩོལ་སྦྱོངས་ཤིག་རྣལ་འབྱོར་པ། །ཞེས་དང་། པདྨ་ མཁའ་འགྲོ་ན་རེ། ཨེ་ལ་ཝཾ་གྱིས་རྣམ་པར་བརྒྱན། །དགའ་བ་གསུམ་ལ་རིམ་གྱིས་བསླབ། །ལྷན་ཅིག་སྐྱེས་པ་ངོ་སྤྲད་པས། །མཚམས་མེད་ལྔ་པོ་བྱས་པས་ཀྱང་། །རང་བྱུང་ཡེ་ཤེས་རྟོགས་པར་བྱེད། །བདེ་བ་སྦྱོངས་ཤིག་རྣལ་འབྱོར་པ། །ཞེས་དང་། སངས་རྒྱས་ 14-1-221b མཁའ་འགྲོ་ན་རེ། མ་བཙལ་ལྷུན་གྱིས་གྲུབ་པའི་དོན། །དྲི་མ་མེད་པ་ངོ་ཤེས་པས། །འཁོར་བ་མྱ་ངན་འདས་པར་གྲོལ། །རང་རིག་སངས་རྒྱས་བླ་ན་མེད། །གནས་ལུག་རྟོགས་ཤིག་རྣལ་འབྱོར་པ། །ཞེས་གསུངས་ནས། གསང་ཚིག་སྙིང་གཏམ་དུ་གདམས་ཏེ་རང་ གནས་སུ་གཤེགས་སོ། །དེ་ནས་བླ་མ་ཡུལ་དབུས་འགྱུར་ཚལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་དོ། །གནས་པ་རྩ་ཡི་དུས་འཁོར་གྱིས། །ཕྱི་ནང་ཆོས་ཀུན་ཤེས་པར་བྱེད། །གཡོ་བ་རླུང་གི་དུས་འཁོར་གྱིས། །སྲིད་དང་ཞི་བ་ཁ་ལོས་སྒྱུར། །འགྱུ་ བ་བྱང་སེམས་དུས་འཁོར་གྱིས། །ཕུན་སུམ་ཚོགས་པ་སྐྱེད་པར་བྱེད། །འཁོར་ལོ་གསུམ་གྱི་དོན་ཐོས་ནས། །འཁོར་ལོ་གསུམ་གྱི་དོན་བཀོད་པས། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །སྐུ་གསུམ་མངོན་དུ་རྟོགས་པར་ཤོག །དཔལ་དུས་ཀྱི་འཁོར་ ལོའི་མན་ངག །འཁོར་ལོ་གསུམ་གྱི་རིམ་པ་ཉི་མ་ཟླ་བ་སྒྲུབ་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་དྷ་ལའི་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲས། དཔལ་དིང་རི་གླང་འཁོར་དུ་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཛྙཱ་ན་ཙཀྵུ་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཡེ་ཤེས་སྤྱན་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །སྤྱན་ལྔ་སྒྲིབ་མེད་འགྲོ་བའི་དོན་མཛད་པ། །དཔལ་ལྡན་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ། ། དཔལ་ལྡན་དུས་འཁོར་དམ་པ་དང་པོ་ལས། །མཁའ་འགྲོ་རབ་གསང་སྤྱན་ལྔ་རབ་སྒྲུབ་པ། །སྒྲིབ་པ་དང་བྲལ་གསལ་བར་བདག་གིས་བྲི། །དུར་ཁྲོད་ཤིན་ཏུ་བླ་གབ་ཅན་ཡིད་འོང་། །ཕྱི་ནང་གསང་བའི་མཆོད་པས་རབ་མཆོད་ནས། །ཁྲུས་བྱས་གདན་གནས་ཚངས་ པའི་གནས་བཞི་ལྡན། །སྐྱིལ་ཀྲུང་བཅས་ནས་དབང་པོ་རྣམ་པར་ཕྱེ། །ཐུབ་པའི་ལྟ་བས་རྣམ་པར་བལྟས་པ་ནི། །སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེ་མཁའ། །ཟླ་ཉི་རཱ་ཧུ་ལ་དང་གློག་ལྟར་སྣང་། །ཐོགས་མེད་སྣང་བ་ལ་སོགས་གང་ཡང་འབྱུང་། །བརྗོད་ཀྱིས་མི་ལང་ཤ་ 14-1-222a ཡི་སྤྱན་གྱིས་མཐོང་། །སྲོག་རྩོལ་སྦྱོར་བས་གཟུང་དང་འཛིན་པ་སྦྱང་། །རྡོ་རྗེ་གཙུག་ཏོར་ལྟ་སྟངས་ལུས་གནད་ལྡན། །ནམ་མཁར་སེམས་ཅན་མིག་གི་འཛུམས་པ་ཡི། །རྡོ་རྗེའི་ལམ་དུ་ཞུགས་པ་ནམ་མཁའ་ལས། །དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་དང་། །མར་ མེ་འབར་དང་ཟླ་བ་ཉི་མ་དང་། །རཱ་ཧུ་ལ་དང་གློག་དང་ཐིག་ལེར་སྣང་། །སྙིགས་མ་སྣང་བ་རབ་ཏུ་འབྱུང་བ་ཡིན། །གནས་ཤིང་མཁའ་ཡི་སྦྱོར་བ་ཡིས། །དཀར་དང་སེར་དང་དམར་དང་ལྗང་། །མཐིང་ག་སངས་རྒྱས་འོད་རྣམས་འཆར། །འོད་ཆེན་རྣམ་པར་སྣང་བར་བྱེད། །འོད་ ཀོར་འོག་མིན་ཞིང་ཡང་མཐོང་། །གཟུགས་བརྙན་གཉིས་ཀྱི་སྦྱོར་བ་ཡིས། །དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །རྫོགས་པའི་སངས་རྒྱས་ལམ་མེ་བ། །ལྷ་ཡི་སྤྱན་གྱིས་རྣམ་པར་མཐོང་། །ཡེ་ཤེས་མིག་གཅིག་དྲི་མ་མེད། །བཅོམ་ ལྡན་འདས་ཀྱིས་འདུས་པ་ལས། །སྲོག་སྩོལ་སྦྱོར་བས་འཛིན་པ་སྦྱང་། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །འོད་ཀྱི་དཀྱིལ་འཁོར་འཆར་བར་འགྱུར། །དྷཱུ་ཏཱིའི་ནང་དུ་འོད་གསལ་གཟུང་། །རྟོག་མེད་ སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །སྲོག་རྩོལ་སྒོ་རུ་འོད་གསལ་གཟུང་། །རྒྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལས་རྣམས་དབང་དུ་འདུ། །སྣང་བའི་སྟེང་དུ་འོད་གསལ་ གཟུང་། །ཕྲ་བ་འོད་ལ་བརྟེན་ནས་ནི། །རགས་པའི་འོད་ཆེན་ངོ་སྤྲད་པས། །རྟོག་མེད་འདི་ལ་སྲིད་འདས་སྣང་། །ཀུན་རྫོབ་རྒྱུ་དང་འབྲས་བུའི་ཆོས། །ཆོས་ཀྱི་སྤྱན་གྱིས་མཐོང་བར་འགྱུར། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །སྒྲིབ་པ་མེད་པ་ཆོས་ཀྱི་སྤྱན། །སྤྱི་དང་རང་གི་མཚན་ ཉིད་ཤེས། །ཤེས་རབ་སྤྱན་གྱིས་རྣམ་པར་ཐོབ། །དེས་ནི་སངས་རྒྱས་སྤྱན་བསྒྲུབ་སྟེ། །སྲོག་དང་རྩོལ་བ་ལ་བརྟེན་ནས། །རྟོག་མེད་ཆོས་སྐུ་མཐོང་བར་འགྱུར། །རྡོ་རྗེའི་སྦྱོར་བས་ལོངས་སྐུ་མཐོང་། །གཉིས་མེད་སྣང་དག་སྤྲུལ་སྐུ་མཐོང་། །རྟོག་མེད་གསལ་བས་མེ་ལོང་ཡེ་ 14-1-222b ཤེས་དང་། །རྟོག་མེད་ངང་ལས་འོད་རྣམས་སོ་སོར་རྟོག །སྣ་ཚོགས་སྟོང་སྣང་མཉམ་ཉིད་ཡེ་ཤེས་སོ། །རྣམ་པར་དག་པས་བྱ་གྲུབ་ཡེ་ཤེས་ཏེ། །མ་སྐྱེས་ཆོས་ཤེས་ཆོས་དབྱིངས་ཡེ་ཤེས་སོ། །ཡེ་ཤེས་ལྔ་མཐོང་སངས་རྒྱས་ཀུན་དང་མཉམ། །རང་བཞིན་ལྷུན་གྲུབ་སངས་ རྒྱས་ནི། །མདོར་ན་ཕུང་པོ་དྲུག་རྣམས་ནི། །སངས་རྒྱས་དྲུག་ཏུ་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །དཀར་དངས་སྒྲོལ་མ་ཞེས་སོགས་པ། །མེ་དང་རླུང་སོགས་རབ་ཏུ་གྲགས། །ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི། །སངས་རྒྱས་བདེ་ཆེན་ཞིང་ཁམས་གནས། ། དེ་ལ་བཅོམ་ལྡན་དམ་བཅས་པ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཞག་གཅིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་དེ་ཚིག་བདག་གིས་བརྫུན། །སྙན་བརྒྱུད་ལག་ལེན་ལྡན་པ་གཅེས། སྐྱེ་བ་བསྐྱེད་པའི་རིམ་པ་ལས། །འཆི་བ་རྫོགས་ པའི་རིམ་པ་འཇུག །འབྱུང་བ་རིམ་པར་ཐིམ་པ་ལས། །ཕྱི་རུ་སྟོབས་ཐིམ་ནང་དུ་ནུས་ཐིམ་ན། །འོད་ལྔ་སྤྱན་ལ་སོགས་པའི་བསུ་བ་འབྱུང་། །རིགས་ལྔ་སྙོམས་འཇུག་ཡེ་ཤེས་ངོ་བོ་གཟུང་། །འོད་གསལ་ཆོས་སྐུའི་ངོ་བོ་སངས་རྒྱས་འབྱུང་། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ སྤྱོད་གནས་སུ་ཁྲིདཔའོ། །འཆི་བ་འོད་གསལ་ཆོས་སྐུ་ལས། །བར་དོར་ལོངས་སྤྱོད་རྫོགས་སྐུ་འཆར། །སྣང་བ་མཆེད་དང་ཐོབ་པ་ལས། །སྔར་གཟུགས་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་འགྲོ། །ལས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །འཇིགས་ པའི་སྒྲ་བཞི་ཡ་ངའི་གཡང་ས་གསུམ། །ཐིག་ལེ་མི་བརྟན་བཞིན་དུ་སྣང་བར་འགྱུར། །སྙིགས་མ་ཉམས་པས་འཁྲུལ་སྣང་སྒྲ་རུ་ལྡང་། །འོད་ལྔ་ཉམས་པས་རིགས་དྲུག་གནས་སུ་སྐྱེ། སྣང་བ་ལ་སོགས་ཆོས་ཀྱི་སྐུ་རུ་ཤེས། །འཁྲུལ་པའི་སྣང་བ་རང་གི་མདངས་སུ་ཤེས། ། འཇིགས་སྐྲག་མེད་ཤེས་སྐྱེས་བུ་ལས་ཟིན་འདྲ། །སྤྲོས་བྲལ་མཁའ་མཚུངས་ཆོས་སྐུ་ཕ་ལས་སྐྱེས། །དངས་མའི་འོད་ལས་ལོངས་སྐུ་ཞལ་ཡང་མཐོང་། །ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་རུ་ཤར། །ཟག་མེད་བདེ་བ་ནམ་མཁར་མི་ཤོང་ངོ་། །སྐྱེ་བ་སྤྲུལ་པའི་སྐུ་རུ་མངོན་སངས་ 14-1-223a རྒྱས། །ཐབས་དང་ཤེས་རབ་གཉིས་དང་སྐུ་གསུང་ཐུགས། །ས་བཅུ་བགྲོད་ནས་གསང་བའི་སྒོ་ནས་ནི། །བྱོན་ནས་འགྲོ་བའི་དོན་ནི་བྱེད་པར་འགྱུར། །དུས་འཁོར་ཤེས་ཀྱང་གདམས་པ་འདི་མི་ལྡན། །ངལ་བ་དོན་མེད་སངས་རྒྱས་འབྲས་མི་འབྱུང་། །ཕྱི་རྩིས་ གསལ་ཡང་སྙིང་པོའི་དོན་མི་གསལ། །དེ་བས་སྐལ་ལྡན་འགྲོ་ཀུན་ཕན་ཕྱིར་བྲིས། །དུས་ཀྱི་འཁོར་ལོའི་གདམས་པ་དམ་པ་དང་པོ་ལས་སྤྱན་ལྔ་སྒྲུབ་པའི་ཐབས་སློབ་དཔོན་དུས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།དུས་ཞབས་ཀྱིས་ཐུགས་རྗེ་ཆེན་པོ་ལ་སོགས་པ་རིག་ གསུམ་མགོན་པོ་ལ་གསན་ནོ། །དེས་ཡེ་ཤེས་ཀྱི་མཁའ་འགྲོ་སཱུརྱ་དྷརྨྨ་ལ། དེས་རཏྣ་ཤྲཱི་བྷ་དྲ་ལ། དེས་ཤཱཀྱ་ཤྲཱི་བྷ་དྲ་ལ། དེས་རྒྱ་གར་ཤར་ཕྱོགས་ཛཱ་ག་དྷ་ལའི་པཎྜི་ཏ་མ་ཧཱ་པི་བྷཱུ་ཏི་ཙནྡྲས་སྒྲ་རང་འགྱུར་དུ་མཛད་ནས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཏྲི་ཛོ་གི་ཧྲྀ་ད་ བྱཱ་ཀཱ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་གྱིས་སྣང་བ་ལམ་དུ་ངེས། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །སྦྱངས་པ་རབ་ཏུ་གྱུར་པའི་ལམ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བ་ཤད། །དབང་ གིས་སྨིན་བྱས་དམ་ཚིག་ལྡན། །དེ་ལ་རྣལ་འབྱོར་གསུམ་བསྟན་ཏེ། །གཞན་ལ་ནམ་ཡང་མ་ཡིན་ནོ། །བྱིན་གྱིས་བརླབས་དང་རྟོག་པ་བསྒོམ། །རང་བཞིན་རྣལ་འབྱོར་གསུམ་དུ་ངེས། །འཆི་བའི་རྟགས་ཉིད་ཤེས་བྱས་ནས། །སྲོག་གི་ཐིག་ལེར་ངེས་པར་གཞུག །སོ་སོར་ སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཅེས་བྱ། །མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་ པར་བྱ། །ཡོད་དང་མེད་པ་ལས་འདས་པའི། །དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་མེ་སེམས་ཀྱིས་ནམ་མཁར་མཐོང་། །གཞོན་ནུ་མ་ཡིས་སྔ་ལས་ནི། །ལྐོག་ཏུ་གྱུར་པའི་རྐུན་མ་མཐོང་། །ཉི་ཚེ་བ་ཡི་མིག་གིས་ནི། །སྒྲུབ་པ་པོ་ཡི་སོང་ནས་མཐོང་། །ཆུ་འཛིན་དང་ནི་ 14-1-223b བྲལ་བ་ཡི། །ནམ་མཁའ་དངས་པར་གྱུར་པ་ལ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ན་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་ཕྱིར་སྤང་། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲ་ཡི་ཚད། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་ འབྱོར་པ་ཡིས་ཐོབ་པ་ཡི། །སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརླབ། །ཤེས་རབ་རྟོག་དང་དཔྱོད་པ་དང་། །དགའ་དང་བདེ་བ་མི་གཡོ་བ། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། ། བར་མ་དབུགས་འབྱུང་མཆོག་ཡིན་ཏེ། །བཤང་གཅི་དང་ནི་ཟླ་ཉི་ཡི། །རྩ་བཞི་དང་ནི་ཡང་དག་ལྡན། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རྟག་ཏུ་འཛིན་ པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་བསྲེགས་པ་ལས་ཟླ་རྒྱུན་འབབ། །དམ་ཚིག་སེམས་དཔའ་སྤྱོད་ཡུལ་ཅན། །སྐུ་ མཐོང་ནས་ནི་ཉིན་རེ་ཡིས། །དུས་སུ་སྲོག་གི་རླུང་དག་ནི། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །བུམ་པ་སྦྱོར་བས་དགང་བར་བྱ། །ཇི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོ་མཐོང་འགྱུར་ཏེ། །སྔོན་གསུངས་སྐུ་ལ་རང་ གི་ཡིན། །དེས་ནི་ཟླ་དྲུག་རེག་སྤངས་བདེ། །ཆུ་ཉི་ལྟ་བུར་རབ་སྣང་བར། །དྲི་མ་མེད་པར་སྣ་ཚོགས་མདོག །རྣམ་པ་ཀུན་དུ་རང་གི་སེམས། །རང་གི་སེམས་ཉིད་བདེ་བ་ཉིད། །ཏིང་འཛིན་བདེ་ཆེན་རྣལ་འབྱོར་ལ། སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཆུ་སྲིན་ལ་སོགས་ 14-1-224a ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་ཐོབ་འགྱུར་ཏེ། །རྟོག་པ་མེད་པའི་ཆོས་ཅན་ལ། །སྐད་ཅིག་གཅིག་ལ་མངོན་སངས་རྒྱས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ས་རྣམས་ཡོངས་སུ་རྫོགས་པ་ཡི། ། དངོས་པོ་གཉིས་སུ་རབ་བསྟན་ཏེ། །ཡེ་ཤེས་ཡོད་པ་དེས་ན་དི། །སྐྱོབ་པ་ཡེ་ཤེས་ཅན་དུ་བརྗོད། །དམིགས་པ་མེད་པ་སྙིང་རྗེ་ཡིས། །སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པས། །ཡིད་བཞིན་ནོར་བུ་ལྟ་བུ་ནི། །མཐའ་ཡས་སེམས་ཅན་རེ་སྐོང་བའི། །སེམས་ཅན་སྒྲོལ་བའི་བདེ་ བ་ཆེ། །འཛག་པའི་འདོད་ཆགས་སེལ་བར་བྱེད། །འགྲོ་དྲུག་སྡུག་བསྔལ་སེལ་བྱེད་པའི། །ལམ་མཆོག་ཚོལ་དང་ཕྲད་པར་ཤོག །རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་དཔལ་རྒྱལ་པོ་གྲགས་པར་གདུལ་བྱ་ལ་དགོངས་ནས་སྐྱེ་ བ་བཞེས་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། །།༄༅༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ལོར་ཕྱག་འཚལ་ནས། ། རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་ནི། །རྒྱུན་དུ་སངས་རྒྱས་མཆོག་གིས་གསུངས། །ཀུན་ལ་དྲུག་ཏུ་ཤེས་བྱ་སྟེ། །རབ་ཀྱིས་དང་ པོ་རྟོག་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་རིམ་པས་བསྒོམ། །བྱིས་པ་གཞུག་དང་བུམ་པ་དང་། །གསང་བ་ཡེ་ཤེས་སྔོན་སོང་བས། །བཞི་པ་ཡི་ནི་དབང་བྱས་ཏེ། །དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ཡིས་དབེན་པར་གནས་བྱས་ལ། །སོ་སོར་ སྡུད་པ་འདི་ལྟར་བསྒོམ། །བསྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། འབྱུང་བ་ལམ་རྟགས་དངོས་སུ་འབྱུང་། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོའི་རྟོག་པ་ཐམས་ཅད་སྡུད། །དབྱེ་བ་བཅུ་རུ་གསུངས་པ་ཡིན། ། 14-1-224b དབང་པོའི་མངོན་སུམ་དག་ཏུ་བཞེད། །ཡེ་ཤེས་ཕུང་པོ་ཤེས་རབ་བོ། །འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལྕེ་བཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་སྒྱུར་བའི་ལྟ་སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་ བྱེད་པའོ། །དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །མཚན་མོ་བླ་གབ་བཅས་པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་བསྒོམ། །སྲོད་དང་ཐོ་རངས་གུང་ལ་མིན། །ཉིན་མོ་བླ་གབ་མེད་པ་སྟེ། །ནམ་མཁའ་ལ་བལྟས་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་ གུང་ལ་མིན། །དེ་ལྟར་བསྒོམས་པས་ཡུལ་སོགས་དགག །ནང་དུ་ལྷ་ཡི་མིག་སོགས་ཏེ། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང་། །ཆོས་ལ་ཕ་རོལ་བཅུ་གནས་ལ། །ལྷ་ལ་ལྷ་མོ་བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང་། ། མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ཡིན། །ཐམས་ཅད་རྒྱུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་ལྔ། །གསང་འདུས་མཚན་བརྗོད་ནས་ ཕྱེད་ཕྱེད། །སྤྲུལ་སྐུ་ལོངས་སྐུ་རྟོགས་མེད་དོ། །རྡོ་རྗེ་བསླང་བའི་བདེ་བ་འབྱུང་། །བསྒོམས་པས་དུས་ཀར་རི་མོ་ནག །མཐོང་བ་ནང་དུ་སྟོང་གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །སོ་སོར་སྡུད་ལ་སྙོམས་ཞུགས་ནས། །སྔགས་ཀུན་བྱིན་གྱིས་རློབ་བྱེད་ལ། །ངག་ གི་བདེན་པར་འགྲུབ་པའོ། །གཟུང་བའི་ཡུལ་དང་བྲལ་བར་འགྱུར། །གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། །ངོ་བོ་ཡུལ་ནི་སྟོང་གཟུགས་ཏེ། །དུས་ནི་ནམ་མཁའ་རྒྱུ་དུས་སོ། །དབྱེ་བ་རྣམ་པ་ལྔ་ཞེས་བྱ། །ལྟ་སྟངས་དེ་ཉིད་ཕྱག་རྒྱ་ནི། །མཉམ་ གཞག་ཡིད་ཀྱི་མངོན་སུམ་སྟེ། །སྒོམ་པ་སྔར་གྱི་སྟོབས་གཟུགས་ལ། །སེམས་གཞག་ནམ་མཁའ་ལྟ་བ་ཡིན། །འབྱུང་བའི་རིམ་པས་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་གཞག་རྗེས་ཐོབ་མེད་པར་མཐོང་། །བསམ་གཏན་ཆགས་པའི་བདེ་བ་འབྱུང་། ། 14-1-225a ལྷ་མོས་བསྐུལ་ལ་ལུང་བསྟན་ཐོབ། །སྟོང་ཉིད་སེམས་འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་པའོ། །དེ་འཛིན་འཇུག་པ་སྤྱོད་པའོ། །སེམས་ཀུན་གཞག་པ་དགའ་བའོ། །བདེ་བ་ཕུན་སུམ་མི་གཡོ་བདེ། །མཁའ་ཡི་བདག་ཉིད་རྣམ་ཤེས་སོ། ། བསམ་གཏན་ལ་ནི་སྙོམས་ཞུགས་ན། །མངོན་པར་ཤེས་པ་ཐོབ་པར་འགྱུར། །དེ་གཉིས་ཐོག་མར་དགེ་བ་སྟེ། །སྟོང་གཟུགས་རྟོགས་པས་བསྙེན་པར་གསུངས། །དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་བདེ་བ་སྐྱེབའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །རྐང་ པ་གཅིག་གིས་གཅིག་མནན་ཅིང་། །མཐེ་བོང་ནང་བཅུག་ཁུ་ཚུར་བསྡམ། །ཡུལ་ནི་རྩེ་གསུམ་རླུང་ཡིན་ནོ། །འདུ་བྱེད་ཕུང་པོ་རླུང་རྒྱུའི་དུས། །ལྟ་སྟངས་བདུད་རྩི་འཁྱིལ་བའོ། །ཕྱི་རུ་དང་པོ་རླུང་གཏོང་ནས། །ནང་དུ་མྱུར་དང་རྣམ་སྡུད་དང་། །རེངས་དང་སྔགས་སྦྱོར་གདའ་ ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་གཉིས་དབུས་སུ་རབ་བཅུག་ནས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མེ་ལ་སྲོག་ཞུགས་པའི། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཟླ་བ་དྲུག་ཏུ་བརྩོན་བྱས་པས། །ཞག་རེ་རླུང་བཅུ་འགག་འགྱུར་ཏེ། །ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་འགག །དེ་ཡིས་ལྟེ་བར་རླུང་གཉིས་འདོམ། །ཡེ་ཤེས་གཏུམ་མོ་འབར་བ་ཡིས། །སངས་རྒྱས་ལྷ་མོ་བཅུ་སད་ནས། །ཁུ་བ་བཅས་པའི་བདེ་བ་འབྱུང་། །སྟེང་དང་འོག་ཏུ་གནས་གཉིས་དོད། །མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་ འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཡིད་ཀྱི་མངོན་སུམ་ཞེས་བྱའོ། །སྲོག་དང་རྩོལ་བས་ངེས་པར་ནི། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། ། ཡུལ་ནི་བདེ་བའི་རླུང་ཉིད་དོ། །བརྟན་པར་འཛིན་པས་འཛིན་པའོ། །ཚོར་བའི་ཕུང་པོ་དབུས་མར་གནས། །ལྟ་སྟངས་ལ་སོགས་དེ་འདྲ་ལ། །ལག་པ་གཉིས་བསྡམ་ནམ་མཁའི་དུས། །དྷཱུ་ཏཱིར་རླུང་ནི་ཚུད་ཙམ་གྱིས། །ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ 14-1-225b ཐིག་ལེ་བཞི་པོ་ལ། །རིམ་དང་ཅིག་ཅར་རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོ་བྱ། །དེ་ལ་མི་གཡོ་བརྟན་གྱུར་པས། །ཐིག་ལེར་ཆགས་པའི་བདེ་བ་སྐྱེ། བུད་མེད་ཀུན་ལ་སྙོམས་འཇུག་ཀྱང་། །ཐིག་ལེ་ལྟུང་བར་མི་འགྱུར་རོ། །ལུས་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། ། དེ་ཡང་ཡིད་ཀྱིས་མངོན་སུམ་མོ། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །འཆི་བདག་ལ་སོགས་ཀྱིས་མི་ཚུགས། །འགྲོ་དང་འོང་བ་ཟད་བྱེད་ཅིང་། །ཉོན་མོངས་ལ་སོགས་ཟད་པར་བྱེད། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཚེ་ རིང་ནད་མེད་ཁམས་ཆ་སྙོམས། །དེ་གཉིས་བར་དུ་དགེ་བ་སྟེ། །ཉེ་བར་བསྒྲུབ་པ་ཞེས་བཤད་ལ། །དྲག་ཤུལ་སྤྱོད་པར་གསུངས་པའོ། །དེ་ནས་བདེ་བ་སྤེལ་བྱའི་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བྱ། །ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། །ཡེ་ཤེས་ རླུང་རྒྱུའི་དུས་སུའོ། །ལྟ་སྟངས་ལྷ་ཡི་ལྟ་བ་སྟེ། །འདུ་ཤེས་ཕུང་པོར་མཐེའུ་ཆུང་གཞུག །དབྱེ་བ་གསུམ་སྟེ་བསྒོམས་སྟོབས་དང་། །ལག་པ་བུད་མེད་སྦྱོར་བ་ཡིས། །འཁོར་ནས་དཔྲལ་གནས་བྱང་སེམས་དབབ། །རྡོ་རྗེ་ནོར་བུར་རབ་གཟུང་བ། །དངུལ་ཆུའི་དཔེ་ཡིས་ཤེས་ བྱས་ལ། །སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲ་རླུང་སེམས་གཏད་པས་ནི། །དགའ་བ་བཞི་ལ་བཅུ་དྲུག་སྐྱེ། །ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །རས་བལ་སྟག་ལ་བེ་ཤིང་དཔེ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་མེད། །འཕོ་བའི་བག་ཆགས་སྤངས་བྱས་པས། །སྒྲིབ་པ་ གསུམ་པོ་དག་པར་འགྱུར། །ཆགས་པ་ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་པས་བདེ་ཆེན་ནི། །ལྷན་ཅིག་སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་ཆེར་འགྱུར་ཞིང་། །གཟུགས་སྐུ་རྣམ་གཉིས་མངོན་སུམ་མཐོང་། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། །རང་རིག་ མངོན་སུམ་དུ་ནི་འདོད། །རྗེས་དྲན་ལ་ནི་སྙོམས་འཇུག་པ། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ཡེ་ཤེས་སྐུ་ལས་སོ། །བསྒྲུབ་པ་ཞེས་ནི་གསུངས་པའོ། །དེ་ནས་མི་འགྱུར་བདེ་བསྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ངོ་བོ་བདེ་སྟོང་གཉིས་ 14-1-226a མེད་དེ། །དེ་ལ་རྩེ་གཅིག་གནས་པའོ། །གཟུགས་ཀྱི་དབྱིངས་ཀྱི་ཕུང་པོ་སོགས། །ཡེ་ཤེས་རླུང་རྒྱུའི་དུས་སུའོ། །སངས་རྒྱས་ཞི་བའི་ལྟ་སྟངས་ཏེ། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །བསྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་ མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་འཆར་རོ། །དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། སངས་རྒྱས་དངོས་སུ་ཡང་དག་མཐོང་། །དེ་ལ་བརྟན་པར་གྱུར་པ་དེས། །ཐིག་ལེ་གྱེན་བཟློག་སྤྱི་བོར་འགྲོ། །རྡོ་རྗེ་ནོར་བུ་ངོ་བོ་ཉིད། །ཐོབ་ནས་ ཆོས་སྐུ་ལོངས་སྐུ་དང་། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། །རྡོ་རྗེ་བཞི་དང་རྣམ་ཐར་དང་། བྱང་ཆུབ་བཞི་ཡང་རྟོགས་པར་འགྱུར། །གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་བརྒྱད་བརྒྱ་འགགས་པ་ཡིས། ས་ནི་བཅུ་གཉིས་རིམ་པས་ཐོག ། སྐུ་ནི་བཅུ་དྲུག་དག་པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། མི་གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཐིང་འཛིན་དབང་སྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་བར་འགྱུར། །དྲི་མ་མེད་པར་དག་པར་འགྱུར། །གཟུགས་ ཀྱི་ཕུང་པོར་གསུངས་པའོ། །སྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་འབྱོར་མངོན་སུམ་ཡིན་པར་འདོད། །དེ་གཉིས་ཐ་མར་དགེ་བར་འདོད། །དེ་ལྟར་ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་འདྲ་བར་འགྱུར་བ་སྟེ། །ས་དང་ཐོབ་པ་ཞེས་ཀྱང་འདོད། །ཁམས་ དྲུག་སྦྱངས་པས་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ཕྱིན་དྲུག་འདོད། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མ་གསུངས། །ལུས་གཟིར་འཕགས་ལ་ཕྱག་རྒྱ་གསལ། །དེ་ནས་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་འགྲུབ། །སྟོབས་སོགས་ཡོན་ ཏན་ཀུན་རྫོབ་པ། །ཚེ་འདིར་ངེས་པར་འགྱུར་བའོ། །བར་དོར་སངས་རྒྱའི་མན་ངག་འདི། །འོག་རླུང་སྟེང་གི་བུ་གར་གདོན། །སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །སོ་སོར་སྡུད་པའི་རྟགས་བྱུང་ཞིང་། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ལམ་དམ་པ་དང་འཕྲད། ། 14-1-226b དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་གཟུང་དང་བཟློག་པ་དང་། །གནས་སུ་བསྐྱལ་ལ་རྩ་དམིགས་གདབ། རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །སོ་སོར་སྡུད་པའི་སྦོག་པ་ནི། །དྲག་ཏུ་བྱེད་ཅིང་འཚམ་པར་བྱ། །བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། ། བཙན་ཐབས་སྦྱོར་བས་རླུང་གཟུང་བ། །མགོ་བོ་མི་ནའི་བར་དུ་བྱ། །རླུང་སེམས་དྲག་ཏུ་ཐིག་ལེར་གཟུང་། །ཆགས་ལ་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །འདི་མིན་མཆོག་ནི་མི་འགྲུབ་ཅེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་བསྒོམ་འཇིག་རྟེན་འཁོར་ གསུངས་པ། །བསྐྱེད་རིམ་ལ་སོགས་ཅི་ཞིག་བྱ། །དུས་འཁོར་ཞབས་ཀྱིས་གསུངས་པ་ཡིན། །སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་རྒྱུད་ཞལ་གྱི་མན་ངག་རྫོགས་སོ།། །།པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་ བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲོ་པ་དེ་ཤ་ཡོ་ག་ཥ་ཌངྒ་ཏནྟྲ་པཉྫི་ཀཱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཡོད་མིན་མེད་ མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མེད་པ་འང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དང་པོ་སངས་རྒྱས་རྒྱུ་མེད་ལས། །འཇམ་པའི་རྡོ་རྗེས་ཕྱུང་བ་ཡིས། །སྐུ་རྣམས་བཞི་ཡི་དོན་བསྡུས་པ། །མཚན་ཉིད་དེ་ནི་དགྲོལ་བར་བྱ། །ཤེས་རབ་ ཐབས་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་ཤེས་རབ་ཅེས་བྱ་བ་ནི་ཆ་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས། ནག་པོའི་ཕྱོགས་ནི་ཟླ་བའི་ཆ་ཟད་པའི་ཕྱིར་ན་ཐབས་སོ། །དེ་ལྟར་དཀར་པོ་ནི་མཚན་མོ་སྟེ། ནག་པོ་ནི་ཉིན་མོའི། །དེའི་ཕྱིར་ལྷན་ཅིག་སྐྱེས་ པའི་སྐུ་ནི་ཤེས་རབ་ལས་ཀྱང་མ་ཡིན་ནོ། །ཐབས་ལས་སྐྱེས་པ་ཡང་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་འདི་ལྟ་བུ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡུལ་ལོ། །དེ་ལྟར་ཡོད་པ་མིན་ཏེ། དཀར་པོའི་ཕྱོགས་ཀྱི་བདེ་བ་ཟད་པའི་ཕྱིར་རོ། །མེད་པ་ཡང་ནི་མ་ཡིན་ཏེ། སྐད་ཅིག་མ་ 14-1-227a དང་པོའི་དགའ་བའི་ཆའི་དངོས་པོ་ནི་ནག་པོའི་ཕྱོགས་མེད་པ་ཡིན་ནོ། །ཡོད་མེད་མིན་ཏེ། འདི་དག་གཉིས་ནི་ཕན་ཚུན་འགལ་བའི་ཕྱིར། །གཅིག་ཏུ་འདུས་ཤིང་ལྷན་ཅིག་བྱེད་པ་མེད་དོ། །གཉིས་ཀའི་བདག་ཉིད་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་དཀར་པོའི་ ཕྱོགས་ཡར་ངོ་དང་། ནག་པོའི་ཕྱོགས་མར་ངོ་འདི་གཉིས་ཀ་ལ་ཡང་ཆར་རྟོགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་མེད་དོ། །དེ་ལྟར། མཐའ་བཞི་ཡོངས་སུ་རྫོགས་ཤིང་དག་པའི་ཆ་བཅུ་དྲུག་མ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་སྤྲོས་པ་དང་བྲལ་བ་གཟུང་འཛིན་མེད་པའི་ཆོས་ཅན་དེ་ནི་ མུ་བཞི་ལས་གྲོལ་བ་སྐྱེ། ལྷན་ཅིག་སྐྱེས་པའི་སྐུར་བརྗོད་དོ། །བདེ་ཆེན་སྐུ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་སུ་ལ་ཡོད་པ་དེ་ནི་ཧེ་རུ་ཀ་ཡིན་ཏེ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟ་བུ་སུ་ལ་ཡོད་པ་དེ་ལ་ནི་ལུས་ཀྱིས་ཕྱག་འཚལ་བ་དང་། ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཤེས་རབ་ཀྱི་རྒྱུ་མཐུན་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ལ་བཞི་པ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་མ་གྲུབ་པའོ། །འདི་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་ དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུར་ནི་འགྱུར་བ་སྟེ། ཤིན་ཏུ་གཉིད་མཐུག་པོ་ལོག་པ་སད་པའི་ཕྱིར་རོ། །དེ་ཡང་ཤེས་རབ་དང་ནི་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཞིང་། ཡེ་ཤེས་དང་རྣམ་ཤེས་དབྱེ་བ་ཉིད་ཅེས་བྱ་བ་ལ་འདིར་ཡེ་ཤེས་བྱ་བ་ནི་རྣལ་འབྱོར་པའི་འཛིན་ པའི་སེམས་སོ། །རྣམ་པར་ཤེས་པ་ནི་གཞན་གྱི་སེམས་གཟུང་བར་བྱ་སྟེ། དེའི་ཕྱིར་ཤེས་བྱའི་མཚན་ཉིད་དོ། །དེ་ལྟར་འཛིན་པའི་སེམས་ནི་ཤེས་རབ་མ་སྟེ། རྟོག་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་ཐབས་ཀྱི་སེམས་ནི་ཀུན་དུ་བརྟགས་པའི་ སྙིང་རྗེའི་མཚན་ཅན་ནོ། །དེའི་ཕྱིར་འཛིན་པ་དང་གཟུང་བའི་དབྱེ་བ་དེ་ཡིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་གཞན་གྱི་དོན་མཛད་པའི་ཆོས་སྐུ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ། །དེ་ལྟར་རྒྱུ་མཐུན་བདེ་བ་ནི་ལྟེ་བར་ལྷན་ཅིག་སྐྱེས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ 14-1-227b ནི་རྣམ་པར་སྨིན་པ་ཡིན་ཏེ། དེར་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སྒྲ་བརྙན་ལྟ་བུར་ནི་སེམས་ཅན་དུ་མའི་དོན་མཛད་པ་ཞེས་བྱ་བ་ནི་འདིར་ལྷའི་མིག་གིས་གང་འདས་པ་དང་། མ་འོངས་པའི་གཟུགས་ བརྙན་གྱི་རྣམ་པ་ལྟ་བུའམ། ཆུའི་ཟླ་བ་ལྟ་བུ་དང་པོའི་གསལ་བ་གང་མཐོང་བ་དེ་ལས་སྒྲ་འབྱུང་བའི་སྒྲ་བརྙན་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་ངོ་བོ་ལྷའི་སྙན་གྱི་རྣམ་པར་ཤེས་པ་ནི་འཛིན་པ་སྟེ། སྒྲ་བརྙན་ནི་གཟུང་བྱའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་ པའི་དུས་ཀྱི་གྲངས་ཤེས་པ་ནི་ཆེ་གེ་མོའི་རྟོག་པ་དང་། ཆེ་གེ་མོའི་དུས་དང་། ཆེ་གེ་མོའི་ཟླ་བ་དང་། ཆེ་གེ་མོའི་ཕྱོགས་དང་། ཆེ་གེ་མོའི་ཉི་མ་ལ་སོགས་པ་ལ་ཆེ་གེ་མོ་འདིར་འགྱུར་ཞེས་ཟེར་བ་ནི། དེའི་སེམས་ཅན་སོ་སོའི་སྐྱ་བོ་རྣམས་གདུལ་བར་བྱ་བ་ཡིན་ཏེ། དེ་ནི་རྨི་ལམ་ གྱི་གནས་སྐབས་ཟད་ཅིང་མེད་པའི་ཕྱིར་རོ། །མགྲིན་པ་ལས་སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྟེང་ན་གནས་པའི་ས་བོན་ཅན་རྣམས་ལ་ཡིན་གྱི། ས་བོན་མེད་པ་རྣམས་ལ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སླར་ཡང་འདི་རུ་འགྱུར་བ་ ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སངས་རྒྱས་སྤྲུལ་པའི་སྐུ་རུ་འགྱུར་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་དེ། གཅིག་དང་དུ་མ་སེམས་ཅན་རྣམས་ཀྱི་སྤྲུལ་པ་དུ་མ་མཐོང་བའི་ཕྱིར་དུ་མའོ། །དེ་ལྟར་གཅིག་དང་ དུ་མའི་རྣལ་འབྱོར་ནི་དོན་དམ་པར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀུན་རྫོབ་ཏུ་ནི་གཅིག་དང་དུ་མ་འགལ་བ་ཡིན་ཏེ། དེ་ཡང་སད་པའི་གནས་སྐབས་ཟད་པའི་ཕྱིར་དཔྲལ་བ་དྲི་མ་མེད་པར་སྤྲུལ་པའི་སྐུ་འཐོབ་སྟེ། དེ་ཡང་གཟུགས་རྣམས་ཐམས་ཅད་ལ་སྣ་ཚོགས་ཀུན་དུ་ བདེ་བ་སྟོན་པའི་ཕྱིར་རོ། །དེ་ནི་ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་བྱའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་གཅིག་པུ་ལ་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་སྐུ་རེ་རེ་ལ་ཡང་བཞི་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་ཐམས་ཅད་ཀྱང་སྔོན་དུ་བརྗོད་ 14-1-228a པ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་འདི་གཅིག་པུ་དུས་མཐའི་སྤྲིན་དང་འདྲ་བའི་ཉོན་མོངས་པ་རྣམས་དྲལ་ཞིང་མེད་པར་བྱས་ནས་ཧེ་རུ་ཀར་གྱུར་པ་སྟེ་ཞེས་བྱ་བ་ནི་མི་འཕོ་བའི་ཆོས་ཀྱིས་ཉམས་སུ་བླངས་པའི་རྣམ་པར་ཤེས་པ་ལ་དེ་བཞིན་ནོ། །ཧེ་རུ་ཀ་ཞེས་པ་ནི་དྲག་པོ་ རྣམས་ནི་སྨིན་པར་མཛད་པའི་དུས་རྡོ་རྗེ་སེམས་དཔའ་ཕྱིར་སྤྲོ་བའོ། །རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པར་བྱ་བའམ། དགྲོལ་བར་བྱ་བའི་ཕྱིར་རམ། དེའི་དོན་གོ་བར་བྱ་བའི་ཕྱིར་ན། དེ་ཡང་དམ་ཚིག་རྒྱལ་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་ གནས་གྱུར་པ་སྟེ་དེ་བཞིན་ནོ། །རིན་ཆེན་འཛིན་པ་དེ་ཉིད་སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་པའི་དོན་དུ་རིན་ཆེན་འབྱུང་ལྡན་གནས་གྱུར་པ་སྟེ། མི་འཕོ་བའི་ཆོས་ཀྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཕྲོ་བར་བྱེད་པ་ཟད་པར་བྱེད་པའི་ཚོར་ བའི་བདེ་བ་དེ་གཞན་མའོ། །དེ་ཡང་པདྨ་འཛིན་པ་ཆགས་པའི་རྒྱུར་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སུ་འགྱུར་རོ། །དེ་ཡང་སྣང་བ་ནི་སེམས་ལ་བདེ་བ་སྣང་བའོ། །མི་འཁོར་མི་འཕྲོ་བའི་ཆོས་ཀྱིས་གང་འཕྲོ་བའི་བདེ་བ་སྟེར་བའི་འདུ་ཤེས་ཏེ་དོན་གཞན་མའོ། །དེ་ཡང་བགེགས་ རྣམས་གཞོམ་པའི་དོན་དུ་ནི། ཕྱག་རྒྱ་པདྨ་རལ་གྲི་འཛིན། །དོན་ཡོད་གྲུབ་པ་རུ་ནི་འགྱུར། །ཞེས་བྱ་བ་ནི་མི་འཕྲོ་བའི་ཆོས་ཀྱི་འདུ་བྱེད་རྣམས་ཏེ། གཞན་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་གང་སྒྲིབ་པ་མེད་པའི་སེམས་སུ་བྱེད་པའི་ཕྱིར་རོ། །བདུད་ལ་སོགས་པའི་སྒྲིབ་ པ་རྣམས་གཞོམ་པར་མཛད་པ་ཞེས་བུ་བ་ནི་རང་གི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་དག་པའི་སངས་རྒྱས་ལྔའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་ གཉིས་སུ་གསུངས་ཏེ། དང་པོ་འཇིག་རྟེན་པའི་རྣལ་འབྱོར་གྱི་དངོས་གྲུབ་བསྒྲུབ་པ་ནི་འདོད་ཁམས་ཀྱི་ལྷ་དྲུག་ཏུ་སྐྱེ་བ་དང་། རལ་གྲི་དང་། མིག་སྨན་དང་། རྐང་མགྱོགས་དང་། རི་ལུ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབས་ན་འགྲུབ་བོ། །ཡང་རྣལ་འབྱོར་པ་རྣམས་ 14-1-228b ཀྱིས་རླུང་དང་རྩ་དང་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྟོག་པ་ཅན་གྱི་རྣལ་འབྱོར་བསྒོམས་པ་ཡིས་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་དུ་སྐྱེ་བར་འགྱུར་ཞིང་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པས་འགྲུབ་པ་དེ་ནི་འཇིག་རྟེན་པ་ཡིན་གྱི། དེ་རྣམས་ནི་འཇིག་ རྟེན་ལས་འདས་པ་ནི་མ་ཡིན་ནོ་ཞེས་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་དང་། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དྲང་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཁ་ཅིག་ཏུ་བསྐྱེད་པའི་རིམ་པས་སངས་རྒྱས་པར་འགྱུར། ཞེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་བྱིས་པ་རྨོངས་པ་མི་ཤེས་པ་རྣམས་ལ་དྲང་བའི་དོན་དུ་གསུངས་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དབང་རབ་བྱེད་དུ་དབང་བདུན་པོ་འདིས་ས་བདུན་པོ་ཐོབ་ཅེས་གསུངས་པ་ནི་བྱིས་པ་རྣམས་འཇུག་པའི་ཕྱིར་ཡིན་ཏེ། ངེས་པའི་ དོན་དུ་བཅོམ་ལྡན་འདས་ཀྱིས་ནི་མ་གསུངས་ཏེ། དེ་ཡང་དཔལ་མཆོག་དང་པོའི་རྒྱུད་ཡེ་ཤེས་ཀྱི་ལེའུར་ཟད་པར་ས་ལ་སོགས་པ་བཞི་བསྒོམས་ནས་རྟོགས་པ་ཐོབ་ན་བསམ་གཏན་བཞི་པའི་ལྷར་སྐྱེ་བར་འགྱུར་ཞེས་གསུངས་སོ། །དེ་རྣམས་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ ཐབས་སུ་བསྟན་ཏོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་རྒྱུད་མཐའ་དག་ཏུ་ཡང་གསུངས་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་ འགྲེལ་དུ་ཡང་བཤད་དོ། །ཡང་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་འགྲེལ་པ་དྲི་མ་མེད་པར་གྲགས་པར་ཡང་རྒྱས་པར་བཤད་དོ། །སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་མ་གསལ་བར་ཡང་བཤད་དེ་དོན་གོ་བར་ཡང་མ་གསུངས་སོ། །དེ་ཡང་འགྲེལ་པ་དྲི་མ་མེད་པ་ལ་བརྟེན་ནས་ སྤྱོར་བ་ཡན་ལག་དྲུག་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་དང་པོ་སོ་སོར་སྤོང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་སོ་སོར་སྤོང་བ་ན་མིག་གི་དབང་པོ་ཡུལ་རྣམས་ལས་ལོག་པའོ། །རྣ་བའི་དབང་པོ་སྒྲ་རྣམས་ལས་ལོག་པའོ། །སྣའི་དབང་པོ་དྲི་ན་མས་ལས་ལོག་ 14-1-229a པའོ། །ལྕེའི་དབང་པོ་རོ་རྣམས་ལས་ལོག་པའོ། །ལུས་ཀྱི་དབང་པོ་རེག་བྱ་འཇམ་རྩུབ་རྣམས་ལས་ལོག་པ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །འདིར་སོ་སོར་སྤོང་བའི་སྒྲ་ནི་དང་པོའི་ལས་ཅན་ཕྱི་རྣལ་འབྱོར་པའམ། རྣལ་འབྱོར་མ་རྣམས་ཀྱི་སྤྱོད་ཡུལ་ ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་འཛིན་པར་བྱེད་པ། ཡེ་ཤེས་ཀྱི་ཕུང་པོ་ཡིན་ཞེས་བརྗོད་དོ། །དེ་ཡང་ཡེ་ཤེས་ཀྱི་ཕུང་པོའི་སྤྱོད་ཡུལ་དུ་གྱུར་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་གཅིག་གཟུང་བར་བྱ་སྟེ། དེ་ཡང་དང་པོར་སོ་སོར་སྤོང་ བའི་དུས་སུ་ལྟ་བ་ལྟ་བུ་དང་། གཉིས་པ་སྨིག་རྒྱུ་ལྟ་བུ་དང་། གསུམ་པ་ནམ་མཁའ་གསལ་བ་ལྟ་བུ་དང་། བཞི་པ་མར་མེ་ལྟ་བུ་དང་། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྣམས་ནི་གསང་བ་འདུས་པའི་རྒྱུད་ཕྱི་མར་གསུངས་ཏེ། དེ་ལྟ་ནི་སོ་སོར་སྤོང་བའི་མཚན་མོའི་རྣལ་འབྱོར་ གྱི་སྦྱོར་བས་དེ་རྣམས་མཐོང་བར་འགྱུར། དེ་ནི་སོ་སོར་སྤོང་བ་དང་པོའི་བཤད་པའོ། །ཡང་སོ་སོར་སྤོང་བ་གཉིས་པ་ནི་ཉིན་མོའི་རྣལ་འབྱོར་གྱི་སྦྱོར་བས་མཚན་མ་རྣམ་པ་དྲུག་འབྱུང་བ་ཉིད་དེ། དང་པོ་འབར་བ་ལྟ་བུ་དང་། དེ་ནས་ཟླ་བ་ཤར་བ་ལྟ་བུ་དང་། དེ་ནས་ཉི་མའི་དཀྱིལ་འཁོར་ ཤར་བ་ལྟ་བུ་དང་། དེ་ནས་འཇའ་ལྟ་བུ་དང་། དེ་ནས་གློག་ལྟ་བུ་སྟེ། དེ་ལ་སྒྲ་གཅན་འཛིན་ལྟ་བུ་དང་ཞེས་བྱ་བ་ནི་ཕྱི་རོལ་སྔོ་བསངས་ནམ་མཁའི་མདོག་དང་འདྲ་བ་ཟླུམ་པའོ། །དེའི་ནང་དུ་ངུར་སེར་དུ་གནས་པའི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ། ཆ་ཕྲ་ལ་འཚོར་བ་འདར་བ། གཞིག་ པར་དཀའ་བའོ། །དེའི་ནང་ན་ཐིག་ལེ་ལྟ་བུ་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ་ནི་འོད་ཟེར་ལྔའི་ཚོགས་གནས་པའི་ཆེ་ཆུང་སྐྲའི་རྩེ་མོའི་ཚད་ཙམ་དུ་རྣལ་འབྱོར་པས་མཐོང་བ་ནི་ཐིག་ལེ་ལྟ་བུ་སྟེ་དེ་ནི་སོ་སོར་སྤོང་བ་གཉིས་པའི་བཤད་པའོ། །ད་ནི་བསམ་གཏན་བཤད་པར་བྱ་སྟེ། དེ་ལ་ བསམ་གཏན་ཞེས་བྱ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལ་སེམས་མི་གཡོ་ཞིང་མི་ལྡོག་པར་གནས་པ་ནི་བསམ་གཏན་དང་པོའོ། །ཡང་བསམ་གཏན་གཉིས་པ་ནི་དེ་ལྟར་བསྒོམས་པའི་དབང་གིས་དེ་ལྟར་ཡང་མཐོང་བའི་དབྱེ་བས་བརྟགས་པ་མ་ཡིན་པའི་མཐོང་བ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་པ་ནི་རྣལ་འབྱོར་པའི་ལུས་ 14-1-229b འདི་ཉིད་ཁོ་ནས་མཐོང་བའོ། །དེ་བཞིན་དུ་བསམ་གཏན་མི་བསྐྱོད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཅིང་སེམས་ཕྱིར་མི་འཕྲོ་བར་ནང་དུ་དབུ་མར་ཞུགས་པ་ཉིད་དེ། སྣ་ཚོགས་པའི་སྐུ་སྟེ་བསམ་གཏན་གཉིས་པ་ཞེས་བརྗོད་དོ། །ད་ནི་སྲོག་ དང་རྩོལ་བ་བརྗོད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་དབུགས་ཕྱིར་འབྱུང་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་ཅིང་རྩ་རྣམས་སྟོངས་པར་བྱེད། རྩོལ་ཞེས་བྱ་བ་ནི་ནང་དུ་འབྱུང་བ་སྟེ་མི་ཤོར་བར་བྱེད་པའོ། །ཡང་གི་སྒྲས་ནི་རྣལ་འབྱོར་པ་རྣམས་ཀྱི་སྲོག་དང་རྩོལ་བ་འགོག་ན་ཚེ་རིང་ཞེས་ བྱའོ། །རལ་གྲི་ཅན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ཡང་སྲོག་དང་རྩོལ་བས་སྣ་བུག་གཡོན་དང་། སྣ་བུག་གཡས་པ་ནས་རླུང་གི་དཀྱིལ་འཁོར་ལྔ་ལྔ་གཅིག་ཏུ་མཉམ་པར་སོ་སོར་མ་འདྲེས་པར་གྱུར་ཅིང་སྣ་བུག་གཡོན་པ་ནས་ཨོཾ་དཀར་པོར་གྱུར་ནས་ནང་དུ་འཇུག་ཅིང་ལྟེ་བའི་ཧཱུཾ་ ལ་ཐིམ་པ་ནི་རྩོལ་བ་ཞེས་བརྗོད་དོ། །ཧཱུཾ་ལས་ཕྱིར་ཨཱཿདམར་པོར་གྱུར་ནས་སྣ་བུག་གཡོན་པ་ནས་བྱུང་ནས་སོ་སོར་བཅུ་བདུན་ཚུན་ཆད་དུ་འཕྲོས་པ་ནི་སྲོག་ཅེས་བྱའོ། །ཡང་སྲོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་འཕོ་བར་གྱུར་པ་ན་སྲོག་ཅེས་བྱའོ། །རྩོལ་བ་ཞེས་བྱ་བ་ནི་ནང་དུ་ འཇུག་པ་ལ་ཡང་རྣམ་པ་བཅུར་ཧཱུཾ་ལ་ཐིམ་པར་གནས་པ་ནི་རྩོལ་བ་ཞེས་བརྗོད་དོ། །དེ་ཡང་སྲོག་དང་རྩོལ་བ་ཡང་རྣམ་པ་བཅུར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནི་སྲོག་དང་རྩོལ་བའི་བཤད་པའོ། །དེ་ནི་འཛིན་པ་བཤད་པ་ནི་འཛིན་པ་བཤད་པར་བུ་སྟེ། དེ་ལ་ འཛིན་པའི་ངོ་བོ་བརྗོད་པར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་ཉམས་སུ་མྱོང་བའོ། །ཚོར་བ་ནི་བདེ་བ་དེ་འཛིན་པ་སྟེ། མི་འགྱུར་བའམ། བརྟན་པས་ན་འཛིན་པ་སྟེ། སྐུའི་ཐིག་ལེ་འཛིན་པ་དང་། གསུང་གི་ཐིག་ལེ་འཛིན་པ་དང་། ཐུགས་ཀྱི་ཐིག་ལེ་འཛིན་པ་ དང་། ཡེ་ཤེས་ཀྱི་ཐིག་ལེ་འཛིན་པ་རྣམས་བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང་། སྤྲུལ་པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། དཔྲལ་བར་དབང་བྱེད་ཀྱི་འཁོར་ལོ་དང་། གཙུག་ཏོར་གྱི་འཁོར་ལོ་རྣམས་སུ་ཀུན་རྫོབ་བྱང་ཆུབ་སེམས་དབུ་ 14-1-230a མ་ནས་འགྲོ་བ་དང་། འོང་བའི་རང་བཞིན་མི་འཕོ་བར་གནས་པ་ནི་འཛིན་པའི་དབྱེ་བས་རླུང་རྣམ་པ་བཅུ་འགྲོ་བ་དང་འོང་བ་སྟེ། དེ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དེ། དེས་ནི་འཛིན་པ་བཤད་དོ། །དེ་ནི་རྗེས་སུ་དྲན་པ་བཤད་པར་བྱ་སྟེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ལྟེ་བ་ཆོས་ ཀྱི་འབྱུང་གནས་དཀྱིལ་འཁོར་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་ཞེས་བྱ་བ་གཏུམ་མོ་མེའི་རྣམ་པ་སོར་གཅིག་པ། ཕྲ་བ་ལ་ཁ་དོག་དཀར་མོ་འཚེར་བ་འདོད་ཆགས་ཀྱི་མེས་ཐམས་ཅད་གདུངས་ཤིང་སྲེག་པ། ལུས་ཀུན་ལ་ཁྱབ་པར་བྱེད་པའི་ནུས་པ་ཡོད་པ་དེ་ལས་སེམས་ཀྱིས་ རྗེས་སུ་དྲན་པ་ནི་དྲན་པ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་འཛིན་པའི་དུས་སུ་དམིགས་པའི་ཡུལ་མི་བརྗེད་པས་ན་དྲན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རླུང་རྣམ་པ་བཅུ་གསང་བའི་རྡོ་རྗེ་དང་པདྨ་གཉིས་གཉིས་སུ་མེད་ཅིང་གཅིག་པར་གྱུར་བའི་ཤེས་རབ་ཀྱི་ཆགས་ པས་བཞུ་བའི་བདེ་བ་དེ་ལ་ཉོན་མོངས་པར་མི་རྟོག་ཅིང་མི་ཆགས་པ་ནི་དྲན་པ་ཡིན་ཏེ། དེ་ཡང་གཡུང་མོ་རྗེས་སུ་དྲན་པའོ། །ཡང་དྲན་པ་ཞེས་པ་ནི་རྩ་དབུ་མ་ཨ་བ་དྷཱུ་ཏཱིར་འདོད་པའི་བདེ་བའི་གནས་སྐབས་སུ་རླུང་རྣམ་པ་བཅུའི་དབྱེ་བས་འགོག་ནུས་ཤིང་བདེ་བ་ལ་མི་ཆགས་ན་ཡང་རྩ་རྗེས་སུ་ དྲན་པའི་དྲན་པ་ཞེས་བརྗོད་དོ། །རྗེས་སུ་དྲན་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་བརྗོད་པ་ལ། དཔལ་གྱི་ཏིང་ངེ་འཛིན་འཁོར་ལོ་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ཏེ། རླུང་རྣམ་པ་བཅུ་གཙུག་ ཏོར་གྱི་འཁོར་ལོར་འགོག་པས་ན་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དེ། དེ་ལྟ་ན་ནི་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་ན་མྱ་ངན་ལས་འདས་པ་ཞེས་བརྗོད་ཅེ་ན། སངས་རྒྱས་རྣམས་ནི་གཙུག་ཏོར་གྱི་འཁོར་ལོ་ནས་གསང་བ་བདེ་བ་ཆེན་ པོའི་འཁོར་ལོའི་བར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སུ་མེད་པར་གྱུར་ཅིང་། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་ལས་རླུང་རྣམ་པ་བཅུ་རྣམས་རྡོ་རྗེའི་ནོར་བུའི་རྩེ་མོར་འགོག་པ་དང་། གཙུག་ཏོར་ཏུ་རྒྱས་པར་མཛད་པ་ནི་དེ་རྣམས་མི་རུང་ 14-1-230b བ་དེ་ལ་དགོངས་ནས་མི་གནས་པར་མྱ་ངན་ལས་འདས་པ་ཞེས་ཀྱང་བརྗོད་དོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ཡང་སོ་སོར་སྤོང་བའི་ལས་བཤད་པར་བྱ་སྟེ། དེ་ལ་སོ་སོར་སྤོང་བའི་ལས་བརྗོད་པར་བྱ་བ་ནི་སོ་སོར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ལ་ཕྱིའི་ཡུལ་དང་། ནང་གི་ཡུལ་ཡུལ་ཅན་ རྣམ་པ་བཅུ་རྣམས་ཀྱིས་འབྲེལ་པས་རྣམ་པར་ཤེས་པ་ལ་མི་འཇུག་ཅིང་དེ་ཉིད་ལ་བརྟན་པར་གྱུར་པ་ནི་སོ་སོར་སྤོང་བའི་ལས་སོ། །སྤོང་བ་ཞེས་བྱ་བ་ནི་དོན་གོ་བར་མ་གྱུར་པས་ཡུལ་ལ་མི་འཇུག་པའོ། །སོ་སོར་སྤོང་བའི་མཚན་ཉིད་ཀྱི་སྐུའི་ཡུལ་རྣམས་ལ་མིག་ལྔ་ལ་སོགས་པ་གཞན་མངོན་ པར་ཤེས་པ་རྣམ་པ་ལྔ་ལ་འཇུག་པའོ། །དེ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །ད་ནི་བསམ་གཏན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནང་དུ་བདག་ཉིད་ལྟ་བར་བྱའོ། །ཡང་རྟག་པ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་དངོས་པོ་ཐམས་ཅད་ལ་འཛིན་ པར་བྱེད། དེ་ལ་དཔྱོད་པ་ཞེས་བྱ་བ་ནི་དེའི་དོན་ངེས་པར་བྱས་ཤིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་ཅིང་གོ་བར་གྱུར་པའོ། །དགའ་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བ་དེ་ཉིད་ལ་ཞེན་པར་འགྱུར་བར་གནས་པ་ནི་དགའ་བའོ། །དེ་ལ་མི་གཡོ་བའི་བདེ་བ་ཞེས་བྱ་བ་ནི་སྐུ་དང་ལྷན་ཅིག་ཏུ་ སེམས་འདྲེས་པར་གྱུར་ནས། མ་ཉམས་པ་ལ་གསལ་བའི་བདག་ཉིད་ཅན་གྱིས་མི་གཡོ་བར་གྱུར་པའོ། །དེ་ལྟར་ན་གཟུང་བ་དང་འཛིན་པའི་དབྱེ་བས་རླུང་རྣམས་དང་འདྲེས་པའི་བསམ་གཏན་རྣམ་པ་བཅུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ནི་བསམ་གཏན་གྱི་མཚན་ཉིད་དོ། །དེ་ལྟར་ སོ་སོར་སྤོང་བའི་མཚན་ཉིད་དང་། བསམ་གཏན་གྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པ་གཉིས་ནས་གཅིག་མལ་གཅིག་ཅར་དུ་རྒྱུན་མི་འཆད་པར་རྒྱུ་བ་ནི་སྲོག་གི་ལས་སོ། །སྲོག་གི་ མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་དབུ་མར་དབུགས་བཅུ་གཅིག་དང་བཞི་ཆ་རྒྱུས་ནས་བདེ་བ་བསྐྱེད་པ་ནི་སྲོག་གི་མཚན་ཉིད་དོ། །རྩོལ་བ་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་སྣ་བུག་ནས་ནང་དུ་འཇུག་ཅིང་གནས་པ་ནི་རྩོལ་བའི་ལས་སོ། །རྩོལ་བའི་མཚན་ཉིད་ནི་གཡོན་པ་དང་གཡས་ 14-1-231a པའི་སྣ་བུག་ནས་རྒྱུ་བའི་སྲོག་འགོག་ཅིང་དབུས་མའི་ལམ་དུ་འཇུག་པའི་རྩོལ་བའི་མཚན་ཉིད་དོ། །དེ་ལྟར་རླུང་རྣམ་པ་བཅུ་སྟེ། ནམ་མཁའ་དང་ས་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཅུ་རྩ་དབུས་མར་འགོག་པར་བྱེད། དེས་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ ཉིད་བཤད་ཟིན་ཏོ།། །།ད་ནི་ཐིག་ལེའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་ཐིག་ཅེས་བྱ་བ་ནི་ཤེས་བྱའི་དངོས་པོ་གཏན་ལ་འབེབས་པ་སྟེ། དངོས་པོ་མི་འགྱུར་བར་བྱེད་པའོ། །ལེ་ཞེས་བྱ་བ་ནི་དཔྲལ་བའི་དབུས་སུ་ཕུག་རྡུགས་ཀྱི་རྩ་སྲོག་གི་རླུང་བཅུག་ཅིང་། བླ་མའི་མན་ངག་ལྟར་རྣལ་འབྱོར་ པས་བསྒོམས་པས་སྔར་རྩ་མ་ཉམས་པ་རྣམས་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིག་ལེ་རྒྱས་ཤིང་ཐམས་ཅད་ཁྱབ་པར་བྱེད་པ་ནི་ཐིག་ལེ་ཞེས་བརྗོད་དོ། །དེ་ནི་ཐིག་ལེའི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་དང་གི་སྒྲས་ཐིག་ལེ་བཤད་དོ། །ད་ནི་ཡང་འཛིན་པ་ བཤད་པར་བྱ་སྟེ། གཉིས་ཀའི་འགྲོ་བ་རབ་ཏུ་འཇིགས། །ཞེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པའི་རླུང་རྒྱུ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་འཇིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕོ་བའི་བདེ་བ་ལ་ཆགས་ཤིང་ཞེན་པ་དང་བཅས་པ་ནི་འཁོར་བར་ཡང་སྐྱེ་བའི་ལས་རབ་ཏུ་བསགས་ཤིང་ དེའི་དབང་གིས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་སྐྱེ་བ་ནི་འཇིགས་པའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དཔྲལ་བ་སྲིད་པའི་གནས་སུ་འགྲོ་བ་དང་འོང་བའི་སྲོག་གི་རླུང་བཀག་པས་ནི་གཙུག་ཏོར་གྱི་འཁོར་ལོ་ན་རྩ་ཆེན་པོ་བཞི་གནས་པ་ནི་འབྱུང་བ་བཞི་ལས་གྲུབ་པ་དྲ་བའི་དཔེ་ དང་འདྲ་བར་བྱས་ནས་ལུས་གྲུབ་ཅེས་བྱ་སྟེ། རྩ་ལུས་ཐམས་ཅད་ལ་དྲ་བ་ལྟར་ཁྱབ་ནས་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲ་བ་ནས་མར་ཞུགས་ནས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པར་བྱེད་ཅིང་བདེ་བས་མཉམ་པའོ། །ཡང་སྲོག་གི་རླུང་གིས་ཀྱང་ཐམས་ཅད་ལ་ཁྱབ་པར་གནས་ པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ཚོར་བ་མཉམ་དུ་སྐྱེ་ཞིང་རུལ་བ་དང་སྐམས་པ་མེད་པ་ནི་སྲོག་གི་རླུང་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེའི་ཕྱིར་རྣལ་འབྱོར་པ་ནི་རྩའི་དྲ་བ་ནས་མར་ཐིག་ལེ་བཞིས་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ལུས་བདེ་བ་དང་བཅས་ 14-1-231b ཤིང་གསལ་བ་མི་རྟོག་པ་བསྒོམས་པས་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་སྐྱོད་པར་བྱེད་ཅིང་ཐམས་ཅད་མན་ངག་ཁྱད་པར་ཅན་རྣམས་འཛིན་ཏོ། །ཡང་འཛིན་པའི་མཚན་ཉིད་ནི་དཔྲལ་བར་སྲོག་འགོག་པ་དང་། རྡོ་རྗེ་ནོར་བུའི་རྩེ་མོར་སྲོག་གི་རླུང་འགག་པ་དང་། རྡོ་རྗེའི་རྩ་བར་སེམས་རྩེ་ གཅིག་པར་གྱུར་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་བདེ་བ་འཛིན་པར་བྱེད་པས་ན་འཛིན་པའི་མཚན་ཉིད་ཅེས་བརྗོད་དོ། །དེས་ན་འཛིན་པའི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །ད་ནི་ཡང་རྗེས་སུ་དྲན་པའི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་གཏུམ་མོ་ཞེས་བྱ་བ་ནི་མི་སྲུན་ པའོ། །ཡང་ན་ཤིན་ཏུ་ཀུན་ལ་ཁྲོ་བའི་རང་བཞིན་ཅན་ནི་གཏུམ་མོའོ། །དཔེ་དེ་ལྟ་བུའི་རང་བཞིན་ནི་ཤེས་རབ་ཀྱི་བྱ་གདོང་མ་ལ་ཡོན་ཏན་ཡོད་པས་གཏུམ་མོ་ཞེས་མིང་དུ་བཏགས་སོ། །ཡང་ཉོན་མོངས་པ་རྣམས་མི་སྐྱེ་བའི་ནུས་པ་ཡོད་པས་ན་གཏུམ་མོའོ། །ཡང་ཤིན་ཏུ་མྱུར་བའི་ཡོན་ ཏན་ནམ། །དྲག་པོར་གཅོད་པའི་ཡོན་ཏན་ནམ། །མྱུར་དུ་སྨིན་པར་བྱེད་པའི་རང་བཞིན་ནམ། །དངོས་པོ་ཐམས་ཅད་བརྗེད་པའམ། །དམིགས་པ་མེད་པར་བྱེད་པས་ན་གཏུམ་མོ་སྟེ་དྲན་པའི་ལས་སོ། །དྲན་པའི་མཚན་ཉིད་དེ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྣང་བར་བྱེད་པའོ། །སྲིད་ པ་གསུམ་གྱི་ནམ་མཁའ་ལ་འཕགས་པར་བྱེད་ཅིང་མི་གཡོ་བར་གྱུར་པས་ན་གཏུམ་མོ་དུག་གསུམ་སྲེག་པར་བྱེད་པའོ། །དེ་རྣམས་དྲན་པས་ན་དྲན་པ་ཞེས་བརྗོད་དོ། །དེས་ནི་རྗེས་སུ་དྲན་པ་བཅུར་བསྟན་པའོ། །ད་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི་ཤེས་བྱ་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པར་གྱུར་པའི་ཡུལ་ཐམས་ཅད་འགག་པར་འགྱུར་བ། སྤྲོས་པའི་མཐའ་དང་བྲལ་བ་སེམས་མཆོག་ཏུ་མི་འགྱུར་བའི་དབང་གིས་ཆོས་ཀྱི་སྐུ་ནམ་མཁའ་ལ་སྦྲིན་དངས་པ་ལྟ་བུའི་སེམས་གསལ་བ་ རྟོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་ལས་སོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ནི་ཡེ་ཤེས་ཀྱི་སྐུ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྙེད་པར་འགྱུར་རོ། །དེ་ཡང་སྲོག་གི་རླུང་རྣམ་པ་བཅུ་ལ་སོགས་པ་རྣལ་འབྱོར་པས་འགགས་པའམ། མེད་པར་གྱུར་ཅིང་སེམས་མི་གཡོ་བར་གྱུར་པས་ 14-1-232a མཐོང་ཞེས་པ་ནི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དེས་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །དེ་ཡན་ཆད་སྦྱོར་བ་ཡན་ལག་དྲུག་གི་དབྱེ་བ་དང་མཚན་ཉིད་དང་ལས་རྣམས་བསྟན་ནས། ད་ནི་ ཡོན་ཏན་བརྗོད་པར་བྱ་སྟེ། དེ་ལྟར་སྦྱོར་བ་ཡན་ལག་དྲུག་གསུངས་པའི་སྒྲུབ་ཐབས་ཏེ། འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་ནི། །དུས་ཀྱི་འཁོར་ལོ་དེ་རིག་གོ། །ཕྱག་རྒྱ་གསུམ་དང་ཚད་གསུམ་གྱི། །རྣམ་པ་གསུམ་གྱི་ འགྲོ་དབང་གིས། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །དེ་ལ་ཆུ་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པ་ལོ་བཅུ་གཉིས་མའམ། བཅུ་དྲུག་མའམ། ཉི་ཤུ་ལོན་པའོ། ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་མོའམ། ཀླུ་མོའམ། མི་མོ་གང་ལ་མོས་པའམ། ཡེ་ཤེས་ཀྱི་ ལྷ་མོའམ། མཁའ་འགྲོ་མའོ། །ཕྱག་རྒྱ་ཆེན་མོའོ། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལོ་བཅུ་གཉིས་མ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ལ་སེམས་གཏད་ཅིང་དམིགས་པ་ཡིས་ནི་བྱང་ཆུབ་ཀྱི་སེམས་འཛག་པས་ནི་འགྲོ་བའི་ནལ་འབྱོར་ པའི་བདེ་བ་ཚད་ཆུང་ངུར་འགྱུར་ཏེ། དེའི་དངོས་གྲུབ་ཀྱི་འབྲས་བུ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒྲུབས་པས་འཛག་པའི་བདེ་བ་ཆུང་ངུ་ཆུའི་ཡོན་ཏན་ཞེས་པ་ནི་འཇིག་རྟེན་པ་རྣམས་དང་དགའ་བ་སུམ་འགྱུར་དུ་འབྱུང་བ་དེས་ནི་འདོད་ཁམས་ཀྱི་ལྷའི་ལོངས་སྤྱོད་དང་རྒྱུན་དང་། འཁོར་ཁྱད་པར་ཅན་ཐོབ་པར་གྱུར་པ་ནི་ཕན་ཡོན་དང་པོའོ། །ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ལྷ་མོ་ལ་སོགས་པ་དམིགས་པའི་ཡུལ་དུ་བྱས་ནས་སེམས་བདེ་བ་ལ་གཏད་ནས་བདེ་བ་སྐྱེད་པ་ནི་ཆུའི་ཡོན་ཏན་ཞེས་པ་ནི་བདེ་བ་འཇིག་རྟེན་པ་དང་བདེ་བ་བཞི་འགྱུར་དུ་འབྱུང་བ་ནི་རྣལ་འབྱོར་པའི་ འབབ་པའི་འགྲོ་བ་ནི་བདེ་བའི་ཚད་འབྲིང་པོར་འགྱུར་ཏེ། དེས་དངོས་གྲུབ་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒོམས་པ་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་གྱི་བདེ་བའམ། ལོངས་སྤྱོད་དང་རྒྱན་དང་འཁོར་ཁྱད་པར་ཅན་རྣམས་སྐྱེ་བ་ 14-1-232b གཅིག་གིས་ཐོབ་པར་འགྱུར་ཞེས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་གསུངས་ཏེ། དེ་ནི་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཡིན་གྱིས། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ནི་མ་ཡིན་ཞེས་དེ་ལ་འབྱུང་ངོ་། །འདི་ནི་ཕན་ཡོན་གཉིས་པའོ། །ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་མོ་ལ་དམིགས་པའི་བདེ་བ་བསྐྱེད་པ་ནི་མི་འབབ་པའི་བདེ་བ་ཆེན་པོ་དེ་ནི་རྣལ་འབྱོར་མཆོག་གི་ཡང་མཆོག་ཅེས་བྱ་སྟེ། སའི་ཡོན་ཏན་ཞེས་པ་ནི་ལྔ་འགྱུར་དུ་འབྱུང་བའི་བདེ་བ་དེས་ནི་སྐད་ཅིག་ཙམ་ཡིད་ལ་བྱས་ཀྱང་སྲིད་པ་ལས་གྱེན་དུ་གཤེགས་སོ་ཞེས་ བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཔེར་ན་ནགས་ཆེན་པོ་དཔག་ཏུ་མེད་པ་ཡོད་ཀྱང་གཙུབ་ཤིང་ལས་བྱུང་བའི་མེ་ཤིན་ཏུ་ཆུང་ཡང་ནགས་དེ་རྣམས་མེ་དེས་ཐམས་ཅད་སྲེག་པ་དང་མཚུངས་ཏེ། ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་སྒྲིབ་པའམ། བག་ཆགས་དཔག་ཏུ་མེད་པ་ཡོད་ ཀྱང་། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྟོག་པ་ཐམས་ཅད་སྤངས་ནས་ཐུན་གཅིག་བསྒོམས་ནས་དག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་ཏེ། ངེས་པའི་དོན་ཏོ། །དེ་ཡང་ཕྱག་རྒྱ་ཆེན་པོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀའི་ འབྲས་བུ་དང་བདེ་བ་བསྐྱེད་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་གསུམ་ལ་རྣལ་འབྱོར་པས་བསྒོམས་པས་དངོས་གྲུབ་ཀྱང་གསུམ་དུ་དེ་ལྟར་འབྱུང་བར་འགྱུར་རོ། །སྣ་ཚོགས་བརྟན་པའི་སྒྲུབ་ཐབས་ནི་དུས་ཀྱི་འཁོར་ལོས་དེ་རིག་གོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཡན་ལག་དྲུག་ བསྒོམ་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་དོན་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཕྱག་རྒྱ་གསུམ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་གསུམ་ལ་བརྟེན་ ནས་བསྒོམ་པའོ། །ཚད་གསུམ་དང་ཞེས་བྱ་བ་ནི་སྐྱེས་བུ་བློ་དམན་པ་དང་། སྐྱེས་བུ་བློ་འབྲིང་དང་། སྐྱེས་བུ་བློ་རྩལ་རབ་ཏུ་ཕྱིན་པ་རྣམས་ལ་ཕྱག་རྒྱ་གསུམ་ཅི་རིགས་པར་སྦྱིན་པར་བྱའོ། །དང་གི་སྒྲས་ནི་ཕྱག་རྒྱ་གསུམ་ལས་མི་འཕོ་བར་ཉམས་སུ་ལོང་ཤིག་པར་བསྟན་པའོ། །རྣམ་པ་ 14-1-233a གསུམ་གྱིས་འགྲོ་དབང་གིས། །ཞེས་བྱ་བ་ནི་ཕྱག་རྒྱ་གསུམ་གྱིས་སྔ་མའི་སངས་རྒྱས་རྣམས་དང་། མ་བྱོན་པའི་སངས་རྒྱས་རྣམས་དང་། ད་ལྟར་གྱི་ཤཱཀྱ་ཐུབ་པ་ཡང་དེ་ལ་བརྟེན་ནས་སངས་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །ཞེས་བྱ་བ་ནི་དེ་ ལྟར་ཕྱག་རྒྱས་གསུམ་ལ་བརྟེན་ནས་བསྒྲུབས་ན་ཞི་བ་དང་གྲོལ་བའི་རྒྱུར་འགྱུར་ཞིང་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །སོ་སོར་སྤོང་བ་ལ་སོགས་པའི་ཕན་ཡོན་བཤད་ཟིན་ཏོ། །ད་ནི་སོ་སོར་སྡུད་པའི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ གསུམ་སྟེ། འདིར་རྣལ་འབྱོར་པས་མཚན་མོ་བསྒོམས་པའི་དུས་སུ་སོ་སོར་སྡུད་པ་ཡང་དག་པར་འགྱུར་ཏེ། སྟོང་པ་ཉིད་ཀྱི་སྐུ་ལ་བརྟན་པར་གྱུར་པ་དེའི་ཚེ། རྣལ་འབྱོར་པ་ལ་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གིས་མཆོག་སྟེར་བ་ཞེས་བྱ་བ་ནི་ངག་གི་སྨྲ་བ་ཐམས་ ཅད་བཙུན་པ་དང་། ཅི་སྨྲས་པ་ཀུན་ཡང་སེམས་ཅན་རྣམས་ལ་སྙན་པར་འགྱུར་རོ། །ལོངས་སྤྱོད་དང་ཡོ་བྱད་ཐམས་ཅད་འཕེལ་བར་འགྱུར་རོ། །དེས་ནི་སོ་སོར་སྡུད་པའི་འབྲས་བུ་བརྗོད་དེ་བཤད་ཟིན་ཏོ། །ད་ནི་བསམ་གཏན་གྱི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ། བསམ་གཏན་སྦྱོར་ བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་མི་ཡི་བདག །ཅེས་བྱ་བ་གསུངས་པ་ལ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། །ཞེས་བྱ་བ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་བགྲད་པ་དང་། ལུས་མི་འགུལ་བར་བསྲང་བས་ཨ་བ་དྷཱུ་ཏཱིར་ཡིད་ བཙུད་དེ། སེམས་མ་གཡེངས་པར་གནས་པ་དེའི་ཚེ་བསམ་གཏན་དག་པའོ། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་དག་པ་ལྷའི་སྤྱན་ལ་སོགས་པ་ལྔ་ཐོབ་པར་འགྱུར་ཏེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ལ་སོགས་པ་ཐོབ་པར་འགྱུར་རོ། །མིའི་བདག་ཅེས་པ་ནི་འཕགས་པ་འཇམ་དཔལ་ལ་བོད་པའི་ཚིག་ཡིན་ཏེ། དེའི་སྒྲས་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཀྱི་སྒྲས་ནི་དེ་བཞིན་དུ་ལྷའི་སྙན་ལ་སོགས་ 14-1-233b པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བསམ་གཏན་གྱི་འབྲས་བུ་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་ལ་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡོན་ནས་འཇུག་པའི་རླུང་རྒྱུ་བ་ཆད་པ་དང་། གཡས་ནས་ཕྱིར་འབྱུང་བའི་རླུང་རྒྱུ་བ་ འཆད་པས་ན། ཉི་མ་དང་ཟླ་བའི་ལམ་དང་བྲལ་བར་གྱུར་པ་དེའི་ཚེ་སྲོག་བཀག་པས་རྟག་ཏུ་རྩ་དབུ་མ་ནས་རླུང་རྒྱུ་བར་གྱུར་པ་དེའི་ཚེ། སྲོག་དང་རྩོལ་བ་དག་པ་ལས་བྱང་ཆུབ་སེམས་དཔས་མཆོད་པ་སྟེ། སྐུའི་དམ་ཚིག་བསྲུངས་པ་དང་། གསུང་གི་དམ་ཚིག་བསྲུངས་པ་དང་། ཐུགས་ ཀྱི་དམ་ཚིག་བསྲུངས་པ་དང་། ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པ་ཞེས་བྱ་བ་ནི་ལུས་ཀྱི་ཐིག་ལེ་མི་འཕོ་བ་དང་། ངག་གི་ཐིག་ལེ་མི་འཕོ་བ་དང་། སེམས་ཀྱི་ཐིག་ལེ་མི་འཕོ་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་མི་འཕོ་བ་སྟེ། རྣལ་འབྱོར་ཆེན་པོའི་རང་བཞིན་སྔགས་པར་འགྱུར་ཞེས་བྱ་བའི་དོན་ ཏོ། །དེས་ནི་སྲོག་དང་རྩོལ་བའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་འཛིན་པའི་འབྲས་བུ་བརྗོད་པ་སྟེ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། དེ་ལ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་གཟུང་བ་ལ་འཛིན་ པའི་སེམས་འཇུག་ཅིང་མི་གཡོ་བར་འགྱུར་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ཆ་མཉམ་པ་སྟེ། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་དང་། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་ཅེས་པ་ནི་ལུས་ཀྱི་སྒྲིབ་པ་དང་། ངག་གི་སྒྲིབ་པ་དང་། ཡིད་ཀྱི་སྒྲིབ་པ་ དང་། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་མི་འབྱུང་ངོ་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཞེས་པ་ནི་འཛིན་པའི་སྟོབས་ཀྱིས་སྲོག་གི་རླུང་འགྲོ་བ་དང་། འོང་བའི་བྱེ་བྲག་མེད་པར་འགྱུར། ཟད་པར་འགྱུར། འགགས་པར་གྱུར་པས་ནི་ལྟེ་བའི་གཞོམ་དུ་མེད་པ་ལ་དབུགས་ཐིམ་པར་གྱུར་ པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་འདྲེས་པས་དཔྲལ་བར་སྲོག་འགོག་པ་ནི་ས་བཅུ་ཐོབ་པས་སྟོབས་བཅུ་འབྱུང་བ་ནི་འཛིན་པ་ལས་ཐོབ་པར་འགྱུར་རོ། །འཛིན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་རྗེས་སུ་དྲན་པའི་འབྲས་བུ་བརྗོད་པར་བྱ་སྟེ། །དེ་ 14-1-234a ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འདིར་ཤེས་རབ་སྟོང་པ་ཉིད་ཀྱི་སྐུ་ལ་ཐབས་སྙིང་རྗེའི་བདག་ཉིད་འཁྱུད་པས་རྗེས་སུ་དྲན་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་སེམས་བདེ་བ་ལ་གནས་པ་ནི་དྲན་པའོ། །ཡང་ དྲན་པས་དེས་གཟུང་བ་དེའི་ཕྱིར་གང་དག་དེའི་ཚེ་དྲི་མ་མེད་པའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་བསམ་པ་ནི་བདག་གི་བདེ་བ་འདིས་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདི་ལྟ་བུ་དང་ལྡན་པར་གྱུར་ལ། བདག་ཀྱང་དུས་འདི་ནས་བརྩམས་ནས་སྙིང་པོ་བྱང་ཆུབ་ལ་གཏུགས་ཀྱི་བར་དུ། བདེ་ བ་འདི་དང་མི་འབྲལ་བར་གྱུར་ཅིག་པ་ནི་དྲན་པའོ། །ཡང་བདེ་བ་དེ་ཉིད་ཇི་ལྟར་སྟོང་པ་བཞིན་དུ་ཁམས་གསུམ་པོ་དག་འདི་དག་ཐམས་ཅད་ཀྱང་སྐད་ཅིག་མའི་སོ་སོ་ལ་མི་གནས་པའོ་ཞེས་བསམ་པ་ཡང་དྲན་པའོ། །ཡང་ཐིག་ལེ་གསུམ་པོ་རྫོགས་པའི་སྐད་ཅིག་མ་དེ་ཉིད་ནི་ཤེས་ རབ་ཡེ་ཤེས་སོ་ཞེས་དྲན་པས་ན་དྲན་པའོ། །ཡང་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་རྫོགས་པའི་བདེ་བ་དེ་ཉིད་ནི་དཔེའི་བཞི་པ་ཡིན་ཞེས་བྱ་བར་དྲན་པས་ན་དྲན་པའོ། །ཡང་ཐིག་ལེ་བཞི་གསང་བའི་པདྨར་སྤྲོས་པས་ནི་སྐུ་བཞི་སྤྲུལ་པ་བྱེ་བ་ཕྲག་ཕྱེད་དང་བཞི་བཀྱེ་བས་ཤེས་རབ་ཀྱི་སྐྱེ་ གནས་དང་། སྐྲ་དང་སོ་དང་། སེན་མོ་ལ་སོགས་པ་ཐམས་ཅད་གདུལ་བྱའོ། །འགྲོ་རྣམས་འདུལ་བར་བསམས་པ་ནི་དྲན་པའོ། །ཡང་རྣལ་འབྱོར་པ་དང་རྣལ་འབྱོར་མ་གཉིས་ཀྱི་ལུས་ཀྱི་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་ནས་བདེ་བའི་འོད་ཟེར་དང་སྤྲུལ་པ་དཔག་ཏུ་མེད་པར་སྤྲོས་པས་ འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཕོག་པས་དེ་དག་གིས་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ་རྟོགས་པར་གྱུར་ཏེ། འོད་ཟེར་དང་སྤྲུལ་པ་དེ་དག་སླར་ལོག་ནས་བདག་ཉིད་ཀྱི་སྤྱི་བོ་ནས་ལུས་ཐམས་ཅད་ལ་ཁྱབ་པས་བཞི་པ་སྟོང་གི་ཆར་ཡང་མི་ཕོད་པའི་བདེ་ བ་སྐྱེས་པར་བསམས་པ་ནི་དྲན་པའི་འབྲས་བུའོ། །དེས་ནི་དྲན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་གྱི་འབྲས་བུ་བརྗོད་པར་བྱ་སྟེ། ཡེ་ཤེས་སྐུ་ལ་ཐིག་ལེ་བཞི་འབྱུང་བ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སྤྲོས་པའོ། །ཞེས་བྱ་བ་གསུངས་པ་ལ་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་བཞི་ 14-1-234b འབྱུང་བ་ཞེས་བྱ་བ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་ནས་སྐུའི་ཐིག་ལེ་འབྱུང་བ་དང་། གསུང་གི་ཐིག་ལེ་འབྱུང་བ་དང་། ཐུགས་ཀྱི་ཐིག་ལེ་འབྱུང་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་འབྱུང་བའི་དོན་ཏོ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སྤྲོས་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་གསང་བའི་པདྨར་སྐུའི་སྤྲུལ་པ་སྤྲོས་ པ་དང་། གསུང་གི་སྤྲུལ་པ་སྤྲོས་པ་དང་། ཐུགས་ཀྱི་སྤྲུལ་པ་སྤྲོས་པ་དང་། ཡེ་ཤེས་ཀྱི་སྤྲུལ་པ་རྣམས་སྤྲོས་པས་འགྲོ་བའི་དོན་མཛད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དག་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འདིར་སྟོང་པ་ཉིད་ཀྱིས་སྐུ་ལ་གཟུགས་པའི་སེམས་སྤངས་པ་དང་། འཛིན་པའི་ སེམས་སྤངས་པས་དག་ཅིང་རོ་གཅིག་པའི་དེ་བཞིན་ཉིད་ཀྱིས་སེམས་གང་གི་ཚེ་མི་འགྱུར་བའི་སྐད་ཅིག་མ་སྐྱེས་པའི་དོན་རྟོགས་པ་ནི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་ངེ་འཛིན་དེས་དག་པས་ན། ལུས་དྲི་མ་མེད་པར་བྱའོ། །ངག་དྲི་མ་མེད་པར་བྱས་སོ། །ཡིད་དྲི་མ་མེད་པར་ བྱས་སོ། །ཡེ་ཤེས་དྲི་མ་མེད་པར་བྱས་པ་ཡིན་ཏེ། རྣལ་འབྱོར་པ་དེས་ཉིན་ཞག་གཅིག་གམ། ཟླ་བ་གཅིག་གམ། ཟླ་བ་གསུམ་མམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཐ་ན་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་ཉིན་མཚན་གྱིས་ཡེ་ཤེས་ཀྱི་ལུས་གྲུབ་སྟེ། མཆོག་ གི་དངོས་གྲུབ་སྟེར་བར་གྱུར་ཏེ། འབྲས་བུས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་མཚུངས་པར་འགྱུར་ཏེ། ས་བཅུ་ལ་སོགས་པས་བསྒྲུབས་པ་དང་། དེ་ནས་རྣལ་འབྱོར་པ་དེས་དོན་ཁྱད་པར་ཅན་ཉམས་སུ་མྱོང་བས་ས་བཅུ་གཅིག་ཐུན་མོང་གི་ལམ་ས་ཐོབ་པར་གྱུར་ཅིང་ བརྙེས་པས་ཡེ་ཤེས་ཀྱི། སྒྲིབ་པ་སྤངས་པས་བཅུ་གཉིས་པ་བརྙེས་པས་ནི་རྡོ་རྗེ་འཆང་གིས་ཞེས་བྱ་བ་སྟེ། དེས་ན་ཏིང་ངེ་འཛིན་གྱི་འབྲས་བུ་བཤད་ཟིན་ཏོ། །སོ་སོར་སྡུད་པ་ལ་སོགས་སྦྱོར་བ་ཡན་ལག་དྲུག་གི་ངེས་པ་དང་། དབྱེ་བ་དང་། རེ་རེའི་ངེས་པའི་དོན་བསྟན་ཅིང་བསྒྲུབ་པའི་ཡན་ ལག་བསྟན་ཏོ། །ད་ནི་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའི་ཐབས་བསྟན་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་བཙན་ཐབས་ཀྱི་སྦྱོར་བ་ཤེས་པར་བྱ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་སྐུ་ལ་སྣ་ཚོགས་ཀྱི་གཟུགས་མཐོང་བ་ན་སྲོག་ལ་རྣལ་འབྱོར་ 14-1-235a པས་མ་བསྡམས་པས་མི་འཛག་པའི་བདེ་བ་སྐད་ཅིག་མ་མི་སྐྱེ་ན། དེའི་ཚེ་རྣལ་འབྱོར་པས་འཆད་པར་འགྱུར་བའི་ནཱ་ད་ལ་བཙན་ཐབས་ཀྱིས་གོམས་པར་བྱས་ལ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་རྣལ་འབྱོར་པས་ལུས་བསྲང་སྟེ། སྐྱིལ་མོ་ཀྲུང་བཅས་ལ། དབུགས་ སོར་གཞག་ཅིང་སེམས་ནི་ཡངས་པར་གནས་ཤིང་། ལག་པ་གཡས་པས་རྩེ་ཆུང་ངམ་གཉིད་ལོག་རྩ་བགས་ཀྱིས་མནན་ཅིང་མི་གཡོ་བར་གནས་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་མི་ལྕི་ཙམ་གྲངས་མང་བྱས་ལ་རོ་སྟོད་དང་སྤྱི་བོ་མིན་པ་དེ་ཙམ་དུ་བྱས་ན། རྩ་དབུ་མར་སྲོག་གི་རླུང་ རྒྱུ་བ་ཉིད་ཀྱིས་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་མི་འཕོ་བའི་འགོག་པའི་བདེ་བས་བརྒྱའི་ཆར་ཡང་མི་ཕོད་པའི་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་མའི་བདེ་བ་ལྷན་ཅིག་སྐྱེས་པའི་སྐུའི་དོན་བསྒྲུབས་པས། མཐོང་བར་ཚེ་ འདི་ལ་འགྱུར་རོ། །དེ་ནི་བཙན་ཐབས་ཀྱི་སྦྱོར་བ་དང་པོའོ། །བཙན་ཐབས་ཀྱི་སྤྱོར་བ་གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་སྙོམས་པར་ཞུགས་ཤིང་། མཉམ་པར་འཇོག་པའི་དུས་ན་སྙིང་རྗེའི་བདག་ཉིད་ཐབས་ཀྱི་གསང་བའི་གནས་ཐུར་སེལ་གྱི་སྒོ་ གཡས་པའམ། ལུས་བེར་བ་ལངས་པའི་དུས་ཉིད་དུ་རྡོ་རྗེ་ནོར་བུའི་རྩ་བར་ལག་པ་གཡས་པས་མནན་ཅིང་ལུས་མི་གཡོ་བར་སེམས་བདེ་བ་ལ་གཏད་ཅིང་ཡར་དྲང་བ་དང་། རྒྱུ་ཞབས་ཀྱི་ཤེ་ཚིགས་པ་ལ་སྦྱར་བ་དང་། མིག་བགྲད་པ་དང་། རྐང་པའི་མཐེ་བོང་ནང་དུ་བསྐུམ་པ་ དང་། རྟིང་པ་ཕྱིར་བརྐྱང་པས་ཤེས་རབ་མ་དང་ཐབས་གཉིས་ཆར་ཡང་མི་གཡོ་མི་འགུལ་བར་བདེ་བ་ལ་སེམས་གཏད་ཅིང་གནས་པ་ནི། བཙན་ཐབས་ཀྱི་སྦྱོར་བ་གཉིས་པའོ། །ད་ནི་སྟོང་པ་ཉིད་ཀྱི་སྐུ་བསྒྲུབ་པ་ཕྱིར་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་བསྙེན་པ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། འདིར་བསྙེན་པ་ཞེས་བྱ་བ་ནི་དང་པོའི་རྟགས་དུ་བ་ཉིན་མཚན་གཅིག་ལ་རྣལ་འབྱོར་པས་བསྒོམས་པས་མཐོང་བར་འགྱུར་རོ། །ཕྱི་ནང་གི་སྨིག་རྒྱུ་ལ་སོགས་པ་འབྱུང་བར་འགྱུར་རོ། །བསྙེན་པ་དེའི་དང་པོར་སྦྱོར་བ་ཡན་ལག་དྲུག་བསྒོམས་པས་རྟགས་དུ་བ་ལ་ 14-1-235b སོགས་པའི་མཚན་མར་འཛིན་པའི་སེམས་སྤངས་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་པའི་སེམས་ཀྱིས་གསལ་ལ་མི་རྟོག་པ་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །གཟུང་འཛིན་དང་བཅས་པའི་སེམས་ཀྱིས་བསྒོམས་པས་ནི་འབྱུང་བར་འགྱུར་བ་མ་ཡིན་ནོ། །དེ་ཡང་རྟགས་ བཅུ་གཅིག་ཡིན་ཏེ། དུ་བ་ནི་དང་པོ་འདི་རྣམས་ཡིད་ཆེས་པའི་རྒྱུར་བསྟན་པ་ཡིན་ལ། ལྷག་མ་བཅུས་ནི་ཕྱི་ནང་བརྟན་པར་བྱེད་པའི་སྦྱོར་བ་ཡང་དག་པར་བྱེད་པ་ཡིན་ཏེ། དེ་རྣམས་ཀྱང་དངོས་པོར་བཟུང་བ་ལས་བྱུང་བ་ནི་མ་ཡིན་ནོ། །དངོས་པོ་མེད་པ་ལ་རྟགས་དེ་རྣམས་བྱུང་བར་ འགྱུར་རོ། །དེ་ལ་སོ་སོར་སྡུད་པ་དང་པོའི་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་འཁོར་ལོ་ཅན་ཞེས་བྱ་བ་གསུངས་པ་ལ། འཁོར་ལོ་ཅན་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ལྟ་བའོ། །ཅན་ཞེས་པ་ནི་ཐིག་ལེ་བཞི་གནས་པས་ན་ཅན་ནོ། །ལྟ་བ་ཞེས་པ་ནི་ཁྲོ་བོ་གཙུག་ཏོར་རྒྱལ་ པོའི་ལྟ་བ་ནི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ཐིག་ལེ་བཞི་འབྱུང་བ་བཞིས་བསྐྱེད་ཅིང་བདེ་བ་དེ་ལ་དུས་ཐམས་ཅད་དུ་ལྟ་བར་བྱེད་དོ། །སྐད་ཅིག་མ་གཅིག་ཙམ་ཡང་མི་ཡེངས་པར་དེ་ཉིད་ལ་ཡང་དང་ཡང་དུ་ལྟ་བར་བྱེད་དོ། །དེའི་སྤྱོད་ལམ་ནི་མིག་དག་མི་འཛུམས་ པ་དང་། ཁ་གདངས་ཤིང་དབུགས་སོར་གཞག་པ་དང་། དངོས་པོར་འཛིན་པས་གཟུང་བ་དང་། འཛིན་པའི་ཡུལ་དང་བྲལ་བ་དང་། དབུགས་སྨིན་མཚམས་སུ་ཕུག་རྡུགས་ཀྱི་རྩ་ལ་རང་བཞིན་དུ་ཞུགས་ཤིང་གནས་པ་ནི་ཁྲོ་བོ་དེའི་སྤྱོད་ལམ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་སྒྲུབ་ པ་ཉམས་སུ་ལེན་པ་རྣམས་ཀྱིས་ཀྱང་དེ་བཞིན་སྤྱོད་ལམ་བྱ་སྟེ། རྣལ་འབྱོར་པས་མཚན་མོའི་སྦྱོར་བ་ལ་རྟགས་ལྔ་འབྱུང་བར་འགྱུར་རོ། །ཉིན་མོའི་སྦྱོར་བ་ལ་རྟགས་རྣམ་པ་དྲུག་འབྱུང་བར་འགྱུར་རོ། །ཉིན་མོའི་སྤྱོར་བ་ཞེས་བྱ་བ་ནི་སྔ་དྲོ་ཉི་མ་ཤར་མ་ཐག་ནས་སྤྲིན་མེད་པའི་ནམ་མཁའི་ ཁམས་དངས་པ་ལ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ལ་ནུབ་ཏུ་ཁ་བལྟས་ལ་གཟུང་བ་དང་འཛིན་པའི་སེམས་གཉིས་སྤངས་ནས། སྤྲིན་མེད་ནམ་མཁའ་ཇི་ལྟར་དངས་ཤིང་གསལ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ནམ་མཁའ་བཞིན་དུ་དངས་ཤིང་གསལ་བའི་རང་བཞིན་ནོ་ 14-1-236a ཞེས་རྣལ་འབྱོར་པའི་བསམ་པའི་ཡུལ་སྔོན་དུ་དེ་ལྟར་ཡིན་ནོ། །ཕྱི་ནས་བློས་དེ་ལྟར་མི་དཔྱད་པར་སོར་གཞག་པར་བྱའོ། །ཉི་མ་གུང་ལ་བབ་པའི་དུས་སུ་ནི་ཁས་གསང་ཞིང་། དམིགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ལ་ཉི་མས་ཕོག་པས་ནི་མིག་རབ་རིབ་ཅན་ དུ་འགྱུར་ཞིང་སྐྱོན་ཅན་དུ་གྱུར་ནས། དམིགས་པ་མི་གསལ་བར་འགྱུར་ཞིང་། དགེ་བའི་བར་ཆོད་དུ་འགྱུར་རོ། །ཕྱི་དྲོ་ཉི་མ་ཡོལ་བར་གྱུར་པ་དང་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་སྔ་མ་ལྟར་ནམ་མཁའ་དེ་ཉིད་ལ་དམིགས་པར་བྱའོ། །སྲོད་དང་ཐོ་རངས་ རྣམས་སུ་ནི་ཅི་བདེ་བར་གནས་ཤིང་ཁ་ཏོན་དང་བཟླས་པ་དང་དམིགས་པ་ལ་སོགས་པ་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་ཆེན་པོའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ལྟར་བསྒོམས་ན་དེ་ནས་སྐུ་སྟོང་པ་ཉིད་རྣམ་པར་མི་རྟོག་པ་རྟོགས་ཤིང་འགྲུབ་པར་འགྱུར་རོ། །སྐུའི་མཐར་ནི་བསྙེན་ པའི་ཡན་ལག་ཏུ་འགྱུར་ཏེ། དེ་ནི་སོ་སོར་སྡུད་པ་དང་། བསམ་གཏན་གྱིས་དེ་རྣམས་འགྲུབ་པར་འགྱུར་རོ། །ད་ནི་ཉེ་བར་སྒྲུབ་པ་བཤད་པར་བྱ་སྟེ། །དེ་ལ། བགེགས་མཐར་བྱེད་ཀྱི་ལྟ་བ་ནི། །ཞེས་བྱ་བ་དེ་ལ། བགེགས་མཐར་བྱེད་ནི་ཁྲོ་བོ་བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི་བདུད་རྩིའི་ གནས་སུ་སོང་བ་སྟེ། བདུད་རྩིའི་གནས་ཞེས་བྱ་བ་ནི་དཔྲལ་བ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གནས་པའོ། །སྲིད་པའི་གནས་ཞེས་བྱ་བ་ནི་དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འཛག་པའི་གཞི་དེ་ནི་གནས་པའོ། །བགེགས་མཐར་བྱེད་ དེའི་ལྟ་བ་ནི་བདུད་རྩིའི་ལམ་ཞེས་བྱ་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ལམ་དུ་དབུ་མ་ཨ་ཝ་དྷཱུ་ཏཱིར་བྱང་ཆུབ་ཀྱི་སེམས་དང་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཏུ་འདྲེས་ནས་རྡོ་རྗེ་གཅིག་པ་ལྟ་བུར་གྱུར་པ་ནི་ཡན་ལག་དྲུག་གི་ཉེ་བར་སྒྲུབ་པའོ། །ཉེ་བའི་སྒྲུབ་པ་བཤད་ནས། ཡང་ གི་སྒྲས་ནི་སྲོག་དང་རྩོལ་བ་དང་། འཛིན་པ་ཞར་ལ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པ་བདག་ཉིད་ཀྱི་ལྟེ་བར་ཧཱུཾ་མཐིང་ནག་སོར་གཅིག་པ་བསམས་ནས་སྣ་བུག་གཡོན་པ་ནས་དང་པོ་སོར་བཅུ་བདུན་ནས་བཟློག་སྟེ། ཨོཾ་དཀར་པོ་གཅིག་དབུགས་ 14-1-236b དང་འགྲོགས་ནས་ནང་དུ་ཞུགས་པས་ལྟེ་བའི་ཧཱུཾ་ལ་ཐིམ་པར་བསམས་ནས་ཇི་ཙམ་བདེ་བ་ཙམ་དུ་གཞག་གོ། །དེ་མི་བདེ་བའམ། གང་བ་སྙམ་བྱེད་ན། དེ་ནས་ཧཱུཾ་ལས་དབུགས་བྱུང་བ་ཡང་སྣ་བུག་གཡས་པ་ནས་བྱུང་བ་ཨཱཿདམར་པོ་དང་འགྲོགས་ནས་ཕྱིར་སོར་བཅུ་བདུན་ཚུན་ཆད་འཕྲོས་ པས་ཡང་དང་ཡང་དུ་རྣལ་འབྱོར་པས་བསྒོམ་པ་ནི་སྲོག་དང་རྩོལ་བའི་རྣལ་འབྱོར་རོ། །དེ་ལ་བརྟན་པ་ཐོབ་ན་ནི་བདེ་བ་ཁྱད་པར་ཅན་སྐྱེ་ཞིང་སེམས་ཤིན་ཏུ་ཡང་བརྟན་པར་གྱུར་ནས་དངོས་པོ་ཐམས་ཅད་འགགས་པ་དང་། དབུགས་ཡང་རིང་བར་འགྱུར་ཏེ། ཧཱུཾ་ལས་དབུགས་ཇེ་རིང་ཇེ་རིང་དུ་ བྱས་ལ། ཨོཾ་ནང་དུ་ཇེ་ཐུང་ཇེ་ཐུང་དུ་བྱ་ཞིང་། ཨཱཿཡང་ཕྱིར་འབྱུང་བ་ཨོཾ་དང་མཉམ་པར་ཇེ་ཐུང་ཇེ་ཐུང་དུ་བསམ་མོ། །ཕྱི་ནས་སྣ་བུག་གཉིས་འདོམ་པའི་མཚམས་སུ་སོར་བཞིའི་ནང་ནས་ཐིག་ལེ་གསུམ་གནས་པར་བསམས་ལ། དེས་དབུགས་ལ་ཕོག་པས་དབུགས་སླར་ལོག་ནས་ ཧཱུཾ་ལ་ཐིམ་པར་གྱུར་པས་བདེ་བ་དང་བཅས་པར་དེ་ཡར་འོང་བ་དང་། མར་འགྲོ་བས་སྣ་བུག་གི་སུམ་མདོར་ཐིག་ལེ་གསུམ་ནི་ཁ་དང་སྣ་བུག་གཉིས་སུ་རེ་རེ་གནས་པས་སྲོག་གི་རླུང་ལ་ཕོག་པས་སྲོག་གི་རླུང་ཕྱིར་ལོག་པས་ཀུན་གཞི་རྣམ་པར་ཤེས་པ་དང་འདྲེས་ནས་དོན་དམ་པ་བྱང་ཆུབ་ཀྱི་ སེམས་སོར་གཅིག་པ་ལ་ཧཱུཾ་དང་དབུགས་སུ་བཅས་པ་ཐིམ་པར་གྱུར་པ་ནི་སྲོག་ཉེ་བར་སྒྲུབ་པའོ། །ཉེ་བར་སྒྲུབ་པ་བཤད་ཟིན་ཏོ། །ད་ནི་སྒྲུབ་པ་བརྗོད་པར་བྱ་སྟེ། ཤེས་རབ་ལས་སྤྲོས་ཟླ་བའི་ཐིག་ལེ་ཞེས་བྱ་བ་ནི་འདིར་ཤེས་རབ་ཀྱི་ཆགས་པས་ཞུ་བའི་རྣལ་འབྱོར་པའི་ཐིག་ལེ་དེ་ ནི་སྤྲོས་པའི་ཟླ་བའི་ཐིག་ལེ་ཞེས་བྱའོ། །དེ་ཡང་ཤེས་རབ་ལས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཡང་རྣལ་འབྱོར་པའི་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་བདེ་བ་གང་ཡིན་པ་དེ་ནི་ཡི་གེ་བཞིའི་བདག་ཉིད་དེ། གསང་བ་བདེ་བ་ཆེན་པོའི་འཁོར་ལོར་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཧོ་དམར་ པོ་དང་། ལྟེ་བ་སྤྲུལ་པའི་འཁོར་ལོར་ཨཱཿདམར་སྐྱ་དང་། སྙིང་ག་ཆོས་ཀྱི་འཁོར་ལོར་ཡི་གེ་ཧཱུཾ་དཀར་པོ་དང་། ལོངས་སྤྱོད་ཀྱི་འཁོར་ལོར་ཨོཾ་རྣམས་ཁ་སྤྱོར་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྒྲུབ་པ་ནི་དེ་སྒྲུབ་པར་འགྱུར་ཏེ། འདི་ནི་སྒྲུབ་པའི་ཡན་ལག་གསུམ་པར་འགྱུར་རོ། ། 14-1-237a དེས་ནི་སྒྲུབ་པ་བཤད་ཟིན་ཏོ། །ད་ནི་སྒྲུབ་པ་ཆེན་པོ་བརྗོད་པར་བྱ་སྟེ། བདེ་བ་མ་ཉམས་གཅིག་ཞི་བ། །ཞེས་བྱ་ནི་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྐྲ་དང་ལྡན་པ་ལོ་བཅུ་གཉིས་མ་ལ་སོགས་པ་ཡང་རུང་། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་དམིགས་པ་དེ་བརྟན་པོར་གྱུར་པ་ཡང་རུང་། ཕྱག་ རྒྱ་ཆེན་པོ་སྟོང་པ་ཉིད་ལ་དམིགས་པ་བརྟན་པོར་གྱུར་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་མི་ཉམས་པའི་སྐད་ཅིག་མ་གཅིག་གི་མཚན་ཉིད་དེ་ནི་ལུས་ཞི་བ་དང་། ངག་ཞི་བ་དང་། ཡིད་ཞི་བ་དང་། ཡེ་ཤེས་ཞི་བ་ཞེས་བརྗོད་དོ། །དེ་ནི་ལྷན་ཅིག་སྐྱེས་པ་ཡིན་ཞེས་བཅོམ་ལྡན་འདས་ ཀྱིས་རྩ་བའི་རྒྱུད་དཔལ་མཆོག་གི་དང་པོ་ཞེས་བྱ་བ་སྟོང་ཕྲག་བཅུ་གཉིས་པའི་ཡེ་ཤེས་ཀྱི་ལེའུར་གསུངས་སོ། །སྒྲུབ་ཆེན་ཡེ་ཤེས་སྦྱོར་བའོ། །ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ལ་རྣལ་འབྱོར་པས་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་འཛག་པའི་བདེ་བའི རྒྱུན་གནས་ ཤིང་། རྟོག་པ་ཅན་གྱི་བདེ་བའི་རྒྱུན་མེད་དོ་སྙམ་པའི་ཤེས་པ་དང་ལྷན་ཅིག་ཏུ་རྣལ་འབྱོར་པས་གཅིག་པར་བསྒོམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་བཤད་ཟིན་ཏོ། །ད་ནི་རྫོགས་པའི་རང་བཞིན་དབུ་མ་ཆེན་པོ་བརྗོད་པར་ བྱ་སྟེ། ལྷ་ལ་སོགས་པ་སྒྲུབ་པ་སྔར་བཤད་པའི་བསྐྱེད་པའི་རིམ་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །རྫོགས་པའི་རིམ་པ་དེ་ཁོ་ན་ཉིད་སྒྲུབ་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་རྣམས་ཀྱིས་ ཆོས་བསྟན་ལ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་པ་ཡི་བདེན་པས་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱི་བཀའ་ངེས་པའི་དོན་ཏོ། །ཡང་བཅོམ་ལྡན་འདས་ཀྱི་བཀའ་ལས། རིམ་པ་གཉིས་པ་ཡང་དག་བརྟེན། །རྡོ་རྗེ་ཅན་གྱིས་བདག་ ལ་བསྟན། །བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་བཀའ་ནས་འབྱུང་ངོ་། །དེའི་ཕྱིར་ན་དེ་ལྟར་ལྷ་སྒྲུབ་པ་ལ་ནི་རྣམ་པར་རྟོག་པ་ཅན་གྱི་བསྐྱེད་པའི་རིམ་པ་རྣལ་འབྱོར་བསྒོམ་པ་རྣམས་ཀྱིས་ཐམས་ཅད་བསྒྲུབས་པས་འགྲུབ་པར་མི་འགྱུར་རོ། །དེ་ཁོ་ 14-1-237b ན་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་སྒྲུབ་པ་ལ་ནི་རྣམ་པར་རྟོག་པ་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། ནག་པོ་དང་། རིང་བ་དང་། ཐུང་བ་དང་། སྦོམ་པ་དང་། ཕྲ་བ་དང་། ཆག་པ་དང་། མ་ཆག་པ་དང་། ཟླ་གམ་དང་། ཟླུམ་པོ་དང་། སོག་ཀ་དང་། གྲུ་བཞི་དང་། ཡན་ལག་དང་། ཉིང་ལག་དང་། རི་དང་། ནགས་ཚལ་དང་། འཁྲི་ཤིང་དང་། གེལ་པ་དང་། ཁ་དོག་དང་། དབྱིབས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བའི་ཡན་ལག་བཞི་རྫོགས་པ་ངང་གིས་འགྲུབ་པའོ་ཞེས་བྱ་བ་ནི་རང་གི་རིགས་པས་འགྲུབ་པའོ། །དབུ་མ་ཆེན་པོའི་དོན་བཤད་ཟིན་ཏོ། ། ད་ནི་སྲོག་དང་རྩོལ་བའི་ཡོན་ཏན་དང་སྐྱོན་གཉིས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། སྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པས་རྡོ་རྗེ་དྲིལ་བུའི་རྩེ་མོ་ནས་བརྩམས་ནས་གཙུག་ཏོར་གྱི་འཁོར་ལོའི་བར་ དུ་སེམས་གཏད་ཅིང་དབུགས་སུམ་སྟོང་དྲུག་བརྒྱའི་བར་དུ་འགོག་ཅིང་བདེ་བ་ཉམས་སུ་མྱོང་བར་བྱ་བ་ནི་ཡོན་ཏན་དུ་འགྱུར་རོ། །སྐྱོན་དུ་འགྱུར་བ་ནི་རྣལ་འབྱོར་པས་དབུགས་ཤིན་ཏུ་གསང་བས་སྣ་རྩེར་རམ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཅིག་ཅར་བསྡམས་ཤིང་མི་རྒྱུ་བར་བྱས་ན་ནི་སྲོག་གི་ རླུང་ཡན་མན་དུ་འགྲོ་ས་མེད་དེ་ལྟེ་བར་བརྒྱལ་བས་སྲོག་གཞན་དུ་མི་འགྱུར་བར་ཨ་ཝ་དྷཱུ་ཏཱིར་ཞུགས་ནས་ཚངས་པའི་བུ་ག་ནས་བྱུང་ནས། རྣལ་འབྱོར་པའི་ལུས་དོར་ནས་མགོ་བཀས་ཏེ་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་ནི་སྐྱོན་བསྟན་པའོ། །རྣལ་འབྱོར་པས་མགོ་ན་བར་མི་བྱེད་ པ་དེ་སྲིད་དུ་རྣལ་འབྱོར་དུ་བྱའོ། །དེ་ལྟར་བྱས་ན་རྣལ་འབྱོར་པ་རྣམས་ལ་མཉམ་པའི་བདེ་བ་ཕུང་པོ་ཉོན་མོངས་པའི་འབྲས་བུ་སྟེར་བར་འགྱུར་རོ། །དེ་ལ་སྟེང་དུ་ཞེས་པ་ནི་མགོ་བོ་དེ་སྲིད་ན་མི་འདོད་པ་ཡིན་ཏེ། རྣལ་འབྱོར་པས་དམིགས་པ་མི་བྱའོ། །བྱས་ན་ནི་འཆི་བའི་འཇིགས་པ་ སྟེར་བར་འགྱུར་ཏེ། ཕུང་པོ་འཇིག་པར་འགྱུར་རོ། །འོན་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་གྱི་འཁོར་ལོའི་སྒོ་ཕུག་ནས་སྲོག་གི་རླུང་འགྲོ་བའི་རྣལ་འབྱོར་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་གོ་འཕང་སྟོང་པ་ཉིད་ཀྱི་སྐུ་ལ་གཅིག་ཏུ་སྦྱོར་བའི་ཏིང་ངེ་འཛིན་དེ་ལ་སེམས་རྩེ་ 14-1-238a གཅིག་པའི་ཡོན་ཏན་གྱིས་ནི་དེ་ལྟར་རྣལ་འབྱོར་པ་དེའི་ཕུང་པོ་མེད་པར་གྱུར་ཀྱང་། མེད་པ་ནི་མ་ཡིན་ཏེ། ཡོད་ཅེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཡོད་ཅེ་ན། རྣལ་འབྱོར་པ་ནི་མ་ཉམས་པའི་བདེ་བ་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་དུ་འགྲོ་བར་འགྱུར་ཞེས་བྱ་བ་ནི་ སངས་རྒྱས་བཅོམ་ལྡན་འདས་གང་དུ་ཡང་མ་གྲུབ་པའི་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པ་ཆོས་ཀྱི་སྐུར་འགྱུར་རམ། གཞན་ཞིག་ཏུ་འགྱུར་སྙམ་པ་ལ། དེ་ལྟར་མི་འགྱུར་རོ། །རྣལ་འབྱོར་པ་ནི་མ་ཡིན་ནོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ སེམས་ཉིད་ཆོས་ཀྱི་སྐུར་འགྱུར་བ་ལ། རྣལ་འབྱོར་པ་འགྲོ་ཞེས་བརྗོད་པར་ཟད་ཀྱིས། རྣལ་འབྱོར་པའི་ལུས་པོ་འགྲོ་བ་ནི་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་རྣམས་ལ་གྲགས་པ་མེད་ཅེས་བྱ་བ་ནི་རྣལ་འབྱོར་པ་འདི་ནི་ཤི་བར་གྱུར་ཏོ་ཞེས་གྲགས་པར་འགྱུར་ཏེ། ཤི་བ་མ་ཡིན་ནོ་ཞེས་བྱ་བ་ ནི་གྲུབ་མཐའ་འཛིན་པ་རྣམས་ལ་རིགས་པ་གྲུབ་པའོ། །སྲོག་དང་རྩོལ་བའི་སྐྱོན་དང་ཡོན་ཏན་བསྟན་པ་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་ངེས་པའི་དོན་ཏོ། །སྐྱོན་དང་ཡོན་ཏན་གཉིས་བཤད་ཟིན་ཏོ། །འབྲས་བུ་སྲོག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །ད་ནི་ རྩའི་ཀུན་དུ་སྤྱོད་པའི་གནས་ཐབས་བརྗོད་པར་བྱ་སྟེ། ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལེ་གཉིད་སད་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །མ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་རྨིས་པ་ལྟ་བུའི་གནས་སྐབས་སྐྱེད་པར་བྱེད་པའོ། །སྒྲ་ཞེས་བྱ་བ་ནི་སྙིང་གར་ སེམས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པ་ལྟ་བུ་སྐྱེད་པར་བྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །བདུད་རྩིའི་གནས་སུ་སོང་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་དེ་ལ་ཡང་བདུད་རྩིའི་གནས་སུ་ཞེས་བྱ་བ་ནི་དཔྲལ་བའི་ དཀྱིལ་འཁོར་ནི་ཐིག་ལེ་བཞི་འཛག་པའོ། །སོང་བ་ནི་ཞེས་པ་ནི་དེ་རུའོ། །དུས་ཀྱི་མེ་ཞེས་པ་ནི་ཡེ་ཤེས་ཀྱི་རྩར་སོང་བ་ནི་བདུད་རྩིའི་གནས་སུ་སོང་བའོ། །ལུ་གུ་རྒྱུད་ཅེས་བྱ་བ་ནི་གཡོན་གྱི་རྩ་ལ་ལ་ནཱ་དང་། གཡས་པའི་རྩ་ར་ས་ནཱའོ། །བཅིངས་པའི་རྩ་ཞེས་བྱ་བ་ནི་དབུས་ཀྱི་རྩ་ 14-1-238b ཨ་བ་དྷཱུ་ཏཱིར་དང་། དེའི་ནང་གི་ཡེ་ཤེས་ཀྱི་རྩར་མེ་ཁ་དོག་དམར་པོར་གནས་པ་ནི་བཅིངས་པའོ། །དེ་ཅི་ལྟར་བཅིངས་ཤེ་ན། དེ་ནི་འདི་ལྟར་བཅིངས་སོ། །ལུས་ཀྱི་སྒྲིབ་པ་དང་། ངག་གི་སྒྲིབ་པ་དང་། ཡིད་ཀྱི་སྒྲིབ་པ་དང་། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་ཀྱིས་ལུས་གསལ་བ་དང་། ངག་ གསལ་བ་དང་། ཡིད་གསལ་བ་དང་། ཡེ་ཤེས་གསལ་བར་གྱུར་པ་ཤེལ་སྒོང་ཕྱིས་པ་ལྟར་གསལ་བའི་བདག་ཉིད་དེ། དར་གྱི་སྲིན་བུས་བདག་ཉིད་ཀུན་ནས་དཀྲིས་ཤིང་མི་ཐར་བ་དེ་བཞིན་དུ། འགྲོ་བ་རྣམས་ཀྱང་སྒྲིབ་པ་བཞིས་མི་གསལ་བར་བྱས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ དེ་རྟོགས་པར་བྱས་ཤིང་། ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ནི་ལུས་དང་། ངག་དང་། ཡིད་གསུམ་ཡིན་ཏེ། དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་ཡིན་པས། ཡེ་ཤེས་དཀྲིས་ཤིང་མི་གསལ་བར་བྱས་སོ། །དེས་དཀྲིས་པ་ནི་ལྟེ་བ་དང་། སྙིང་གའི་བར་དུ་ལན་གསུམ་ དུ་དཀྲིས་སོ། །དེ་ནས་ཡང་ཨ་བ་དྷཱུ་ཏཱི་ནི་སྙིང་གི་ཟེའུ་འབྲུའི་དབུས་ནས་བྱུང་ནས་འགྲོ་ཞིང་སྲོག་གི་རླུང་རྒྱུ་བར་བྱེད་དོ། །ལ་ལ་ནཱ་ནི་གཡོན་ནས་འགྲོའོ། །ར་ས་ནཱ་ནི་གཡས་ནས་སྙིང་གའི་པདྨའི་འདབ་མའི་གཡས་ནས་འགྲོ་བར་འགྱུར་རོ། །དེ་ནས་སྙིང་ག་དང་། མགྲིན་པའི་པདྨའི་འདབ་ མའི་བར་དུ་ལན་གསུམ་དུ་འཁྱིལ་ནས་ཡང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པ་དང་། དཔྲལ་བའི་དབུས་སུ་ལན་གསུམ་དུ་འཁྱིལ་ནས་གནས་པའོ། །དཔྲལ་བ་ནས་གཙུག་ཏོར་གྱི་བར་དུ་ལན་གསུམ་དུ་འཁྱིལ་ནས་གནས་ཏེ། ལུས་དང་། ངག་དང་། ཡིད་གསུམ་ དཀྲིས་ཏེ། དེ་ལ་རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་གྱི་རང་བཞིན་གྱིས་དེ་ལྟར་ལན་གསུམ་པ་བཞིར་བྱས་ནས། ལུས་ཀྱི་རྩའི་ར་ས་ནཱ་གཡས་ཀྱི་རྩ་སྣ་བུག་ནས་ཕྱིར་བྱུང་བ་ནི། བཅུ་གཉིས་མཐའ་ནས་ཆ་ཡི་མཐར། །ཞེས་པ་ནི་སའི་ཁམས་ཀྱི་རླུང་སོར་བཅུ་གསུམ་དུ་རྒྱུའོ། ། ཆུའི་ཁམས་ཀྱི་རླུང་སོར་བཅུ་བཞིར་རྒྱུའོ། །མེའི་ཁམས་ཀྱི་རླུང་སོར་བཅོ་ལྔར་རྒྱུའོ། །རླུང་གི་ཁམས་ཀྱི་རླུང་སོར་བཅུ་དྲུག་ཏུ་རྒྱུའོ། །ནམ་མཁའི་ཁམས་ཀྱི་རླུང་སོར་བཅུ་བདུན་དུ་རྒྱུའོ་ཞེས་ནི་ནང་གི་ལེའུར་གསུངས་སོ། །སྐུའི་གཡོན་གྱི་རྩ་ལ་ལ་ནཱ་ནི་སོར་བཅུ་བདུན་ནས་རྒྱུའོ། ། 14-1-239a ངག་གི་རྩ་ར་ས་ནཱ་ནི་གཡས་ནས་སོར་བཅུ་གསུམ་ཚུན་ཆད་དུ་འགྲོའོ། །ཡིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ཅིག་ཅར་དབུས་མ་ནས་སྣ་བུག་གཉིས་འདོམ་པ་ནས་སོར་བཅོ་ལྔ་ཚུན་ཆད་དུ་འགྲོའོ། །དེ་བཞིན་དུ་འོག་ཏུ་ལྟེ་བ་དང་། གསང་བའི་གནས་ཀྱི་བར་དུ་ཡང་ལན་གསུམ་དུ་ འཁྱིལ་བར་བྱས་ནས། བཤང་བའི་རྩ་ནི་གཡས་ནས་འགྲོའོ། །གཅི་བའི་རྩ་ནི་གཡོན་ནས་འགྲོའོ། །དུང་ཅན་མ་ནི་དབུས་མ་ནས་གསང་བའི་རྡོ་རྗེའི་ནང་ནས་ཤེས་རབ་ཀྱི་པདྨའི་བྱ་གདོང་མར་འགྲོའོ། །གསང་བའི་པདྨའི་འོག་ཏུ་བཤང་བའི་རྩ་དབུས་སུ་འགྲོའོ། །གསང་བའི་རྡོ་ རྗེ་དང་ཤེས་རབ་ཀྱི་པདྨའི་གཡོན་ནས་གཅི་བའི་རྩ་འགྲོའོ། །གཡས་ཀྱི་རྩ་ར་ས་ནཱ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་འགྲོའོ་ཞེས་པ་ནི་རྩའི་ཀུན་དུ་སྤྱོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཞི་བ་མོར་ནི་ནང་གི་ལེའུར་གསུངས་ཏེ་འདིར་མ་བཤད་དོ། །འདི་ནི་དེ་བཞིན་ གཤེགས་པའི་བཀའི་ངེས་པའོ། །རྩའི་ཀུན་དུ་སྤྱོད་པ་བཤད་ཟིན་ཏོ། །ད་ནི་རླུང་གཉིས་རྒྱུ་བ་བརྗོད་པར་བྱ་སྟེ། སྲོག་དང་ཐུར་སེལ་ལན་གསུམ་རྒྱུ། །ཞེས་བྱ་བ་ནི་སྟེང་དུ་ལུས་དང་། ངག་དང་ཡིད་གསུམ་གྱི་རང་བཞིན་གཡོན་དང་། གཡས་པ་དང་། དབུས་མ་ནས་གྱེན་དུ་རྒྱུ་ བ་སྲོག་གི་རླུང་ངོ་། །འོག་ཏུ་རྒྱུ་བའི་རྡུལ་དང་། མུན་པ་དང་། སྙིང་སྟོབས་ཀྱི་རང་བཞིན་བཤང་བ་དང་། གཅི་བ་དང་། ཁུ་བའི་རྩའི་ལམ་ནས་རྒྱུ་བར་བྱེད་པའི་རླུང་ནི་ཐུར་དུ་སེལ་བའོ། །རྡོ་རྗེར་བཅས་པའི་པདྨ་ནི་ཤེས་རབ་རྣམས་ཀྱི་སྐྱེ་གནས་ཏེ། འབབ་པའི་བདེ་བ་སྟེར་བའི་ཕྱིར་ རོ། །ནོར་བུ་དང་བཅས་པའི་རྡོ་རྗེ་ནི་འཛིན་པའི་བདེ་བ་སྟེར་བའི་ཕྱིར་རོ། །བུད་མེད་ཀྱི་པདྨ་དང་ལྡན་པ་ཉིད་དེ། པདྨའི་ཟེ་འབྲུ་འབྱེད་པ་ཉིད་ཡིན་ནོ། །དབུས་སུ་རླུང་དང་ཕྲད་པ་ནི་ལྟེ་བའི་དབུས་སུ་གྱེན་དུ་རྒྱུ་བའི་སྲོག་གི་རླུང་དང་ཐུར་དུ་སེལ་བའི་རླུང་དག་ཕྲད་པའོ། །བྱ་གདོང་ མ་དང་དུང་ཅན་མ་གཉིས་ཕན་ཚུན་དུ་མི་གཡོ་བར་ཕྲད་དེ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་གཉིས་རྡོ་རྗེ་སྦུ་གུའི་ནང་དུ་པདྨའི་གེ་སར་ཞུགས་པས་མི་འཕོ་བའོ། །ཡུལ་ཞེས་པ་ནི་ཤེས་རབ་མའི་པདྨའོ། །ཡུལ་ཅན་ཞེས་པ་ནི་ཐབས་ཀྱི་རྡོ་རྗེའི་ནོར་བུའོ། །རྣམ་པར་དབྱེ་བ་མེད་ 14-1-239b ཅེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་ཅིང་མི་ཕྱེད་པའོ། །ཡུལ་རྣམ་ལ་ཡུལ་ཅན་རྣམས་ཏེ་མིག་ལ་སོགས་པའི་དབང་པོའི་སྒོ་མི་འཇུག་པ་སྟེ། དབུ་མར་རླུང་རྒྱུ་བའོ། །འཇུག་པ་ཞེས་པ་ནི་ལྟེ་བའི་པདྨའི་སྲོག་གི་རླུང་འཇུག་པའོ། །སེམས་མི་གཡོ་བ་དེ་ནི་སྔར་བཤད་ཟིན་ཏོ། །དུ་ བ་ལ་སོགས་པའི་མཚན་མ་རྣམས་ནི་ཨ་བ་དྷཱུ་ཏཱིར་སྲོག་གི་རླུང་ཆུང་བའི་སྒོ་ནས་འཛིན་པའོ། །ཡང་གི་སྒྲས་ནི་སྲོག་དེ་ཉིད་ལྟེ་བར་གཞོམ་དུ་མེད་པ་ལ་ཐིམ་པར་གྱུར་པའོ། །འདི་དག་ཐམས་ཅད་བྱིས་པའི་རང་བཞིན་ཅན་རྣལ་འབྱོར་པའམ། རྣལ་འབྱོར་མ་རྣམས་ལ་གསང་ཞེས་པ་ནི་ བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་མི་ཤེས་པ་རྨོངས་པ་རྣམས་དང་། དད་པ་ཤས་ཆུང་ཞིང་ཉོན་མོངས་པ་ཤས་ཆེ་བ་རྣམས་ལ་གསང་བ་ཞེས་བྱ་བ་ནི་སྦ་བར་བྱའོ། །དེ་རྣམས་ལ་མ་སྦས་པ་ཡིན་ན་རང་ཡང་དམྱལ་བར་ལྟུང་ལ། གཞན་ལ་ཡང་དེ་ལ་བརྟེན་ནས་དམྱལ་བར་འགྲོ་ཞེས་པ་ནི་ བཅོམ་ལྡན་འདས་ཀྱི་བཀའ་ངེས་པའོ། །རླུང་གཉིས་ཀྱི་རྒྱུ་བ་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་ལྔའི་ཟད་པ་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ། འདིར་གལ་ཏེ་ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་གཞག་པའི་རྣལ་འབྱོར་པ་མིག་མ་བཙུམས་པར་གྱུར་པ་དེ་ལྟ་ན་ནི་ གཡོན་པའམ། གཡས་པར་ཏེ་ས་ཞེས་པ་ནི་ཉེ་བར་མཚོན་པའོ། །གལ་ཏེ་གཡས་པར་སའི་དཀྱིལ་འཁོར་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་པ་དེ་ལྟ་ན་ནི། ཆོ་ག་འདི་ཡིན་གྱི་གཡོན་གྱི་རྩར་འབབ་པའི་དུས་སུ་ནི་མ་ཡིན་ཏེ། ནམ་མཁའི་དཀྱིལ་འཁོར་ལ་ སོགས་པ་ལ་རྒྱུ་བའི་ཕྱིར་རོ། །དེའི་ཕྱིར་གཡོན་པའམ་གཡས་པར། གང་སྲོག་གི་དཀྱིལ་འཁོར་འབབ་པ་དེའི་ཆོས་ཅན་གྱི་ཕྱིར་དེ་ཉིད་དཀྱིལ་འཁོར་དུ་བརྗོད་དོ། །དེའི་ཕྱིར་གཡས་ཀྱི་རྩའི་སའི་དཀྱིལ་འཁོར་ལས་སྲོག་གི་ཆུའི་དཀྱིལ་འཁོར་དུ་འགྲོ་སྟེ། དེ་ལྟར་ཡེ་ཤེས་ ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལས་ནི་ནམ་མཁའ་ལ་སོགས་པར་འགྲོ་སྟེ། དེ་ལྟར་སྟོང་པར་འགྲོའོ། །མཚན་མ་རྣམ་པ་བཅུ་རུ་འགྱུར། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་སུ་འགྱུར་རོ། །གཟུགས་ལས་མི་འགྱུར་བའི་ 14-1-240a བདེ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དེ་ཉིད་དོ། །ཡེ་ཤེས་ལས་རྫུ་འཕྲུལ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དངོས་གྲུབ་ཅེས་པ་ནི་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་ཏེ། མི་རྣམས་སྐྱེ་བ་འདི་ཉིད་ལ། །ཐོབ་པར་ འགྱུར་རོ་མི་བདག་ཀྱེ། །ཞེས་བྱ་བ་སྟེ་ལམ་དུ་ཞུགས་པའི་ངེས་པའོ། །ད་ནི་རང་གི་སེམས་འདི་སྣང་བ་ལ་འཇུག་པ་བརྗོད་པར་བྱ་སྟེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟར་བཀའ་གསང་སྔགས་རྡོ་རྗེའི་ཐེག་པ་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་བཅོམ་ལྡན་འདས་ཀྱིས་ནི་རྣལ་འབྱོར་པ་རྣམ་པ་གཉིས་ལ་གོམས་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པ་འདི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པར་ཡང་བརྒྱ་བྱིན་གྱི་ལེའུར་གསུངས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས་གང་ལ་རྣལ་འབྱོར་དུ་བྱེད། རྣལ་འབྱོར་པས་རྣལ་འབྱོར་ཇི་ལྟར་རྙེད་པར་འགྱུར། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་ སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། བླ་གབ་མེད་པ་ལ་རྣལ་ འབྱོར་དུ་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་ནམ་མཁའ་བླ་གབ་ཡོད་པ་ལ། རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱ་བ་དང་། ཀཽ་ཤི་ཀ་ཡང་ནམ་མཁའ་བླ་གབ་མེད་པ་ལ་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱའོ། །དེ་ལ་ གང་ཞིག་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པའི་རྣལ་འབྱོར་པའི་སྤྱོད་ལམ་ནི་སྔར་གོང་དུ་བསྟན་ཟིན་ཏོ། །བླ་གབ་ཡོད་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་དང་པོ་ཁྱིམ་ཆེན་པོ་དཔངས་མཐོ་བའི་ཕྱོགས་ཐམས་ཅད་ཞལ་ཞལ་བྱས་པ། བུ་ག་རྟ་རྔ་ཡང་ 14-1-240b མི་ཤོང་བར་ཚགས་བསྡམས་ལ་ཁྱིམ་ཆེན་པོའི་ནང་དུ་མུན་པའི་ནམ་མཁའ་ལ་དངོས་པོ་ཐམས་ཅད་ལ་ཞེན་པའི་སེམས་ཆ་ཕྲ་མོ་ཙམ་ཡང་མེད་པར་ཡོངས་སུ་སྤངས་པས། མུན་པ་ལ་ཀུན་ནས་དང་བས་ཡོངས་སུ་བརྟགས་པ་ས་ནི་རྣལ་འབྱོར་པ་དེ་ལ་དང་པོ་དུ་བ་ལ་སོགས་ པའི་རྟགས་ལྔ་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །རྟོག་པ་ཐམས་ཅད་ཡོངས་སྤངས་ཤིང་། །ཉིན་ཞག་གཅིག་ལ་རྣམ་པར་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་བཅོམ་ལྡན་འདས་ཀྱི་བཀའ་དམ་པའོ། །མིག་དག་མི་འཛུམས་ པ་ནི་མིག་གཙུག་ཏོར་ལ་བལྟས་ཏེ། སྨིན་མ་བཏེག་ལ་ཁ་གདངས་པའམ། ཡང་ན་བཙུམས་ཀྱང་རུང་སྟེ། ལུས་མི་འགུལ། མི་བརྐྱང་བར་བྱས་ལ་རྣལ་འབྱོར་དུ་བྱའོ། །རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །ཞེས་པ་ནི་འདིར་སྲོག་གི་རླུང་རྩ་དབུས་མ་ཨ་བ་དྷཱུ་ཏཱིར་དབང་ མེད་དུ་བླ་མའི་མན་ངག་གིས་ཞུགས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་ལས་དབུས་མར་ཞུགས་པའོ། །ནམ་མཁའ་ལ་ཞེན་པའི་སེམས་ཀྱིས་ཞེས་བྱ་བ་ནི་བླ་གབ་ཡོད་པ་ལ་རྣལ་འབྱོར་པས་མིག་བཙུམས་པ་དང་། རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་རྟགས་དུ་བ་ ལྟ་བུ་དང་། སྨིག་རྒྱུ་དང་། རབ་གསལ་དང་། མར་མེ་དང་། དྲི་མ་མེད་པའི་ནམ་མཁར་སྣང་བ་རྣམས་ནི་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །དེ་ནི་ཁྲོ་བོ་གཙུག་ཏོར་རྒྱལ་པོའི་ལྟ་བས་བསྒོམ་པར་བྱའོ། །ཉིན་མོའི་རྣལ་འབྱོར་ཞེས་པ་ནི་བླ་གབ་མེད་པའི་ནམ་མཁའ་སྤྲིན་མེད་ པའི་དངས་པ་ལ་རྣལ་འབྱོར་བྱེད་པ་ནི་རྒྱལ་པོའི་ལྟ་སྟངས་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་འཁོར་མི་རྣམས་ཀྱི་ནང་ན་འདུག་ཀྱང་། འཁོར་མི་རྣམས་ཀྱིས་རྒྱལ་པོ་ལ་རྒོལ་བ་ལ་སོགས་པ་མི་ནུས་ཏེ། རྒྱལ་པོ་དེ་ཡང་འཁོར་རྣམས་ལ་འཇིགས་པའམ། བག་འཁུམ་པའམ། སྤུ་ ཟིང་ཞེས་བྱེད་པར་མི་འགྱུར་ཏེ། རྒྱལ་པོ་དེའང་འཁོར་མི་རྣམས་ཀྱི་ཡིད་དུ་འོང་བ་དང་། མཐོང་ན་དགའ་བར་འགྱུར་རོ། །རྒྱལ་པོ་དེས་ཀྱང་འཁོར་མི་ཐམས་ཅད་ཀྱི་རྟེན་དང་སྟེགས་བྱེད་ཅིང་། རྒྱལ་པོའི་བྱ་བ་བྱེད་ལ་རྒྱལ་སྲིད་སུས་ཀྱང་མི་འཕྲོགས་པ་དེ་བཞིན་དུ་ཉིན་མོའི་རྣལ་ 14-1-241a འབྱོར་བྱེད་པའི་རྣལ་འབྱོར་པ་ཡང་རྒྱལ་པོ་དང་འདྲ་སྟེ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་སྒྱུ་དང་། བདུད་ལ་སོགས་པ་རྣམས་ཀྱིས་གླགས་མི་རྙེད་དེ་གཏན་འབྱུང་བར་མི་ འགྱུར་རོ། །དེས་ན་རྒྱལ་པོའི་འདུག་སྟངས་དང་ཁེངས་པའི་འདུག་སྟངས་ཞེས་བྱའོ། །སངས་རྒྱས་ལྔ་བདག་གཟུགས་ཉིད་ནི། །སྒྲུབ་པ་ཆེ་ལ་རྣམ་པར་བརྟག །ཅེས་ཕྱག་ན་རྡོ་རྗེའི་སྟོད་འགྲེལ་ལས་འབྱུང་ངོ་། །དེས་ནི་ཉིན་མོ་དང་མཚན་མོའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་ བདུད་རྩི་འཁྱིལ་པའི་ལྟ་སྟངས་བརྗོད་པར་བྱ་སྟེ། བདུད་རྩི་འཁྱིལ་པའི་ལྟ་སྟངས་ཞེས་པ་ནི་མིག་དྲང་པོར་བལྟ་བ་སྟེ། དྲང་པོར་བལྟས་པས་ནི་སྙིང་ག་ན་གཉིད་ལོག་པ་ལྟ་བུའི་བདུད་རྩི་གནས་པའོ། །རྣལ་འབྱོར་པའི་སྤྱོད་ལམ་ནི་མདུན་དྲང་པོར་མིག་མི་འཛུམས་པར་རྣལ་ འབྱོར་པས་ཅིར་ཡང་མི་དམིགས་ཤིང་། ཅིར་ཡང་མི་རྟོག་པར་དངོས་པོ་ཐམས་ཅད་ཡོངས་སུ་སྤངས་ནས་དེ་ཉིད་དང་གཞན་ཉིད་དུ་ཁམས་གང་དུ་ཡང་མི་ལེན་པར་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་གནས་པའོ། །དེས་ནི་བདུད་རྩི་འཁྱིལ་པའི་ལྟ་སྟངས་བཤད་ཟིན་ཏོ། ། ད་ནི་ཞི་བ་ལྷའི་འདུག་སྟངས་བཤད་པར་བྱ་སྟེ། ལྷའི་གཟུགས་སུ་བསྒོམ་པར་བྱ། །ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་ཀྱི་ལྟེ་བར་ཨ་དམར་པོ་གཅིག་གསལ་བར་བསྒོམས་ཤིང་བསམས་པ་དེ་ལ། གསང་བ་ཡེ་ཤེས་ཀྱི་མེ་འབར་བར་གྱུར་པས་ལྟེ་བའི་ཨ་ལ་ཕོག་པས་ཨ་དྲོ་བར་ གྱུར་པ་དང་། དྲོ་བ་ལས་ཀྱང་མེ་འབར་བར་གྱུར་ཏེ། སྟོང་པ་ཉིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ནས་ཡར་ཞུགས་ནས་རང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་ལྔ་རྣམས་བསྲེགས་པས་ཐིག་ལེ་བཞིར་གྱུར་ཏོ། །ཐིག་ལེ་བཞི་ནི་གཟུགས་ཞུ་བར་གྱུར་པ་དང་། ཁམས་ ཞུ་བར་གྱུར་པ་དང་། སྐྱེ་མཆེད་ཞུ་བར་གྱུར་པ་དང་། དབང་པོ་ཞུ་བར་གྱུར་པའི་ཐིག་ལེ་རྣམས་སོ། །ལྟེ་བ་ལས་འབར་ཙཎྜ་ལཱི། །བདེ་གཤེགས་ལྔ་ནི་བསྲེགས་ནས་སུ། །སྤྱན་མ་ལ་སོགས་ལྔ་བསྲེགས་ཏེ། །ཧཾ་བསྲེགས་རི་བོང་ཅན་ལས་ཀྱང་། །བཞུ་ནས་ལྟེ་བར་ཐིམ་པར་ 14-1-241b འགྱུར། །ལྟེ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་གཞོམ་དུ་མེད་པའོ། །ལས་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེད་པའོ། །འབར་ཞེས་པ་ནི་འདོད་ཆགས་ཀྱི་མེ། ཤེས་རབ་ཀྱི་ཆགས་པས་རབ་ཏུ་འབར་བས་དུག་གསུམ་བསྲེག་པའོ། །ཙཎྜ་ ལཱི་ཞེས་བྱ་བ་ནི་བདེ་བ་མྱུར་དུ་འགུགས་པར་བྱེད་པས་ན་གཏུམ་མོའོ། །བདེ་གཤེགས་ལྔ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལྔ་ནི་དེ་བཞིན་གཤེགས་ པ་ལྔའི་རང་བཞིན་ཏེ། བག་ཆགས་ཀྱི་ལུས་ཡིན་པས་ནི་བསྲེགས་པ་ཁོ་ནའོ། །སྤྱན་མ་ལ་སོགས་ཤེས་པ་ནི་སའི་ཁམས་ནི་ཌཱ་ཀི་ནཱིའོ། །ཆུའི་ཁམས་ལཱ་མའོ། །མེ་ཁམས་ནི་ཁཎྜ་རོ་ཧཱིའོ། །རླུང་གི་ཁམས་ནི་རཱུ་པི་ནཱིའོ། །ནམ་མཁའི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་ དབང་ཕྱུག་མའོ། །དེ་རྣམས་ནི་ཁམས་ལྔ་ཡིན་ཏེ། ལུས་བསྐྱེད་པས་སོ། །བསྲེག་པ་ནི་སྤྱན་ལ་སོགས་པ་ལྷ་མོ་རྣམས་སོ། །ལྔ་ཞེས་པ་ནི་སྐྱེ་མཆེད་ལྔ་ཡིན་ཏེ། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་ ལྔ་བསྲེགས་པའོ། །བསྲེགས་པའི་སྒྲས་ནི་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་སྟེ་དེ་རྣམས་བསྲེགས་ཤིང་མེད་པར་བྱས། རྣལ་འབྱོར་པའི་ཉོན་མོངས་པ་དང་། བག་ཆགས་ངན་ པ་ཞན་པ་དང་བཅས་པའི་དངོས་པོ་རྣམས་ལ་ཆགས་པར་བྱེད་པ་འདིར་བསྲེགས་པ་ཞེས་པ་ནི་རྣལ་འབྱོར་པའི་སེམས་ཀྱི་སྣང་བའོ། །ཡང་དག་པར་ནི་བསྲེགས་པ་དང་མི་བསྲེག་པ་གང་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བཀའ་ནས་འབྱུང་ངོ་། །སྟེ་ཞེས་པ་ནི་བླ་མ་དམ་པའི་ གདམས་ངག་གིས་ཟིན་པའི་རྣལ་འབྱོར་པ་རྣམས་ཀྱིས་གྱིས་ཤིག་པའོ། །ཧཾ་ཞེས་པ་ནི་སྤྲུལ་པའི་འཁོར་ལོ་ནས་བརྩམས་ཏེ། གཙུག་ཏོར་གྱི་འཁོར་ལོའི་བར་དུ་ཐུག་པའི་ཡི་གེ་ཨཱ་ལི་དང་ཀཱ་ལི་རྣམས་བསྲེགས་ཤིང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། པདྨའི་ 14-1-242a འདབ་མ་བརྒྱ་ལྔ་བཅུ་རྩ་དྲུག་པོ་ཐམས་ཅད་བསྲེགས་ཤིང་མེད་པར་བྱས་པའོ། །རི་བོང་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ལ་གནས་པའི་ཐིག་ལེ་བཞི་ཧཾ་དང་བཅས་པའི་ཚེས་བཅུ་གཅིག་གི་ཟླ་བ་ལྟ་བུའི་རང་བཞིན་དུ་བཞུ་ནས། ལྟེ་བ་གཞོམ་དུ་མེད་པར་ ཐིམ་པར་གྱུར་ཅིང་འདྲེས་པའི་བདེ་བ་དང་བཅས་པར་གནས་པའོ། །ཅན་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་དུས་ཐམས་ཅད་དུ་གནས་ཞེས་པའི་དོན་ཏོ། །ཀྱང་ཞེས་པ་ནི་ཐམས་ཅད་བཞུ་ནས་གཞོམ་དུ་མེད་པ་ལ་ཐིམ་པའོ། །གཞོམ་དུ་མེད་པ་དེ་ཉིད་ཀྱང་ཞུ་བར་འགྱུར་ བས་ཤིན་ཏུ་ཆ་ཕྲ་བར་གྱུར་ཅིང་། སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤགས་པའི་ཚད་དུ་ཡང་མི་དམིགས་ཤིང་མ་ཞེན་པ་ནི་ཞི་བ་ལྷའི་གཟུགས་སུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷའི་གཟུགས་ཀྱི་བསྒོམ་པ་བཤད་ཟིན་ཏོ། །ཡང་ལྷའི་གཟུགས་ཀྱི་བསྒོམ་པ་བརྗོད་ པར་བྱ་སྟེ། རྣལ་འབྱོར་པས་ཤེས་རབ་ཀྱི་པདྨའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་བསམས་ནས། དངོས་པོ་ཐམས་ཅད་རྗོད་པར་བྱེད་པའི་ནུས་པ་འདི་ལ་ཡོད་པས། བདག་ཉིད་ཀྱིས་ཀྱང་ནུས་པ་དེ་བཙལ་བར་བྱེད་པའི་དོན་འདི་ལ་ནུས་པ་ཡོད་དོ་བསམས་ ནས། ཆོས་ཀྱི་འབྱུང་གནས་ཀྱི་དབུས་ན་གནས་པའི་གེ་སར་ཡི་གེ་རའི་རྣམ་པ་ལྟ་བུའམ། ཡི་གེ་ཨའི་རྣམ་པ་ལྟ་བུ་དེ་ཐབས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་བཙུད་པས་ཆོས་ཀྱི་འབྱུང་གནས་ཀྱི་ཨ་དེ་རྡོ་རྗེས་ཕྱེད་མར་བཅད་པས། གཡོན་པ་རཾ་དུ་གྱུར་ནས་དྲོད་སྐྱེད་པར་ བསམ་མོ། །གཡས་པ་ཡཾ་དུ་གྱུར་ནས་རླུང་གི་རང་བཞིན་དུ་གྱུར་ཏེ། ཕན་ཚུན་དུ་འགྲོགས་ནས། རླུང་གིས་རཾ་ལ་ཕོག་པས་དྲོ་བར་གྱུར་ནས་དྲོ་བ་ལས་ཀྱང་མེའི་རང་བཞིན་དྲོ་བར་གྱུར་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་ཨ་དྲོས་ནས་མེ་འབར་བས། གསང་བའི་རྡོ་རྗེ་ ནོར་བུའི་སྦུ་གུའི་ནང་ན་ཡར་ཙཎྜ་ལཱི་ཞུགས་ནས་འཁོར་ལོ་དྲུག་དང་བཅས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། ལས་ཀྱི་དབང་པོ་དང་། ལམ་གྱི་དབང་པོའི་བྱ་བ་ལ་སོགས་པ་ཐམས་ཅད་བསྲེགས་ཤིང་། 14-1-242b མེད་པར་བྱས་ནས་བདེ་བ་དང་བཅས་པ་རང་བཞིན་མེད་པར་བསྒོམ་པར་བྱའོ། །ཡང་ཤེས་རབ་མས་བསམ་པ་ནི། ཐབས་ཀྱི་གསང་བ་རྡོ་རྗེ་དུང་ཅན་མ་ནས་པདྨའི་བྱ་གདོང་མའི་དབུས་སུ་ཞུགས་ནས་ཡར་ཟླ་བའི་རང་བཞིན་བསིལ་བའི་རླུང་ཨ་བ་དྷཱུ་ཏཱི་ནས་འཐོན་ནས་ འཁོར་ལོ་དྲུག་ལ་སོགས་པ་བསྲེགས་ཤིང་མེད་པར་བྱས་པ་ནི་སྔ་མ་དང་མཐུན་ནོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས། །གཉིས་སུ་མེད་པའི་བདེ་བ་དེ་ཉིད་ལ། །དམིགས་ཤིང་སེམས་གཟུང་འཛིན་གཉིས་དང་བྲལ་ནས། བདེ་བ་དེ་ཉིད་ལ་བརྟེན་ཅིང་སྟོང་པ་ཉིད་དང་སྙིང་རྗེ་ དབྱེར་མི་ཕྱེད་པར་གཉིས་སུ་མེད་པར་རྣལ་འབྱོར་པས་བསྒོམ་པ་ནི་ཆགས་པའི་ལམ་པའི་ཞི་བ། ལྷའི་གཟུགས་སུ་བསྒོམ་པའོ། །ཆགས་པའི་ལམ་པའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་རྟགས་རྣམས་བརྗོད་པར་བྱ་སྟེ། ཉིན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་ དྲུག་ནི་གསང་བའི་གསང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་གླུའི་ལེའུར་གསུངས་སོ། །དེ་ཡང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་མཛད་པ། །ཡེ་ཤེས་འོད་ཟེར་ལྷམ་མེ་བ། ། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་གསུངས་སོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ནི་སྤྲིན་མེད་པའི་ ནམ་མཁའ་ལ་རྣལ་འབྱོར་པས་བསྒོམས་པས་འབར་བ་ལྟ་བུར་རྣལ་འབྱོར་པས་མཐོང་བའོ། །འོད་ཆེན་རྣམ་པར་སྣང་མཛད་པ། །ཡེ་ཤེས་འོད་ཟེར་ལྷམ་མེ་བ། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བའོ། །འགྲོ་བའི་མར་མེ་ ཞེས་པ་ནི་ཉིན་མོའི་དཀྱིལ་འཁོར་ནི་འགྲོ་བ་རྣམས་ལ་མར་མེ་དང་འདྲ་བས་འགྲོ་བའི་མར་མེའོ། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་པས་མཐོང་བའོ། །ཡེ་ཤེས་སྒྲོན་ཞེས་པ་ནི་རྡོ་རྗེའི་སྒྲ་གཅན་སེམས་རང་གིས་རྟོགས་པ་ནི་རང་གི་ཡེ་ཤེས་སྣང་བས་ན་རང་ 14-1-243a ལ་སྒྲོན་མ་དང་འདྲ་སྟེ་ཡེ་ཤེས་སྒྲོན་མ་དང་། རྣལ་འབྱོར་པ་རྣམས་ཀྱིས་འཇའ་ཚོན་ལྟ་བུར་མཐོང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ནི་མཆོག་གི་ཆ་སྟེ་གློག་ལྟ་བུ་ཡིན་ཏེ། ཁ་དོག་དམར་པོ་འཁྱུག་པ་མྱུར་བར་སྣང་ཞིང་མི་རྟག་པར་མཐོང་ བའོ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག །ཅེས་པ་ནི་ཐིག་ལེ་ཁ་དོག་རྣམ་ལྔར་སྣང་ཞིང་ཤིན་ཏུ་ཆ་ཕྲ་བར་རྣལ་འབྱོར་པས་མཐོང་བའོ། །དེ་ལྟར་རྟགས་དང་མཚན་མ་བཅུ་གཅིག་རྣལ་འབྱོར་པས་མཐོང་བ་ནི་བཅུ་གཅིག་སློབ་དཔོན་ལས་ཐོབ་ཅིང་། བཞི་པ་རྣལ་འབྱོར་ པས་ཉམས་སུ་མྱོང་ཞིང་། ཉམས་སུ་བླངས་པས་ཚེ་འདི་ལ་འབྲས་བུ་ས་བཅུ་གཅིག་ཐོབ་པར་འགྱུར་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་ཀྱང་གསུངས་ལ། དཔལ་མཆོག་གི་དང་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་ འདི་སྐད་ཅེས་གསུངས་ཏེ། བུམ་པའི་དབང་བསྐུར་ས་བརྒྱད་ཡི་ན། །གསང་བའི་དབང་བསྐུར་ས་དགུ་པ། །ཤེས་རབ་ཡེ་ཤེས་བཅུ་ཡིན་ཏེ། །བཞི་པ་བཅུ་གཅིག་ས་པར་བཤད། །ཅེས་འབྱུང་ངོ་། །དེ་བཞིན་དུ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མའི་ཡང་ཕྱི་ མར་ནི། བཅོམ་ལྡན་འདས་ཀྱིས་མཚན་མོའི་རྣལ་འབྱོར་གྱི་རྟགས་ལྔ་གསུངས་སོ། །སྒྱུ་འཕྲུལ་དྲ་བ་འཇམ་དཔལ་རྡོ་རྗེའི་གླུའི་ལེའུར་ནི། བཅོམ་ལྡན་འདས་ཀྱིས་ཉིན་མོའི་རྣལ་འབྱོར་རྟགས་རྣམ་པ་དྲུག་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་ པ་ནི་བུམ་པ་དང་། སྣམ་བུ་དང་། རེ་ལྡེ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་རྣལ་འབྱོར་པའི་ཡིད་ཀྱི་ཤེས་པ་ལ་མཐོང་བའོ། །དེའི་དབུས་སུ་ཞེས་པ་ནི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་ མཐོང་བ་དེ་ནི་རྣལ་འབྱོར་པ་དེས་ཡིད་ཀྱིས་ཡིན་གྱི་མིག་གིས་ནི་མ་ཡིན་ནོ། །ཕྱི་ནས་མིག་གིས་ཀྱང་མཐོང་ལ། ཡིད་ཀྱིས་ཀྱང་མཐོང་བར་འགྱུར་རོ། །ཡུལ་དང་རྣམ་པར་བྲལ་ཞེས་པ་ནི་རྫས་སུ་མེད་པས་གཟུང་ཞིང་དཔྱད་དུ་མེད་པ། བརྟགས་མ་ཡིན་པའི་ལོངས་སྤྱོད་ 14-1-243b རྫོགས་པའི་སྐུ་དུ་མ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཞལ་མཐོང་བར་འགྱུར་རོ། །དེས་ན་རྣལ་འབྱོར་པ་དེས་སྐུའི་སྦྱོར་བས་མི་ཤིགས་པའི་སྒྲ་དང་ནམ་མཁའ་ལ་བདག་ཉིད་ཀྱི་རྣ་བས་ཆོས་ཀྱི་སྒྲ་ཐོས་པར་འགྱུར་རོ། །ཡང་ནམ་མཁའི་དཀྱིལ་ན་དེ་བཞིན་གཤེགས་ པ་རྣམས་ཆོས་འཆད་ཅིང་བཞུགས་པའི་སྒྲ་ཐོས་ཤིང་། མིག་གིས་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནམ་མཁའི་དཀྱིལ་ན་ཉན་ཐོས་ཀྱི་འཁོར་བྱེ་བ་བརྒྱ་སྟོང་དང་ལྷན་ཅིག་ཏུ་འགྲོ་བའི་དོན་མཛད་པའི་ཡུལ་རྣམས་མཐོང་བར་འགྱུར་ རོ། །དེ་ལྟར་རྣལ་འབྱོར་པས་གཟུགས་སུ་སྣང་བ་མཐོང་བ་ནི་རྣལ་འབྱོར་པ་ལ་སྤྲུལ་པའི་སྐུར་སྣང་བའོ། །སྒྲར་རྣལ་འབྱོར་པ་ལ་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །མིག་གིས་མཐོང་བ་ནི་ཆོས་ཀྱི་སྐུ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ནི་ཕྱིའི་རྟགས་ བཤད་པའོ། །ད་ནི་ནང་གི་རྟགས་བརྗོད་པར་བྱ་སྟེ། འདིར་ནི་ཉིན་མོའི་སྦྱོར་བ་ཡིས། །ཆུ་འཛིན་དང་ནི་བྲལ་བ་ཡི། ནམ་མཁའ་བརྟན་པོར་བལྟ་བ་ཡིས། །རྣལ་འབྱོར་པ་ཡིས་འགྲུབ་པར་འགྱུར། །སྔ་དྲོ་དང་ནི་ཕྱི་དྲོ་ཡང་། །ཐུན་གཉིས་སུ་ནི་བསྒོམ་པར་བྱ། །སྔ་ དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །དམིགས་པ་བརྟན་པར་རབ་བྱ་ཞིང་། །གཞན་དུ་ན་ནི་ཉི་མ་ཡིས། །རབ་རིབ་ཅན་དུ་འགྱུར་བར་བཤད། །དེ་ཡི་གནོད་པ་བསལ་བྱས་ཏེ། །ཉིན་ཞག་སོ་སོར་ལྟ་བའོ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་ སྐྲ་ཡི་ཚད། །དྲི་མ་མེད་པའི་འོད་འཕྲོ་བ། །དུས་ཀྱི་རྫས་ནི་མཐོང་བ་ཡིན། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །དེ་ལ་ཚིག་བཅུ་གཉིས་ནི་སྔར་བསྟན་པས་གོ་སླའོ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །ཞེས་བྱ་བ་ནི་ལྟེ་བར་ཞུ་བའི་ ཐིག་ལེའོ། །རི་མོ་ནག་པོ་ཞེས་པ་ནི་ལྟེ་བའི་འོག་སཱུ་ན་གུའི་མཚམས་ན། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཁ་དོག་གནག་པ་མཐོང་བའོ། །སྐྲའི་ཚད་ཅེས་པ་ནི་ཤིན་ཏུ་ཕྲ་བ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན་པས་ཤིན་ཏུ་གནག་པའོ། །སྐྲའི་ཚད་ཙམ་ལ་སོར་ 14-1-244a གཅིག་པར་གནས་པ་མཐོང་བར་འགྱུར་རོ། །བ་ཐག་བརྐྱང་བ་ལྟ་བུའམ། དར་དཀར་གྱི་སྐུད་པ་བརྐྱང་བ་ལྟ་བུ་མཐོང་བའོ། །དྲི་མ་མེད་པ་ཞེས་པ་ནི་ལུས་དྲི་མ་མེད་པ་དང་། ངག་དྲི་མ་མེད་པ་དང་། ཡིད་དྲི་མ་མེད་པ་དང་། ཡེ་ཤེས་དྲི་མ་མེད་པར་གྱུར་པས་ན་དྲི་མ་ མེད་པའོ། །འོད་འཕྲོ་བ་ཞེས་པ་ནི་ཤེས་པ་ཤེལ་སྒོང་ཕྱིས་པ་ལྟར་དངས་ཤིང་གསལ་བ་ནི་འོད་འཕྲོ་བའོ། །དུས་ཀྱི་ཞེས་པ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་ཀུན་གཞི་འགྲོགས་ནས་ཆོས་ཀྱི་སྐུར་གྱུར་པའོ། །རྫས་ནི་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དོན་དམ་པ་ལ་ ཐིམ་པའོ། །མཐོང་བ་ནི་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འབྱུང་བ་བཞིས་མ་བསྐྱེད་པའི་གཞོམ་དུ་མེད་པ་ལྟེ་བའི་འོག་ཏུ་མཐོང་བའོ། །འོག་ཏུ་མཐོང་བའི་སྒྲས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་མེས་སྨིན་མཚམས་སུ་ཁ་དོག་དཀར་པོའི་རྣམ་པར་མཐོང་བའོ། །དེ་མཐོང་བས་འོད་ གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་གྱུར་པའོ། །ཞེས་བྱ་སྟེ། དེ་ཡང་དབུ་མའི་རྩ་ཨ་བ་དྷཱུ་ཏཱིར་ཡིད་ཆུད་པའི་རྣལ་འབྱོར་པས་མཐོང་བ་ཡིན་ཏེ། ཡིད་མ་ཆུད་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ སྐུ་དེས་ནི་ཁམས་གསུམ་མ་ལུས་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་ས་ལེར་མཁྱེན་པའོ། །ཆུ་ནང་ཉི་ལྟར་རབ་སྣང་བ། །དྲི་མ་མེད་པའི་སྣ་ཚོགས་མདོག །རྣམ་པ་ཀུན་དུ་རང་གི་སེམས། །གཞན་གྱི་སེམས་མིན་རང་གི་སེམས། །རང་གི་སེམས་ཡིན་བདེ་ བ་ཉིད། །གཞན་གྱི་སེམས་མིན་བདེ་བ་ཡིན། །ཡུལ་དང་རྣམ་པར་བྲལ་བ་ཡིན། །རང་བདེ་ཡིད་ཀྱི་ཉམས་མྱོང་བ། །གཞན་གྱི་སེམས་བདེ་ཆེན་པོའི་ཕྱིར། །བདེ་བ་བསྟན་དུ་མི་བཏུབ་བོ། །ཞེས་འབྱུང་ངོ་། །འདིར་དང་པོ་རང་གི་སེམས་ཀྱི་སྣང་བའི་དེ་བཞིན་གཤེགས་པའི་ཤའི་མིག་ གིས་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །ལྷའི་མིག་གིས་དཔག་ཚད་ཉིས་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པས་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཡང་དག་པར་སྡུད་པར་སྤྱན་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ 14-1-244b རྣམས་ཀྱང་འདི་ལྟ་སྟེ། རིམ་པ་བཞིན་དུ་ཤའི་སྤྱན་དང་། ལྷའི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་རྣམས་རྣལ་འབྱོར་པས་སེམས་ཨ་བ་དྷཱུ་ཏཱིར་བཙུད་ཅིང་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་མཁྱེན་ པས་མ་གཟིགས་པ་དང་། མ་མཁྱེན་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ནལ་འབྱོར་པས་སྲོག་གི་རླུང་ཞེས་པ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་དབུ་མར་ཚུད་ནས། སྣ་བུག་གཡོན་པ་དང་གཡས་པ་ལ་རྣལ་འབྱོར་པ་རྣམས་ལ་མི་རྒྱུ་ན། ཕྱག་རྒྱ་ཆེན་པོའི་རྣལ་ འབྱོར་པ་བསྒོམས་པའི་སྟོབས་ཀྱིས་དབུགས་བརྒྱད་བརྒྱ་རྣལ་འབྱོར་པས་འགོག་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་འགོག་ན་ནི་ས་དང་པོ་ཐོབ་པར་འགྱུར་རོ། །དེ་ལ་ཡེ་ཤེས་དང་འབྲས་བུ་ནི་ཤའི་སྤྱན་རྣམ་པར་དག་པ་ཐོབ། མཐོང་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ གཅིག་མཐོང་བར་འགྱུར་རོ། །འཕོ་བ་གཉིས་པ་འགོག་པས་ས་གཉིས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་གསུམ་པ་འགོག་པས་ས་གསུམ་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ས་གསུམ་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསུམ་མཐོང་བར་འགྱུར་རོ། །འཕོ་བ་བཞི་པ་འགོག་པས་ས་བཞི་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱད་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་ལྔ་པ་འགོག་པས་ས་ལྔ་པ་སངས་རྒྱས་ཀྱི་སྤྱན་ རྣམ་པར་དག་པ་མི་ལས་འདས་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། །འཕོ་བ་དྲུག་པ་སྲོག་གི་རླུང་ཁྲི་བརྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པར་གྱུར་ན་ནི། ས་དྲུག་པ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ མཐོང་བར་འགྱུར་རོ། །འཕོ་བ་བདུན་པའི་སྲོག་གི་རླུང་འགྲོགས་པས་ནི་ས་བདུན་པ་ཐོབ་པར་འགྱུར་རོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་མཐའ་ཚུན་ཆད་མཐོང་བར་འགྱུར་ཏེ། ས་དེ་རྣམས་ཐོབ་ཅེས་པ་ནི་བྱིས་པ་རྣམས་གཞུག་པའི་ཕྱིར་རོ། །དབང་ཐོབ་ 14-1-245a ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །ཡང་དག་པའི་དོན་ནི་མ་ཡིན་ནོ། །དེ་ཡང་བཤད་ན་ཆུ་དང་ཅོད་པན་གཉིས་ཀྱིས་སྐུའི་ཞལ་ནས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་གཉིས་པར་ལུང་བསྟན་ཏོ། །དར་དཔྱངས་དང་རྡོ་རྗེ་ དྲིལ་བུ་གཉིས་ཀྱིས་གསུང་གི་ཞལ་ནས་དབང་བསྐུར་བས་ངག་གི་སྒྲིབ་པ་དག་པར་བྱས་ནས་ས་བཞི་པ་ཐོབ་པར་འགྱུར་རོ། །བརྟུལ་ཞུགས་དང་མིང་གི་དབང་ཐུགས་ཀྱི་ཞལ་ནས་བསྐུར་བས་ནི་ཡིད་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་དྲུག་པ་ཐོབ་པར་འགྱུར་རོ། །སློབ་དཔོན་དུ་གནང་བ་ནི་ཡེ་ ཤེས་ཀྱི་ཞལ་ནས་དབང་བསྐུར་བས་ནི་ཡེ་ཤེས་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་བདུན་པར་ལུང་བསྟན་ཞིང་ཐོབ་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཀུན་རྫོབ་ཏུ་བྱིས་པ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །འཕོ་བ་བརྒྱད་པའི་སྲོག་གི་རླུང་འགོག་པས་ཀྱང་ས་བརྒྱད་པ་ཐོབ་ལ། བུམ་པའི་དབང་ བསྐུར་བ་ཐོབ་པས་ཀྱང་ས་བརྒྱད་པ་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ཐོབ་པའི་མངོན་པར་ཤེས་པ་ནི་ཤེས་རབ་ཀྱི་སྤྱན་གྱི་རྣམ་པར་དག་པ་མིའི་ལས་འདས་པ་ཕྱིར་མི་ལྡོག་པའི་ས་ཐོབ་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཐའ་ཚུན་ཆད་འཐོབ་པར་འགྱུར་ རོ། །འཕོ་བ་དགུ་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་དགུ་པ་ཐོབ་ལ། གསང་བའི་དབང་བསྐུར་བ་ཐོབ་པས་ཀྱང་ས་དགུ་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལས་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་ དྲུག་གི་མཐའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་བཅུ་པ་ཐོབ་ཅིང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་ཀྱང་ས་བཅུ་པ་ནི་འཇམ་པའི་རྡོ་རྗེ་དང་མཚུངས་ཏེ། མངོན་པར་ཤེས་པ་ནི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་མཐའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཅིག་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་བཅུ་གཅིག་པ་ཐོབ་ལ། དབང་བཞི་པ་འཇིག་རྟེན་ལས་འདས་པའི་དབང་ཐོབ་པས་ཀྱང་ས་བཅུ་གཅིག་སངས་རྒྱས་ 14-1-245b ཀྱི་ས་སྟེ་སྒྲིབ་པ་གསུམ་སྤངས་པའོ། །མངོན་པར་ཤེས་པ་ལས་ཡེ་ཤེས་ཀྱི་སྤྱན་ལྔ་ཐོབ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང་། ཉི་ཤུ་རྩ་བཞིའི་མཐའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཉིས་པ་སྲོག་གི་རླུང་རྒྱུ་བ་ཉི་ཁྲི་ཆིག་སྟོང་ཆེན་པོའི་འཇིག་རྟེན་དྲུག་ བརྒྱ་བདུན་ཅུ་རྩ་ལྔའི་སྲོག་གི་རླུང་གཙུག་ཏོར་གྱི་འཁོར་ལོ་འགོག་ན་ནི། ས་བཅུ་གསུམ་པ་ཚེ་འདི་ཉིད་ཁོ་ནར་དངོས་སུ་བརྙེས་ཏེ་རྡོ་རྗེ་འཆང་གི་ས་ཐོབ་པ་ནི་དེ་བཞིན་དུ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་གཞན་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དཔག་ཏུ་མེད་པ་དང་། བརྗོད་ཀྱིས་མི་ལང་བ་རྣམས་མཐོང་བ་ནི་ཡེ་ཤེས་ཀྱི་སྤྱན་མངའ་བས་མཐོང་བར་འགྱུར་རོ། །སྟོང་ཆུང་ངུ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཆེན་པོའི་ ཁོངས་སུ་ཆུད་པས་ནི། འདིར་བཤད་ཀྱང་གྲུབ་པ་ལས་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བས་འདིར་མ་སྨོས་སོ། །དེས་ནི་ནང་གི་རྟགས་རྣམས་བཤད་ཟིན་ཏོ།། །།ད་ནི་སྣ་ཚོགས་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྟོང་པ་ཉིད་ཀྱི་སྣང་བ་ནི་སའི་ རྣམ་པར་མཐོང་ཡང་སྲ་བ་ནི་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར། ཞུ་བ་ཆུའི་ལུས་སུ་སྣང་བ་ཡིན་ཡང་ཆུ་མིན་ཏེ། འཇུག་པ་མེད་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །དེ་ལྟར་མེའི་རྣམ་པར་སྣང་ཡང་མེ་མ་ཡིན་ཏེ། སྲེག་པ་མེད་པའི་ཕྱིར་རོ། །གཡོ་བ་རླུང་གི་ལུས་འདྲ་ཡང་རླུང་ནི་མིན་ནོ། ། གང་གཡོ་བའི་རྫས་སུ་མེད་པའི་ཕྱིར་རོ། །རྫས་སུ་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་ཞེས་པ་ནི་སྒྱུ་མའི་གྲོང་ཁྱེར་བཞིན་དུའོ། །དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་ཁ་དོག་ཀྱང་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །རྣམ་པ་ཀུན་དུ་ལྡན་ཡང་ཐམས་ཅད་དུ་བྱིས་པ་རྣམས་ ཀྱིས་མ་མཐོང་ངོ་། །དེ་གང་གི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་སྟོབས་ཀྱི་མཐུས་ཞེས་པ་ནི་གཡོན་པ་དང་གཡས་པའི་རྩར་སྲོག་ཀུན་དུ་སྤྱོད་པའི་ཕྱིར་ངེས་པའོ། །ད་ནི་མཐར་ཐུག་པའི་དོན་བརྗོད་པར་བྱ་སྟེ། སྐུ་མཐོང་ནས་ནི་ཉིན་མཚན་རེ། །དུས་སུ་སྲོག་གི་རླུང་དག་ནི། །རྣལ་ 14-1-246a འབྱོར་ཐར་པ་འདོད་པ་ཡིས། །འགག་པ་རུ་ནི་རབ་ཏུ་བྱ། །ཞེས་པ་ནི་བུམ་པ་ཅན་ནོ། །སྐུ་མཐོང་ནས་ནི་ཞེས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་དངོས་པོ་ཐམས་ཅད་སྤངས་པ་བསྒོམས་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་ངོ་། །ཉིན་མཚན་རེ་ཞེས་པ་ནི་རྣལ་འབྱོར་པས་བྱ་བ་ཐམས་ཅད་སྤངས་ནས་ རྣལ་འབྱོར་བསྒོམ་པའོ། །དུས་སུ་ཞེས་པ་ནི་ཐུན་བརྒྱད་དུ་བྱས་པའི་དུས་མ་ཡོལ་བའོ། །སྲོག་གི་རླུང་ཞེས་བྱ་བ་ནི་གཡོན་པ་དང་གཡས་པ་ལ་མི་རྒྱུ་བར་སྲོག་དབུ་མ་ལ་རྒྱུ་བའོ། །དག་ནི་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ནི་དག་པའི་རང་བཞིན་ཅན་ནོ། །འགག་པ་རུ་ནི་ཞེས་པ་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདོམ་པའི་གནས་ གསང་བ་བདེ་བ་བསྐྱེད་པའི་ནུས་པ་ཡོད་པ་ཅན་དུ། ཡི་གེ་ཀྵའམ་ཨ་ཤད་ལྟ་བུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཤེས་པ་ཐུར་དུ་འགྲོར་མི་སྟེར་བར་འགག་གོ། །གཙུག་ཏོར་གྱི་འཁོར་ལོའི་དབུས་སུ་ནི་ནམ་མཁའི་གདོང་ཅན་མའི་ཁར་ནི་ཡི་གེ་ཧཾ་མགོ་ཐུར་དུ་བསྟན་པས་འགག་ཅིང་། དབུས་མའི་རྩ་ཨ་བ་དྷཱུ་ཏཱི་ ནག་པོར་གནས་པའི་ནང་དུ་ཡེ་ཤེས་ཀྱི་དར་དམར་པོའི་རྒྱུན་དང་འདྲ་བའི་བདག་ཉིད་དེ་དང་། ཀུན་གཞིའི་རྣམ་པར་ཤེས་པ་འདྲེས་ནས་ཡར་འགྲོ་བ་ནི་ཡི་གེ་ཧཾ་གིས་འགོག་པར་བྱེད་ཅིང་ཕྱིར་མི་འབྱིན་ཏོ། །ཧཾ་ཞུ་བས་འགོག་པ་ཡིན་ཏེ། མ་ཞུ་བས་མ་ཡིན་ལ། ཧཾ་བྲི་བ་ཡང་མེད། འཕེལ་བ་ཡང་མེད་དོ། །དེ་བཞིན་དུ་ འོག་ཏུ་འགྲོ་བ་ནི་ཡི་གེ་ཀྵས་འགོག་པའི་ཕྱིར་མི་ཐར་བར་ཡར་བྲེང་མར་བྲེང་གནས་པ་ནི་ཁམས་བདེ་བའི་རྩ་ལྟ་བུའམ། པི་ཝང་གི་རྒྱུད་སྦྲེང་བ་ལྟ་བུར་གནས་པར་བསམ་པ་ནི་དབུ་མར་ཡིད་གཟུང་བའི་བླ་མའི་གདམས་ངག་གོ། །རབ་ཏུ་བྱ་ཞེས་པ་ནི་རྣལ་འབྱོར་པས་ཡང་ནས་ཡང་འབད་པས་བྱ་ཞེས་པའི་དོན་ཏོ་ ཞེས་བྱ་བ་ནི་རྣལ་འབྱོར་པའི་དོན་ཏོ། །བུམ་པ་ཞེས་བྱ་བ་ནི་གསང་བའི་པདྨའི་སྣ་རྩེ་དང་། བྱ་གདོང་མ་དང་། ལྟེ་བའི་ཨཱཿདང་། སྙིང་གའི་ཧཱུཾ་དང་། ལྐོག་མའི་ཨོཾ་དང་། དཔྲལ་བའི་ཧོ་དང་། གཙུག་ཏོར་གྱི་འཁོར་ལོའི་ཧཾ་རྣམས་ནི་བུམ་པའོ། །ཅན་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང་བཞིན་ གྱི་དགའ་བ་དང་། མཆོག་གི་དགའ་བ་དང་། སྣ་ཚོགས་ཀྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བས་འཁོར་ལོ་དྲུག་ཏུ་ཁྱབ་ཅིང་བདེ་བས་ལུས་ཐམས་ཅད་ཚིམ་པར་བྱེད་པ་ཅན་ནོ། །ཇི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོས་མཐོང་འགྱུར་བ། །སྔོན་གསུངས་ 14-1-246b སྐུ་ལ་རང་གི་ཡིན། །དེས་ནི་ཟླ་དྲུག་རེག་སྤངས་བདེ། །ཐབས་དང་ཤེས་རབ་སྙོམས་འཇུག་བྲལ་བའོ། །ཞེས་འབྱུང་བའོ། །ཇི་སྲིད་ཅེས་ནི་སྒོམ་པའི་དུས་སུ་རྣལ་འབྱོར་པ་ལ་འབྱུང་བའོ། །འཁོར་བཞིན་མ་ཞེས་པ་ནི་འཁོར་ལོ་ལྟར་འཁོར་བར་སྣང་བའོ། །རང་གི་ལུས་ལ་ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་མཉམ་ པར་གཞགཔའི་དུས་སུ་ཡང་ཁྱད་པར་ཅན་དུ་འགྱུར་བར། ཡོངས་འཁོར་བ་ཞེས་པ་ནི་ལུས་ཐམས་ཅད་ལ་གནས་ཕྱོགས་ནས་བསྐོར་བར་མཐོང་བའོ། །འོད་ཟེར་འཁོར་ལོ་མཐོང་འགྱུར་བ། །ཞེས་པ་ནི་འོད་དཀར་པོ་སྐྱ་རེངས་ཤར་བ་ལྟ་བུས་བདག་ཉིད་ལ་བསྐོར་བ་མཐོང་བའོ། །སྔོན་གསུངས་པའི་སྐུ་ལ་ཞེས་པ་ནི་སྣ་ ཚོགས་ཀྱིས་དུས་སུ་མཐོང་བའི་སྐུའོ། །དེས་ནི་ཟླ་བ་དྲུག་རེག་ཅེས་པ་ནི་སྲོག་གི་རླུང་ཟླ་བ་དྲུག་གི་བར་དུ་གཉིས་ལོག་རྩ་ལག་པས་མི་དྲག་པ་ཙམ་དུ་མནན་ཅིང་བཀག་ན། མི་འཕོ་བའི་བདེ་བའི་དབང་པོ་གཉིས་ཀྱི་སྤྲོས་པ་ལས་བྱུང་བའི་བདེ་བས་བཅུ་དྲུག་ཆར་ཡང་མི་ཕོད་པའི་བདེ་བ་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། ། སྤངས་ཤིང་བདེ་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བདེ་བ་ཡིན་ཞེས་པའི་དོན་ཏོ། །སྤངས་ཞེས་པ་ནི་སྡུག་བསྔལ་དང་བཅས་པའི་བསྲུབ་པ་དང་། གཡོ་བ་ལ་སོགས་པའི་བདེ་བ་སྤངས་པའོ། །བདེ་བར་འགྱུར་ཞེས་པ་ནི་ཕན་ཚུན་དུ་ཐབས་དང་ཤེས་རབ་གཉིས་མི་ འཕོ་བའི་བདེ་བ་ནི་མི་འཛག་པའི་བདེ་བ་འཁོར་བར་སྐྱེ་བའི་རྒྱུ་མེད་པས་ནི་མི་འཛག་པའི་བདེ་བའི་ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་སོ། །ད་ནི་རྣལ་འབྱོར་ཉེ་བར་སྡུད་པ་བརྗོད་པར་བྱ་སྟེ། དབུས་སུ་སྲོག་ཅེས་པ་ལ་སོགས་པ་ལ། འདིར་དང་པོར་རྣལ་འབྱོར་པ་ཡིས་དབུས་སུ་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ལ་སྲོག་ནི་བཅུག་ པར་བྱས་ན་མཚན་མ་གང་ཞིག་མཐོང་བར་འགྱུར་རོ། །དཔལ་ལྡན་བླ་མ་ཞེས་པ་ནི་སངས་རྒྱས་ཀྱི་རང་གི་སྐུའི་རྡོ་རྗེ་གཅིག་པུར་བརྗོད་དོ། །དེ་ནས་ཉི་མར་བཅས་སོང་བ། །ཞེས་པ་ནི་གཡས་པར་བགྲོད་པ་དང་བཅས་པའོ། །ཟླ་བར་བཅས་སོང་བ་ཞེས་པ་ནི་གཡོན་པའི་རྩར་འགྲོ་བའོ། །གཡས་དང་གཡོན་ནི་བཅིང་བར་བྱ། །ཞེས་པ་ ནི་གཡས་པ་དང་གཡོན་པར་སྲོག་འགྲོ་བ་དབུས་མར་བཅིང་བར་བྱ་བའི་ངེས་པ་ཡིན་ཞིང་། སྲོག་སྡུད་པ་ན་གཉིས་པ་གསུང་གི་རྡོ་རྗེའོ། །ཕྱག་རྒྱ་ལ་ནི་སྤྱོར་བའི་སེམས། །ཞེས་པ་ནི་གཟུགས་ལ་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་སྟེ། གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །མཆོག་གི་བདེ་བ་གནས་པ་དང་། །རྡོ་རྗེ་ 14-1-247a ཀུན་དུ་བླང་བའོ་ཞེས་བྱའོ། །དེ་ནས་གཟུགས་ཀྱི་སྒོ་ཡིས་དགའ་བར་མ་གྱུར་པ་དེ་ལྟ་ན་ནི་པདྨར་རྡོ་རྗེའི་སྒྲ་ཡང་བྱ་ཞེས་ནི་སྐད་ཅིག་གིས་བྱའོ། །དེ་ཡང་ཤེས་རབ་མ་རྙེད་པ་དེ་ལྟ་ན་ནི་རང་གི་ལག་པ་ཆུ་སྐྱེས་ཏེ། བདེ་བའི་རྒྱུ་རུ་གསོར་བར་བྱ་ཞེས་པ་ནི་བདེ་བར་འཕེལ་བའི་དོན་དུ་བྱ་ཡིས་ལྟུང་བའི་ཕྱིར་ནི་ མ་ཡིན་ནོ། །དེ་ལྟར། ས་བོན་མི་གཏོང་བ་བདེ་བ། །འཆི་བ་ཡི་ནི་འཇིགས་འཇོམས་པ། །འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་པ་ནི་བཞི་པ་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་དོ་ཞེས་བྱ་བ་སྟེ་རྣལ་འབྱོར་གོམས་པའི་ངེས་པའོ། །ད་ནི་སྡོམ་བརྩོན་འབྲས་བུ་བརྗོད་པར་བྱ་སྟེ། ལམ་གྱི་སེམས་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་ པའི་ལམ་ནི་སེམས་ཤེས་པའོ། །སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་གཅིག་ཕན་ཚུན་སྟོང་པ་ཉིད་དུ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་གཟུགས་སུ་བསྒོམ་པའོ། །སྡོམ་བརྩོན་ཞེས་པ་ལས་དང་པོ་པའི་དགེ་སློང་རྡོ་རྗེ་འཛིན་པ་དང་། དགེ་ཚུལ་རྡོ་རྗེ་འཛིན་པ་དང་། དགེ་ ཚུལ་མ་རྡོ་རྗེ་འཛིན་པ་རྣམས་ནི་སྡོམ་བརྩོན་ནོ། །དེའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་བྱ་བ་ཐམས་ཅད་གསང་ནས་བྱ་ཞེས་བྱ་བའི་དོན་ཏོ། །རྣམས་ཀྱི་ཤེས་པ་ནི་ཚངས་པར་སྤྱོད་པའི་དགེ་བསྙེན་དང་། དགེ་བསྙེན་མ་དང་། བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའི་དགེ་བསྙེན་ཕོ་མོ་རྣམས་ལ་ནི་དམ་ཚིག་འདི་ རྣམས་སྦྱིན་པར་བྱའོ། །སོ་སོའི་སྐྱེ་བོ་ཁྱིམ་པ་རྣམས་ལ་ནི་སྦྱིན་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་པ་རྣམས་ནི་བྱ་བ་མང་བས་སྒྲུབ་པར་བྱེད་པའི་གུས་པ་དང་མི་ལྡན་ཏེ། དེས་ན་དམ་པའི་ཆོས་ལ་མི་གུས་པའི་རྒྱུར་གྱུར་ཞིང་དམ་པའི་ཆོས་སྤོང་བའི་རྒྱུ་བསགས་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ བའི་ལས་སོགས་སོ། །དེས་ན་ཁྱིམ་པ་རྣམས་ལ་ནི་མི་བསྟན་ཞེས་འབྱུང་ངོ་། །དེ་ལ་དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ནི་འཇིག་རྟེན་པའི་བྱ་བ་ཁ་ན་མ་ཐོ་བའི་ལས་ཀྱི་བྱ་བ་ཞིང་ལས་དང་ཉོ་ཚོང་ལ་སོགས་པ་སྤངས་ཤིང་། དམ་པའི་ཆོས་ལྷུར་ལེན་པར་བྱེད་པ་དང་། དེ་བཞིན་གཤེགས་ པའི་བཀའ་ལ་ཡིད་ཆེས་པས་བཀའ་སུན་མི་འབྱིན་པ་དང་། དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ལ་བསྟན་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། གནས་བརྟན་རྒན་པོ་སྐྱེད་གུའི་བདག །སུམ་ཅུ་རྩ་ 14-1-247b གཉིས་མཚན་འཆང་བ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་ འཇིག་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་འབྱུང་ངོ་། །མེ་ལོང་ལྟ་བུའི་བསྟོད་པ་ལས། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་ བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བྱ་བ་སྟེ་སློབ་དཔོན་གྱི་དབང་གི་དུས་སུ་བྱའོ། །ཡང་དེ་ཉིད་ལས། ཆགས་བྲལ་ལུས་ལས་འདས་པའོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ས་བོན་བྲལ་ཞིང་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་ མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་འབྱུང་ངོ་། །དེ་ནས་དགེ་སློང་ལ་སོགས་པ་སྡོམ་བརྩོན་རྣམས་ཁོ་ན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ བསྐུར་བ་ཡིན། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །དེའང་བཤད་པར་བྱ་སྟེ། ཡོན་ཏན་ཡར་ལྡན་གྱི་དབང་དུ་བྱས་ནས་ནི་སྡོམ་བརྩོན་ཞེས་པ་ནི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ནི་སྡོམ་བརྩོན་ཞེས་བྱའོ། །སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་རོ། །བྱང་ཆུབ་ སེམས་དཔའི་སྡོམ་པ་ནི་གསང་སྔགས་ཀྱི་དམ་ཚིག་ཏུ་འགྱུར་རོ། །གསང་སྔགས་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དམ་ཚིག་ཏུ་འགྱུར་རོ། །དེ་བཞིན་གཤེགས་པའི་དམ་ཚིག་ནི་ཟག་པ་མེད་པ་སྟེ། འཕོ་བ་མེད་པའོ། །དེས་ན་འཕོ་བ་མེད་པའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་ པོ་ལ་རེག་པ་མེད་པས་ཉེས་པར་མི་འགྱུར་རོ། །ཞིག་ཅེ་ན། མི་འཕོ་བའི་ཕྱིར་རོ། །དེ་ཡང་སྐད་ཅིག་མ་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པའི་རྣལ་འབྱོར་གྱི་མཚན་ཉིད་ཀྱིས་རང་བཞིན་གྱིས་རྟོག་པའི་སྐད་ཅིག་མ་ལ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཞེས་འབྱུང་སྟེ། ཆགས་དང་ཆགས་བྲལ་ཐོག་མ་མཐའ། །ཞེས་འབྱུང་བ་ནི་ 14-1-248a སྐད་ཅིག་མ་བཅོ་ལྔ་དང་། བཅུ་དྲུག་མ་བྱུང་བའི་བར་ནི་སྐད་ཅིག་མའོ། །ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཚེས་གཅིག་ནས་བརྩམས་པའི་ཉའོ། །དེའི་མཐར་སོང་བ་ནི་བཅུ་དྲུག་པའི་དབང་པོ་སྐད་ཅིག་མའི་ཆའི་མཚན་ཉིད་ཞུགས་པའོ། །ཆགས་བྲལ་ཞེས་པ་ནི་ནག་པོའི་ཕྱོགས་ཀྱི་སྐད་ཅིག་མ་གཉིས་པ་ལ་ཞུགས་ པའོ། །དེའི་ཆགས་བྲལ་དང་པོར་སོང་བ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་དེ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཀུན་དང་མཉམ་པར་སྦྱོར་བའི་གསལ་བ་རང་ལ་སྐྱེས་པ་ཤེས་པ་མ་བཅོས་པའི་ངང་ལ་གནས་པའི་དཔེ་བཞི་པས་མཚོན་པའི་དུས་ཀྱི་མཚན་ཉིད་ཀྱི་སྐད་ཅིག་མ་ནི་དེ་ཉིད་ལས་དབུགས་ ཀྱི་གྲངས་འཕེལ་བར་འགྱུར་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔའི་གྲངས་སོ། །དེ་ཡང་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་གསང་བའི་གནས་སུ་དབུགས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ་ལ་སེམས་གཏད་ཅིང་ཡར་འཐོན་ནས་བདེ་བ་འཕེལ་བར་བྱེད་པ་ནི་དེའི་གྲངས་ཀྱིས་སྲོག་གི་རླུང་བཀག་པས་ གསང་བའི་གནས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་ས་དང་པོའོ། །གསང་བའི་པདྨར་ཐིག་ལེ་བཞི་ཕྱིན་ནས་རྣལ་འབྱོར་དེས་ནི་ས་གཉིས་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བདེ་བ་དེ་ལ་བརྟེན་ནས། ལྟེ་བར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་གཏད་ཅིང་ཡར་ འཐེན་ནས་བདེ་བ་འཕེལ་བར་བྱེད་པས་ནི་ས་བཞི་པ་ཐོབ་པར་འགྱུར་རོ། །ཡང་སྙིང་གར་ཤེས་རབ་ཀྱི་ཆགས་པས་ཞུ་བའི་བདེ་བ་དེ་ལ་སེམས་གཏད་ཅིང་བརྟེན་ནས། སྲོག་གི་རླུང་གྲངས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་དམིགས་ཤིང་ཡར་འཐེན་ནས་བདེ་བ་འཕེལ་བར་བྱས་ཏེ། ཤེས་རབ་ཀྱི་པདྨར་འཕྲོས་པས་ནི་ ས་དྲུག་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ་འཕེལ་བར་བྱེད་ཅིང་། ཡར་འཐེན་ནས་ཤེས་རབ་ཀྱི་པདྨར་ཕྱིར་འཕྲོ་བར་བྱེད་པས་ནི་ས་བརྒྱད་པ་ཐོབ་པར་འགྱུར་རོ། །ཡང་དེ་བཞིན་དུ་དཔྲལ་བར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་ གཏད་ཅིང་། བདེ་བ་འཕེལ་བར་བྱེད་པ་ནི་ས་བཅུ་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞིའི་ཐིག་ལེ་རྣམས་ལ་སེམས་གཏད་ཅིང་སྲོག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རྣམས་ཐམས་ཅད་དེར་འགོག་ཅིང་བདེ་བ་ཐམས་ཅད་དེ་རུ་བསྐྱེད་ཅིང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ 14-1-248b བདེ་བའི་རོས་རྒྱས་ཤིང་བདེ་བ་འཕེལ་བར་བྱེད་པས་ནི་ས་བཅུ་གཉིས་ཐོབ་པ་པར་འགྱུར་རོ། །དེ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཞེས་བྱ་བ་ཡིན་ཏེ། གཙུག་ཏོར་བལྟར་མི་སྣང་བ་ཞེས་པ་ནི། བདེ་བ་ཐམས་ཅད་དེར་བསྐྱེད་ཅིང་དེས་རྒྱས་པས་ན་གཙུག་ཏོར་བལྟར་མི་སྣང་བ་ཞེས་བྱའོ། །སྟེང་ནས་འབར་བའི་བར་དུ་ནི་ཤེས་པ་ལ་ དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾཌྜཱ་ནས་ནི་འབར་བའི་བར། །ཐིག་ལེ་བཞི་ནི་བཞུ་བ་ཡིས། །གསང་བའི་བར་དུ་འོངས་པ་སྟེ། །བཞི་པ་དེ་བཞིན་སྐྱེད་པ་ཡིན། །ཞེས་རྒྱུད་ལས་འབྱུང་ངོ་། །ཨོཾ་ཌྜཱ་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་པའོ། །ནས་ནི་ཞེས་པ་ནི་དཔྲལ་བ་ནས་སྙིང་གར་བརྒྱུད་ཅིང་བདེ་བ་སྐྱེད པར་བྱེད་པའོ། །འབར་བའི་བར་ཞེས་པ་ནི་ལྟེ་བའི་ཨ་དམར་པོ་ལ་བདེ་བ་སྐྱེད་པའི་ཐིག་ལེ་བཞི་ཞེས་པ་ནི་ལུས་ཀྱི་ཐིག་ལེ་དང་ངག་གི་ཐིག་ལེ་དང་། ཡིད་ཀྱི་ཐིག་ལེ་དང་། ཡེ་ཤེས་ཀྱི་ཐིག་ལེ་གནས་པའོ། །བཞུ་བ་ཞེས་པ་ནི་ཤེས་རབ་ཀྱི་ཆགས་པས་བཞུ་བ་ཡིས་པདྨ་ནས་འབར་བས་ལུས་བཞུ་བ་དང་། ངག་བཞུ་བ་ དང་། ཡིད་བཞུ་བ་དང་། ཡེ་ཤེས་བཞུ་བའོ། །ཡེ་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སྙོམས་པར་འཇུག་པའི་དུས་སུ་དམིགས་པའི་ཡུལ་ཁྱད་པར་ཅན་གྱི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་རྣམས་ཀྱིས་བསྒོམས་པའི་སྟོབས་ཀྱིས་སོ། །གསང་བའི་ཞེས་པ་ནི་རྩ་གསུམ་འདུས་པའི་སུམ་མདོར་ཨ་བ་དྷཱ་ཏཱིའི་རྩེ་མོར་ རོ། །འོངས་ཞེས་པ་ནི་སྐུའི་ཐིག་ལ་ལོངས་སྤྱོད་པས་བདེ་བ་སྐྱེད་པ་དང་། གསུང་གི་ཐིག་ལེ་འོངས་པས་བདེ་བ་ཁྱད་པར་ཅན་སྐྱེད་པ་དང་། ཡིད་ཀྱི་ཐིག་ལེ་འོངས་པས་རྩ་ཐམས་ཅད་རྒྱས་ནས་བདེ་བ་སྐྱེད་པ་དང་། ཡེ་ཤེས་ཀྱི་ཐིག་ལེ་འོངས་ནས་ལུས་ཐམས་ཅད་བདེ་བ་བྱེད་ཅིང་བ་སྤུའི་གསེབ་ཐམས་ཅད་སིམ་པར་ བྱེད་ཅིང་བདེ་བ་སྐྱེད་པའོ། །བཞི་པ་ཞེས་པ་ནི་སེམས་གང་དུ་ཡང་མི་གཡོ་བའི་ཏིང་ངེ་འཛིན་བྱ་བཙལ་ཐམས་ཅད་དང་བྲལ་བའི་སེམས་གཉུག་མར་གནས་པ་ཤེས་པ་གང་གིས་ཀྱང་མ་བཅིང་བ། རྐྱེན་དང་མ་ཕྲད་པ་དང་གསལ་བར་གནས་པ་དེ་ནི་དཔེའི་བཞི་པས་མཚོན་པའི་ཡང་དག་པའི་བཞི་པ་སྟེ། སངས་རྒྱས་ཉག་ གཅིག་གི་སྤྱོད་ཡུལ་དུ་གྱུར་པའོ། །རྣལ་འབྱོར་པ་རྣམས་ནི་དཔེས་མཚོན་ནས་བཞི་པ་རྙེད་པའོ། །དེ་བཞིན་ཞེས་པ་ནི་རྣལ་འབྱོར་པ་བླ་མའི་མན་ངག་རྙེད་པ་རྣམས་ནི་གྲོལ་བའི་རྒྱུར་འགྱུར་ཞིང་ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །བླ་མའི་མན་ངག་གིས་མ་ཟིན་པ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱུར་མི་འགྱུར་ལ། དུག་གསུམ་སླར་ 14-1-249a བསྐྱེད་དེ་ངན་སོང་དུ་ལྟུང་ཞིང་འཁོར་བའི་རྒྱུ་བསགས་ནས་འབྲས་བུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ལ་ལོངས་སྤྱོད་ནས་གྲོལ་བ་ལ་སོགས་པའི་རྒྱུར་འགྱུར་ཞིང་བླ་ན་མེད་པའི་བྱང་ཆུབ་མཐོང་ན་ནི། དུད་འགྲོའི་རིགས་ཁྱི་དང་། ཕག་དང་། བོང་བུ་ལ་སོགས་པ་དང་། འཕྱོན་མ་ རྣམས་ཀྱིས་ཀྱང་འདོད་ཆགས་ལ་ལོངས་སྤྱོད་པས་གྲོལ་ནས་བྱང་ཆུབ་ཐོབ་ཅིང་སངས་རྒྱས་པར་རིགས་ཏེ། དེ་རྣམས་ཀྱིས་ནི་འགྲོལབའི་རྒྱུར་མི་འགྱུར་ཏེ་འཆིང་བའི་རྒྱུར་འགྱུར་ཞིང་འབྲས་བུ་སེམས་ཅན་དམྱལ་བར་ལྟུང་ཞིང་སྲེག་པ་དང་། འཚེད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་ན་བླ་མའི་གདམས་ངག་ལ་ཤིན་ ཏུ་ཡང་གལ་ཆེ་སྟེ་བཙལ་བར་བྱའོ། །དེ་ཡང་འདི་སྐད་ཅེས་འབྱུང་སྟེ། སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དག་དེ་ནི་བླ་མར་དབུལ། །དེས་ན་བླ་མ་མཉེས་བྱ་སྟེ། །ཞེས་འབྱུང་ངོ་། །བསྐྱེད་པ་ཞེས་པ་ནི་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་གཏུམ་མོ་མེའི་རྣམ་པ་ གསང་བའི་དཀྱིལ་འཁོར་ནས་བསྐྱེད་ནས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་དབང་པོ་དང་ལས་དང་། ལས་ཀྱི་དབང་པོའི་བྱ་བ་སྟེ། དྲུག་དྲུག་སུམ་ཅུ་རྩ་དྲུག་ལ་སོགས་པ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་རང་བཞིན་དུ་མིང་དུ་བཏགས་པ་ཐབས་ཤེས་རབ་ཀྱི་ཆགས་པས་སྤྲོས་པའི་མེས་བསྲེགས་པས་ ན་བསྐྱེད་པའོ། །ཡིས་ཞེས་པ་ནི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་རྟགས་རྣམས་ཀྱིས་གྱིས་ཤིག་དང་། ཏིང་ངེ་འཛིན་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འབྱུང་ཞེས་པ་ནི་དགའ་བའི་དགའ་བ་དང་། དགའ་བའི་མཆོག་གི་དགའ་བ་དང་། དགའ་བའི་སྣ་ཚོགས་དགའ་བ་དང་། དགའ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ ལོངས་སྤྱོད་ཀྱི་འཁོར་ལོར་ཡོངས་སུ་རྫོགས་སོ། །དེའི་གཉེན་པོ་འབྱུང་བ་ནི་སྐུའི་སྐུ་དང་། སྐུའི་གསུང་དང་། སྐུའི་ཐུགས་དང་། སྐུའི་ཡེ་ཤེས་རྣམས་སོ། །མཆོག་གི་དགའ་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ནས་སྙིང་གི་ཆོས་ཀྱི་འཁོར་ལོའི་བར་དུ་མཆོག་གི་དགའ་བའི་དགའ་བ་དང་། མཆོག་གི་དགའ་བའི་མཆོག་དགའ་ དང་། མཆོག་གི་སྣ་ཚོགས་དགའ་བ་དང་། མཆོག་གི་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ནི་དེར་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་གསུང་གི་སྐུ་དང་། གསུང་གི་གསུང་དང་། གསུང་གི་ཐུགས་དང་། གསུང་གི་ཡེ་ཤེས་རྣམས་སོ། །ཆོས་ཀྱི་འཁོར་ལོ་ནས་སྤྲུལ་པའི་འཁོར་ལོའི་ལྟེ་བར་ནི་སྣ་ཚོགས་དགའ་བ་དང་། སྣ་ཚོགས་ 14-1-249b དགའ་བའི་མཆོག་དགའ་དང་། སྣ་ཚོགས་དགའ་བའི་དགའ་བྲལ་དང་། སྣ་ཚོགས་དགའ་བའི་ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་ཐུགས་ཀྱི་སྐུ་དང་། ཐུགས་གྱི་གསུང་དང་། ཐུགས་ཀྱི་ཐུགས་དང་། ཐུགས་ཀྱི་ཡེ་ཤེས་རྣམས་སོ། །ལྟེ་བ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དགའ་བ་དང་ལྷན་ཅིག་ སྐྱེས་བའི་མཆོག་དགའ་དང་། ལྷན་ཅིག་སྐྱེས་པའི་སྣ་ཚོགས་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་ཡེ་ཤེས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་གསུང་དང་། ཡེ་ཤེས་ཀྱི་ཐུགས་དང་། ཡེ་ཤེས་ཀྱི་ཡེ་ཤེས་རྣམས་སོ། །དེ་ནི་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ནས་ལུས་དང་ངག་ཡིད་དང་ཡེ་ཤེས་ཀྱི་རང་ བཞིན་ས་དང་ཆུ་དང་མེ་དང་རླུང་བཞིས་བསྐྱེད་པའི་ཐིག་ལེ་བཞི་དྲ་བའི་ནང་ནས་འོག་ཏུ་རྩ་བཞི་ནས་མར་ལ་འབབ་པར་འགྱུར་རོ། །ཡང་གི་སྒྲས་ནི་དགའ་བ་རེ་རེ་ལ་ཡང་དགའ་བ་བཅུ་དྲུག་འབྱུང་བ་ནི་འཁོར་ལོ་དྲུག་གི་རྩ་རྣམས་གཙོ་བོར་བྱས་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བ་སྤུའི་བུ་ག་དང་སོ་དང་སེན་མོ་དང་། སྐྲའི་གནས་ཐམས་ ཅད་ལ་ཡང་དགའ་བ་རེ་རེ་སྐྱེས་པས་ཀྱང་དེ་དག་ཐམས་ཅད་དུ་ལོངས་སྤྱོད་ཅིང་བདེ་བ་བསྐྱེད་ཅེས་བྱ་བའི་དོན་ཏོ། །མི་འཕོ་ཞེས་པ་ནི་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཕྱིར་ལོག་པའི་བདེ་བ་མི་འབབ་པ་ནི་ལྷན་ཅིག་སྐྱེས་པའི་མི་འཕོ་བ་ཞེས་བརྗོད་དོ། །དེ་ལྟར་འཁོར་ལོ་དྲུག་ཏུ་ལོངས་སྤྱོད་ཅིང་བདེ་བ་དེ་ལ་མི་ཆགས་ཤིང་མི་ཞེན་པའི་སྡོམ་བརྩོན་ རྣམས་ནི་དགེ་སློང་རྡོ་རྗེ་འཛིན་པ་ལ་སོགས་པས་བརྟུལ་ཞུགས་འདི་འཛིན་ཅིང་བསྒྲུབ་པར་བྱའོ། །སྡོམ་བརྩོན་བཤད་ཟིན་ཏོ། །ཐབས་དང་ཤེས་རབ་གཉིས་དག་ནི། །གཉིས་སུ་མེད་པས་སྙོམས་འཇུག་པས། །བདེ་བ་འཕེལ་བར་ཞེས་པ་ནི་ལུས་ཀྱི་བདེ་བ་དང་། ངག་གི་བདེ་བ་དང་། སེམས་ཀྱི་བདེ་བ་དང་། ཡེ་ཤེས་ཀྱི་བདེ་བའི་ཐིག་ལེའི་ གཟུགས་ཀྱི་དཔྲལ་བ་ནས་འོངས་པ་བདེ་བ་དེ་ཉམས་སུ་མྱོང་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །རབ་ཏུ་བྱ་ཞེས་པ་ནི་སྟེང་དུ་བཟློག་པས་འགྲོ་བའོ། །བླ་མའི་ངེས་པའི་གདམས་ངག་གི་དབང་གིས་ཤེས་པ་ནི་སྔར་བརྗོད་པའི་སྲོག་གི་རླུང་བཀག་པ་ལས་མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་དབུས་ཤེས་པ་ནི་ལུས་ཐམས་ ཅད་ལ་བེར་བ་ལངས་པའམ། བཤང་བའི་ལམ་གཡའ་བའམ། ཤེས་རབ་ཐམས་ཅད་རྨོངས་པའམ། མྱོས་པའི་དུས་དེར་ནི་ལྟེ་བར་བདེ་བ་སྐྱེདཔའོ། །རྨི་ལམ་དང་ནི་བརྒྱལ་བའི་མཚམས་ཞེས་པ་ནི་གཉིད་ལོག་པ་དང་། བརྒྱལ་བ་ལྟ་བུའི་བདེ་བ་སྐྱེས་པ་ནི་སྙིང་གར་བདེ་བ་སྐྱེས་པའོ། །ཡེ་ཤེས་དང་ནི་རྣམ་ཤེས་དབུས་སུ་ཡང་ཞེས་པ་ནི་ 14-1-250a མགྲིན་པར་བདེ་བ་སྐྱེས་པའོ། །རྣལ་འབྱོར་པ་རྣམས་དཔྲལ་བའི་བར་དུ་བདེ་བ་སྐྱེས་པར་བྱེད་པ་ནི་འདིར་ནི་ངོ་མཚར་གཞན་མེད། དེ་བཞིན་དུ་ཡང་བརྗོད་པ། ཉོན་མོངས་བདུད་རྣམས་བཅོམ་ནས་ནི། །རྒྱལ་བའི་བདག་པོ་རྣམས་འཇུག་ནི། །གཡོན་དང་གཡས་སུ་སོང་བ་ཡི། །སྲོག་རྣམས་དང་དུ་བཀག་ནས་ནི། །སྟོང་ཉིད་སྐུ་ལ་ཡེ་ཤེས་རབ་འཇུག་པ། ། ཨ་བ་དྷཱུ་ཏཱིར་བཙུད་ནས་དེ་བདེ་བ། །རྣལ་འབྱོར་རྣམས་ཀྱི་མཆོག་གི་འཁོར་ལོའི་སྦྱོར་བས་སོ། །དེ་ནས་རྣལ་འབྱོར་པས་བུམ་པ་ཅན་གྱིས་བདེ་བ་ཆེན་པོའི་སྐད་ཅིག་མའི་བདེ་བ་སྐྱེད་ཅིང་དམིགས་པ་དང་། དེ་ནས་བདེ་བ་འཕེལ་བར་ཡང་ནས་ཡང་དུ་རྣལ་འབྱོར་པ་འམ། རྣལ་འབྱོར་མ་རྟགས་ཀྱིས་བྱ་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་བཀའི་དོན་ཡང་དེ་ཡིན་ལ། དཔལ་ མཆོག་གི་དང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་དུ་ཡང་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་ཀྱང་དེ་སྐད་བཤད་དོ། །བཅོམ་ལྡན་འདས་ཀྱི་བཀའ་ནི་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བའོ། །ཐོག་མར་ཡང་དགེ་བ་ཞེས་པ་གཞོམ་དུ་མེད་པ་དང་ཀུན་གཞི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་མཉམ་དུ་བུད་མེད་རྣམས་ ཀྱི་སྐྱེ་གནས་སུ་ཞུགས་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ནི་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་ཞེས་པ་ནི་ཇི་སྲིད་གནས་པ་དེ་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་དང་། བདེ་བ་གཉིས་མཉམ་དུ་གནས་ཤིང་མི་ཕྱེད་པས་ན་ལྷན་ཅིག་སྐྱེས་པར་བརྗོད་དེ། དེ་ནི་བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཆི་བའི་དུས་ཀྱི་ཚེ་ན་ཡང་ ཀུན་གཞི་རྣམ་པར་ཤེས་པ་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་གཉིས་ལྷན་ཅིག་ཏུ་འགྲོགས་ནས་རྩ་དབུ་མ་ནས་ཡར་ཞུགས་ནས་ཚངས་པའི་བུ་ག་ནས་ཕྱིར་རྡོ་རྗེ་སེམས་དཔར་བསམ་ཞིང་དེས་དབང་བསྐུར་ནས་ཆོས་ཀྱི་སྐུར་གྱུར་པ་ཡང་ལྷན་ཅིག་སྐྱེས་པའོ། །ད་ནི་ཐ་མར་ཡང་དགེ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་ལ་ སྤྱད་པར་གྱིས་ཤིག་པའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཨ་བ་དྷཱུ་ཏཱི་བདག་གིས་ནི། །རྒྱས་འགྲེལ་དྲི་མ་མེད་པ་ལ་བརྟེན་ནས། །སྦས་པའི་མིག་འབྱེད་འགྲེལ་པ་འདི་བྱས་ལ། །འགྲོ་བ་དམུས་ལོང་མིག་དང་ལྡན་པར་ཤོག །མིག་ལྡན་ས་ཐོབ་བཅུ་དྲུག་བདེ་ལྡན་ཤོག །ས་ཐོབ་ཆོས་དང་ལོངས་སྤྱོད་སྐུ་ཐོབ་ཤོག །བསོད་ནམས་དྲི་མེད་ བདག་གིས་གང་ཐོབ་དེས། །བདག་ཉིད་མི་འགྱུར་ཏིང་འཛིན་ཐོབ་པར་ཤོག །སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པའི་མིག་འབྱེད་ཅེས་བྱ་བ་སློབ་དཔོན་ཨཱ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཟླ་བ་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 14-1-250b ༄༅༅། །རྒྱ་གར་སྐད་དུ། ཥ་ཌངྒ་ཡོ་ག་ཨུ་པ་དེ་ཤ །བོད་སྐད་དུ། ཡན་ལག་དྲུག་གི་སྦྱོར་བའི་མན་ངག །དཔལ་མེད་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །སྦྱོར་དྲུག་མན་ངག་བཤད་པར་བྱ། །སྒྲུབ་པོ་དབང་བཞི་ཐོབ་པ་ཡི། །རྡོ་རྗེ་འཆང་ཆེན་སྒྲུབ་དོན་དུ། །དབེན་ པའི་གནས་སུ་འབོལ་སྟན་ལ། །ཡི་དམ་ལྷར་གནས་སྦྱོར་དྲུག་བསྒོམ། །དང་པོ་སོ་སོར་སྡུད་པ་ནི། །མཚན་མོ་སྔོན་ལ་ཉིན་མོ་ཕྱི། །བུ་ག་མེད་ལ་ཐོག་མཐོའི་ནང་། །རི་རབ་བསྲངས་ལ་གླིང་བཞི་བསྡུ། །གྱེན་ལ་ཉི་ཟླ་དར་ལྕེ་བསྐྱོད། །རྡོ་རྗེ་བསྡམས་པས་རྒྱ་མཚོ་གཞོམ། །སྟེང་གི་རླུང་ཆེན་ཐུར་ལ་བརྡེག ། ལུས་ཀྱི་བྱེད་པ་ཞེས་བྱ་སྟེ། །དེས་ནི་རླུང་རྣམས་ནང་དུ་འཆིང་། །གཙུག་ཏོར་ཆེན་པོའི་ལྟ་སྟངས་བྱ། །ལྷ་ཡི་ང་རྒྱལ་གནས་པ་ཡིས། །ནམ་མཁའ་ཞེན་པས་ནམ་མཁར་བལྟ། །དུ་བ་ལ་སོགས་རྟགས་ལྔ་འབྱུང་། །སྟོང་ཉིད་རྟོགས་པར་འགྱུར་བའོ། །ཉིན་མོ་ནང་ནུབ་ཤར་བ་བལྟ། །གུང་ལ་བསྒོམ་ པར་མི་བྱའོ། །སྔ་མ་ལྟར་ནི་བྱེད་བཅིངས་པས། །ཕྱི་ཡི་མཁའ་ལ་རྟོག་མེད་བལྟ། །འབར་བ་འདྲ་སོགས་རྟགས་དྲུག་འབྱུང་། །རིག་པ་མཁའ་ལྡིང་ལ་སོགས་རྟགས། །སོ་སོར་སྡུད་ལ་སྙོམས་ཞུགས་ན། །སྔགས་རྣམས་ཀུན་གྱི་བྱིན་གྱིས་རློབ། །སྟོང་ཉིད་དེ་བརྟན་བྱ་བའི་ཕྱིར། །བསམ་གཏན་སྔ་མ་ལྟར་ནི་ བསྒོམ། །ནམ་མཁར་མིག་ལྟ་སྟོང་ཉིད་བསྒོམ། །དེ་ལ་གོམས་པས་ཤེས་རབ་དང་། །རྟོག་དང་དཔྱོད་དང་དགའ་བདེ་འབྱུང་། །དེ་རྟགས་མངོན་ཤེས་ལྔ་འབྱུང་འགྱུར། །བསམ་གཏན་ལ་ནི་སྙོམས་ཞུགས་ན། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །རིག་པ་རྩེ་གཅིག་སོགས་རྒྱུར་འགྱུར། །དེ་གཉིས་ ཐོག་མར་དགེ་བ་སྟེ། །སྟོང་ཉིད་མཐོང་རྟེན་བྱེད་པའོ། །སྟོང་ལ་བདེ་བ་རྒྱས་གདབ་ཕྱིར། །སྲོག་དང་རྩོལ་བས་རླུང་དབང་སྡུད། །བདུད་རྩི་འཁྱིལ་པའི་ལྟ་སྟངས་བྱ། །ཀུན་འདར་ནང་དུ་དབུགས་བཅུག་ལ། །རྡོ་རྗེའི་བཟླས་པ་བརྩམ་པར་བྱ། །དེས་ནི་བདེ་བ་རབ་སྐྱེས་ན། །གཏུམ་མོ་འབར་བའི་སྦྱོར་བ་བྱ། ། ཤིན་ཏུ་མ་སྐྱེས་ཕྱག་རྒྱར་སྦྱར། །ལུས་སེམས་བདེ་བ་ཆེན་པོར་ངེས། །སངས་རྒྱས་སྲས་དང་མཁའ་འགྲོ་མཐོང་། །སྐུལ་དང་ལུང་སྟོན་འབྱུང་བར་འགྱུར། །བུམ་འཇུག་ལ་སོགས་དགུ་རུ་འགྱུར། །སྲོག་དང་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་སོགས་རྣམས་ནི་གཟིགས། །དེ་བརྟན་བྱ་ 14-1-251a ཕྱིར་འཛིན་པ་བསྒོམ། །འཁོར་ལོ་བཞི་ཡི་ལྟེ་བ་ལ། །རླུང་སོགས་ཐ་མི་དད་བཙུད་བསྒོམ། །ལུས་ཡང་ལ་སོགས་རྟགས་འབྱུང་ངོ་། །བུམ་གནས་ལ་སོགས་དགུ་རུ་འགྱུར། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །དེ་གཉིས་བར་དུ་དགེ་བའོ། ། བདེ་སྟོང་དབྱེར་མེད་བརྟན་བྱའི་ཕྱིར། །རྗེས་སུ་དྲན་པ་བསྒོམ་པ་ནི། །གནས་བཞིར་བརྟན་པའི་བདེ་སྟོང་བསྒོམ། །ཤིན་ཏུ་གོམས་བྱས་སངས་རྒྱས་ཀྱི། །ལྟ་བ་མི་འཕྲོ་བརྟན་པར་གནས། །ལུས་ལ་འོད་འཕྲོ་ལོངས་སྤྲུལ་མཐོང་། །རྗེས་དྲན་ལ་ནི་སྙོམས་ཞུགས་ན།། འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། ། རྗེས་མེད་ལ་སོགས་སྐུ་ཤེས་བྱ། །དེ་བརྟན་བྱ་ཕྱིར་ཏིང་འཛིན་བསྒོམ། །བདེ་སྟོང་དབྱེར་མེད་དེ་ཉིད་ལ། །ཤིན་ཏུ་གོམས་པར་བྱ་བའོ། །ཐམས་ཅད་བདེ་སྟོང་ལ་སོགས་འབྱུང་། །ལྷུན་གྲུབ་ལ་སོགས་དགུ་རུ་འགྱུར། །ཏིང་འཛིན་དབང་སྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར། །དེ་ གཉིས་ཐ་མར་དགེ་བའོ། །དེ་ལ་སྤྱོད་པ་གོམས་པ་ཡིས། །ཚེ་འདི་ཉིད་དུ་སངས་རྒྱས་ཐོབ། །མ་ཐོབ་བར་དོའི་སྦྱོར་དྲུག་བསྒོམ། །དེ་ནི་ཆགས་བྲལ་མན་ངག་སྟེ། །ཆགས་ཅན་སྦྱོར་དྲུག་གཞན་དུ་ཤེས། །དེ་བྱས་དགེ་བས་བདག་དང་གཞན། །རྡོ་རྗེ་འཆང་ཆེན་གནས་ཐོབ་ཤོག །སྦྱོར་བ་ཡན་ལག་ དྲུག་གི་མན་ངག་ཅོ་ལུ་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ས་མནྟ་ཤྲཱི་དང་། ལོ་ཙཱ་བ་ར་ཆོས་རབ་ཀྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཥ་ཌངྒ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ ལོ། །སོ་སོར་གཅོད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། རྗེས་སུ་དྲན་པ་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་གསུངས། །མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པ། །ཕྱི་ནང་རྟོག་འགགས་རྟགས་བྱུང་བ། །སོ་སོར་གཅོད་པའི་ཡན་ ལག་ཡིན། །རྟགས་རྣམས་བརྟན་པར་མཐོང་འགྱུར་ལ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང་། །རྩེ་གཅིག་མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་ཡིན། །རླུང་བཅུ་དབུ་མར་ཆུད་གྱུར་པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང་། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ཡན་ལག་ཡིན། ། 14-1-251b སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་གི་ཐིག་ལེར་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་ཡིན། །རླུང་སེམས་ཐིག་ལེར་ཟིན་སྟོབས་ཀྱིས། །གཏུམ་མོའི་མེ་འོད་སྣང་བ་དང་། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་པའི་ཡན་ལག་ཡིན། །རྟགས་བཅུ་རྫོགས་པར་གྱུར་ པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང་། །དེ་ནས་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་པྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ ལག་མཐར་ཕྱིན་པའོ། །རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་པི་བྷཱུ་ཏི་ཙནྡྲ་ལ་གསུངས་པའོ།། །།དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཡོ་ག་མཱ་ལཱ། བོད་སྐད་དུ། སྦྱོར་བའི་ཕྲེང་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །བདག་གི་ལྷ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་དྲི་མེད་དེ་དེ་བཞིན། །ཡེ་ཤེས་འཆར་བའི་མན་ངག་ནི། །ཅུང་ཟད་བདག་གིས་བྲི་བར་བྱ། །འགྲོ་བ་ཉོན་མོངས་ཀྱིས་བཅིངས་པ། །ཐར་ལ་ཉོན་མོངས་འཇིག་བྱེད་པའི། །ཡང་དག་ཡེ་ཤེས་སྦྱོར་གོམས་ པས། །དེ་ནི་འཇིག་པར་འགྱུར་བ་ཡིན། །འདིར་ནི་རྣལ་འབྱོར་རབ་ཀྱིས་ནི། །ཟླ་བ་དྲུག་ཏུ་གོམས་པའམ། །ལོ་དང་རྒྱུན་མི་འཆད་པས་ཀྱང་། །ཡང་དག་དངོས་གྲུབ་གཅིག་ཏུ་འགྱུར། །སྤྲོས་པ་ཐམས་ཅད་བཏང་ནས་ནི། །རྣལ་འབྱོར་འདོད་ལ་རབ་འབད་པས། །འཆད་པར་འགྱུར་བའི་སྦྱོར་རྣམས་ལ། ། གཅིག་ཏུ་བཟུང་སྟེ་རྣམ་བསྒོམ་བྱ། །ཕོ་མོ་མ་ནིང་ཁ་དོག་དང་། །འགྲོ་འོང་གནས་པ་རྣམ་བལྟས་ཏེ། །དེ་མཐོང་བ་ཡི་འབྲས་བུ་ནི། །མྱུར་དུ་སྒྲུབ་པ་པོ་ཡིས་ཐོབ། །གཞན་ཡང་ཡོན་ཏན་སྐྱོན་རྣམས་ཀྱི། །རྒྱུ་ནི་སྐྱེས་པ་བུད་མེད་དེ། །དེ་གསད་པ་ཡི་རྣམ་པ་ཡིས། །མ་ནིང་འདིར་ནི་རྒྱས་པར་ བྱ། །མ་ནིང་དེ་ནི་རྒྱས་གྱུར་ན། །གསེར་གྱི་རི་བོ་རྩེ་ལ་ཁྱེར། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །དེ་ལས་འབྱུང་བར་ཐེ་ཚོམ་མེད། །གཞན་ཡང་ཕོ་མོ་མ་ནིང་ནི། །འབད་པ་ཡིས་ནི་གནས་ནས་འབྱུང་། །གདོན་ཏེ་དེ་ཡིས་གནས་རྣམས་ལས། །ཡོན་ཏན་རིན་ཆེན་ཕུན་ཚོགས་ཐོབ། ། 14-1-252a ཡང་ན་ཕོ་མོ་མ་ནིང་ནི། །གནས་འདི་ཉིད་དུ་གཞུག་པར་བྱ། །དེ་གཞུག་དེ་ལ་མྱོས་བྱེད་བླུད། །བླུད་ནས་སྐྱེས་པ་བུད་མེད་ནི། །འབད་པས་མ་ནིང་ཁར་གཞུག་བྱ། །བཅུད་ལ་བརྟེན་པའི་ཡུལ་རྣམས་ལ། །མྱོས་པར་བྱེད་པ་བླུད་པར་བྱ། །བླུད་ནས་རབ་ཏུ་འབད་པ་ཡིས། །མ་ནིང་ཁར་ ནི་གཞུག་པར་བྱ། །དེ་བཞིན་བྱས་གྱུར་དཔག་བསམ་ཤིང་། །འདྲ་བ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་སྦྱོར་བ་འདི་རྣམས་ཀྱིས། །རྟེན་ནི་འདི་རུ་བཤད་པར་བྱ། །གསུམ་པོ་དུས་དང་དབྱེ་བ་ཡིས། །དྲུག་དང་ལྔ་ནི་གོ་རིམས་བཞིན། །སྟེང་འོག་རབ་ཏུ་ཕྱེ་བ་ཡིས། །དེ་ཡི་སོ་སོར་རྣམ་གཉིས་འདོད། ། ཤེས་བྱའི་དངོས་པོ་འདི་རྣམས་ནི། །དེ་ཕྱིར་རྣལ་འབྱོར་པས་ཤེས་བྱ། །ཡང་ན་ལྕེ་ཆུང་རྣལ་འབྱོར་པས། །རྡོ་རྗེ་ལྕེ་ནི་བསྐྱོད་པར་བྱ། །དེ་བསྐྱོད་པ་ལས་བདུད་རྩིའི་རྒྱུན། །འབབ་པར་འདི་ལ་ཐེ་ཚོམ་མེད། །གང་ཡང་ས་བོན་ཚོགས་ཀྱིས་སྤྲུལ། །ཡང་ན་གཟུགས་སྐུ་མཛེས་པའམ། །ལྷན་ཅིག་སྐྱེས་ པ་དྲི་མ་མེད། །ལྷ་ཡི་གཟུགས་ནི་བསྒོམས་པ་ཡིས། །མངོན་པར་འདོད་པས་བསྒྲུབ་བར་བྱ། །སྦྱོར་བ་རིན་ཆེན་འདི་རྣམས་ལ། །སྦྱིན་དང་ཚུལ་ཁྲིམས་སྙིང་རྗེ་ཆེ། །ཐོག་མར་རབ་ཏུ་འབད་པ་ཡིས། །དེ་ལ་གོམས་པ་ཡང་ཡང་བྱ། །འདི་ནི་རྒྱུད་རྣམས་ཐམས་ཅད་དང་། །མདོ་སྡེ་དག་ནི་ཐམས་ཅད་ལས། ། སངས་རྒྱས་རྣམས་ཀྱིས་སྙིང་པོར་གསུངས། །དོན་དམ་པ་ཡི་སྒྲུབ་ཐབས་སོ། །སྦྱོར་བའི་སྤྲོས་པ་འདི་རྣམས་ནི། །ཡང་དག་པར་ནི་སྦྱར་བར་བྱ། །སློབ་མ་བཟང་པོ་དེ་ལ་ནི། །བླ་མ་རང་གིས་ཉམས་མྱོང་བསྟན། །སྦྱོར་བའི་ཕྲེང་བ་འདི་རྣམས་ལ། །དེ་ཉིད་རིན་ཆེན་རབ་སྦྱར་བྱ། །དེ་ཉིད་རིན་ཆེན་མ་ཐོབ་ན། ། དངོས་གྲུབ་ཉིད་ནི་ཇི་ལྟར་ཐོབ། །དེ་བས་སློབ་མ་བཟང་པོ་ཡིས། །འདོད་པས་བླ་མ་རྟག་ཏུ་མཆོད། །གང་ཕྱིར་བླ་མ་མཉེས་པ་ཡིས། །དེ་ཉིད་རིན་ཆེན་རབ་ཏུ་བསྟན། །རིན་ཆེན་གང་ཟག་ཤེས་བྱས་ལ། །འབད་པས་དེ་ཉིད་བརྗོད་པར་བྱ། །པདྨ་དཀར་སོགས་སློབ་མ་ལ། །ཚིག་ཙམ་ཡང་ནི་བརྗོད་མི་ བྱ། །བརྗོད་ན་རབ་ཏུ་འབད་པ་ཡིས། །མན་ངག་འཁྲུལ་པར་གྱུར་ཕྱིར་རོ། །བླ་མ་སྣ་ཚོགས་མན་ངག་ནི། །མཁས་པ་སངས་རྒྱས་གྲགས་པས་བསྡེབས། །སྦྱོར་བའི་ཕྲེང་བ་པཎྜི་ཏ་སངས་རྒྱས་གྲགས་པས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་ཚུལ་ཤེས་རབ་དཔལ་གྱིས་བསྒྱུར་ 14-1-252b བའོ། །༄༅༅། །རྒྱ་གར་སྐད་དུ། ཨནྟ་རྨཉྫ་རཱི་ནཱ་མ། བོད་སྐད་དུ། ནང་གི་སྙེ་མ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ནང་མི་ཤེས་པས་འགྲོ་བ་མ་ལུས་འཆི་དབང་གྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པས་ནང་གི་ཐུགས་རྗེས་གསུངས། །དེ་ཡང་རྟོགས་དཀའ་ གཞུང་མང་སྐྱེ་བོས་ཤེས་མི་ནུས། །དེ་བས་བཏུས་ཏེ་རྟོགས་སླ་ཅུང་ཟད་བདག་གིས་བྲི། །བརྟན་དང་གཡོ་བའི་འཇིག་རྟེན་ལྟར། །ནང་དང་དཀྱིལ་འཁོར་དེ་བཞིན་ནོ། །དེ་ཤེས་པས་ནི་ལུས་གནས་དང་། །གྲོལ་ཕྱིར་ནང་གི་སྙེ་མའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་གདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པའི་དབང་དུ་གྱུར་པ། བདག་དང་བྱེད་པ་པོ་མེད་ཀྱང་བདག་དང་བདག་གི་བའི་རྟོག་པའི་མལ་སྟན་ལ་ཉལ་ཞིང་། རང་བཞིན་གྱིས་དག་པའི་སངས་རྒྱས་ཀྱི་བདག་ཉིད་རང་ལུས་མ་ རྟོགས་པས་དུག་དང་འདྲ་བའི་སྤྱོད་ཡུལ་གྱི་རོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ལ་སྙིང་རྗེས་གསུངས་པ། འཇིག་རྟེན་ནི་རྣམ་པ་གཉིས་ཏེ་བརྟན་པ་དང་གཡོ་བའོ། །དེ་ལ་བརྟན་པ་ནི་ས་གཞིའི་དབུས་སུ་རི་རབ་སྟེ་དེ་བསྐོར་བའི་གླིང་བདུན་དང་། མཚོ་བདུན་དང་། རི་བདུན་དང་། སྟེང་དུ་མཐོ་ རིས་དང་། འོག་ཏུ་ས་འོག་གོ། །དེར་རི་རབ་ནི་ལུས་ཀྱི་རྒལ་ཚིགས་ཏེ་རྐེད་པ་ནས་ཚིགས་པ་དང་པོའི་བར་རོ། །སྤྱི་གཙུག་ནི་ཚངས་པའི་གནས་སོ། །མཐོ་རིས་ནི་མཁུར་བའི་བར་རོ། །མི་ཡུལ་ནི་ལག་པ་གཉིས་ཀྱི་བར་རོ། །ས་འོག་ནི་རྐང་པ་གཉིས་ཀྱི་བར་རོ། །བ་ཚའི་རྒྱ་མཚོ་ནི་དྲི་ཆུའོ། ། ཆང་གི་མཚོ་ནི་རྔུལ། །ཆུའི་མཚོ་ནི་མཆིལ་མའོ། །འོ་མའི་མཚོ་ནི་བུད་མེད་ཀྱི་ནུ་ཞོ་དང་སྐྱེས་པའི་སྣབས་སོ། །ཞོའི་མཚོ་ནི་ཀླད་པའོ། །མར་གྱི་མཚོ་ནི་ཚིལ་ལོ། །སྦྲང་རྩིའི་མཚོ་ནི་ས་བོན་ཏེ་མཚོ་བདུན་ནོ། །མཁྲིག་མ་གཉིས་དང་། གྲུ་མོ་གཉིས་དང་། དཔུང་མགོ་གཉིས་དང་། བརླ་གཉིས་དང་། པུས་མོ་གཉིས་དང་། ལོང་བུ་གཉིས་ཏེ་དུམ་བུ་བཅུ་གཉིས་ནི་འཛམ་བུའི་གླིང་ཆེན་པོའོ། །དྲག་པོའི་གླིང་ནི་ཤའོ། །ཁྲུང་ཁྲུང་གི་གླིང་ནི་སྐྲན་ནོ། །མི་འམ་ཅིའི་གླིང་ནི་གློ་བའོ། །ཀུ་ཤའི་གླིང་ནི་ལྟ་བའི་ཚིལ་ལོ། །དཀར་འོད་ཀྱི་གླིང་ནི་རྒྱུ་མའོ། །ཟླ་བའི་གླིང་ནི་རྩ་རྣམས་ཏེ་གླིང་བདུན་ནོ། །རྡོ་རྗེའི་ 14-1-253a རི་རྣམས་ནི་རྐང་པ་དང་། ལག་པའི་སེན་མོ་རྣམས་སོ། །གངས་རི་ནི་ལག་པའི་རུས་པའོ། །དྲི་མེད་ནི་ལག་ངར་རོ། །ནོར་བུའི་འོད་ནི་དཔུང་པའི་རུས་པའོ། །དྲུག་བྲལ་ནི་རྐང་པའི་རུས་པའོ། །མནྡཱ་ར་བ་ནི་རྗེ་ངར་གྱི་རུས་པའོ། །འོད་སྔོ་ནི་བརླའི་རུས་པ་སྟེ་རི་བདུན་ནོ། །ས་དང་ཆུའི་ཁོར་ ཡུག་གཉིས་བཤད་ཟིན་ཏོ། །མེའི་ཁོར་ཡུག་ནི་ཁྲག་གོ། །རླུང་གི་ཁོར་ཡུག་ནི་པགས་པ་རྣམས་སོ། །བཅུད་ཀྱི་འཇིག་རྟེན་ལ་སྐྲ་རྣམས་ནི་གྲུབ་པ་ཐོབ་པ་སྟེ་མཁའ་ལ་སྤྱོད་པ་རྣམས་སོ། །མཆན་ཁུང་གི་སྤུ་ནི་ས་ལ་སྤྱོད་པ་རྣམས་སོ། །བྷ་ག་དང་ལིངྒའི་སྤུ་ནི་ས་འོག་ན་སྤྱོད་པའོ། །ལྷ་དང་འབྱུང་པོ་ རྣམས་ནི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའོ། །གཞུའི་དབྱིབས་སྙིང་གར་གློག་སྟེ་ལྷོའི་མེའོ། །མགུལ་པའི་ཟླུམ་པོ་ལ་ཉི་མའི་མེ་སྟེ་ཁྱིམ་གྱི་བདག་པོའོ། །ལྟེ་བ་གྲུ་བཞི་པ་ཤ་ཟའི་མེ་སྦྱིན་སྲེག་གིས་མཆོད་བྱའོ། །དཔྲལ་བར་ཡེ་ཤེས་ཀྱི་མེ་སྟེ། གང་ན་གཟའ་རྣམས་དང་སྐར་མ་རྣམས་གློག་ལ་ སོགས་པ་མེ་འཆར་བའོ། །གཅི་བའི་ལམ་ནི་ཉི་མའོ། །བཤང་བའི་ལམ་ནི་ཟླ་བའོ། །ས་བོན་གྱི་ལམ་ནི་དུས་ཀྱི་མེའོ། །ཁ་ནི་སྒྲ་གཅན་ནོ། །མིག་གཡས་པ་ནི་མིག་དམར་རོ། །གཡོན་པ་ནི་ལག་པའོ། །སྣ་བུག་གཡས་པ་ནི་ཕུར་བུའོ། །གཡོན་པ་ནི་པ་བསངས་སོ། །རྣ་བ་གཡས་པ་ནི་སྤེན་པའོ། ། གཡོན་པ་ནི་མཇུག་རིངས་ཏེ་འདིར་གཟའ་བཅུའོ། །སོ་སུམ་ཅུ་སོ་གཉིས་ལས་བཞི་ནི་མཚམས་ཀྱི་སྐར་མའོ། །སྟེང་དུ་བཅུ་བཞི་དང་འོག་ཏུ་བཅུ་བཞི་ནི་རཱ་ཤི་འཁོར་ལོ་མཐོན་དམན་དུ་འཁོར་བའི་ཕྱིར་རོ། །ནམ་གྲུ་དང་བཅས་པ་ཕྱོགས་ཀུན་དུ་བདུན་བདུན་ཡིན་ལ། །ཤར་ཕྱོགས་ཀྱི་དཀྱིལ་དུ་ཁྲུམས་སྨད་ དེ། དེ་ནས་གཡོན་སྐོར་དུ་དབྱུང་བ་ལ་སོགས་པའོ། །ལོ་གཅིག་གི་ཉིན་ཞག་ནི་སུམ་བརྒྱ་དྲུག་ཅུའོ། །ནང་དུ་དབུགས་དྲུག་གི་ཆུ་སྲང་གཅིག་ཆུ་སྲང་དྲུག་ཅུ་དབྱུ་གུ་གཅིག་སྟེ་དབུགས་སུམ་བརྒྱ་དྲུག་ཅུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་སྟེ་དབུགས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། ། འཇིག་རྟེན་གྱི་ཁམས་ལ་ཆུ་བོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་རོ་རྒྱུ་བའོ། །རྒྱུ་མ་ནི་སྦྱིན་ཏེ། རོའི་ཆར་འབབ་པ་དང་སྒྲ་སྒྲོགས་པའི་ཕྱིར་རོ། །ཕྲ་བ་དང་རགས་པའི་སྤུ་ནི་ཚེས་གཅིག་དང་གཉིས་སོ། །དེ་ལྟར་པགས་པ་ནི་ཚེས་གསུམ་དང་ 14-1-253b བཞིའོ། །ཁྲག་ནི་ཚེས་ལྔ་དང་དྲུག་གོ། །ཤ་ནི་ཚེས་བདུན་དང་བརྒྱད་དོ། །རྩ་ནི་ཚེས་དགུ་དང་བཅུའོ། །རུས་པ་ནི་ཚེས་བཅུ་གཅིག་དང་བཅུ་གཉིས་སོ། །རྐང་མར་ནི་ཚེས་བཅུ་གསུམ་དང་བཅུ་བཞིའོ། །ཆ་བཅུ་དྲུག་པ་ནི་ཉའོ། །ས་ལས་བྱུང་བ་རྣམས་ནི་སྐྱེས་པ་སྟེ་ནང་དུ་བ་སྤུ་རྣམས་སོ། ། རླུང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པ་སྟེ་ནང་དུ་ཤིག་རྣམས་སོ། །ཆུ་ལས་བྱུང་བ་ནི་དྲོད་གཤེར་ལས་སྐྱེས་པ་སྟེ་ནང་དུ་སྲིན་བུ་རྣམས་སོ། །མ་ལས་བྱུང་བ་ནི་ས་བོན་ལས་སྐྱེས་པ་སྟེ་ནང་དུ་ས་བོན་ཉིད་དོ། །ནམ་མཁའ་ལས་བྱུང་བ་ནི་རྫུས་ཏེ་སྐྱེས་པ་སྟེ་ནང་དུ་སེམས་ཕྲ་མོའོ། །ཕྱི་རོལ་དུ་ཚེས་གཅིག་ལ་སོགས་པ་ ལྔ་ལྔ་ནི་དགའ་བ་དང་། བཟང་པོ་དང་། རྒྱལ་བ་དང་། སྟོང་པ་དང་། གང་བའི་མིང་ཅན་ཏེ་ནང་དུ་དཀར་པོ་དང་། ནག་པོའི་ཕྱོགས་ཀྱི་ཚུལ་དུ་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་ལ་ལག་པ་གཡོན་པའི་མཐེ་ཆུང་གི་རྩེ་མོའི་ཚིགས་ལ་སོགས་པ་གསུམ་གསུམ་བཅོ་ལྔ་ནི་དཀར་པོའི་ཕྱོགས་ཏེ་ནམ་མཁའ་ལ་ སོགས་པའི་རིམ་པའོ། །ལག་པ་གཡས་པའི་མཐེ་བོང་གི་རྩ་བའི་ཚིགས་ལ་སོགས་པའི་རིམ་པས་ས་ལ་སོགས་པ་ནི་ནག་པོའི་ཕྱོགས་སོ། །དེ་ལྟར་ཟླ་བ་གཉིས་པའི་ཚེས་རྣམས་ནི་རྐང་པའི་སོར་མོའི་ཚིགས་རྣམས་སོ། །དེ་བཞིན་དུ་སོགས་པར་ཡང་སྟེ་ལོ་གཅིག་ལ་ལན་དྲུག་ཏུ་འཁོར་རོ། །སྙིང་གར་ ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོར་མིག་དམར་རོ། །བདེན་བྲལ་དུ་ལག་པའོ། །ནུབ་ཏུ་ཕུར་བུའོ། །རླུང་དུ་པ་སངས་སོ། །བྱང་དུ་སྤེན་པའོ། །དབང་ལྡན་དུ་མཁའ་འགྲོ་མའི་ལོངས་སྤྱོད་ཀྱི་ཕྱེད་ལ་ཡང་སྤེན་པའོ། །ཕྱེད་གཞན་ལ་སྒྲ་གཅན་ནོ། གཟའ་ནི་བདུན་ལ་བརྒྱད་པ་ནི་མཁའ་ འགྲོ་མའི་ལོངས་སྤྱོད་དེ། སྤེན་པའི་ཚེས་ལ་ཐུན་དང་པོའི་ཕྱེད་ལ་སྟོང་པའོ། །ལྟེ་བའི་བཞི་ནི་སྟོང་པ་སྟེ་དྲུག་ཅུ་ལ་ནི་དཀྱིལ་འཁོར་དྲུག་ཅུ་རྒྱུ་བའོ། །དཔྲལ་བར་བཅུ་དྲུག་ལ་གཉིས་ནི་སྟོང་པ་ཡིན་ལ། བཅུ་བཞི་ནི་ཟླ་བའི་རྐང་པ་སྟེ་འབྱུང་བ་ལ་སོགས་པའོ། །ཆུ་སྲང་དྲུག་ཅུ་དབྱུ་གུ་གཅིག །དབྱུ་གུ་དྲུག་ ཅུ་ཉིན་ཞག་གཅིག །དྲུག་ཅུ་དྲུག་ཅུས་བསྒྱུར་བའི་ཆུ་སྲང་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་ལུས་ལ་ཡོད་དོ། །ཕྱི་རོལ་དུ་ཉི་མ་ནི་ལོ་གཅིག་གིས་ཁྱིམ་བཅུ་གཉིས་འཁོར་རོ། །ལུས་ལ་ལྟེ་བའི་རྩ་བཅུ་གཉིས་ལ་ཉིན་ཞག་གཅིག་གིས་སོ། །ཟླ་བ་གཅིག་ལ་དབྱུ་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་ 14-1-254a གོ། ལུས་ཀྱི་སྣ་བུག་གཅིག་ལ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་གོ། །ཞག་མང་ཉུང་ལྟར་དབུགས་མང་ཉུང་གིས་སོ། །ཕྱི་རོལ་དུ་ཉི་མས་དཀྱིལ་འཁོར་གཅིག་ལ་ལོངས་སྤྱོད་པ་ནི་ཞག་དྲུག་གི་དབྱུ་གུ་སུམ་བརྒྱ་དྲུག་ཅུའོ། །རྣ་བུག་ལ་དཀྱིལ་འཁོར་གཅིག་ གི་ལོངས་སྤྱོད་ནི་དབུགས་སུམ་བརྒྱ་དྲུག་ཅུའོ། །སྣ་བུག་རེ་རེ་དཀྱིལ་འཁོར་ལྔ་རྒྱུ་སྟེ་དབྱུ་གུ་ལྔས་སོ། །སྣ་བུག་གཉི་གར་འོག་ཏུ་སའི་དཀྱིལ་འཁོར་དང་། གཡོན་དུ་ཆུའི་དང་། གཡས་སུ་མེའི་དང་། སྟེང་དུ་རླུང་གི་དང་། དབུས་སུ་ནམ་མཁའི་དཀྱིལ་འཁོར་རོ། །མཉམ་པར་རྒྱུ་བ་ནི་གཉི་ག་ ལས་སོ། །དཀྱིལ་འཁོར་རེ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལ་ཐ་མར་བཅུ་གཅིག་བཞི་ཆ་དབུ་མར་མཉམ་པར་རྒྱུའོ། །སྣ་བུག་གཡོན་ནས་ནམ་མཁའ་ལ་སོགས་པ་དང་། གཡས་ན་ས་ལ་སོགས་པ་ནི་རིམ་པས་རྒྱུ་བའོ། །གཡོན་ནས་ནམ་མཁའི་ལྷ་ནི་སྒྲ་གཅན་ནོ། །གཡས་སུ་དུས་ མེའོ། །དེ་བཞིན་དུ་རླུང་ལ་ཟླ་བ་དང་ཉི་མའོ། །མེ་ལ་ལག་པ་དང་མིག་དམར་རོ། །ཆུ་ལ་པ་བསངས་དང་ཕུར་བུའོ། །ས་ལ་མཇུག་རིངས་དང་སྤེན་པའོ། །རྐྱང་མ་ནི་ས་བོན་རྒྱུ་བའོ། །རོ་མ་ནི་ཁྲག་རྒྱུ་བའོ། །ལྟེ་བའི་ནང་དུ་རྩ་འདབ་བཞི་དང་། དེའི་ཕྱིར་བརྒྱད་དང་། དེའི་ཕྱིར་བཅུ་གཉིས་དང་། དེའི་ཕྱིར་དྲུག་ཅུ་རྩ་བཞིའོ། །ལྟེ་བའི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་ན་སྙིང་གར་རྩ་འདབ་བརྒྱད་དང་། འདིར་འཕོ་བ་ནི་ཐུན་རེ་རེར་དབྱུ་གུ་ཕྱེད་དང་བརྒྱད་ཀྱིས་དབུགས་བརྒྱ་ཕྲག་ཉེར་བདུན་གྱིས་སོ། །སྲོག་རླུང་ནི་སྣ་བུག་གཡས་ནས་གྱེན་དུ་རྒྱུའོ། །ཐུར་སེལ་ནི་གཡོན་ནས་འོག་ཏུ་རྒྱུའོ། ། ཤར་དུ་སྣར་མའི་རྩ་ལ་མཉམ་གནས་སོ། །མེར་གླང་ཆེན་གྱི་རྩ་ལ་གྱེན་དུ་རྒྱུའོ། །ལྷོར་དམར་སེར་གྱི་རྩ་ལ་ཁྱབ་བྱེད་དོ། །བདེན་བྲལ་དུ་རྒྱལ་གྱི་རྩ་ལ་ཀླུའོ། །ནུབ་ཏུ་རྒྱལ་བའི་རྩ་ལ་རུས་སྦལ་ལོ། །རླུང་དུ་སྐུའི་རྩ་ལ་རྩངས་པའོ། །བྱང་དུ་ལུག་གི་རྩ་ལ་ལྷ་སྦྱིན་ནོ། །དབང་ལྡན་དུ་ཀུ་ཧའི་རྩ་ལ་ནོར་ རྒྱལ་ལོ། །དབུས་མ་ལ་སྲོག་སྟེ་སྐྱེ་པོ་ཀུན་ལ་སྦྱོར། ཐུར་སེལ་ནི་དུང་ཅན་མ་ལའོ། །གཡས་གཡོན་གྱི་སྲོག་རླུང་གིས་སྟོབས་སྐྱེད་དོ། །ཐུར་སེལ་ནི་བཟའ་བཏུང་འོག་ཏུ་འཁྱེར་རོ། །མཉམ་གནས་ནི་རོ་མཉམ་པར་བྱེད་དོ། །གྱེན་རྒྱུ་ལུས་གཡོ་བར་བྱེད་པ་དང་། ཁས་གླུ་དང་དགོད་པ་ལ་སོགས་པ་ 14-1-254b དང་། ལག་པ་དང་རྐང་པས་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ནི་ཆུ་ལ་སོགས་པའི་དབང་གིས་ལུས་ལ་ནད་བྱེད་དོ། །ཀླུ་ཡིས་སྒྲེགས་པར་བྱེད་དོ། །རུས་སྦལ་གྱིས་རྐང་ལག་སྐུམ་པར་བྱེད་དོ། །རྩངས་པས་འཁྲུག་པ་དང་ཁྲོ་བར་བྱེད་དོ། །ལྷ་སྦྱིན་གྱིས་གཡལ་བར་བྱེད་དོ། ། ནོར་རྒྱལ་གྱི་ས་ནི་ཤི་བའི་ལུས་ཀྱང་མི་འདོར་བའོ། །རྩ་བརྒྱད་པོ་འདི་དག་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་བདག་གི་རང་བཞིན་ཏེ་ཐུན་རྒྱུ་བའོ། །སྙིང་གི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་གྱི་མཐར་མགུལ་པ་ལ་འདབ་མ་སུམ་ཅུ་རྩ་གཉིས་ཏེ། བཞི་མི་རྒྱུ་བའོ། །གཟའ་དང་བཅས་པའི་སྐར་མའི་ འཁོར་ལོ་སྟེ། དབྱུ་གུ་དྲུག་ཅུ་ལས་དབྱུག་པ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པས་ཐོབ་པ་དེ་དབྱུ་གུ་གཉིས་དང་ཆུ་སྲང་བརྒྱད་དེ་འདབ་མ་རེ་རེ་ལའོ། །མགུལ་པ་ནས་སོར་ཕྱེད་གང་བཅུ་གསུམ་ནས་དཔྲལ་བ་སྟེ། དབུས་སུ་ཨ་དཀར་པོ་སྟེ་ཨ་ལ་སོགས་པ་བཅུ་དྲུག་གིས་བསྐོར་བའོ། ། འདབ་མ་བཅུ་དྲུག་ལས་འདབ་མ་གཉིས་དོར་ནས་ཟླ་བའི་རྐང་པ་བཅུ་བཞིས་དབྱུ་གུ་དྲུག་ཅུ་ལ་བགོས་པས་ཐོབ་པ་དབྱུ་གུ་བཞི་དང་ཆུ་སྲང་བཅུ་བདུན་འདབ་མ་རེ་རེ་ནས་རྒྱུའོ། །དེ་ནས་ཚེས་གཅིག་ལ་སོགས་པའོ། །དེ་ནས་སོར་བཞི་པའི་སྟེང་དུ་སྤྱི་གཙུག་པདྨ་འདབ་མ་བཞི་ཐུན་མཚམས་བཞི་སྟེ། ། སྟོང་པ་དང་ཤིན་ཏུ་སྟོང་པ་ལ་སོགས་པའི་རང་བཞིན་ནོ། །གསང་གནས་སུ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་ལ་དབྱངས་ཡིག་རྣམས་སོ། །དེའི་ནང་བཅུ་ནི་ཕུང་པོ་དང་། ཁམས་ཀྱི་རང་བཞིན་ནོ། །དེའི་ནང་དུ་དྲུག་སྟེ་སྟོང་པའོ། །འཁོར་ལོ་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་གོ། །འདིར་ དབུ་མ་མ་བགྲངས་སོ། །དབུགས་ནི་ལྟེ་བ་དང་། སྙིང་ག་དང་། མགུལ་པ་དང་། དཔྲལ་བ་དང་། སྤྱི་གཙུག་དང་། སྣ་བུག་དང་། དབྱུ་གུ་དང་། སྐར་མ་དང་། ཚེས་དང་། ཐུན་མཚམས་དང་། དཀྱིལ་འཁོར་ལྔས་འབིགས་ནས་དམིགས་པ་མེད་པ་བཅུ་གཉིས་ཀྱི་མཐའ་དང་བཅུ་དྲུག །གཉིས་ ཀྱི་མཐའ་དང་དྲུག་གི་མཐར་རྒྱུའོ། །དེ་ནས་ལྡོག་གོ། །གང་གི་ཚེ་ཕྱི་རོལ་དུ་ཐུང་བ་སོར་བཅུ་གཉིས་སུ་རྒྱུ་བ་དེའི་ཚེ་ལྟེ་བའི་འོག་ཏུ་སོར་བཞི་རྒྱུའོ། །རྐང་པ་གཡོན་པའི་ཚིགས་གསུམ་ལ་འཁོར་ལོ་གསུམ་སྟེ། ཟླ་བའི་ཚེས་ཀྱི་གྲངས་ཀྱིས་ལྷ་སུམ་ཅུ་སྟེ་སའི་ཁམས་ལ་སྙིང་སྟོབས་ལ་སོགས་པའི་ 14-1-255a དབྱེ་བས་སོ། །རྐང་པ་གཡས་པ་ཆུ་ཁམས་དང་། ལག་པ་གཡོན་པ་མེའི་ཁམས་དང་། ལག་པ་གཡས་པ་རླུང་གི་ཁམས་ཏེ་ལོ་གཅིག་ལ་བཅུ་གཉིས་སོ། །གཡོན་དང་གཡས་པའི་ལག་པ་དང་རྐང་པའི་སོར་མོ་རྣམས་ནི་ས་ལ་སོགས་པའོ། །སོར་མོའི་ཚིགས་ གསུམ་ནི་སྙིང་སྟོབས་ལ་སོགས་པའོ། །མཐེ་བོང་སའོ། །སྡིགས་མཛུབ་ཆུའོ། །གུང་མོ་མེའོ། །མིང་མེད་རླུང་ངོ་། །མཐེའུ་ཆུང་ནི་ནམ་མཁའོ། །སྐྲ་དང་བ་སྤུ་བྱེ་བ་ཕྱེད་དང་བཞི་ནི་ནམ་མཁའོ། །མའི་ཁྲག་གིས་གསུམ་སྟེ། པགས་པ་དང་། ཤ་དང་ཁྲག་གོ། །སྐུ་ལ་སོགས་པའི་ རིགས་ནི་གསུམ་སྟེ་ལྟེ་བར་འཁོར་ལོའི་རིགས་དང་། མགུལ་པར་རིན་ཆེན་དང་། གསང་བར་གྲི་གུག་གོ། །ཕའི་ས་བོན་གྱིས་གསུམ་སྟེ་རུས་པ་དང་། རྐང་མར་དང་། རྒྱུས་པའོ། །རིགས་ཀྱང་གསུམ་སྟེ། དཔྲལ་བར་པདྨ་དང་། སྙིང་གར་རལ་གྲི་དང་། སྤྱི་གཙུག་ཏུ་རྡོ་རྗེའོ། མངལ་ དུ་ཟླ་བ་གཅིག་གི་བར་དུ་འབྱུང་བ་ལྔར་གྱུར་པའི་ལས་ས་བོན་འཕེལ། །ཟླ་བ་གཅིག་གི་རྗེས་སུ་དེའི་མྱུ་གུ་སྙིང་གར་སྲོག་ལ་སོགས་པའི་གནས་ཕྲ་མོ་བཅུའོ། །ལྟེ་བར་དྲུག་ཅུ་བཞི་དང་དེའི་ནང་དུ་འཕོ་བའི་རྩ་ནི་བཅུ་གཉིས་སོ། །དྲུག་ཅུ་རྩ་བཞི་འདི་དག་ལག་པ་དང་རྐང་པ་དང་ཁའི་ གནས་དང་བྱེད་པའི་སྟེང་དུ་སོང་སྟེ། ཟླ་བ་གཉིས་ཚང་ནས་ལག་པ་ལ་སོགས་པ་ཅུང་ཟད་འབྱུང་ངོ་། །རུས་སྦལ་གྱི་གནས་སྐབས་སུ་འབུར་ལྔ་སྟེ་ལག་པ་གཉིས་དང་རྐང་པ་གཉིས་དང་མགུལ་པར་མགོ་བོ་རྐང་ལག་གི་ཚིགས་དྲུག་ལ་རྩ་ཕྲ་མོ་རྣམས་སོ། །ཟླ་བ་བཞི་ཚང་ནས་མགྲིན་པར་ ལོངས་སྤྱོད་ཀྱི་རྩ་རྣམས་སོ། །ཟླ་བ་ལྔ་ལ་ཕག་གི་སྐབས་སུ་ཤ་ལ་བརྟེན་ནས་རུས་པ་སུམ་བརྒྱ་དྲུག་ཅུ་དང་། དེའི་ཚིགས་ཀྱང་སུམ་བརྒྱ་དྲུག་ཅུའོ། །ཁྲག་དང་བདེ་བ་ལ་སོགས་པའི་ཚོར་བ་དང་། ཟླ་བ་དྲུག་ལ་མངོན་ཤེས་ཀྱིས་མ་ཆགས་པར་བྱེད། སྲིད་པའི་སྡུག་བསྔལ་ལ་རྨོངས། སངས་རྒྱས་ཀྱི་ལམ་ལ་བསྟོད། ཟླ་བ་བདུན་གྱིས་སྨིན་མ་དང་སྐྲ་དང་ཁ་སྤུ་དང་མིག་ལ་སོགས་པའི་སྐྱེ་མཆེད་ཚང་བའོ། །མངལ་གྱི་ཟླ་བའི་གཏིང་ལ་ཉིན་རེ་བཞིན་དུ་རྩ་བརྒྱ་ཕྲག་གཉིས་གཉིས་དང་། གནད་སུམ་བརྒྱ་དྲུག་ཅུ་དང་། རྐང་མར་དང་། ལྕེ་སྲ་བའོ། །བརྒྱད་པ་ལ་བཤང་ 14-1-255b བ་དང་གཅི་བའོ། །དགུ་དང་བཅུ་གཉིས་ཀྱི་བར་སྐྱེ་བའི་དུས་སུ་མིའི་སེང་གེ་སྟེ། སྐྱེ་གནས་ཀྱིས་བསྡམས་པས་སྡུག་བསྔལ་མི་བཟད་པར་འགྱུར་རོ། །བཅུ་དྲུག་གི་བར་ཤིང་རྟ་བཅུ་པའི་བུའོ། །སྐྲ་དཀར་གྱི་བར་ཁྱབ་འཇུག་གོ། །རྒས་པ་ནི་སངས་རྒྱས་སོ། །འཆི་བའི་ཚེ་ཚངས་པ་ ཅན་ཏེ་ཕུང་པོ་དང་ཁམས་ལ་སོགས་པ་སྟོང་པ་ཉིད་དུ་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །དེ་ནི་ཞར་ལས་བྱུང་བའོ། །ད་ནི་སྐབས་སུ་བབ་པ་བརྗོད་པར་བྱའོ། །ལུས་ལ་ཤེས་རབ་དང་ཐབས་ནི་རུས་པ་དང་ཤའོ། །ཆུ་དང་ཁྲག་གོ། །མེ་དང་གཅི་བའོ། །རླུང་དང་བཤང་བའོ། །ཟླ་མཚན་དང་ ས་བོན་ནོ། །སྒྲ་དང་རྣ་བའོ། །དྲི་དང་སྣའོ། །གཟུགས་དང་མིག་གོ། །རོ་དང་ལྕེའོ། །རེག་བྱ་དང་ལུས་སོ། །ཆོས་ཀྱི་ཁམས་དང་ཡིད་དོ། །བཤང་བ་འབབ་པ་དང་བཤང་ལམ་མོ། །འགྲོ་བ་དང་རྐང་པའོ། །འཛིན་པ་དང་ལག་པའོ། །སྨྲ་བ་དང་ངག་གོ། །བྱང་སེམས་ མཉམ་པ་དང་ལྷའི་དབང་པོའོ། །བྷ་ག་དང་ལིངྒའོ། །ས་བོན་མཉམ་པ་དང་དུང་ཅན་མའོ། །ས་ལ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །འདིར་རྩའི་གཙོ་བོ་གསུམ་སྟེ་གཡོན་དུ་རྐྱང་མ་ཟླ་བ་རྒྱུ་བའོ། །གཡས་སུ་རོ་མ་ཉི་མ་རྒྱུ་བའོ། །དབུས་སུ་དབུ་མ་སྒྲ་གཅན་རྒྱུ་བའོ། ། སྣ་བུག་གཉིས་ལ་དཀྱིལ་འཁོར་ལྔ་ལྔ་སྟེ་དེ་ལ་གཡོན་གྱི་དཀྱིལ་འཁོར་དུ་ནམ་མཁའི་དཀྱིལ་འཁོར་དང་པོ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་དྲུག་ཕྱི་རོལ་དུ་རྒྱུ་བའོ། །འདི་སྒྲ་གཅན་དང་མི་བསྐྱོད་པའོ། །སྟེང་དུ་རླུང་གི་དཀྱིལ་འཁོར་གཉིས་པ་ལ་དབུགས་སུམ་བརྒྱ་ཞེ་ བརྒྱད་དང་ཞེ་གསུམ་སོར་བཅོ་ལྔ་རྒྱུ་བའོ། །འདི་དོན་ཡོད་གྲུབ་པ་དང་ཟླ་བའོ། །ལྷོར་མེའི་དཀྱིལ་འཁོར་གསུམ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །འདི་རིན་འབྱུང་དང་ལག་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་ གསུམ་སོར་བཅུ་གསུམ་རྒྱུའོ། །འདི་འོད་དཔག་མེད་དང་པ་བསངས་སོ། །འོག་ཏུ་སའི་དཀྱིལ་འཁོར་ལྔ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ། །འདི་རྣམ་སྣང་དང་མཇུག་རིངས་སོ། །དབུགས་འདི་ནས་འཕོས་ནས་གཡས་པའི་འོག་ཏུ་སའི་དཀྱིལ་ 14-1-256a འཁོར་དང་པོར་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ། །འདི་སྤྱན་མ་དང་སྤེན་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་གཉིས་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གསུམ་རྒྱུའོ། །མཱ་མ་ཀཱི་དང་ཕུར་བུའོ། །གཡས་སུ་མེའི་ དཀྱིལ་འཁོར་གསུམ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །གོས་དཀར་མོ་དང་མིག་དམར་རོ། །སྟེང་དུ་རླུང་གི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅོ་ལྔ་རྒྱུའོ། །སྒྲོལ་མ་དང་ཉི་མའོ། །དབུས་སུ་ནམ་མཁའི་ དཀྱིལ་འཁོར་ལྔ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་དྲུག་རྒྱུའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་དུས་ཀྱི་མེའོ། །དབུགས་ཀྱི་གྲངས་དང་ཞེ་གསུམ་པོ་ཐམས་ཅད་དང་པོ་ལྟར་རོ། །དཀྱིལ་འཁོར་རེ་རེའི་འཕོ་བ་ལ་དབུ་མར་མཉམ་པར་རྒྱུ་བའི་དབུགས་བཅུ་གཅིག་དང་ བཞི་ཆའོ། །གཡོན་ན་དཀྱིལ་འཁོར་ལྔས་ལྔ་བཅུ་རྩ་དྲུག་དང་བཞི་ཆ་གཅིག་གོ། །གཡས་པ་ལ་ཡང་ང་དྲུག་དང་བཞི་ཆ་གཅིག་གོ། །འཕོ་བ་བཅུ་གཉིས་ཀྱི་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །ཉིན་ཞག་གཅིག་ལ་དབུ་མར་རྒྱུ་བ་དང་བཅས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའོ། །དེ་ལྟར་ རང་བཞིན་དུ་རྒྱུ་བ་ལ་ཉི་མར་མི་ཤིས་པ་འབྱུང་སྟེ། སྣ་བུག་གཡས་པ་ན་ཉི་མ་ལྔ་པ་ལ་བར་མེད་པར་རྒྱུ་བ་ན་ཚེ་ལོ་གསུམ་ལྷག་མར་ཡོད་དེ། ཚེས་བཅུ་པ་ལ་རྒྱུན་དུ་རྒྱུ་ན་ལོ་གཉིས་སོ། །ཚེས་བཅོ་ལྔ་ལ་རྒྱུན་དུ་རྒྱུ་ན་ལོ་གཅིག་གོ། །ཚེས་ཉི་ཤུ་ལ་རྒྱུན་དུ་རྒྱུ་ན་ཟླ་བ་དྲུག་གོ། །ཚེས་ཉི་ ཤུ་ལྔ་ལ་རྒྱུ་ན་ཟླ་བ་གསུམ་མོ། །ཚེས་ཉི་ཤུ་དྲུག་ལ་རྒྱུ་ན་ཟླ་བ་གཉིས་སོ། །ཚེས་ཉི་ཤུ་བདུན་ལ་རྒྱུ་ན་ཟླ་བ་གཅིག་གོ། །ཉེར་བརྒྱད་ལ་རྒྱུ་ན་ཞག་བཅོ་ལྔའོ། །ཉེར་དགུ་ལ་རྒྱུ་ན་ཞག་བཅུ་པའོ། །སུམ་ཅུ་པ་ལ་སྒྱུ་ན་ཞག་ལྔའོ། །སོ་གཅིག་པ་ལ་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་པ་ལ་རྒྱུ་ ན་ཞག་གཉིས་སོ། །སོ་གསུམ་པ་ལ་རྒྱུ་ན་ཞག་གཅིག་གོ། །ཟླ་བའི་མི་ཤིས་པ་བརྗོད་དེ་ཚེ་ལོ་གསུམ་ཡོད་པའི་སྣ་བུག་གཡོན་པ་ན་མི་ཤིས་པ་ཞག་གཅིག་དེས་མ་ཚང་བའི་ཟླ་བ་གཉིས་རང་བཞིན་དུ་རྒྱུའོ། །མི་ཤིས་པ་ཞག་གཉིས་དེས་མ་ཚང་བ་རང་བཞིན་ཟླ་བ་གཉིས་ནི་ཁྱིམ་དང་པོར་རོ། ། 14-1-256b གཉིས་པ་ལ་ཚེས་ལྷག་མ་ཟླ་བ་སུམ་ཅུ་སྟེ་མི་ཤིས་པ་ཞག་བཞི་དེས་མ་ཚང་བ་ཟླ་བ་གཅིག་མི་ཤིས་པ་ཞག་ལྔ་རང་བཞིན་ཉེར་ལྔའོ། །མི་ཤིས་པ་ཞག་དྲུག་རང་བཞིན་ཉེར་བཞིའོ། །གསུམ་པ་ལ་མི་ཤིས་པ་ཞག་བདུན་རང་བཞིན་ཞག་ཉེར་གསུམ་མོ། །མི་ཤིས་པ་ཞག་བརྒྱད་རང་བཞིན་ཞག་ ཉེར་གཉིས་སོ། །མི་ཤིས་པ་ཞག་དགུ་རང་བཞིན་ཉེར་གཅིག་གོ། །བཞི་པ་ལ་མི་ཤིས་པ་ཞག་བཅུ་རང་བཞིན་ཉི་ཤུའོ། །མི་ཤིས་པ་བཅུ་གཅིག་པས་རང་བཞིན་བཅུ་དགུ། མི་ཤིས་པ་བཅུ་གཉིས་པས་རང་བཞིན་བཅོ་བརྒྱད་དོ། །ལྔ་པ་ལ་མི་ཤིས་པ་བཅུ་གསུམ་རང་བཞིན་བཅུ་ བདུན་ནོ། །མི་ཤིས་པ་བཅུ་བཞི་རང་བཞིན་བཅུ་དྲུག་གོ། །མི་ཤིས་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དྲུག་པ་ལ་མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ། །མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ། །མི་ཤིས་པ་བཅུ་བདུན་རང་བཞིན་བཅུ་གསུམ་མོ། །མི་ཤིས་པ་བཅོ་བརྒྱད་རང་ བཞིན་བཅུ་གཉིས་སོ། །བདུན་པ་ལ་མི་ཤིས་པ་བཅུ་དགུ་རང་བཞིན་བཅུ་གཅིག་གོ། །མི་ཤིས་པ་ཉི་ཤུ་རང་བཞིན་བཅུའོ། །མི་འདོད་པ་ཉེར་གཅིག་རང་བཞིན་དགུའོ། །བརྒྱད་པ་ལ་མི་འདོད་པ་ཉེར་བཞི་རང་བཞིན་དྲུག་དང་ཟླ་བ་གཉིས་སོ། །དགུ་པ་ལ་མི་འདོད་པ་ཉེར་བདུན་ རང་བཞིན་ཞག་གསུམ་དང་ཟླ་བ་གཉིས་སོ། །བཅུ་པ་ལ་མི་འདོད་པ་སུམ་ཅུ་རང་བཞིན་ཟླ་བ་གཉིས་སོ། །བཅུ་གཅིག་པ་ལ་མི་འདོད་པ་སོ་གསུམ་རང་བཞིན་ཉེར་བདུན་དང་ཟླ་བ་གཅིག །འདབ་མ་བཅུ་གཉིས་པ་ལ་ཐོག་མའི་ལྷག་མ་ཟླ་བ་གསུམ་གྱི་ཐ་མའི་ཞག་གསུམ་ལས་ཞག་ གཉིས་སྣ་བུག་གཡས་པ་ནས་རྒྱུ་སྟེ་གཅིག་ནི་དབུ་མར་རྒྱུའོ། །འདབ་མ་དང་པོ་ལ་ཟླ་བ་དྲུག་ཟད་དེ་ལྷག་མའི་འདབ་མ་རྣམས་སུ་གསུམ་མོ། །ནད་མེད་པ་རྣམས་ཀྱི་ཁམས་སྙོམས་པ་ཡིན་ལ། མི་སྙོམས་པའི་ཚེ་སྲོག་མི་སྙོམས་པས་ཉི་མ་དང་ཟླ་བའི་སྐྱོན་གྱིས་དུས་མ་ཡིན་པར་འཆིའོ། ། དེ་བས་ས་བོན་དང་ཟླ་མཚན་གྱི་ཆོས་ཅན་ཟླ་བ་དང་། ཉི་མས་སྲོག་རྩོལ་གང་བར་བྱས་ལ་འཆི་བ་བསླུ་བར་བྱའོ། །ཉི་མའི་འཆི་ལྟས་ལ་ཚེས་ལ་སོགས་པ་བཤད་པས། །ད་ནི་འདིར་མ་བཤད་པ་བརྗོད་པར་བྱའོ། །ཉིན་ཕྱེད་དང་ཉིན་གཅིག་དང་ཉིན་ཞག་གཅིག་དང་ཉིན་ཞག་གཉིས་ 14-1-257a དང་གསུམ་དང་བཞིར་ཐུག་པ་སྣ་བུག་གཡས་པ་ལ་རྒྱུ་ན་དེ་ལ་ཚེ་ལོ་ནི་བཅུ་བཞི་དང་བཅུ་གཉིས་དང་བཅུ་དང་བརྒྱད་དང་དྲུག་དང་བཞི་ལྷག་མའོ། །ཞག་ལྔ་ནས་ཉེར་ལྔའི་བར་དུ་མ་བཤད་པ་བཅུ་དྲུག་བཤད་དེ། དྲུག་བདུན་བརྒྱད་དགུ་རིམ་པར་རྒྱུ་ན་ཚེ་ལོ་གསུམ་ ལས་ཉིན་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་རེ་འབྲིའོ། །ཉིན་ཞག་བཅུ་གཅིག་དང་བཅུ་གཉིས་དང་བཅུ་གསུམ་དང་བཅུ་བཞི་རྒྱུ་ན་ཚེ་ལོ་གཉིས་ལས་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་དང་དགུ་བྲིའོ། །ཞག་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་ བཅུ་དགུ་རིམ་པར་རྒྱུ་ན་ཚེ་ལོ་གཅིག་ལས་ཞག་བཅུ་གཉིས་དང་ཉེར་བཞི་དང་སོ་དྲུག་དང་ཞེ་བརྒྱད་དང་གོ་དྲུག་འབྲིའོ། །ཞག་ཉེར་གཅིག་དང་ཉེར་གཉིས་དང་ཉེར་གསུམ་དང་ཉེར་བཞི་རིམ་པས་རྒྱུ་ན་ཚེ་ལོ ཟླ་བ་དྲུག་ལས་ཞག་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་ཉེར་བཞི་དང་ཞེ་བརྒྱད་ འབྲིའོ། །རྩ་དབུ་མར་ཉིན་ཞག་གཅིག་སྲོག་གི་རླུང་རྒྱུ་བར་མ་ནུས་ན་གཡོན་པའི་འཆི་ལྟས་ལ་དབུགས་གཡས་སུ་འཕོ་བར་བྱའོ། །ཉི་མའི་འཆི་ལྟས་ལ་གཡོན་དུ་འཕོ་བར་བྱའོ། །ཟླ་བ་ཕྱེད་ཀྱི་བར་དུ་མཆན་ཁུང་དང་ནུ་མ་གཡས་པ་མནན་ན་གཡོན་དུ་རྒྱུའོ། །མཆན་ཁུང་ དང་ནུ་མ་གཡོན་པ་མནན་ན་གཡས་སུ་རྒྱུའོ། །འཁོར་ལོ་དྲུག་ལ་གནས་པའི་རྩ་དྲུག་གོ། །གསང་བའི་འཁོར་ལོ་ལས་གསུམ་གྱེན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྒྱུའོ། །གསུམ་འོག་ཏུ་བཤང་བ་དང་གཅི་བ་དང་ས་བོན་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་མཇུག་མ་རྒྱུའོ། ། སྦྱོར་བ་ཡན་ལག་དྲུག་གིས་འཁོར་ལོ་དྲུག་གི་ལྟེ་བར་གནས་པ་ལ་སྲོག་རླུང་འཇུག་པར་བྱས་ནས་མཐའ་གཅིག་ཏུ་འཆི་བ་བསླུའོ། །དབུ་མ་ལ་སྲོག་རླུང་འཇུག་པར་མ་ནུས་ན་འཆི་བ་བསླུ་བར་མི་ནུས་སོ། །ད་ནི་དུས་སུ་འཆི་བ་བཤད་དེ་ཚེ་ལོ་བརྒྱའི་ཉིན་ཞག་ནི་སྟོང་ཕྲག་སུམ་བརྒྱ་སྟེ། འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འཆི་བའི་རླུང་འཇུག་པ་ན་འཁོར་ལོ་ལྔའི་རླུང་དྲུག་ཆ་གཅིག་བཞག་སྟེ་འཕོ་བའོ། །ལོ་བརྒྱའི་དྲུག་ཆ་ནི་བཅུ་དྲུག་དང་ཟླ་བ་བརྒྱད་དོ། །འཆི་བའི་རླུང་འཇུག་པའི་རིམ་པ་ནི་འདི་ལྟ་སྟེ། ལུས་ལ་དབུགས་ཀྱི་འཁོར་ལོ་ནི་དབུགས་དྲུག་གོ། ། 14-1-257b ཆུ་སྲང་གི་འཁོར་ལོ་ནི་ཆུ་སྲང་དྲུག་ཅུའོ། །དབྱུ་གུའི་འཁོར་ལོ་ནི་དབྱུ་གུ་དྲུག་ཅུའོ། །འཆི་ལྟས་ཀྱི་འཁོར་ལོ་ནི་དུས་ཀྱི་འཁོར་ལོ་གསུམ་གྱིས་ཞག་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དུས་སུ་འཆི་བའི་འཁོར་ལོ་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ལྔ་བཅུ་རྩ་དྲུག་སྟེ་དེ་ཡང་ལོ་ གསུམ་ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུ་དང་ཟླ་བ་ཕྱེད་དང་གཉིས་ཀྱིས་ཞེ་ལྔ་དང་མངལ་གྱི་ཟླ་བ་གཅིག་གི་སུམ་ཅུ་དང་ལྟེ་བའི་ཞག་གཅིག་སྟེ་དེ་རྣམས་བསྡུས་པའོ། །འཁོར་ལོ་འདི་དག་ལ་འཆི་བའི་དབུགས་ཀྱི་ཚུལ་དང་ཆུ་སྲང་གི་ཚུལ་དང་དབྱུ་གུའི་ཚུལ་དང་ཉིན་ཞག་གི་ཚུལ་ གྱིས་རིམ་གྱིས་འཇུག་གོ། །གང་ལ་ལོ་བརྒྱ་ཐུབ་པ་འཆི་ལྟས་མེད་པ་དེ་ལ་སྐྱེ་ནས་ལོ་ཕྱེད་གཉིས་ཀྱི་སྣ་བུག་གཉི་གའང་དབུགས་དཀྱིལ་འཁོར་ལྔའི་རང་བཞིན་དུ་རྒྱུའོ། །དེ་ནས་ལོ་ཕྱེད་ཀྱི་མཐར་གཡོན་གྱི་ནམ་མཁར་དབུགས་གཅིག་མི་འདོད་པ་རྒྱུའོ། །དེ་ནས་ལོ་ཕྱེད་བཞིའི་ བར་མི་རྒྱུའོ། །དེ་ནས་ལོ་ཕྱེད་ལྔ་པ་ལ་གཡས་པའི་སའི་དཀྱིལ་འཁོར་ལ་དབུགས་གཉིས་མི་འདོད་པར་རྒྱུའོ། །དྲུག་པ་ལ་མི་རྒྱུའོ། །བདུན་པ་ལ་གཡོན་པའི་ནམ་མཁར་དབུགས་གསུམ་མོ། །བརྒྱད་པ་ལ་མི་རྒྱུའོ། །དེ་ལྟར་དགུ་པ་ལ་གཡས་པའི་ས་ལ་དབུགས་བཞིའོ། ། བཅུ་པ་ལ་མི་རྒྱུའོ། །བཅུ་གཅིག་པ་ལ་གཡོན་གྱི་ནམ་མཁར་དབུགས་ལྔའོ། །བཅུ་གཉིས་པ་ལ་མི་རྒྱུའོ། །བཅུ་གསུམ་པའི་གཡས་པའི་ས་ལ་དབུགས་དྲུག་རྒྱུའོ། །བཅུ་བཞི་པ་ལ་མི་རྒྱུའོ། །དེ་ནས་དབུགས་ཀྱི་དཀྱིལ་འཁོར་གཅིག་སྟེ། ཆུ་སྲང་གཅིག་གིས་ལོངས་མ་སྤྱད་པའི་ ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བ་ལོ་བདུན་སོང་ངོ་། །དེའི་རྗེས་ལ་ལོ་དྲུག་ཅུའི་བར་ལོ་ཕྱེད་པ་རེ་རེ་བར་དུ་བོར་ཞིང་གཡོན་པའི་ནམ་མཁའ་ལ་ལྔ་བཅུ་རྩ་དགུ་དང་སྣ་བུག་གཡས་པ་སའི་དཀྱིལ་འཁོར་ལ་ཆུ་སྲང་དྲུག་ཅུ་སྟེ། རཱ་ཤི་འདབ་མ་དྲུག་དྲུག་མི་མཉམ་པ་དང་མཉམ་པ་རྣམས་ ལའོ། །ཆུ་སྲང་དྲུག་ཅུ་ཉིད་དབྱུ་གུ་ཡིན་ནོ། །ལོ་དྲུག་བདུན་གྱི་རྗེས་ལ་ལོ་སུམ་ཅུའི་བར་དུ་ཟླ་བ་གསུམ་གསུམ་བར་དུ་བོར་ཞིང་དབྱུ་གུའི་ངོ་བོས་རྩ་ལ་རྒྱུའོ། །ལོ་ཕྱེད་པའི་ཕྱེད་གོང་མ་ལ་གཡོན་པའི་ནམ་མཁའ་ལ་དབྱུ་གུ་གཅིག་རྒྱུའོ། །ཕྱེད་འོག་མ་ལ་མི་རྒྱུའོ། །ལོ་ཕྱེད་པ་གཉིས་ 14-1-258a པའི་ཕྱི་དེ་གོང་མ་ལ་སྣ་བུག་གཡས་པའི་ས་ལ་དབྱུ་གུ་གཉིས་རྒྱུའོ། །དེ་ལྟར་ཟླ་བ་གསུམ་གསུམ་ན་གཡོན་པའི་ནམ་མཁའ་དང་གཡས་པའི་ས་ལ་རཱ་ཤི་འདབ་མ་དྲུག་དྲུག་ལ་དབྱུ་གུ་ང་དགུ་དང་དྲུག་ཅུ་འཆི་རྟགས་རྒྱུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་གོ། །ཟླ་བ་ ཕྱེད་དང་གཉིས་ཀྱིས་མ་ཚང་བའི་ལོ་གོ་བདུན་གྱི་རྗེས་སུ་ཉིན་ཞག་གི་ངོ་བོས་ཉིན་ཞག་གི། །ལོར་རེ་རེ་སྔར་བཞིན་རྒྱུའོ། །ཞག་ལྔ་པ་ལ་རྒྱུ་ན་ཉི་མའི་ཚེས་ལ་ལོ་གསུམ་ལྷག་མ་ལུས་སོ། །ཞག་བཅུ་པ་ལ་རྒྱུ་ན་ལོ་གཉིས་སོ། །ཞག་བཅོ་ལྔ་པ་ལ་རྒྱུ་ན་ལོ་གཅིག་གོ། །ཞག་ཉི་ཤུ་པ་ལ་རྒྱུ་ན་ཟླ་བ་དྲུག་ གོ། །ཞག་ཉེར་ལྔ་རྒྱུ་ན་ཟླ་བ་གསུམ་མོ། །ཞག་ཉེར་དྲུག་རྒྱུ་ན་ཟླ་བ་གཉིས་སོ། །ཞག་ཉེར་བདུན་རྒྱུ་ན་ཟླ་བ་གཅིག་གོ། །ཉེར་བརྒྱད་རྒྱུ་ན་ཟླ་བ་ཕྱེད་དོ། །ཉེར་དགུ་རྒྱུ་ན་ཞག་གཅིག་གོ། །སུམ་ཅུ་རྒྱུ་ན་ཞག་ལྔའོ། །སོ་གཅིག་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་རྒྱུ་ན་ཞག་གཉིས་སོ། །སོ་ གསུམ་རྒྱུ་ན་ཞག་གཅིག་ལུས་སོ། །ས་བཞི་རྒྱུ་ན་འཆིའོ། །ཞག་གི་ཚོགས་ནི་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔ་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོས་པས་ཐོབ་པ་ཞག་སུམ་ཅུ་རྩ་ཕྱེད་དང་བཞི་དང་། དབྱུ་གུ་སོ་དྲུག་དང་ཆུ་སྲང་ཉེར་ལྔ་དང་དབུགས་གཉིས་སོ། །ཞག་རེ་རེ་དབྱུ་གུ་རེ་རེ་ལྷག་ པར་རྒྱུའོ། །ཐ་མ་རྩ་གཡས་པ་ལ་རྒྱུ་སྟེ་དུས་སུ་འཆི་བའི་ངེས་པའོ། །གཡོན་དང་གཡས་སུ་དབུ་མ་ནི། སྟོབས་དང་རྡུལ་དང་མུན་པ་སྟེ། འཆི་བ་ནི་མུན་པའི་རྒྱུ་བ་བཟུང་སྟེ་གཡོན་དང་གཡས་སུ་རྒྱུའོ། །ད་ནི་དབུ་མའི་འཆི་ལྟས་བརྗོད་དེ་ཚེ་ལྷག་མ་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཡོད་ པའི་སྐྱེ་བོའི་སྣ་བུག་གཡོན་པར་འཆི་རྟགས་ཀྱི་ཉིན་ཞག་གཅིག་རྒྱུ་ལ་རང་བཞིན་ཡང་ཞག་གཅིག་རྒྱུའོ། །དེ་ནས་མི་འདོད་པ་ཞག་གསུམ་དང་རང་བཞིན་ཡང་ཞག་གསུམ། ཡང་མི་འདོད་པ་ཞག་ལྡན་རང་བཞིན་ཞག་ལྔ་སྟེ་ནམ་མཁའི་དཀྱིལ་འཁོར་ཟད་དོ། །ཡང་མི་འདོད་པ་ཞག་བདུན་རང་བཞིན་ ཞག་བདུན་ནོ། །མི་འདོད་པ་དགུ་རང་བཞིན་ཞག་དགུའོ། །ཡང་མི་འདོད་པ་བཅུ་གཅིག་རང་བཞིན་བཅུ་གཅིག་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་གསུམ་རང་བཞིན་བཅུ་གསུམ་མོ། །དེ་ནས་མི་འདོད་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དེ་ནས་མི་འདོད་པ་བཅུ་བདུན་རང་ 14-1-258b བཞིན་བཅུ་བདུན་ཏེ་མེའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་དགུ་རང་བཞིན་བཅུ་དགུའོ། །དེ་ནས་མི་འདོད་པ་ཉེར་གཅིག་རང་བཞིན་ཉེར་གཅིག་གོ། །དེ་ནས་མི་འདོད་པ་ཉེར་གསུམ་རང་བཞིན་ཉེར་གསུམ་སྟེ་ཆུའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་ཉེར་ལྔ་རང་བཞིན་ཉེར་ལྔའོ། ། དེ་ནས་མི་འདོད་པ་ཉེར་བདུན་རང་བཞིན་ཉེར་བདུན་ནོ། །དེ་ནས་མི་འདོད་པ་ཉེར་དགུ་རང་བཞིན་ཉེར་དགུ་སྟེ་སའི་དཀྱིལ་འཁོར་ཟད་དོ། །སུམ་ཅུ་རྩ་གསུམ་དེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སོ། །དེ་ནས་སྣ་བུག་གཡས་པ་ལ་མི་འདོད་པ་ཞག་གཉིས་དང་རང་བཞིན་ཞག་གཉིས་སོ། ། མི་འདོད་པ་ཞག་བཞི་དང་རང་བཞིན་ཞག་བཞིའོ། །མི་འདོད་པ་ཞག་དྲུག་དང་རང་བཞིན་ཞག་དྲུག་སྟེ་སའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བརྒྱད་དང་རང་བཞིན་ཞག་བརྒྱད། མི་འདོད་པ་ཞག་བཅུ་རང་བཞིན་ཞག་བཅུ། མི་འདོད་པ་ཞག་བཅུ་གཉིས་རང་བཞིན་ཞག་བཅུ་གཉིས་ ཏེ་ཆུའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བཅུ་བཞི་རང་བཞིན་བཅུ་བཞི། མི་འདོད་པ་བཅུ་དྲུག་རང་བཞིན་བཅུ་དྲུག །མི་འདོད་པ་བཅོ་བརྒྱད་རང་བཞིན་བཅོ་བརྒྱད་དེ་མེའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉི་ཤུ་རང་བཞིན་ཉི་ཤུ། མི་འདོད་པ་ཉེར་གཉིས་རང་བཞིན་ཉེར་གཉིས་སོ། ། མི་འདོད་པ་ཉེར་བཞི་རང་བཞིན་ཉེར་བཞི་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉེར་དྲུག་རང་བཞིན་ཉེར་དྲུག །མི་འདོད་པ་ཉེར་བརྒྱད་རང་བཞིན་ཉེར་བརྒྱད། མི་འདོད་པ་སུམ་ཅུ་རང་བཞིན་སུམ་ཅུ་སྟེ་ནམ་མཁའི་དཀྱིལ་འཁོར་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ ལ་མི་འདོད་པའི་ཞག་སུམ་ཅུ་རང་བཞིན་སུམ་ཅུ་སྟེ་དེ་ནས་སྙིང་སྟོབས་ཀྱི་ཁམས་ཟད་དོ། །དེ་ནས་གཡས་པའི་རྣམ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོ་གཉིས་རང་བཞིན་སོ་གཉིས་ཏེ་རྡུལ་གྱི་ཁམས་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོ་གསུམ་རང་ བཞིན་སོ་གསུམ་སྟེ་མུན་པའི་ཁམས་ཟད་དོ། །བད་ཀན་གྱི་རྩ་ཟད་པ་ནི་སྙིང་སྟོབས་ཀྱི་ཁམས་སོ། །མཁྲིས་པའི་རྩ་ཟད་པ་ནི་རྡུལ་གྱི་ཁམས་སོ། །རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་སོ། །དེ་ལྟར་ཞག་ནི་བརྒྱ་ཕྲག་བཅུ་གཅིག་དང་ཉེར་གཉིས་སོ། །མངལ་གྱི་ཐ་མའི་ཟླ་བ་གཅིག་ 14-1-259a ཟད་པར་བྱ་བའི་ཕྱིར་སྣ་བུག་གཡས་པ་ལ་ཞག་གཉིས་རྒྱུའོ། །དབུགས་ཀྱི་འཁོར་ལོ་ཟད་པར་བྱ་བའི་ཕྱིར་ཞག་གཅིག་དབུ་མ་ནས་རྒྱུའོ། །དེ་དག་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔའོ། །རྩ་གཡོན་པའམ་གཡས་པ་ཆད་པས་མི་རྒྱུ་ན་ཚེ་ཟླ་བ་དྲུག་སྟེ་གཅི་བ་སྐྱུར་མོར་ འགྱུར་རོ། །ཚེ་ཞག་དྲུག་པས་སྒྲ་མི་ཐོས་སོ། །ཚེ་ཞག་ལྔ་པས་རོ་མི་ཚོར་རོ། །ཚེ་ཞག་བཞི་པས་གཟུགས་མི་མཐོང་ངོ་། །ཚེ་ཞག་གསུམ་པས་དྲི་མི་ཚོར་རོ། །ཚེ་ཞག་གཉིས་པས་རེག་བྱ་མི་འཛིན་ནོ། །འཆི་བའི་དུས་སུ་ས་བོན་དང་དབུགས་སྟོང་ངོ་། །ཞག་དྲུག་པའི་སྣའི་རྩེ་མོ་གླང་པོའི་སྣ་ ལྟར་འོག་ཏུ་ཞུམ་མོ། །ལག་པ་མགོར་བཞག་ན་ལག་པ་མི་འཕྲའོ། །ལག་མཐིལ་གྱིས་ཚོས་མཉེས་ཀྱང་དམར་པོར་མི་འགྱུར་རོ། །ཉི་མ་ནག་པོར་མཐོང་ངོ་། །ཟླ་བ་གང་བ་སེར་པོར་མཐོང་ངོ་། །ལྕེའི་འོག་ཏུ་རི་མོ་ནག་པོ་འབྱུང་ངོ་། །མིག་ལ་ནག་པོ་དམར་པོའི་དཀྱིལ་འཁོར་རི་མོ་ཕྲ་མོ་སུབ་ པར་འགྱུར་རོ། །དབུགས་སྣ་བུག་གཉིས་ཀར་རྒྱུའོ། །འགྲམ་པ་གཉིས་འཕྲིག་གོ། །ནུ་མའི་རྩ་གཉིས་མཆན་ཁུང་གི་ནང་དུ་འཇུག་གོ། །སྐར་མ་རྣམས་མེ་སྟག་འཕྲོ་བར་མཐོང་ངོ་། །ལུས་དང་མགུལ་པ་རེངས་པར་འགྱུར་རོ། །ལུས་འཁོར་བ་ཞེས་འཆི་ལྟས་ཤེས་ནས་སྦྱིན་པ་ལ་སོགས་ པ་བྱའོ། །འཇིག་རྟེན་དུ་བྱེད་པ་གང་ཡིན་པ་དེ་ཉིད་ཟད་པར་བྱེད་པ་ཡིན་ཏེ་དེ་ལྟར་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་མངལ་དུ་ཁྲག་དང་ས་བོན་ལ་འཇུག་པ་དང་སྐྱེས་པ་དང་བྱིས་པ་དང་གཞོན་ནུ་ལ་སོགས་པ་སྐྱེ་བར་བྱེད་དོ། །འཆི་བའི་དུས་སུ་དེ་ཉིད་འོད་གསལ་དུ་ཐམས་ཅད་འཇུག་པར་ བྱེད་དོ། །གང་གི་ཕྱིར་ས་བོན་ལ་སོགས་པའི་རྟེན་ལ་གནས་པའི་རྣམ་ཤེས་ཀྱིས་ཐམས་ཅད་སྡུད་པར་བྱེད་དོ། །གང་སྡུད་ཅེ་ན། ཟླ་བ་ས་བོན་དབང་ཕྱུག་དང་། ཁྲག་ཉི་མ་སྟེ་རྟག་ཏུ་དགེ་བ་དང་། རྐང་མར་དྲག་པོ་དང་། གཅི་བ་ཁྱབ་འཇུག་དང་། བཤང་བ་ཚངས་པ་དང་ས་ལ་སོགས་པའི་འབྱུང་ བ་རྣམས་ཏེ་མངལ་ན་གནས་པ་རྣམ་ཤེས་ཀྱིས་འདི་དག་སྡུད་པར་བྱེད་དོ། །ལྟེ་བའི་རྩའི་སྒོ་ནས་ལུས་ངག་ཡིད་གསུམ་སྐྱེས་པའི་ཕྱིར་དེ་དག་ཐམས་ཅད་ལུས་ལ་འདུས་ཏེ་ཡན་ལག་ཀུན་སྐྱེད་དོ། །དབུགས་ཀྱིས་ལྟེ་བ་ནས་འཐོན་པར་བྱེད་དོ། །སླར་ཡང་སྤྱི་གཙུག་ལ་སོགས་པ་ 14-1-259b དྲུག་ལ་སྡུད་པར་བྱེད་དོ། །རྣལ་འབྱོར་གྱི་སེམས་ནི་བཤང་བ་དང་གཅི་བ་ལ་སོགས་པའི་ཁམས་ལུས་ལ་གནས་ནས་འཇུ་བ་དང་གསོད་པ་ལ་སོགས་པ་སྡུད་པར་བྱེད་དོ། །སླར་ཡང་རྒྱུ་ལུགས་སྣ་ཚོགས་ཀྱིས་གཟུགས་ཉིད་སྐྱེད་དོ། །ཡང་ན་འཆི་བའི་དུས་སུ་བསྡུས་ནས་ཉོན་མོངས་པ་དང་ལས་ རྣམ་པ་སྣ་ཚོགས་པའི་དབང་གིས་སྐྱེ་བ་ཕྱི་མ་སྣ་ཚོགས་སྐྱེད་དོ། །ལུས་རྫོགས་པ་ན་ཡུལ་དྲུག་ནི་གཟུང་བྱ་དང་དབང་པོ་དྲུག་དང་ལོ་དང་ཟླ་བ་དང་ཕྱོགས་ཉིན་མོ་ལ་སོགས་པའི་བྱེད་པའོ། །འོ་ན་འདི་ནི་ཀུན་རྫོབ་པ་ཡིན་པའི་ཕྱིར་བྱེད་པ་པོ་ལ་སོགས་པར་མི་འགྲུབ་སྟེ་བྱེད་པ་པོ་ལ་སོགས་པ་ འདི་དག་གཞན་སྡུད་པ་ཡོད་དེ་དེ་ཡང་ལྷན་ཅིག་སྐྱེས་པའི་སྐུ་དོན་དམ་པའོ་ཞེས་ནི་གཞན་ཟེར་རོ། །དེ་ནི་མ་ཡིན་ཏེ། གང་གི་ཚེ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ཙམ་བདག་མ་ཡིན་ཏེ། དེས་ནི་མི་རྟག་པ་སྡུག་བསྔལ་བ། སྟོང་པ། བདག་མེད་པའི་ཕུང་པོ་ལ་སོགས་པ་ལ་ཡིད་དུ་འོང་བ་ལ་སོགས་ པར་སྒྲོ་བཏགས་ནས་འདོད་ཆགས་ལ་སོགས་པའི་འཆིང་བས་དར་གྱི་སྲིན་བུ་ལྟར་འཆིང་བར་བྱེད་དོ། །རྣམ་པར་མི་ཏོག་པའི་ཡེ་ཤེས་བསྐྱེད་ནས་རྟོག་པའི་དྲ་བ་འཇོམས་ཏེ་གྲོལ་བར་བྱེད་དོ། །དེ་བས་ན་བྱེད་པ་པོ་ལ་སོགས་པ་གང་ཡང་མེད་དོ། །འཁོར་བའི་སེམས་ཀྱི་རང་བཞིན་ནི་བརྒྱད་དོ། ས་ལ་སོགས་པ་ལྔ་དང་ཡིད་དང་བློ་དང་ང་རྒྱལ་ལོ། །དེ་ཡང་གསུམ་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་སོ། །དེ་ལ་རགས་པ་དང་ཕྲ་བ་དང་གཞན་དང་བཞི་པ་སྟེ། དེ་ལ་རགས་པ་ནི་བེམས་པོའི་བག་ཆགས་ཅན་རགས་པར་ཞེན་པ་རྣམས་ལ་སད་པའི་དངོས་པོས་གཟུང་ བའི་ཕྱིར་གནས་སྐབས་སོ། །ཕྲ་བ་ནི་རྨི་ལམ་གྱི་གནས་སྐབས་ཏེ་ཡིད་ཀྱི་དབང་པོས་སྒྱུ་མའི་དངོས་པོ་བཟུང་བའོ། །གཞན་ནི་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཏེ་དབང་པོ་ཐམས་ཅད་འགགས་པའི་ཕྱིར་རོ། །བཞི་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ་སྐྱེ་བ་འགོག་པའི་རྒྱུ་ཆོས་ཀྱི་དབྱིངས་ཀྱི་རང་ བཞིན་ནོ། །འདིར་ལྷ་བ་ལོག་པ་ནི་འཁོར་བ་དང་། རྒྱུ་བདག་ཡིན་པ་དང་། རྒྱུ་མི་མཐུན་པ་དབང་ཕྱུག་གིས་འཁོར་བ་བྱས་ཞེས་པའོ། །ས་བོན་ལས་མྱུ་གུ་ལྟར་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བ་དང་། ཕ་མ་ལ་སོགས་པ་ཕན་འདོགས་པའི་ཞིང་དང་། རྫོགས་པའི་སངས་རྒྱས་ 14-1-260a ལ་སོགས་པ་ཡོན་ཏན་གྱི་ཞིང་དང་། རྒྱུ་འབྲས་མི་སླུ་བ་ལ་ཡིད་ཆེས་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། གང་ཟག་ཆོས་ཀྱི་བདག་མེད་བྱང་ཆུབ་ཀྱི་རྒྱུར་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པའི་ལྟ་བ་བསྐྱེད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་ལས། རང་གི་དགེ་དང་ མི་དགེའི་ལས། །ལུས་ངག་ཡིད་ཀྱི་བྱེད་པ་གང་། །འཇིག་རྟེན་བདེ་འབྲས་ལ་ལོངས་སྤྱོད། །བྱེད་པ་པོ་གཞན་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་གྲོལ་བ་དང་འཆིང་བ་ཡང་རྟོག་པ་ཙམ་སྟེ། དེ་ཡང་རྟོག་མེད་ཀྱི་མཉམ་གཞག་ལ་མི་འབྱུང་ངོ་། །ཇི་ལྟར་ཆུ་ལེན་པའི་ཕྱིར་བུམ་པ་ཁྱེར་ བ་ན་ནང་དུ་ཡོད་པའི་ནམ་མཁར་མི་འགྲོ་སྟེ། དེ་ཅི་ཡང་མིན་པའི་ཕྱིར། དེ་ལྟར་སེམས་ཀྱི་ཆོས་མི་སྐྱེ་མི་འགག་མི་འབྱུང་མི་རྒས་སོ། །འཆི་བའི་དུས་སུ་སྙིང་སྟོབས་ཞི་བའི་སེམས་ཀྱིས་འཆི་བ་ན་ལྷར་སྐྱེའོ། །མུན་པའམ། དྲག་པོའི་སེམས་ཀྱིས་དམྱལ་བར་སྐྱེའོ། །མི་དགེ་བ་འབྲིང་པོ་ རྡུལ་གྱི་སེམས་ཀྱིས་དུད་འགྲོར་སྐྱེའོ། །དགེ་མི་དགེ་འདྲེས་མས་མིར་སྐྱེའོ། །ཡོན་ཏན་གསུམ་འདྲེས་པ་ལས་སྙིང་སྟོབས་ལྷག་ན་ཡི་དགས་བཟང་པོར་སྐྱེའོ། །རྡུལ་ལྷག་ན་བར་མར་རོ། །མུན་པ་ལྷག་ན་དམན་པར་རོ། །ལྷ་མ་ཡིན་ནི་ལྷར་འདུས་སོ། །མི་ནི་སྙིང་སྟོབས་ལྷག་ན་བདེ་བ་དང་ ལྡན་ནོ། །རྡུལ་ལྷག་ན་བདེ་སྡུག་ཅན་ནོ། །མུན་པ་ལྷག་ན་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་མཐོ་རིས་སུ་སྐྱེ་བ་ནི་རྣམ་པ་བརྒྱད་དེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཉི་ཟླ་དང་སྒྲ་གཅན་གྱིས་ཟད་པར་བསྒོམ་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྟོབས་ཀྱིས་སོ། ། ཕུང་པོ་བདག་ཏུ་བཟུང་བ་དང་ལོངས་སྤྱོད་བདག་ཏུ་བཟུང་བས་རིགས་དྲུག་ཏུ་འཁོར་རོ། །བསླབ་པའི་མདོ་དེ་དང་། རྟོགས་པའི་ཤེས་བྱ་དང་། སྒྲ་བྱཱ་ཀ་ར་ཎ་དང་། ཙྪནྡ་དང་། ངེས་ཚིག་དང་། རྩིས་ཏེ་ཡན་ལག་དྲུག་དང་ལྡན་པའི་རིག་བྱེད་ནི་མ་རིག་པའོ། །དྲན་པ་རྣམས་ནི་ཤེད་བུ་ལ་ སོགས་པའོ། །རྟོག་པ་ནི་འཇིག་རྟེན་གྱི་རྟོག་པའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་བསྒོམ་པ་ནི་རྟོག་བཅས་སོ། །རྒྱས་པའི་སྙན་དངགས་ནི་བྷ་ར་ཐཱའོ། །སྣ་ཚོགས་ཟོས་པའི་སྙན་དངགས་ནི་བསྒོམ་པའི་ཆོས་སོ། །གྲོགས་མོའི་སྙན་དངགས་ནི་རཱ་མ་ཎའོ། །བདུད་ 14-1-260b མདའི་སྙན་དངགས་ནི་ལོ་རྒྱུས་ཀྱི་ཆོས་ཏེ་འདི་དག་རིགས་པ་མ་ཡིན་ནོ། །ནང་གི་རིག་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་སྟོང་པ་ཉིད་ཟག་པ་མེད་པའི་བདག་ཉིད་དམིགས་པ་མེད་པའི་སྙིང་རྗེ་རྒྱུ་དང་འབྲས་བུ་གཅིག་ཏུ་གྱུར་པ་གང་ལས་ཁམས་གསུམ་སྐྱེ་བ་དང་ཐིམ་པའོ། །དེ་ལ་གོམས་ པའི་རྣལ་འབྱོར་པ་འབྲས་བུ་མ་ཐོབ་པར་འཆི་ན་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་ཞིང་དང་པོར་གོམས་པས་དཀའ་བ་མེད་པར་དེའི་ཡེ་ཤེས་ཐོབ། །དེ་ནས་མ་ཉམས་པའི་གོ་འཕང་ཐོབ་བོ། །འཆི་བའི་དུས་སུ་ཡང་སྔར་བྱས་པའི་དགེ་བའི་མཐུས་ཞེན་པ་མཐའ་དག་དང་བྲལ་བའི་སེམས་ཀྱིས་ འཆི་ན་ལྷར་སྐྱེའོ། །གང་གི་ཕྱིར་གང་ལ་ཞེན་པ་དེ་ཉིད་དུ་སྐྱེའོ། །ཡེ་ཤེས་སྐྱེ་བ་དང་ལོངས་སྤྱོད་པའི་དུས་ནི་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་རོ། །གང་གོམས་པས་ཉི་མ་ལྟར་གྱེན་དུ་རྒྱུའོ། ། མཐོ་རིས་སུ་འགྲོ་བའི་ལམ་ནི་སྣང་བ་དང་བཅས་པའོ། །གང་ཞིག་ཆོས་གང་ལ་འཇུག་པའི་བརྟུལ་ ཞུགས་དང་སྨྱུང་གནས་ལ་དགའ་བ་དེའི་ཆོས་ལ་མངོན་པར་ཞེན་པ་དེ་ནི་འཆིང་བའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་བག་ཆགས་དང་བདེ་བ་ལ་སོགས་པའི་ཚོར་བ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཀུན་གཞིའི་རྣམ་ཤེས་ནི་སྲིད་པར་འཁོར་རོ། །ཟླ་བ་ཉི་མའི་འཆི་ལྟས་ཀྱི་རྩ་ཆད་ པ་ནི་སྣ་བུག་གཡོན་དང་གཡས་སུ་ཞག་སུམ་ཅུ་སོ་གཉིས་ཀྱི་བར་རོ། །དུས་སུ་འཆི་བ་ལ་ཡང་ཞག་སོ་གསུམ་གྱིས་ལུས་ངག་ཡིད་གསུམ་དང་ཕུང་པོ་ཁམས་དང་དབང་པོ་ལ་སོགས་པ་སྟོང་པར་རོ། །དེ་ནས་རྐྱང་མ་དང་རོ་མ་སྤངས་ནས་སྲོག་རླུང་ཞག་གཅིག་དབུ་མར་ཞུགས་ཏེ་དབུ་མའི་ ནང་དུ་དུས་ཀྱི་རླུང་གིས་མནན་པས་ལྟེ་བར་སྒྲ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པ་སྟོང་སྟེ་ས་འཆད་པར་འགྱུར་རོ། །སྙིང་གར་ཡོན་ཏན་བཞི་དང་ལྡན་པའི་ཆུ་ཡང་ངོ་། །དེ་ཆད་པར་བྱས་ནས་མགྲིན་པར་ཡོན་ཏན་གསུམ་དང་ལྡན་པའི་མེ་བཅད་དེ། དཔྲལ་བར་ཡོན་ཏན་གཉིས་དང་ལྡན་པའི་རླུང་བཏང་ ནས། སྤྱི་གཙུག་ཏུ་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ་གཏོང་ངོ་། །དེ་ལྟར་སྲོག་རླུང་གིས་གྱེན་དུ་ཁམས་གཏོང་ལུགས་སོ། །ལུས་ཀྱི་ཐིག་ལེའི་ཆོས་ཅན་ཐུར་སེལ་འོག་ཏུ་གཏོང་སྟེ། སད་པའི་གནས་སྐབས་ཟད་དོ། །གསང་གནས་སུ་ངག་གི་ཐིག་ལེའི་ཆོས་ཅན་གཏོང་སྟེ་རྨི་ 14-1-261a ལམ་གྱི་གནས་སྐབས་ཟད་དོ། །ནོར་བུས་སེམས་ཀྱི་ཐིག་ལེའི་ཆོས་ཅན་གཏོང་སྟེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཟད་དོ། །དེ་ལྟར་གྱེན་དུ་ཡང་སྙིང་མགུལ་དཔྲལ་བར་རྡུལ་གྱི་ཐིག་ལེ་རྣམས་སྲོག་གིས་གཏོང་སྟེ་ལུས་ལ་སོགས་པ་འཆད་དོ། །ཐ་མར་དྲུག་པའི་ཡེ་ཤེས་ཀྱི་ ཁམས་གཏོང་ངོ་། །ཡན་ལག་ཀུན་ལས་ས་བོན་འོག་ཏུ་གཏོང་བ་དང་། རྡུལ་གྱེན་དུ་འགྲོ་བ་སྟེ་བཞི་པའི་གནས་སྐབས་ཟད་དོ། །དེ་ལྟར་མངལ་ལས་སྐྱེས་པ་རྣམས་འཆིའོ། །དེས་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་ལུས་ཀྱི་སྲུང་བ་བཤད་དེ། ལྟོ་བ་སྙིང་ག་མགུལ་ པ་དང་། །དཔྲལ་བ་སྤྱི་གཙུག་པདྨ་ལ། །ས་ཆུ་མེ་རླུང་ནམ་མཁའ་རྣམས། །སྡུད་པར་རབ་ཏུ་རྒྱུ་བ་ཡིན། །ཕྱི་རུ་འབྱུང་དང་ནང་དུ་བསྡུ། །དེ་ནི་སྐྱེད་པས་ས་ལ་འཇུག །སྲོག་གི་ནུས་པ་ནི་སྡུད་པས་ཕྱིར་འབྱུང་ལ་སྐྱེད་པས་ནང་དུ་འཇུག་གོ། །ཐུར་སེལ་གྱི་ནུས་པ་ཡང་། ལྟོ་བ་གསང་གནས་ ནོར་བུའི་ནང་། །ལུས་ངག་ཡིད་ནི་རིམ་གྱིས་རྒྱུ། །ཕྱི་རུ་འབྱུང་དང་ནང་རྒྱུ་ལ། །སྡུད་དང་སྐྱེད་པའི་རང་བཞིན་ནོ། །ཞེས་དབང་མདོར་བསྡུས་ལས་སོ། །དེ་བས་སངས་རྒྱས་ཀྱི་རང་བཞིན་ལུས་བསྲུང་བར་བྱའོ། །ལུས་མེད་ན་སྒྲུབ་པ་ཡང་མེད་པས་ཟག་པ་མེད་པའི་བདེ་བ་ཡང་མེད་དོ། །བྱང་ སེམས་བསྲུང་བའི་བའི་ཕྱིར་རྩའི་རྣལ་འབྱོར་ནི་རྐྱང་མ་དང་རོ་མ་ནས་དབུ་མར་སྲོག་རླུང་བསྒོམ་པ་དང་། ཐུར་སེལ་དུང་ཅན་མ་བསྒོམ་པར་བྱའོ། །འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་སྟོང་པ་ལ་དུ་བ་ལ་སོགས་པའི་ལམ་བླ་མ་ལ་བསླབས་ཏེ་སྣ་ཚོགས་གཟུགས་བརྙན་གྱི་བར་དུ་བསྒོམ་པར་ བྱའོ། །དེ་ནས་རྩའི་འཁོར་ལོ་རེ་རེར་སྲོག་དང་ཐུར་སེལ་ལ་བརྟེན་པར་བྱའོ། །དེ་ནས་སྒྲ་གཅན་ལྟར་བྱང་སེམས་འགོག་པར་བྱའོ། །སྲོག་དང་ཐུར་སེལ་སྦྱོར་ནུས་པའི་རྣལ་འབྱོར་གྱིས་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་བོ། །དུས་མ་ཡིན་པའི་འཆི་བའི་མཚན་ཉིད་ལྟར་ ཤེས་ནས། སྐྱེད་དང་སྡུད་པ་ལ་གནས་པའི་སྲོག་དང་ཐུར་སེལ་བཀག་ལ་དབུ་མར་སྒྲ་གཅན་དང་དུས་ཀྱི་མེའི་ནང་དུ་སྲོག་དང་ཐུར་སེལ་འཇུག་པར་བྱའོ། །ཉིན་ཞག་གཅིག་དབུ་མའི་ནང་དུ་རྒྱུ་བར་ནུས་ན་དུས་མ་ཡིན་པར་འཆི་བ་སླུ་བར་བྱེད་དོ། །དེ་ལྟར་མ་ནུས་ན་བཙན་ཐབས་ཀྱིས་ཀྱང་བྱའོ། ། 14-1-261b ལྟེ་བར་རེ་བཞི་དང་གནས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་གིས་རླུང་སྐྱེད་དོ། །འདི་དག་ཁམས་སྙོམས་པར་བྱ་བའི་ཕྱིར་དང་རླུང་དང་གཟེར་ཞི་བར་བྱ་བའི་ཕྱིར་ཐུར་སེལ་བསྡམ་པར་བྱའོ། །དཔྲལ་བར་བཅུ་དྲུག་དང་སྤྱི་གཙུག་ཏུ་བཞི་སྟེ་ཉི་ཤུས་ནི་བད་ཀན་སྐྱེད་དོ། །དེ་དག་ཁམས་སྙོམས་པར་བྱ་བའི་ཕྱིར་ སྲོག་རླུང་གི་རྩོལ་བས་བསྡམ་པར་བྱའོ། །ཐོག་མར་སྲོག་རླུང་དང་ཐུར་སེལ་ལན་གསུམ་བུས་ལ་ལྕེ་ཆུང་ལ་བཞག་སྟེ། ཕྱི་རོལ་གྱི་རླུང་ཡིད་ཀྱིས་དྲངས་ཤིང་བདུད་རྩི་འཐུངས་པས་མཁྲིས་པ་ཞི་བར་བྱེད་དོ། །སྙིང་གར་བརྒྱད་དང་མགུལ་པར་སོ་གཉིས་ནི་མཁྲིས་པ་སྐྱེད་དོ། །གསང་གནས་ཀྱི་ བཅུ་ནི་འདུས་པ་སྐྱེད་དོ། །དེ་དག་སྙོམས་པར་བྱ་བའི་ཕྱིར་སྲོག་དང་ཐུར་སེལ་བསྡམ་པར་བྱའོ། །ཚད་པ་ལ་ཡང་ངོ་། །གང་གི་ཕྱིར་སྲོག་ནི་ལྟེ་བ་ནས་གྱེན་དུ་རྒྱུ་བ་དང་། ཐུར་སེལ་འོག་ཏུ་རྒྱུ་བ་འགོག་པ་དེས་རླུང་ལ་སོགས་པའི་སྐྱོན་ཐམས་ཅད་སེལ། །བཤང་བ་དང་། གཅི་བ་ས་བོན་ གྱི་ལམ་འོག་ཏུ་ཐུར་སེལ་བསྡམས་ནས་ཟླ་བ་དང་། ཉི་མ་དང་མེའི་ཁམས་གྱེན་དུ་སྲོག་བསྡམས་ཏེ་དེ་གཉིས་ཁ་སྦྱར་བས་འཕོ་བའི་མེས་ལུས་ཁྱབ་ཅིང་དམུ་ཆུ་དང་། མཆིན་ནད་དང་གཞང་འབྲུམ་དང་། དབུགས་མི་བདེ་བ་དང་གློ་ནད་དང་བརྟན་པ་དང་གཡོ་བ་དང་བཅོས་མའི་དུག་དང་ མིག་ནད་དང་ཀླད་གཟེར་འཇོམས་པར་བྱེད་དོ། །བརླ་གཡས་པར་རྐང་པ་གཡོན་པ་དང་། བརླ་གཡོན་པར་རྐང་པ་གཡས་པ་སྟེ། རྡོ་རྗེའི་སྐྱིལ་ཀྲུང་བཅས་པ་ལ་ལག་པ་གཡོན་པ་རྒྱབ་ཏུ་སོང་བས་རྐང་པ་གཡོན་པའི་མཐེ་བོང་དང་གཡས་པའི་མཐེ་བོང་བཟུང་བས་དབུགས་བཟུང་ན་རྒྱབ་ ཀྱི་གཟེར་འཇོམས་པར་བྱེད་དོ། །རྐང་པ་གཉིས་གྱེན་དུ་མགོ་འོག་ཏུ་བྱས་ལ་སྲོག་འགོག་པས་བད་ཀན་འཇོམས་སོ། །གཅི་བ་དོར་བ་ན་སྲོག་རླུང་བསྡམས་ཤིང་ཅུང་ཟད་རེ་སྟོང་པ་གོམས་པས་ཆུ་འགག་ཞིའོ། །སྔ་དྲོ་གདོང་པ་ཉམ་བཀྲུས་པར་མིང་མིང་མེད་གཉིས་ཀྱིས་སོའི་ཕྲེང་མཉེས་པས་ མིག་གཉིས་ལ་བསྐུས་པ་དང་ཆུ་ལྕག་བརྒྱབ་པས་མིག་ནད་སེལ་ལོ། །གན་རྐྱལ་དུ་ཉལ་ཏེ་ལག་པ་གཡོན་པས་ལྟེ་བ་མནན་ནས་སྲོག་རླུང་བཟུང་བས་མ་ཞུ་བའི་གཟེར་བ་འཇོམས་སོ། །འབྲས་ལ་སོགས་པ་བྱུང་བའི་དུས་སུ་མར་དང་ཚྭར་རུ་གཏུམས་པས་བདུག་སན་འཕེལ་བ་འཇོམས་སོ། ། 14-1-262a ཨརྒའི་འོ་མ་བྱུགས་པས་ཀྱང་བྱའོ། །ཀཎྜ་ཀ་རིའི་མེ་ལ་བཞགཔའི་དུད་པས་གང་བའི་སྦུབས་སོ་ལ་ཡུན་རིང་པོར་བདུགས་པས་སོའི་སྲིན་བུ་དང་བཅས་པའི་གཟེར་འཇོམས་སོ། །དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མ་ཉམས་པའི་བསྒྲུབ་པ་ལ་ཕྱག་རྒྱའི་སྦྱོར་ བས་འབབ་པའི་བྱང་སེམས་བདེ་བ་དམ་པ་ཡང་དང་ཡང་དུ་བཀག་སྟེ་ཟླ་བ་དྲུག་གིས་དཀར་མཛེ་འཇོམས་པར་བྱེད་དོ། །སྟོབས་མེད་ན་ཤ་དང་ཆང་ལོངས་སྤྱོད་ཅིང་ལོ་བཅུ་དྲུག་མ་བསྟེན་པས་རླུང་བུམ་པ་ཅན་གྱིས་ངེས་པར་འཇོམས་སོ། །ལོ་བདུན་ཅུའི་རྒས་པ་གཉེར་མ་དང་སྐྲ་དཀར་པོ་དང་ བཅས་པ་ལོ་གཉིས་ཀྱིས་སོ། །དེ་རྗེས་ལོ་གསུམ་དང་ཟླ་བ་ཕྱེད་གསུམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །བུམ་པ་ཅན་ནི་དེ་སྲིད་དུ་བྱེད་དེ་ཇི་སྲིད་སྙིང་ཚ་བ་དང་མགོ་ན་བ་མི་འབྱུང་ངོ་། །དེའི་ཕྱིས་ཀྱང་བྱེད་ན་སྲོག་ནི་བརྒྱལ་བ་དང་མནོན་པས་སྤྱི་གཙུག་གས་ཏེ་འགྲོའོ། །ཕྱག་རྒྱ་ཡང་བདེ་བ་ ཆེན་པོ་བསྒོམ་པའི་དོན་དུ་ཡིན་གྱི་འདོད་ཆགས་ཟད་ཕྱིར་མ་ཡིན་ནོ། །མྱོས་བྱེད་ནི་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཕུང་པོ་ལ་སོགས་ཚིམ་པར་བྱེད་པའི་ཕྱིར་ཏེ་མྱོས་པར་བྱེད་པའི་ཕྱིར་མ་ཡིན་ནོ། །ཤ་ལ་སོགས་པའི་བཟའ་བ་ནི་བདེ་བ་འཕེལ་བར་བྱེད་པའི་ཕྱིར་ཏེ། མ་ཞུ་བའི་ཕྱིར་མ་ཡིན་ནོ། ། མཚན་མོ་དུར་ཁྲོད་དུ་འགྲོ་བ་ནི་སྤྱོད་པ་སྒྲུབ་པའི་ཕྱིར་ཏེ་རྩེད་མོའི་ཕྱིར་མ་ཡིན་ནོ། །མི་བསྐྱོད་པ་ཅུང་ཟད་དྲོན་པོ་པི་པི་ལིང་གི་ཕྱེ་མ་དང་བསྲེས་ཏེ་ཁར་བཅུག་སྟེ་བཟུང་བ་ན་ཁའི་ནད་དང་སོའི་གཟེར་དང་སྲིན་བུ་སེལ་ལོ། །སྔ་དྲོ་མི་བསྐྱོད་པ་ཚ་བ་གསུམ་དང་བསྲེས་པ་སྣ་བུག་ཏུ་བླུགས་པས་ མགོ་ན་བ་སེལ་ལོ། །ལྕི་བ་དྲོན་མོ་རྣ་བུག་ཏུ་བླུགས་ཏེ་བཞག་ན་རྣ་བའི་ནད་སེལ། །དེ་གྲང་མོས་མིག་ནད་སེལ་ལོ། །མི་བསྐྱོད་པ་ཚ་བ་གསུམ་དང་བསྲེས་པ་སྣ་བུག་ཏུ་བླུགས་པས་འབྱུང་པོ་ལ་སོགས་པའི་གནོད་པ་སེལ་ལོ། །དུག་སྦྲུལ་གྱིས་ཟིན་པ་ལ་ཡང་ངོ་། །ནང་དུ་བཤང་བ་ནི་ ཕྱི་རོལ་དུ་མུ་ཟི་སྟེ་དེ་གཉིས་མཉམ་མོ། །ནང་དུ་དྲི་ཆུ་ནི་ཕྱི་རོལ་དུ་བྷྲྀཾ་ག་རཱ་ཛའི་ཁུ་བའོ། །ནང་དུ་བུད་མེད་ཀྱི་ཟླ་མཚན་ནི་ཕྱིར་ལྷང་ཚེར་རོ། །ཁུ་བ་ནི་ཕྱིར་དངུལ་ཆུའོ། །ནང་དུ་ཤ་དང་རྐང་མར་ནི་ཕྱི་རོལ་དུ་འབྲས་བུ་གསུམ་མོ། །བཤང་བ་ཆ་གཅིག་ལ་ནི་བཞི་ཆ་གཅིག་མེད་པའི་ 14-1-262b ཆ་གཅིག །ཁྲག་ནི་ཆ་ཕྱེད་ས་བོན་བཞི་ཆ་གཅིག་སྟེ་ཐམས་ཅད་ཕྱེ་མར་བཏགས་ཏེ་ལྕི་བས་སྦྲུས་ཏེ་ལན་བདུན་དུ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་ཞག་རེ་རེར་སྲང་ཕྱེད་ཕྱེད་མར་དང་སྦྲང་རྩི་བསྲེས་ཏེ་ཟླ་བ་དྲུག་གི་བར་དུ་ཐོས་ན་ཚེ་རིང་བར་འགྱུར་རོ། །ལོ་མ་དང་སྐྱུར་བ་དང་ཚ་བ་དང་མར་ནག་ སྤང་བར་བྱ་སྟེ། བདུད་རྩི་ལྔ་བསྟེན་པའི་ཆོ་གའོ། །དབུ་མར་སྲོག་རླུང་བཀུག་ལ་ཀེ་ས་ར་ཛ་དང་བྷྲྀཾ་ག་རཱ་ཛའི་ཁུ་བ་དང་མཉམ་པོའི་ཟླ་མཚན་སྣ་བུག་ཏུ་ཟླ་བ་དྲུག་བླུགས་པས་སྐྲ་དཀར་བ་དང་བཅས་པའི་རྒས་པ་འཇོམས་སོ། །བ་ལང་། ཁྱི། གླང་པོ་ཆེ། རྟ། མིའི་ཤ་རྣམས་སྦྲང་ཆང་དང་ སྦྲང་གིས་བསྲེས་ཏེ་ཟླ་བ་དྲུག་ཏུ་ཟོས་ན་ནད་ཐམས་ཅད་སེལ་ལོ། །ཀེ་ས་ར་ཛ་དང་། བྷྲྀཾ་ག་རཱ་ཛའི་ཁུ་བ་དངུལ་ཆུ་དང་། བྱང་སེམས་དཀར་དམར་གཉིས་དང་ཐམས་ཅད་མཉམ་པར་སྲང་ཕྱེད་ཕྱེད་ལོ་གཅིག་གི་བར་ཟོས་ན་རྒས་པ་འཇོམས་པ་སྟེ་ལོ་མ་དང་སྐྱུར་པོ་ལ་སོགས་པ་སྤངས་ནས་སོ། ། ཚྭ་དང་བཅས་པའི་སྐྱུར་པོ་འཐུངས་པས་ན་རླུང་སེལ་ལོ། །ཀ་ར་ལ་སོགས་པ་མངར་བས་ནི་མཁྲིས་པ་སེལ་ལོ། །བསྐ་བས་ནི་བད་ཀན་སེལ་ལོ། །ཚ་བ་གསུམ་དང་བཅས་པའི་ཁུ་བ་ཡང་ངོ་། །ཚ་བ་གསུམ་དང་བཅས་པའི་རའི་འོ་མ་འཐུངས་པ་དང་། སྣ་བུག་ཏུ་བླུགས་པས་བད་ཀན་ སེལ་ལོ། །ཀ་ར་དང་བཅས་པའི་མ་ཧེའི་འོ་མས་མཁྲིས་པ་སེལ། །རྔ་མོའི་འོ་མ་རྒྱམ་ཚ་དང་བཅས་ན་རླུང་སེལ་ལོ། །བའི་འོ་མ་ཚ་བ་གསུམ་དང་བཅས་ན་བད་ཀན་སེལ་ལོ། །ཀ་ར་དང་བཅས་པས་མཁྲིས་པ་སེལ་ལོ། །རྒྱམ་ཚ་དང་བཅས་པས་རླུང་སེལ་ལོ། །ཚད་པ་མེད་པ་ལ་མར་ ཡང་ངོ་། །ཛཱ་ཏིའི་ལོ་མ་དེའི་བརྒྱད་འགྱུར་ཆུ་ལ་བསྐོལ་ཏེ་བཞི་ཆ་གཅིག་ཅུང་ཟད་དྲོ་བ་ཁར་བཞག་ན་སོའི་ནད་དང་ཁ་ནད་སེལ་ལོ། །ཏིལ་མར་གྱི་ཁུ་བ་དང་རའི་ཆུ་མཉམ་པོར་བསྐོལ་ཏེ་ཏིལ་མར་ཙམ་ལྷག་མར་བཞག་སྟེ་ཚྭ་དང་ཚ་བ་གསུམ་དེའི་བཞི་ཆ་གཅིག་དེར་བསྲེས་ལ་གྲང་མོ་རྣ་བའི་ནང་ དུ་བཞག་པ་ན་རྣ་བའི་ནད་སེལ་ལོ། །བའི་མར་དེ་བརྒྱད་འགྱུར་འོ་མ་དང་བསྐོལ་ནས་ནཱ་ག་གེ་སར་གུར་གུམ་གྱི་ཕྱེ་མ་དང་བསྲེས་ལ་སྣ་བུག་ཏུ་བླུགས་པས་སྣའི་ནད་སེལ་ལོ། །བཱཉྫཀཾ་ཀོ་ལི་དང་། ལཾ་ཀ་ལི་དང་། ཨིནྡྲི་དང་། ཨིནྡྲ་བ་རུ་ནི་དང་། ཏིག་ཏ་རྣམས་བོང་བུའི་ཆུས་བཏགས་ཏེ་བྱུགས་པས་ 14-1-263a འབྲས་མང་པོ་འཇོམས་སོ། །འབྲུམ་བུའི་ནད་ལ་དང་པོ་ཚ་བ་དང་རྐང་ལག་གི་ཚིགས་དང་མགོ་བོ་ན་བའོ། །དེ་ཤེས་ནས་བུ་གཟུགས་མེད་པའི་ཁང་པར་རྐང་པ་གཉིས་མཉམ་པར་ལངས་ཏེ་ལག་པ་གཉིས་བརླ་ལ་ཐུག་པར་ཐུར་དུ་དཔྱངས་ཏེ་མ་འགྱེལ་གྱི་བར་དུ་བུམ་པ་ཅན་བསྒོམས་ ཏེ་ཚད་པ་ལས་གྲོལ་བའི་བར་རོ། །སྙིང་གའི་ཟླ་བ་ལས་ཕྲེཾ་ཡིག་དཀར་པོ་ལས་བྱུང་བ་སྣ་ཚོགས་ཡུམ་མམ་གཟུགས་རྡོ་རྗེ་མ་ཞལ་གཅིག་ཕྱག་གཉིས་ལ་རྡོ་རྗེ། པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། གཡོན་གྱི་ཐུགས་ཀར་པདྨ་དཀར་པོའི་ཡུ་བ་བསྣམས་པ། གཡས་པ་མཆོག་ སྦྱིན་ཅན་སྲོག་རྩོལ་གྱིས་བསྒོམ་པར་བྱའོ། །སྲན་ཆུང་བཏགས་ཏེ་ཆུ་གྲང་མོ་དང་བསྲེས་ཏེ་བཏུང་ངོ་། །ཞག་གསུམ་པ་ལ་འབྲུམ་པ་སྐྱེ་བ་ན། འབྲུམ་པས་ཤི་བའི་ཐོད་པའམ་གཞན་བདར་ལ་མི་བསྐྱོད་པ་བསྲེས་ཏེ་བཏུང་ངོ་། །ཨོཾ་ཕྲེཾ་བི་ཤྭཱ་མཱ་ཏྲེ་བཛྲ་ཀཎྜ་ཀཾ་ནཱ་ཤ་ཡ་ནཱ་ཤ་ཡ་ཆེ་གེ་མོ་ཤཱནྟིཾ་ ཀུ་རུ་སྭཱ་ཧཱ། སྔགས་འདིས་ཡམས་དྲུག་དང་གནོད་པ་རྣམས་ལ། བདག་དང་གཞན་བསྲུང་བའི་ཕྱིར་བཟླས་པ་བྱའོ། །སྨན་ལ་ཡང་ལན་བདུན་དུ་བསྔགས་པར་བྱའོ། །འདིས་དཔྲལ་བ་སྙིང་ག་མགུལ་པ་ལྟེ་བ་གསང་གནས་སྤྱི་གཙུག་ཏུ་ཐུན་གསུམ་བསྲུང་བར་བྱའོ། །འབྱུང་པོས་ བཟུང་བ་ལ་ཚ་བ་གསུམ་དང་བསྲེས་ལ་མི་བསྐྱོད་པ་འཐུངས་ན་ཞི་བའོ། །ད་ནི་བཅུད་ལེན་བརྗོད་དེ། གསེར་སྲང་གཉིས་སྦྱངས་པ་དང་། ཟངས་མ་ལྕགས་ཀནྟི་དང་། ལྷང་ཚེར་ལྕགས་ཀནྟི། ཀྵ་ཏི་དེ་དག་ཆ་མཉམ་པར་སྲང་གཉིས་མུ་ཟི་ཁ་མ་བཀབ་པ་ལ་སྨན་དེ་དག་གི་བར་ཀུན་ དུ་སུ་བརྞ་མ་ཀྵི་ཀའི་ཕྱེ་མ་སྲང་གཉིས་བླུགས་ཏེ་མེ་དྲག་པོ་ལ་བསྐོལ་ཏེ་གསེར་གནས་པའི་བར་དུའོ། །དངུལ་ཆུ་སྲང་བཞི་ལ་ཡུང་བ་མ་བཅོས་པ་དང་སོ་ཕག་གི་ཕྱེ་མ་དང་ལྡང་ཚེར་རས་ལ་ལན་བདུན་བཙགས་ལ་གསེར་དེ་དང་བསྲེས་པའི་འདག་པ་སྲང་དྲུག་བྱས་ཏེ་བའི་དར་བ་མར་མེད་པ་ མེ་དྲག་པོ་ལ་བསྐོལ་ཏེ་རས་ལ་བཙགས་ནས་ཚིགས་མ་དོར་ཏེ་ཆུར་ཁུ་དེ་ཁབ་ལེན་གྱི་སྣོད་ལ་གསེར་གྱི་འདག་པ་དང་བསྐོལ་ཏེ་སྲང་གསུམ་ལུས་པའི་བར་རོ། །དེ་ནི་ཟླ་བ་དྲུག་གི་ཞག་གྲངས་དང་མཉམ་པར་བསྐོལ་ཏེ། ཀ་ར་ཕྱེ་མ་འདག་པ་སྲང་བརྒྱད་དང་། ཕོ་བའི་མེ་དྲོད་དང་ཆ་ 14-1-263b མཐུན་པར་བདུན་ནམ་དགུ་ལ་སོགས་པ་དང་དེའི་དྲུག་ཅུ་ཆ་གཅིག་གིས་ཕོ་བ་རིས་ཀྱི་ཕྱེ་མ་དང་བསྲེས་ཏེ་བཟའ་བར་བྱའོ། །ཟས་གཞན་སྤང་བར་བྱའོ། །ཟླ་བ་དྲུག་གིས་ལྷའི་ལུས་དང་འདྲ་བའི་རྒས་པ་དང་གཉེར་མ་དང་འཆི་མེད་འགྲུབ་བོ། །སྨན་རྫོགས་པ་དང་ཇི་སྲིད་འཚོའི་བར་དུ་ཀ་ར་ཕྱེ་ མ་ཅིག་བསྲེས་པའི་ཁུར་ནི་བཟའ་བར་བྱའོ། །ད་ནི་གསེར་གྱི་ཕྱེད་བསྒྱུར་བརྗོད་དེ། བཤད་མ་ཐག་པའི་ས་བོན་དངུལ་ཆུ་དེ་དང་མཉམ་པོར་བསྲེས་ཏེ་ཚ་དང་སྐྱུར་པོ་དང་ཚའི་རིགས་གཞན་ཡང་བསྣུར་ཇི་སྲིད་འདྲེས་ཀྱི་བར་རོ། །དེ་ནས་མུ་ཟི་དང་། ལྷང་ཚར་དང་། ལྡོང་རོས་དང་། བ་བླ་དང་། ཞ་ཉེ་དང་། ཀ་ཀྵི་དང་། ཀ་ཤི་ཤ་དང་། དབྱིག་དང་། གསེར་གྱི་བཙག་སྟེ་འདི་དག་ཆ་མཉམ་པར་ཆ་གཉིས་གོང་གི་སྨན་ཆ་གཅིག་དང་གསུམ་དངུལ་ཆུ་དང་ཆ་མཉམ་པའི་ཉའི་མཁྲིས་པ་པི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོར་བསྣུར་ལ་དེ་ནས་དངུལ་གྱི་ལབ་ལེབ་ལ་བསྐུས་ཏེ་ཞག་གསུམ་གྱི་ བར་དུ་ཐབ་ཀྱི་འོག་ཏུ་བཞག་ལ་ཐབ་ཀྱི་མེས་བཙོས་པས་གསེར་དུ་འགྱུར་རོ། །དེའི་ཕྱེད་གསེར་དང་འདྲེས་པས་གསེར་གྱི་ཕྱེད་བསྒྱུར་བ་ཡིན་ནོ། །ད་ནི་འདྲ་མིན་བརྗོད་པར་བྱ་སྟེ། ཏཱིཀྵ་ན་དང་ལྷང་ཚེར་ནི་ཤིང་བྷ་ཏྲིའི་འོ་མས་སྦངས་པས་ཞུ་བ་དང་བ་བླ་དང་རྒྱ་ཚ་དང་ཡ་བཀྵ་ར་དང་། སྤོས་ དཀར་ཏེ། ཏཱིཀྵ་ན་ལ་སོགས་པ་རིམ་གྱིས་གཅིག་གཉིས་གསུམ་བཞི་ལྔ་དྲུག་གི་བར་དུ་ཆ་ཇེ་མང་བྱས་ཏེ་ཐམས་ཅད་བསྲེས་པ་དེ་ཟངས་ཉིས་འགྱུར་དང་ལུགས་ཀོང་གི་ནང་དུ་ཁ་བཀབ་ལ་བསྐོལ་ནས། ཡང་ཁ་ཕྱེ་ནས་བསྐོལ་ཏེ་ཟངས་ལུས་པའི་བར་རོ། །དེ་ཆ་ལས་དག་པར་བྱས་ཏེ་ཅུང་ ཟད་སྙི་བར་འགྱུར་རོ། །ཨ་རྒའི་རྩ་བ་དང་། ད་དུ་ར་སེར་པོའི་རྩ་བ་དང་། ཨེ་རཎྜའི་རྩ་བ་དང་། ཀྵི་ར་ཀཾ་ཙུག་གི་རྩ་བ་སྟེ་ཆ་མཉམ་པར་བཏགས་པའི་དར་བ་ལ་ཞག་བདུན་གྱི་བར་དུ་གཞག་གོ། །དེ་ནས་བཅུ་གཉིས་པ་དེ་གོང་མའི་ནང་དུ་བླུགས་ཏེ་ཤིན་ཏུ་སྙི་བར་གྱུར་གྱི་བར་དུ་གཞག་ པར་བྱའོ། །དེ་ཆ་གཅིག་དངུལ་ཆ་གཉིས་དང་བསྲེས་ལ་འདྲ་མིན་བྱས་ཏེ་དག་པར་འགྱུར་རོ་ཞེས་འདྲ་མིན་གྱི་ངེས་པའོ། །དེ་ནི་ཆོས་པ་རྣམས་ཀྱི་འཚོ་བའི་ཕྱིར་རོ། །ཆོས་པའི་ཀུན་རྫོབ་ནི་སྒྱུ་མ་ལྟ་བུའི་དབུ་མ་ཡིན་ལ། དོན་དམ་པ་ནི་རབ་ཏུ་མི་གནས་པའོ། །རྡུལ་ཕྲ་རབ་ནི་རིག་པས་མ་ 14-1-264a གྲུབ་པས་སེམས་པའི་དངོས་པོ་སྨྲ་བར་འདོད་པ་མི་འགྲུབ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་གཅིག་ཏུ་མ་གྲུབ་སྟེ། སྟེང་འོག་ཕྱོགས་བཅུའི་དབྱེ་བ་དུ་མར་གྱུར་པའི་ཕྱིར་རོ། །ཆ་ཤས་ཡོད་པར་འདོད་ན། དྲུག་གིས་ཅིག་ཅར་སྦྱང་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་ འགྱུར། །ཆ་ཤས་མེད་པར་འདོད་ན། དྲུག་པོ་དག་ནི་གོ་ཅིག་ན། གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཆ་ཤས་མེད་ན་ཐོགས་པ་མེད་པའི་ཕྱིར་ཕན་ཚུན་དུ་ཐིམ་མོ། །ཁམས་གསུམ་རྣམ་ཤེས་ཙམ་སྨྲ་བ་ལ་བརྗོད་དེ་རྣམ་ཤེས་ཙམ་ཡོད་དེ། དོན་མེད་ན་ཅི་སྣང་རྣམ་ཤེས་ཙམ་ལས་ཕྱི་རོལ་གྱི་ དོན་མེད་ན་ཅི་སྟེ་སྣང་ཞིང་འདུག །སྨྲས་པ། བག་ཆགས་ཀྱི་དབང་གིས་སོ། །ཇི་ལྟར་རྨི་ལམ་དུ་མེད་ཀྱང་སྣང་བ་བཞིན་ནོ། །བརྗོད་པ། ཉིན་མོར་མཐོང་བ་རྨི་ལམ་སྣང་། །དངོས་པོ་ཡོད་པའི་ཕྱིར་རོ། །གང་ལ་དོན་ནི་གཏན་ནས་མེད། །རྣལ་འབྱོར་སྤྱོད་པ་ལའོ། །དེ་ལ་བག་ཆགས་གང་ ལ་འབྱུང་། །དངོས་པོ་གཏན་མེད་པ་ཡི་ཕྱིར། །དངོས་པོའི་བག་ཆགས་གང་ལས་འབྱུང་། །སྨྲས་པ་མ་རིག་པ་ལས་སོ། །བརྗོད་པ་འཁོར་བ་མ་ལུས་དེ་ཡིན་ནོ། །དངོས་པོ་བག་ཆགས་འབའ་ཞིག་ཏུ་མ་ཟད་འོན་ཀྱང་གཉིས་ཀ་འདོད་པའི་འགྲོ་བ་མ་ལུས་པ་མ་རིག་པར་གྲུབ་སྟེ། །ཕྱི་རོལ་ཉིད་ དུ་སྣང་བའི་ཕྱིར་རོ། །རྣམ་ཤེས་དེ་ནི་དོན་དམ་འདོད། །མ་རིག་དང་བྲལ་ག་ལ་སྲིད། །འགྲོ་བ་མ་ལུས་རྣམ་ཤེས་ཙམ་དུ་ཁྱོད་འདོད་ལ། རྣམ་ཤེས་ཏེ་དེ་ཡང་དོན་དམ་མ་ཡིན་པས་མ་རིག་པ་དང་བྲལ་བའི་དུས་ཁྱེད་ལ་གཏན་ནས་མི་སྲིད་དོ། །ད་ནི་རྣམ་ཤེས་ཚེ་རབས་ཚེ་རབས་སུ་མི་འདོད་པའི་ རྒྱང་པན་པ་སྨྲ་སྟེ། འབྱུང་བ་ལྔ་ནི་ཡོངས་སྨིན་པས། །སྨྱོན་པས་ནུས་བཞིན་སེམས་བྱུང་ངོ་། །བྱུང་བ་རྣམས་ཁོ་ན་སེམས་སུ་འགྱུར་ཏེ། ཆང་ལས་སྔར་མེད་ཀྱང་ཡོངས་སུ་སྨིན་པའི་ཚེ་སྨྱོ་བར་བྱེད་པའི་ནུས་པ་སྐྱེ་བ་བཞིན་ནོ། །དེ་ལྟར་མངལ་དུ་ས་ལ་སོགས་པ་ཡོངས་སུ་སྨིན་པ་ལས་སེམས་བྱུང་ སྟེ་སྐྱེ་བ་ཕྱི་མ་དང་ཐར་པ་མེད། བརྗོད་པ།ཀྱེ་སྡིག་ཅན་གལ་ཏེ་འབྱུང་བ་རྣམས་ལས་སེམས་སོགས་པ་བྱུང་ན་དེའི་ཚེ་ནི་ཤིང་དང་ལྕགས་ལ་སོགས་པ་ཡང་ས་ལ་སོགས་པ་བྱུང་བ་རྣམས་ཡོངས་སུ་སྨིན་པ་ཡོད་པས། དེ་དང་སྦྱོར་བས་དམ་བཅས་ཡིན། །ཤིང་ལ་སོགས་པར་ཅིས་མི་འབྱུང་། 14-1-264b སེམས་ཅན་ལ་དབང་པོ་དང་བཅས་པའི་སེམས་ཡོད་པ་དེ་བཞིན་དུ་ཤིང་ལ་སོགས་པ་ལ་ཡང་འབྱུང་བར་འགྱུར་ཏེ། ལོང་བས་ཉི་ཟླ་ལ་སོགས་ཀྱི་གཟི་བརྗིད་དེ་ཕུང་པོ་མ་མཐོང་བས། དེ་མེད་ཅེས་ནི་སྨྲས་ན་ཡང་། །དེ་ལ་སུ་ཞིག་ཡིད་ཆེས་འགྱུར། །སྟོང་པ་ཉིད་ལྟར་ཐམས་ཅད་ལས། ། ཕྱིར་འབྱུངས་ལས་ནི་རྒྱས་པར་གསུངས། །གང་གི་ལྟ་བ་སྟོང་ཉིད་དེ། །དེ་ནི་གྲོལ་བྱ་མིན་པར་བཤད། །ནང་གི་རྒྱུད་དོན་ཟབ་མོ་ལས། །ནང་གི་སྙེ་མ་ཕྱུང་བྲིས་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །ནང་ལ་མཁས་ཤིང་རྒྱལ་བར་འགྱུར། །ནང་གི་སྙེ་མ་ཞེས་བྱ་བ། །རྒྱ་གར་ཤར་ ཕྱོགས་ཀྱི་ཛ་གཏྟ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ཕྱོགས་གཅིག་ཏུ་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཧྲྀ་ད་ཡ་བཛྲ་པ་ད་ནཱ་མ། བོད་སྐད་དུ། སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ། ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་ ལ། །གཅིག་ཏུ་བརྩོན་པའི་རྣལ་འབྱོར་པས། །དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །གནས་དེ་གང་གིས་བསྟན་པ་ཡི། དཔལ་གྱི་བླ་མ་དེ་ལ་འདུད། །རྡོ་རྗེའི་ཉི་མའང་གང་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་ པ་ཡིས། །ཁམས་གསུམ་པོ་ནི་སྣང་བར་བྱ། །ཕྱག་རྒྱ་གཅིག་ལ་མཉམ་སྦྱོར་དང་། །ཡང་ན་ཕྱག་རྒྱ་བཞིར་སྦྱོར་བ། །བཙུན་མོའི་གྲོང་དུ་འཇུག་གྱུར་ཀྱང་། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །སྙིང་པོ་རྡོ་རྗེའི་ཚིག་རི་ཁྲོད་ཞབས་ཀྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་གནང་བ། དེ་ཉིད་དང་ལོ་ཆེན་ བསོད་ནམས་རྒྱ་མཚོའི་སྡེས་འགྱུར་རོ།། །།༄༅༅། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་བཛྲ་ཡཱ་ན་མཱུ་ལ་པ་ཏི། བོད་སྐད་དུ། རྡོ་རྗེ་ཐེག་པ་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། ཤེས་རབ་ཐབས་དག་སྦྱོར་བ་ཡིས། །སྐུ་ཡི་དབྱིངས་ཀྱི་རྫུ་འཕྲུལ་འགྲོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ཏེ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །དུས་འཁོར་ལ་གསུངས་བཤད་པར་བྱ། །བུ་ཡི་རྩ་བའི་ལྟུང་བ་ནི། །དཔལ་ལྡན་བླ་མའི་ཐུགས་སུན་ 14-1-265a ཕྱུང་། །རི་བོང་འཛིན་པ་རུ་ནི་འགྱུར། །དེ་ནི་བདག་ལས་འདས་པ་གཞན། །དེ་བཞིན་མིག་ཏུ་འགྱུར་བ་ཡིན། །རྟེན་ལ་ཁྲོས་པ་ཡོན་ཏན་ནོ། །བྱམས་པ་འདོར་བ་རིག་བྱེད་དེ། བྱང་ཆུབ་སེམས་འདོར་མདའ་ཡིན་ནོ། །གྲུབ་པའི་མཐའ་སྨོད་དབང་པོ་ཡིན། །ཡོངས་སུ་མ་སྨིན་སྐྱེ་ བོ་ལ།། གསང་བ་སྟོན་པ་གཞན་ཡང་རི། །དག་པའི་ཆོས་ལ་མི་དད་པ། །གཟའ་ཞེས་རབ་ཏུ་གྲགས་པའོ། །སྒྱུ་ཡི་བྱམས་པ་ཕྱོགས་སུ་འགྱུར། །མིང་སོགས་བྲལ་བས་བདེ་སྟེར་བ། །རྟོག་པ་དྲག་པོ་རུ་ནི་འགྱུར། །དག་པའི་སེམས་ཅན་ལ་སྐྱོན་བརྗོད། །ཉི་མ་རུ་ནི་འགྱུར་བ་ཡིན། །དམ་ ཚིག་རྙེད་ནས་སྤོང་བ་ནི། །ཡན་ལག་ཅེས་སུ་གསུངས་པའོ། །བུད་མེད་ཀུན་ལ་སྨོད་པ་ནི། །ལྟུང་བ་ས་རུ་འགྱུར་བ་ཡིན། །རྡོ་རྗེ་ཐེག་ལ་གནས་རྣམས་ཀྱིའོ། །བུམ་པའི་གསང་བ་གནས་བརྒྱ་ལ། །བརྟུལ་ཞུགས་ངེས་པའི་དབང་གིས་ཏེ། །གོང་མ་ལ་ནི་དག་པ་མེད། །དམ་ཚིག་གང་དགོས་ མི་ལྡན་པའི། །རིག་མ་བསྟེན་པ་ཟླ་བའོ། །ཚོགས་འཁོར་པ་ཡི་སྟོན་མོ་ལ། །རྩོད་པ་ལྟུང་བ་མིག་ཅེས་བྱ། །བསྟེན་པར་མི་རིགས་མ་སྲིང་ལས། །བདུད་རྩི་ཐོབ་བྱེད་ཡོན་ཏན་འགྱུར། །གསང་ཆོས་ཤེས་ཀྱང་འདོད་པའམ། །སེར་སྣས་སྣོད་ལྡན་སྤོང་རིག་བྱེད། །དད་པས་སེམས་ཅན་ཆོས་ཀྱི་ གཏམ། །དྲི་མེད་དུས་འདས་གྱུར་པ་མདའ། །ཉན་ཐོས་སྐྲག་དང་ལྡན་པ་ཡི། །ནང་དུ་ཞག་བདུན་འདས་པར་རོ། །ཤེས་རབ་སྐྱོབ་པ་མི་ཤེས་སྦྱིན། །རློམ་སེམས་སྔངས་པར་སྟོན་པ་ནི། །སྣོད་དང་མི་ལྡན་སེམས་ཅན་ལ། །གསང་སྔགས་སྟོན་པ་བཀྲ་ཤིས་བརྗོད། །འདི་བརྒྱད་ཡན་ལག་ ཉེས་པའོ། །སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །གཞན་གྱི་བུད་མེད་སྤྱོད་དང་བརྫུན། །མྱོས་བྱེད་ཁུ་བ་འཐུང་བ་ཡི། །སྡིག་པ་གཞན་པའི་ཆོས་ལྔ་ཡང་། །ཆོ་ལོ་ཁ་ན་མ་ཐོའི་ཟས། །ཚིག་ངན་འབྱུང་པོ་ཀླ་ཀློའི་ཆོས། །ཐུབ་པའི་བཀའ་དང་མི་མཐུན་པ། །ལྔ་པོ་སྤང་བར་བྱ་བ་ ཡིན། །བ་ལང་དང་ནི་བྱིས་པ་དང་། །བུད་མེད་སྐྱེས་བུ་ཐུབ་པ་ལྔ། །གསོད་པ་གདུག་པའི་བྲམ་ཟེ་ཡི། འཚེ་བར་བྱེད་པ་ཆོས་ལྔ་ཡང་། །གྲོགས་དང་རྗེ་དཔོན་སངས་རྒྱས་དང་། །རང་ལ་དགེ་འདུན་དབུགས་འབྱིན་ལ། །ཁུ་བ་ལྔ་ཞེས་བྱ་བ་སྟེ། །བྱས་པ་མི་སྐྱོ་རྣམ་ལྔ་སྤང་། །དབང་ 14-1-265b པོ་ལྔ་རྣམས་ཡུལ་གནས་ཀྱི། །འདོད་ཡོན་ལྔ་ལ་ཆགས་པ་སྤང་། །མུ་སྟེགས་བརྟུལ་ཞུགས་ཉི་ཤུ་ལྔ། །སངས་རྒྱས་པ་ཡིས་སྤང་བར་བྱ། །རྡོ་རྗེ་ཐེག་པ་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་ཡན་ལག་དང་བཅས་པ་བྱང་ཆུབ་སེམས་དཔས་མཛད་པ་རྫོགས་སོ།། །། ༄༅། །དཔལ་དུས་ཀྱི་འཁོར་ལོའི་ལྡོམ་ཚིག་བཞུགས། ༄༅༅། །དམ་པ་རྣམས་ལ་ཕྱག་འཚལ་ལོ། བདེན་པ་དབྱེར་མེད་དུས་འཁོར་ལོ། །ཤེས་བྱའི་ཆ་ནས་གཉིས་ཞེས་བྱ། །བརྗོད་བྱ་དང་ནི་རྗོད་བྱེད་དོ། །བརྗོད་བྱ་བདེན་པ་གཉིས་ཡིན་ཏེ། །ཀུན་རྫོབ་ཕྱི་ནང་གཞན་དང་གསུམ། །ཕྱི་ནི་ འཆགས་གནས་འཇིག་པ་སྟེ། །ཆགས་པ་རྟེན་དང་བརྟེན་པའོ། །རྟེན་ནི་རྒྱུ་དང་གོ་རིམས་དབྱིངས། །རང་བཞིན་ཁ་དོག་མིང་དང་ནི། །ཡི་གེ་གྲངས་དང་ཚད་དག་གོ། །རྒྱུ་ནི་ལས་ཀྱི་འདུས་བྱས་ནས། །རྡུལ་ཕྲན་དག་ལས་སྐྱེས་པར་འདོད། །སྟོང་དང་རླུང་སོགས་རིམ་པའོ། ། དབྱིངས་ནི་གཞུ་སོགས་རང་བཞིན་ནི། །གཡོ་སོགས་ཁ་དོག་སྔོ་ལ་སོགས། །མིང་ནི་རླུང་སོགས་རི་ལ་སོགས། །ཡི་གེ་ཡ་ར་ལ་སོགས་པའོ། །གྲངས་ནི་རླུང་དང་མཚོ་ཡི་བར། །ཚད་ནི་རྔམས་དང་མཐའ་སྐོར་རོ། །བརྟེན་པ་སེམས་ཅན་ཞེས་བྱ་སྟེ། །རྒྱུ་དང་མིང་གི་རབ་དབྱེ་དང་། ། སོ་སོའི་གནས་དང་ཚེ་ཚད་དང་། །ས་བོན་ཡི་གེར་རབ་ཤེས་བྱ། །རྒྱུ་ནི་ལས་དང་ཉོན་མོངས་དང་། །མིང་ནི་མནར་མེད་ནས་བཟུང་ནས། །སྲིད་པ་སུམ་ཅུ་རྩ་གཅིག་བར། །གནས་ནི་རླུང་དང་སྲིད་རྩེའི་བར། །ཚེ་ཚད་ལོ་དང་བསྐལ་པའི་གྲངས། །ས་བོན་ཡི་གེ་ཀ་ལ་སོགས། །འཆགས་ པ་སྡུད་པར་ཤེས་པར་བྱ། །གནས་པ་རྣམ་པ་གཉིས་ཡིན་ཏེ། །བསྟན་པ་དུས་དང་བྱེད་པ་རྩིས། །དང་པོ་དུས་བཞི་ལ་སོགས་པས། །ས་ཡི་དུམ་བུ་རྣམས་ལ་ནི། །འཁོར་ལོས་སྒྱུར་རྒྱལ་ལུས་ཀྱིས་སུ། །ལོག་འདྲེན་མཐར་བྱེད་ལེགས་རྣམས་འཛིན། །བྱེད་པ་ཡན་ལག་ལྔས་བསྡུས་ ཏེ། །གཟའ་ནི་ཚེས་དང་རྒྱུ་སྐར་དང་། །ཁྱིམ་ལ་གནས་པ་དག་ཡིན་ནོ། །ཚེས་ནི་དབྱངས་དང་རྟེན་འབྲེལ་དང་། །དྲག་མོ་ལ་སོགས་ཤེས་པར་བྱ། །འཇིག་པ་ས་སོགས་རིམ་ཞུགས་པས། །ཐ་མ་སྟོང་པར་གྱུར་པའོ། །ནང་ནི་སྐྱེ་གནས་འཆི་བ་སྟེ། །སྐྱེ་བ་ནང་དང་ཕྱི་དག་གོ། །ནང་ 14-1-266a གི་དུས་དང་རྒྱུ་དག་དང་། །ངོ་བོ་རྐྱེན་རྣམས་རྫོགས་དུས་སོ། །དུས་ནི་ཡེ་ཤེས་གཡོ་བ་དང་། །རྒྱུ་ནི་ཁུ་སྲོག་སྐྱེ་གནས་ཁྲག །ངོ་བོ་ཕུང་པོ་ཁམས་རང་བཞིན། །རྐྱེན་ནི་མ་ཡིས་རོ་ཟོས་མཐུས། །རྣམ་པ་ཁུ་ཁྲག་རྩ་རླུང་གིས། །གཙོ་བོ་བརྒྱད་ནི་བསྐྱེད་པའོ། །རྫོགས་ དུས་བཅུ་གཉིས་བཅུ་གསུམ་མོ། །ཕྱི་ནས་དབྱིབས་དང་ཚད་དག་དང་། །རྣམ་གྲངས་དག་ཏུ་བསྟན་པ་ཡིན། །དབྱིབས་ནི་ལུས་དང་ཡན་ལག་སོགས། །ཚད་ནི་སོར་དང་ཁྲུ་ཡི་བར། །དབྱེ་བ་ཕུང་པོ་ཁམས་དག་དང་། །དབང་པོ་ལས་ཀྱི་དབང་པོ་དང་། །འཁོར་ལོ་བྱ་བའི་འཁོར་ལོ་དང་། ། ལས་ཀྱི་འཁོར་ལོ་དག་ཏུའོ། དེ་ཡང་རྩ་རླུང་སེམས་དག་གིས། །ལུས་ཀྱི་ངོ་བོ་བསྡུས་པའོ། །གནས་པ་ལས་དང་བསྲུང་བའོ། །ལས་ནི་ཕྱི་ཉིད་ནང་སྦྱར་བས། །དུས་ཀྱི་འཁོར་ལོར་གྱུར་པའོ། །བསྲུང་བ་སེམས་ཀྱི་སྡིག་གཞོམ་དང་། །ནད་ཞི་ལུས་ཀྱི་བཅུད་ལེན་ན་ནོ། འཆི་བ་དུས་དང་ དུས་མིན་པའོ། །གཞན་ནི་སྒྲུབ་པའི་ཐབས་དང་ནི། །འཇིག་རྟེན་དབང་ནི་ངོ་བོ་དང་། །ངེས་ཚིག་དབྱེ་བ་ཆོ་གའོ། །ངོ་བོ་གཞན་ལས་ཐོབ་བྱ་སྟེ། །ངེས་ཚིག་དྲི་འཁྲུད་ངེས་པར་འཇོམས། །དབྱེ་བ་ཐུན་མོང་ཁྱད་པར་གྱིས། །བདུན་དང་གསུམ་དུ་ཤེས་པར་བྱའོ། །ཆོ་ག་སྦྱོར་བ་དངོས་གཞིའོ། ། སྒྲུབ་པ་ལམ་དང་འབྲས་བུ་སྟེ། །ལམ་ནི་ལས་དང་ཡེ་ཤེས་སོ། །ལས་བརྒྱའི་ངོ་བོ་དབྱེ་བ་དང་། །ཉམས་སུ་བླང་བའི་ཆོ་གའོ། །ངོ་བོ་ནུས་པ་སྐྲ་ལྡན་པ། །དབྱེ་བ་གཞན་གྱི་རིགས་ལ་སོགས། །ཉམས་བླངས་བསྙེན་སྒྲུབ་སྒྲུབ་པའོ། །ཡེ་ཤེས་ཕྱག་རྒྱའི་ངོ་བོ་ནི། །རང་གི་སེམས་ ཀྱིས་བརྟགས་པ་སྟེ། །དབྱེ་བ་དཀྱིལ་འཁོར་རྣམ་གསུམ་མོ། །ཆོ་ག་སྔོན་འགྲོ་དངོས་དང་མཇུག །དངོས་ནི་བསྐྱེད་དང་བསྒོམ་པའོ། །བསྒོམ་པ་དངོས་ཞེན་རྣམ་གཉིས་དང་། །ཞེན་བྲལ་དག་པ་བསྒོམ་པའོ། །རྗེས་ནི་མཉམ་གཞག་ལས་ལངས་ལ། །སྣང་གྲགས་ཆོས་ལ་སོགས་པ་ཡང་། ། ནང་གི་རྣམ་པ་ཕྱིས་སྦྱར་ནས། །ལུས་ངག་ཡིད་ཀྱིས་བྱས་པའོ། །འབྲས་བུ་འདོད་དང་གཟུགས་ཁམས་ཀྱི། །མཐར་ཐུག་ཐོབ་པར་འགྱུར་བའོ། །དོན་དམ་བདེན་པ་ལ་བརྟེན་པ། །ལྟ་བ་ལམ་དང་འབྲས་བུའོ། །ཆོས་ཉིད་མི་མཐུན་ཕྱི་ནང་གི། །ལོག་པར་རྟོག་པ་བསྟན་པའོ། །མཐུན་པ་ 14-1-266b གཉིས་སུ་མེད་སྒྲུབ་པ། །ངོ་བོ་དབྱེ་བ་མཚོན་བྱེད་དང་། །དཔེ་ཡི་རྣམ་པར་ཤེས་པར་བྱ། །ངོ་བོ་མི་རྟོག་ཡེ་ཤེས་ཏེ། །དེ་ཡང་བེམས་པོ་ལོག་པའོ། །དབྱེ་བ་ཆོས་ཅན་དག་གི་ནི། །སྟོང་པ་ལྔ་དང་ཐིག་ལེ་དྲུག །སྤང་བྱ་སོགས་པས་ཤེས་པར་བྱ། །མཚོན་བྱེད་སྒྲ་དང་མཚན་མ་སྟེ། །ཨེ་ བྃ་ཨ་ལ་སོགས་པ་དང་། །དེ་རུ་མཚོན་པའི་དབྱིབས་དག་གོ། །དཔེ་ནི་པྲ་ཏི་སེ་ན་སོགས། །འཇིག་རྟེན་དཔེ་ལས་འདས་པའོ། །ཆོས་ཅན་ཅི་རླུང་སེམས་དག་གི། །གནས་ལུགས་ཤེས་པར་བྱེད་པའོ། །ལམ་ནི་དབང་དང་སྒྲུབ་པའི་ཐབས། །དབང་ནི་འཇིག་རྟེན་ལས་འདས་ཏེ། །ངོ་བོ་རང་གི་ བྱང་ཆུབ་སེམས། །བླ་མའི་རྐྱེན་གྱིས་ངོ་ཤེས་པ། །ངེས་པའི་ཚིག་ནི་གོང་དང་མཚུངས། །དབྱེ་བ་དངོས་དང་བརྟག་པ་སྟེ། །དང་པོ་སངས་རྒྱས་དུས་སུ་སྟེ། །བརྟག་པ་ད་ལྟ་རྒྱུ་དུས་སོ། །ཆོ་ག་བྱེད་དང་བྲལ་ན་ཡང་། །རེ་ཞིག་དཔེ་དང་བརྡ་ཚིག་གིས། །ཕྱི་ཡི་རྣམ་པར་རྟོག་པའོ། ། སྒྲུབ་པ་ཕྱག་རྒྱ་ཆེན་པོ་སྟེ། །ངོ་བོ་མི་རྟོག་ཡེ་ཤེས་སོ། །དབྱེ་བ་རྣམ་པ་གསུམ་བདག་ཉིད། །ཉམས་བླང་རྒྱུ་དང་ངོ་བོ་དང་། དབྱེ་བའི་ཚུལ་དུ་བསྟན་པའོ། །རྒྱུ་ནི་རྐྱེན་གསུམ་ངོ་བོ་དང་། །མི་རྟོག་པ་ལ་དམིགས་པའོ། །དབྱེ་བ་ཡན་ལག་དྲུག་ཡིན་ཏེ། །སྤང་བྱ་སྤོང་བྱེད་ཐོབ་བྱ་ཡིས། ། ལམ་ནི་ཡན་ལག་དེར་བསྡུས་ན། །གདམས་ངག་མཚན་ཉིད་རྟགས་འབྲས་བུ། །སོ་སོར་དབྱེ་བ་ལ་སོགས་ཀུན། །སྒྲུབ་བཞིའི་ཚུལ་དུ་སྒོམ་པའོ། །འབྲས་བུ་སྤངས་ཐོབ་ཕུན་ཚོགས་པའོ། །སངས་རྒྱས་སྐུ་བཞི་ལ་སོགས་པའི། །གདུལ་བྱའི་སྒོ་ནས་དག་བྱ་ཡིས། །རྣམ་ཐར་ལ་ སོགས་ལམ་གྱིས་སོ། །དེ་ནི་བརྗོད་བྱ་མདོར་བསྡུས་པའོ། །རྗོད་པར་བྱེད་པའི་ཚིག་དག་ནི། །གཞུང་ཚད་གྲངས་དང་བཤད་ཚུལ་བསྡུ། །གཞུང་ཚད་རྒྱུ་དང་འགྲེལ་པའོ། །གྲངས་ནི་རྒྱུད་ཀྱི་ལེའུ་གྲངས་ཏེ། །མདོར་བསྡུས་དང་ནི་བསྡུས་དོན་ནོ། །རྒྱས་པར་བཤད་པ་འགྲེལ་པས་སོ། ། རྒྱུད་ཀྱི་ལེའུ་རྣམ་ལྔ་ནི། །གྲངས་ངེས་གོ་རིམས་ངེས་པ་ཡང་། །རྒྱུད་གསུམ་དག་གི་གྲངས་དག་དང་། །གཞན་གཞུག་དངོས་པོའི་རིམ་པ་དང་། །རྣལ་འབྱོར་སྙོམས་ཞུགས་རགས་ཕྲ་དང་། །དམན་པ་མཆོག་གི་གོ་རིམས་སོ། །འགྲེལ་པ་རྣམ་གསུམ་བཤད་པ་ཡང་། །གྲངས་ 14-1-267a ངེས་ལུས་ལ་རྩ་དག་དང་། །དེ་ཡི་ཆས་ཕྱེད་དབུས་མའི་དབུས། །མཚན་དང་དཔེ་བྱད་ཏིང་འཛིན་དང་། །གོ་རིམས་སོ་སོའི་རྣམ་འགྲེལ་ལོ། །བཤད་ཐབས་མཐའ་དྲུག་མཚན་ཉིད་དེ། །དེ་ཡང་དྲང་དོན་ངེས་དོན་ནོ། །དོན་བསྡུས་རྒྱུད་གསུམ་དག་ཏུ་ནི། །སྤྱི་རུ་བསྡུས་དང་སོ་ སོའི་དང་། །དངོས་དང་ཕལ་པའི་ཡུལ་དུ་སྟེ། །ཡན་ལག་དེ་དང་དེར་ཤེས་བྱ། །དམ་པའི་དྲིན་གྱིས་ངེས་གསལ་བའི། །དམ་པའི་ལམ་འདིས་སེམས་ཅན་ལ། །མི་ཡི་སྐྱེ་བ་འདི་ཉིད་ཀྱིས། །བྱང་ཆུབ་མྱུར་ཐོབ་ངེས་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་ལྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་བྷྱཱ་ ཀ་རས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཇོ་བོ་རི་པ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེའུ་བགད་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་དཎྜ་ཀསྟུ་ཏི་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་མཐའ་ཡས་སངས་རྒྱས་ཆོས་མངའ་ཞིང་། །སངས་རྒྱས་རྣམས་ཀྱི་སྐུ་ཡི་སྤྲུལ་པ་ཡིས། །འཕྲུལ་བྱེད་སྐུ་རྣམས་རང་བཞིན་མཚན་ཉིད་སྐུ། །གཅིག་པུ་བདེ་བ་ཆེན་པོ་རྒྱལ་གྱུར་ཅིག །གང་ཞིག་རབ་ཟབ་ཐམས་ ཅད་མཁྱེན་པའི་ཡང་། །རྩིས་ལས་འདས་ཤིང་ཡན་ལག་དང་བྲལ་བ། །དེ་ཉིད་ལུས་ཅན་གྱུར་ན་བླུན་པོས་ཀྱང་། །དཔྱད་པར་བྱ་བའི་སྤྱོད་ཡུལ་དག་ཏུ་གྱུར། །ཨནྡ་རྙིལ་དང་ཨུཏྤལ་སྔོན་པོ་དྲི་མེད་མཁའ་འདྲ་ཆར་སྤྲིན་ཕྲེང་བ་ཟར་མའི་མེ་ཏོག་མདོག་མཚུངས་འོད་ཟེར་དྲ་བ་རབ་འབར་ ནམ་མཁའ་འགེངས་མཛད་མཐོན་མཐིང་རིན་ཆེན་རི་འདྲའི་མཐར་འཁྲུངས་བྱུ་རུའི་རི་མཆོག་རིན་ཆེན་རྩེ་འདྲ་གཞོན་མདོག་ཞལ་ནི་ཞབས་དང་སོར་མོས་རྣམ་པར་བཀྲ་ཞིང་ཡན་ལག་མཛེས་གྱུར་དགྲ་དང་བདུད་སྡེའི་གདོང་ལ་དྲིས་བསྒོས་རབ་འཇིགས་འབྱེར་བྱེད་ཕྱག་རྒྱ་འཛིན་མཛད་འཇིགས་ རུང་དུས་མཐར་ཆེམ་ཆེམ་སྒྲ་སྒྲོགས་ཆུ་གཏེར་ཆད་འདྲ་ཉི་མ་སྟོང་ལྷག་འོད་ཟེར་དང་ལྡན་སྣ་ཚོགས་ཡུམ་གྱི་གློག་འགྱུར་དང་འབྲེལ་བསམ་གཏན་སྒེག་ལྡན་ཞི་བ་རབ་ཁྲོས་གསུམ་གསུམ་སྤྱན་འཕྲོ་རིག་བྱེད་ཞལ་གྱི་ཆུ་སྐྱེས་ཞལ་གྲྭར་རབ་ཤར་འཆར་ཀ་ཟླ་བའི་དུམ་འདྲ་ཆེས་གསལ་མཆེ་བའི་མྱུ་ 14-1-267b གུ་དང་ལྡན་རྩ་བའི་ཞལ་སྡོ་གཡས་གདོང་དམར་ཞིང་བཞིན་རྒྱབ་སེར་ལ་ཟླ་འདྲ་དཀར་པོས་གཡོན་ཞལ་རབ་བརྒྱན་དྲི་མེད་མཐིང་ག་དཀར་དམར་མགྲིན་པ་གསུམ་ལྡན་རྩིབ་ལོགས་གཉིས་ལ་དེ་བཞིན་ཕྲག་འབྲེལ་ཐལ་གོང་སོ་སོར་ལེགས་འབྲེལ་དཔུང་པ་གཉིས་ཀྱིས་རབ་བརྒྱན་དེ་ཉིད་རེ་རེར་ལག་གཉིས་ ཉེར་སྐྱེས་ལག་པ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་རལ་གྲི་ཕུབ་ཟླུམ་གསལ་ཤིང་ཁ་ཊྭཱཾ་གྲི་གུག་ཐོད་པ་མདའ་དང་གཞུ་འཛིན་ལྕགས་ཀྱུ་ཞགས་པ་རིན་ཆེན་རབ་འབར་པདྨ་དགྲ་སྟྭ་མེ་ལོང་ལག་པ་འཇིགས་རུང་ཚངས་མགོ་འཁོར་ལོ་ཆེས་གསལ་མདུང་དང་མདུང་ལག་དབྱུག་ཏོ་ཐོབ་ལུ་གུ་རྒྱུད་འཆང་ཅང་ཏེའུ་ དཀྲོལ་སྒྲས་བགེགས་ཀྱི་ཚོགས་སྐྲོད་དུ་བའི་མདོག་འདྲ་རལ་པ་རབ་བརྩེགས་ཟླ་དུམ་གྱིས་བརྒྱན་ཅོད་པན་རྩེར་བཞུགས་འདྲེན་པ་དག་དང་དེ་བཞིན་འོད་ཟེར་ལྔ་འབར་མགོ་ལྔའི་ཕྲེང་བ་སྣ་ཚོགས་རྡོ་རྗེ་ནོར་བུ་དང་ནི་རྡོ་རྗེའི་ཅོད་པན་རབ་འཆང་ཐུབ་པ་མ་ལུས་རྟོག་བྲལ་དཔག་བསམ་ལྗོན་པ་ཉི་ཤུ་བཞི་ཕྱག་ ཡལ་ག་རབ་ལྡན་སྣ་ཚོགས་པདྨ་ཟླ་ཉི་མུན་པ་དུས་མེའི་སྟེང་ན་དྲག་པོ་དཀར་ལ་ལུས་མེད་དམར་བའི་ལུས་ལ་རི་སྲས་དགའ་མ་དག་གིས་ངུ་ཞིང་འཇུས་པའི་དཀར་དམར་མདོག་ཅན་གཡས་བརྐྱང་སྟབས་ལ་སྟག་གི་པགས་པའི་ན་བཟའ་རབ་དཔྱངས་ཐལ་བ་དང་ནི་དག་བྱེད་ལ་སོགས་ཕྱག་རྒྱ་འཛིན་མཛད་ ཁྲག་གི་རྒྱུན་འཛག་མགོ་ཕྲེང་དོ་ཤལ་ཕྱག་དང་ཞབས་སོར་ལྔ་ལྔའི་མདོག་ཅན་དེ་ནང་ཚིགས་གསུམ་དམར་ནག་ཟླ་འོད་འོག་པག་མགུལ་རྒྱན་སྙན་ཆས་བརྒྱན་ཅིང་རྐང་པ་ས་འཛིན་ཁུར་གྱིས་རབ་མནན་འབྱུང་པོའི་དབང་ཕྱུག་དྲེགས་ཅན་དྲེགས་པའི་རི་བོ་རབ་འཇོམས་སིལ་སིལ་སྒྲ་སྒྲོགས་རྐང་གདུབ་ དང་ལྡན་སྣ་ཚོགས་ཡུམ་གྱི་ནུ་གཉིས་བུམ་པར་རབ་གང་དགའ་བདེ་བདུད་རྩིས་དབང་བསྐུར་བསིལ་བར་གྱུར་པས་ལུས་ཀྱིས་སྐྱེས་བ་སྤུ་རབ་རྒྱས་དྲེགས་བཅས་རྡོ་རྗེ་ཡན་ལག་འཁྱུད་ཅིང་སྐྱེ་བ་ཀུན་འཇོམས་འདོད་ཆགས་མེ་འབར་ཉེས་པའི་བུད་ཤིང་མ་ལུས་བསྲེགས་པའི་ཐལ་བས་རབ་མཆོད་འདོད་ཆགས་ མེ་ལས་ཅུང་ཟད་འཐིགས་པའི་ཕྲེང་གྱུར་ཟླ་བ་རྡོ་རྗེ་རྡུལ་ཐིགས་ཟིལ་བསྟེན་དགྱེས་པའི་རོལ་པས་རབ་གནས་དགའ་མའི་ཡན་ལག་གཉིས་ཀྱིས་བསྡམས་ཤིང་མགྲིན་ནས་ལེགས་བརྗིད་བརྟུལ་ཞུགས་འཛིན་མཛད་དགའ་མས་མགུལ་འཁྱུད་ལག་གཉིས་ཞགས་པས་འཆིང་བཞིན་མ་ལུས་རྣམ་པར་འགྱུར་ 14-1-268a བས་རྒྱ་ཆེན་སྐུ་ལ་ལྷན་ཅིག་རབ་བཏུད་དགའ་བ་ལ་བརྩོན་རྡོ་རྗེ་ཡན་ལག་བཟང་ལྡན་མ་ཡཾ་ཞལ་གྱི་ཟླ་བ་བདུད་རྩིས་ཚིམ་སྤྱན་ཙ་ཀོར་དང་འདྲ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་ཆེན་འཇམ་པའི་རྡོ་རྗེ་བློ་གྲོས་མཆོག་སྟེར་གྲུབ་ཆེན་སྩོལ་མཛད་འཇིག་རྟེན་མགོན་པོ་དེ་ལ་ ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་བདག་ནི་ཕྱག་འཚལ་ལོ།། །།རྩོལ་བྲལ་གནས་མེད་མེ་ཆུ་སྙིང་ལྡན་ལྷུན་པོ་སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་དགྲ་གཅན་དུས་མེ་ལས་གྱུར་ས་སྟེང་ས་འོག་བདེ་འགྲོའི་རང་བཞིན་རྡོ་རྗེ་གསུམ་བརྩེགས་རིན་ཆེན་གཞལ་མེད་འོད་འཕྲོ་ཉམས་དགར་ལྷ་མོ་གླུ་ལེན་ དཀྲོལ་མཆོད་སོགས་ཕུལ་སིལ་སྙན་གསུང་ལྡན་དྲི་དང་ཕྲེང་བ་མར་མེ་དང་ནི་བདུད་རྩི་ཞེས་བགྱིས་རང་རང་མེད་མཐུན་མཆོད་པའི་ཁྱད་པར་དུ་མས་རབ་མཆོད་སྒོ་རྣམས་སོ་སོར་རྟ་བབས་ཆེས་མཐོ་མཛེས་པའི་རྒྱན་གྱི་རྟ་བབས་ལས་དབྱངས་དྲིལ་སྒྲ་དག་དང་རྨ་བྱ་ངང་སོགས་ཅ་ཅོར་བཞད་ཅིང་གོས་དང་རྒྱལ་ མཚན་གཡེར་ཀ་རབ་དབྱངས་སྒེག་མོ་བཞད་ལྡན་ཐུགས་ཀྱི་འཁོར་ལོའི་དབུས་ན་རབ་གནས་ཡེ་ཤེས་འཁོར་ལོར་སྣ་ཚོགས་ཡུམ་དང་ལྷན་ཅིག་པདྨའི་ལོ་མ་ལ་གནས་ཤེས་རབ་བརྒྱད་བསྐོར་དེ་ཡི་ཟུར་བཞིར་གཎྜཱི་དུང་དང་ཡིད་བཞིན་ནོར་བུ་ས་སྐྱེས་གཙོ་དང་བདེ་ཆེན་འཁོར་ལོར་དེ་བཞིན་དོན་ཡོད་རིན་ ཆེན་དབང་ཕྱུག་ཆུ་སྐྱེས་རྟགས་ཅན་རྣམ་སྣང་མཛད་རྣམས་ཆུ་སྐྱེས་དཀར་པོ་ཉི་མར་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཇི་བཞིན་ཕྱོགས་ཀྱི་སངས་རྒྱས་རྣམས་ཀྱིས་རང་གི་ཡུམ་དང་སྙོམས་འཇུག་རང་བཞིན་དེ་ལྟར་སྤྱན་དང་བདག་མ་གོས་དཀར་སྒྲོལ་མ་རྣམས་ཀྱིས་ཆུ་སྐྱེས་དམར་དང་ཟླ་བའི་གདན་ལ་ཕྱོགས་ བྲལ་གནས་དང་ལྷ་དང་ལྷ་མོའི་དབུས་མར་ཀ་བའི་བར་དུ་བདུད་རྩིས་རབ་གང་བུམ་པ་རྣམས་དང་ཐུགས་ཀྱི་འཁོར་གནས་བྱང་ཆུབ་སེམས་ཆེན་ཀུན་ཏུ་བཟང་པོ་སྒྲིབ་པ་རྣམ་སེལ་འཇིག་རྟེན་དབང་ཕྱུག་ནམ་མཁའི་སྙིང་པོ་དང་ནི་ས་དབང་རྡོ་རྗེ་དབང་ཕྱུག་རྣམས་དང་དེ་བཞིན་གཡས་བརྐྱང་ཞབས་ཀྱིས་ རབ་གནས་པདྨ་མཐར་བྱེད་བགེགས་མཐར་བྱེད་དང་རྨུགས་བྱེད་དང་ནི་རེངས་བྱེད་རང་གི་ཁྲོ་མོ་རྡོ་རྗེ་ཡན་ལག་སྙོམས་འཇུག་སྒོ་སྐྱོང་རྣམས་དང་གསུང་གི་འཁོར་ལོར་རབ་སོང་འཇིགས་མ་ལ་སོགས་དྲུག་ཅུ་རྩ་བཞི་རྣལ་འབྱོར་མ་དབུས་རབ་གནས་ཙཱ་རྩི་ཀཱ་དང་འཇུག་མ་ཕག་མོ་གདོང་དྲུག་ 14-1-268b རྡོ་རྗེ་ལག་མ་རི་དགས་དབང་པོའི་གདན་དང་ངང་མོ་ལ་གནས་དྲག་མོ་རྣམས་དང་སྐུ་ཡི་འཁོར་ལོར་རབ་ཞུགས་རང་རང་པདྨ་ལ་གནས་རྣལ་འབྱོར་མ་ཚོགས་དབུས་ན་རབ་འཁོད་ཚངས་པ་དབང་ཕྱུག་སྲེད་མེད་བུ་དང་མེ་ལྷ་གཤིན་རྗེ་གཞོན་ནུ་བརྒྱ་བྱིན་ལྷན་ཅིག་གནོད་སྦྱིན་སྲིན་པོ་ཆུ་དང་རླུང་ལྷ་བགེགས་ ཀྱི་བདག་པོ་རྣམས་དང་ཤིང་རྟའི་སྟེང་དུ་མི་གཡོ་གཙུག་ཏོར་དབྱུག་སྔོན་ཅན་དང་གནོད་མཛེས་ལ་སོགས་ལུ་གུ་རྒྱུད་སོགས་ལྷ་མོའི་ཚོགས་འཁྱུད་རྟ་བབས་གནས་དང་ས་ཡི་དཀྱིལ་སྟེང་བྱང་ཆུབ་ཤིང་སོགས་ཟླ་བ་ཉི་མ་དེ་བཞིན་འདོད་དང་སོ་སོར་འདོད་སོགས་ལྷ་མོ་རྣམས་ཀྱིས་ཐམས་ཅད་ཀུན་ མཁྱེན་ཐུབ་པའི་དབང་ཕྱུག་སྟོན་པ་བླ་མ་ཤཱཀྱ་སེང་གེ་སྐྱབས་ཀྱི་མཆོག་གྱུར་ཡེ་ཤེས་ཆེ་མངའ་དུས་ཀྱི་འཁོར་ལོ་ལྷ་ཡི་ལྷ་ལ་ཕྱག་འཚལ་མཆོད་བསྟོད་དགའ་བས་བསྟོད་ཅིང་ལ་ལ་དག་ཏུ་རྡོ་རྗེ་ཤུགས་ཅན་ཁྲག་གི་རྒྱུན་འཛག་གླང་ཆེན་པགས་པའི་ན་བཟས་ལྷག་མའི་ལག་པ་གཉིས་བྲེལ་ཁྲོ་བོའི་རྒྱལ་ པོ་དྲག་ཤུལ་ཀླུ་བཅུས་ལུས་པོ་རབ་བརྒྱན་འཇིགས་པའི་སྒྲ་སྒྲོགས་ཁྲོ་ཚོགས་རྣམས་ཀྱིས་བགེགས་ཀྱི་ཚོགས་ལ་འབར་བའི་ཕུར་བུས་རྟག་ཏུ་རབ་བསྣུན་གཏུམ་མོ་འབར་བ་ལྟས་མཐོང་གྱུར་པ་རྣམས་ཀྱིས་རྒྱུ་སྐར་ཚོགས་འདུས་གློག་རབ་འཁྱུག་ཅིང་སྐར་མདའ་ལྟུང་བར་འཁྲུལ་པས་རྣམས་འཛིན་ ཟབ་མོ་འབྲུག་སྒྲ་ཧཱུཾ་ཞེས་སྒྲོག་བྱེད་གྲུབ་པའི་བླ་མ་གཽ་ཏམ་ལ་ཡན་ལག་བདུན་བཤམས་མཆོད་པ་རྣམས་ཀྱིས་རྟག་ཏུ་བདག་ནི་མཆོད་པར་བགྱིའོ།། །།མི་སྡུག་པ་ཡི་རོ་ཡི་ལུས་ཀྱི་ཤ་དང་ཁུག་ཆགས་རབ་མྱོས་ཁྱི་དང་ཅེ་སྤྱང་གཡུལ་འགྱེད་སོ་ཡི་ཕྲེང་བ་གཏུམ་པའི་ཁར་བྱུག་དྲག་ཤུལ་སྒྲས་ འབྲོས་བྱ་རོག་དུ་མའི་ཕྲེང་བས་རབ་བཀང་ཕྱོགས་ཆར་མུན་གཏིབས་ཀུན་ཏུ་འཁྲུགས་གྱུར་རིགས་ལྡན་ཆུང་མ་ལག་གཉིས་ཞགས་པས་མགྲིན་པ་རིང་བཀུག་ཁ་ཡིས་ཆང་འཐུངས་མྱོས་གྱུར་མིག་ཅན་ཐོད་ཐོགས་དུ་མས་དཔའ་དང་སྒེག་བཅས་སྣ་ཚོགས་དང་ལྡན་ཨ་མྲ་ལ་སོགས་ཤིང་གི་ཚོགས་ དབྱངས་ཆོམ་རྐུན་ལུས་ལ་ཁྲག་ལ་བརྐམ་པའི་རྒོད་སོགས་རྣམས་ཀྱིས་སྡེར་མོས་བབ་བསྣུན་ཟག་པའི་ཁྲག་གི་རྒྱུན་གྱིས་མུན་གཏིབས་མུན་པའི་ཁྲོད་ན་ཁྲག་རྒྱུན་འཐུངས་པའི་ཡི་དགས་ཁ་རླངས་མེ་ཚོགས་རབ་འཁྲུག་ཙཱུ་ཏ་ཀི་ལི་བྱང་ཆུབ་ཤིང་སོགས་དུར་ཁྲོད་སྡོང་བུའི་སེར་ཀར་ལུས་རིང་ 14-1-269a རྩེ་མོ་ཕྱེད་འཐོན་ལོངས་སྤྱོད་དབང་པོ་རླུང་འཐུང་དུམ་དུམ་ཁྲིགས་གྱུར་སོར་མོ་སོར་ཕྲེང་ལོང་བུ་པུས་མོ་བརླ་དང་རྗེ་ངར་རྒལ་ཚིགས་རྐེད་རུས་རུས་པ་སྐམ་པོས་ས་གཞི་དག་ནི་མཆེ་བ་ཅན་གྱུར་ཡལ་གའི་རྩེར་དཔྱངས་འཇིགས་རུང་མགོ་ཕྲེང་རླུང་གིས་རབ་བསྐྱོད་སྐྱེ་གནས་ལག་པས་ ཤིང་དྲུང་དག་ན་སྡིགས་པའི་མཛུབ་སྟོན་ཆེམ་ཆེམ་སྒྲ་སྒྲོགས་འཁོར་བྱེད་དང་ནི་གཏུམ་པོ་ལ་སོགས་སྤྲིན་ལས་བྱུང་བའི་ཐོག་སྒྲ་དྲག་པོས་རབ་སྐྲག་འཕུར་བའི་འུག་པ་ཁྭ་དང་བྱ་རྒོད་ལ་སོགས་གཤོག་པའི་ཚོགས་ཀྱིས་མཁའ་ལ་རབ་བསྣུན་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་ཉོན་མོངས་དབུགས་སྒྲ་ འབྱིན་བྱེད་བརྐམ་ཞིང་མ་ངེས་བྱ་རྒོད་གཡུལ་ཚོགས་ཕན་ཚུན་རབ་ཁྲོས་ཁ་ཁྭ་སྒྲ་འབྱིན་སྒྲུབ་པའི་ཚོགས་བརྟན་ལ་ལར་བཅད་པའི་མགོ་དང་མཇིང་པ་གསུམ་བཏགས་རྐུབ་ཚོས་རྒྱུ་མའི་ཕྲེང་བ་རྣ་བ་སྣ་མཆུ་སོར་མོའི་ཕྲེང་ལྡན་རུལ་པའི་དྲི་བསུང་ལ་ལ་དག་ཏུ་རིགས་ལྡན་འཇིག་རྟེན་འཆི་བདག་རྣམས་ཀྱིས་ རྟག་ཏུ་འཁོར་ལོའི་ལོངས་སྤྱོད་དོན་དུ་མི་རྣམས་རྟག་སྒྲོལ་ཁ་ཅིག་དག་ཏུ་མཚན་མོའི་ཆ་ལ་དུར་མེས་ཕྱེད་སྲེགས་ལྷག་མའི་མགུལ་དུམ་ལུས་ལས་བྱུང་བའི་ཞག་དང་གླད་པ་རྐང་དང་ཚིལ་དང་རོ་དང་རྒྱུ་མའི་མར་ཁུའི་རླན་གྱིས་རབ་འབར་བལྟ་དཀའི་མེ་ཡིས་ལ་ལ་ཚིག་པའི་ལུས་པོ་དག་ལ་ཡན་ལག་ ཆུར་བཅུག་ཅེ་སྤྱང་རྣམས་ཀྱིས་ཆིལ་ཆིལ་མེ་གསད་ཉེ་བར་ལོངས་སྤྱོད་ལྷ་མོའི་ཁྱིམ་དུ་རྣལ་འབྱོར་དང་ནི་རྣལ་འབྱོར་མ་དབང་འཁོར་ལོ་གར་ཕྱིར་ཀང་ཀཱ་ཙ་ཙད་པུ་ཌ་ལ་སོགས་བྱ་བ་རབ་ལྡན་སྣ་ཚོགས་ཅང་ཏེའུ་ལ་སོགས་རབ་བརྡུངས་སྒྲ་དང་རྡོ་རྗེ་གླུ་ལ་སོགས་ཀྱི་ལྷག་མའི་བཟའ་བ་དོན་གཉེར་རབ་ འཕེལ་གྱིས་གཏོར་འཛམ་བུའི་ཕྲེང་བ་ཐམས་ཐམས་སོ་རྡེགས་མ་རུངས་སྒྲ་ཡིས་དངངས་པར་བྱེད་རྒྱུན་ཤ་ཆེན་ཁྲག་འཐུང་རོ་ལངས་སྲིན་པོ་ཤ་ཟ་དང་ནི་སྨྱོ་བྱེད་ལ་སོགས་ཕེཾ་སྒྲ་དྲག་པོ་རྗེས་སྒྲོགས་རྡོ་རྗེ་ལྷ་མོའི་སྡུམ་པར་སྒྲུབ་པོ་དུ་མའི་ཧཱུཾ་དང་ཕཊ་སྒྲས་རབ་ཏུ་རྒྱུག་བྱེད་ཡི་དགས་ཁ་ནས་རྐན་སྒྲ་ སྒྲོགས་པས་འཇིགས་རུང་རབ་འབར་མེ་ཡིས་ཆེར་གས་མགོ་བོ་གླད་མིག་གསུམ་བཏགས་རྗེ་ངར་ལག་པའི་ཚིགས་རྣམས་ཙཾ་ཙཾ་པ་ཊད་རབ་འདྲེས་དབྱངས་སྒྲོགས་རྣམ་ཤེས་བརྒྱད་དག་དུར་ཁྲོད་བརྒྱད་ན་རྩིབས་བརྒྱད་འཁོར་ལོ་དཀྱིལ་འཁོར་གདན་ལ་གཡས་བསྐུམ་གྱིས་གནས་ཁྱི་ཡི་ 14-1-269b བཞིན་ལྡན་བྱ་རོག་མཆུ་ཅན་ཅེ་སྤྱང་གདོང་དང་མཁའ་ལྡིང་དང་ནི་འུག་པ་ཕག་དང་བྱ་རྒོད་ལ་སོགས་གདོང་ཅན་བརྒྱད་མཆོད་འཇིགས་བྱེད་འཇིགས་བྱེད་བློ་འཆང་བགེགས་ཀྱི་བགེགས་དང་ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་སྐྱེས་པ་ཀུན་དགའ་ཚོགས་སྩོལ་ཡིད་བཞིན་ཕུན་སུམ་ཚོགས་སྟེར་ དུས་ཀྱི་འཁོར་ལོ་བདེ་ཆེན་མཆོག་ལ་བདག་ནི་གྲོལ་བར་སྐྱབས་སུ་མཆིའོ།། །།རྒྱུན་ཆད་མེད་པར་འོད་ཟེར་ལས་འཁྲུངས་སངས་རྒྱས་ཚོགས་ཀྱིས་ནམ་མཁའི་ཁམས་བཀང་གངྒཱའི་ཀླུང་མང་བྱེ་མའི་གྲངས་མཉམ་སེམས་ཅན་ཕན་འདོགས་ལན་ཅིག་ཉིད་ལ་འཇིག་རྟེན་ཁམས་སུ་ལྷུན་གྱིས་གྲུབ་པའི་ ཐུགས་རྗེ་དག་གིས་སློབ་མ་དང་ནི་བསེ་རུ་ལ་སོགས་ཆོས་ལ་མོས་གནས་རྣམ་པ་སྣ་ཚོགས་བསམ་པ་ལ་ལྟོས་སྐྱེས་པ་ལ་སོགས་མྱ་ངན་འདས་པར་རྫོགས་སངས་རྒྱས་མཛད་མཐའ་ཡས་རབ་བརྟན་གསུམ་ཀུན་མཁྱེན་ཉིད་བྱང་ཆུབ་ཕྱོགས་དང་ཚད་མེད་དང་ནི་ཉོན་མོངས་མེད་དང་མ་འདྲེས་བཅོ་བརྒྱད་ བསྙེལ་མེད་ཆོས་ཉིད་ལ་སོགས་དུ་མའི་ཆོས་སྐུའི་བདུད་རྩིས་ཉོན་མོངས་ཉེས་པ་མ་ལུས་ལེགས་བཀྲུས་སུམ་ཅུ་གཉིས་ལྷག་མཚན་གྱིས་རབ་གསལ་འཇིག་རྟེན་བླ་མ་ཡེ་ཤེས་ལུས་ཅན་གཉིས་མེད་ཐུགས་རྗེ་རྟག་ཏུ་རབ་དགྱེས་དཔེ་བྱད་བརྒྱད་ཅུའི་རྒྱན་གྱིས་མཛེས་གྱུར་འཇིག་རྟེན་གསུམ་གྱི་སྐྱེ་བོ་ མཆོག་ལུས་ཕུན་སུམ་ཚོགས་པ་ཟིལ་གྱིས་གནོན་ཅིང་ཐོག་མ་དང་ནི་མཐའ་དབུས་སྤངས་པའི་དམ་པའི་ཆོས་སྒྲ་རྒྱ་ཆེན་དག་ལ་ཉེ་བར་ལོངས་སྤྱོད་བྱང་ཆུབ་སེམས་དཔའ་གཅིག་པུས་རྟོགས་བྱ་ལོངས་སྤྱོད་རྫོགས་སྐུ་དཔྱད་པར་དཀའ་ཞིང་ཞི་ལ་མཚན་མེད་རྣལ་འབྱོར་ཆོས་རིག་སྤྲོས་དང་བྲལ་ཞིང་ཉོན་ མོངས་རྣམ་རྟོག་དབའ་རླབས་རབ་སྤངས་མཆོག་དགའི་རྒྱ་མཚོ་ཆོས་ཀྱི་དབྱིངས་མཆོག་ཚངས་པའི་དབྱངས་ཅན་ཉི་ཟླ་འགགས་གྱུར་དུས་ཀྱི་བདག་ཉིད་ཞེ་སྡང་རྣམས་དང་གཏི་མུག་ཀུན་རྨོངས་ང་རྒྱལ་རབ་བསྙིལ་འདོད་ཆགས་སྦྱོང་མཛད་དེ་ཉིད་ལོག་རྟོག་ལུས་སུ་ལྟ་འཇོམས་འཁོར་བའི་རྒྱུན་གཅོད་ བདེ་འགྲོ་གནས་སྟོན་ངན་འགྲོ་རབ་འཇོམས་སྡིག་པ་ཀུན་སྐེམས་བསོད་ནམས་ཚོགས་སྤེལ་ཡེ་ཤེས་ཚོགས་གྲུབ་ཉོན་མོངས་འཇོམས་མཛད་བྱང་ཆུབ་རིགས་འཛིན་དཔལ་མཛད་བློ་མཛད་སྣ་ཚོགས་སྒྱུ་མ་བསོད་ནམས་ཡེ་ཤེས་འཇིག་རྟེན་སྲུང་མཛད་དོགས་པ་ཀུན་སེལ་དགའ་གསོལ་དགའ་ 14-1-270a མགུ་རབ་སྩོལ་སྒེག་དང་དཔའ་བོ་མི་སྡུག་དྲག་ཤུལ་སྙིང་རྗེ་ལ་སོགས་སྣ་ཚོགས་རོ་ཡིས་འཇིག་རྟེན་རྟག་སྲུང་སྤྲུལ་སྐུ་གར་མཛད་ཧེ་རུ་ཀ་གཙོ་རྐང་འོག་མི་ཡུལ་བདེ་འགྲོ་གཟུགས་གཅིག་གཟུགས་བཟང་གཟུགས་ངན་མ་ལུས་གཟུགས་སྤངས་དེ་ཉིད་གསུམ་ལྡན་རྡོ་རྗེ་ གསུམ་བདག་སེམས་གསུམ་དབྱེར་མེད་རྣལ་འབྱོར་བཞི་དག་བྱང་ཆུབ་བཞི་རྟོགས་སྐུ་བཞི་རབ་གྲུབ་ཚངས་པའི་གནས་བཞི་མིག་ལྔ་དང་ལྡན་ཡེ་ཤེས་ལྔ་བདག་དག་པའི་དབང་པོ་རྡོ་རྗེ་བ་སྤུ་སྟེང་གི་ཚངས་བུག་གཙུག་ཏོར་འཁོར་ལོའི་ནང་ཁྱབ་བཅུ་དྲུག་དགའ་བས་རབ་གང་ཡེ་ཤེས་ཆེན་པོའི་ཁམས་ ཀྱིས་ཆེར་རྫོགས་བཅུ་དྲུག་ཆ་ཡིས་ཤེས་རབ་སྣང་བ་གཙུག་ཏོར་ཆེན་པོའི་འཁོར་ལོ་དག་ཏུ་འགྱུར་བ་མེད་གནས་དེ་ཉིད་ས་དང་རིག་བྱེད་ལས་སྐྱེས་རླུང་དང་ནམ་མཁའི་ཁམས་ཀྱི་རང་བཞིན་མགོ་བོ་མགྲིན་པ་སྙིང་ག་དང་ནི་གསང་བ་ལ་གནས་ཟླ་བ་ཉི་མ་དུས་ཀྱི་མེ་དང་མུན་པ་ལ་ཞུགས་དྲི་མེད་ སྐྱེས་མཆོག་ལེགས་སྨིན་དངུལ་ཆུ་ཞེས་བྱའི་མཚན་མཐར་ཡེ་ཤེས་དམ་པ་བླ་མེད་ཚུལ་ཁྲིམས་དམ་པའི་ཆོས་གྲུབ་ཁྱབ་བདག་འཇིག་རྟེན་མ་ལུས་མཐར་བྱེད་ལོག་པར་ལྟ་འཇོམས་འཇིག་རྟེན་མུན་སེལ་དུས་ཀྱི་འཁོར་ལོ་ཚངས་ཆེན་ཁྱབ་འཇུག་རྡོ་རྗེ་ཅན་དང་བདེ་འགྱུར་རྣམས་ཀྱིས་མཆོད་ བསྟོད་བསྟེན་ཅིང་སྤྱི་བོས་རབ་གཏུགས་འབྱུང་པོ་དྲི་ཟ་གནོད་སྦྱིན་ལྟོ་འཕྱེ་ཞིང་སྐྱོང་ལ་སོགས་པ་དང་འཇིག་རྟེན་སྐྱོང་བས་རབ་བསྟེན་མགོན་པོ་དེ་ལ་རྟག་ཏུ་བདག་གིས་བླ་མེད་བྱང་ཆུབ་ཆེན་པོར་སེམས་ནི་བསྐྱེད་བགྱིའོ།། །།དེ་ལྟར་བདག་གིས་རྒྱུན་ཆགས་བསྟོད་པ་བགྱིས་པ་ལས། ། བསོད་ནམས་གང་དེས་དུས་མཐར་འགྲོ་བ་སྐྱེ་བ་ཡི། །འཁྲི་ཤིང་འདི་ནི་རྒྱལ་བའི་སྲས་ཀྱི་མེ་ཏོག་དང་། །བྱང་ཆུབ་ཅེས་བྱའི་འབྲས་བུར་འབྲས་དང་བཅས་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ཞེས་བྱ་བ། ཀ་ལིངྐའི་རྒྱལ་པོའི་བླ་མ་སྡེ་སྣོད་གསུམ་བཤད་པའི་ མཁས་པ་ཆེན་པོ་ལེགས་པའི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང་། ལྡན་མ་ཚུལ་ཁྲིམས་སེང་གེས་ཆུ་མིག་རིང་མོར་བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། ཨཥྚཱ་ཥྚ་ཀེ་ན་ཙ་ཏུཿཥཥྛི་ཡོ་གི་ནཱི་བ་ལིཾ་བི་དྷི་ནཱ་མ། བོད་ 14-1-270b སྐད་དུ། བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མ་རྣམས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔགས་པས་ལས་ཚོགས་སྒྲུབ་པ་དང་། བར་དུ་གཅོད་པ་བསལ་བར་འདོད་པས་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ལ་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ དབུལ་བར་བྱའོ། །དེ་ལ་དང་པོར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་མཐུན་པ་རྣམས་བྱས་ཏེ། ལས་དང་རྗེས་སུ་མཐུན་པའི་དཀར་གསུམ་ལ་སོགས་པའི་གཏོར་མའམ། བདུད་རྩི་ལྔ་དང་བཅས་པ་ཡོངས་སུ་གྲགས་པའི་གནས་བརྒྱད་དམ། གྲོང་ཁྱེར་ ལ་སོགས་པའི་ཕྱོགས་བརྒྱད་དམ། ཡིད་དང་མཐུན་པའི་གནས་རྣམས་སུ་མཆོད་པ་དང་བཅས་པའི་གཏོར་མ་དབུལ་བར་བྱ་སྟེ། དེ་ཡང་ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ་ཙཱ་རྩི་ཀཱ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་པོ་རྣམས་ཛཿ་ཧཱུཾ་བཾ་ཧོཿ། ལ་སོགས་པས་སྤྱན་ དྲང་བ་ལ་སོགས་པ་བྱ་སྟེ། དེ་རྣམས་ཀྱང་རང་རང་གི་བཞོན་པ་ལ་གནས་པ་ཕྱག་བཞི་པ་སྤྱན་གསུམ་པ་ཞལ་སྣ་ཚོགས་པའོ། །དེ་ལ་ཤར་གྱི་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཙཱ་རྩི་ཀཱ་ཞལ་གཅིག་པ་ནག་མོའོ། །མེའི་མཚམས་སུ་ཁྱབ་འཇུག་མ་ནག་མོའོ། །གཤིན་རྗེ་དང་ བདེན་བྲལ་དུ་ཕག་མོ་དང་གདོང་དྲུག་མ་དག་དམར་མོའོ། །ཆུ་ལྷར་དབང་མོ་སེར་མོའོ། །རླུང་དུ་རྒྱ་མཚོའི་གདོང་སྟེ་ཚངས་མ་སེར་མོའོ། །བྱང་དུ་དྲག་མོ་དཀར་མོའོ། །དབང་ལྡན་དུ་དཔལ་མོ་དཀར་མོ་སྟེ་དེ་གཉིས་ཞལ་གཅིག་མའོ། །དེ་ལྟར་པདྨའི་ལྟེ་བ་ལ་གཙོ་མོ་བཞུགས་པའི་ བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་པད་འདབ་ལ་རྣལ་འབྱོར་མ་རྣམས་བཞུགས་པ་ནི་རང་རང་གི་གཙོ་མོའི་དབྱིབས་དང་ཁ་དོག་ལ་སོགས་པ་བཞིན་ནོ། །ད་ནི་ཙཱ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་ཕྱག་གཡས་ཀྱི་མཚན་མ་བརྗོད་པར་བྱ་སྟེ། ཙཱ་རྩི་ཀཱའི་ཕྱག་གཡས་ཀྱི་དང་པོ་ནི་གྲི་ གུག །གཉིས་པ་ན་རྩེ་གསུམ། ཁྱབ་འཇུག་མའི་འཁོར་ལོ་དང་དབྱུག་ཏོ། །ཕག་མོའི་དབྱུག་པ་དང་རལ་གྲི། གཞོན་ནུ་མའི་མདུང་ཐུང་དང་ལྕགས་ཀྱུ། དབང་མོའི་རྡོ་རྗེ་དང་མདའ། ཚངས་མའི་པདྨ་དང་ཚངས་པའི་དབྱུག་པ། དྲག་མོའི་རྩེ་གསུམ་དང་ཌ་མ་རུ། དེ་ལྟར་འདབ་མའི་ 14-1-271a ལྷ་མོ་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་པ་རྣམས་ན་ཡང་ངོ་། །དེ་བཞིན་དུ་ཙཱ་རྩི་ཀཱའི་ཕྱག་གཡོན་གྱི་དང་པོ་ན་ཐོད་པ། གཉིས་པ་ན་ཁ་ཊྭཱཾ་གའོ། །ཁྱབ་འཇུག་མའི་པདྨ་དང་མདུང་། ཕག་མོའི་ལྕགས་སྒྲོག་དང་ཕུབ། གཞོན་ནུ་མའི་རིན་པོ་ཆེ་དང་ཞགས་པ། དབང་ མོའི་དྲིལ་བུ་དང་གཞུ། ཚངས་མའི་སྤྱི་བླུགས་དང་པར་བུ། དྲག་མོའི་ཁ་ཊྭཱཾ་ག་དང་སྦྲུལ། བཀྲ་ཤིས་ཆེན་མོའི་པདྨ་དང་རིན་པོ་ཆེ་རྣམས་སོ། །གཙོ་མོ་ཇི་ལྟ་བ་བཞིན་དུ་འཁོར་གྱི་ལྷ་མོ་རྣམས་ཀྱི་ཡང་ངོ་། །དེ་ལ་ཤར་ཕྱོགས་ལ་སོགས་པ་རྣམས་སུ་ཙཱ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་པདྨའི་འདབ་ མ་རྣམས་ཀྱི་མདུན་ནས་གཡས་སྐོར་གྱིས་རིག་པར་བྱའོ། །དེ་ལ་ཙཱ་རྩི་ཀཱ་ལ་མངོན་པར་ཕྱོགས་པའི་ནོར་གྱི་པདྨའི་འདབ་མ་རྣམས་ལ་འདབ་མ་དང་པོར་འཇིགས་བྱེད་མའོ། །དེ་བཞིན་དུ་གཉིས་པ་ལ་སོགས་པར་དྲག་མོ་དང་། མཆེ་བ་གཉིས་གཙིགས་མ་དང་། ཁ་ནས་མེ་འབར་མ་དང་། རླུང་ཤུགས་མ་དང་། རབ་གཏུམ་མ་དང་། དྲག་མིག་མ་དང་། སྣ་ཆེན་མ་རྣམས་སོ། །མེར་ཁྱབ་འཇུག་མ་ལ་མངོན་པར་ཕྱོགས་པའི་ནོར་གྱི་པདྨའི་འདབ་མ་རྣམས་ལ། ཁྱབ་འཇུག་མའི་དང་པོ་ལ་སོགས་པར་དཔལ་མོ་དང་། སྒྱུ་འཕྲུལ་མ་དང་། གྲགས་མ་དང་། བཀྲ་ཤིས་མ་དང་། ཤིན་ ཏུ་ང་རྒྱལ་མ་དང་། དཔལ་རྒྱལ་མ་དང་། དཔལ་ཅན་མ་དང་། འཁོར་ལོ་ཅན་མ་སྟེ་བརྒྱད་པོ་རྣམས་སོ། །ལྷོ་རུ་ཕག་མོའི་པདྨའི་འདབ་མ་ལ་ཀེང་རུས་མ་དང་། དུས་མཚན་མ་དང་། ཁྲོ་གདོང་མ་དང་། དུས་ལྕེ་མ་དང་། གཅིགས་མ་དང་། ནག་མོ་དང་། འཇིགས་བྱེད་མ་དང་། གཟུགས་ ངན་མ་སྟེ་བརྒྱད་རྣམས་སོ། །བདེན་བྲལ་དུ་གཞོན་ནུ་མའི་མདུན་གྱི་པདྨའི་འདབ་མ་ལ། པདྨ་དང་། ཡན་ལག་མེད་མ་དང་། གཞོན་ནུ་མ་དང་། རི་དགས་བདག་མོ་དང་། རིན་ཆེན་ཕྲེང་མ་དང་། མིག་བཟངས་མ་དང་། རུལ་པ་མ་དང་། བཟང་མོ་སྟེ་བརྒྱད་པོ་རྣམས་སོ། །ནུབ་ཏུ་དབང་མོའི་ མདུན་གྱི་འདབ་མ་ནས་རྡོ་རྗེ་འོད་མ་དང་། རྡོ་རྗེ་ལུས་མ་དང་། གསེར་གྱི་མཆོག་ལྡན་མ་དང་། རིགས་འཛིན་མ་དང་། སྣ་ཚོགས་རི་མོ་འདྲི་མ་དང་། ཆུ་ཤིང་མ་དང་། ཟུག་རྔུ་སེལ་མ་དང་། ཤིན་ཏུ་སྒྲོལ་མ་སྟེ་བརྒྱད་པོ་རྣམས་སོ། །རླུང་དུ་ཚངས་མའི་མདུན་གྱི་པདྨའི་འདབ་མ་ནས་ 14-1-271b མཆོག་སྦྱིན་འདོན་མ་དང་། པདྨའི་མིག་མ་དང་། ཆུ་སྐྱེས་ལྡན་མ་དང་། བློ་མ་དང་། ངག་གི་དབང་ཕྱུག་མ་དང་། གླུ་ལེན་མ་དང་། གློག་མ་དང་། དྲན་པ་མ་སྟེ་བརྒྱད་པོ་རྣམས་སོ། །བྱང་དུ་དྲག་མོའི་མདུན་གྱི་པདྨའི་འདབ་མ་ནས་གཽ་རཱི་དང་། གཾ་གཱ་དང་། རྟག་མ་དང་། ཤིན་ཏུ་མགྱོགས་མ་དང་། འདེབས་མ་དང་། དཔལ་མོ་དང་། སེར་སྐྱ་དང་། ནག་མོ་སྟེ་བརྒྱད་པོ་རྣམས་སོ། །དབང་ལྡན་དུ་བཀྲ་ཤིས་ཆེན་མོའི་མདུན་གྱི་པདྨའི་འདབ་མ་ལ་དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་ཅན་དང་། རི་བོང་འཛིན་ཞལ་མ་དང་། ངང་པའི་མདོག་ཅན་དང་། འཛིན་བྱེད་མ་དང་། པདྨའི་དབང་ཕྱུག་ མ་དང་། འོད་ཟེར་མིག་མ་དང་། དྲི་མེད་རི་བོང་འཛིན་མ་རྣམས་ཏེ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་པོ་རྣམས་སོ། །པདྨའི་ལྟེ་བ་ལ་ཙཱ་མུཎྜཱའི་གདན་ལ་ཡི་དགས་དམར་པོའོ། །འདབ་མ་ལ་ལྷ་མོ་བརྒྱད་དོ། །ཁྱབ་འཇུག་མའི་བྱ་ཁྱུང་ངོ་། །ཕག་མོའི་མ་ཧེའོ། །གཞོན་ནུ་མའི་རྨ་བྱའོ། །དབང་མོའི་ གླང་པོ་ཆེའོ། །ཚངས་མའི་ངང་པའོ། །དྲག་མོའི་གླང་ངོ་། །བཀྲ་ཤིས་ཆེན་མོའི་སེང་གེའོ། །ཙཱ་རྩི་ཀཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་ནི་ཧ་ཡིག་ནི་ཙཱ་མུཎྜཱའི་འོ། །ཧཾ་ཡིག་ནི་དབང་ཕྱུག་ཆེན་མོའོ། །ཧ་ན་ཕག་མོའི་འོ། །ཧཱ་ནི་དབང་མོའི་འོ། །ཀྵ་ནི་ཁྱབ་འཇུག་ཆེན་མོའི་འོ། །ཀྵཱ་ནི་ཚངས་མའི་འོ། ། ཀྵཾ་ནི་བཀྲ་ཤིས་ཆེན་མོའི་འོ། །ཀྵ་ནི་གཞོན་ནུ་མའི་སྟེ་གཙོ་བོ་རྣམས་ཀྱིའོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་བརྗོད་ཀྱི་རྒྱབ་ཀྱི་པདྨའི་འདབ་མ་རྣམས་ལ་ཧཱི་ཧྲཱྀ་ཧཱ་ཧླཱྀ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ། ཞེས་བྱ་བའི་དབྱངས་རིང་པོ་རྣམས་སོ། །མདུན་གྱི་ཕྱོགས་ཀྱི་ འདབ་མ་བརྒྱད་རྣམས་ལ་ཧི་ཧྲྀ་ཧུ་ཧླྀ་ཀྵི་ཀྵྼྀ ཀྵུ་ཀྵླྀ། ཞེས་བྱ་བའི་དབྱངས་ཡིག་ཐུང་ངུ་རྣམས་སོ། །ཤར་གྱི་པདྨའི་འདབ་མ་དག་དང་། ལྷོའི་དག་དང་། བྱང་གི་དག་དང་། ནུབ་ཀྱི་དག་དང་། མེའི་དག་དང་། བདེན་བྲལ་གྱི་དག་དང་། དབང་ལྡན་གྱི་དག་དང་། རླུང་གི་དག་ཏུའོ། །ལྷག་མའི་ འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་དབྱེ་བ་པད་འདབ་དྲུག་ཉིད་རིམ་པས་ཡོངས་སུ་བྱས་པར་ཐུང་དང་རིང་བ་དང་། ཞེས་པ་བྱ་ལ། ཕྱོགས་མཚམས་ཀྱི་པདྨའི་འདབ་མ་རྣམས་སུ་སྟེ། དེ་ལ་ཙཱ་མུཎྜཱའི་པདྨའི་འདབ་མར་སྔར་བཀོད་པའི་ཧི་ཡིག་གོ། །དེ་ནས་གཡོན་སྐོར་གྱིས་འདབ་མ་ 14-1-272a གཉིས་པར་ཡའོ། །གསུམ་པར་ཡི་འོ། །བཞི་པར་ཡྲྀའོ། །ལྔ་པར་སྔར་བཀོད་པའི་ཧཱིའོ། །དྲུག་པར་ཡུའོ། །བདུན་པར་ཡཱིའོ། །བརྒྱད་པར་ཡཾ་ངོ་། །དེ་བཞིན་དུ་ཁྱབ་འཇུག་མའི་ཀྵི་ཡཱ་ཡཱི་ཡྼཱྀ་ཀྵཱི་ཡཱུ་ཡླཱྀ་ཡ། དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་མ་ཧྲྀའོ། །དེ་བཞིན་དུ་ར་རྀ་ ཧླྀ་རུ་རླྀ་ར་རྣམས་སོ། ། དེ་བཞིན་དུ་གཞོན་ནུ་མའི་ཀྵྼྀ་རཱ་རཱི་ཪྼཱྀ་ཀྵི་རཱུ་ཪླཱྀ་ར་རྣམས་སོ། །དེ་བཞིན་དུ་དྲག་མོའི་ཧུ་ཝྼྀ་ཧུ་ཝུ་ཝླྀ་ཝཾ་རྣམས་སོ། །དེ་བཞིན་དུ་བཀྲ་ཤིས་ཆེན་པོའི་ཀྵུ་ཝཱ་ཝཱི་ཝྼཱྀ་ཀྵཱུ་ཝཱུ་ཝླཱྀ་ཝ་རྣམས་སོ། །དེ་བཞིན་དུ་དབང་མོའི་ཧླྀ་ལ་ལྀ་ལྼྀ་ཧླཱྀ་ལུ་ལླྀ་ལཾ་རྣམས་སོ། །དེ་བཞིན་དུ་ཚངས་མའི་ཀྵྨཱྀ་ལཱ་ལཱྀ་ལྼཱྀ་ ཀྵྨཱྀ་ལཱུ་ལླཱྀ་ལ་ཞེས་པ་རྣམས་སོ། །དེ་རྣམས་ལས་ལྷ་རྣམས་རྫོགས་པར་བསྐྱེད་ནས། དེ་ནས་བཟའ་བ་དང་བཅའ་བ་ལ་སོགས་པའི་གཏོར་མ་རྒྱས་པར་བཤམས་ཏེ། ཡཾ་རཾ་ཝཾ་ལཾ། ཨ་ཨ་ཨ། པི་ར་ཤུ་མ་མུ། ཨ་ཨི་རི་ཨུ་ལི། ན་གུ་ཧ་གོ་ཏེ། ཨཱ་ཨཱི་རཱི་ཨཱུ་ལཱྀ་ཞེས་པའི་ས་བོན་གྱི་ཡི་གེ་རྣམས་ལས་ འབྱུང་བ་རིམ་བརྩེགས་དང་བདུད་རྩི་ལྔ་ལ་སོགས་པར་བསྐྱེད་ནས་རྣམ་པར་སྦྱང་བའི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷ་རྨྨཱཿ སུ་པི་ཤུདྡྷ་སྭ་བྷཱ་བ་སརྦ་དྷརྨྨ་ན་བི་ཤོདྷ་ཡ་ཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨྨཱཿཔྲ་བོ་དྷ་ཀ་སརྦ་དྷརྨྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨྨཱཿཔྲ་དཱི་པ་ཀ་སརྦ་དྷརྨྨཿ པྲ་ དཱི་པ་ཡ་སྭཱ་ཧཱ། ཨོཾ་ཧོ། སརྦ་དྷརྨྨ་བཛྲ་ཨ་མྲྀ་ཏ་ཀཱ་ར་སརྦ་དྷརྨྨ་ན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔགས་ཀྱི་རིགས་འདི་རྣམས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ལག་པ་གཡོན་པས་སྦྱང་བར་བྱ་བ་དང་། གཡས་པས་རྟོག་པར་བྱ་བ་དག་རེག་པས་སོ། །འོག་ཏུ་སྙིམ་པ་ཁ་སྦུབ་པས་བཀབ་སྟེ་རབ་ཏུ་ སྦྱར་བར་བྱའོ། །རྡོ་རྗེ་བྱ་ཁྱུང་གི་ཕྱག་རྒྱས་རྡོ་རྗེ་བདུད་རྩིར་བྱས་ཏེ། དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པའི་ སྔགས་ཀྱིས་སྤྱན་དྲང་ངོ་། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་མཁའ་འགྲོ་མ་རྣམས་ལ་གཏོར་མ་དྲི་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་། མཆོད་ཡོན་དང་། རྫས་མ་ཉམས་པ་དང་བཅས་པ་རྣམས་དབུལ་བར་བྱ། ཨོཾ་ཨཱཿཧུཾ་ཧོཿབཛྲ་ཙརྩི་ཀཱ་བྷཱི་མོ་གྲུ། ཀཱ་ལ་དཾཥྚྲ། ཛྭ་ལ་ད་ན་ལ་མུ་ཁཱ། 14-1-272b བཱ་ཡུ་བེ་གཱ། པྲ་ཙཎྜ་རོོ་དྲཱ་ཀྵཱ། སྠཱུ་ལ་ནཱ་སཱ་བྷཱཿས་པ་རི་ཝཱ་རེ་བྷྱ། ཨེ་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ་ཏེ་ཙ་ཨཱ་བ་ཏྱ་ས་པ་རི་ཝཱ་རེཿ ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀ་ཧྞ་ནྟུ་ཁཱ་དནྟ། པི་བནྟུ་ཛཿ་ཧཱུཾ་བཾ་ཧོཿ། སཾ་ཏྲིཔྟཱཿ སརྦ་སཏྭ་ནཱཾ་ཤཱནྟི་པུཥྚི་རཀྵཱ་བར། གུཔྟིཾ་ཀུརྦནྟུ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ བྱ་བས་ཙཱ་རྩི་ཀཱ་འཁོར་དང་བཅས་པ་ལ་གཏོར་མ་དབུལ་ལོ། །ས་པ་རི་ཝཱ་ར་ཞེས་བྱ་བ་ནས་སྭཱ་ཧཱའི་བར་གྱིས་གཞན་རྣམས་ལ་ཡང་རང་མིང་དང་བཅས་པས་དབུལ་བར་བྱའོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་བཻཥྞུ་པི་ཤྲཱིཿམཱ་ཡཱ། ཀཱི་ཏཱི། ལཀྵྨྱ། །སུ་པ་རམ། བི་ཛ་ཡཱ། ཤྲཱི་ཛ་ཡ་ན་ཏཱི། ཤྲཱི་ཙཀྲི་བྷྱཿ། ཞེས་ བྱ་བས་ཁྱབ་འཇུག་མ་འཁོར་དང་བཅས་པ་ལ་འབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿ། བཛྲ་བཱ་རཱ་ཧཱི། ཀཾ་ཀཱ་ལཱི། ཀཱ་ལ་རཱ་ཏྲཱི། པྲ་ཀུ་པི་ཏི་པ་དཱ་ནཱ། ཀཱ་ལ་ཛི་ཧྭཱ། ཀཱ་རཱ་ལཱཾ། ཀཱ་ལཱི། གྷོ་རཱ། པི་རཱུ་པ་བྷྱཿ། ཞེས་བྱ་བས་རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་ཀུ་མཱ་རཱི། པདྨཱ། ཨ་ནཾ་གཱ། ཀུ་མཱ་རཱི། མྲྀ་ག་པ་ཏི་ག་མ་ནཱ། རཏྣ་མཱ་ལཱ། སུ་ནེ་ཏྲཱ། ཀླཱི་ནྣ། བྷ་དྲཱ་བྷྱཿ། ཞེས་བྱ་བས་གཞོན་ནུ་མ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿ་བཛྲ་ཨིནྡྲི། བཛྲཱ་བྷཱ། བཛྲ་གཱ་ཏྲཱ། ཝ་ཪྐ་ན་ཀ་བ་ཏཱི། ཙོ་ར་བ་སཱི། ཙི་ཏྲ་ལེ་ཁཱ། རམ་བྷཱ། ཧ་ལྱཱ། སུ་ཏྲཱ་རཱ་བྷྱ༔། ཞེས་བྱ་བས་ དབང་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿམ་ཧཱ་བྲ་ཧྨཱ་ཎཱི། སཱ་བི་ཏྲ། པདྨ་ནེ་ཏྲཱ། ཁ་ལུ་ཛ་ལ་ཛ་བི་ཏཱི། བུདྡྷཾ། ཝཱ་གཱི་ཤྭཱ་རཱི། དྷཱེ་གཱ་ཡ་ཏཱི། བི་བྱུ་ཏཱ། སྨྲྀ་ཏི་བྷྱཿ། ཞེས་བྱ་བས་ཚངས་མ་འཁོར་དང་བཅས་པ་ལ་དབུལ་ལོ། ཨོཾ་ཨཱཿཧུཾ་ཧོཿབཛྲ་མ་ཧེ་ཤྭ་རཱི། གཽ་རཱི། གཾ་གཱ། ན་ནི་ཏྱཱ། སུ་པ་ར་མ་ཏུ་རི་ཏཱ། ཏོ་ཏ་ལཱ། ལཀྵྨ་ཎཱ། པི་ག་ལཱ། ཀྲྀཥྞཱ་བྷྱཿ། ཞེས་བྱ་བས་དྲག་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿ། མ་ཧཱ་ལཀྵྨཱ། ཤྲཱི་ཤྭེ་ཏཱ། ཙནྡྲ་ལེ་ཁཱ། ཤ་ཤཱ་དྷ་ར་བ་དཱ་ནཱ། ཧཾ་ས་བ་ར་ཎཱ། དྷྲྀ་ཏི། པདྨེ་ཤྭཱ། ཏྲཱ་རཱ་ནེ་ཏྲཱ། བི་མ་ལ་ཤ་ཤཱ་དྷ་རཱ་བྷྱཿ། ཞེས་བྱ་བས་བཀྲ་ཤིས་ཆེན་མོ་འཁོར་དང་བཅས་པ་རྣམས་ལ་གཏོར་མ་དབུལ་བར་བྱའོ། །ས་པ་རི་ཝཱ་རེ་ཞེས་བྱ་བ་ལ་སོགས་པ་ནས་སྭཱ་ཧཱའི་བར་དུ་སྡེ་ཚན་རེ་རེ་ཞིང་ཡང་ཤེས་པར་བྱའོ། །དབྱུ་གུ་དྲུག་ཅུ་རྩ་བཞི་ཡི། །གཏོར་མ་དྲུག་ཅུ་རྩ་བཞི་ཡིས། །ས་སྟེངས་གནས་ན་ཕོ་ཉ་རྣམས། ། 14-1-273a མཆོད་བྱས་དགོས་འདོད་སྒྲུབ་པར་བྱེད། །ཕྱི་དང་ནང་གི་ཆོས་ཤེས་པའི་སྔགས་པས་རྣལ་འབྱོར་མའི་ཚོགས་རྣམས་མཆོད་ཅིང་མཉེས་པར་བྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཏུ་འགྱུར་རོ། །དཔལ་དུས་ཀྱི་འཁོར་ལོ་ལས་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་བསྡུས་ པ། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ།། །།༄༅༅། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ཨ་བ་ཏཱ་ར་ནཱ་མ། བོད་སྐད་དུ། དུས་ཀྱི་འཁོར་ལོ་ལ་ འཇུག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་རྗེ་གཉིས་མེད་བདེ་བ་མཐའ་མེད་པ། །སྣ་ཚོགས་རྣམ་པ་འཛིན་ལ་རྟོག་པ་མེད་པའི་གཟུགས། །གཟུགས་མེད་གཟུགས་ལ་སོགས་པའི་རང་བཞིན་ཅན་གྱི་སྐུ། །རྒྱལ་བ་སྐྱེ་བོ་ཀུན་གྱི་ གཉུག་མ་ལ་ཕྱག་འཚལ། །གང་ཞིག་ནམ་མཁའི་དཔལ་རྣམས་མ་ལུས་སྟེར་བྱེད་ཅིང་། །འབྱོར་པ་དང་ནི་རྒུད་པ་ཡང་ནི་སྟོན་མཛད་པ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ལྟར་གསལ་བྱེད་པའི། །གཟའ་སྐར་དེ་དག་ཐོག་མར་མུན་ལས་རྒྱལ་གྱུར་ཅིག །འདིར་གང་གི་ཕྱིར་སེར་སྣས་ ཉེ་བར་ཉམས་པའི་མུ་སྟེགས་པ་རྣམས་ཀྱི་རྩིས་ཀྱི་གྲུབ་པའི་མཐའ་སྦས་ཏེ་བྱེད་པ་ཉུང་ངུའི་སྤྲོས་པ་མང་པོ་བྱས་ཀྱང་མེ་ཤེས་པའི་ཕྱིར་ད་ནི་བསྟན་པར་བྱ་སྟེ། དང་པོར་གསུམ་དང་དྲུག་ཅུས་ལྷག་པའི་བཞི་བརྒྱ་ཕྲི་བར་བྱའོ། །དཀར་པོའི་ཚེས་གཅིག་ལ་སོགས་པའི་ནག་པའི་ཟླ་བ་ལ་སོགས་པ་ལོར་ གང་གི་གྱུར་པ་དེའི་ཚེ་དེ་རྣམས་དེ་ལ་བསྲེ་བར་བྱའོ། །དེ་ལ་གཉིས་དང་བརྒྱད་ཅུ་དང་བརྒྱ་ཕྲི་བ་ནི་དག་པའི་ལོའི་བརྟན་པར་འགྱུར་རོ། །དེ་ལ་ཉི་མས་བསྒྱུར་བས་ཟླ་བའི་ཚོགས་སོ། །དཀར་པོའི་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ནག་པ་ལ་སོགས་པའི་ཟླ་བར་གྱུར་པ་ དེ་ལ་བསྲེས་ཏེ། གནས་གཉིས་སུ་བཞག་ལ་འོག་ན་གནས་པ་བཞིས་བསྒྱུར་ནས་ནམ་མཁའ་མེ་དང་ཟླ་བས་བགོ་ཞིང་བགོས་པའི་ལྷག་མ་དབྱིའོ། །ཐོབ་པ་རྣམས་སྟེང་དུ་བཅུག་པར་གྱུར་པས་སྟེང་མ་དག་པའི་ཟླ་བའི་ཕུང་པོར་འགྱུར་རོ། །གང་གི་ཚེ་དབྱར་ཟླ་འབྲིང་པོ་གཉིས་བྱུང་བ་དེའི་ཚེ་ 14-1-273b ཟླ་བ་བཅུ་གསུམ་གྱིས་ལོར་བྱའོ། །ཟླ་བ་གཉིས་པོ་གཅིག་ཏུ་བགྲང་ཞིང་ནག་པའི་ཟླ་བར་ཡང་གཞུག་པར་མི་བྱའོ། །དེ་ནས་དག་པའི་ཟླ་བའི་ཕུང་པོ་དེ་གནས་གསུམ་དུ་བྱས་ཏེ། དབུས་མའི་ཕུང་པོ་ལག་པ་དང་རྩེ་མོ་ཅན་གྱིས་བསྒྱུར་བ་ལ་འོག་ན་གནས་པ་ལ་དྲུག་གིས་ཐོབ་པས་སྦྱང་བར་བྱའོ། ། གལ་ཏེ་བགོས་པའི་ལྷག་མ་ཡོད་ན་དེའི་ཚེ་ཡང་དྲུག་གི་ཐོབ་པའི་ཆས་སྦྱང་བར་བྱའོ། །འདིར་འོག་ན་གནས་པ་ལ་སུམ་ཅུས་བསྲེ་ཞིང་དྲུག་ཅུས་བགོས་པས་ཐོབ་པ་སྟེང་མར་གཉིས་བསྲེས་པར་གཞུག་གོ། །བགོས་པའི་ལྷག་མ་དབྱུ་གུའི་ཕུང་པོར་འགྱུར་རོ། །སྟེང་མ་བདུན་གྱིས་བགོས་པའི་ ལྷག་མ་གཟའི་ཕུང་པོར་འགྱུར་རོ། །ཐོབ་པ་ནི་ཅི་ཡང་མ་ཡིན་ནོ། །སླར་ཡང་ཟླ་བ་དག་པའི་ཕུང་པོར་གཉིས་དང་བཅུས་ལྷག་པའི་བརྒྱ་བསྲེས་ལ་གནས་གཉིས་སུ་བྱས་ཏེ། འོག་ན་གནས་པ་ལ་དུས་དང་། ཉི་མས་བགོས་པའི་ལྷག་མ་རིལ་པོའི་ཆ་ཤས་སུ་འགྱུར་རོ། །བགོས་པས་ཐོབ་ པ་ལ་ལྔ་བསྲེས་ལ་སྟེང་མ་གཉིས་ཀྱིས་བསྒྱུར་བར་སྦྱིན་ནོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་ལ་བགོས་པའི་ལྷག་མ་རྐང་པའི་རིལ་བོར་འགྱུར་རོ། །འདིར་གཟའི་ཕུང་པོ་དང་།དབྱུ་གུ་དང་། རྐང་པའི་རིལ་པོ་དང་། རིལ་པོའི་ཆ་ཤས་རྣམས་རིམ་པར་འོག་མ་འོག་མར་དབྲི་ བར་བྱའོ། །ཡང་དག་པའི་ཟླ་བ་གནས་གསུམ་གྱི་དབུས་མར་གནས་པ་དབང་ཕྱུག་གིས་བསྒྱུར་ཞིང་འོག་མ་ལ་སུམ་ཅུ་རྩ་དགུས་བགོས་པས་ཐོབ་པར་གཉིས་བསྲེས་པས་ཕྲི་བ་ལ། དབྱུ་གུ་དྲུག་ཅུས་བགོས་ཤིང་བགོས་པའི་ལྷག་མ་རྒྱུ་སྐར་གྱི་དབྱུ་གུར་ཤེས་པར་བྱའོ། །ཐོབ་པ་ནི་སྟེང་མ་ གཉིས་ཀྱིས་བསྒྱུར་བ་ལ་སྦྱིན་པར་བྱའོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མ་སྐར་མའི་ཕུང་པོར་ཤེས་པར་བྱའོ། །འདིར་རྒྱུ་སྐར་གྱི་ཕུང་པོའི་འོག་ཏུ་རྒྱུ་སྐར་གྱི་དབྱུ་གུའི་ཕུང་པོ་དབྲི་བར་བྱའོ། །གང་གི་ཚེ་ལོའི་ཕུང་པོར་ལོ་དང་། དག་པའི་ཟླ་བའི་ཕུང་པོར་ཡང་ཟླ་བ་མ་ བཅུག་ན། དེའི་ཚེ་ཟླ་བ་སོ་སོ་ལ་གཟའ་དང་། དབྱུ་གུ་དང་། རྐང་པའི་རིལ་པོ་དང་། རིལ་པོའི་ཆ་ཤས་རྣམས་སུ་གོ་རིམས་བཞིན་དུ་གཅིག་དང་སུམ་ཅུ་རྩ་གཉིས་དང་གཉིས་དང་གཅིག་རྣམས་སྦྱིན་ནོ། །རྒྱུ་སྐར་དང་དེའི་དབྱུ་གུར་གཉིས་དང་དྲག་པོ་དག་སྦྱིན་ནོ། །ལོ་ལ་ 14-1-274a སོགས་པ་བཅུག་ན་ནི་གཟའི་ཕུང་པོ་ལ་སོགས་པ་གཞན་ཁོ་ན་བྱའོ། །ཉི་མ་སོ་སོའི་གཟའི་ཕྱིར་དང་། ཚེས་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ད་ལྟར་བའི་ཟླ་བའི་དཀར་པོའི་ཚེས་གཅིག་ལ་སོགས་པ་འདས་པ་དང་། ད་ལྟར་བའི་ཚེས་རྣམས་གྲངས་ཇི་ལྟ་བར་བསྣན་པ་དང་དབྲི་བ་ དང་། སླར་ཡང་བསྣན་པ་ནི་གཟའ་དང་དབྱུ་གུ་དང་རྐང་པ་རྣམས་སུའོ། །རིལ་པོ་ལ་བཅུ་བཞིས་བགོས་པས་ཐོབ་པ་གཉིས་སམ་བཞི་འམ་མ་ཐོབ་ཀྱང་མཉམ་པའི་ཕུང་པོར་ཤེས་པར་བྱའོ། །གཅིག་གམ་གསུམ་ཐོབ་པ་ནི་མི་མཉམ་པའོ། །འདི་ལས་ལྷག་པ་མི་ཐོབ་སྟེ། གང་གི་ཚེ་ ཉི་ཤུ་རྩ་བདུན་པས་ལྷག་པའི་རིལ་པོ་མི་འགྱུར་ཞིང་། །དེ་ཡང་ཚེས་སུམ་ཅུ་དང་བཅས་ན་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་རོ། །མཉམ་ན་ཟླ་བའི་རྐང་པ་རྣམས་སྦྱིན་པར་བྱ་ཞིང་མི་མཉམ་ན་དབྲི་བར་བྱའོ། །བགོས་པའི་ལྷག་མ་ནི། སྟོང་པར་སྟོང་པ་རྣམ་དག་བཅུ་གསུམ་རི་ བོང་ཅན་ལ་རྐང་པ་ལྔ་སྟེ་མིག་དང་ཉི་མར་ཕྱོགས། །བཅུ་གཅིག་མེ་ལ་ཚེས་ཞེས་བྱ་བ་བཅུ་དང་ཆུ་གཏེར་རྐང་པ་ཉི་ཤུར་གཅིག་གིས་མ་ཚང་བ། ལྔ་དང་བུ་གར་ཉི་ཤུ་གཉིས་ཏེ་དུས་དང་ནོར་ལ་རྒྱལ་བ་བདུན་པར་ཉི་ཤུ་རྩ་ལྔའོ། །དེར་ནི་ཉི་མའི་རབ་ཏུ་དབྱེ་བས་ཉིན་བྱེད་བསྣན་དང་འབྲི་བ་བྱས་ པས་རབ་ཏུ་གསལ་བར་འགྱུར། རྣམ་དག་ཅེས་པ་ནི་ཅུང་ཟད་སྦྱིན་པའམ་དབྲི་བ་མེད་པའོ། །དེར་ནི་ཞེས་བྱ་བ་དབྱུ་གུའི་ཕུང་པོར་རོ། །ཉི་མའི་རབ་ཏུ་དབྱེ་བས་ནི་ཉི་མའི་རྐང་པར་གྱུར་པ་རྣམས་ཏེ། ཉི་མའི་བུ་ལོན་ནི་དེའི་ཡང་བུ་ལོན་ནོ། །ཉི་མའི་ནོར་ནི་དེའི་ཡང་ནོར་རོ་ཞེས་བྱ་བ་ནི་ ཉི་མའི་རབ་ཏུ་དབྱེ་བའོ། །འདི་སྐད་གསུངས་པ་ཡིན་ཏེ། འཆད་པར་འགྱུར་བའི་ཚུལ་གྱིས་འབྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་བསྲེས་པའམ། དོར་བའི་ཉི་མ་རྒྱུ་བའི་རྐང་པ་རྣམས་བསྡམས་པ་ཇི་ལྟར་ཡོད་པར་གྱུར་པ་དེ་སྙེད་ནི་ར་པི་ཀ་ཞེས་བྱའོ། །གལ་ཏེ་ཉི་མའི་ལོངས་སྤྱོད་དུ་ སྣོན་པ་ནི་དེའི་ཚེ་གཟའི་ཆུ་ཚོད་ལ་ཡང་བསྣན་ནོ། །ཡང་ན་ཉི་མའི་ལོངས་སྤྱོད་ལ་འབྲིད་ན་ཡང་དབྲི་བར་བྱའོ། །ཟླ་བའི་རྐང་པ་རྣམས་ཀྱང་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་རྣམས་མདུན་གྱི་ཆ་དང་རྒྱབ་ཏུ་ཡང་། །མདུན་གྱི་ཆར་ནི་སྟེང་ནས་གོ་རིམས་ཀྱིས་ཏེ། 14-1-274b དབུས་སུ་ཐད་ཀར་རེ་ཁཱ་གཞག་པའི་རྒྱབ་ཏུ་འོང་ནས་རི་བོང་ཅན་ལ་སོགས་པ་གོ་རིམས་བཟློག་ནས་བཅུ་བཞི་པོ་རྣམས་བྲི་བར་བྱའོ་ཞེས་པ་སྟེ། འདིར་གཟའ་ཐམས་ཅད་ཀྱི་རྐང་པ་དགོད་པའོ། །གཟའ་ཐམས་ཅད་ཀྱི་རྐང་པ་རྣམས་ནི་དབྱུ་གུའི་བདག་ཉིད་ཁོ་ནའོ། །འདིར་བཅུ་བཞིས་བགོས་ པའི་ལྷག་མས་མཚོན་པ་ནི་རྒྱུ་བའི་རྐང་པའོ། །དེའི་སྟེང་མར་རྒྱུ་ཞིང་ཡོད་པ་སྟེ་དེར་གཟའ་ཞུགས་པའོ། །དེས་རིལ་པོའི་ཆ་ཤས་བསྒྱུར་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པས་ཐོབ་པ་དང་། ལྷག་མ་དྲུག་ཅུ་ལ་སོགས་པས་བསྒྱུར་ནས་བགོས་པས་ཐོབ་པའི་ཆུ་སྲང་ལ་སོགས་པ་བདུན་གྱི་ ཕྱེད་ལ་ནི་ལོངས་སྤྱོད་པའི་རྐང་པ་དང་། རྒྱབ་མའི་ཕྱེད་དུ་དེ་དོར་ནས་ལོངས་སྤྱོད་པའི་རྐང་པ་ཉི་གཟའི་དབྱུ་གུའི་གནས་སུ་སྦྱིན་པའམ་དབྲི་བར་བྱའོ། །དེ་ནས་གཟའི་གནས་སུ་གཅིག་ལ་སོགས་པས་ཉི་མ་གཟའ་རྟོགས་པར་བྱའོ། །ཚེས་སུ་ནི་དབྱུ་གུ་ལ་སོགས་པ་རྣམས་ཉི་མ་ཤར་བ་ ནས་བརྩམས་ནས། ལོངས་སྤྱོད་པར་བྱ་བ་ཡིན་ནོ། །ཉིན་ཞག་སོ་སོ་ལ་ཉི་མས་སྐར་མ་ལ་ལོངས་སྤྱོད་པའི་དོན་དུ་དཀར་པོ་ལ་སོགས་པར་སྨོས་པའི་ཚེས་གནས་གཉིས་སུ་བྱས་ཏེ། གཅིག་ལ་དབྱུ་གུ་བཞིས་བསྒྱུར་ཅིང་། གཞན་ལ་ཡང་བྱེད་པའི་རིམ་པས་ཉི་ཤུའམ་ཉི་ཤུ་རྩ་གཉིས་ཀྱི་ཆུ་སྲང་ གིས་སམ། གྲུབ་པའི་མཐའི་རིམ་པས་ནི་ཆུ་སྲང་ཉི་ཤུ་རྩ་དྲུག་གིས་བསྒྱུར་ལ། དྲུག་ཅུས་བགོས་ཏེ་ཐོབ་པ་ནི་སྟེང་དུ་གཞུག་གོ། །སྟེང་གི་དབྱུ་གུ་ཡང་དྲུག་ཅུས་བགོས་པས་ཐོབ་པ་ནི་རྒྱུ་སྐར་དུ་དང་། བགོས་པའི་ལྷག་མ་སྐར་མའི་དབྱུ་གུར་གཞུག་པར་བྱའོ། །ཆུ་སྲང་ཡང་རྒྱུ་སྐར་གྱི་དབྱུ་ གུའི་འོག་ཏུ་དབྲི་བར་བྱའོ། །རྒྱུ་སྐར་དང་དེའི་དབྱུ་གུའི་ཕུང་པོ་དང་ཆུ་སྲང་རྣམས་གནས་གཉིས་སུ་བྱས་ཏེ། གཅིག་ལ་ར་པི་ཀའི་དོན་དུ་རྐང་པ་གསུམ་དང་བཅས་པའི་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །ལུག་དང་དབྱུག་པ་ལ་སོགས་པ་སྦྱང་པ་ལས་གཞན་དེ་མ་ཐག་པ་སྐྱེས་པའི་ཁྱིམ་དུ་འགྱུར་རོ། །ལུག་ ཟུང་ཀརྐ་ཊ་ནི་ཟླ་བ་པ་བ་སངས་དང་ཉི་མ་སེང་གེ་བུ་མོ་སྲང་རྣམས་ནི། །མིག་དམར་ཕུར་བུ་སྒྲ་གཅན་སྡིག་པ་གཞུ་ཡི་ཐོག་མ་ཐ་མར་གཟའ་ལྷག་སྤེན་པ་མཇུག་རིངས་རྣམས། །ཞེས་ཀྱང་གསུངས་སོ། །ཐོག་མ་ཐ་མར་ཞེས་པ་ལ་གཞུའི་ཐོག་མའི་ཆ་ནི་སྤེན་པའོ། །ཐ་མ་ནི་མཇུག་རིངས་ཀྱིའོ་ 14-1-275a ཞེས་བྱའོ། །འདིར་གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་ལ། ལོངས་སྤྱོད་ཀྱི་ཕུང་པོ་ཉུང་བ་ན། དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ཉི་ཤུ་རྩ་བདུན་རྒྱུ་སྐར་གྱི་གནས་སུ་བཅུག་སྟེ་སྦྱང་བར་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་འཁོར་ལོ་ཕྱེད་བྱུང་ན་དེའི་ཚེ་འཁོར་ལོ་ཕྱེད་པ་དེ་དོར་བར་བྱ་སྟེ་དེ་ཉིད་ རིམ་པ་མིན་པར་ཤེས་པར་བྱའོ། ། འཁོར་ལོ་ཕྱེད་མ་དོར་ན་ནི་རིམ་པ་ཁོ་ནའོ། །རྒྱུ་སྐར་ལ་དྲུག་ཅུས་བསྒྱུར་ནས། འོག་གི་དབྱུ་གུ་དང་ལྡན་པ་ལ་འབྱུང་བ་མེ་ཟླ་བས་བགོས་པས་ཐོབ་པ་ནི་ཁྱིམ་རྒྱུ་བ་ཤེས་པར་བྱེད་པ་སྟེ། ཁྱིམ་རྒྱུ་བ་ཤེས་ནས་དབྱི་བར་བྱའོ། །རོ་དང་ཟུང་དང་ཟླ་བ་རྣམས་ ངལ་པའི་ལས་ལ་ཁྱིམ་དྲུག་གི་རྐང་པ་སྟེ། ཀརྐ་ཊ་ལ་སོགས་པ་སྐྱེས་པ་ལ་སོགས་པའི་ཁྱིམ་དྲུག་ཏུ་འགྱུར་རོ། །རྐང་པ་འདི་ལྟ་བུ་ནི་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལའོ། །འབྱུང་བ་ལ་སོགས་པས་མ་ཐོབ་ན་ཡང་རྒྱུ་བའི་རྐང་པ་དང་པོ་ལ་གཟའ་གནས་སོ་ཞེས་ཀུན་ལ་ཤེས་པར་ བྱའོ། །དེའི་ཚེ་དེས་བགོས་པའི་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་ལྟར་བྱའོ། །དེ་ལ་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལ་རིམ་པས་ནི་བུ་ལོན་ལ་རིམ་པ་མིན་པས་ནོར་དུ་ཤེས་པར་བྱའོ། །དེ་ནས་ལོངས་སྤྱོད་པའི་རྐང་པ་ལས་གཉིས་པ་ལོངས་སྤྱོད པར་བྱ་བས་ལོངས་སྤྱོད་དོ། །དེས་བགོས་པའི་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་འབྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་ལོངས་སྤྱོད་ཀྱི་ཆ་དང་ལྷན་ཅིག་ཏུ་སྔོན་མ་ཕྱེད་ལ། ཁྱིམ་གྱི་དབང་ལས་གཟའི་ལོངས་སྤྱོད་པའི་རྐང་པ་རྣམས་བསྡོམས་པ་དང་། ཕྱི་མ་ཕྱེད་ལ་བགོས་པས་ཐོབ་པའི་ ལོངས་སྤྱོད་ཀྱི་ཆ་དོར་ནས་ལོངས་སྤྱོད་ཀྱི་ཆ་གཞན་དང་ལྷན་ཅིག་ལོངས་མ་སྤྱད་པའི་རྒྱུ་བའི་རྐང་པ་བསྡོམས་པ་རྣམས། ནོར་དང་བུ་ལོན་གྱི་དབང་ལས་གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་བསན་པའམ་དབྲིའོ། །འདི་ཉིད་ནི་ཉི་མའི་དག་པའི་ར་བི་ཀའོ། །ཉི་མའི་སྐར་མའི་གནས་སུ་སྐར་མ་ ལ་སོགས་པ་རྣམས་ནི་ལོངས་སྤྱོད་པའོ། །ལྷག་མ་ནི་ལོངས་སྤྱོད་བྱའོ། །འཆད་པར་འགྱུར་བའི་ཟླ་བ་ལ་ཡང་དེ་ལྟར་སྤྱོར་བ་ཡང་ངོ་།། །།ད་ནི་ཉི་མའི་མ་དག་པའི་ར་པི་ཀ་བརྗོད་པར་བྱ་སྟེ། ཉི་མར་དུས་དང་རོ་དང་ཀླུ་དང་བཅུ་དང་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག །མེ་དང་ནམ་ 14-1-275b མཁའ་བྱང་དང་ལྷོ་རུ་བགྲོད་པའི་མཐར་གྱུར་པ་ན་ནོར་དང་བུ་ལོན་དག་བྱའོ། །ཟླ་བ་དྲུག་ལ་ཕྱོགས་ཀྱི་དབྱེ་བས་ཉིན་མོར་བྱེད་པ་རྒྱུ་བའི་ཟླ་བ་འཕོ་བའི་དབྱེ་བས་སོ། །ཞེས་པས། འདིར་ཀརྐ་ཊ་ལ་སོགས་པ་ནས་དབྲི་སྟེ་ཕྱོགས་དང་པོ་ལ་དུས་སོ། །ཀརྐ་ཊའི་ཕྱོགས་གཉིས་པ་ལ་རོའོ། །དེ་བཞིན་ དུ་གཞུ་ལ་མེ་དང་ནམ་མཁའ་བགྲོད་པའི་མཐར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པ་ལ་སྦྱིན་ནོ་ཞེས་བྱའོ། །ཟླ་བས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉི་མའི་ལོངས་སྤྱོད་ཀྱི་རྒྱུ་སྐར་གྱི་གནས་སུ་དཀར་པོ་ལ་སོགས་པར་སྨོས་པའི་ཚེས་རྣམས་སྦྱིན་ནོ། །དེའི་རྗེས་ལ་ཚེས་དེ་དག་གནས་གཞན་དུ་རོ་ཡིས་བསྒྱུར་ལ། གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་སོགས་པས་བསྲེས་ཏེ། ཉི་མའི་ལོངས་སྤྱོད་ཀྱི་དབྱུ་གུའི་གནས་སུ་བུ་ལོན་ཞེས་བྱ་བ་སྟེ་ཕྲི་བ་འདི་ལས་ཟླ་བའི་ལོངས་སྤྱོད་དུ་འགྱུར་རོ། །ཉི་མའི་ལོངས་སྤྱོད་དང་ཟླ་བའི་ལོངས་སྤྱོད་བསྲེས་པས་སྦྱོར་བར་འགྱུར་རོ།། །།དཀར་པོ་ལ་སོགས་པར་སྨོས་པའི་ཚེས་རྣམས་ གཉིས་ཀྱིས་བསྒྱུར་ལ་གཅིག་དོར་ཏེ་སྲིད་ནི་བདུན་གྱིས་བགོས་པའི་ལྷག་མ་བྱེད་པར་གྱུར་ཏོ། །བྱེད་པའི་ལོངས་སྤྱོད་ནི་ཚེས་ཀྱི་ལོངས་སྤྱོད་ཉིད་དོ། འདིར་ཐུན་མོང་གི་ཚུལ་ནི། དབུགས་ཀྱི་གནས་སུ་དྲུག་ལས་ལྷག་པའི་དབུགས་མི་གནས་སོ། །དུས་ཀྱིས་བགོས་པས་ཐོབ་པ་ནི་ཆུ་སྲང་དུ་ གཞུག་གོ། །དེ་ཡང་དྲུག་ཅུ་ལས་ལྷག་པ་མི་གནས་སོ། །དྲུག་ཅུས་བགོས་པས་ཐོབ་པ་ནི་དབྱུ་གུར་གཞུག་གོ། །དབྱུ་གུ་ཡང་དེ་བཞིན་དུ་གཟའ་མ་སྐར་མར་གཞུག་གོ། །གཟའ་ཡང་བདུན་དུ་གྱུར་པ་ན་རྣམ་པར་འཇིག་གོ། །སྐར་མ་ཡང་ཉི་ཤུ་རྩ་བདུན་དུ་གྱུར་པ་ན་མི་གནས་སོ། །སྦྱོར་ བ་ཡང་དེ་བཞིན་ནོ། །དེ་ལྟར་རྒྱུ་སྐར་དང་། གཟའ་དང་། སྦྱོར་བ་དང་། ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུའོ། །དེ་ལ་གཟའ་ནི་ཉི་མ་ལ་སོགས་པ་བདུན་ནོ། །ཚེས་ནི་གཅིག་ལ་སོགས་པ་བཅོ་ལྔའོ། །སྐར་མ་ནི་ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་ དང་། ནབ་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་དྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་ 14-1-276a སྨད་དང་། ནམ་གྲུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་སྦྱོར་བ་ནི་རྣམ་པར་སེལ་བ་དང་། མཛའ་བ་དང་། ཚེ་དང་ལྡན་པ་དང་། སྐལ་བ་བཟང་པོ་དང་། མཛེས་པ་དང་། ཤིན་ཏུ་སྐྲང་བ་དང་། ལས་བཟང་དང་། འཛིན་པ་དང་། ཟུག་རྔུ་དང་། འབྲས་དང་། འཕེལ་ བ་དང་། བརྟན་པ་དང་། རྣམ་པར་འཇོམས་པ་དང་། ཡིད་དགའ་བ་དང་། རྡོ་རྗེ་དང་། དངོས་གྲུབ་དང་། རྒུད་པ་དང་། ཆུ་སྦྱིན་དང་། ཡོངས་སུ་སྣུན་པ་དང་། ཞི་བ་དང་། གྲུབ་པ་དང་། བསྒྲུབ་བྱ་དང་། དགེ་བ་དང་། དཀར་པོ་དང་། ཚངས་པ་དང་། དབང་པོ་དང་། རྣམ་པར་འཛིན་ པ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །བྱེད་པ་རྣམས་ནི་བ་བཾ་དང་། བ་ལ་བཾ་དང་། ཀཽ་ལ་བཾ་དང་། ཏཻ་ཏི་ལཾ་དང་། ག་ར་ཛཾ་དང་། པ་ཎི་ཛཾ་དང་། བིཥྚི་ཞེས་བྱ་བ་སྟེ་བདུན་ནོ། །དེ་བཞིན་དུ་ཤ་ཀུ་ནི་དང་། ཙ་ཏུཥྦ་དོ་དང་། ནཱ་ག་དང་། ཀི་སྟུ་གྷཱ་ཎ་ཞེས་བྱ་བ་དང་བཅུ་གཅིག་གོ། །དེ་ལ་དཀར་ པོའི་ཚེས་གཅིག་གི་ཕྱི་མ་ཕྱེད་ནས་བརྩམས་ནས། རེ་རེ་ཞིང་ཐུན་བཞི་ལ་ལོངས་སྤྱོད་ཅིང་གྲངས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ཡང་དང་ཡང་དུ་འཁོར་བས་ནག་པོའི་བཅུ་བཞིའི་སྔོན་མ་ཕྱེད་ཀྱི་བར་དུ་བདུན་པོ་རྣམས་ལོངས་སྤྱོད་དོ། །དེའི་ཕྱི་མ་ཕྱེད་ནས་བརྩམས་ནས་དཀར་པོའི་ཚེས་ གཅིག་གི་སྔོན་མ་ཕྱེད་ཀྱི་བར་ནི་གཞན་བཞི་པོ་རྣམས་ཀྱིའོ། །ཚེས་ཀྱི་ལོངས་སྤྱོད་ལ་མཉམ་པར་ཆ་གཉིས་སུ་བྱས་ཏེ། སྔ་མ་ཕྱེད་དང་། ཕྱི་མ་ཕྱེད་དུ་རྣམ་པར་གཞག་པར་ཤེས་པར་བྱའོ། །གཟའ་དང་། ཚེས་དང་། སྐར་མ་དང་། སྦྱོར་བ་དང་། བྱེད་པ་སྟེ་ཡན་ལག་ལྔའི་རིམ་པའོ། ། དབྱུ་གུ་དང་། བྲ་ཉེ་དང་། སྨིན་དྲུག་གི་རྐང་པ་གཅིག་གིས་ལུག་གོ། །དེ་བཞིན་དུ་སོ་སོར་རྐང་པ་དགུའི་བཅུ་གཉིས་པོ་རྣམས་ཏེ། ལུག་དང་། ཁྱུ་མཆོག་དང་། འཁྲིག་པ་དང་། ཀརྐ་ཊ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་ པ་དང་། ཉའི་ཁྱིམ་རྣམས་ས་ག་ལ་སོགས་པར་ཤེས་པར་བྱའོ། །མིག་དམར་པ་སངས་གཟའ་ལྷག་ཟླ་བ་ཉི་མ་དང་། །གཟའ་ལྷག་པ་བ་སངས་དང་མིག་དམར་ཕུར་བུ་དང་། །སྤེན་པ་སྤེན་པ་ཕུར་བུ་རྣམས་ནི་རིམ་པ་ཡིས། །ཁྱིམ་འདི་རྣམས་སུ་ཞིང་ཅན་དུ་ནི་ཡང་དག་འདོད། ། 14-1-276b ཀླ་ཀློ་དབང་བའི་ལོ་དག་པའི་ལོ་ལ་བརྒྱད་བསྲེས་པ་བཞི་བརྒྱས་བསྒྱུར་བ་ལ་སྔར་དག་པའི་ལོ་ལ་བརྒྱད་བསྲེས་པས་ཕྲི་བ་ལ། བཅུ་བདུན་ལྷག་པའི་སུམ་བརྒྱས་བགོས་པས་ཐོབ་པར་གཉིས་བསྲེས་པ་ནི་གཟར་འགྱུར་རོ། །བགོས་པའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ། དབྱུ་གུར་བྱས་པ་བཅུ་ བདུན་ལ་སོགས་པས་བགོས་པས་ཐོབ་པ་བཟུང་ལ། བགོས་པས་ཐོབ་པའི་ལྷག་མ་དབྱེ་བར་བྱའོ། །ཐོབ་པའི་དབྱུ་གུ་ལ་སུམ་ཅུ་བསྲེས་ལ་དྲུག་ཅུས་བགོས་པས་ཐོབ་པ་གཉིས་བསྲེས་པའི་གཟར་གཞུག་གོ། །བགོས་པའི་ལྷག་མ་གཟའི་དབྱུ་གུའི་བསྟན་པ་སྟེ་འོག་ཏུའོ། །གཟའ་ལ་ ཡང་བདུན་གྱིས་བགོས་པའི་ལྷག་མ་ལོ་མ་འཕོས་ཀྱི་བར་སྟེང་དུ་གཟའི་དྷྲུ་བ་ཀར་འགྱུར་རོ། །འདིར་གང་གི་ཚེ་ཉི་མ་ཉ་སྤངས་ནས་ལུག་ཏུ་འགྲོ་བ་དེའི་ཚེ་གཞུག་པའི་གཞུག་བྱ་བཅུ་གཉིས་ལུག་ལ་སོགས་པར་རིམ་པ་བཞིན། ཟླ་བ་རི་དང་འབྱུང་བ་རིག་བྱེད་ཡོན་ཏན་མདའ་དང་རི་བོང་ཅན་ རི་ཟླ་བ་གསུམ་པ་ལའོ། །རིག་བྱེད་མེ་དང་འབྱུང་བ་ཟླ་བ་མིག་དང་ལག་པ་ཟུང་དང་རིག་བྱེད་མིག་ནི་དྲུག་པ་ལའོ། །དྲུག་དང་ཟླ་བ་མདའ་དང་ཟླ་བ་རི་ཟུང་མེ་དྲུག་ཟླ་བ་རིག་བྱེད་རི་དང་འཇིག་རྟེན་ནོ། །དྲུག་དང་རིག་བྱེད་སྟོང་དང་སྟོང་པ་མིག་དང་མདའ་ཡི་རྐང་པ་རྣམས་ནི་ཉ་ཡི་ཁྱིམ་དུ་ ཉི་མའོ། །ཞེས་པ་འདི་རྣམས་ཀྱི་དགོས་པ་ནི། རེའུ་མིག་བཅུ་གཉིས་པོ་འདི་རྣམས་ཏེ། སོ་སོར་ཐོག་མར་གཟའ་ངེས་པར་སྦྱིན་ནོ། །གཉིས་པ་ལྔ་བཅུ་རྩ་བདུན་ལ་སོགས་པ་དབྱུ་གུའི་བརྟན་པར་འགྱུར་རོ་ཞེས་པ་བྱེད་པའི་འཕོ་བ་སྟེ། གཟའ་དང་དེའི་ལོངས་སྤྱོད་དུ་ཤེས་པར་བྱའོ། །ད་ནི་ མིག་དམར་ལ་སོགས་པ་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་གྲངས་བརྗོད་དེ། དག་པའི་ཟླ་བ་རྣམས་ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་ཅུས་བསྒྱུར་ལ། དཀར་པོ་ལ་སོགས་པར་སྨོས་པའི་ཚེས་དང་བཅས་པ་གནས་གསུམ་དུ་བྱས་ལ། འོག་གི་ཕུང་པོ་རི་དང་ནམ་མཁའ་རི་ཡིས་ བགོས་པས་ཐོབ་པ་དབུས་མར་སྦྱིན་ནོ། །དེ་ནས་དབུས་མ་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པས་ཕྲི་བའི་སྟེང་མའི་ཕུང་པོ་མི་གསལ་པའི་ཉིན་ཞག་གི་ཚོགས་ཡིན་ནོ། །དེ་གནས་གཉིས་བཞག་ལ། གཅིག་ལ་གཟའ་བདུན་གྱིས་བགོས་པས། གལ་ཏེ་དེ་ཉིན་ཞག་གི་གཟར་མ་གྱུར་ན། 14-1-277a དེ་ནས་གཅིག་ལ་སོགས་པ་ཇི་ལྟར་གཟར་འགྱུར་བའི་ཐོག་མའི་ཕུང་པོར་སྦྱིན་པའམ་དབྲི་བས་དེ་ནས་གསལ་བའི་ཉི་མའི་ཚོགས་སུ་འགྱུར་རོ། །མིག་དམར་དག་པར་བྱ་བའི་དོན་དུ། གསལ་བའི་ཉིན་ཞག་གི་ཚོགས་ལ་བདུན་དང་དྲུག་ཅུས་ལྷག་པའི་བརྒྱ་བསྲེས་ནས། མིག་དམར་གྱི་ཉིན་ཞག་གི་འཁོར་ལོ་དེ་དང་ཀླུ་དང་དུས་ཀྱིས་བགོས་པས་ཐོབ་པ་ནི་ཁྱིམ་བསྐོར་པ་སྟེ་ཕྱི་མར་བྱའོ། །འདི་ལྟར་གཞན་རྣམས་ལ་ཡང་ངོ་། །ལྷག་མ་རྒྱུ་སྐར་གྱིས་བསྒྱུར་ལ། །རང་གི་ཉིན་ཞག་གིས་འཁོར་ལོས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་ཏེ་སྟེང་དུའོ། །དེའི་ ལྷག་མ་དྲུག་ཅུས་བསྒྱུར་ལ་རང་གི་ཉིན་ཞག་གི་འཁོར་ལོས་བགོས་པས་ཐོབ་པ་ནི་དབྱུ་གུ་སྟེ་འོག་ཏུའོ། །སྔར་བཞིན་དུ་ཆུ་སྲང་ལ་སོགས་པའོ། །སྐར་མ་ལ་སོགས་པ་འདི་དག་གནས་གཉིས་སུ་བཞག་ལ། གཅིག་ལ་སྐར་མ་ཕྱེད་དང་བཅས་པའི་དགུ་སྦྱང་བར་བྱའོ། །དེ་ནས་ཉིན་ པར་ལུག་དང་དབྱུག་པ་ཞེས་བྱ་བ་ལ་སོགས་པ་གསུམ་པ་རྣམས་ཤེས་པར་བྱའོ། །བྱེ་བྲག་ཏུ་འདིར་དེ་ཁོ་ན་ཉིད་རི་དང་། བཅོ་བརྒྱད་དང་རི་རྣམས་བུལ་བའི་ལས་ཀྱི་རྐང་པའོ། །སྐར་མ་ལ་སོགས་པ་གཞན་ལའམ་འབྲི་བའོ་ཞེས་པ་མིག་དམར་གྱིས་བུལ་བའི་ལས་དག་པའོ། །མྱུར་ བའི་ལས་ལ་ཡང་མིག་དམར་དང་། ཕུར་བུ་དང་། སྤེན་པ་རྣམས་བུལ་བའི་ལས་ཡོངས་སུ་དག་པའི་ལོངས་སྤྱོད་གནས་གཉིས་སུ་བྱས་ཏེ། གཅིག་གིས་ཉིན་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་ཚེས་བསྲེས་པ་དག་པར་མ་བྱས་ཏེ་རྐང་པ་གསུམ་དང་བཅས་པའི་སྐར་མ་དྲུག་དོར་བ་ལ་ སོགས་པའི་ཆོས་མ་བྱས་པ་ལ་སྦྱང་བར་བྱའོ། །དེ་ནས་ཉེ་བར་བརྗོད་པའི་གལ་ཏེ་བུ་ལོན་ཞེས་པ་ལ་སོགས་པ་ནས་རིམ་པ་ཁོ་ནའོ་ཞེས་པའི་བར་དུ་ཤེས་པར་བྱའོ། །འདིར་མྱུར་བའི་བྱ་བ་ལ་རིམ་པས་ནི་ནོར་ཏེ་བསྣན་ཅིང་། རིམ་པ་མིན་པས་ནི་བུ་ལོན་ཏེ་དབྲི་བར་བྱའོ། །སྦྱངས་ ཤིང་ཇི་ཙམ་ཡོད་པ་དོར་བའི་ལྷག་མས་གཟའི་རྐང་པ་རྟོགས་པར་བྱེད་པ་སྟེ་རྐང་པ་རྙེད་པ་ཤེས་ནས་ཕྱི་བར་བྱའོ། །རྐང་པ་དེ་ཉིད་ཀྱིས་དབྱུ་གུ་ལྷག་མས་བསྒྱུར་ལ། དྲུག་ཅུས་བགོས་པས་ཐོབ་པ་དང་། རྐང་པ་དེའི་ཆ་དང་ལྷན་ཅིག་སྔོན་མ་ཕྱེད་དུ་ཁྱིམ་རྒྱུ་བའི་དབང་གིས་གཟའ་ 14-1-277b ཡིས་ལོངས་སྤྱོད་པའི་དབང་གིས་རྐང་པ་རྣམས་བསྡམས་པ་དང་ཕྱི་མ་ཕྱེད་དུ་ནི་བགོས་པས་ཐོབ་པ་དང་། རྐང་པ་དེའི་ཆ་དོར་ཏེ་རྐང་པ་གཞན་མ་དེའི་ཆ་དང་ལྷན་ཅིག་ལོངས་མ་སྤྱད་པ་རྣམས། གཞན་བུལ་བའི་ལས་ཀྱིས་དག་པའི་གཟའི་ལོངས་སྤྱོད་ལ་བསྣན་པའམ་དབྲི་བར་བྱའོ། །འདིར་ རྐང་པ་ནི་བཅུ་བཞི་སྟེ། རྒྱལ་བ་མེ་མིག་རྣམ་གསུམ་ཟླ་བ་ལག་པ་གཉིས། །བཅོ་བརྒྱད་ཚེས་དང་དྲག་པོ་མེ་དང་རྩ་བ་ནས། །བཅུ་གཅིག་བརྒྱད་དང་མེའོ་ནམ་མཁའ་ཀླུང་དང་ནི། །དེ་རྗེས་ལྔ་བཅུ་གསུམ་པོ་འདི་རྣམས་མིག་དམར་གྱིའོ། །རྩ་བ་ཞེས་པ་ནི། དབུས་ནས་ཐད་ཀར་རེ་ཀའོ། ། ཕྱོགས་ཕྱོགས་བུག་པ་ནོར་དྲུག་དྲུག །གཉིས་གཅིག་རྩ་བ་ཡོན་ཏན་རོ། །བུག་པ་དྲག་པོ་རྒྱལ་པོ་རི། །ཕུར་བུའི་མྱུར་ལས་རྐང་པ་ཡིན། །དུས་མདའ་མདའ་དང་རིག་བྱེད་མིག་དང་། མིག་དང་མཁའ་དང་། རྩ་ནས་གཉིས་ཟུང་ཟླ་རོ་བརྒྱད་གསུམ་ནི་སྤེན་པའི་རྐང་པའོ། ། ཚིགས་སུ་བཅད་པ་ཕྱེད་པའོ། །དེ་བཞིན་དུ་བུལ་བའི་ཉི་མ་གནས་གཉིས་སུ་གཞག་པ་གཅིག་གིས་གཟའ་ལྷག་གི་རྒྱུ་བའམ། པ་བ་སངས་ཀྱི་རྒྱུ་བ་ལ་སྦྱང་བར་བྱའོ། །དེ་ནས་སྦྱངས་ཏེ་ཞེས་པ་ལ་སོགས་པ་ནས། ལོངས་མ་སྤྱད་པ་རྣམས་ཤེས་པའི་མཐར་ཐུག་ལ། དེ་མ་ཐག་ ཏུ་མིག་དམར་དུ་གསུངས་པ་རྣམས་བྱས་ལ། གཞན་བུལ་བའི་ཉི་མར་བསྣན་པའམ་དབྲི་བར་བྱའོ། །དེ་ལྟར་དེ་ཉིད་གཟའ་ལྷག་གི་ལོངས་སྤྱོད་དང་། པ་བ་སངས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །རྒྱལ་པོ་རྒྱལ་པོ་དེ་ནས་ཚེས། །མི་དང་ཡན་ལག་ཞི་བ་རི། །ལྔ་མཁའ་རྩ་བ་ནས་ནི་ མཚོ། །དབང་ཕྱུག་ཉི་ཤུ་ཉི་ཤུ་བརྒྱད། །སུམ་ཅུ་རྩ་བཞི་གཟའ་ལྷག་གི། །གསུམ་དུ་དེ་ཉིད་གཉིས་རྒྱལ་བ། །གཉིས་སུ་གཉིས་མིག་སྐྱོན་ཚེས་བརྒྱད། །རྩ་བ་ནས་དྲུག་མཁའ་མེ་དང་། །བུག་པ་བུག་པ་ཡོན་ཏན་རི། པ་སངས་མྱུར་རྒྱུའི་རྐང་པའོ། །ཞེས་པ་ནི་བུལ་བ་ལ་སོགས་ པའི་མྱུར་བའི་ལས་དག་པའོ། །བུལ་བའི་ལས་ལ་གཟའ་ལྷག་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་རྣམས་བརྒྱ་ཡིས་བསྒྱུར་ནས། མེ་དང་ཉི་མ་རི་ཡིས་ཕྲི་བ་ལས་གཟའ་ལྷག་གི་ཉི་མའི་འཁོར་ལོ་རི་དང་བུག་པ་རི་དང་ཀླུ་ཡིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནས། 14-1-278a ཆུ་སྲང་ལ་སོགས་པའོ་ཞེས་པའི་བར་དུ་མིག་དམར་བཞིན་དུ་བྱའོ། །རྒྱུ་སྐར་ལ་སོགས་པ་འདི་དག་ནི་མྱུར་བའི་ལས་ཀྱི་དོན་དུ་རྒྱུ་བ་ཞེས་བརྗོད་དོ། །དེའི་ཕྱིར་དེའི་དོན་དུ་གནས་གཞན་དུ་བཞག་གོ། །ཉི་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་གནས་གཉིས་སུ་བྱས་ཏེ་ཉི་མའི་ ལོངས་སྤྱོད་གཅིག་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་དྲུག་སྦྱང་བར་བྱའོ། །དེ་ནས་ཉི་མར་བརྗོད་པའི་ལུག་ཅེས་པ་ལ་སོགས་པ་ནས་ནོར་དང་བུ་ལོན་གྱི་དབང་ལས་ཤེས་པའི་མཐར་ཐུག་པ་བྱས་ཏེ། ཉི་མའི་ལོངས་སྤྱོད་གཞན་ལ་བསྣན་པའམ་དབྲི་བར་བྱའོ་ཞེས་པ་ནི་གཟའ་ལྷག་ གི་བུལ་བའི་ལས་དག་པའོ། །འདི་ནི་གཞན་དུ་ཉི་མའི་ལོངས་སྤྱོད་བུལ་བའི་ལས་དག་པ་གཟའ་ལྷག་གི་བདག་ཉིད་དུ་གྱུར་པ་སྟེ། མྱུར་བའི་ལས་ཀྱི་དོན་དུ་ནི་བུལ་བའི་ཉི་མ་ཞེས་བརྗོད་དོ། །བཅུ་དང་རི་དང་རྩེ་མོ་ཅན་ནི་བུལ་བའི་ལས་ཀྱི་རྐང་པའོ། །ཕུར་བུ་དག་པའི་དོན་དུ་གསལ་བའི་ ཉི་མའི་ཚོགས་ལ། མཁའ་དང་ནམ་མཁའ་དང་རོ་དང་མིག་གིས་ཕྲི་བ་ལ་ཕུར་བུའི་ཉི་མའི་འཁོར་ལོ་སོ་དང་མེ་དང་རྒྱ་མཚོས་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་སའི་བུ་བཞིན་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། རྒྱུ་སྐར་བཅུ་གཉིས་སྦྱང་བ་དང་། འཕྲོག་བྱེད་དང་། དགུ་དང་ རྩེ་མོ་ཅན་ནི་རྐང་པའོ། །པ་བ་སངས་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ་བཅུ་ཡིས་བསྒྱུར་ནས་བརྒྱད་ཅུ་རྩ་བཞིས་ཕྲི་བ་ལ། པ་བ་སངས་ཀྱི་ཉིན་ཞག་གི་འཁོར་ལོ་རི་དང་རྒྱལ་བ་མིག་གིས་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་ཐམས་ཅད་གཟའ་ལྷག་བཞིན་དུ་བྱའོ། ། ཁྱད་པར་ནི་འདི་ཡིན་ཏེ། རྒྱུ་སྐར་དྲུགསྦྱང་བ་དང་། རྐང་པ་ནི་མདའ་དང་། ཟུང་དང་རི་བོང་ཅན་ནོ། །སྤེན་པ་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ་མཁའ་དང་མིག་དང་བརྒྱད་དང་རིག་བྱེད་ཀྱིས་ཕྲི་བ་ལ། ཉི་མའི་བུའི་ཉི་མའི་འཁོར་ལོ་དྲུག་དང་རོ་དང་རི་དང་ནམ་མཁའ་དང་ གཅིག་གིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་མིག་དམར་བཞིན་དུ་བྱའོ། །ཁྱད་པར་ནི་རྒྱུ་སྐར་བཅོ་བརྒྱད་སྦྱང་བ་དང་། །ཉི་ཤུ་རྩ་གཉིས་དང་ཚེས་དང་དུས་ཀྱི་རྐང་པ་རྣམས་ཞེས་བྱ་བ་ནི་གཟའ་ལྷག་ལ་སོགས་པའི་བུལ་བའི་ལས་ཡོངས་སུ་དག་པའོ། །འོན་ཀྱང་བུལ་ 14-1-278b བའི་ལས་དག་པའི་གཟའི་ལོངས་སྤྱོད་མྱུར་བའི་ལས་ཀྱིས་ཡོངས་སུ་དག་པས་ན། ལས་གཉིས་ཀྱིས་གཟའ་གཅིག་ཉིད་ཀྱིས་ལོངས་སྤྱོད་དག་པར་འགྱུར་གྱི་བུལ་བའི་ལས་དག་པ་གཟའི་ལོངས་སྤྱོད་ཐ་དད་པ་དང་མྱུར་བའི་ལས་ཡོངས་སུ་དག་པ་ཐ་དད་པ་ཡང་མ་ཡིན་ནོ་ཞེས་སྐར་ མའི་བསྟན་བཅོས་རིག་པ་རྣམས་ཀྱིའོ། །ལས་གཉིས་ཀྱིས་ལོངས་སྤྱོད་ཡོངས་སུ་དག་པ་ནི། མིག་དམར་དང་། གཟའ་ལྷག་དང་། བླ་མ་དང་། པ་བ་སངས་དང་། སྤེན་པ་རྣམས་ཁོ་ནའོ། །ཉི་མ་ནི་བུལ་བའི་ལས་ཁོ་ནས་སོ། །ཟླ་བ་ནི་མྱུར་བའི་ལས་ཁོ་ནས་སོ་ཞེས་སོ། །སྒྲ་གཅན་ གྱིས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ། དག་པའི་ཟླ་བར་མིག་དང་ཉི་མ་བསྲེས་ལ་ཟླ་བ་ཕྱེད་པའི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་བར། ཉ་ལ་ཟླ་བ་འཛིན་པའི་དོན་དུ་ཟླ་བ་ཕྱེད་པ་གཅིག་བསྲེ་ཞིང་། གནམ་སྟོང་ལ་ཉི་མ་འཛིན་པའི་དོན་དུ་ཟླ་བ་ཕྱེད་པ་གཉིས་བསྲེས་པ་ལ། སྒྲ་གཅན་གྱི་ཟླ་བ་ཕྱེད་པའི་འཁོར་ལོ་ནམ་མཁའ་དུས་དང་རྒྱ་མཚོ་ཡིས་བགོས་པས་ཐོབ་པ་ཕྱི་བར་བྱའོ། །བགོས་པའི་ལྷག་མ་ཟླ་བ་ཕྱེད་པ་རྣམས་རྒྱུ་སྐར་གྱི་དོན་དུ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལ་ནམ་མཁའ་ལ་སོགས་པས་ཐོབ་པ་རྒྱུ་སྐར་དུ་འགྱུར་རོ། །ལྷག་མ་དྲུག་ཅུས་བསྒྱུར་ བ་ལ་ནམ་མཁའ་ལ་སོགས་པས་བགོས་པས་ཐོབ་པ་ནི་དབྱུ་གུའོ། །དེའི་ལྷག་མ་ལ་ཡང་དེ་བཞིན་དུ་ཆུ་སྲང་ངོ་། །དེའི་ལྷག་མ་དྲུག་གིས་བསྒྱུར་ཅིང་ནམ་མཁའ་ལ་སོགས་པས་ཐོབ་པ་དབྱུ་གུའོ། །རྒྱུ་སྐར་ལ་སོགས་པ་འདི་རྣམས་ཀྱིས་རྒྱུ་སྐར་ཉི་ཤུ་རྩ་བདུན་ལ་ཕྲི་བ་ནི་སྒྲ་ གཅན་གྱི་ཁའི་ལོངས་སྤྱོད་དུ་འགྱུར་རོ། །ཁའི་ལོངས་སྤྱོད་དེ་ཉིད་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་བསྲེས་པ་ནི་མཇུག་མའི་ལོངས་སྤྱོད་ལ་རྒྱུ་སྐར་གཉིས་དང་། དབྱུ་གུ་བཅུ་གཅིག་སྟེ། ཟླ་བ་དྲུག་ལ་རྒྱུ་སྐར་བཅུ་གཉིས་དང་དབྱུ་གུ་དྲུག་ཏུ་འགྱུར་ཞིང་། དེ་ལས་བཅུ་ གསུམ་ཕྲི་བས་ལྔ་བཅུ་རྩ་གསུམ་དུ་འགྱུར་རོ། །འདི་ཉི་མའི་ལོངས་སྤྱོད་ལ། ཉི་མ་འཛིན་པ་ན་གནམ་སྟོང་གི་ལོངས་སྤྱོད་ལ་ར་བི་ཀ་བསྣན་པའམ་ཕྲི་བ་ལའོ། །དེ་ནས་སྒྲ་གཅན་གྱི་ལོངས་སྤྱོད་ལ་དབྱུ་གུ་བཞི་བཅུ་ཞེ་ལྔ་ཕྲི་ལ་ལྷག་མ་སྐར་མའི་ལོངས་སྤྱོད་ཀྱིས་སྦྱང་བར་བྱའོ། །དེ་ལ་ 14-1-279a གལ་ཏེ་ཁ་འམ་མཇུག་མ་དང་སྐར་མ་མཉམ་པར་གྱུར་ན། དེའི་ཚེ་ཁོ་ན་གཟས་འཛིན་གྱིས་གཞན་དུ་ནི་མ་ཡིན་ནོ། །ཡང་ན་སྔར་སྨྲས་པའི་ཚུལ་གྱིས་བསྒྲུབ་པའི་གནམ་སྟོང་གི་ཉི་མའི་ལོངས་སྤྱོད་ཀྱིས་སྒྲ་གཅན་གྱི་ཁའི་འོངས་སྤྱོད་དམ་མཇུག་མའི་ལོངས་སྤྱོད་ལ་སྦྱང་ བར་བྱའོ། །ཟླ་བ་འཛིན་པ་ནི་ཟླ་བ་ཉའི་ལོངས་སྤྱོད་ཀྱིས་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཁའམ་མཇུག་མ་དང་ལྷན་ཅིག་རྒྱུ་སྐར་མཉམ་པ་ཉིད་ལ་འཛིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདིར་ཡང་གནམ་སྟོང་གི་མཐའ་འམ་ཉའི་མཐར་དུས་ཚིགས་ཀྱི་མཚམས་སུ་སྒྲ་གཅན་གྱི་ དཀྱིལ་འཁོར་ལ་ཉི་ཟླའི་དཀྱིལ་འཁོར་འཇུག་གོ། །དཀྱིལ་འཁོར་གྱི་སྒྲ་ནི་འདིར་དབྱུ་གུ་དྲུག་ཅུ་སྟེ། རྒྱུ་སྐར་གཅིག་གི་ལོངས་སྤྱོད་དོ། །དེ་ཡང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །དེ་ལ་གལ་ཏེ་སྒྲ་གཅན་གྱི་ལོངས་སྤྱོད་ལ་འདི་གཉིས་ཀྱི་ལོངས་སྤྱོད་དག་ན། དེའི་ཚེ་དབྱུ་གུ་དྲུག་ཅུའི་མཐར་ཐུག་པ་ཐམས་ཅད་འཛིན་ཏོ། །ལོངས་སྤྱོད་ཕྱེད པར་གྱུར་ན་ཕྱེད་འཛིན་ཏོ། །ཆ་ནི་དབྱུ་གུ་བཞིའི་བདག་ཉིད་དེ་སྒྲ་གཅན་གྱི་ལོངས་སྤྱོད་ལ་ཞུགས་ན་བཞི་ཆའི་བར་དུ་གཟའ་དང་ལྷན་ཅིག་འགྲོ་བར་ཤེས་པར་བྱའོ། །གང་གི་ཚེ་ཡང་སྒྲ་གཅན་གྱི་ཁའི་ལོངས་ སྤྱོད་དུ་འཛིན་པ་དེའི་ཚེ་ཤར་གྱི་ཆ་ནས་སོ། །མཇུག་མའི་ལོངས་སྤྱོད་དུ་ནི་ནུབ་ཀྱི་ཆ་ནས་སོ། །དེ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་ཆའི་ཁོར་ཡུག་གཞན་ནི་གཞན་དུ་ཤེས་པར་བྱའོ། །ཞེས་ཊཱྀ་ཀ་ལ་སོགས་སོ། །འཛིན་པ་འདི་དག་ཀྱང་ཟླ་བ་དྲུག་ཉིད་ན་ཡིན་ནོ། །དོན་དམ་པར་ནི་ཟླ་བ་ ཉིད་མུན་པའི་རང་བཞིན་གྱི་སྒྲ་གཅན་གྱིས་འཛིན་ཏེ། བསིལ་བའི་འོད་ཟེར་གྱི་ཕྱིར་རོ། །ཉི་མ་ནི་མིན་ནོ། །གནམ་སྟོང་གི་མཐའི་དུས་སུ་ནི་ཟླ་བ་ཡང་ཉི་མ་ལ་ཞུགས་པའི་ཕྱིར་ནི་ཉི་མ་གཟུང་ངོ་ཞེས་བྱ་བ་ནི་ཐ་སྙད་དོ་ཞེས་པ་སྒྲ་གཅན་དག་པའོ། །མཇུག་རིངས་ནི་ཉི་མའི་དཀྱིལ་འཁོར་ལ་ཞུགས་ ནས་ཉི་མ་སོ་སོ་ལ་དབྱུ་གུ་བཞི་དང་། ཆུ་སྲང་ཉི་ཤུ་རྩ་དྲུག་ནི་ཉི་མའི་ལོངས་སྤྱོད་དེ། དེ་ལས་ལྷག་པར་ཆུ་སྲང་ཕྱེད་དང་གསུམ་ནི་མྱུར་བར་རྒྱུ་བ་ནི་རིམ་པས་མདུན་ནས་དང་། ཡོན་པོར་རྒྱུ་བ་ན་རིམ་པ་མིན་པས་རྒྱབ་ནས་རྣམ་པར་རྒྱུའོ། །དེ་ལྟར་ལོ་གསུམ་གནས་ནས་ཕྱིར་འཐོན་ནོ། ། 14-1-279b འཐོན་ནས་ཀྱང་ཉི་མ་སོ་སོ་ལ་དབྱུ་གུ་གཉིས་འཆར་ཏེ། དབྱུ་གུ་ཡང་རྐང་པ་གཉིས་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གིས་བདག་ཉིད་དེ། ཨ་བ་དྷཱུ་ཏཱི་ལས་འཐོན་པའི་ཕྱིར་མཇུག་རིངས་ཀྱིའོ། །ཟླ་བ་གཅིག་གི་བར་དུ་བ་མེད་པར་སྐར་མ་བཞིན་དུ་སྣང་ལ། དེ་ནས་ཟླ་བ་ ཕྱེད་དུ། དུ་བའི་མཇུག་མ་རིང་པོར་གསལ་ལོ། །དེ་བཞིན་དུ་ཟླ་བ་ཕྱེད་དང་གཉིས་ཀྱིས་མཐར་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་དེ་བཞིན་དུ་ལོ་གསུམ་གྱི་བར་དུ་མི་སྣང་བར་འགྱུར་རོ། །འདིའི་ཐོག་མར་འཆར་བ་ཇི་ལྟར་གྲགས་པ་བརྟགས་པས་ཤེས་པར་བྱའོ། །དེ་ལྟར་འཆར་བ་གཅིག་གི་ ཤེས་ན་དུས་དཔག་ཏུ་མེད་པའི་ཤེས་པར་འགྱུར་རོ། །མཇུག་རིངས་དག་པའོ། །འདིར་ཐུན་མོང་གི་རིམ་པ་འདི་དག་སྟེ་མྱུར་བའི་ལས་ལ་ཉི་མའི་དཀྱིལ་འཁོར་ལས་འཆར་བའི་གཟའ་རིམ་པར་བགྲོད་པ་ན། དབྱུ་གུའི་རྐང་པ་བཅུ་བཞིའི་ཕྱེད་ལས། སྔོན་མ་ཕྱེད་ལ་ལོངས་སྤྱོད་པ་ན་བྱུང་ བར་རྒྱུ་བ་ཞེས་བརྗོད་དོ། །ཕྱི་མ་ཕྱེད་ལ་ལོངས་སྤྱོད་པ་ནི་བུ་ལ་བར་རྒྱུ་བའོ། །དེ་ལས་འཁོར་ལོ་ཕྱེད་དོར་ནས་གཟའི་རིམ་པ་མ་ཡིན་པ་སྟེ། སྔོན་མ་ཕྱེད་པ་ནི་ཡོན་པོར་རྒྱུ་བའོ། །ཕྱི་མ་ཕྱེད་ལ་འཐོན་པོར་རྒྱུ་བ་ཞེས་བརྗོད་དོ། །ཁྱིམ་གྱི་རྒྱུ་སྐར་གྱི་འཁོར་ལོ་འདོར་བའི་ཕྱིར་རོ། །འདིར་ རིམ་པ་ལ་སྔོན་མ་ཕྱེད་དུ་ནི་ནོར་འཕེལ་ལ། གཟའ་རྣམས་ཀྱང་ཤར་དུ་མངོན་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་ནི་ནོར་འཛད་པ་དང་ལྷོར་མངོན་པར་ཕྱོགས་པའོ། །རིམ་པ་མིན་པ་ལ་སྔོན་མ་ཕྱེད་དུ་བུ་ལོན་འཕེལ་ལ་ཁ་ནུབ་ཏུ་མངོན་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་བུ་ལོན་ཉམས་པ་ དང་བྱང་དུ་མངོན་པར་ཕྱོགས་པའོ། །འདི་དག་འཆི་ལྟས་ལ་སོགས་པའི་དབང་གིས་ཕྱོགས་གཞན་དུ་ལྟ་བ་ཉིད་དོ། །རང་བཞིན་གྱིས་ནི་སྒྲ་གཅན་ཁ་ནུབ་ཏུ་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ལ། གཟའ་གཞན་ནི་ཤར་དུ་ཁ་ལྟའོ། །དེ་ལ་ཉི་མའི་འོད་ཟེར་གྱིས་བསྒྲིབས་པའི་ཕྱིར་ ཉི་མ་ལ་ནུབ་པ་སྟེ། གཟའ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །སླར་ཡང་དེ་བཞིན་ཁོ་ནར་འཆར་རོ་ཞེས་བྱའོ། །འདིར་འཕགས་པའི་ཡུལ་དུ་ཉི་མ་དང་ཟླ་བའི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་དབྱུ་གུ་དྲུག་ཅུའི་རང་བཞིན་གྱི་ཉིན་མཚན་ལས་བཅུ་ཡིས་བགོས་པས་ཐོབ་ 14-1-280a པའི་དབྱུ་གུ་རྣམས་ཀྱིས་ཉིན་མོ་འཕེལ་བར་འགྱུར་བ་ནི་མཚན་མོ་འགྲིབ་སྟེ། ལོ་མེའི་ཁོར་ཡུག་གི་མཚམས་ནས་གངས་ཅན་ཆེན་པོའི་ཁོར་ཡུག་གི་མཚམས་ཀྱི་བར་དུ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་བྱང་དུ་བགྲོད་པ་ལ་ཟླ་བ་དྲུག་གིས་སོ། །དེ་བཞིན་དུ་གངས་ཅན་ཆེན་ པོའི་ཁོར་ཡུག་གི་མཚམས་ནས། ལོ་མེའི་ཁོར་ཡུག་གི་མཚམས་ཀྱི་བར་དུ་ལྷོར་བགྲོད་པ་ན་མཚམས་མཚན་མོ་འཕེལ་ཞིང་ཉིན་མོ་འགྲིབ་པའོ། །དེ་ལྟར་གྱུར་པ་ན་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པར་ཤེས་པར་བྱའོ། །དེ་བཞིན་དུ་བོད་ཡུལ་དང་ལི་ཡུལ་དང་། རྒྱ་ནག་ལ་སོགས་པའི་ཡུལ་རྣམས་དང་། ཤམྦྷ་ལའི་ཡུལ་གྱི་མཐའི་བར་དུ་དགུ་དང་། བརྒྱད་དང་། བདུན་གྱིས་བགོས་པས་ཐོབ་པའི་དབྱུ་གུ་རྣམས་ཀྱིས་དང་། ཀེ་ལ་ཤའི་དུམ་བུར་དྲུག་གིས་སྐལ་བས་ཉིན་མཚན་ལ་ཇི་ལྟར་རིགས་པར་རོ། །ཀེ་ལ་ཤའི་དུམ་བུ་ལས་བྱང་ཕྱོགས་ སུ་གངས་ཅན་གྱི་རིའི་བར་ལ་ཉིན་མཚན་སོ་སོ་ལ་དབུགས་བཞིས་ལྷག་པའི་ཆུ་སྲང་གསུམ་འཕེལ་བའམ། འགྲིབ་པའོ། །གངས་རིའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་ཁོར་ཡུག་གི་རྣམ་པས་རྒྱུ་སྐར་གྱི་ཁྱིམ་ཟླུམ་པོ་གཅིག་ཏུའོ། །འདིའི་དབུས་ན་མཉམ་པའི་རེ་ཁཱའོ། །དེ་ཉིད་ཀྱི་ཕྱོགས་ ལོགས་གཉིས་སུ་གཞུའི་རྣམ་པའོ། །འདིར་ཡང་འབྲུ་བསྙིལ་བའི་དབུས་ཀྱི་ཀ་བ་བཞིན་དང་། །གླང་བཞིན་འཁོར་ལ། རྒྱུ་སྐར་དབྱུ་གུ་ལ་སོགས་པ་ནས་ནག་པའི་ཕྱེད་ཀྱི་བར་དུ་བྱང་ཕྱོགས་ཀྱི་རེ་ཁཱ་ལ། ལྷོ་ཕྱོགས་སུ་ཡང་ནག་པའི་ཕྱེད་ལ་སོགས་པ་ནས་ནམ་གྲུའི་མཐར་རོ། །དེ་རྣམས་ ཁོ་ན་ལ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ལ་ཁྱིམ་གཅིག་ཉིད་དོ། །དེ་ལྟར་ཁྱིམ་བཅུ་གཉིས་པོ་རྣམ་པར་གཞག་གོ། །དེ་ལ་བརྟེན་པའི་གཟའ་ནི་ལོངས་སྤྱོད་པའོ། །བྱང་ཕྱོགས་སུ་བགྲོད་པ་ན་ཟླུམ་པོ་འདིའི་བྱང་གི་མཐའ་ནི། བྱང་གི་མེའི་ཁོར་ཡུག་གི་དང་པོར་འགྲོའོ། །ལྷོ་ཕྱོགས་ཀྱི་ མཐའ་ཡང་གངས་ཅན་གྱི་རིའི་ལྷོའི་མཐར་རེག་པའོ། །ལྷོར་བགྲོད་པ་ན་ཡང་ལྷོ་ཕྱོགས་ཀྱི་མཐའ་ནི་ལྷོའི་མེའི་ཁོར་ཡུག་གི་དང་པོར་འགྲོའོ། །བྱང་ཕྱོགས་ཀྱི་མཐའ་ཡང་བསིལ་བའི་རིའི་བྱང་གི་མཐའ་རེག་པར་འགྱུར་རོ། །རྒྱུ་སྐར་ལ་སོགས་པ་འདི་དག་ཀྱང་རི་རབ་ལ་སྐོར་བ་བྱེད་ 14-1-280b པས་འགྲོ་བའི་འཁོར་བའི་དབང་གིས་ཟླུམ་པོའི་རྣམ་པར་འགྱུར་རོ། །ཟླུམ་པོའི་ཚད་ནི་ལྷོ་ནི་མེའི་ཁོར་ཡུ་གནས་གངས་ཅན་ཆེན་པོའི་བར་རོ། །དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔས་སོ། །དེ་དག་ལ་འཁོར་ལོའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་ཕྱེད་དང་གསུམ་གྱིས་བགོས་པས་ཐོབ་པ་ནི་ཕྱོགས་ ཀྱི་ཆ་ཉི་མས་འདོར་བའོ། །དེ་ལྟར་དུམ་བུ་བཅུ་གཉིས་སུ་ཉི་མའི་ཐད་ཀར་འཕོ་བར་རིག་པར་བྱའོ། །བྱེད་པའི་ལམ་མོ། །འོན་ཀྱང་དེ་ལྟར་བྱེད་པའི་ལམ་གྱིས་ཉི་མ་དུས་རྟག་ཏུ་དག་པ་མ་ཡིན་ལ། ཉི་མའི་ལོངས་སྤྱོད་མ་དག་འདིས། །མིག་དམར་ལ་སོགས་དག་བྱས་ལ། །འདིར་ནི་ ངེས་པར་དག་མི་འགྱུར། །རྩ་བ་ཉམས་པའི་ལྗོན་ཤིང་བཞིན། །དེ་བས་ན་གྲུབ་པའི་མཐའི་ལམ་བརྗོད་པར་བྱ་སྟེ། དེའི་རིམ་པ་འདི་དག་གི། ས་གཞི་མཉམ་པོ་ལ་ཁྲུ་གང་གི་ཚད་ཀྱི་མཎྜལ་གྱི་དབུས་སུ་བཙུགས་པའི་མཐོ་གང་གི་ཚད་ཀྱི་ཤིང་གི་གྲིབ་མ། སྔ་དྲོ་རེ་ཁཱའི་ཕྱི་རོལ་ནས་ རིམ་གྱིས་བསྐུམ་པ་ན། གང་གི་ཚེ་མཎྜལ་གྱི་མཐའི་རེ་ཁཱའི་དབུས་སུ་ཞུགས་པ་དེའི་ཚེ། གནས་དེར་བྱ་རོག་གི་རྗེས་ཀྱི་མཚན་མ་བྱས་ཏེ། དེ་ཉིད་ནུབ་ཀྱི་ཕྱོགས་སོ། །ཕྱི་དྲོ་ནི་མཎྜལ་གྱི་དབུས་ནས་རིམ་གྱིས་བརྐྱང་བ་ན། གང་གི་ཚེ་ཞེས་པ་ལ་སོགས་པ་སྔར་བཞིན་དུ་མཚན་མ་བྱ་སྟེ། དེ་ཉིད་ཤར་གྱི་ཕྱོགས་སོ། །འདིར་མཚན་མ་གཅིག་གི་སྟེང་དུ་སྐུད་པ་བཟུང་སྟེ། མཚན་མ་གཞན་གྱི་མདུན་དུ་མཎྜལ་ཐོད་ལོ་ཀོར་གྱིས་བྱ་ཞིང་། མཚན་མ་གཞན་གྱི་སྟེང་དུ་ཡང་། སྐུད་པ་བཟུང་ནས་དེ་བཞིན་དུ་བྱས་པས་ཇི་ལྟར་ཉའི་རྣམ་པར་འགྱུར་རོ། །མཎྜལ་གཉིས་པོ་འདི་ དག་གི་དབུས་ཀྱི་ཉའི་རྣམ་པའི་ཁའི་དབུས་ནི་ལྷོ་ཕྱོགས་སོ། །མཇུག་མའི་དབུས་ནི་བྱང་ཕྱོགས་སོ། །དེ་ལྟར་ཕྱོགས་གཏན་ལ་ཕབ་ནས་མཎྜལ་གཉིས་པོ་དབྱི་བར་བྱའོ། །བྱང་དུ་བགྲོད་པའི་ཉིན་མོ་ལས་གོང་དུ། ཉི་མ་བཅུ་པ་ནས་བརྩམས་ནས། །ཉི་མའི་གུང་ལ་བརྟག་པར་ བྱའོ། །དེ་ལ་ཐོག་མ་མཎྜལ་གྱི་བྱང་ཕྱོགས་ཀྱི་མཐའི་རེ་ཁཱའི་དབུས་ནས་མཎྜལ་གྱི་ནང་དུ་ཉིན་མོ་གང་ལ་འཇུག་པ་དེ་ཉིད་བྱང་དུ་བགྲོད་པའི་འཕོ་བའི་ཉིན་མོའི་དེའི་གཟའ་དང་། དེའི་ཚེས་དང་། དེའི་སྦྱོར་བ་དང་། དེའི་བྱེད་པས་སོ། །དེའི་ཉིན་མོ་ཉའི་ལོངས་སྤྱོད་ལ་ས་ག་ 14-1-281a ལ་སོགས་པའི་ཟླ་བ་དགུའི་ལུགས་ལ་སོགས་པའི་ཁྱིམ་དགུ་ལ། རྒྱུ་སྐར་གྱི་གནས་སུ་ཉི་ཤུ་དང་། དབྱུ་གུའི་གནས་སུ་བཅོ་ལྔའོ་ཞེས་བྱ་བ་ནི་རྩ་བའི་དྷྲུ་བཀའོ། །དྷྲུ་བ་ཀ་དེ་ལ་ཉིན་རེ་ཞིང་དབྱུ་གུ་བཞི་དང་། ཆུ་སྲང་ཉི་ཤུ་རྩ་དྲུག་བཅུག་ལ། ཉི་མའི་རྐང་པ་རྣམས་དག་པར་བྱ་སྟེ། སྔར་ བརྗོད་པའི་རྐང་པ་གསུམ་དང་བཅས་པའི་རྒྱུ་སྐར་དྲུག་སྦྱང་བར་བྱའོ་ཞེས་པ་ལ་སོགས་པའི་ཆོ་གས་སོ། །དེ་སྐད་དུ་ཡང་རྩ་བའི་རྒྱུད་དུ། བགྲོད་ཐོག་ནས་བརྩམས་ཉིན་རེ་ཞིང་། །སླར་ཡང་བགྲོད་འགྱུར་བར་དུ་སྦྱིན། །གསུངས་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་དག་པར་བྱ། །ཞེས་གསུངས་སོ། ། གཟའ་དང་། ཚེས་དང་། རྒྱུ་སྐར་དང་། སྦྱོར་བ་དང་། བྱེད་པ་དང་། ཁྱིམ་དང་། ཞིང་ཅན་དང་། འཕོ་བ་དང་། གཟའ་འདི་རྣམས་ཀྱི་འབྲས་བུ་ནི་གཞན་དུ་གོ་སླ་བས་འདིར་མ་དགྲོལ་ལོ། །གཟའ་སྐར་རྒྱ་ཆེན་འདི་དག་བཤད་ཅིང་དེ་རྣམས་འབྲས་བུ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ལ་འཇུག་པ་ འདིར་ནི་མ་བཤད་དེ། ཚིག་གི་འབྲེལ་པ་གེགས་མེད་བློ་བཟང་རྣམས་ཀྱིས་བདེ་བླག་ཏུ། །རྟོགས་ཕྱིར་འདི་ལ་དམ་པ་རྣམས་ཀྱིས་བཟོད་མཛད་རིགས། །འཇིགས་མེད་ཀྱིས་བརྩམས་འདི་ཡི་སྙིང་གི་ནི། །རབ་ཏུ་རྣམ་པར་འབྱེད་པའི་གནས་རྒྱས་ཤིང་། །ལེགས་བྱས་ཤར་བ་འདི་ལས་འགྲོ་ གསུམ་ལ། །རྒྱལ་བའི་ཕུན་སུམ་ཚོགས་པའི་འབྲས་བུར་ཤོག། །།དཔལ་དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ། སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་ཤྲཱི་དྷརྨྨཱ་ཀཱི་རྟིས་ བསྒྱུར་བའོ། །སླད་ཀྱིས་ཡུལ་མ་ག་དྷཱའི་པཎྜི་ཏ་ཆེན་པོ་མཁས་བཙུན་གྲུབ་པ་བརྙེས་པ་རཱ་ཧུ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་དག་པར་བཅོས་ཤིང་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ག་ཎོ་པ་ དེ་ཤ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་པ་རབ་སྐྱེས་ནས་བཟུང་སྟེ། །འདས་ལོ་བྱིན་པས་ལོ་དག་པའོ། །ཉི་མས་བསྒྱུར་བས་ཟླ་བར་འགྱུར། །དགུན་ཟླ་འབྲིང་སོགས་འདས་ཟླ་སྦྱིན། །གནས་གཉིས་ 14-1-281b འོག་མ་མིག་གིས་བསྒྱུར། །མདའ་རོས་ཐོབ་ལ་གཅིག་བསྲེས་ཏེ། །སྟེང་ལ་བྱིན་པས་ཟླ་དག་འགྱུར། །ཟླ་དག་གནས་གསུམ་བར་མ་ལ། །སོ་ཡིས་བསྒྱུར་ཏེ་མིག་གིས་བསྲེ། །འོག་ལ་རོས་ཐོབ་བར་མ་སྦྱང་། །ལྷག་ལ་མཁའ་སྦྱིན་བར་ནས་གཅིག །འོག་ཏུ་ཕབ་ལ་དྲུག་ཅུས་བསྒྱུར། །མཁའ་ བྱིན་དེས་ཕྲི་ལྷག་ཆུ་སྲང་། །བར་མ་དྲུག་ཅུས་བགོས་ཐོབ་རྣམས། །སྟེང་བྱིན་ལྷག་མ་ཆུ་ཚོད་གནས། །དེ་ལ་རིས་བགོས་ལྷག་གཟའ་གནས། །གནས་གཉིས་འོག་མར་ཀླུ་མིག་སྦྱིན། །དུས་གཉིས་བགོས་ལྷག་ཆ་ཤས་གནས། །ནོར་ལ་རི་དང་ཟླ་བསྲེས་ཏེ། །སྟེང་མ་ལག་པས་བསྒྱུར་ ལ་གཞུག །ཀླུ་ལག་བགོས་ལྷག་རིལ་པོའི་གནས། །ཟླ་བ་དག་པར་གདེངས་ཀ་སྦྱིན། །གནས་གསུམ་བར་མ་དྲག་པོས་བསྒྱུར། །འོག་མ་བུ་ག་ཡོན་ཏན་གྱིས། །ཐོབ་པས་བར་སྦྱང་ལྷག་མ་ལ། །མཁའ་དུས་བསྒྱུར་ཏེ་ཐོབ་པ་དང་། །ལྷག་མ་དྲུག་གིས་བསྒྱུར་ཏེ་ཐོབ། །བར་ནས་ འོག་ཕབ་རིམ་སྦྱངས་པའི། །ལྷག་མ་ཆུ་སྲང་དབུགས་སུ་གནས། །དབུས་མ་དྲུག་ཅུས་བགོས་པའི་ལྷག །ཆུ་ཚོད་ཡིན་ཏེ་ཐོབ་པ་ལ། །གཅིག་བསྲེས་སྟེང་མ་ལྷག་བསྒྱུར་གཞུག །དེ་ལྟར་བགོས་ལྷག་སྐར་མའི་གནས། །གཟའ་ལ་ཚེས་སྦྱིན་དབྱུ་གུར་དབྲི། །རིལ་པོར་སྦྱིན་ཏེ་ ཆུ་ཟླ་ཡིས། །བགོས་པའི་ལྷག་མས་རྐང་པ་གཟུང་། །བགོར་མེད་ན་ནི་དེ་ཉིད་གཟུང་། །ཐོབ་པ་མཉམ་སྦྱིན་མི་མཉམ་དོར། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །འབྱུང་དང་འབྱུང་དང་མདའ་རིག་བྱེད། །མེ་དང་མིག་དང་ཟླ་བ་སྟེ། །ཕྱི་མ་ལ་ནི་དེ་ཉིད་བཟློག །ཟླ་བའི་རྐང་པར་ ཤེས་པར་བྱ། །རྐང་པ་མ་ཟིན་དང་པོས་བསྒྱུར། །དེ་ལ་དུས་དང་ཉི་མ་ཡིས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །གོང་གི་འགོད་བྱེད་ཀྱིས་ཐོབ་པ། །ཆུ་སྲང་ཡིན་ཏེ་ལྷག་མ་ལ། །དྲུག་གིས་བསྒྱུར་ལས་ཐོབ་པ་དབུགས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་ པ་སྔོན་མ་ཟོས་དང་ལྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །གཟའི་ལོངས་སྤྱོད་གནས་སུ་ནི། །སྦྱིན་དོར་སྔར་གྱི་མཚན་མས་ཤེས། །ཚེས་གྲངས་གནས་གཉིས་སྟེང་ཆུས་བསྒྱུར། །འོག་གི་སུམ་ཆ་སྟེང་ལ་སྦྱིན། །དེ་ལ་མཁའ་དུས་བགོས་ཐོབ་རྣམས། །སྐར་མའི་གནས་སུ་སྦྱིན་པར་བྱ། །ལྷག་ 14-1-282a མ་ཆུ་ཚོད་གནས་སུ་བསྲེ། །འོག་གི་ལྷག་མ་ཉི་ཤུས་བསྒྱུར། །ཆུ་སྲང་གནས་སུ་གཞུག་པར་བྱ། །དེ་ཉིད་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་ནས་དྲུག་དང་ནི། །ཆུ་ཚོད་གནས་ནས་ཞེ་ལྔ་དོར། །དོར་བས་འཁོར་ཕྱེད་ལྷག་ནའང་དོར། །མེད་ན་འཁོར་ཕྱེད་ བསྲེས་ལ་དོར། །དོར་བའི་ལྷག་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་ཉི་རྐང་གཟུང་། །རོ་ཟུང་ཟླ་བ་དེ་བཟློག་ཕྱི། །ཉི་མའི་རྐང་པར་ཤེས་པར་བྱ། །རྐང་པ་བཟུང་བའི་སྔོན་མ་ཡིས། །སྐར་མའི་གནས་ལ་སོགས་པ་བསྒྱུར། །དེ་ལ་མདའ་ ཡོན་ཟླ་བ་ཡིས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་སྲང་ཡར་ལ་བླང་། །དེ་ལས་ཐོབ་པ་ཆུ་སྲང་ཡིན། །ལྷག་མ་དྲུག་གིས་བསྒྱུར་བ་ལ། །འོག་གི་དབུགས་ནི་ཡར་ལ་བླང་། །དེ་ལས་ཐོབ་པ་དབུགས་ཡིན་ནོ། །དེ་ལྟར་ཐོབ་པ་དེ་རྣམས་ ཀྱིས། །ཉི་རྐང་སྔོན་མ་བྲོས་དང་བསྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །སྦྱིན་དང་དོར་བར་བྱ་བ་ནི། །ཉི་མ་བྱང་བགྲོད་དུས་སུ་སྦྱིན། །ལྷོ་རུ་བགྲོད་ཚེ་དོར་བར་བྱ། །དེ་ཉིད་གཟའ་དང་ཉི་སྐར་ཡིན། །ཉི་མའི་སྐར་མར་ཚེས་གྲངས་སྦྱིན། །འོག་ཏུ་ཚེས་ལ་རོ་ ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །དེ་ལ་དྲུག་ཅུས་བགོས་ཐོབ་པས། །སྐར་མའི་གནས་ལ་སྦྱང་བར་བྱ། །ལྷག་མས་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་པའི་ལྷག་མ་ཟླ་སྐར་ཡིན། །ཉི་ཟླ་གཉིས་བསྲེས་སྤྱོར་བར་འགྱུར། །ཚེས་ལ་མིག་གིས་བསྒྱུར་བ་ལ། །གཅིག་ ཕྲི་རིས་བགོས་ལྷག་མ་ནི། །བྱེད་པ་ཡིན་ཏེ་བགོར་མེད་ན། །དེ་ཉིད་ཡིན་པར་ཤེས་པར་བྱ། །གཟའ་གནས་རི་བགོས་ལྷག་མ་གཟའ། །བགོར་མེད་ན་ནི་དེ་ཉིད་གཟའ། །དེ་ཡི་ཆུ་ཚོད་ཆུ་སྲང་དབུགས། །ཚེས་དེའི་མ་འོངས་པར་ཤེས་བྱ། །གཟའ་གཅིག་ལན་གཉིས་བྱུང་གྱུར་ན། ། ཞག་གཅིག་ཚེས་གྲངས་གཉིས་དོར་འགྲོ། །གལ་ཏེ་གཟའ་དེ་མཆོངས་གྱུར་ན། །ཚེས་གྲངས་དེ་ཉིད་ལན་གཉིས་འོང་། །ཚེས་གྲངས་ཆད་ལྷག་དེས་ཤེས་བྱ། །སྐར་མའི་གནས་ལ་ཐུབ་ལག་གིས། །བགོས་པའི་ལྷག་མ་སྐར་མ་ཡིན། །བགོར་མེད་ན་ནི་དེ་ཉིད་ཡིན། །སྤྱོར་བ་ཡང་ནི་ 14-1-282b དེ་དང་མཚུངས། །གྲངས་ནི་འོག་མ་ཡིན་པར་འདོད། །སྐར་དང་སྦྱོར་བའི་ཆུ་ཚོད་སོགས། །འདས་པར་ཁོང་དུ་ཆུད་པར་བྱ། །དེ་ལྟར་གཟའ་དང་ཚེས་གྲངས་དང་། །སྐར་མའི་སྦྱོར་བ་བྱེད་པ་སྟེ། །ཡན་ལག་ལྔ་ཡི་རྩིས་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་པཎྜི་ཏ་ཆེན་པོ་ ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།༄༅། །ཉི་ཟླ་འཛིན་པའི་རྩིས་བཞུགས། ༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཉི་ཟླ་འཛིན་པའི་མན་ངག་ནི། །ཟླ་བ་དག་པར་ཀླུ་ཟླ་སྦྱིན། །དེ་ལ་མིག་གིས་བསྒྱུར་བར་བྱ། །ཟླ་བའི་དོན་དུ་གཅིག་སྦྱིན་ཏེ། །ཉི་མ་ལ་ནི་གཉིས་སྦྱིན་ནོ། །དེ་ལ་མཁའ་དུས་ཆུས་ ཐོབ་དོར། །དོར་རྒྱུ་མེད་ན་དེ་ཉིད་དམ། །ལྷག་མ་སྐར་མས་བསྒྱུར་བ་ལ། །མཁའ་དུས་ཆུ་བོས་བགོས་ཐོབ་པ། །སྐར་མའི་གནས་སུ་གཞག་པར་བྱ། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །གོང་གི་འགོད་བྱེད་ཀྱིས་ཐོབ་པ། །ཆུ་ཚོད་དག་ཏུ་ཤེས་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ ཐོབ་པ་དེ་རྣམས་ཀྱིས། །རྒྱུ་སྐར་རྣམས་ལ་སྦྱངས་བའི་ལྷག །སྒྲ་གཅན་གདོང་གི་སྐར་མ་ཡིན། །དེ་དང་ཉི་ཟླའི་སྐར་མ་གཉིས། །མཉམ་ན་སྒྲ་གཅན་གདོང་གིས་འཛིན། །མི་མཉམ་ན་ནི་རྒྱུ་སྐར་ཕྱེད། །བསྲེས་པས་སྒྲ་གཅན་མཇུག་སྐར་ཡིན། །དེ་དང་ཉི་ཟླའི་སྐར་མ་གཉིས། །མཉམ་ ན་སྒྲ་གཅན་མཇུག་མས་འཛིན། །དེ་ཡང་ཟླ་བ་འཛིན་པ་ནི། །སྒྲ་གཅན་ཕྱེད་ནི་དག་པ་དང་། །ཉི་མ་དག་པ་གཉིས་བསྲེས་པས། །རྒྱུ་སྐར་རྫོགས་སམ་ཕྱེད་ལྷག་དོར། །ཐིག་ལེ་ཤར་ན་ཟླ་བ་ནི། །འཛིན་པར་ཐོ་ཚོམ་མེད་པ་ཡིན། །མཉམ་པོ་གསུམ་དང་ཐིག་ལེ་ཤར། །ཉི་མ་ངེས་པར་ འཛིན་པ་ཡིན། །དུས་ཚོད་ཇི་ཙམ་དག་ན་འཛིན། །ཉིན་མཚན་རིང་ཐུང་ཤེས་བྱ་སྟེ། །གཟའ་ཡི་ཆུ་ཚོད་དག་དང་སྦྱར། །ཕྱོགས་ནི་སྐར་མའི་ཕྱོགས་དང་སྦྱོར། །ཆེ་ཆུང་ཇི་ཙམ་འཛིན་པ་ནི། །གཟའ་ཡི་ཆུ་ཚོད་མན་ཆད་དང་། །སྐར་མའི་ཆུ་ཚོད་མན་ཆད་རྣམས། །བསྲེས་ཏེ་སྐར་མར་ བཅས་པ་དང་། །སྒྲ་གཅན་སྐར་མར་བཅས་པ་རྣམས། །མཉམ་ན་ཟླ་བ་རིལ་པོ་འཛིན། །བཅོ་ལྔས་གང་རུང་མང་གྱུར་ན། །བཞི་གསུམ་དག་ནི་འཛིན་པར་འགྱུར། །སུམ་ཅུས་གང་མང་ཕྱེད་འཛིན་ནོ། །དེ་བཞིན་སུམ་ཆ་ལ་སོགས་པ། །ཞིབ་ཏུ་བརྩིས་ལ་ལེགས་པར་སྨྲ། །ཞེ་ལྔས་གང་ 14-1-283a རུང་མང་གྱུར་ན། །མཉམ་པོར་འགྲོགས་ཏེ་འཛིན་མི་འགྱུར། །ཆུ་ཚོད་ཇི་ཙམ་འཛིན་པ་ནི། །ཟླ་བ་རིལ་བོར་འཛིན་འགྱུར་རམ། །སུམ་གཉིས་ཕྲེད་སོགས་འཛིན་པ་ནི། །ཆུ་ཚོད་བཅུ་ཡི་བར་དུ་འཛིན། །བཞི་ཆ་ལ་སོགས་ཆུང་འཛིན་ན། །ཆུ་ཚོད་ལྔ་དང་དྲུག་ལ་སོགས། ། མཁས་པས་བརྩིས་ལ་ལེགས་པར་སྨྲ། །སྤྱིར་ནི་ཟླ་བ་དྲུག་དྲུག་ན། །ཟླ་བ་ཕལ་ཆེར་འཛིན་པར་འགྱུར། །རེས་ནི་ལྔ་ནའང་འཛིན་པ་སྲིད། །གལ་ཏེ་བཅུ་གཉིས་བར་དག་ཏུ། །མི་འཛིན་པའང་སྲིད་པ་ཡིན། །ཟླ་བ་ཉ་ལ་བཟུང་བ་ཡི། །སྟོང་ལ་ཉི་མ་འཛིན་ཡིན་པས། །ཐམས་ཅད་དུ་ནི་ བརྩི་བར་བྱ། །ཉི་མ་ཆེ་ཆུང་འཛིན་པ་རྣམས། །ཐིག་ལེ་ཤར་བའི་སྐབས་སུ་ཤེས། །དེ་ལ་ཟླ་བ་ཉ་དང་ནི། །བཅུ་དྲུག་མཚམས་སུ་འཛིན་པ་དང་། །ཉི་མ་སྟོང་དང་ཚེས་གཅིག་གི། མཚམས་སུ་འཛིན་པར་ཐུབ་པས་གསུངས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་ བ། རྒྱ་གར་ཁ་ཆེའི་པཎྜི་ཏ་ཆེན་པོ།ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།།༄༅༅། །རྒྱ་གར་སྐད་དུ། པཉྩ་གྲ་ཧ་པྲ་ཏི་ག་ཎོ་པ་དེ་ཤ་ནཱ་མ། བོད་སྐད་དུ། གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ངག་ཟླར་ཀླུ་ སྦྱིན་མཁའ་མེས་བསྒྱུར། །ཚེས་བསྲེས་གནས་གསུམ་འོག་མ་ལ། །ཐུབ་མཁའ་རིས་བགོས་དབུས་མར་གཞུག །སྟེང་འོག་མིག་དང་སུམ་ཅུ་བསྲེ། །འོག་མ་ཆུ་དུས་ཀྱིས་ཐོབ་པས། །སྟེང་ལ་ཕྲི་བའི་ལྷག་མ་ལ། །རི་ཡིས་བགོས་པའི་ལྷག་མ་དང་། །ཚེས་དེའི་གཟའ་ནི་མཐུན་ནམ་ བལྟ། །མི་མཐུན་གྱུར་ན་གཅིག་ལ་སོགས། །བསྣོན་འབྲིད་བྱས་ལ་མཐུན་པར་བྱ། །དེ་ནི་དག་པའི་ཉིན་ཞག་སྟེ། །གཟའ་ལྔ་ཀུན་གྱི་ཐུན་མོང་ངོ་། །མིག་དམར་དག་པའི་ཞག་མཆོག་ལ། །དུས་ཆུ་དོར་བའི་ལྷག་མ་ལ། །རི་ཀླུ་དུས་ཀྱིས་བགོས་ཐོབ་དོར། །དོར་བའི་ལྷག་མ་སྐར་མས་ བསྒྱུར། །དེ་ལ་རི་ཀླུ་དུས་ཐོབ་རྣམས། །སྐར་མ་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ནི། །གནས་གཉིས་བཞག་པའི་གཅིག་ལ་ནི། །སྐར་མའི་གནས་ནས་དགུ་དང་ནི། །ཆུ་ཚོད་གནས་ནས་སུམ་ཅུ་ 14-1-283b དོར། །དོར་རྒྱུ་མེད་ན་རྒྱུ་སྐར་ཕྱེད། །བསྲེས་ལ་གོང་གི་དེ་དག་དོར། །གལ་ཏེ་གོང་གི་དེ་དག་ནི། །དོར་བའི་རྗེས་ལ་རྒྱུ་སྐར་ཕྱེད། །ལྷག་ནའང་དོར་བ་ཁོ་ན་ཡིན། །དོར་བའི་ལྷག་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །དེ་ལ་མདའ་ཡོན་ཟླ་བ་ཡིས། །བགོས་པའི་ཐོབ་པས་ རྐང་པ་གཟུང་། །ཉི་ཤུ་རྩ་ལྔ་བཅོ་བརྒྱད་བདུན། །ཕྱི་མ་ལ་ནི་དེ་ལས་བཟློག །མིག་དམར་དལ་བའི་རྐང་པ་ཡིན། །རྐང་པ་ཟོས་པའི་སྔུན་མ་ཡིས། །བགོས་པའི་ལྷག་མ་བསྒྱུར་བར་བྱ། །དེ་མདའ་ཡོན་ཟླས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་ རྣམས་ཀྱི། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །སྔར་གྱི་སྐར་མའི་གནས་ལ་གཅིག །སྦྱིན་དང་དོར་བར་བྱ་བ་ཡིན། །དལ་བའི་དུས་སུ་རྒྱུ་སྐར་གྱི། །སྦྱིན་དོར་བྱས་ནས་སྦྱིན་པ་སྟེ། །སྦྱིན་དོར་མ་བྱས་འདོར་བ་ཡིན། །མྱུར་ལ་དེ་ལས་བཟློག་པའོ། །འདི་ནི་ གཟའ་ལྔ་སྤྱི་ཡིའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྦྱང་། །མེད་ན་རྒྱུ་སྐར་ཕྱེད་བསྲེ་ཞིང་། །ལྷག་ནའང་དོར་བར་ཤེས་པར་བྱ། །དེ་ལྟར་སྦྱངས་པའི་ལྷག་མ་ཡིས། །མྱུར་བའི་རྐང་པ་གཟུང་བར་བྱ། །དང་པོར་ཉི་ཤུ་རྩ་བཞི་དང་། །གཉིས་གསུམ་བཞི་ པར་ཉི་ཤུ་གསུམ། །ལྔ་དང་དྲུག་པར་ཉི་ཤུ་གཅིག །བདུན་པར་བཅོ་བརྒྱད་བརྒྱད་པར་ཚེས། །དགུ་པར་བཅུ་གཅིག་བཅུ་པར་གསུམ། །དེ་ནི་སྔ་མའི་ཆ་ཡིན་ནོ། །བཅུ་གཅིག་དང་ནི་སུམ་ཅུ་བརྒྱད། །བརྒྱད་ཅུ་དང་ནི་ལྔ་བཅུ་གསུམ། །མིག་དམར་མྱུར་བའི་རྐང་པ་ཡིན། །རྐང་པ་ ཟོས་པའི་སྔུན་མ་ཡིས། །ཉི་མ་ཆུ་ཚོད་དག་བསྒྱུར་བྱ། །དེ་ལ་མཁའ་དུས་བགོས་ཐོབ་རྣམས། །ཆུ་ཚོད་གནས་སུ་གཞག་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །བསྣོན་འབྲིད་སྔར་གྱི་ བཤད་པས་ཤེས། །ཉི་དག་མིག་དམར་གྱིས་སྦྱང་ཞིང་། །ཕུར་བུ་དང་ནི་སྤེན་པ་ཡི། །མྱུར་བའི་རྩིས་ཀྱང་དེ་བཞིན་ནོ། །གཟའ་ལྷག་དང་ནི་པ་བ་སངས། །དལ་བའི་ལས་ལ་ཉི་མ་ཉིད། །སྦྱངས་བས་དལ་བའི་རྐང་པ་བྱས། །གཟའ་ལྷག་གསལ་བའི་ཞག་མཆོག་ལ། །མཁའ་དང་ 14-1-284a སྟོང་པ་ཟླ་བས་བསྒྱུར། །མཁའ་དང་སྡེ་པ་ཟླ་རིས་དབང་། །ཐུབ་པ་དབུགས་རི་ཀླུས་ཐོབ་དོར། །དོར་ལྷག་སྐར་མས་བསྒྱུར་བ་ལ། །ཐུབ་བུག་རི་ཀླུས་བགོས་པའི་ནོར། །སྐར་མ་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་བས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་ དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ནི། །མྱུར་རྩིས་དོན་ཕྱིར་ལོགས་ཤིག་གཞག །གཟའ་ལྷག་དལ་རྩིས་བྱ་བའི་ཕྱིར། །ཉི་མ་ཕྱེད་དག་གནས་གཉིས་གཞག །གཅིག་ལ་སྐར་མ་བཅུ་དྲུག་དང་། །ཆུ་ཚོད་སུམ་ཅུ་དོར་བར་བྱ། །མེད་ན་རྒྱུ་སྐར་ཐམས་ཅད་དམ། །ཕྱེད་ བསྲེས་གོང་གི་དེ་དག་དོར། །དོར་རྗེས་འཁོར་ཕྱེད་ལྷག་ནའང་དོར། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་རྐང་པ་གཟུང་། །ཕྱོགས་རི་མེའོ་ཕྱི་མ་བཟློག །གཟའ་ལྷག་དལ་བའི་རྐང་པ་ཡིན། །རྐང་གཟུང་སྔུན་མས་ ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ཀྱིས། །རྐང་པ་སྔུན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟས་ལ་ཕྲི་ལ། །ཉི་མ་ཕྱེད་དག་གནས་གཅིག་ལ། །སྦྱིན་དོར་མིག་དམར་དལ་བ་བཞིན། །གཟའ་ ལྷག་མྱུར་རྩིས་བྱ་བའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་དང་པོར་སྙེད་དེ་སྦྱང་། །མེད་ན་སྐར་མ་བསྲེ་བ་དང་། །ལྷག་ནའང་དོར་བར་ཤེས་པར་བྱ། །སྦྱངས་པའི་ལྷག་མས་མྱུར་རྐང་གཟུང་། །བཅུ་དྲུག་ལན་གཉིས་བཅོ་ལྔ་དང་། །བཅུ་བཞི་བཅུ་གསུམ་ བཅུ་གཅིག་བདུན། །ལྔ་དང་ནམ་མཁའ་ཞེས་བྱ་བ། །སྔ་མ་ཡིན་ཏེ་ཕྱི་རྐང་ནི། །བཞི་དང་བཅུ་བཞི་ཉི་ཤུ་དང་། །ཉི་ཤུ་རྩ་བརྒྱད་སུམ་ཅུ་བཞི། །གཟའ་ལྷག་མྱུར་བའི་རྐང་པ་ཡིན། །རྐང་པ་གཟུང་བའི་སྔོན་མ་ཡིས། །འོག་གི་ཆུ་ཚོད་བསྒྱུར་བར་བྱ། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། ། ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་ལྡོམ། །ཕྱི་མ་མ་བྲོས་ལ་ཕྲི་ལ། །སྔར་གྱི་དལ་བའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་མྱུར་ཇི་བཞིན། །ཕུར་བུ་གསལ་བའི་ཉིན་ཞག་ལ། །མིག་དང་དུས་དང་འབྱུང་བ་ 14-1-284b སྦྱིན། །སོ་མེ་ཆུ་ཡིས་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་བ་ལ། །སོ་མེ་ཆུས་ཐོབ་སྐར་མ་ཡིན། །མཁའ་དུས་བསྒྱུར་ལས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་རྣམས་གནས་གཉིས་གཞག །གཅིག་ལ་སྐར་མ་བཅུ་གཉིས་དོར། །མེད་ན་ རྒྱུ་སྐར་ཕྱེད་བསྲེ་ཞིང་། །ལྷག་ནའང་དོར་བར་ཤེས་པར་བྱ། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །དེ་ལ་མདའ་ཡོན་ཟླ་བ་ཡིས། །བགོས་པའི་ཐོབ་པས་རྐང་པ་གཟུང་། །དྲག་པོ་བུག་མེ་དེ་བཟློག་ཕྱི། །ཕུར་བུ་དལ་བའི་རྐང་པ་ཡིན། །རྐང་བཟུང་ སྔོན་མས་སྐར་ལྷག་བསྒྱུར། །མདའ་ཡོན་ཟླ་བས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་བྲོས་ལ་ཕྲི་ལ། །གནས་གཅིག་ལ་ནི་སྦྱིན་དང་དོར། །མིག་དམར་དལ་བ་ཇི་བཞིན་ནོ། །ཕུར་བུའི་མྱུར རྩིས་བྱ་བའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྦྱང་། །མེད་ན་རྒྱུ་སྐར་བསྲེ་བ་དང་། །ལྷག་ནའང་དོར་བར་ཤེས་པར་བྱ། །དོར་བའི་ལྷག་མས་མྱུར་རྐང་གཟུང་། །བཅུ་པ་ལན་གཉིས་དགུ་དང་བཞི། །དྲུག་པ་ལན་གཉིས་གཉིས་དང་གཅིག །ཕྱི་མ་ལ་ནི་ གསུམ་དང་དྲུག །དགུ་དང་བཅུ་གཅིག་བཅུ་དྲུག་བདུན། །ཕུར་བུ་མྱུར་བའི་རྐང་པ་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། ། སྔར་གྱི་དལ་བའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་མྱུར་བ་བཞིན། །པ་སངས་གསལ་ཞག་ཕྱོགས་ཀྱིས་བསྒྱུར། །དུས་རི་དྲག་པོ་དབྲི་བར་བྱ། །རི་ཆུ་ལག་མིག་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་བ་ལ། །གོང་གི་འགོད་བྱེད་ཀྱིས་ཐོབ་པ། །སྐར་མ་ཡིན་ཏེ་ལྷག་མ་ལ། ། མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་དག་མྱུར་རྩིས་དོན་དུ་གཞག །དལ་བའི་རྩིས་ནི་བྱ་བའི་ཕྱིར། །ཉི་མ་དག་པ་གནས་གཉིས་གཞག །གཅིག་ལ་སྐར་མ་དྲུག་དབྲི་ཞིང་། །མེད་ན་འཁོར་ཕྱེད་སྦྱིན་པ་དང་། །ལྷག་ནའང་དོར་བར་ཤེས་པར་ 14-1-285a བྱ། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་རྐང་པ་གཟུང་། །མདའ་ཆུ་ཟླ་བ་དེ་བཟློག་ཕྱིར། །པ་སངས་དལ་བའི་རྐང་པ་ཡིན། །རྐང་བྲོས་སྔོན་མས་ཉི་དག་བསྒྱུར། །དེ་ལ་མདའ་ཡོན་ཟླས་ཐོབ་པ། །ཆུ་ཚོད་ སོགས་སུ་ཤེས་པར་བྱ། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་དང་སྡོམ། །ཕྱི་མ་མ་ཟོས་ལ་ཕྲི་ལ། །ཉི་མ་ཕྱེད་དག་གཅིག་ལ་ནི། །སྦྱིན་དོར་མིག་དམར་དལ་ཇི་བཞིན། །པ་སངས་མྱུར་རྩིས་བྱ་བའི་ཕྱིར། །དལ་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་སྔར་གྱི་ རྙེད་པ་སྦྱང་། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མས་རྐང་པ་གཟུང་། །ཉི་ཤུ་རྩ་ལྔ་ལན་གསུམ་དང་། །ཉི་ཤུ་རྩ་བཞི་ལན་གཉིས་ཏེ། །ཉི་ཤུ་རྩ་གཉིས་ལན་གཉིས་དང་། །བཅོ་བརྒྱད་ཚེས་དང་ཀླུ་སྔ་རྐང་། །དྲུག་དང་སུམ་ཅུ་དགུ་བཅུ་དགུ། །བདུན་ཅུ་དོན་གསུམ་ ཕྱི་རྐང་སྟེ། །པ་བ་སངས་ཀྱི་མྱུར་རྐང་ཡིན། །རྐང་བཟུང་སྔུན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་པ་སྔོན་མ་ཟོས་པ་དང་། །ཕྱི་མ་མ་ཟོས་ལ་ཕྲི་ལ། །དལ་བ་ཡི་ནི་གནས་གཅིག་ལ། །སྦྱིན་ དོར་མིག་དམར་མྱུར་ཇི་བཞིན། །སྤེན་པ་གསལ་བའི་ཉིན་ཞག་ལ། །མཁའ་ཆུ་མེ་དང་ཟླ་བ་སྦྱིན། །དུས་རོ་རི་སྟོང་ཟླ་བགོས་དོར། །ལྷག་མ་སྐར་བསྒྱུར་ལས་ཐོབ་པ། །སྐར་མའི་ཡིན་ཏེ་ལྷག་མ་ལ། །མཁའ་དུས་བསྒྱུར་ལ་ཐོབ་ཆུ་ཚོད། །ཆུ་སྲང་དབུགས་དག་རིམ་པས་ཤེས། །རྙེད་པ་དེ་ དག་གནས་གཉིས་གཞག །གཅིག་ལ་སྐར་མ་བཅོ་བརྒྱད་དབྲི། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མ་མཁའ་དུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་རྐང་པ་གཟུང་། །ཉི་ཤུ་གཉིས་དང་བཅོ་ལྔ་དྲུག །ཕྱི་མ་ལ་ནི་དེ་ལས་བཟློག །སྤེན་པ་དལ་ བའི་རྐང་པ་ཡིན། །རྐང་ཟོས་སྔུན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དེ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པའི་ནོར་རྣམས་ཀྱིས། །རྐང་ཟོས་སྔུན་སྡོམ་ཕྱི་ཕྲི་ལ། །སྔར་གྱི་རྙེད་པའི་གནས་གཅིག་ལ། །སྦྱིན་དོར་མིག་དམར་དལ་ཇི་བཞིན། །མྱུར་ 14-1-285b ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ཉི་མ་དག་པ་སྦྱང་། །མེ་སྦྱིན་ལྷག་དོར་ཤེས་པར་བྱ། །དོར་བའི་ལྷག་མས་རྐང་པ་གཟུང་། །དྲུག་དང་ལྔ་དང་ལྔ་དང་བཞི། །བཞི་དང་གཉིས་དང་གཉིས་དང་མཁའ། །ཕྱི་མ་ལ་ནི་གཉིས་དང་བཞི། །ལྔ་དང་དྲུག་དང་བརྒྱད་དང་གསུམ། །སྤེན་པ་ མྱུར་བའི་རྐང་པ་ཡིན། །རྐང་གཟུང་སྔུན་མས་ཆུ་ཚོད་བསྒྱུར། །དེ་ལ་མཁའ་དུས་བགོས་ཐོབ་པ། །ཆུ་ཚོད་གནས་སུ་གཞག་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྐང་བཟུང་སྔོན་སྡོམ་ཕྱི་ཕྲི་ལ། །དལ་བ་གཅིག་ལ་སྦྱིན་དོར་ནི། །མིག་དམར་མྱུར་ བ་ཇི་བཞིན་ནོ། །ཡིད་བཞིན་ནོར་བུའི་རྩིས་འདི་ནི། །ཟབ་ཅིང་རྒྱ་ཆེ་དུས་འཁོར་རྒྱུད། །རིན་ཆེན་གླིང་མཆོག་ནང་ནས་ནི། །བླ་མའི་མན་ངག་ལ་བརྟེན་ནས། །ཤེས་རབ་མིག་གིས་ལེགས་དཔྱད་བྱས། །དྲན་ཤེས་བརྩོན་ལྡན་གུས་པས་བླངས། །དོན་ལྡན་ཚིག་གིས་སྲད་པུར་ བརྒྱུས། །བློ་ལྡན་རྣམས་ཀྱི་མགུལ་རྒྱན་མཛོད། །དེ་ལས་བྱུང་བའི་བསོད་ནམས་ནི། །དྲི་མེད་ཉི་ཟླ་ལྟ་བུ་དེས། །འགྲོ་བ་སེམས་ཅན་མ་ལུས་རྣམས། །ཀུན་མཁྱེན་རྒྱལ་པོ་ཐོབ་པར་ཤོག །གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག །པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཥ་ཌཾ་ག་ཡོ་ག །བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀུན་ལ་སྒྲིབ་པ་སྤྲིན་གྱི་དྲ་བ་བསལ་བ་ལ། །རྣམ་རྟོག་རླུང་གི་གྲངས་རྣམས་མ་ལུས་ནུབ་གྱུར་པའི། །རང་གི་ནམ་ མཁའི་ཁམས་སུ་ཤར་བའི་འོད་བཟང་ཅན། །འཇིག་རྟེན་དབང་ཕྱུག་ཟླ་བ་གང་བས་གསལ་གྱུར་ཅིག །གང་ཞིག་འཁོར་ཞིའི་དམིགས་པ་བྲལ་ཡང་དེ་དག་ལས་ནི་ཐ་དད་མེད་ཅིང་ཁྱབ་པའི་བདག །སྟོང་པ་ཡིན་ཡང་འདི་ནི་བརྩེ་བའི་རང་བཞིན་གནས་པ་ལས་ནི་འདས་ཀྱང་ས་ དབང་ཕྱུག །རྟོག་ལྡན་རྣམས་ནི་མ་ལུས་བདེ་བ་རྒྱས་པར་བྱེད་ཀྱང་རྟོག་པ་སྤངས་ཤིང་འགྲོ་མེད་མགོན། །སེམས་དང་བྲལ་བ་འཆར་བ་འགའ་ཡིས་འགྲོ་བའི་སེམས་ལ་རྒྱན་དུ་བྱེད་གྱུར་ཅིག །ཅུང་ཟད་རྟོག་པའི་ཡངས་འཛིན་གདོན་བཞིན་ཉམས་པའི་ཆེད་དུ་འཛིན་པས་བཅིངས་པ་ 14-1-286a སྟེ། །དེ་གཏོང་བབ་ཅོལ་དུ་ནི་སྤངས་ཤིང་ཤིན་ཏུ་ཡུན་རིང་ཐར་པ་མེད་པར་ལྷུང་བཀྱེ། །དེ་ལྟར་དམ་པའི་ལམ་ལ་བསླད་ལ་གང་གིས་ནམ་མཁའི་གཟུགས་བརྙན་སེམས་ལས་རྣམ་འདས་ཤིང་། །མཁས་དང་བརྩེ་བའི་བདག་ཉིད་སྟོན་པའི་བླ་མ་མཆོག་ལ་ དགའ་བས་རྟག་ཏུ་ཕྱག་འཚལ་ལོ། །དེ་ཕྱིར་རང་གི་རྟོག་པ་སྒྲོགས་པ་ཁོ་ན་དེ་ལྟ་བུར། །གྱུར་པ་བླ་མའི་བདག་ཉིད་ཆེན་པོ་སྒྲོགས་པ་སྟེ། །གང་ཕྱིར་འབར་བའི་གཟུགས་ཅན་མེ་ནི་མེད་པ་ན། །དུ་བའི་རྩེ་མོ་ཡང་དག་འཕྱུར་བ་རྟོག་པ་མེད། །བདག་གི་རྟོག་པའི་ང་རྒྱལ་ སྐྱོན་གྱི་རྒྱུན་མིན་ཏེ། །རབ་ཏུ་འཇུག་བྱེད་ཉིད་ཀྱིས་གཞན་དོན་སྒྲུབ་པར་བྱེད། །སྨྲ་བ་པོ་ལས་བརྗོད་པ་ངེས་པ་མེད་པ་ན། །སྐྱེ་བོ་འདོད་པ་འགྲུབ་པའི་ཆེད་དུ་ཇི་ལྟར་འཇུག །དྲང་དོན་རྟོགས་པས་ཁེངས་པའི་མཁས་པ་ལ་མ་རྣམས་སྤངས་པའི་སྔགས་པ་ངན་པ་རྣམས། །ཤེས་རབ་ དམན་པ་ཉིད་ཀྱིས་སྒྲུབ་པའི་སྒོ་ནས་དགག་པ་རྣམས་ཀྱང་རིག་མི་བྱེད། །རྡོ་རྗེ་འཛིན་དཔལ་བཀའ་ཡིས་འགྲོ་བ་གསུམ་རྣམས་དང་ཆེད་ཁྱབ་བདག་འཇམ་དཔལ་གྱིས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཉུང་ངུའི་རྒྱུད་ནི་རབ་ཏུ་གསལ་བའི་ཚིག་གིས་གསུངས། །གང་ལ་དཔལ་ ལྡན་ཐུགས་རྗེ་ཆེན་པོ་བཅོམ་ལྡན་འཇིག་རྟེན་དབང་ཕྱུག་སྤྲུལ་པ་དེས། །ཐམས་ཅད་དོན་ཅན་ཤིན་ཏུ་གསལ་བའི་ཚིག་གིས་རྒྱས་འགྲེལ་དྲི་མ་བྲལ་འོད་མཛད། །དེས་གསལ་བྱས་པའི་སངས་རྒྱས་རིན་ཆེན་སྙིང་པོ་བསོད་ནམས་བདག་ཉིད་ལས་ཐོབ་ནས། །ངེས་པའི་དོན་ གྱི་བདུད་རྩི་བསྟེན་པས་སྲིད་པའི་དུག་རྣམས་འཇོམས་བྱེད་དགའ་བར་བྱེད། །ཤེས་བྱའི་ཚོགས་རྣམས་ཀུན་གྱི་གཞི་རྟེན་བཅོམ་ལྡན་ཀུན་མཁྱེན་མཚན་གྱི་རྗེས་མཐུན་དང་། །དམ་པ་དེ་ཉིད་རིན་ཆེན་ཆུ་གཏེར་གང་དུ་དབང་ཕྱུག་ལ་སོགས་རྩ་རུ་བཤད། །གང་དུ་ཤེས་རབ་ཕ་ རོལ་ཏུ་ཕྱིན་པའང་མཐའ་དག་འདུ་བའི་རྣམ་རྟོག་ལྗོན་ཤིང་རྣམས། །རབ་ཏུ་འཇིག་བྱེད་ནམ་མཁའ་ལས་བྱུང་སངས་རྒྱས་དག་པའི་བདག་ཉིད་སྐྱེད་བྱེད་མའོ། །དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པ་མིག་འབྱེད་ལ། །ཐུགས་རྗེ་ཆེན་པོ་རྒྱས་པས་བརླན་པ་བསམ་ 14-1-286b པའི་བརྟེན་ཟ་ལས། །ཡོད་དང་མེད་དང་གཉིས་ཀ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་འཆར། །དེ་ལྟར་རྫོགས་པའི་རིམ་པ་གསལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་ལམ་སྒོམ་པའི་རྗེས་སུ་མཐུན་པ་དཔལ་དང་ལྡན་པའི་རྒྱུད་དང་པོའི་སངས་ རྒྱས་ལ་སོགས་པ་གསུང་རབ་རིན་པོ་ཆེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པ་རྣམས་ཡང་དག་པར་བསྡུ་བར་བྱའོ། །གང་སངས་རྒྱས་རིན་ཆེན་ཟ་མ་ཏོག་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་སུ་གསུངས་པ། གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་ དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། །ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་ནི་མི་འདོད་དེ། །འགྱུར་བ་མེད་པས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་རྣམས་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་ དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་པར་བྱེད་པ་ལ་མངོན་པར་དགའ་བའི་རྣལ་འབྱོར་པ་བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་ཡོངས་སུ་སྤངས་པ་དུ་བ་ལ་སོགས་པའི་ མཚན་མ་ཡོངས་སུ་བསྒོམས་པ་ལས་དང་པོ་པ་དབུ་མ་རྣམ་པར་སྦྱངས་པ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་བཅིངས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། བུ་དང་ཆུང་མ་ལ་སོགས་པ་དང་རང་གི་ ལུས་ལ་ལྟོས་པ་མེད་པ། །ཚོགས་གང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་དུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞིས་རྣམ་པར་གནས་པ། ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་མངོན་པར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་གནས་པར་འདོད་པ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ཁམས་ལ་རྣམ་པ་ 14-1-287a ཐམས་ཅད་པ་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་མ་སྐྱེས་པའི་ཆོས་ངེས་པར་མཐོང་བ། རང་གི་སེམས་ཀྱིས་སྤྲོས་པའི་སྣང་བརྙན་ནམ་མིག་ཡོར་རྨི་ལམ་དང་མཚུངས་པ་ཉིད་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པས་སྟོང་པ་ཆད་ པའི་སྟོང་ལ་ཉིད་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོའི་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ལམ་གཅིག་ཏུ་མཁས་པ། མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི་འདོད་དོ་ཞེས་པའོ། །དེ་བཞིན་དུ། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཞི་ལ་རབ་ཏུ་དབྱེ་བའི་བཅུ་དྲུག་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པས་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་ནི། །དེ་ཁོ་ན་ ཡི་སྒྲུབ་ཐབས་གཞན་ཡོད་མིན། །ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་སྣང་བར་རྟོག་པ་ཡི། །བསྒོམ་པའི་ ཐབས་རྣམས་ཀྱིས་ནི་མི་མཐོང་སྟེ། །དེ་ཉིད་དུ་འདི་ལ་ལ་ནཱ་དང་ནི། །རོ་མ་གཅིག་ཏུ་སྦྱོར་བ་མཐོང་བར་འགྱུར། །དུ་བ་ལ་སོགས་མཚན་མ་རྣམས་ཀྱང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འགག་པ་དང་། །རིག་མའི་བརྟུལ་ཞུགས་ཀྱིས་ནི་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་ འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་ཅེས་པ། །མངོན་པར་སྒྲུབ་པ་འམ་ཕོ་ཉ་མོ་ཀུན་ཀྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་འཐོབ་འགྱུར། །གཟུགས་ལ་སོགས་པ་རྟོག་པར་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ 14-1-287b ནི། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །གང་རྣམས་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་གྱི་བྱ་བ་དགེ་བ་རྟག་བརྩོན་པའི། །སློབ་མ་དག་པ་རྣམས་ལ་ལམ་རྣམས་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། ། ལམ་བཟངས་རིན་ཆེན་འདི་ནི་བག་མེད་ཀྱི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་རྣམས་སུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། ། གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ན། །ལམ་བཟངས་རིན་པོ་ཆེ་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང་། །བརྫུན་དང་ཚིག་རྩུབ་དང་ནི་ཕྲ་མ་དང་། །འཁྱལ་བར་གྱུར་པའི་ཚིག་དང་བརྣབ་སེམས་དང་། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་ དང་། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང་། །གསོད་འཁུ་དབང་པོ་ཀུན་ནས་ཆགས་པ་སྟེ། །ཆོམ་རྐུན་ལྔ་པའི་ལྔ་པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་དང་སྣ་ཚོགས་པའི། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་ འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང་། །རྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །གང་ཕྱིར་རང་ཉིད་རྟོག་པ་པོ་མིན་པ། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། གཡོན་ཅན་གཞན་ལ་སྟོན་པ་མིན་ཞེས་པའི། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་རྣམས་ རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་རྣམས་ཀྱིས་ནི་རྣམ་དག་ངག་རྣམས་ཀྱིས། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཕ་དང་མ་དང་བུ་མོ་སྲིང་མོ་དང་། །བུ་དང་སྤུན་ཟླ་འདོད་པའི་ ཆུང་མ་ཡིན། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟངས་རིན་ཆེན་སློབ་མ་རྣམས་ཀྱིས་ནི། །ཆོམ་རྐུན་རྩ་ལག་ཡོངས་སུ་གཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །དཔའ་བོའི་རིམ་པ་བདག་ 14-1-288a བྱིན་རླབས་པ་ཡི། །རིམ་པའང་ཐར་པའི་ཆེད་དུ་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །མཚམས་མེད་ལྔ་པོ་བྱེད་པ་རྣམས་ཀྱང་ནི། །དབང་བསྐུར་དོན་ནི་བདེ་བ་གང་ཞིག་གིས། །ཐབས་ དང་ཤེས་རབ་བདག་ཉིད་རྒྱུད་དུ་ནི། །རྒྱལ་བའི་དབང་པོས་ཡང་དག་གཟུང་བར་འགྱུར། །དཔའ་བོའི་རིམ་ནི་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། །བདག་བྱིན་རླབས་པའི་རིམ་པ་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་གྱུར་པའི་ མིག །འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་བུ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་ཤིང་ཉམས་ལས་ཡང་དག་འབྱུང་བ་བཞིན། །སྡིག་སྲིན་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་རྣམས་དེས་ ཉམས་བྱེད། །དེ་བཞིན་རྣལ་འབྱོར་རྣམས་ཀྱི་སེམས་དེས་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པར་འགྱུར། །གཉིས་མེད་གཡོ་བ་མེད་དང་གཉིས་རྟོག་མེད། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་ལས་འདས་པ་དང་། །ཡེ་ཤེས་ དང་ནི་སེམས་པ་ཀུན་ཏུ་བཟང་། །སྒྲ་འཐབ་མེད་དང་སྒྲ་ཆེ་བ་དང་ནི། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང་། །ཤེས་རབ་ཐབས་ཀྱི་བདག་ཉིད་རྣལ་འབྱོར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད་བདེ་ གཤེགས་རྣམས་ཀྱིས་བསྟེན་ཞིང་བརྟན་པ་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་ཀུན་གྱིས་ཡང་དག་བསྡུས་གྱུར་པའོ། །དང་པོར་ཡང་དག་བསྟེན་པར་བྱ་བ་བླ་མའང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་པ་ལྷག་པར་གནས། །དེ་ཁོ་ན་ཉིད་ སྒོམ་ཞིང་མ་ཆགས་དྲི་མ་རྣམ་བྲལ་བཟོད་པའི་ངང་ཚུལ་ལམ་ལ་འཇུག །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། ། 14-1-288b ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་གཉིས་འདིར་འགྱུར་ཏེ། །མངོན་སུམ་དེ་ཁོ་ན་ཉིད་སྦྱོར་ལས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཁོ་ན་ཉིད་མིན་པས་རྟག་པ་གང་། ། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་སྒོམ་པའི་དོན། །འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམས་ཀྱི་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་ པ་དེ་དག་ལས་མངོན་སུམ་གང་ཡིན་པ་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་རྨི་ལམ་དང་སྒྱུ་མ་དང་མཚུངས་པའོ། །འདིར་དང་ པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་གཟུགས་བརྙན་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་འདོད་ཆགས་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་ཆེད་དུ་གསུངས་ཏེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་དམུས་ལོང་ངོ་ཞེས་པ་དེ་ཁོ་ན་ཉིད་སྒོམ་པའི་ངེས་པའོ། །དེ་ཁོ་ན་ཉིད་མ་ཡིན་པའི་སྒྲུབ་པར་བྱེད་པ་ལ་མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ ལུས་བཞིན། དེ་ཁོ་ན་ཉིད་མིན་པས་བརྟགས་པ་གང་། །དེ་ནི་རི་མོ་སོགས་ལ་བལྟ་བར་བྱ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ་བར་བྱ་སྟེ། བྱིས་པའི་རྣལ་ 14-1-289a འབྱོར་པ་དམན་པ་རྣམས་ཀྱི་སྒོམ་པའི་དོན་དུའོ་ཞེས་པ་རྣམ་པར་རྟོག་པ་སྒོམ་པའི་ངེས་པའོ། །བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱི་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་ འགྱུར། དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་འཕོ་བ་མེད་པའི་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། །འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པ་བྱས་ཏེ། ཕྱི་རོལ་དུ་བདུད་རྩི་ལྔ་ནི་བཤང་བ་ལ་སོགས་པའོ། །སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ། ལྷ་མཉེས་པའི་དོན་དུ་དེ་རྣམས་ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །སོགས་པའི་སྒྲས་ནི་དབང་པོ་ལྔ་རྣམས་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ ནི་བསྙེན་པ་སྟེ། །ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་བཤང་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། །ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་ པ་དང་། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། འཕོ་བའི་ལོངས་སྤྱོད་ཀྱི་བདེ་བ་ལ་ལྟོས་པ་མེད་པ་སྟེ་ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་པའི་དོན་ཏོ། །འདིས་ལྷ་མཆོག་སྦྱིན་པར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཆགས་པས་ནི་མ་ཡིན་ནོ་ཞེས་སོ། ། སྔགས་ཀྱི་བཟླས་པ་སོགས་ཀྱིས་ཞེས་པ་ལ། །འདིར་སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་སྲོག་སྡོམ་པ་སྟེ། སོགས་པའི་སྒྲས་ནི་དབྱུང་བ་དང་དགང་བ་དང་། བུམ་པ་ཅན་གྱི་རྣལ་འབྱོར་ནི་རྟག་ཏུ་བསྙེན་པའོ། །དེས་ལྷ་མཆོག་སྟེར་བར་འགྱུར་གྱི་སྲོག་མ་བསྡམས་པས་ནི་མ་ཡིན་ ནོ་ཞེས་པ་ནི་ངེས་པའི་དོན་ཏོ། །དྲང་དོན་གྱིས་བགྲང་ཕྲེང་ལ་སོགས་པས་བཟླས་པ་ལ་སོགས་པ་བྱ་སྟེ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུའོ། །ད་ནི་ཉེ་བའི་བསྒྲུབ་པ་བརྗོད་པར་བྱ་སྟེ། །སོ་སོར་ཞེས་པ་ལ་སོགས་པས་སོ་སོར་སྡུད་པ་ཞེས་པ་ལ་འདིར་འཁོར་བ་རྣམས་ཀྱི་སྡུད་དང་མིག་ 14-1-289b ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པར་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་གཟུགས་ལ་མིག་ལ་སོགས་པ་གཞན་རྣམས་ཀྱིས་ཡུལ་འཛིན་པ་ནི་ཉེ་བའི་བསྒྲུབ་པའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་ རྩོལ་དང་འཛིན་པ་སྟེ། རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་བསྒྲུབ་པ་སྟེ་ངེས་པའི་དོན་གྱིས་སོ། །དྲང་བའི་དོན་གྱིས་ནི་ཕྱི་རོལ་དུ་ལྷ་སྤྲོས་པས་སོ་ཞེས་པ་ཉེ་བའི་སྒྲུབ་པའོ། །ད་ནི་སྒྲུབ་པ་གསུངས་པ། དགའ་བ་ཞེས་པ་ལ་སོགས་པ་སྟེ། འདིར་དགའ་བ་ལ་སོགས་པ་ རྣམས་ཀྱིས་རྡོ་རྗེ་གསུམ་པོ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་ཏེ། དེ་རྣམས་ཆུ་སྐྱེས་སུ་རོ་མཉམ་པར་གྱུར་པ་སྒོམ་པ་བསྒྲུབ་པར་འགྱུར་ཏེ་སྙིང་ག་དང་ལྟེ་བ་དང་གསང་བར་ཐིག་ལེ་རྣམས་གནས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་ སྦྱར་ལ་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་འགྱུར་བ་དེའི་ཚེ་སྒྲུབ་པ་ཆེན་པོ་སྟེ། ཕྲ་མོའི་རྣལ་འབྱོར་ལས་ནི་ཞེས་པ་ངེས་པའི་དོན་གྱིས་སུ་ཤུམ་ནའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་ངེས་པའི་དོན་གྱིས་བསྒྲུབ་པ་ཆེན་པོར་བརྗོད་པར་བྱའོ། །དྲང་བའི་དོན་གྱིས་ནི་ཤེས་རབ་ཀྱི་ཆོས་ འབྱུང་གི་སྣའི་རྩེ་མོར་ཡུངས་ཀར་ལ་སོགས་པའོ་ཞེས་པ་ངེས་པའོ། །དེ་ལྟར་བསྒྲུབ་པ་ཆེན་པོར་འགྱུར་རོ། །དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་ཡང་དག་འཛིན། དེ་ནས་གཟུགས་རྣམས་བསྐྱེད་ཅིང་རབ་མཆོག་རོ་ཡི་རིག་རྣམས་ཀྱིས་ནི་ཡི་གེ་ འགོད་པ་ཉིད། །འདི་ཅིའི་བསྙེན་པ་ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་བསྒྲུབ་པའི་འབྲིང་པོ་ཡང་། །འདིར་ཐབས་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་བསྒྲུབ་པའི་ཡན་ལག་དེ་བཞིན་ཉིད། །འདིར་བསྐྱེད་པའི་རིམ་པས་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་བྱ་བ་ནི་སྲོག་ ཆགས་རྣམས་ཤི་བའི་མཐར་ཕུང་པོ་ཡོངས་སུ་དོར་ཞིང་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་པར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་གཅིག་པོ་སྲིད་པ་གསུམ་མཐོང་བ་ནི་སྟོང་ཞེས་བརྗོད་པར་བྱའོ། །ངེས་པར་གདོན་མི་ཟ་བར་རོ། །སྐད་ཅིག་དེ་ཡི་ཕྱི་ནས་ཟླ་བ་ཐིག་ལེ་ཡང་དག་ 14-1-290a འཛིན། །ཞེས་པ་འདིར་ཀུན་གཞི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ནི་ཡང་དག་འཛིན་ནོ། །དེ་འོག་ཏུ་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་གཟུགས་རྣམས་བསྐྱེད་པ་ཞེས་བྱ་བ་ནི་ཟླ་བ་བདུན་པ་རྣམས་ཀྱིས་མངལ་རྫོགས་པ་སྟེ། ལུས་རྫོགས་པའོ་ཞེས་པའི་དོན་ཏོ། །དེ་ནས་རབ་མཆོག་རོ་ཡི་རིགས་རྣམས་ཀྱིས། །ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་དགོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ་ཞེས་པའོ། །དེ་བཞིན་དུ་ལྷའི་རྣལ་འབྱོར་ལ་ཡང་བརྟགས་ པའི་བདག་ཉིད་བསྒོམ་པར་བྱ་སྟེ་ལས་དང་པོ་པས་སོ། །འདི་ནི་སྤྱིའི་བསྙེན་པའོ། །ཆུའི་གཏེར་རྣམས་ཀྱིས་ཞེས་པ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྫོགས་པ་རྣམས་ཀྱིས་བསྒྲུབ་པ་འབྲིང་པོ་ཡང་སྟེ་སྲོག་རྫོགས་པའོ། །འདིར་ཐབས་རྣམ་བཞིར་འགྱུར་ཏེ་ཞེས་པ་བསྙེན་པའི་ཡན་ ལག་དང་ཉེ་བའི་སྒྲུབ་པའི་ཡན་ལག་ལ་དམན་པ་དང་བརྟན་པའོ། །སྒྲུབ་པའི་ཡན་ལག་ལ་དེ་བཞིན་ཁོ་ནར་ལོ་བཅུ་དྲུག་གི་མཚམས་སུའོ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་སྐྱེས་པའི་བྱིས་པའོ། །སོ་སྐྱེས་པས་འབྲིང་པོའི་བྱིས་པའོ། །སོ་ལྷུང་ནས་གཞོན་ནུའོ། །སླར་ཡང་སོ་སྐྱེས་ ནས། ལོ་བཅུ་དྲུག་གི་རྗེས་ལ་དར་མ་སྟེ་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་ནི་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་པའི་བདེན་པས་སངས་རྒྱས་ཀྱི་གཟུགས་རྫོགས་ པར་བརྗོད་པར་བྱ་སྟེ། །འདིར་དང་པོ་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ནས། ཟླ་བ་ཐིག་ལེ་ཡང་དག་འཛིན། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་རྣམས་བསྐྱེད་ཅིང་ཞེས་པ་དང་། ཐིག་ལེ་དེ་ནས་སྣ་ཚོགས་གཟུགས་མཐོང་བ་ནི་གཟུགས་སྐྱེ་བའོ། །རབ་མཆོག་རོ་ཡི་རིགས་རྣམས་ཀྱིས། །ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ཞེས་པ་ནི་ཉི་ཚེ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ། །དེའི་ཕྱིར་ས་ཐོབ་ 14-1-290b པ་ནི་དམན་པ་ལ་སོགས་པའི་དབྱེ་བས་འགྱུར་ཏེ། །ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །དེའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་སོ། །དེ་བཞིན་དུ། སྟོང་པར་དུ་བ་ལ་སོགས་ལམ་དུ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་བའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པའང་བྱེད་པ་སྟེ། །ཕྱི་ནས་བཟླ་བའི་འགོག་པ་བཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ ཞིག་ཅུང་ཟད་འདོད་པ་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་སོ། །ལམ་གྱི་རྒྱལ་པོ་འདི་སྒོམ་པའི་རིམ་པའི་མན་ངག་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པ། འདི་ལྟ་སྟེ། །དུ་བ་ལ་སོགས་བསྒོམས་ནས་ནི། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱངས་པ་བྱས་ ནས་ནི། །མཆོག་ཏུ་མ་འགྱུར་བསྒྲུབ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་གི་ཐིག་ལེར་གཞུག་པར་བྱ། །འཁོར་ལོར་ཐིག་ལེ་ཐིག་ལེ་ཡི། གཡོ་བ་རྡོ་རྗེར་དགག་པར་བྱ།རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེ་དང་འགྲོགས་པ་ཡི། ། རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །རྣམ་པ་གཞན་དུ་ན། ཤེས་རབ་མ་དང་འགྲོགས་མི་བྱ། །ཇི་སྲིད་བཅུ་ནི་མ་ཤར་བར། །རྣལ་འབྱོར་པ་ནི་ ཕྱིའི་གཡེང་བ། །ཡོངས་སུ་ཆད་ནས་མཚན་མ་རྣམས། །སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཏེ་རྣམ་པ་བཅུའོ་བསམ་གཏན་མི་སྐྱོང་བ་ཉིད་དོ། །སྲོག་རྩོལ་ཡང་ནི་རལ་གྲི་ཅན་ནོ་སླར་ཡང་རྣམ་བཅུའོ་འཛིན་པ་ཕྱག་ན་རིན་ཆེན་ཉིད། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་ འགྱུར་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་ཀྱིས་ཕྱི་བའོ། །སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་རྣམས་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་ཡང་ནི་ཤེས་རབ་རྟོག་དཔྱོད་དགའ་དང་གཡོ་མེད་བདེ་བ་ 14-1-291a སེམས་རྩེ་གཅིག་པའོ། །སྲོག་གི་རྩོལ་བ་ཡང་ནི་ལམ་ནི་གཉིས་པོ་ཉམས་ཤིང་དབུ་མར་སྲོག་ནི་ཞུགས་པར་འགྱུར། །ཐིག་ལེར་སྲོག་རབ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་སེམས་རྩེ་གཅིག་པ་འཛིན་པའོ། །གཏུམ་པོའི་སྣང་བ་གང་ཞིག་ངེས་པར་ ལུས་དང་ནམ་མཁའ་ལ་ཡང་འགྱུར་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་སྒྲུབ་ཐབས་རྣམ་གསུམ་འགྱུར། ། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་སྤྱོད། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་བྲལ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བདག་པོ་སྦྱོར་བས་ གདབ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་འགྱུར་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པ་ཡང་དག་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་ཡེ་ཤེས་གཟུགས་ ལས་སོ། །དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་འགྲུབ་བོ། །སོ་སོར་སྡུད་པ་སོགས་ཀྱིས་གལ་ཏེ་སྔགས་པ་སོགས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུའི་སྟོབས་ཀྱིས་ཐིག་ལེ་བཀག་ནས་བསྒྲུབ། ། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བས་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་བསྒྲུབ་ལ་ཡན་ལག་དྲུག །ཤེས་པ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་ བསྒྲུབ་པ་ལ། །བདེ་བ་མི་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་བསྒྲུབ་པ་ཆེན་པོ་ལའོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་བརྗོད་པར་བྱ་སྟེ་སོ་སོར་སྡུད་པ་ཞེས་སོ། །ལས་དང་པོ་ལ་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་ 14-1-291b བ་རྣམ་པ་བཅུ་སྟེ། དུ་བ་དང་། སྨིག་རྒྱུ་དང་། མཁའ་སྣང་དང་། མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་དང་། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་པ་ཉིད་དེ་རྣམ་པར་ཤེས་པའི་ཕུང་པོའོ། །རྣམ་པ་བཅུ་ནི་ ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་ནོ། །སྲོག་རྩོལ་ཡང་ནི་རལ་གྲི་ཅན། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་རྣམ་པ་ བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་པ་ཚོར་བའི་ཕུང་པོ་སྟེ། སྲོག་གི་འཛིན་པ་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་ཞེས་ པ་འདུ་ཤེས་ཀྱི་ཕུང་པོའོ། །གཡུང་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་བཅུ་སྟེ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཏེ་རྣམ་པར་སྣང་མཛད་དོ། །ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་ བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གང་དག་གི་ཕྱིར་རླུང་རྣམས་མི་འབབ་པས་སོ་ཞེས་པའི་དོན་ཏོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། སོ་སོར་ཞེས་པ་ལ་སོགས་པའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་བ་ལས་རྣམ་པར་ཤེས་པ་མི་འཇུག་པ་སྟེ། །སྟོང་པ་ཉིད་ཀྱི་ཡུལ་རྣམས་ལ་མིག་ལ་སོགས་པ་གཞན་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ལྟ་བ་དང་། རྟོག་པ་ཞེས་པ་དངོས་པོ་ འཛིན་པ་དང་། དཔྱོད་པ་ཞེས་པ་དེའི་དོན་ངེས་པར་བྱེད་པ་དང་། དགའ་བ་ཞེས་པ་གཟུགས་ལ་ཆགས་པ་དང་། གཡོ་མེད་བདེ་བ་ཞེས་པ་གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་དང་། འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། ། 14-1-292a འདིར་སྲོག་གི་རྩོལ་བ་ཞེས་བྱ་བ་ཡང་ནི་གཉིས་པོ་ཞེས་པ་གཡོན་པ་དང་གཡས་པའི་ལམ་ཉམས་པ་སྟེ་འགོག་ཅིང་དབུ་མའི་ལམ་དུ་འཇུག་པའོ། །དེ་ཡང་དཀྱིལ་འཁོར་ལས་འགོག་པ་ལས་རྣམ་པ་བཅུའོ། །འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་རབ་ཏུ་འཇུག་པ་ གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་འགྲོ་བ་དང་འོང་བ་འཛིན་པ་སྲོག་དཔྲལ་བར་འཛིན་པས་སེམས་རྩེ་གཅིག་པ་ཞེས་བྱ་བའོ། །གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལས་གྱུར་པ་དེ་ནི་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུ་ནི་སྔར་གསུངས་ཟིན་ཏོ། །ཤེས་རབ་ཐབས་ཀྱི་ བདག་ཉིད་ཀྱིས་ནི་ཞེས་པ་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པ་ཉིད་ཀྱིས་ཏེ། འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཏོ། །དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །དེ་ལྟར་རྣལ་འབྱོར་ཡན་ལག་དྲུག་གི་སྒྲུབ་བྱེད་དོ། །འདི་རྣམས་ དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ། །ཞེས་པ་ནི། རྣམ་གསུམ་བགྲོད་པའི་དབང་གིས་ཏེ། །འདིར་བྱང་ཆུབ་ཀྱི་སེམས་འགྱུར་བའི་བགྲོད་པ་ནི་དམན་པའི་གནས་ སྐབས་སོ། །གཡོ་བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་སོ། །མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་ལྟར་ལས་ཀྱི་ཕྱག་རྒྱ་ནི་འགྱུར་བའི་བདེ་བ་སྦྱིན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་ པའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་ཆེད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ་ཞེས་པའོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་བརྗོད་པར་བྱ་སྟེ། སོ་སོར་ཞེས་ པ་ལ་སོགས་པའོ། །འདིར་གང་གི་ཚེ་རྣལ་འབྱོར་པ་སོ་སོར་སྡུད་པ་གཟུགས་བརྟན་པར་གྱུར་པས་རྣམ་པར་དག་པར་འགྱུར་བ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྟེར་བར་བྱེད་དོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་ 14-1-292b འགྱུར་ཏེ་མིའི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་པ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་སྟེ་བསམ་གཏན་རྣམ་པར་དག་པ་ལ་འགྱུར་རོ། །སྲོག་གི་རྩོལ་བས་དག་པ་ཞེས་པ་ནི་འདིར་གང་གི་ཚེ་རྣལ་འབྱོར་པ་ ཉི་མ་རི་བོང་ཅན་གྱི་ལམ་དང་བྲལ་ཏེ། རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི་ཚེ་སྲོག་གི་རྩོལ་བས་དག་པར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་ པ་ནི་སྟོང་པ་ཉིད་ཀྱི་ག་གཟུང་བ་ལ་འཛིན་པའི་སེམས་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་གི་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་འདྲེས་པར་འགྱུར་བས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ནི་གཟུགས་ལ་འཁྱུད་པའི་སེམས་ཀྱིས་རྣམ་པར་རྟོག་པ་ཐམས་ ཅད་དང་བྲལ་བ་ཉིད་དེ་དེ་ལ་ས་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་འོད་ཟེར་ལྔ་འཕྲོ་ཞིང་ཡེ་ཤེས་གཟུགས་ལས་ཞེས་པ་སྟོང་པའི་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་དག་པ་ན་ཞེས་པ་འདིར་གཟུང་བ་དང་འཛིན་པའི་སེམས་དག་ གཅིག་ཉིད་ཀྱིས་འགྱུར་བ་མེད་པའི་བདེ་བར་གྱུར་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་དུ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་དེ་ལས་དག་པ་དྲི་མ་མེད་པ་ཉིད་དུ་གྱུར་པ་ནི་ཉིན་ཞག་ཉུང་ཟད་རྣམས་ཀྱིས་ཞེས་པ་ཕྱོགས་གསུམ་དང་ལོ་གསུམ་རྣམས་ཀྱི་ཡེ་ཤེས་ལུས་ནི་གྲུབ་པར་འགྱུར་ཞེས་དབང་བཅུ་ལ་སོགས་པ་ ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ལྟར་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ། །ད་ནི་སྟོབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་གཟུགས་མཐོང་བར་འགྱུར་བ་ན་སྲོག་མ་བསྡམས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མི་ སྐྱེ་བ་དེའི་ཚེ་ནཱ་ད་གོམས་པར་འཆད་པར་འགྱུར་བའི་སྟོབས་ཀྱིས་སྲོག་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་དོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགོག་པ་ལས་མི་གཡོ་བས་མི་འགྱུར་བའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་པ་སྟོབས་ཀྱི་རྣལ་འབྱོར་རོ། །ནཱ་ད་གོམས་པ་ནི་འདི་ཉིད་ 14-1-293a དུ་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། །ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡིན་མཐར་འགྲོ་བ། །དེ་ནི་ལྟེ་བར་ཡང་དག་བཀག་ནས་གློག་གི་མེ་དང་མཚུངས་པའི་དབྱུག་པའི་གཟུགས་ཅན་ལངས་པ་ ལས། །འཁོར་ལོ་ལས་ནི་འཁོར་ལོ་གཞན་དུ་ངེས་པར་དལ་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་སྟོབས་ཉིད་ཀྱིས་ནི་ཕྱི་རོལ་པགས་པ་ལ་ནི་ཁབ་བཞིན་རེག་པར་བྱེད། །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་ བསྐུལ་བར་བྱ། །ཟུང་ནི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་ཕ་རོལ་གྲོང་དུ་འགྲོ་བར་འགྱུར། །འདི་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ ཡུམ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པའི་ཆེད་དུ་ལྟ་སྟངས་བརྗོད་པར་བྱ་སྟེ། བསྙེན་པ་ཞེས་པ་ལ་སོགས་པའོ། །འདིར་བསྙེན་པ་ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་སྒོམ་པ་ན་སྟེ། བསྙེན་པ་དེ་ལ་དང་པོའི་རྣལ་འབྱོར་ནི་སེམས་ཀྱི་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་ཡིད་ཆེས་པར་བྱེད་པ་རྣམ་པ་བཅུར་འགྱུར་ཏེ་དེས་ན་རྣམ་པ་བཅུའོ། །དེ་ནི་འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་ཞེས་པ་མིག་མི་འཛུམས་པར་སྟེང་དུ་ལྟ་བས་མཚན་པར་འགྱུར་ཏེ། མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་ དང་། ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ། དེ་ལ་གཟུགས་ཀྱི་མཐར་ཐུག་པ་སོ་སོར་སྡུད་པ་དང་བསམ་གཏན་གྱི་བསྙེན་པའི་ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བས་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེ་ལྟ་བས་ནི་བདུད་རྩིའི་གནས་སུ་ སོན་པ་སྟེ་དཔྲལ་བའི་གནས་སུ་སོན་པའོ། །ལྟ་སྟངས་དེས་ཏེ་བགེགས་མཐར་བྱེད་ཀྱི་བདུད་རྩིའི་ལམ་དུ་སོན་པས་ཉེ་བའི་སྒྲུབ་པ་ལ་ཡན་ལག་དྲུག་གོ། །ཀྱང་ཡིག་ལས་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གི་གཟུགས་མཐོང་བར་གྱུར་པ་ན་ཉེ་བའི་བསྒྲུབ་པའོ། །ཤེས་རབ་ལ་སྤྲོ་ 14-1-293b ཟླ་བ་ཐིག་ལེ་ཞེས་པ་འདིར་ཤེས་རབ་ཀྱི་ཆགས་པས་སྤྲོས་པ་ཡང་འདི་ཡིན་ལ། ཟླ་བ་ཐིག་ལེ་ཡང་ཡིན་པ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུ་སོན་པ་དེའི་ཡང་གསང་བ་དང་ལྟེ་བ་དང་སྙིང་གར་འགྱུར་མེད་གསུམ་དུ་གྱུར་པ་གང་ཡིན་པ་དེ་ནི་སྒྲུབ་པའི་ཡན་ལག་ལ་ཞེས་པ་གསུམ་ སྒྲུབ་པའི་ཡན་ལག་ལ་འགྱུར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་བྱ་བ་ལ། འདིར་བདེ་བ་མ་ཉམས་པས་བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་བརྗོད་པར་བྱ་སྟེ། ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་ བསྒྲུབ་པ་ཆེན་པོ་ལ་ཞེས་པ་སེམས་ཀྱི་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་བསྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པའོ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་ལ་ནི་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་ དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་སྟེ་མཁའ་ལ་གནས་པ་ནི། །སེམས་ཀྱི་རང་བཞིན་འགྲོ་བ་དུ་མའི་ངོ་བོའི་སེམས་ལ་འཁྱུད་པར་བྱེད་དོ་དེ་ནི་གཅིག་པུའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་འདོད་ཆགས་ལ་སོགས་ཀྱང་ སྟེ་རྣལ་འབྱོར་པ་ལ་ལོ་ཡི་སྦྱོར་བས་བདེ་བམ་ཉམས་སྟེར་བར་བྱེད། །ཤེས་རབ་ཡེ་ཤེས་ཀྱང་སྟེ་སེམས་དང་དེ་ཡི་སྣང་བ་ཉིད་ནི་རྣམ་པ་བཅུ་པོར་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་གཟུགས་བརྙན་ལྟ་བུར་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་ བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པ་དེ་ནི་དཔལ་ལྡན་བླ་མའོ། །འདིར་ཤེས་རབ་ཡེ་ཤེས་ནི་གྲངས་བཞིན་དུ་འཛིན་པར་བྱེད་པའི་སེམས་དང་སེམས་ཀྱི་གཟུང་བར་བྱ་བ་གང་ཡིན་པ་དུ་བ་ལ་སོགས་པ་རྣམ་ 14-1-294a པ་བཅུ་པོ་སྟེ་མེ་ལོང་གི་སྣང་བ་པྲ་ཕབ་ལྟ་བུ་དེ་ཉིད་ནི་ཡེ་ཤེས་ཏེ་གཟུང་བར་བྱ་བའི་སེམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་རང་གི་མིག་དང་གཟུགས་བརྙན་ནི་མིག་དང་གཟུང་བར་བྱ་བ་ཡིན་པ་དེ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱང་སྟེ་དབང་བསྐུར་འདི་ལ་ ཞུགས་པ་གང་ཡིན་པ་ཞེས་པ་ནི་འདིར་འཛིན་པར་བྱེད་པའི་སེམས་ཀྱི་གཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའོ། །ཡན་ལག་དྲུག་ལ་སོ་སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་ཞུགས་པ་ཞེས་རྗོད་པར་བྱེད་དོ། །གང་ ཞུགས་པ་དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་མི་འགྱུར་ཉིད་ནི་བཞི་པ་སྟེ། བདེ་བ་བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་པའི་དོན་ཏོ། །དགོད་པ་དང་། ལྟ་བ་ དང་། འཁྱུད་པ་དང་། ལག་བཅངས་ཏེ། གཉིས་གཉིས་འཁྱུད་པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སོ་སོར་སྣང་བའོ་ཞེས་པའོ། །སངས་རྒྱས་ཞལ་འདི་སྟེ་ཡེ་ཤེས་ཀྱི་ཞལ་སློབ་དཔོན་གང་གི་སྙིང་ལ་གནས་པ་ཞེས་པ་ མྱངས་ཤིང་རང་གིས་ཉམས་སུ་མྱོང་བ་དང་། སློབ་མ་རྣམས་ལ་རྟོགས་སུ་གཞུག་པའི་ཆེད་དུ་དུས་ཐམས་ཅད་དུ་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ་ཞེས་པའི་དོན་ཏོ། །གཞན་དབང་པོ་གཉིས་ཀྱི་བདེ་བ་རྟོག་པར་བྱེད་པ་པོ་རྣམས་ནི་མ་ཡིན་ནོ་ཞེས་པའོ། །ནམ་ མཁར་ཀུན་ནས་ཆགས་པའི་སེམས་ཀྱིས་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་དྲི་མ་མེད་པའི་མཁའ་སྣང་རབ་གསལ་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་ དབུས་སུ་ཡེ་ཤེས་གཟུགས་ནི་ཡུལ་དང་རྣམ་པ་དང་བྲལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ད་ནི་རང་གི་སེམས་འདིའི་རང་གི་སྣང་བ་ལ་རབ་ཏུ་ཞུགས་པ་གསུངས་ཏེ། ནམ་མཁར་ཞེས་པ་ལ་སོགས་པའོ། །འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་ 14-1-294b རྣམ་པ་གཉིས་ཏེ། ནམ་མཁའ་ལ་དང་། བླ་ག་བ་མེད་པའོ། །གང་ཞིག་ནམ་མཁའ་ལ་རྣམ་པར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁང་པར་མུན་པ་ལ། ནམ་མཁའ་ཀུན་ནས་ཆགས་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་ཞུགས་པ་ཞེས་པ་འདིར་ དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །ཞེས་པ་ནི་མཚན་ མོའི་རྣལ་འབྱོར་གྱིས་མཐོང་ངོ་། །དེ་ནས་ནམ་མཁའ་སྤྲིན་མེད་པ་ལ་ལྟ་སྟེ། ནམ་མཁའ་དེ་ལ་ཉིན་མོའི་རྣལ་འབྱོར་གྱིས། །ནམ་མཁའ་ལས་བྱུང་རབ་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་སྟེ། སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ་འོད་ ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ཟླ་བའི་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྟེ། སྒྲ་གཅན་གཟི་བརྗིད་ཆེན་པོའོ། །འོད་གསལ་ནི་གློག་སྟེ་མཆོག་གི་ཆ་ཤེས་པའོ། །སྔགས་མཆོག་དབང་པོ་རིག་སྔགས་རྒྱལ་ནི་ཐིག་ལེའོ། ། དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་གྱིས་དང་། མཚན་ཡང་དག་པར་བརྗོད་པར་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་རྣམ་པ་ཐམས་ཅད་དུ་ བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་བརྙན་མཐོང་ངོ་ཞེས་པའོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་སྟེ་དེའི་རྫས་མེད་པའི་ཕྱིར་དང་། རྟོག་པ་མེད་པའི་ཕྱིར་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མའོ། །དེ་ནས་ གཟུགས་བརྙན་གྱི་རྣལ་འབྱོར་གྱི་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཁོ་ན་ཐོས་ཏེ་དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཆུ་འཛིན་བྲལ་བར་གྱུར་པ་རྣལ་འབྱོར་པ་ཡིས་རེངས་པའི་མིག་གིས་བལྟ་ 14-1-295a བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་གྱུར་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུར་རྙོག་པ་མེད་པ་སྣ་ཚོགས་མདོག །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བའི་སེམས་ནི་གཞན་པ་མིན་པ་ཉིད། ། འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་རྣལ་འབྱོར་པའི་རེངས་པའི་མིག་གིས་བལྟ་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ན་ཉི་མའི་འོད་ཟེར་རྣམས་ཀྱིས་མིག་རབ་རིབ་ཏུ་འགྱུར་ཏེ་ངོ་ཡིས་ཏེ་གནོད་པ་ལས་སོ། །ཉིན་མོ་སོ་སོར་ བལྟ་བར་བྱ་སྟེ་ཇི་སྲིད་དུ་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་པ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་སྟེ་ཨ་ཝ་དྷཱུ་ཏཱི་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་མ་ལུས་ཆུ་ནང་ཉི་མ་བཞིན་དུ་རྙོག་པ་མེད་པ་ཁ་དོག་སྣ་ཚོགས་ཏེ་རྣམ་པ་ ཀུན་ལྡན་རང་སེམས་ཡུལ་དང་བྲལ་བ་རྣམས་སོ། །སེམས་ནི་གཞན་པ་མིན་པ་ཉིད། །གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་གྱི་སེམས་ཤེས་པ་མེད་པའི་ཕྱིར་རོ། །འདིར་དང་པོར་རང་གི་སེམས་ཀྱི་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་མཐོང་ཞིང་ཤའི་སྤྱན་དང་ལྷའི་སྤྱན་ དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ནི་སྒོམ་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ། །ས་ཡི་རྣམ་པར་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་ཡིན་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ས་ནི་ཆུ་ལ་རབ་ ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་མར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་འགྱུར་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་ 14-1-295b དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །དབུ་མར་སྲོག་གི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་གཅིག །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་། ། པདྨར་རྡོ་རྗེའི་སྒྲ་འམ་རང་གི་ལག་པ་ཆུ་ལས་སྐྱེས་པས་གསོར་བ་བདེ་བའི་རྒྱུ་རུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཕྱག་རྒྱ་ཆེན་པོའི་མན་ངག་འདི་ནི་མཆོག་གི་དང་པོའི་སངས་རྒྱས་ཀྱིས་ཀྱང་རབ་ཏུ་གསུངས་ པ་འདི་ལྟ་སྟེ། འདི་ཉིད་ཀྱི་ནི་སྒྲུབ་བྱེད་བྱ། །སྣང་བརྙན་བསམ་པ་མ་ཡིན་པ། །དུ་སོགས་མཚན་མ་དེ་རྣམས་ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། །རང་གི་སེམས་ཀྱི་ཡིད་ཆེས་དོན། །རྡུལ་ཕྲན་ལས་ སྐྱེས་ཚོགས་པ་རྣམས། །ཀུན་རྟོག་ཡོངས་སུ་དོར་བ་ཡིས། །དུ་བ་སྨིག་སྒྱུ་མཁའ་སྣང་དང་། །སྒྲོན་མ་འབར་བ་ཟླ་ཉི་དང་། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །བཙུམས་ཤིང་མ་བཙུམས་མིག་དག་གིས། །སྟོང་པར་གང་ཞིག་རྗེས་ བརྟགས་མིན། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །དངོས་མེད་གཟུགས་ལ་སྒོམ་པ་དེ། །རྣལ་འབྱོར་པ་ཡི་སྒོམ་མ་ཡིན། །དངོས་པོ་དངོས་མེད་སེམས་ཀྱིས་མིན། །གཟུགས་ལ་མ་བརྟགས་མཐོང་ཕྱིར་རོ། །ཇི་ལྟར་པྲ་ཕབ་གཞོན་ ནུ་མས། །མེ་ལོང་ལ་མཐོང་དངོས་སྐྱེས་མིན། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །དེ་ཡི་དངོས་པོ་དངོས་མེད་འགྱུར། །དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །དངོས་ལས་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་ བཞིན། །མེད་པའི་ཆོས་ཅན་ལ་ནི་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང་། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །སེམས་ཅན་རེ་བ་ཡོངས་སྐོང་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་པ་ཡི་རྐུན་པོ་མཐོང་། །ཉི་ཚེ་པ་ཡི་མིག་དག་གིས། །སོང་ནས་སྒྲུབ་པ་པོ་ཡིས་ 14-1-296a མཐོང་། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང་། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཅིས་མི་མཐོང་། །གཞན་གྱི་མིག་གིས་མི་མཐོང་ཞིང་། །རང་གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་ བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །སླར་ཡང་གང་གིས་སངས་རྒྱས་ཉིད་འགྲུབ་པའི་ཐབས་དེ་བརྗོད་པར་བྱ་སྟེ། རྣལ་འབྱོར་པ་ཉིད་ཅེས་པ་ལ་སོགས་པའོ། །འདིར་རྣལ་འབྱོར་པ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པའོ། །དེ་ལས་འཇིག་རྟེན་ ལས་འདས་པའི་རྣལ་འབྱོར་པ་ནི་སངས་རྒྱས་ཉིད་དོ། །དེའི་ཁྱད་པར་ནི་བསོད་ནམས་མཆོག་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཐབས་འདིས་རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ་ཞེས་པ་ལུང་གི་བརྗོད་པའོ། །ཐབས་འདི་ནི་རྣལ་ འབྱོར་ཡན་ལག་དྲུག་སྟེ་གཅིག་གིས་བར་བཅད་པའི་ཡན་ལག་རེ་དོར་ནས་དབུས་མ་རིམ་པ་མ་ཡིན་པས་གསུངས་སོ། །མ་བརྗོད་པ་ཡན་ལག་སྔ་མ་དེ་ཉིད་ནི་སྔ་མ་དང་ཕྱི་མ་བརྗོད་པའི་ཡན་ལག་གི་ཤུགས་ཉིད་ལས་རྟོགས་པར་བྱ་སྟེ། དཔེར་ན་འདི་ཉིན་མོར་བྱེད་པའོ་ཞེས་བརྗོད་པ་ན་ གཞན་མཚན་མོར་བརྗོད་པ་ཞེས་མ་བརྗོད་ཀྱང་ཤུགས་ཉིད་ལས་ཉེ་བར་ཐོབ་པ་བཞིན་ནོ། །དེ་ལྟར་ཕན་ཚུན་ལྟོས་པའི་ཆོས་ནི་མ་བརྗོད་པའི་ཆོས་ལས་ཐོབ་པོ། །དེའི་ཕྱིར་རྒྱུད་འདིར་རེ་རེས་བར་བཅད་པའི་ཡན་ལག་ཕྱི་མ་གསུམ་བསྟན་ཏེ། དབུས་སུ་གསུངས་པའི་ཡན་ལག་སྔ་མར་བྱ་བ འདིར་བླ་མའི་གདམས་ངག་ལས་སོ་ཞེས་རིག་པར་བྱ་སྟེ། ཐམས་ཅད་དུ་དེ་ཡིས་རྟོགས་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱིས་ཏེ། རྣམ་པ་གཞན་དུ་མཁས་པ་ཉིད་ཀྱི་མངོན་པའི་ང་རྒྱལ་དུ་གྱུར་པ་རྣམས་ཀྱིས་བྱས་པའི་འགྲེལ་པས་ནི་མ་ཡིན་ནོ་ཞེས་ པའོ། །དེའི་ཕྱིར་འདིར་ཡན་ལག་གསུམ་བསམ་གཏན་དང་ཞེས་པ་ལ་སོགས་པ་དེས་རྟོགས་པར་བྱའོ། །རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་པོ་རྣམས་ཀྱིས་འདིར་ཡང་མདོར་བྱས་པའི་དོན་ཡན་ལག་གསུམ་གྱིས་རྟོགས་པར་བྱའོ། །འདིར་འདུས་པ་ཕྱི་མར་བཅོམ་ལྡན་ 14-1-296b འདས་ཀྱིས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང་། །དེ་བཞིན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེའི་ཕྱིར་བསམ་གཏན་གྱི་སྔོན་དུ་སོ་སོར་སྡུད་པར་རིག་པར་བྱའོ། །སྔགས་བཟླས་པའི་སྔོན་ དུ་སྲོག་རྩོལ་བར་རིག་པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་སྲོག་རྩོལ་བར་བརྗོད་པར་བྱའོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པ་རིག་པར་བྱ་སྟེ། འདིར་བདེ་བའི་སྒྲས་ཏིང་ངེ་འཛིན་བརྗོད་པར་བྱའོ། །དེ་ལྟར་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་ རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཐུན་མོང་གི་ཕྱི་རོལ་གྱི་རྣལ་འབྱོར་པ་ཉིད་འཇིག་རྟེན་པ་འགྲུབ་བོ། །ལས་དང་པོ་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྔགས་བཟླས་པས་ཏེ་སོ་སོར་སྡུད་པའི་མིང་ཅན་གྱིས་དང་བསམ་གཏན་གྱིས་ཏེ་དཀྱིལ་འཁོར་གྱི་འཁོར་ ལོ་ལ་སོགས་པ་སྒོམ་པའི་སེམས་དང་བདེ་བ་ཡིས་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འགྱུར་བ་དང་གཡོ་བའི་བདེ་བས་འཇིག་རྟེན་པའི་བདེ་བས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་ཞེས་པའོ། །དེ་ལྟར་རིམ་པ་གཉིས་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་པ་ལས་འདས་ པའི་རྣལ་འབྱོར་པ་ཉིད་འགྲུབ་བོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་ལྟར་བརྗོད་པར་བྱའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་ པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་ནི་དངོས་པོ་ཐམས་ཅད་སྟོང་པ་ ལ་མཐོང་བ་མ་བརྟགས་པ་པྲ་ཕབ་པས་མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟ་བུར་འགྱུར་རོ་ཞེས་པ་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི་སྟོང་པའི་ཆོས་ཐམས་ཅད་མཐོང་བར་ 14-1-297a འགྱུར་བ་ལ་ཤེས་རབ་ཅེས་བྱ་བ་འདི་རྣམས་ལ་སེམས་འཇུག་པ་དང་། རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་རྟོགས་པ་དང་། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་གནས་པ་དང་། གཡོ་མེད་བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལས་བདེ་བ་ ཀུན་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་ལྔ་ནི་བསམ་གཏན་གྱི་ཡན་ལག་ཏུ་བརྗོད་དོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་ལ་ནཱ་དང་། ར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགགས་པས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་སྟེ། དགང་བ་དང་བུམ་པ་ཅན་དང་། དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱི་རུ་ཨོཾ་ཡིག་གིས་འཇུག་པ་དང་། ཧཱུཾ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་དབྱུང་བ་ཟླ་བ་དང་། སྒྲ་གཅན་དང་། ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་བྱེད་དོ་ཞེས་པའོ། །དེ་ནས་འཛིན་པ་ཞེས་བྱ་བ་སྲོག་དབང་ཆེན་དང་། ཆུ་དང་མེ་ དང་རླུང་གི་དཀྱིལ་འཁོར་ལ་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་ཞུགས་པ་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་འཇུག་པ་ཞེས་བྱ་བ་འཛིན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་ གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མའི་འོད་ཟེར་འཕྲོ་བའི་ངོ་བོ་ཅན་ཁམས་གསུམ་པ་སྤྲོ་བའོ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་ཏིང་ངེ་ འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གཟུང་བ་དང་། འཛིན་པ་དང་བྲལ་བའི་སེམས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །འདིར་ཡན་ལག་ དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ་མཆོག་གི་དང་པོའི་སངས་རྒྱས་བླ་མ་དམ་པའི་མན་ངག་གིས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་རྟོགས་པར་བྱའོ། །འདིར་ཡན་ལག་དྲུག་གི་དང་པོའི་ལམ་སྒོམ་པའི་ 14-1-297b མན་ངག་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ། འདིར་དཔལ་འདུས་པ་ཕྱི་མར་བསྙེན་པ་དང་། སྒྲུབ་པ་དང་ཉེ་བའི་བསྒྲུབ་པ་དང་། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཉེ་བའི་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་བའི་གཟུགས་ བརྙན་ནོ། །རྣལ་འབྱོར་བརྩོན་པས་སྒྲུབ་པ་ལ། །ལྷ་ཡི་གཟུགས་བརྙན་བསྒོམ་བྱ་སྟེ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །སངས་རྒྱས་ཁྱབ་བདག་གཟུགས་བརྙན་ནོ། །ཞེས་སོ། །དེ་ལ་དགོངས་པའི་སྐད་ཅིག་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་ཁམས་གསུམ་པ་མ་ ལུས་པ་ནམ་མཁའ་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་བསྙེན་པའི་དུས་སུ་སྟེ་ཐོག་མའི་དུས་སུ་སོ་སོར་སྡུད་པ་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་ སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་བརྟག་བྱ། །གལ་ཏེ་ཡིད་ཆེས་མེད་པ་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་སོ། །འདིར་ཡིད་ཆེས་བྱེད་པ་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པའི་ཉི་མ་གཅིག་གིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། གང་གི་ སྔགས་པ་རྣམས་ཀྱིས་ཡིད་ཆེས་པ་འབྱུང་བར་འགྱུར་བའོ། །དེས་ན་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། རྟེན་མེད་པར་བྱས་ནས་ཟབ་མོ་སྟོང་པ་ལ་དམིགས་པ་མེད་པར་བསྒོམ་པར་བྱ་སྟེ། ཡིད་ཆེས་བྱེད་དུ་འགྱུར་རོ། །ཡིད་ཆེས་བྱེད་པ་དེ་ཡང་དུ་བ་ལ་སོགས་པ་རྣལ་འབྱོར་ པས་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྤྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ལས་གསུམ་སངས་རྒྱས་ཀྱི་གཟུགས་བརྙན་དུ་བསྒྲུབ་པར་བྱ་སྟེ། དེའི་མན་ངག་ནི་བླ་མའི་ ཞལ་ལས་རྟོགས་པར་བྱའོ། །དེ་ལ་བླ་མའི་མན་ངག་ཅེས་བྱ་བ་ནི་ནམ་མཁའ་ལ་རྣལ་འབྱོར་པས་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ཞེས་པ་རང་གཉིས་སུ་མཐོང་བ་ཤེས་པར་བྱེད་པར་འགྱུར་རོ། །ཕྱི་ནས་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་ནི་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཞེས་པའོ། །དེ་ 14-1-298a ལྟར་ཐོག་མར་དུ་བའི་མཚན་མའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཚན་མ་གསུམ་པ་ནི་མཁའ་སྣང་ངོ་། །མར་མེ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ནི་མཚན་མ་ལྔ་པའོ་ཞེས་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །དེ་ལས་སྟེང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ།དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འཇུག་བྱེད་པ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ གསུང་ལས་དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་བསྒོམ་པའི་ཡིད་ཆེས་བྱེད་དུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་སོ་ཞེས་སྨྲ་བར་འགྱུར་བ་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའི་དམ་བཅའ་བ་འཇིག་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉིན་ཞག་གཅིག་ ནི་ཡོངས་སུ་བརྟག །ཡིད་ཆེས་བྱེད་ཅེས་པའི་བཅོམ་ལྡན་འདས་ཀྱི་གསུང་ལ་ཐོ་འཚམས་པའོ། །དེ་གྲུབ་པའི་དུས་སུ་འཇིག་རྟེན་གྱི་ཁམས་དུ་བ་ལ་སོགས་པ་གང་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་དུ་བ་དང་འབར་བ་ལ་སོགས་པས་སྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་ བཞིན་དུ་གུར་ཀུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་ལ་སོགས་པའི་ཆར་པ་ཡང་ངོ་། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པར་འགྱུར་རོ་ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམས་དེ་ལས་ནི། །སླར་ཡང་རང་ བྱིན་བརླབ་པ་སྟེ། །བྱིན་རླབས་རྣམ་པའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པའོ། །འདིར་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་དང་འདྲ་བར་སྣང་བ་སྟེ། དེ་ཡང་སྒྲོན་མའི་མཐར་ཐུག་པ་ཐོག་མར་མཐོང་ངོ་། །དེར་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའོ། །རྒྱུད་རྣམས་སུ་གཞན་འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་སྟེ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་གྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་ 14-1-298b བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་ཚིགས་སུ་ བཅད་པ་གཉིས་ཀྱིས་མཚན་མ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བརྙན་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བའོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་སྟེ་རྣམ་པར་བརྙོག་པ་ཐམས་ཅད་དང་བྲལ་ པའི་སེམས་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེས་ན། ཤེས་རབ་ཡེ་ཤེས་མེ་ཞེས་པ་ནི་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཁོ་ན། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །ཞེས་ཐིག་ལེ་སྣང་བ་སྟེ། ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ནོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་ དངོས་པོ་རྣམ་པ་ཐམས་ཅད་ལ་ལྟར་སྣང་བ་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་མཚུངས་པའི་རྣམ་པ་སོ་སོར་སྡུད་པར་མཐོང་ངོ་། །མིག་གི་དབང་པོའི་བྱེད་པ་དང་། དེ་ནས་སྲོག་རྩོལ་བཅིང་བ་སྟེ་བྱེད་པ་འདི་རྣམས་ཀྱིས་དང་བཅིང་བའི་སྦྱོར་བས་ས་གསུམ་པོ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་པ་དང་། གཡོ་བའི་རང་བཞིན་གྱིས་བདག་ཉིད་བསྒྲུབ་པར་བྱ་ཞེས་པའོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ཇི་སྲིད་རྡོ་རྗེའི་ལུས་ དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། ། 14-1-299a སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །འདིར་དངོས་པོ་མེད་པ་སྒྲིབ་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ཁོ་ན་དངོས་པོ་མེད་པ་ལ་བསྒོམ་པ་མེད་ཅེས་སོ། །སྒོམ་པ་སྒོམ་ པ་ཉིད་མ་ཡིན། །ཞེས་པ་འདིར་སོ་སོར་སྡུད་པ་སྒོམ་པའི་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་གང་སྒོམ་པ་དེ་ནི་སྒོམ་པ་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ། རྣམ་པར་རྟོག་པ་བསྒོམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་གང་ཞིག་སོ་སོར་སྡུད་པས་མཐོང་བ་དེ་ནི་ དངོས་པོ་དངོས་མིན་འགྱུར་ཏེ། རྣམ་པར་མ་བརྟགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མཐོང་བའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་སོ་སོར་སྡུད་པ་བསྒོམ་པ་ལ་རྣམ་པར་ཏོག་པའི་སྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ དུ་བྱེད་པ་དེ་ཅི་ལྟར་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་སེམས་པ་དེ་ནི་གང་ཤེས་རབ་ཀྱི་ ལ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པའོ་ཞེས་སྤྲིན་མེད་པའི་ནམ་མཁའ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་པྲ་ཕབ་དང་མཚུངས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་ འཁྱིལ་བའི་གཟུགས་བརྙན་གྱི་མིང་གིས་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ། དེ་སྐད་དུ་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་རླབས་པ། །གོང་བུའི་ 14-1-299b གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་སོ། །འདིར་རིན་ཆེན་ལྔའི་སྒྲ་ཡིས་ར་ས་ནཱའི་དཀྱིལ་འཁོར་ལྔ་ཡིས་ཆོས་ཅན་ས་ལ་སོགས་པའི་ཁམས་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔ་ཞེས་པ་སྟེ་སྣའི་བུ་ག་གཡས་སུའོ། །དེ་བཞིན་དུ་ སངས་རྒྱས་ལྔ་ནི་ལ་ལ་ནཱའི་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པར་རོ་ཞེས་པའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་ལ་འདིར་མ་གང་བུ་ནི་ གཡས་པ་དང་། ཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དོ་ཞེས་པའོ། །སྲོག་གི་རླུང་དེ་ཡང་། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །འདིར་སྣའི་སྒྲས་ནི་ལྟེ་བ་དང་། །སྙིང་ག་དང་། མགྲིན་པ་དང་ དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ཟེ་འབྲུར་བརྗོད་དེ་དེའི་རྩེ་མོར་རོ། །རྣམ་བསྒོམ་བྱ་ནི་ལྟེ་བ་དང་ལྟེ་བའི་དབུས་སུ་སྟེ་པདྨའི་འདབ་མ་ལ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགོག་པ་དེ་ཉིད་ཀྱིས་དེའི་འཛིན་པར་བརྗོད་དོ། །དེ་ལྟར་ ཡན་ལག་གཉིས་ཀྱིས་ཉེ་བའི་བསྒྲུབ་པ་སྟེ་བདུད་རྩི་འཁྱིལ་བའི་གཟུགས་བརྙན་གྱིས་ཞེས་པའོ། །ཉེ་བའི་བསྒྲུབ་པ་དེ་ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་པར་བྱ་སྟེ། དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ་ཞེས་པ་སྲོག་གཡོན་པ་དང་གཡས་པའི་རྩ་ལ་རྒྱུ་བ་ མེད་པས་སོ། །གཙུག་ཏོར་གཟུགས་བརྙན་མཐོང་བས་ན། །ཕྱི་ནས་སྔགས་པས་སྲོག་རྩོལ་བྱ། །བླ་མའི་མན་ངག་དང་དགོངས་པའི་སྐད་ཀྱིས་རྟོགས་པར་བྱའོ་ཞེས་པ་ནི། སྲོག་རྩོལ་བ་དང་འཛིན་པ་སྟེ་ཉེ་བའི་བསྒྲུབ་པ་བརྗོད་དོ། །དེ་ནས། བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། ཞེས་པ་འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོ་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་མོ་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཟེར་གྱིས་དཀྱིལ་འཁོར་དུ་རྣམ་པར་གསལ་བ་ནི་རྗེས་སུ་དྲན་པ་ 14-1-300a སྟེ་གྲུབ་པར་བརྗོད་དོ། །འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པ་ངེས་པའོ། །དེར་དེ་ལྟར་ཡེ་ཤེས་ཀྱི་མེ་ལྕེས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་བསྲེགས་པ་གཅིག་ཏུ་འདྲེས་པར་གྱུར་ཏེ། གཡོན་པ་དང་གཡས་པའི་རྩར་ སོན་པ་རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་རྣམས་སོ། །དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་མེ་ལྕེས་ཟླ་བ་ཞུ་བར་གྱུར་པ་ནི་དེ་བྱང་ཆུབ་སེམས་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་སོང་བ་ ནི་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་པདྨར་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའི་དགའ་བའི་རང་བཞིན་དང་། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་སོ་ཞེས་པའོ། །ཡང་རྣམ་པ་སྣ་ཚོགས་པ་ དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉིད་པ་དང་། མཚན་ཉིད་དང་བྲལ་བའི་རང་བཞིན་གྱིས་སོ་ཞེས་སོ། །དེ་ལྟར་ཆ་བཅུ་དྲུག་གང་བ་ནོར་བུའི་ནང་ཇི་སྲིད་པར་སོན་པ་གང་གི་ཚེ་བསྒོམས་པའི་སྟོབས་ཀྱིས་བདེ་བ་འབྲེལ་ཏེ། འཛག་པའི་བདེ་བ་དང་འདྲ་བའོ་ཞེས་པ་ནི་དཔེ་ ཙམ་སྟེ་རང་གི་ངོ་བོས་ནི་དབང་པོ་གཉིས་ལས་སྐྱེས་པའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་སྐབས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་གྱིས་བྱེ་བ་སྟོང་གི་ཆར་ཡང་མི་ཕོད་དོ། །གནས་སྐབས་དེ་ནི་བྱིས་པའི་རྣལ་འབྱོར་པས་ཅི་ཡང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་བྱང་ཆུབ་ཅེས་བརྗོད་དེ། འཇིག་རྟེན་ལ་གྲགས་པའི་མེད་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ནི་མ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱི་སྔགས་བཟླས་པ་དང་། བསམ་གཏན་དང་བས་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དུ་འགྲུབ་པར་ འགྱུར་ཏེ། བསོད་ནམས་མཆོག་ཏུ་དག་བྱེད་སྡིག་པ་འཇིག་བྱེད་པ། སྐྱེ་བ་འདི་ཉིད་ལ་ཞེས་པ་སྒྲུབ་པ་པོའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སླར་ཡང་དེ་ཉིད་དུ་འདིར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། སོ་སོར་སྡུད་པས་གང་ཞིག་མཐོང་བའི་དངོས་པོ་ 14-1-300b བུམ་པ་དང་སྣམ་བུ་ལ་སོགས་པ་དང་པྲ་ཕབ་པ་དང་མཚུངས་པ་སོ་སོར་སྣང་བ་ལས་རྣམ་པ་ཐམས་ཅད་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེས་པའོ། །རྣམ་པ་མེད་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་མ་འདས་པ་སྟེ་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། ། བཙུམས་ཤིང་མ་བཙུམས་པའི་མིག་གིས་རྟོགས་པར་བྱ་བ་གང་ཡིན་པ་དེའི་ཕྱིར་གཟུགས་མ་ཡིན། གཟུགས་ལས་གཞན་པ་ཡང་མ་ཡིན། མིག་གིས་དང་མིག་མེད་པར་རྟོགས་པར་བྱ་བ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ་ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་དཔལ་ཀྱེའི་རྡོ་རྗེའི་བཤད་པར་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་རྡོ་རྗེ་སྙིང་པོ་ཞབས་ཀྱིས་གསུངས་པ་འདི་ལྟ་སྟེ། སྔར་བཤད་པའི་ཤེས་རབ་དང་ཐབས་དག་གི་དོན་ དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པའོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་ བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྒྱུད་ཕྱི་མར་ས་བཅུའི་དབང་ཕྱུག་འཇམ་དཔལ་ཞབས་ཀྱིས་གསུངས་པ། སྟོབས་བཅུའི་སྟོབས་དང་ལྡན་པས་སོ་སོར་སྡུད་ སོགས་དྲུག་པོ་རྣམས་ཀྱིས་སྟོང་པ་ཉིད་ནི་སྒོམ་པ་གསུངས། །མཚན་མོའི་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ་། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་བྱེད། ། དེ་ལ་བསམ་གཏན་གྱིས་སེམས་བརྟེན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང་། །སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པ་ཅན་དུ་སྲོག་རླུང་འབབ་པར་འགྱུར། །སླར་ཡང་འབྱུང་བ་དང་ནི་འཇུག་པས་དམན་པར་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ 14-1-301a ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོར་རྒྱུ། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བས་རབ་གང་བའོ། །ནམ་མཁའི་ལྟ་བས་གཏི་མུག་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ སྟོང་པ་ཉིད་ནི་མཐོང་བས་སོ། །ནང་གི་ལྟ་བས་འདོད་ཆགས་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་སྲོག་གི་རླུང་ནི་འགགས་པ་ནའོ། །ལུས་མེད་ལྟ་བས་ཞེ་སྡང་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ཁུ་བ་དྲི་མེད་བདེ་བ་ལས། །སྲོག་གི་ལྟ་བས་ང་རྒྱལ་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ གཞོམ་མེད་ཚངས་པའི་དབྱངས་ལས་སོ། །སྲོག་དང་རྩོལ་བ་འགགས་ན་སངས་རྒྱས་གཟུགས་ལས་དྲི་མ་དང་བྲལ་དཀྱིལ་འཁོར་དམ་པར་འགྱུར། །གསང་བ་ལྟེ་བ་སྙིང་གའི་ཆུ་སྐྱེས་མགྲིན་པ་མགོ་བོ་གཙུག་ཏུ་ས་ཟུང་རིམ་པས་སོ། །ཁུ་བ་སྟེང་དུ་སོན་དང་འོག་ཏུའང་རྡུལ་གྱིས་ གཞོམ་དུ་མེད་པའི་དབྱངས་ལས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དྲི་མ་རྣམ་བྲལ་གང་གིས་སངས་རྒྱས་སྟོན་པ་པོ། །ཁྱི་ལ་སོགས་པའི་ཤ་ཡི་མིག་སྟེ་རང་བཞིན་ཡོན་ཏན་དབང་ལས་ལྷ་ལ་སོགས་པའི་ལྷ་ཡི་མིག །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་མི་ཡི་སྙིང་ལ་སོན་པ་སངས་ རྒྱས་སྤྱན་ནི་གསུམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་དང་བྲལ་དག་པའི་ཤེས་རབ་སྤྱན་ནི་བཞི་པར་རབ་ཏུ་འགྱུར། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་གཟིགས་ཤིང་དྲི་མ་གསུམ་དང་རྣམ་བྲལ་ཡེ་ཤེས་སྤྱན་ནི་ལྔ་པའོ། །འཛག་མེད་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་ པ་ལས་ངེས་པར་རྡོ་རྗེ་འཛིན་པའོ། །ས་བོན་ལུས་ཀྱི་ཐིག་ལེ་ཡབ་སྟེ་ལྟེ་བའི་འཁོར་ལོར་བདེ་བ་གང་ཞིག་ཛི་ན་ཛི་གཅེས་སོ། །དེ་ནས་མཚོན་བྱ་མཚོན་པར་བྱེད་པ་སྙིང་གར་མཆོག་གི་བདེ་བ་མགོན་པོ་ཨཱ་རོ་ལྀ་ཀ་ཉིད་དོ། །དེ་ནི་རིག་བྱ་རིག་བྱེད་གང་གིས་མགྲིན་པར་གཡོ་མེད་བདེ་བ་ འཛིན་པ་དེ་ཡང་རཏྣ་དྷྲྀཀ །གང་གི་སྤྱི་བོའི་རྒྱུད་དུ་ཁུ་བ་དྲི་མ་མེད་པའི་བདེ་བ་འཛིན་པ་འདི་ནི་པྲ་ཛྙཱ་དྷྲྀཀ །གཙུག་ཏོར་ཚངས་པའི་བུ་གར་འགྱུར་བ་མེད་པ་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་གང་བ་ནི། །གང་ཞིག་ཤེས་རབ་རང་བཞིན་མེད་པ་མཆོག་གི་རི་བོང་ཅན་ཆ་བཅུ་དྲུག་པ་སྟེ་ཉ་ཡི་ 14-1-301b མཐར། །གང་གི་རིག་མ་དགའ་བ་དེ་ནི་རྡོ་རྗེ་དང་བཅས་མགོ་བོར་དྲུག་པ་རྡོ་རྗེ་སེམས་དཔའོ། །ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་རྟག་འགགས་ལ། །ཆུ་སྐྱེས་རྡོ་རྗེར་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་ གཅིག་གྱུར་རྣམ་གསུམ་འཇིགས་པ་སྤོང་ཞིང་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་པ་ན། །དེ་ཡི་དུས་ན་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་ཡོད་པ་མཆོག་གི་གོ་འཕང་འགྲོ། །སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་ལ་རབ་ཏུ་འགྲོ། །རྡོ་རྗེ་ པདྨར་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱིས་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟར་ཨེ་ཝཾ་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །འཁོར་ལོ་སྲིད་གསུམ་ ཀུན་ནས་དང་པ་ཞེས་པའོ་འདི་བདེ་བ་རིན་ཆེན་ཆགས་པ་ཉིད། །པདྨོའི་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་ཡེ་ཤེས་སྐུ་ནི་ཆེན་པོ་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་རྣམས་ཀྱིས་ནི་བསྐྱོད་པ་གང་། །ཕུང་པོ་ཁམས་དང་དབང་པོ་སོགས་རྣམས་མཁའ་ བཞིན་རོ་མཉམ་དེ་ཡང་དེ་བཞིན་རིག་པར་བྱ། །གོང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་གྱུར་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས། །གང་དུ་འཁོར་བའི་འདུ་ཤེས་མཐར་ བྱེད་ཉིད་གྱུར་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་གྱུར་དེ་ནི་རྡོ་རྗེ་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་གྱུར་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་མི་ཤེས་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛོད་ལ་སོགས་དམ་པའི་རྒྱལ་བ་མཆོག་རྣམ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་མེ་དང་ཆུ་རླུང་ནམ་མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་མཐར་བྱས་ཉིད་གྱུར་སྤྱན་མ་ 14-1-302a ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་གྱུར་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་འདོད་ཆགས་མཐའ་དག་ཉམས་པ་ཉིད་གྱུར་གོས་དཀར་མོ་སྟེ་དེ་ནི་མེ་རུ་འགྱུར། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་གྱུར་དེ་ནི་སྒྲོལ་མའོ་དེ་ནི་རླུང་ཡང་ངོ་། ། གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་གྱུར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་གྱུར་དེ་ནི་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་ངམ་མ་མཐོང་གཟུགས་ནི་ཡིད་ཀྱི་ནམ་མཁའ་ལ་ཡང་ལྟ་བར་བྱེད་པ་གང་དེ་མིག །རིང་ནས་སྒྲ་ནི་རབ་ ཏུ་གསལ་བ་བཞིན་དུ་ཐོས་འདི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་ཀུན་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གི་ཟླ་བ་བདུད་རྩི་བདེ་བ་སྟེར་བའང་རྟག་ཏུ་མྱོང་བར་བྱེད་པ་གང་དེ་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཛིན་པ་གང་དེ་རྟག་ཏུ་རྡོ་རྗེ་ལུས་ཀྱི་དབང་པོ་སྟེ། ། ཤེས་རབ་ཐབས་དང་རབ་ཏུ་འགྲོགས་ལས་ཡིད་ནི་མཉམ་ལ་འཇུག་གང་དེ་ནི་འདི་ཡི་ཆོས། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་རྣམས་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས། །གཟུགས་བརྙན་ལ་ནི་གཟུགས་སོགས་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་དྲུག་ ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་རྙོག་མེད་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །གཞན་གྱིས་གཟུང་བྱ་ཁམས་གསུམ་དུ་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་རྟོགས་བྱ་མིན། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་ རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་གསུམ་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་དྲ་བ་ཉིད་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་རྣམས་ཀྱི་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདི་ལ་སྐྱེ་བར་འཁྲུལ་པ་སྟེར་ བའོ། །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་གཞིའི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་ཅན་རྣམས་ནི་རྣལ་འབྱོར་པ་ལ་འགྲུབ་པའི་དུས་སུ་མཁའ་ལ་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་ 14-1-302b མོའི་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་པ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འགྱུར། །དང་པོའི་སངས་རྒྱས་ལས་འདིར་རྡོ་རྗེའི་ཚིག་འདི་རབ་ཏུ་གསལ་བར་མདོར་བསྟན་པ་དང་རྒྱས་པར་བཤད་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་ཀྱི་ སྒྲུབ་ཐབས་ཕྱག་རྒྱ་ཆེན་པོའི་སྒོམ་པ་དུ་བ་ལ་སོགས་པའི་མཚན་མ་ཅན་གྱི་ལམ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ནས། །ཉི་མ་གཅིག་ནི་བརྟག་པར་བྱ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་ པོ་སྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་སྟེ། བླ་མ་བརྒྱུད་པའི་རིམ་པས་འོངས་པ་སྟེ། བླ་མའི་བཀའ་ཡིས་བྱིན་གྱིས་བརླབས་པ་མ་ཡིན་ནོ་ཞེས་པའོ། །ལམ་འདིའི་རབ་ཏུ་གསལ་བ་ལ་ཉིན་དང་མཚན་མོར་ཡིད་ཆེས་པ་ཡོད་དེ། ཉིན་ཞག་གཅིག་ནི་བརྟག་པར་བྱ། །ཞེས་ བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་སྒྲུབ་ཐབས་ཀྱིས་རྣལ་འབྱོར་པས་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། །དང་པོའི་མཚན་མ་དང་། མཐའི་མཚན་མའོ། །དང་ པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་གི་གཟུགས་བརྙན་གྲུབ་པར་མི་འགྱུར་བའི་སྐད་ཅིག་ཐོབ་པའོ། །མཚན་མ་བར་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་རྣམས་ཀྱིས་ལས་དང་པོ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་དང་། མ་ མཐོང་བའི་དོན་ཡང་དག་པར་མཐོང་བ་དང་། འཇིག་རྟེན་པའི་དངོས་གྲུབ་འཐོབ་པའོ། །མཐའི་མཚན་མ་ནི། སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་ལས་བཅུ་གཉིས་ཐོབ་པ་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཐོབ་བོ་ཞེས་པའོ། །རྡོ་རྗེའི་ཚིག་ལ་སོགས་པ་མཚན་མ་སྔོན་མ་ཅན་འདི་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་པའོ། །དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པར་རྒྱུད་སྣ་ཚོགས་པ་ 14-1-303a རྣམས་ཀྱི་རྣལ་འབྱོར་ཡན་ལག་དྲུག་རྫོགས་སོ།། །།འདི་ནི་མཁས་པ་དཔེ་མེད་པས་བསྲུངས་པའི་ཞབས་ཀྱིས་མཛད་པའོ། །ལ་སྟོད་དིང་རིའི་གླང་འཁོར་མཁན་པ་ཁྲོད་དུ་རྒྱ་གར་ཤར་ཕྱོགས་ཛ་གད་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང་། གཉལ་གྱི་ལོ་ ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ།། །།སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ་བསོད་སྙོམས་པ་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལྷག་པར་མོས་ཤིང་བློ་གྲོས་ཀྱི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་ བཟང་པོའི་བཀས་བསྐུལ་ཏེ། སྒྲ་དོན་ཇི་ལྟ་བ་བཞིན་དུ་བསྒྱུར་ཞིང་ཞུ་ཆེན་གྲུབ་པའོ། །འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག །༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཎཱ་པུར་ཎི་ནཱ་མ་ཥ་ཌཾ་ག་ཡོ་ག་ཌིཔྤ་ན། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་ བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། དཔལ་དུས་འཁོར་ལོ་དབང་ཕྱུག་དང་ནི་ཡོན་ཏན་གྱིས། །ཆེ་བའི་བླ་མ་རྣམས་ལ་བདག་གིས་ཕྱག་འཚལ་ནས། །དཔལ་དང་ལྡན་པ་རྣལ་འབྱོར་ཡན་ལག་དྲུག་ལ་ནི། །ཡོན་ཏན་རྣམས་ ཀྱིས་འགེངས་པར་བྱེད་པའི་བརྗེད་བྱང་བྱ། །འདིར་ངེས་པར་ཕྱི་དང་ནང་གི་རིག་པ་ལ་བསྒོམ་པ་གོམས་པར་གྱུར་པའི་ཐུགས་རྒྱུད་ཅན་སློབ་དཔོན་དཔེ་མེད་འཚོ་དམིགས་པ་དང་རྟོག་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བསྒོམས་པས། དཔལ་ཁས་པཱ་ཎིའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ པར་གྱུར་ཏོ། །དེར་ཡང་རྟོག་པའི་ཁྱད་པར་མ་བྱུང་བ་ལས་ཡིད་ཞུམ་ནས་ཡིད་ཀྱི་དབང་དུ་གྱུར་པ་དེ་ལ་རྡོ་རྗེ་རྣལ་འབྱོར་མས་བསྟན་པར་གྱུར་ཏེ། བུ་བི་ཀྲ་མའི་གྲོང་དུ་སོང་ཤིག །དེར་ཁྱེད་ལ་རྟོག་པའི་ཁྱད་པར་འབྱུང་བར་འགྱུར་རོ་ཞེས་སོ། །དེ་ཡང་བཀའ་དེ་སྤྱི་བོར་བཞག་ནས་དེའི་ དུས་ཀྱི་སློབ་མ་པཎྜི་ཏ་ཆེན་པོ་ལེགས་པའི་བུ་དཔལ་འཛིན་རྗེས་སུ་འབྲང་བཞིན་པས་པི་ཀྲ་མའི་གྲོང་དུ་གཤེགས་སོ། །དེར་ཡང་ཚིགས་མཚམས་ཀྱི་ཉིན་ཞག་འགའ་ཞིག་ལ་མཚན་ཕྱེད་ཀྱི་དུས་སུ་ཀུན་སྤངས་པའི་ཆ་ལུགས་ཅན། བཅོམ་ལྡན་འདས་ཀྱིས་དངོས་སུ་ཉེ་བར་བསྟན་ཏེ། ཀྱེ་ 14-1-303b བུ་འདི་ནི་ཁོ་ན་ཉིད་དོ་ཞེས་སོ། །དེ་ཡང་མན་ངག་དེ་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ཡང་དེའི་ཚེ་མི་སྣང་བར་གྱུར་ཏོ། །དེའི་ཚེ་དེ་མ་ཐག་ཏུ་མཚན་མོ་འདས་ཤིང་དེ་ཡང་ཏིང་ངེ་འཛིན་ལས་ལངས་སོ། །དཔལ་ལྡན་བླ་མ་བདག་ཉིད་ ཆེན་པོ་དེས་ཀྱང་རྣམ་པ་ཐམས་ཅད་ཀྱང་དེར་དཀའ་བ་མཛད་ཅིང་། སྐལ་བ་དང་ལྡན་པའི་དཔལ་ལྡན་དཔལ་འཛིན་ལ་རང་གི་རྟོག་པ་ཉེ་བར་བསྟན་ཏོ། །དཔལ་ལྡན་བླ་མ་མཆོག་ཏུ་ཐུགས་རྗེ་ཅན་དེས་ཀྱང་རྣམ་པ་ཐམས་ཅད་དུ་སྣོད་དང་ལྡན་པར་རྟོགས་ནས་པཎྜི་ཏ་ཆེན་པོ་འོད་བྱེད་ལྷ་ལ་བཀའ་ དྲིན་དུ་མཛད་དོ། །དེས་ཀྱང་པཎྜི་ཏ་ཆེན་པོ་རྒྱལ་བའི་བླ་མ་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ་ལ་བཤད་དོ། །ཁ་ན་མ་ཐོ་བ་མེད་པའི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་བརྗོད་དུ་མེད་པའི་རིན་པོ་ཆེའི་འབྱུང་གནས་དཔལ་ལྡན་བླ་མ་དེ་ལས་ཀྱང་། དཔལ་ལྡན་ བླ་མའི་ཞབས་བསྟེན་པ་ལ་མཁས་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཡང་དག་པར་ཐོབ་པོ་ཞེས་པ་བླ་མའི་བརྒྱུད་པའོ། །དེ་ལྟར་སློབ་མ་དམ་པས་གསོལ་བ་བཏབ་པའི་དབང་ལས་སློབ་དཔོན་དཔེ་མེད་འཚོ་ཞེས་བྱ་བས་རྡོ་རྗེ་འཛིན་པའི་གོ་འཕང་འཐོབ་པའི་རྒྱུ་རྣལ་འབྱོར་ཡན་ལག་ དྲུག་མཛད་པར་བཞེད་པས། རང་གི་འདོད་པའི་ལྷ་ལ་བསྟོད་པའི་སྒོ་ནས་རྣལ་འབྱོར་ཡན་ལག་དྲུག་གསལ་བར་མཛད་དེ། ཀུན་ལ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ལ་སྒྲིབ་པར་བྱེད་དོ་ཞེས་པ་ཀུན་ལ་སྒྲིབ་པའི་སྤྲིན་གྱི་དྲ་བ་སྟེ། སྤྲིན་གྱི་ཚོགས་རྣམས་གང་དུ་བསལ་ཞིང་ སྤངས་པ་དེ་ནི་སྐད་དེ་དེར་རོ། །གང་དུ་འཁྲུལ་བའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་རྣམ་རྟོག་དང་། ཕྱོགས་ཅན་དང་མཚུངས་པའི་རླུང་སྟེ། དབུགས་རྣམས་གྲངས་མ་ལུས་པ་མཐའ་དག་ཉིད་ནུབ་སྟེ་ཞིག་པའོ། །དེའི་ཕྱིར་ཡང་རང་གི་ནམ་མཁའི་ཁམས་སུ་སྟེ། སྟོན་ཀའི་ནམ་ མཁའ་དྲི་མ་མེད་པའི་དཀྱིལ་དུ་ཤར་ཞིང་གསལ་བར་གྱུར་པ་འོད་བཟང་པོ་ཅན་ཏེ། དགེ་ཞིང་བདེ་བའི་འོད་ཅན་འཇིག་རྟེན་དབང་ཕྱུག་སངས་རྒྱས་སམ་པདྨའི་ཕྱག་ཅན་ནོ། །དེ་ཉིད་ནི་སྐྱེ་བོ་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཟླ་བ་གང་བའོ། །ཟླ་བ་ཡང་ཐམས་ཅད་སྦྱར་བར་ 14-1-304a བྱའོ། །ནང་གི་དོན་དང་བཅས་པ་ནི་ཀུན་ལ་སྒྲིབ་པའི་སྤྲིན་གྱི་དྲ་བ་བསལ་བ་ལ་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་སྒྲོ་བཏགས་དང་བྲལ་བ་ལ་སྟེ། འདིས་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་གསུངས་སོ། །འཆད་པར་འགྱུར་བའང་། སོ་སོར་ སྡུད་པ་ཡུལ་ལ་ཡུལ་དང་ཡུལ་ཅན་བཅུ་རྣམས་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་ཡང་ནི་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བར་སེམས་རྩེ་གཅིག་པའོ། །ཞེས་པའོ། །རླུང་དང་རྣམ་པར་རྟོག་ཕྱིར་འགྲོ་བ་མེད་པའི་ཕྱིར་བག་ཆགས་དང་བཅས་པའི་ སེམས་ཀྱིས་སྐད་ཅིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མཚན་ཉིད་ཅན་དང་། སྲོག་དང་ཐུར་སེལ་གྱི་རླུང་རྣམས་ཀྱང་གྲངས་མ་ལུས་པ་གང་གིས་སམ། གང་དུ་ནུབ་ཅིང་འགགས་པར་གྱུར་པ་སྟེ། འདིས་ཀྱང་སྲོག་རྩོལ་དང་འཛིན་པའི་ཡན་ལག་དག་གསུངས་སོ། །དེ་སྐད་དུ་ཡང་། སྲོག་ གི་རྩོལ་བ་ཡང་ནི་ལམ་ནི་གཉིས་པོ་སྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པར་འགྱུར། །ཐིག་ལེར་སྲོག་རབ་ཞུགས་ཤིང་གཉིས་ཀའི་བགྲོད་པ་སེམས་རྩེ་གཅིག་པ་འཛིན་པའོ། །ཞེས་པའོ། །རང་གི་བདག་ཉིད་ཀྱི་སེམས་སོ། །དེ་ཉིད་ནམ་མཁའི་ཁམས་ཡིན་ཞིང་རྣམ་པ་ཐམས་ ཅད་མཐོང་བ་སྣ་ཚོགས་པའི་གཟུགས་ནི་ཟླ་བ་སྟེ། འདིས་ཀྱང་རྗེས་སུ་དྲན་པའི་ཡན་ལག་གསུངས་སོ། །དེ་སྐད་དུ་ཡང་། གཏུམ་མོའི་སྣང་བ་གང་ཞིག་ལུས་དང་ནམ་མཁའ་ལ་ཡང་ངེས་པར་འགྱུར་བ་རྗེས་དྲན་འགྱུར། །ཞེས་སོ། །ཤར་བ་ནི་གཏུམ་མོས་རེག་པ་ལས་གཙུག་ ཏོར་གྱི་འཁོར་ལོ་ལས་འོངས་པ་སྟེ། སྣང་བ་མེད་པ་རབ་ཏུ་གསལ་བ་ཉིད་ཀྱི་ཕྱིར་འོད་བཟང་ཅན་ནོ། །དེ་འཇིག་རྟེན་ཐམས་ཅད་ཀྱི་རྟེན་ཉིད་ཀྱི་ཕྱིར་ན། སངས་རྒྱས་ཐམས་ཅད་ཀྱི་སྤྱི་བོར་དང་། རྡོ་རྗེའི་རྩེ་མོར་གཟུང་བ་ཉིད་ཀྱི་ཕྱིར་འཇིག་རྟེན་དབང་ཕྱུག་གོ། །དགའ་བ་བཅུ་དྲུག་གི་ཁུ་ བ་ཉིད་ཀྱི་ཕྱིར་གང་བའི་ཟླ་བ་སྟེ་ཕྱིན་ཚིག་སྡུད་དོ། །འདིས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་ཏེ། ཤེས་རབ་ཐབས་ཀྱི་བདག་ཉིད་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་འཆད་པར་འགྱུར་རོ། །གསལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ 14-1-304b པའོ། །འདིས་ནི་ཕྱག་འཚལ་བ་ཡང་འཕངས་ཏེ། དེས་ནི་དེ་ལ་རབ་ཏུ་འདུད་དོ་ཞེས་མཚོན་པར་བྱའོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་པོ་འདི་གང་བརྗེད་པར་བྱ་བ་དེ་འགལ་བར་སྣང་བའི་སྒོ་ནས་རྟོགས་པར་བྱེད་པ་གསུངས་ཏེ། །གང་ཞེས་པ་ལ་སོགས་པའོ། །མགོན་པོ་གང་ཞིག་ འཁོར་བར་སྐྱེ་བ་དང་འཆི་བའི་ཀུན་རྫོབ་ཀྱི་བདེན་པ་དང་། ཞི་བ་དེ་ཆད་པ་དོན་དམ་པའི་བདེན་པ་སྟེ། དེ་དག་སོ་སོར་དམིགས་པ་ནི་ཀུན་ནས་དམིགས་པར་བྱེད་པ་སྟེ། དེ་དང་བྲལ་བ་ཉིད་ཀྱི་ཕྱིར་དེ་སྐད་དུའོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དེ་དག་ལས་ཐ་དད་མེད་ པར་གཉིས་སུ་མེད་པའི་ངོ་བོ་ཟུང་འཇུག་གོ། །འཇིག་རྟེན་གསུམ་དང་གཅིག་པའི་ངོ་བོ་ཉིད་ཀྱི་ཕྱིར་ཁྱབ་བདག་གོ། །སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པ་ཉིད་ཀྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་སྟོང་པ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ ཞེས་པའི་དོན་ཏོ། །མེ་ལོང་གི་གཟུགས་བརྙན་ལྟ་བུའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་བརྩེ་བའི་རང་བཞིན་ཏེ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པའི་དོན་ཏོ། །གནས་པ་ལས་འདས་པ་ནི་དམིགས་པ་ལ་ཆགས་པའི་སེམས་ཏེ། གནས་པ་མེད་པའི་ཚུལ་ གྱིས་ལེགས་པར་གནས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་རབ་ཏུ་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་ནི་ས་རྣམས་ཏེ། དེ་རྣམས་ཀྱི་དབང་ཕྱུག་ནི་ས་བཅུ་གཉིས་ཀྱི་དབང་ཕྱུག་གོ། །རྟོགས་ལྡན་རྣམས་ནི་ཏོག་མེད་ཀྱི་ཡེ་ཤེས་མན་ངག་ལ་མཁས་པ་རྣམས་ ཀྱིའོ། །ཉམས་མེད་བདེ་བ་ནི་མཆོག་ཏུ་མི་འགྱུར་བར་འདོད་པ་ལྔ་ལ་ལོངས་སྤྱོད་པའི་བདེ་བའོ། །རྒྱས་པར་བྱེད་པ་ནི་འཕྲོ་བར་བྱེད་པ་སྟེ། རྟོག་པ་སྤངས་པ་ནི་གཉིས་དང་བྲལ་བའོ། །འགྲོ་བ་མེད། མི་འགྱུར་བ་མེད་པ་ཉིད་ཀྱིས་ན་གཡོ་བ་མེད་པའི་ངོ་བོའོ། །འགྲོ་བས་ཉེ་ བར་བསྟེན་པར་བྱ་བ་ཉིད་ཀྱི་ཕྱིར་མགོན་པོའོ། །ངག་གི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ན་འགལ་ལོ། །བརྒྱན་པར་བྱེད་གྱུར་ཅིག་ནི་བྱིན་གྱིས་རློབས་ཤིག་པའོ། །འགྲོ་བའི་སེམས་ནི་འགྲོ་ཡིད་དོ། །སེམས་དང་བྲལ་བ་ནི་སེམས་མེད་པའི་སེམས་ཏེ། དེ་ཡིས་འཆར་རོ་ཞེས་པ་ 14-1-305a སེམས་དང་བྲལ་བ་འཆར་བའོ། །འགལ་བའི་དོན་ནི་གོ་སླའོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །བླ་མ་ཉིད་ཀྱིས་འདིར་བྱེད་རྒྱུའོ། །ཞེས་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་ པའི་དཔལ་ལྡན་བླ་མ་དམ་པར་གྱུར་པའི་ཡོན་ཏན་གསལ་བར་བྱེད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བར་གསུངས་པ། ཅུང་ཟད་ཅེས་པའོ། །ཅུང་ཟད་རྟོག་པའི་ཡོངས་འཛིན་ནི་ཅུང་ཟད་ཀྱང་ཡོད་དོ་ཞེས་ཁས་ལེན་པ་སྟེ། ཡོད་དོ་ཞེས་དང་རྟག་པར་ལྟ་བའོ་ཞེས་པའི་དོན་ཏོ། །ཉམས་ པའི་ཆེད་དུ་སྟེ་འགྲོ་བ་སྡུག་བསྔལ་གྱིས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཆེད་དུའོ། །ངེས་པར་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་འཛིན་པས་བཅིངས་པའོ། །རྣམ་པར་རྟོག་པའི་ཆ་དེ་ཡང་གཏོང་བ་ནི་དེ་གཏོང་སྟེ་ཆད་པར་ལྟ་བ་ཞེས་པའི་དོན་ཏོ། །བབ་ཅོལ་དུ་སྤངས་པར་ནི རྣམ་པར་མ་བཅད་པ་ཆད་པར་ལྟ་བའོ་ཞེས་པའི་བར་རོ། །བསྐལ་པ་མཐའ་ཡས་པར་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་ཤིན་ཏུ་རིང་བར་ཐར་པ་མེད་དོ། དེ་ཡང་འདི་ཡིན་ལ་ལྟུང་བ་ཡང་སྟེ་མནར་མེད་པ་ལ་སོགས་པའི་དམྱལ་བར་ལྟུང་བའོ། །དེ་སྐྱེ་བའི་ཕྱིར་རམ་དེ་གཉིས་རབ་ཏུ་སྐྱེ་ཞིང་ འཕེན་པར་བྱེད་པ་ནི་དེ་སྐད་དོ། །གསུངས་པ་ཡང་། གང་རྣམས་སྟོང་པ་ཉིད་ལྟ་བ། །དེ་རྣམས་བསྒྲུབ་ཏུ་མེད་བར་གསུངས། །ཞེས་སོ། །དེ་ལྟར་རྣམ་པ་འདི་ཡིས་དམ་པའི་ལམ་བསླད་པར་གྱུར་ཅིང་གྲོལ་བའི་ལམ་མི་མངོན་པར་གྱུར་པ་ལ་དཔལ་ལྡན་བླ་མ་གང་གིས་ནམ་མཁའི་གཟུགས་ བརྙན་དུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་སེམས་ལས་ལས་རྣམས་འདས་ཏེ། སེམས་མེད་པའི་སེམས་ཀྱི་ངོ་བོ་ཅན་མཁའ་དང་བརྩེ་བའི་བདག་ཉིད་དེ་སྟོང་པ་ཉིད་དང་ཐུགས་རྗེ་ཐ་མི་དད་པ་སྟོན་པར་མཛད་ཅིང་། སྩོལ་བར་མཛད་དེ་སློབ་མ་དམ་པ་རྣམས་ལ ཞེས་པ་ལྷག་མའོ། །བླ་མ་མཆོག་དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ཞིང་ལུས་དང་ངག་དང་ཡིད་རྣམས་ཀྱིས་རབ་ཏུ་འདུད་དོ། །དགའ་བ་ནི་རངས་པས་སོ། །རྟག་ཏུ་ནི་དུས་གསུམ་དུའོ། །འོ་ན་གལ་ཏེ་དཔལ་ལྡན་བླ་མའི་དྲིན་ཁོ་ན་ལས་དམ་པའི་ལམ་ཉེ་བར་ཐོབ་པ་ཡིན་ན་དེའི་ཚེ་ 14-1-305b བླ་མ་དམ་པའི་ཡོན་ཏན་སྒྲོགས་པ་ཁོ་ན་བྱ་བ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་ཡན་ལག་དྲུག་པའི་རབ་ཏུ་བྱེད་པ་རྩོམ་པ་ཞུགས་ཤེ་ན། གསུངས་པ། དེ་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་ཕྱིར་ཏེ་དེའི་ཕྱིར་རང་གི་རྟོགས་པ་སྒྲོགས་པ་ཁོ་ན་ནི། དེ་ལྟ་བུར་གྱུར་ པའི་བླ་མ་ཡང་དག་པ་ཇི་ལྟ་བའི་ལམ་སྟོན་པ་པོའི་བདག་ཉིད་ཆེན་པོ་མཆོག་ཏུ་ཐུགས་བརྩེ་བའི་བདག་ཉིད་སྒྲོགས་ཤིང་ཡོན་ཏན་གསལ་བར་བྱེད་པ་སྟེ། བླ་མའི་དྲིན་གྱིས་ཐོབ་པའི་བདག་ཉིད་ཀྱི་ཤེས་པ་རབ་ཏུ་གསལ་བར་བྱེད་པ་ཁོ་ནས་སོ། །དོན་འདི་ཉིད་དེ་གཞན་བཀོད་པས་ གསུངས་པ། གང་གི་ཕྱིར་འབར་བའི་གཟུགས་ཅན་མེ་ནི་མེད་པ་ན་སྟེ་མེ་འབར་བ་མེད་ན་དུ་བའི་རྩེ་མོ་ཡང་དག་པར་འཕྱུར་ཞིང་གསལ་བར་འདྲིལ་བ་རྟོགས་པ་མེད་པས་སོ། །འདིས་ནི་དཔལ་ལྡན་བླ་མའི་དྲིན་ཁོ་ན་ལས་གཞུང་འདི་བྱེད་པ་ལ་བདག་མཁས་པ་ཉིད་དོ་ཞེས་བཤད་ པར་འགྱུར་རོ། །འོ་ན་ང་རྒྱལ་ཐམས་ཅད་དང་བྲལ་བས་དེ་ཁོ་ན་ཉིད་ཀྱི་ལམ་སྒྲུབ་པར་བྱེད་པ་ཁྱོད་ཀྱིས་ཇི་ལྟར་ང་དེ་ཁོ་ན་ཉིད་ཤེས་པ་ཐོབ་པའོ་ཞེས་སེམས་མཐོ་བར་འགྱུར་ཞེ་ན་ལན་གསུངས་པ། བདག་གི་རྟོག་པའི་ང་རྒྱལ་སྐྱོན་གྱི་རྒྱུར་འགྱུར་མིན་ཏེ་འགྱུར་བ་ཞེས་པ་ལྷག་མའོ། །གང་གི་ ཕྱིར་གྲོལ་བ་དོན་དུ་གཉེར་བ་རྣམས་རབ་ཏུ་འཇུག་བྱེད་ཉིད་ཀྱིས་གཞན་དོན་སྒྲུབ་པར་བྱེད་པས་སོ། །དོན་འདི་ཡིན་ཏེ་རྙེད་པ་ལ་སོགས་པ་རེ་བའི་བསམ་པས་བདག་གི་ཤེས་པ་གསལ་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྲིད་པས་འཇིགས་པ་རྣམས་ལ་ཐབས་ཀྱི་དངོས་པོ་ཡང་ དག་པར་བསྟན་པས་རབ་ཏུ་འཇུག་པར་བྱེད་པའི་ཆེད་དུའོ། །དོན་གཞན་བཀོད་པ་གསུངས་པ། །རབ་ཏུ་འཇུག་པའི་རྒྱུའི་དོན་འགའ་ཞིག་བརྗོད་པ་ལ་སྟེ། བཤད་པ་ལ་རང་ཉིད་ཀྱིས་མ་ངེས་པའི་སྨྲ་བ་པོ་འཆད་པ་པོའི་སྐབས་ལས་ངེས་པ་མེད་ཅིང་ཐེ་ཚོམ་ཟ་བ་ན་དོན་དུ་གཉེར་བའི་སྐྱེ་བོ་ འདོད་པ་འགྲུབ་པའི་ཆེད་དུ་ཇི་ལྟར་འཇུག་སྟེ། མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གང་ཡང་སྨྲ་བ་པོ་སྟེ་མངོན་པར་བརྗོད་པ་པོ་དང་འབྲེལ་པའི་བརྗོད་པའི་ཚིག་ལ་ནི་སོ་སོ་སྐྱེ་བོས་བྱས་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་པ་རྣམས་ཀྱིས་རྒྱུད་དུ་མ་རྣམས་སུ་དྲང་བའི་དོན་རྟོགས་པས་ཁེངས་པའི་བློ་ 14-1-306a ཅན་གྱི་སྔགས་པ་དམ་པ་རྣམས་དམྱལ་བར་འགྲོ་བ་ན་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་རྒྱ་ཆེར་འགྲེལ་གྱི་དཔལ་དུས་ཀྱི་འཁོར་ལོ་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོར་དྲང་བ་དང་ངེས་པའི་དོན་རྣམ་པར་དབྱེ་བ་རབ་ཏུ་རྟོགས་སོ་ཞེས་རྒྱུད་ཀྱི་རྒྱལ་པོའི་ བདག་ཉིད་ཆེན་པོ་གསལ་བར་བྱེད་པ་གསུངས་པ། དྲང་བ་ཞེས་པའོ། །དྲང་བའི་དོན་ནི། དེ་ཁོ་ན་ཉིད་ཀྱི་དོན་སྤངས་ཏེ་གསུངས་པའོ། །ལམ་སྤངས་པ་རྣམས་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་ལ་མི་མཁས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། ཤེས་རབ་དམན་པ་ཉིད་སྒྲུབ་པའི་ སྒོ་ནས་ཏེ། བསྒྲུབ་པའི་ཕྱོགས་ལས་དགག་པ་རྣམས་མི་རྟོགས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་དཔལ་བཀའ་ཡིས་ནི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བཀའ་ཡིས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆེན་པོས་དཔལ་དུས་ཀྱི་འཁོར་ལོ་ཉུང་ངུའི་རྒྱུད་ གསུངས་ཏེ། ཤམྦྷ་ལའི་ཡུལ་དུ་ཡང་དག་པར་བསྡུ་བ་མཛད་ནས་བསྟན་ཏོ། །འདིས་ནི་སྟོན་པ་པོ་དང་བསྡུ་བ་མཛད་པ་པོ་དག་གིས་དང་དོན་གྱིས་ན་གསོལ་བ་འདེབས་པ་པོ་དཔལ་ཕྱག་ན་རྡོ་རྗེའི་བདག་ཉིད་ཆེན་པོ་ཉིད་གསལ་བར་བུས་པར་འགྱུར་རོ། །རྒྱུད་ཆེན་པོ་གང་ལ་འཇིག་ རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་དཔལ་པདྨ་དཀར་པོ་ཞེས་བྱ་བས་དོན་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་ཐམས་ཅད་དོན་ཅན་དྲི་མ་དང་བྲལ་བའི་འོད་ཅེས་བྱ་བའི་རྒྱ་ཆེར་འགྲེལ་མཛད་དེ་བྱས་པར་གྱུར་ཏོ། །གསུངས་པ་ཡང་། རྒྱས་འགྲེལ་དོན་ཀུན་གསལ་བྱེད་པ། །ཞེས་སོ། །རྒྱ་ཆེར་ འགྲེལ་དེས་གསལ་བྱས་པའི། །སངས་རྒྱས་རིན་ཆེན་སྙིང་པོ་སྟེ། །ཡང་དག་པའི་གདམས་ངག་གི་ལམ་སྙིང་པོ་བསོད་ནམས་ལས་ཏེ། བླ་མ་དམ་པའི་སྐབས་ལས་ཐོབ་ནས་ངེས་པའི་དོན་གྱི་བདུད་རྩི་བསྟེན་པས་ཏེ། དོན་དམ་པ་དགའ་བ་བཞི་པའི་བདུད་རྩི་ཐོབ་པས་སྲིད་པའི་ དུག་སྟེ། སྐྱེ་ཞིང་སྐྱེ་བའི་དུག་ཆེན་པོ་གཅོད་པར་བྱེད་ཅིང་མཆོག་ཏུ་མི་འགྱུར་བ་འདྲེན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། །དགའ་བར་བྱེད་དེ་རྟག་ཏུ་ལྷུན་གྱིས་གྲུབ་པའི་བདེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །འདིས་ནི་རྒྱ་ཆེར་འགྲེལ་མཛད་པ་པོའི་ཡང་ཆེས་ཆེ་བ་ཉིད་གསལ་བར་བྱེད་དོ། །སླར་ 14-1-306b ཡང་རྒྱུད་ཀྱི་ལྷག་པའི་རྒྱལ་པོའི་བདག་ཉིད་ཆེ་བ་ཉིད་སྟོན་པར་བྱེད་དེ། ཤེས་བྱ་ཤེས་སོ་ཞེས་བྱ་བའི་ཚོགས་རྣམས་ཀྱི་སྟེ། ཕྱི་དང་ནང་གི་རིག་པའི་གནས་ཀྱི་ཚོགས་མཐའ་དག་གི་གཞི་རྟེན་ཏེ་འབྱུང་གནས་སུའོ། །གསུངས་པ་ཡང་། དང་པོའི་སངས་རྒྱས་སུ་མ་གསུངས་པ་གང་དེ་ མེད་དོ་ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་གང་དུ་བཅོམ་ལྡན་འདས་ཀྱི་སྟེ། སངས་རྒྱས་ཀྱིས་ཀུན་མཁྱེན་གྱི་མཚན་ཐམས་ཅད་མཁྱེན་པ་ཞེས་པའི་མངོན་བརྗོད་རྗེས་མཐུན་པ་སྟེ། དོན་གྱི་རྗེས་སུ་མཐུན་པར་གྱུར་པ་དང་། དེ་ཁོ་ན་ཉིད་རིན་པོ་ཆེའི་འབྱུང་གནས་དེར་དབང་ཕྱུག་ལ་སོགས་པས་ བཤད་པ་ནི་རྩྭ་དང་འདྲ་བ་སྟེ། གཡོ་བཞིན་པ་ཉིད་ཀྱིས་ན་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རྩྭར་གྱུར་པའོ། །རྒྱུད་གང་དུ་ཤེས་རབ་ཕ་རོལ་ཕྱིན་པའང་སྟེ་ཆོས་ཐམས་ཅད་སྟོང་པ་ཉིད་རྟོགས་པར་བྱེད་པ་ཡང་ནི་གང་དུ་ཐལ་མཁའ་དག་ཀྱང་དེ་ཡིན་ལ། འདུ་ཤེས་མང་པོར་གྱུར་པ་གང་ཡིན་ པའི་རྣམ་པར་རྟོག་པའི་ལྗོན་པ་རྣམས་ཏེ། དེ་རྣམས་རབ་ཏུ་འཇིག་བྱེད་མཆོག་ཏུ་མི་འགྱུར་བ་རོ་མཉམ་པར་གྱུར་པ་ཡིན་པ་དེ་ནི་དེ་སྐད་དོ། །ནམ་མཁའ་ལས་བྱུང་ནི་སྣ་ཚོགས་གཟུགས་ལས་བྱུང་བའི་འོ། །དག་པའི་བདག་ཉིད་ནི་རྣམ་པར་རྟོག་པ་མཐའ་དག་གི་མཚན་མ་ མེད་པའི་སྐུ་ཅན་ཉིད་ཀྱི་ཕྱིར་རོ། །ད་ནི་དུ་བ་ལ་སོགས་པའི་མཚན་བྱུང་བའི་རྒྱུ་རྣལ་འབྱོར་ཡན་ལག་དྲུག་གི་རྟེན་དཔལ་ལྡན་བླ་མས་ཡང་དག་པར་རབ་ཏུ་བྱིན་པའི་མན་ངག་གསུངས་པ་དྲི་མེད་ཅེས་སོ། །དྲི་མ་མེད་པའི་ནམ་མཁའ་གང་ལ་སྟེ། སྤྲིན་ལ་སོགས་པའིསྒྲིབ་པ་ དང་བྲལ་བའོ། །སྤྲུལ་པ་ལ་སྟེ་ནང་ལ་དམིགས་པའི་བྱ་བ་ཅན་ལའོ། །མིག་ཕྱེད་ལ་སྟེ་བཀབ་ཅིང་མ་བཀབ་པའི་མིག་ལའོ། །སྙིང་རྗེ་ཆེན་པོ་རྒྱས་པས་བརླན་ཅིང་སྣུམ་པར་བྱེད་པའི་བསམ་པ་ལས་ཏེ། སེམས་ལས་རྟེན་རྣམ་པར་རྟོག་པའི་སེམས་ཟ་ཞིང་རང་བཞིན་ མེད་པར་བྱེད་དོ་ཞེས་པ་དེ་ལས་སོ། །འདིས་ཡང་དག་པར་རབ་ཏུ་སྦྱིན་པ་གསུངས་སོ། །གསུངས་པ་ཡང་མུན་པ་ལ་ཅུང་ཟད་ཀྱང་སེམས་པ་མེད་པར་བྱའོ་ཞེས་ཉེ་བར་བསྟན་པའོ་ཞེས་སོ། །གཞན་དུ་ཡང་། ཡིད་ཀྱི་རྩ་བ་ཕྱུང་བྱས་ཏེ། །སྟོང་པ་ཉིད་ལ་གོམས་བྱེད་པ། །མ་རིག་ 14-1-307a རབ་རིབ་ཀྱིས་ལྡོངས་ལ། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་སོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །དངོས་ཀུན་མཁའ་དང་མཉམ་བྱས་ཤིང་། །ནམ་མཁའ་མཉམ་པར་སེམས་གཟུང་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །འདིས་ནི་རྣམ་ པ་ཀུན་ལྡན་རྣམ་པ་མེད་པ་རྒྱུའོ་ཞེས་གསུངས་པར་འགྱུར་རོ། །ཡོད་དང་མེད་དང་གཉིས་ཀ་དངོས་པོ་དངོས་མེད་ངེས་པར་འཇིག་པ་སྟེ། ཡོད་པ་དང་མེད་པ་ལ་སོགས་པ་མཐའ་བཞི་ལས་རྣམ་པར་གྲོལ་བ་གློ་བུར་བ་སྟེ། རྣམ་པར་རྟོག་པའི་སྒྱུ་མ་ལ་ལྟོས་ཏེའོ། །རང་གིས་ཉམས་སུ་མྱོང་བར་ འགྱུར་རོ་ཞེས་པ་ལྷག་མའོ། །འཆར་ཞིང་རབ་ཏུ་སྐྱེ་སྟེ་དུ་བ་ལ་སོགས་མཚན་མ་བཅུ་པོ་མ་ལུས་པ་གང་སྟོང་པ་ཉིད་ཀྱི་རྗེས་འགྲོ་སྟེ་འབྲེལ་པ་ཅན་ནོ། །རྫོགས་པའི་རིམ་པ་གསལ་བར་བྱེད་པ་རྣམས་ནི་ཀུན་རྫོབ་དང་དོན་དམ་པ་གཅིག་ཉིད་དུ་རབ་ཏུ་གསལ་བར་བྱེད་པ་རྣམས་སོ། །དུས་ཀྱི་ འཁོར་ལོའི་ཡེ་ཤེས་ཀྱི་ལེའུའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་དྲུག་ལྷག་པའི་བརྒྱ་བའི་དེ་མ་ཐག་པའི་ཚིགས་སུ་བཅད་པས་གསུངས་པ། གང་ཕྱིར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་འགྱུར་མེད་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་སྐུ་ལ་ཨ་ཕྲེང་དང་ཀ་ཕྲེང་དང་། པདྨ་དང་། ཟླ་བ་དང་། ཉི་ མའི་གདན་དང་། ཧཱུཾ་ཡིག་ཡོངས་སུ་གྱུར་པའི་མཚན་མ་ལས་སྐྱེས་པའི་གཟུགས་དང་། ཁ་དོག་དང་། ཕྱག་དང་དབྱིབས་ཡོངས་སུ་བརྟགས་པའི་ཆོས་བཀག་པ་དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་གསུངས་སོ། །ཨ་སོགས་ནི་ཨ་ཡིག་ལ་ སོགས་པ་དབྱངས་ཀྱི་ཚོགས་ཟླ་བ་སྟེ། ཀ་སོགས་ནི་ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་ཉི་མའོ། །དེ་དག་གཅིག་ཉིད་ནི་གཅིག་ཏུ་བྱེད་པའོ། །གདན་ནི་རྟེན་ཏེ་པ་ཡིག་གསལ་བྱེད་ཀྱི་བདག་ཉིད་ཅན་པདྨ་དང་། ཨ་ཡིག་གི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་དང་། རེ་ཕའི་བདག་ཉིད་ཅན་ ཉི་མའི་དཀྱིལ་འཁོར་རོ། །རྡོ་རྗེ་ཅན་གྱི་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཅན་གྱིའོ། །མིང་ཞེས་པ་གསལ་བའོ། །དེ་བཞིན་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་རྡོ་རྗེའི་མཚན་མ་དང་། དེ་ཡོངས་སུ་གྱུར་པའི་ལྷའི་སྐུ་ཁ་དོག་དང་། ཕྱག་དང་ཞལ་དང་། དབྱིབས་ཡོངས་སུ་བརྟགས་པའི་ཆོས་ 14-1-307b བརྟེན་པར་བྱ་བའི་མཚན་ཉིད་ཅན་མི་འདོད་དེ། མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ན་འགྱུར་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འགྱུར་བ་མེད་པས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བས་བསྐྱེད་ཅིང་དེའི་ཕྱིར་ཡང་འགྱུར་བ་མཐར་བྱེད་དེ་འགྱུར་བ་ཐ་མལ་པའི་སྐྱེ་བོས་ཡོངས་སུ་བརྟགས་པའི་ཨ་ ཡིག་ལ་སོགས་པའམ་མི་འགྱུར་བ་དང་བྲལ་བའམ། སྐྱེ་བ་དང་འགག་པ་དང་བྲལ་བ་མཆོག་གི་དབང་པོ་ཅན་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་གྱུར་པ་རྣམ་ཀུན་པའི་སྟེ་འཇིག་རྟེན་གསུམ་གྱི་རྣམ་པའི་བདེ་བའི་ངོ་བོ་ཅན་གྱིའོ། །ཐིག་ལེའི་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པའི་ཐིག་ལེའི་འོ། །རྒྱལ་ བའི་བདག་པོ་མཆོག་གི་སྟེ་རྡོ་རྗེ་སེམས་དཔའིའོ། །སྣ་ཚོགས་སྒྱུ་མ་འཛིན་པའི་སྟེ། སྣ་ཚོགས་སྒྱུ་མ་ནི་སྣ་ཚོགས་ཡུལ་ཕྱག་རྒྱ་ཆེན་པོ་སྟེ་དེ་འཛིན་པའི་འོ། །བླ་མ་དམ་པའི་མན་ངག་ཐོབ་པས་ནི་དཔལ་ལྡན་བླ་མའི་ཡང་དག་པར་རབ་ཏུ་སྦྱིན་པ་ཐོབ་པས་སོ། །གདུག་པའི་གྲོགས་ཡོངས་སུ་ སྤང་བ་ནི་སྡིག་པའི་གྲོགས་པོ་ཡོངས་སུ་དོར་བས་སོ། །དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཡོངས་སུ་སྒོམ་པ་ཉིད་ཀྱི་ཕྱིར་ཏེ། སེམས་བརྟན་པར་བྱེད་པས་སོ། །ཐོག་མར་ཞུགས་པ་ཉིད་ཀྱི་ཕྱིར་ལས་དང་པོ་པའོ། །སྦྱངས་པའི་དབུ་མ་འབབ་པའི་ཕྱིར་ དབུ་མ་རྣམ་པར་སྦྱངས་པའོ། །གསུངས་པ་ཡང་། དུ་བ་ལ་སོགས་བསྒོམ་བྱ་སྟེ། །སེམས་ནི་གཡོ་བ་མེད་བྱས་ནས། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་སོ། །ཚོགས་ཁང་ནི་གྲ་བ་ལ་སོགས་པའི་གནས་སོ། །གཙུག་ལག་ཁང་ནི་དགེ་སློང་གི་ དགེ་འདུན་གྱི་གནས་སོ། །ནམ་མཁའི་ཁམས་ནི་སྣ་ཚོགས་གཟུགས་བརྙན་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་སྐྱེས་པ་མེད་པའི་ཆོས་མཐོང་བ་སྟེ། རྣམ་པར་མ་བརྟགས་པའི་ཆོས་མཐོང་བས་སོ། །བྱིས་པ་སྐྱེ་བོས་བརྟགས་པའི་ཕྱི་རོལ་གྱི་དོན་མེད་པའི་ ཕྱིར་རང་གི་སེམས་ཀྱི་སྤྲོས་པའི་སྣང་བརྙན་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པའོ། །བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་པའི་ལུགས་ཀྱི་ནང་དུ་མ་ལྷུང་བའི་ཕྱིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པས་སྟོང་པའོ། །ཚུ་རོལ་མཛེས་པའི་ལུགས་ 14-1-308a ལ་མི་འཇུག་པའི་ཕྱིར་ཆད་པར་སྨྲ་བ་རིང་དུ་བྱས་པ་ཉིད་ཀྱི་ཕྱིར་ན་ཆད་པའི་སྟོང་པ་ཉིད་རིང་དུ་བྱས་པས་སོ། །ནང་གི་བདག་ཉིད་ཀྱི་བདེ་བ་ཁོ་ན་མཆོག་གི་ཕྱག་རྒྱའི་བདེ་བ་སྟེ། དེ་ཉིད་རང་རིག་པར་བྱ་བའི་ཆོས་ཡིན་ཞིང་དེ་ལ་རྗེས་སུ་ཆགས་པའོ། །ལས་ཀྱི་བུད་མེད་དང་ཡེ་ཤེས་ཀྱི་ བུད་མེད་ལས་བྱུང་བའི་བདེ་བ་རྣམས་ལ་ཆགས་པ་མེད་པའི་ཕྱིར་ཕྱི་རོལ་གྱི་དབང་པོའི་རང་རིག་པར་བྱ་བའི་ཆོས་ཡོངས་སུ་སྤངས་པའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱིས་ཏེ། དུ་བ་ལ་སོགས་པའི་མཚན་མ་འབྱུང་བའི་དེ་མ་ཐག་ཏུ་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་འབྱུང་བར་བྱ་ བའི་ཆེད་དུ། ལེགས་པར་བསླབས་པའི་ལས་ཀྱི་ཕྱག་རྒྱ་ལ་རྗེས་སུ་ཆགས་པའི་རོ་ཅན་གྱིས་སོ། །གསུངས་པ་ཡང་། རྡོ་རྗེ་པདྨར་བཞག་བྱས་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོར་ཐིག་ལེ་ཐིག་ལེ་རྣམས། གཡོ་བ་རྡོ་རྗེ་དགག་པར་བྱ། །ཞེས་སོ། །རྒྱུན་མི་འཆད་པར་ ཕྱག་རྒྱ་ཆེན་པོ་ལ་བརྟེན་པའི་སེམས་ཀྱིས་ཡང་ནའོ། །ད་ནི་ལམ་ཤེས་པའི་དེ་ཁོ་ན་ཉིད་མི་འཐོབ་པ་གསུངས་པ། ལམ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པས་གང་གསུངས་པའི་བཞིའི་རབ་ཏུ་དབྱེ་བ་བཅུ་དྲུག་ཅན་གྱི་དེ་ཁོ་ན་ཉིད་བཞི་པ་དཔལ་ལྡན་བླ་མ་རྡོ་རྗེ་དེ་ནི་རྣལ་འབྱོར་པ་མ་ཡིན་ པས་འཐོབ་པ་མ་ཡིན་ནོ། །སྣ་ཚོགས་རྣམ་རྟོག་ནི་པདྨ་དང་ཉི་མ་དང་ཟླ་བ་དང་སྒྲ་གཅན་དང་དུས་མེ་དང་ས་བོན་དང་། མཚན་མ་ཡོངས་སུ་གྱུར་པའི་ཞལ་དང་ཕྱག་དང་། ཁ་དོག་དང་དབྱིབས་དང་དཔའ་བོའི་རིམ་པ་རང་བྱིན་གྱིས་བརླབས་པའི་རིགས་ལ་སོགས་པའོ། །སོགས་པའི་སྒྲས་ནི་ ཆོས་ཐམས་ཅད་ཆད་པའི་སྟོང་པ་ཉིད་སྨྲ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་འདིར་རབ་ཏུ་གསལ་བར་དབང་བསྐུར་གྱི་ལེའུར་གསུངས་ཏེ། འདོད་དང་དགའ་བ་དག་དང་འདར་དང་འགྱུར་མེད་ཀྱང་སྟེ་བཞི་པོས་སྦྱོར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐེ་བ་མཆོག་ཏུ་དགའ་བ་ཉིད་ནི་གཉིས་ པར་ངེས་པར་འགྱུར། །འབར་དང་ཐིག་ལེ་དང་ནི་གཉིད་ཡུར་སླར་ཡང་ཁྱད་དགའི་དགའ་བ་འདི་ལྟར་གསུམ་པའོ། །ཨོཊྚ་དང་ནི་ནཱ་ད་གཉིས་དང་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ལྟར་བཞི་པར་འགྱུར། །ཞེས་སོ། །དེའི་ཕྱིར་རྣམ་པར་རྟོག་པའི་ལམ་གྱིས་དེ་ཁོ་ན་ཉིད་མ་ཡིན་ཞིང་། དེ་ 14-1-308b ཁོ་ན་ཉིད་མ་ཡིན་ཞེས་བྱ་ཡང་དེ་ཁོ་ན་ཉིད་ཀྱི་སྒྲུབ་བྱེད་དུ་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་འདི་དེ་ཁོ་ན་ཉིད་ཀྱི་སྒྲུབ་བྱེད་དུ་མི་འགྱུར་རོ་ཞེས་པ་དེ་ཅི་ཞེ་ན། གསུངས་པ། བསྐྱེད་པའི་རིམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་སྟེ་བདེ་བ་ཆེན་པོའི་སྒྲུབ་བྱེད་དེ་འདི་ཡིས་བསྒྲུབ་པར་ བྱའོ་ཞེས་པ་སྒྲུབ་བྱེད་དེ་ཁོ་ན་ཉིད་དེ་ཁོ་ན་ཡིན་གྱི། གཞན་པདྨ་ལ་སོགས་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་དེ་ཅི་ཞེ་ན། བསྐྱེད་པའི་རིམ་པ་ལས་གྲོལ་བ་སྟེ། མངལ་དུ་འཇུག་པའི་རིམ་པ་དང་བྲལ་བའོ། །ཧཱུཾ་དང་ཕཊ་ཡིད་ཅེས་སྔགས་སོ། །སོགས་པའི་ སྒྲས་ནི་ཕྱག་རྒྱ་ལ་སོགས་པའི་རྟོག་པ་སྟེ། དེ་དང་བྲལ་བ་ནི་དེ་ཁོ་ན་ཉིད་དོ། །དེ་ཅི་ཞེ་ན་གསུངས་པ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་པ་ལ་སོགས་པ་ནི་གྲུབ་པར་གྱུར་པ་སྟེ། ནམ་མཁའི་སྒོམ་པས་རྟོགས་པར་བྱ་བའོ། །དེའི་རིམ་པ་ནི་དུ་བ་ལ་སོགས་པའི་ལམ་སྟེ། དེའི་རྣལ་ འབྱོར་ནི་ཤེས་རབ་ཀྱི་གཟུགས་དང་ལྷན་ཅིག་མི་འགྱུར་བའི་ཡེ་ཤེས་ཆེན་པོ་སྐྱེ་བ་ལ་ཆགས་པའོ་ཞེས་པའོ། །ད་ནི་འཕགས་པའི་ཚིགས་སུ་བཤད་པ་གཉིས་ཀྱིས་དཔེ་དང་བཅས་པར་བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་ནི་ཐབས་མ་ཡིན་པ་སྤངས་པས་གསུངས་པ། ཤིང་ལ་གནས་པ ཞེས་པ་ལ་སོགས་པའོ། །ཇི་ལྟར་ཏེ་གང་དང་འདྲ་བར་མེ་རྟེན་མེད་པར་རེ་ཞིག་མི་མཐོང་བ་ནི་ཤིང་ལ་གནས་ཀྱང་ཞེས་པའི་ཀྱང་གི་སྒྲའི་དོན་ཏོ། །བཅད་དང་དབྱེ་བའི་ཐབས་ཀྱིས་ཞེས་པ་བྱེད་པ་ལ་གསུམ་པའོ། །གཅོད་པ་ནི་སྟ་རེ་ལ་སོགས་པ་རྣམས་ཀྱིས་སོ། །དབྱེ་བ་ནི་ཤིང་འབྱེད་བྱེད་ ལ་སོགས་པ་རྣམས་ཀྱིས་སོ། །ཐབས་ནི་སྒོའོ། །གཙུབ་ཤིང་ནི་སྲུབ་ཤིང་སྟེ་དེ་དག་གིས་བསྲུབ་པ་ལས་སོ། །མེ་དེ་དེ་ལ་གནས་པ་ཡང་། །ཞེས་པ་དེ་ལ་སྟེ་བསྲུབ་པར་བྱ་བའི་ཤིང་དེ་ལ་གནས་པའོ། །དེ་བཞིན་དུ་སྟེ་དེ་དང་འདྲ་བར་སེམས་ཀྱི་སྣང་བ་ནི་སེམས་སྣང་སྟེ། ཁམས་ གསུམ་པ་མཐོང་བ་ཡིན་ལ། རྣམ་རྟོག་བསྒོམ་པའི་ཐབས་རྣམས་ཀྱིས་ཏེ་རྣམ་པར་རྟོག་པ་ཡང་ཡང་དུ་མངོན་དུ་ཕྱོགས་པར་བྱེད་པའི་སྒོ་རྣམས་ཀྱིས་མི་མཐོང་ངོ་། །འདི་ནི་སྟེ་སེམས་ཀྱི་སྣང་བ་ནི་བརྐྱང་མ་དང་རོ་མ་གཅིག་ཏུ་སྦྱོར་བས་མཐོང་སྟེ་ཞེས་པ་བྱེད་པ་ལ་གསུམ་པའོ། །གཅིག་ཏུ་སྦྱོར་ 14-1-309a བ་ནི་གཉིས་སུ་མེད་པར་སྦྱོར་བའོ། །དེ་ཉིད་དུ་སྟེ་རང་གི་སེམས་ཁོ་ན་ལའོ། །དོན་དམ་བསྙེན་པར་ཡང་གསུངས་པ། །ཤིང་ལས་མེ་དང་ཟླ་བ་ཆུ་ཤེལ་ལས་ནི་ཆུ་ཡང་མེ། །ཞོ་ལས་མར་དང་རྡོ་བ་རྣམས་ལས་ལྕགས་རིགས་རྣམས། །བུད་མེད་སྐྱེ་གནས་འགྲོགས་ལས་ མ་ཉམས་བདེ་བ་ནི། །དེ་ཐབས་སྦྱོར་བས་སྐལ་ལྡན་རྣམས་ཀྱིས་གཟུང་བར་མཛོད། །ཁྱོད་ཀྱི་སེམས་ལ་བསལ་བར་བྱ་དང་གཞག་བྱ་བ། །ཅུང་ཟད་མེད་ཅིང་འགྲིབ་དང་འཕེལ་བ་དག་ཀྱང་མེད། །སེམས་ལ་རང་གི་སེམས་ནི་ཁམས་གསུམ་པ་ཉིད་དུ། སོ་སོར་སྣང་བ་ཙམ་སྟེ་ཆུར་སོན་ཉི་མ་ བཞིན། །ཞེས་སོ། །སེམས་གཅིག་ཏུ་ཁོ་ན་ཤེས་རབ་ཀྱི་གཟུགས་བརྙན་དུ་གྱུར་པ་དུ་མའོ་ཞེས་དགོངས་པའོ། །འདི་ཉིད་སྟོན་པ་གསུངས་པ། དུ་བ་ཞེས་པ་ལ་སོགས་པའོ། །དུ་བ་ཁོ་ན་མཚན་གང་གི་དང་པོ་ཡིན་པ་དེ་ཡིས་ཏེ། མཚན་མ་ནི་ཡིད་ཆེས་པར་བྱེད་པ་སྟེ། གང་གིས་མངོན་ པར་འདོད་པ་གསལ་བར་བྱ་བ་དེ་ཞེས་སོ། །སྲོག་རྩོལ་ནི་བུམ་པ་ཅན་ཏེ་སྟེང་དང་འོག་གི་རྩ་གསུམ་འགོག་པའི་བདག་ཉིད་དོ། །དབུ་མར་འབབ་པ་སྟེ་སེམས་ཀྱི་རྩར་སྲོག་གི་རླུང་འབབ་ཅིང་རྗེས་སུ་འཇུག་པའོ། །རིག་མ་གཙོ་བོའི་བརྟུལ་ཞུགས་ནི་ཚངས་པར་སྤྱོད་པ་སྟེ། རིག་མ་ནི་རང་གི་ རྒྱལ་བའི་དབང་བསྐུར་ཞིང་ཡོན་ཏན་ལྷག་པ་གཟུང་བར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང་། །པུཀྐ་སཱི་ནི་མཆོག་མཛེས་མ། །གཟུགས་དང་ལང་ཚོས་བརྒྱན་བྱས་མ། །གཅིག་ཏུ་རྣལ་འབྱོར་གོམས་བྱས་མ། །དམ་ཚིག་ཤེས་ཤིང་བརྟུལ་ཤུགས་བརྟན། །བརྟན་མ་ཆགས་མེད་ངོ་ཚ་ མེད། །སྲེད་བྲལ་ང་རྒྱལ་མེད་ཐོབ་ནས། །དེ་དང་ལྷན་ཅིག་སྔགས་རིག་པ། །རང་གི་རིག་མའི་བརྟུལ་ཞུགས་སྤྱད། །ཅེས་སོ། །དེ་ལས་རྡོ་རྗེ་མ་ལྟུང་བ་སྟེ། རྡོ་རྗེ་མ་ལྷུང་བ་ནི་ངེས་པ་ཉིད་དེ་དེས་སོ། །སྟེང་དུ་ཁུ་བས་ཞེས་པ་ནོར་བུ་དང་པདྨ་ལས་གྱེན་དུ་འགྲོ་བས་དཔྲལ་བར་སོན་པས་སོ། ། ལམ་འདི་ཡིས་ནི་སྟེང་དུ་བ་ལ་སོགས་པ་ཡན་ལག་དྲུག་གི་མཚན་ཉིད་ཅན་གྱིས་སོ། །རྣལ་འབྱོར་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་ཏེ་འདི་ལ་ཡོད་པས་སོ། །སངས་རྒྱས་ཀུན་གྱི་བདེ་བ་ནི་དབང་པོའི་མ་ཡིན་པ་སྟེ། མཆོག་ཏུ་འགྱུར་བ་མེད་པ་ནི། མངོན་པར་སྒྲུབ་པའམ་སྟེ་མཆོག་ཏུ་མི་ 14-1-309b འགྱུར་བ། །ཞེས་པ་མངོན་པར་སྒྲུབ་པར་བྱེད་པ་སྟེ། གང་གིས་ཀུན་ནས་རྫོགས་པར་བྱེད་དོ་ཞེས་པའོ། །ཕོ་ཉ་ཀུན་གྱི་ལྷན་ཅིག་སྐྱེས་པ་འཐོབ་སྟེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགགས་པའི་རང་བཞིན་གྱི་མཁའ་འགྲོ་མ་རྣམས་ཀྱི་སྟོང་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བརྗོད་ཅིང་སྲིད་པ་གསུམ་སྤངས་ པའི་གཞོམ་དུ་མེད་པ་ཡིན་གྱི། འཇིག་རྟེན་ལ་གྲགས་པའི་བཞི་པའི་སྒྲིབ་པའི་བདག་ཉིད་ཀྱི་ལྷན་ཅིག་སྐྱེས་པ་ནི་མ་ཡིན་ནོ། །སྟོང་པ་ནི་གཅིག་ཉིད་དུ་བརྗོད་པར་བྱ་སྟེ། སྒྲིབ་པ་ཀུན་དང་བྲལ་བའི་ཕྱིར་རོ་ཞེས་པའམ་གྱི་སྒྲའི་དོན་ཏོ། །འོ་ན་དེ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་ནི་དེ་ཁོ་ ན་ཉིད་དང་དེ་ཁོ་ན་ཀྱི་སྒྲུབ་པར་བྱེད་པ་ཡིན་ཞིང་གཞན་མ་ཡིན་ནོ་ཞེས་བཤད་ལ། དེའི་ཕྱིར་དེ་ཉིད་འགྱུར་མོད། ཉེ་བར་མི་མཁོ་བ་གཞན་གྱིས་ཅི་བྱ་ཞེ་ན། གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །འཇིག་རྟེན་ནི་ཁམས་གསུམ་པ་སྟེ། དེ་ལ་ཡོད་པ་ནི་འཇིག་རྟེན་པ་ཉིད་དོ། ། དེ་ཡང་འདི་ཡིན་ལ་དངོས་གྲུབ་ཀྱང་ངོ་ཞེས་པའོ། །དངོས་གྲུབ་ནི་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དབང་ཕྱུག་ཉིད་དེ་འགྲུབ་བོ། །གཟུགས་ལ་སོགས་པའི་རྟོག་པ་ཞེས་པ་གཟུགས་སུ་ཡོད་ཅིང་གནོད་པར་བྱའོ་ཞེས་པ་གཟུགས་ཏེ་དེ་ཁོ་ན་གང་གི་དང་པོ་ཡིན་པའོ། །དེའི་རྟོག་པ་ནི་ཡིད་ ཀྱི་ལས་སོ་ཞེས་པ་སྟེ། དེ་ལ་གཟུགས་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །སོགས་པའི་སྒྲས་ནི་ཡེ་ཤེས་ཏེ། དེ་སྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་པ། སྒོམ་པ་གོམས་པ་ཡིས་ཞེས་པ་ལ་དཀྱིལ་ནི་རྟེན་གྱི་མཚན་ཉིད་ཅན་ནོ། །འཁོར་ལོ་ནི་ལྷའི་ ཚོགས་པ་བརྟེན་པའི་མཚན་ཉིད་ཅན་ནོ། །སོགས་པའི་སྒྲས་ནི་སྔགས་དང་ཕྱག་རྒྱ་དང་གདན་ལ་སོགས་པའོ། །དེ་རྣམས་ཀྱི་སྒོམ་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་སྟེ། དེ་སྒོམ་པ་ནི་ཡང་ཡང་དུ་མངོན་པར་ཞེན་པ་ཡིན་ཞིང་དེ་རྣམས་ཀྱིས་སོ། །གལ་ཏེ་དེ་ལྟ་ན་ལམ་འདི་ཁོ་ནས་ཐམས་ ཅད་དངོས་གྲུབ་འགྲུབ་པར་འགྱུར་མོད། །དུ་བ་ལ་སོགས་པའི་ལམ་གྱི་མན་ངག་གི་དགོས་པ་མེད་དོ་ཞེ་ན། གསུངས་པ། ག་ལ་ཞེས་སོ། །ཆེན་པོ་ཡང་འདི་ཡིན་ལ་དངོས་གྲུབ་ཀྱང་ངོ་ཞེས་པ་དངོས་གྲུབ་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འདོད་པ་ནི་འཇིག་རྟེན་ལས་འདས་པ་ 14-1-310a པའོ། །གང་ལ་འགྲུབ་སྟེ་དུ་བ་ལ་སོགས་པའི་མན་ངག་ཅེས་པར་ཅིས་འགྲུབ་སྟེ། མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །འོ་ན་ལམ་གྱི་ཉེ་བར་བསྟན་པ་འདིས་ཅི་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བརྩོན་པའི་བློ་ཅན་ཐམས་ཅད་ཀྱི་ཐམས་ཅད་ལས་འགྱུར་ རམ། འོ་ན་ཏེ་དག་པར་འགྲོ་བའི་དོན་བྱེད་པ་ལ་མཁས་པ་ལ་སྤྲོ་བ་འགའ་ཞིག་ཁོ་ན་རྣམས་ཀྱི་འགའ་ཞིག་ཁོ་ན་ལས་ཡིན་ཞེ་ན་གསུངས་པ། ལམ་ཞེས་པ་ལ་སོགས་པའོ། །བླ་མ་དམ་པ་ནི་དཔལ་ལྡན་བླ་མ་སྟེ། དེའི་མཚན་ཉིད་ནི་དོན་དམ་བསྙེན་པར་རྒྱས་པར་གསུངས་པ་ཇི་སྐད་དུ། བསམ་ལྡན་སྲིད་པའི་བསམ་གཏན་ཉམས་པ་ལ་ཆགས་པ། །འདོད་ལྡན་འདོད་པ་ཆེན་པོ་ལ་ནི་ཐུགས་བྲེལ་པ། །བརྟུལ་ཞུགས་ཆེ་ལྡན་དབང་པོ་གཉིས་ཀྱི་སྡེ་སྦྱོར་ལ། །ཕྱག་རྒྱ་རབ་ཏུ་འགྲོགས་ལའང་འདོད་ཆགས་མ་ཉམས་པ། །ཟླ་བ་ཉི་མའི་ལམ་ནི་རབ་ཉམས་རྣལ་འབྱོར་ཅན། ། ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ལས་རབ་ཏུ་ཞུགས། །མཐའ་ཡས་བདེ་བ་ཉིད་ཀྱིས་བདུད་ཐོབ་འགྱུར་བ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་འཇོམས་དེའི་ཞེས་རྒྱས་པར་རོ། །དེའི་བཀའ་དྲིན་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྗེས་སུ་འཛིན་པའོ། །དེ་ལས་འབྱུང་སྟེ་སྐྱེའོ། །ལྷ་ རྣམས་ཀྱིས་ཤེ་ན། སློབ་མ་དག་པ་རྣམས་ཀྱིས་ཏེ། དག་པ་ནི་དབང་བསྐུར་བ་ལ་སོགས་པ་རྣམས་ཀྱིས་ཐ་མལ་པའི་ང་རྒྱལ་གྱི་དྲི་མ་སྤངས་པ་རྣམས་སོ། །སློབ་མ་དེ་རྣམས་ནི་གཞན་གྱི་དོན་བྱེད་པ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་བསྟན་པར་བྱ་བ་ཡང་ངོ་ཞེས་པའོ། །ཕྱག་རྒྱ་ཆེན་པོའི་ ཐིག་ལེར་གསུངས་པ། ཇི་ལྟར་དུག་ནི་སྔགས་སོགས་ཀྱིས། །སྦྱངས་བཞིན་པ་ནི་བཅུད་ལེན་ཏེ། །དེ་བཞིན་དབང་བསྐུར་ལ་སོགས་ཀྱིས། །སློབ་མ་མ་དག་དག་ལྡན་འགྱུར། །ཞེས་སོ། །གང་རྣམས་གཞན་གྱི་བྱ་བ་དགེ་ལ་བརྩོན་པ་སྟེ། དགེ་བ་དེ་ལ་སྤྲོ་བའོ་ཞེས་པའོ། །ད་ནི་ ལམ་ཐོབ་པ་རྣམས་ཀྱི་བག་མེད་པ་རྣམས་ཀྱིས་ལམ་འཕྲོག་པའི་རྒྱུ་མཚན་གསུངས་པ། གཞན་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཉིད་གང་གིས་བདེ་བ་ཚོལ་ཞིང་དོན་དུ་གཉེར་བར་བྱེད་པ་སྟེ། དེ་མ་ཐག་ཏུ་བརྗོད་པ་འདི་ནི་དགའ་བ་རྒྱས་པར་བྱེད་དོ་ཞེས་པས་རིན་ཆེན་ཏེ་ཡིད་ 14-1-310b བཞིན་གྱི་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་སྟེ། རྙེད་དཀའ་བ་ཉིད་ཀྱི་ཕྱིར་དང་། བསམས་པའི་དོན་གྱི་འབྲས་བུ་སྟེར་བ་ཉིད་ཀྱི་ཕྱིར་ན་ལམ་བཟངས་རིན་ཆེན་ནོ། །ཕྱི་ནས་ཁྱད་པར་གྱི་བསྡུ་བའོ། །བག་མེད་ནི་བག་མེད་པའི་སྤྱོད་པ་ཅན་ཏེ། ཕན་པ་བདེ་བ་ལ་ལྟོས་པ་མེད་པའོ། ། འགྲོ་བ་དྲུག་པོ་རྣམས་སུ་ཉམས་པར་འགྱུར་བས་ན་སེམས་ཅན་ནོ། །གཞན་པ་ནི་གང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་ཕ་རོལ་ལ་ཕན་པ་དང་བདེ་བ་ལ་མི་བརྩོན་པའོ། །རང་གི་ཁྱིམ་ནི་ཆུང་མའོ། །དེ་ཁོ་ན་དགོན་པ་སྟེ། གདུག་པའི་སེམས་ཅན་གྱི་གནས་ཏེ་ཞུགས་པ་ དེའོ། །འདི་རྣམས་སུ་དབང་པོ་རྣམས་འཆིང་ངོ་ཞེས་པ་ཡུལ་རྣམས་ཏེ། གཟུགས་ལ་སོགས་པས་ཕྱི་རོལ་གྱི་ལོངས་སྤྱོད་རྣམས་སོ། །དེ་རྣམས་ཀྱང་ངན་པ་སྟེ་རོ་བྲོ་བ་ཆུང་བ་ཉིད་ཀྱི་ཕྱིར་དང་། རྣམ་པར་སྨིན་པ་རྩུབ་པ་ཉིད་ཀྱི་ཕྱིར་དང་བརྒྱལ་བའི་སེམས་ཀྱིས་བསྟེན་པ་ཉིད་ཀྱི་ཕྱིར་རོ། ། དེ་རྣམས་ཁོ་ན་ཆོམ་རྐུན་པ་རྣམས་ཏེ། བྱིན་པའི་ལམ་བཟང་པོའི་རིན་པོ་ཆེ་ཡང་དེ་རྣམས་ཀྱིས་འཕྲོག་པར་བྱེད། རྐུ་བར་བྱེད་དོ་ཞེས་པའོ། །འདི་རྣམས་འབའ་ཞིག་གིས་ལམ་བཟང་པོ་རིན་པོ་ཆེའི་ནོར་ཁྱིམ་གྱི་དགོན་པར་ཞུགས་པ་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཉེན་ འདུན་འཐིབ་པོའི་ནང་དུ་ཞུགས་པའི་ཐེ་ཚོམ་ལ་སོགས་པའི་རྐུན་པོ་རྣམས་ཀྱིས་ཀྱང་ངོ་། །གཉེན་འདུན་ནི་ཆུང་མ་དང་བུ་དང་བུའི་བུ་ལ་སོགས་པ་གྲགས་པའོ། །ཐིབས་པོ་ནི་ནགས་སོ། །ཡིད་ཆེས་པ་རྣམ་གསུམ་གྱིས་ངེས་པའི་ལམ་བཟང་པོའི་རིན་པོ་ཆེ་ལ་ཡང་སོམ་ཉི་ ཟ་བ་ནི་ཐེ་ཚོམ་སྟེ། ཅི་སྟེ་འདི་ལམ་བཟང་པོ་ཡིན་ནམ་འོ་ན་ཏེ་མ་ཡིན་ཞེས་པའོ། །འགྱོད་པ་ནི་ལས་ངན་པ་བདག་གིས་བྱས་ཏེ། དེའི་ཕྱིར་བདག་གིས་ལམ་མངོན་དུ་མི་བྱའོ་ཞེས་པ་འདི་ལྟ་བུའི་རྣམ་པ་ཅན་ནོ། །གཉིད་ནི་གཉིས་པ་སྟེ། ལུས་དང་ཡིད་དག་ལས་སུ་མི་རུང་བ་ ཉིད་དུ་སྐྱེད་པར་བྱེད་པ་རྨུགས་པ་ཞེས་པའི་བར་རོ། །ལེ་ལོ་ནི་སྤྲོ་བ་ཞན་པའོ། །རྒོད་པ་ནི་སེམས་རྣམ་པར་གཡེངས་པ་ཉིད་དེ། གྲོང་ཁྱེར་ལ་སོགས་སུ་འཁྱམ་པ་ཞེས་པའི་བར་རོ། །དེ་ལྟར་འདི་རྣམས་ནི་ལམ་བསྒོམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དྲི་མ་རྣམས་སུ་ 14-1-311a འཕགས་པའི་ཚིགས་སུ་བཅད་པ་འདི་ཡིས་བཤད་དོ་ཞེས་པའོ། །ཏིང་ངེ་འཛིན་གྱི་དྲི་མ་འདི་རྣམས་ཀྱིས་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། རིན་པོ་ཆེ་ཞེས་པ་ནི་ལམ་བཟང་པོའི་རིན་པོ་ཆེའོ། །རྟག་ཏུ་ནི་དུས་ གསུམ་དུའོ། །སྲོག་གཅོད་པ་སེམས་ཅན་གསོད་པའོ། །བརྫུན་ཞེས་པ་མི་བདེན་པ་སྨྲ་བའོ། །མ་བྱིན་པ་ཞེས་པ་གཞན་གྱི་རྫས་རྐུ་བའོ། །གཞན་གྱི་བུད་མེད་ཅེས་པ་ནི་འདོད་པ་ལོག་པར་སྤྱོད་པའོ། །ཚིག་རྩུབ་ནི་ཕ་རོལ་པོའི་ཞེ་འགེགས་པར་བྱེད་པའོ། །ཕྲ་མ་སྨྲ་བ་ནི་ཉོན་མོངས་པ་ཅན་གྱི་ སེམས་ཀྱིས་ཕ་རོལ་འབྱེད་པའི་ཚིག་གོ། །ཚིག་འཁྱལ་པ་ནི་འདོད་པ་ལ་སོགས་པས་ཉེ་བར་བཅོམ་པའི་ཧ་ཧ་ཧི་ཧི་ཞེས་པ་ལ་སོགས་འདོད་ཆགས་བསྐྱེད་པའི་ཚིག་གོ། །བརྣབ་སེམས་ནི་གཞན་གྱི་རྫས་ལ་ལོག་པར་ཆགས་པའོ། །གནོད་སེམས་ནི་གནོད་པར་བྱེད་པའི་སེམས་ཉིད་དོ། ། ལྟ་བ་ངན་པ་ནི་མེད་པའི་ལྟ་བའོ། །དེ་བཞིན་དུ་ཡོད་པའི་སྡིག་པ་ལྔ་ནི་འཚེ་བ་ལ་སོགས་པའོ། །ཉེ་བའི་སྡིག་པ་ལྔ་ནི་ཆོ་ལོ་ལ་སོགས་པའོ། །གསོད་ཅེས་པ་བ་ལང་ལ་སོགས་པ་གསོད་པ་ལྔའོ། །འཁུ་ཞེས་པ་གྲོགས་པོ་ལ་སོགས་པ་ལ་འཁུ་བ་ལྔའོ། །མིག་ལ་སོགས་པའི་དབང་པོ་ ཀུན་ནས་ཆགས་པ་ལྔའོ་ཞེས་པ་འདིའི་ཚད་ལྔ་ཡིན་པས་ལྔ་པ་རྣམས་ལྔ་སྟེ་ཆོམ་རྐུན་པ་དེ་རྣམས་ཁོ་ནའོ་ཞེས་པའོ། །དེ་སྐད་དུ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤོངས་ཤིག་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེ་ཞགས་པ་ཡིན་ཏེ་རང་གི་དགེ་བ་མཐར་བྱེད་ སྡིག་པ་ལྔ་པོ་འདི་རྣམས་སོ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་གློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པའོ་ཞེས་པ་མིའི་བདག་པོའི་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ། །ཞེས་སོ། །སྡིག་པ་ཅན་གྱི་ལས་ཞེས་བྱ་བ་བར་དུ་གཅོད་པར་བྱེད་པས་ཏེ། མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་ཀྱང་བསྡུས་པའོ་ཞེས་པའོ། །འདི་རྣམས་ཀྱིས་ལམ་བཟང་པོའི་རིན་ 14-1-311b པོ་ཆེ་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤིན་ཏུ་བཟའ་དང་བཏུང་བ་རྣམས་ཀྱིས་དང་སྣ་ཚོགས་པའི་ལོངས་སྤྱོད་རྣམས་ཀྱིས་ཀྱང་ཞེས་པའོ། །བཟའ་བ་ནི་ཤིན་ཏུ་ཤ་ལ་སོགས་པ་ཟ་བའོ། །བཏུང་བ་ནི་ཆང་འཐུང་བ་ལ་སོགས་པར་གྲགས་པའོ། །ཤིན་ཏུ་ནི་བརྒྱལ་བ་ལ་སོགས་པའི་ ཆོས་ཀྱིས་སོ། །ལོངས་སྤྱོད་པར་བྱ་བས་ན་ལོངས་སྤྱོད་དེ་མེ་ཏོག་ཕྲེང་བ་དང་ཙནྡན་དང་བུད་མེད་དང་མལ་སྟན་ལ་སོགས་པ་སྟེ་སྣ་ཚོགས་པ་རྣམ་པར་བཀྲ་བའོ། །བརྩོན་འགྲུས་ལྡན་པ་ལ་ཡང་སྟེ་ལམ་བསྒོམ་པ་ལ་སྤྲོ་བའི་འོ། །བརྗོད་མ་ཐག་པ་བརྩོན་འགྲུས་བརྟན་པ་ཅན་འབའ་ཞིག་ གིར་མ་ཟད་ཀྱི། བརྩོན་འགྲུས་བརྟན་པ་དང་མི་ལྡན་པའི་ཡང་ངོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །བག་མེད་པ་ནི་ཤིན་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་མི་དགེ་བའི་གྲོགས་པོ་དང་འགྲོགས་པའོ། །དེ་ལས་བརྒྱལ་བ་སྟེ་སེམས་དང་བྲལ་བ་ཉིད་དུ་གྱུར་པ་ལ་འཕྲོག་པར་བྱེད་པ་ཁོ་ནའོ་ ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་པའི་སྲིད་པའི་ལོངས་སྤྱོད་ལ་མངོན་པར་དགའ་བ་ནི་དགེ་བ་བྱེད་པ་རྣམས་ཀྱི་ཡང་བར་དུ་གཅོད་པར་བྱེད་པའོ་ཞེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་ཡོངས་སུ་རྟོག་པ་པོ་ལ་མངོན་པར་དགོངས་ནས་བར་དུ་གཅོད་པར་བྱེད་པའི་སྐྱོན་རྣམས་རྗོད་པར་བྱེད་ པ་མ་ཡིན་ནམ། རང་ཉིད་ལམ་གྱི་ཡོངས་སུ་རྟོག་པ་པོ་མ་ཡིན་པ་ལ་བརྗོད་པ་ཅི་ཞིག་ཅེ་ན། གང་ཕྱིར་ཏེ་གང་གི་ཕྱིར་རང་ཉིད་རྟོག་པ་པོ་མིན་པ་དེའི་ཕྱིར་གཞན་ཅིག་ཤོས་གཡོན་ཅན་ཁྲམ་པ་ཆེན་པོ་ལ་སྟོན་ཏེ། འདི་རིན་པོ་ཆེ་རིན་ཐང་ཆེན་པོ་ཡིན་ནམ་ཞེས་ཞེས་པའི་ཆེད་དུའོ། །དེས་སྨྲས་ པ་མ་ཡིན་ནོ། །དེ་ནས་དེའི་ངག་ལས་ཏེ། གཡོན་ཅན་གྱི་ཚིག་ལས་འདོར་བར་བྱེད་པ་ཁོ་ནའོ་ཞེས་པའོ། །དེ་བཞིན་ཁོ་ནར་ཤེས་རབ་འཆལ་བའི་རིགས་ཅན་ནི་སྡིག་པའི་དྲེགས་པའི་ཚིག་ལས་ལམ་བཟང་རིན་ཐང་མེད་པར་རིན་པོ་ཆེ་ཐོབ་ན་ཡང་གཏོང་བར་བྱེད་དོ། །དེ་ལྟར་ལམ་རིན་པོ་ ཆེ་ཡོངས་སུ་རྟོག་པ་དོན་དུ་གཉེར་བ་རྣམས་ཀྱིས་ཡང་སྡིག་པའི་གྲོགས་པོ་དང་ཉེ་བར་འགྲོགས་པའི་སྐྱོན་གསུངས་སོ་ཞེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་རྣམ་པར་ཤེས་པར་བྱས་ན་རང་ཉིད་ཡོངས་སུ་རྟོག་པ་པོ་མ་ཡིན་པས་ཇི་ལྟར་བྱ་ཞེ་ན། བདེན་མོད། དེ་ནི་གལ་ཏེ་གང་རྣམས་ཀྱི་ 14-1-312a སྐབས་ལས་རིན་ཆེན་ཆེན་པོ་ཡོངས་སུ་རྟོག་པར་བྱེད་དུ་གཞུག་པ་དེ་རྣམས་ཀྱི་རྣམ་དག་ངག་གིས་ཏེ། མི་སླུ་བའི་ཚིག་རྣམས་ཀྱིས་ནི་གསལ་བར་རྣམ་པར་ཤེས་པར་བྱ་སྟེ། རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་འདིའོ་ངེས་པར་བྱའོ། །དེ་ལྟར་ཁོ་ན་རིགས་ཀྱི་བུས་ལམ་ རིན་པོ་ཆེ་ཐོབ་པ་དགེ་བའི་བཤེས་གཉེན་གྱི་ཚིག་ལས་འདི་ནི་རིན་ཐང་མེད་པའོ་ཞེས་ལེགས་པར་ཡོངས་སུ་བརྟགས་ཏེ་ཤིན་ཏུ་བརྟན་པར་བྱས་ནས་ལྷག་པར་རྗེས་སུ་འབྲེལ་པར་བྱ་ཞིང་དོར་བར་མི་བྱའོ་ཞེས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྟག་ཏུ་དགེ་ལེགས་ཀྱི་ཆེད་དུ་ལམ་རིན་པོ་ ཆེ་བསྒོམ་པ་ལ་བརྩོན་པ་རྣམས་ཀྱི་ཡང་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་བཤད་དོ་ཞེས་པའོ། །དེ་ལྟར་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་ཡང་བདུད་ཀྱི་ལས་རྣམ་པར་སྤངས་པ་མེད་པར་སེམས་བརྟན་པར་གྱུར་པ་མ་ཡིན་ནོ་ཞེས་པ་དེའི་ཕྱིར་དེ་ཁོ་ན་སྟོན་པ་གསུངས་པ། བདུད་རྩི་འཁྱིལ་པ་ ལ་སོགས་པའོ། །བདུད་སྡིག་ཅན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱི་གཟུགས་རྣམས་སུ་སྤྲུལ་ནས་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའི་བགེགས་ཏེ་བར་དུ་གཅོད་པར་བྱེད་དོ། །ཇི་སྐད་དུ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱི་ཆེད་དུ་བའི་ལམ་མ་ཡིན་ལ། གང་གིས་ཁྱོད་གནས་པའི་ལམ་འདིས་འགའ་ཞིག་ཀྱང་ངེས་པར་བྱུང་བ་དང་། ངེས་པར་འབྱུང་བར་འགྱུར་བ་དང་། །ངེས་པར་འབྱུང་བའང་མ་ཡིན་ནོ་ཞེས་པ་ལ་སོགས་པ་རིག་པར་བྱ་སྟེ་ཞེས་རྒྱས་པར་ཤེས་རབ་ཀྱི་ལ་རོལ་ཏུ་ཕྱིན་ པར་བདུད་ཀྱི་ལས་ཀྱི་ལེའུར་གསུངས་པ་ཤེས་པར་བྱའོ། །དེ་ལྟར་བདུད་ཀྱི་ལས་ཀྱི་སྐྱོན་ཉེ་བར་སྤངས་ནས་ཐམས་ཅད་ཉེ་བར་བསྡུ་བ་གསུངས་པ། དེ་ཕྱིར་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར་ལམ་འཕྲོག་པར་བྱེད་པ་འདི་ཡོད་པའི་རྒྱུ་དེའི་ཕྱིར་རོ། །ཆོམ་རྐུན་རྩ་ལག་ཅེས་པ་ ཉེ་བར་མཚོན་པ་སྟེ། ཐེ་ཚོམ་ལ་སོགས་པ་ཡང་ཡོངས་སུ་བཏང་སྟེ་འབད་པས་ཏེ་གུས་པ་ཆེན་པོས་བླ་མ་དམ་པས་བྱིན་པའི་ལམ་རིན་ཆེན་ཁྱད་པར་དུ་འཕགས་པས་ལེགས་པར་སྦ་བ་རབ་ཏུ་གསལ་བ་མ་ཡིན་པར་སློབ་མ་རྣམས་ཀྱིས་བྱའོ་ཞེས་པ་ཐར་པ་འདོད་པ་རྣམས་ཀྱི་ལམ་ཡོངས་ 14-1-312b སུ་སྲུང་བ་གསུངས་སོ་ཞེས་པའོ། །འོ་ན་ཐར་པའི་ཆེད་དུ་ལམ་གཞན་ཡང་ཡོད་པ་མ་ཡིན་ནམ་དེས་ན་འདི་ལ་གུས་པས་ཅི་ཞེ་ན་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པའོ། །དཔའ་བོའི་རིམ་པ་ནི་ཕྱི་རོལ་གྱི་དྲག་པོའི་ལྷ་མཆོད་པ་དང་དམིགས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །རང་བྱིན་ གྱིས་བརླབ་པའི་རིམ་པ་ནི་སེམས་ཀྱིས་ལྷ་ཞི་བའི་རྣལ་འབྱོར་གྱི་སྒོ་ལ་དམིགས་པའི་མཚན་ཉིད་ཅན་ནོ། །ཐར་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྟན་པ་མིན་ཞེས་པའོ། །བསྟན་པ་འདི་ཅི་ཞིག་ཡིན་ཞེ་ན་གསུངས་པ། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ཞེས་པ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་གཉིས་མེད་པའོ། །གལ་ཏེ་འདི་ལྟ་བུ་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། གང་གིས་ཞེས་པའོ། །རྒྱུ་གང་ཞིག་རྒྱལ་བའི་དབང་པོ་རྣམས་ཀྱིས་མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་ཡང་དག་པར་གཟུང་བ་སྟེ་དབུགས་ཕྱུང་བར་གྱུར་པའོ། ། མཚམས་མེད་པ་ལྔ་པོ་རྣམས་ནི། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་པ་སྟེ། ལྔ་པོ་རྣམས་ལས་གང་ཡང་རུང་བའི་སྐྱོན་གྱིས་བར་མཚམས་མེད་པ་ཁོ་ ནར་མནར་མེད་པར་བསྐལ་པར་གནས་པར་འགྱུར་ཏེ། དེས་ན་མཚམས་མེད་པར་བརྗོད་པར་བྱའོ། །བདེ་བ་ཉིད་ཀྱིས་ཏེ་ཐབས་བདེ་བས་སོ། །དབང་བསྐུར་དོན་གྱི་ནི་བཞི་པའི་དོན་གྱིས་སོ། །གཞན་དུ་ན་མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་དཔའ་བོའི་རིམ་པ་དྲག་པོའི་ལས་ ལ་ཆགས་པ་དང་བྲལ་བ་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་འཁོར་བའི་བདེ་བ་ཤིན་ཏུ་འཕེལ་བའི་བག་ཆགས་ཀྱི་རྒྱུན་ཅན་རྣམས་ཀྱིས་ཐར་པ་ཐོབ་པ་མ་ཡིན་ཏེ། རྒྱུ་དེས་ཞེས་པའོ། །འོ་ན་གལ་ཏེ་རིམ་པ་གཉིས་པོ་འདི་ཁྱོད་རིམ་པ་མ་ཡིན་པར་སེམས་ན་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཅིའི་དོན་དུ་གསུངས་ཤེ་ན། གསུངས་པ། དཔའ་བོའི་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར་ལུས་ལ་སྲོག་ཟད་པ་ལ་འདི་གསུངས་པ་དེའི་ཕྱིར་དཔའ་བོའི་རིམ་པ་ཕྱི་རོལ་ལ་ནི་མིན་ནོ། །འོ་ན་དེ་ལྟར་ལུས་ལ་རང་བྱིན་གྱིས་བརླབ་པ་གསལ་ལམ་ཞེ་ནམ་ 14-1-313a ཡིན་ཏེ། གང་གི་ཕྱིར་རང་གི་སེམས་བྱིན་གྱིས་བརླབ་པ་སོ་སོར་སྣང་བ་སྟེ། དེ་ཡང་སྟོང་པ་ཁམས་གསུམ་པ་ཉིད་མཐོང་བའོ། །མིང་ཞེས་པ་རབ་ཏུ་གྲགས་པའོ་ཞེས་པའོ། །འགྲོ་བའི་དོན་བྱེད་པ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་རིམ་པ་རྣམ་པར་གཞག་ པ་ཡང་གསུངས་པའོ་ཞེས་པའོ། །འོ་ན་རང་བྱིན་གྱིས་བརླབ་པ་ནི་ཁམས་གསུམ་པ་མཐོང་བ་ཉིད་དུ་གསུངས་ལ། དེ་མཐོང་བ་ལས་དེ་མི་ལྡོག་པའི་ཕྱིར་དེས་ན་འཁོར་བ་གནས་པར་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཇི་སྲིད་ཅེ་ན། གསུངས་པ། འཁོར་བ་ཞེས་པ་ལ་སོགས་ པའོ། །འཁོར་བར་ཏེ་ཁམས་གསུམ་པ་སྙིང་པོ་མེད་པ་བརྫུན་པ་བསླུ་བའི་ཆོས་ཅན་ལ་སངས་རྒྱས་ཉིད་དེ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་མཁྱེན་པ་ཉིད་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་ པའི་མཚན་ཉིད་ཅན་ནི་འབྲས་བུ་སྟེ་སྙིང་པོར་འགྱུར་རོ། །དེ་ཟད་ལས་ཏེ་འཁོར་བ་ཟད་པ་དེ་མ་ཐག་ཏུའོ། །ཅི་དང་འདྲ་བར་འབྱུང་ཞེ་ན་གསུངས་པ། ཆུ་ཤིང་གི་འབྲས་བུ་བཞིན་ཞེས་པ་སྟེ། ཇི་ལྟར་སྙིང་པོ་མེད་པའི་ཆུ་ཤིང་ལས་སྙིང་པོ་འབྲས་བུ་སྨིན་པ་ཆུ་ཤིང་ཉམས་པས་ཡང་དག་ པར་འབྱུང་བ་དེ་བཞིན་དུ་སངས་རྒྱས་ཉིད་ཀྱང་ངོ་ཞེས་པའོ། །འོ་ན་སངས་རྒྱས་ཉིད་ནི་སྒྲུབ་པར་བྱེད་པ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་སུ་འདོད་ན་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བྱེད་པ་ནི་དེ་ཁོ་ན་ཉིད་དོ་ཞེས་པའི་གསུང་གི་ཕྱིར་དེ་ཡང་སྒྱུ་མ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་སྒྱུ་མ་ནི་རང་རིག་པ་ ཡིན་ལ། དེ་འཇུག་བཞིན་པའི་དེ་ཁོ་ན་མ་ཡིན་པ་ཇི་ལྟར་སངས་རྒྱས་ཉིད་ཀྱི་སྒྲུབ་པར་བྱེད་པར་འགྱུར་བར་འོས་ཤེ་ན། གསུངས་པ། སྡིག་པ་ཞེས་པ་ལ་སོགས་པའོ། །སྡིག་པ་ནི་ཤུ་ཀའི་སྲིན་བུའོ། །ཀུ་ལཱི་ར་ནི་ཀརྐ་ཊའོ། །གང་གི་སྐབས་ལས་བྱུང་ཞིང་འབྱུང་བ་རང་གི་མ་དེ་ དེ་རྣམས་ཀྱིས་ཉམས་པར་བྱེད་པ་ཇི་ལྟ་བ་བཞིན་ཞེས་པ་དེ་ལྟར་རྣལ་འབྱོར་གྱི་སེམས་ཏེ། རྣལ་འབྱོར་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའོ། །དེ་ལ་ཡོད་པའི་སེམས་གང་ཡིན་པ་དབང་བསྐུར་བཞི་པ་སྒྱུ་མ་གང་རིག་པ་འཕོ་བའི་ཆོས་ཅན་གྱི་སྐབས་ལས་ཀུན་རྫོབ་ཏུ་ 14-1-313b སྐྱེས་པ་ཡིན་ཞིང་། དེ་རྣམ་པར་ཉམས་པར་བྱེད་པར་འགྱུར་རོ་ཞེས་པའོ། །སྒྱུ་མ་དང་བྲལ་བས་ན་འཁོར་བ་སླར་ལྡོག་པ་མེད་པར་བརྗོད་དེ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དབུགས་འབྱུང་བའི་དོན་དུའོ། །འོ་ན་བྱང་ཆུབ་ཀྱི་སེམས་ནི་བེམས་པོའི་ཁམས་སུ་འདིར་བརྗོད་ལ། དེ་ ཡང་བེམས་པོ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་ཉིད་ཀྱིས་སྒྲུབ་པར་བྱེད་པར་ཅི་ལྟར་བརྗོད་ཅེ་ན། བརྗོད་པ་བདེན་ཏེ། ཁུ་བ་མི་འགྱུར་བའི་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་བ་བསྒོམ་པར་བྱའོ་ཞེས་པའི་གསུང་ལས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་གྱི་སེམས་ འདིའི་མཆོག་ཏུ་མི་འགྱུར་བའི་ངོ་བོ་བཞིའི་རབ་ཏུ་དབྱེ་བ་བཅུ་དྲུག་གསུངས་པ། གཉིས་མེད་ཅེས་པ་ལ་སོགས་པའོ། །གཉིས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་ཏེ། གང་ལ་ཡོད་པ་མ་ཡིན་པ་དེ་གཉིས་མེད་དོ། །ནོར་བུ་དང་པདྨ་ལས་གཡོ་བ་མེད་དོ་ ཞེས་པ་གཡོ་བ་མེད་དོ། །གཉིས་རྟོག་སྟེ་ཤེས་རབ་དང་ཐབས་ཀྱི་ཆ་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་པ་གཉིས་རྟོག་མེད་དོ། །བླ་ན་མེད་པའི་བདེ་བ་སྟེར་བ་ཉིད་ཀྱི་ཕྱིར་འདོད་པའོ་ཞེས་པ་རྣལ་འབྱོར་བཞི་པའོ། །དབུགས་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགོག་པའི་ཕྱིར་ མཆོག་ཏུ་མི་འགྱུར་བའོ། །ཆགས་པ་དང་བྲལ་བའི་ཕྱོགས་དཀར་པོ་དང་ནག་པོ་ཞེས་བྱ་བ་བདག་གི་གནས་པ་དང་འགྲོ་བ་མེད་པའི་ཕྱིར་འདོད་ཆགས་ཆེན་པོའོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་དངོས་དང་དངོས་པོ་མེད་པའོ། །ཤེས་བྱ་མ་ ལུས་པ་མཐོང་བའི་ཕྱིར་ཡེ་ཤེས་སོ་ཞེས་རྣལ་འབྱོར་གསུམ་པའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་མ་ཅན་སེམས་ཅན་གྱི་དོན་ལ་ཀུན་ནས་ཆགས་པ་ཉིད་ཀྱི་ཕྱིར་སེམས་དཔའོ། །དང་པོ་དང་། དབུས་དང་། ཐ་མར་དགེ་བ་བྱེད་པ་ཉིད་ཀྱི་ཕྱིར་ཀུན་དུ་བཟང་པོ་ཞེས་པའོ། །བདུད་ དང་། ཉོན་མོངས་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་སྒྲ་སྟེ། གྲག་པ་ཕྱི་དང་ནང་གི་བརྗོད་པ་འམ། ཡང་ན་རབ་ཏུ་སྒྲོགས་ཤིང་རྣམ་པར་ལྷོད་པའི་སེང་གེའི་སྒྲ་ཅན་གྱི་གཡུལ་འདི་ཡོད་པ་མ་ཡིན་པས་སྒྲ་འཐབ་མེད་པའོ། །གཞོམ་དུ་མེད་པའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་འདིའི་ 14-1-314a སྒྲ་སྟེ་གྲགས་པ་ཆེན་པོའོ་ཞེས་པ་རྣལ་འབྱོར་གཉིས་པའོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པར་སྤོངས་པ་ཉིད་ཀྱི་ཕྱིར་ལྷན་སྐྱེས་སོ། །སྐུ་བཞིའི་སྒྲིབ་པ་ཟད་པའི་ཕྱིར་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དག་དབྱེར་མེད་པ་ཉིད་ ཀྱི་ཕྱིར་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེའོ། །ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཐབས་ཀྱི་བདག་ཉིད་རྣལ་འབྱོར་རོ་ཞེས་པ་རྣལ་འབྱོར་དང་པོའོ། །ད་ནི་བླ་མ་བསྟེན་པའི་ཆེད་དུ་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པ། དང་པོར་ཞེས་པ་ལ་ སོགས་པའོ། །འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའི་སློབ་མ་རྣམས་ཀྱིས་བླ་མ་ལ་བསྟེན་པར་བྱ་སྟེ། དེ་ཡང་ཡང་དག་པར་ཡོངས་སུ་བརྟག་པར་བྱའོ་ཞེས་གསུངས་པ། བྱང་ཆུབ་ཀྱི་སེམས་བསྲུང་པའི་ཕྱིར་དམ་ཚིག་ཅན་ནོ། ། བསྟེན་པར་བྱ་སྟེ་བུ་དང་ཆུང་མ་ལ་སོགས་པ་རྣམས་ཀྱིས་མཉེས་པར་བྱའོ། །རྡོ་རྗེ་ཐེག་པར་ལྷག་པར་གནས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་ལྷག་པར་གནས་པའོ། །མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒོམ་པ་པོ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྒོམ་པའོ། །བུ་དང་ཆུང་མ་ལ་སོགས་པ་ཐམས་ ཅད་དང་། རང་གི་ལུས་ལ་ཡང་ལྟོས་པ་མེད་པའི་ཕྱིར་མ་ཆགས་པའོ། །འདོད་ཆགས་ལ་སོགས་པའི་སྐྱོན་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །བཟོད་པ་ལ་དང་ཚུལ་ཏེ་འབྲས་བུ་མལ་ལྟོས་པ་མེད་པར་འཇུག་པ་གང་གི་རང་བཞིན་ཡིན་པ་དེ་ནི་བཟོད་པའི་ངང་ཚུལ་ཅན་ནོ། །ལམ་ནི་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེ། དེ་ལ་འཇུག་པའི་ངང་ཚུལ་ཅན་ནི་ལམ་ལ་འཇུག་པའོ། །བླ་མ་འདི་མཉེས་པར་བྱས་པར་གྱུར་ན་སློབ་མ་རྣམས་ལ་ལམ་གྱི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་པར་འགྱུར། དེ་ཡང་དེ་ཁོ་ན་ཉིད་ལས་ཚངས་སྤྱོད་ལྡན་ཏེ་ མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའོ། །བདུད་རྣམས་ཀྱི་ནི་སྟེ་བདུད་བཞི་པོ་རྣམས་ཀྱི་དོ་རྗེ་དབྱུག་པ་དང་འདྲ་བས་རྡོ་རྗེ་དབྱུག་པ་སྟེ། འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། །བརྗོད་པའི་མཚན་ཉིད་ཅན་མཚན་ཉིད་ཅན་གྱི་དཔལ་ལྡན་བླ་མ་སྟེ། ཡང་རྡོ་རྗེ་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔས་ 14-1-314b བྱིན་གྱིས་བརླབས་པའི་སྐུ་ཅན་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་ཏེ་སྤྲུལ་པའི་སྐུ་ཡིས་སོ། །ད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆེད་དུ་ལྷའི་དམིགས་པ་གསུངས་པ། མངོན་སུམ་ཞེས་པའོ། །དེ་ཁོ་ན་ཉིད་སྦྱོར་ལས་ཏེ། སྣ་ཚོགས་གཟུགས་བརྙན་བསྒོམ་པའི་རྣལ་ འབྱོར་ལས་སོ། །སྐར་མའི་ཚོགས་བཞིན་ཞེས་པ་ནོར་བུ་སྔོན་པོ་དང་། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ཐིག་ལེའི་དབུས་སངས་རྒྱས་འོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པ་མཐོང་བ་སྔོན་མ་ཅན་ཁམས་གསུམ་པ་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བའོ། །ཤའི་མིག་ གིས་ནི་དཔག་ཚད་བརྒྱའི་བར་དུ་ཆོད་པའི་དངོས་པོ་མཐོང་བས་ཏེ། མངོན་པར་ཤེས་པ་རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་སོ། །ལྷ་མིག་སྟེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པས་བར་དུ་ཆོད་པའི་ཕྲ་མོ་དང་ཅིག་ཤོས་ཀྱི་གཟུགས་མཐོང་བས་སོ། །སངས་རྒྱས་ཀྱི་སྤྱན་གྱིས་ཏེ་གཞན་ གྱི་སེམས་རིག་ལས་སོ། །ཤེས་རབ་ཀྱི་སྤྱན་གྱིས་ཏེ་ཆོས་ཐམས་ཅད་ལ་རྣམ་པར་མི་ཏོག་པའི་མཚན་ཉིད་ཅན་གྱིས་སོ། །ཡེ་ཤེས་སྤྱན་གྱིས་ཏེ་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཐོང་བས་སོ། །སེམས་ཅན་གཞན་རྣམས་ནི་ཚུ་རོལ་མཐོང་བ་རྣམས་སོ། །ཤི་བའི་ལུས་བཞིན་ ཞེས་པ་ནི་གཡོ་བ་དང་འགུལ་བ་མེད་པའི་ཕྱིར་རོ། །བྱས་པ་ནི་ས་ལ་སོགས་པས་སོ། །བླུགས་པ་ནི་ར་གན་ལ་སོགས་པས་སོ། །བཤང་བ་ལ་སོགས་པ་ནི་བི་ར་ཤུམ་མུ་སྟེ་ལྔའོ། །གོ་ཀུ་ལ་སོགས་པ་ནི་གོ་ཀུ་ད་ཧ་ན་སྟེ་ལྔའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །དབང་པོ་ལྔ་ རྣམས་ནི་སྒྲོན་མ་ལྔའོ་ཞེས་པའོ། །གསུངས་པའང་ཉིན་དང་མཚན་མོར་ཐིག་ལེ་ལས་ནི་དཀར་པོའི་རྒྱུན་འབབ་གང་སྟེ་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་སོགས་ནི་ཉིན་ཞག་སོ་སོར་མིག་ལ་སོགས་པ་སྤྲོ་བའོ་ཤ་གཞན་རེས་འགའ་ཡང་ནི་མིན། །རང་རིག་ས་ལ་གནས་པའི་ལྷ་རྣམས་ ཀྱིས་ནི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་རབ་འཇུག་ལས་ལྷན་སྐྱེས་སེམས་ཀྱི་བདེ་བ་འཁྲིག་པའོ་དེ་ནི་སྐྱེ་གནས་པ་མ་ཡིན། །ཞེས་སོ། །དབྱུང་བ་དང་དགང་བ་དང་བུམ་པ་ཅན་གྱི་རྣལ་འབྱོར་ཏེ་ཨོཾ་ཡིག་ཕྱིར་འགྲོ་བ་དང་། ཨཱཿཡིག་འཇུག་པ་དང་ 14-1-315a ཧཱུཾ་ཡིག་གནས་པར་སོ་སོར་རྟོག་པའི་མཚན་ཉིད་ཅན་ནོ། །མ་བསྡམས་པ་ནི་བརྟན་པར་མ་བྱས་པས་སོ། །ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་ནི་འཇིག་རྟེན་པའི་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུའོ། །སྡུད་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་སྟེ། འཇིག་རྟེན་པའི་ གཟུགས་ལ་སོགས་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་སོ་སོར་སྤངས་པ་ཉིད་ཀྱི་ཕྱིར། སོ་སོར་སྡུད་པའོ་ཞེས་པའི་དོན་ཏོ། །གཞན་རྣམས་ཀྱི་གཟུགས་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་འཇིག་རྟེན་ལས་འདས་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་སོ། །བསམ་གཏན་ ནི་ཤེས་རབ་དང་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་གཡོ་མེད་བདེ་བའི་མཚན་ཉིད་ཅན་ནོ། །སྲོག་རྩོལ་ནི་ཟླ་བ་དང་ཉི་མའི་བགྲོད་པ་འཇིག་པའི་མཚན་ཉིད་ཅན་ནོ། །འཛིན་པ་ནི་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་འགྲོ་བ་དང་འོང་བའི་སྒོ་ཡིས་ཐིག་ལེ་ལ་འགོག་ པའི་མཚན་ཉིད་ཅན་ནོ། །རྡོ་རྗེ་པདྨ་ནི་གཙུག་ཏོར་གྱི་པདྨ་སྟེ། དེར་བྱུང་བ་ཉིད་ལས་རྡོ་རྗེ་པདྨར་སྐྱེས་པའི་བདུད་རྩི་དེས་དེ་བྱང་ཆུབ་ཀྱི་སེམས་མི་འཕོ་བས་ཞེས་པའི་དོན་ཏོ། །ཆུ་སྐྱེས་རོ་མཉམ་གྱུར་པ་ནི་སྙིང་ག་དང་། ལྟེ་བ་དང་གསང་བའི་པདྨའི་ཟེ་འབྲུར་རོ་མཉམ་པར་གྱུར་པའོ། །སུ་ཤུ་ མ་ནཱའི་རྩ་ནི་དུང་ཅན་མ་སྟེ། དེའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་ཏེ། བྱང་ཆུབ་ཀྱི་སེམས་འགྲོ་བ་ལས་སོ། །འདིས་ནི་ཕྲ་མོའི་རྣལ་འབྱོར་གསུངས་སོ། །ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་བརྗོད་པར་བྱ་སྟེ། དང་པོར་ཞེས་པ་ལ་སོགས་པའོ། །ཕུང་པོ་ ཡོངས་སུ་དོར་བ་ལས་ཞེས་པ་ད་ལྟར་བའི་ལུས་ཡོངས་སུ་བཏང་བ་ལས་སོ། །སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་འཛིན་པ་ལས་ཞེས་པ་འབྱུང་བའི་སྲིད་པ་ཀུན་འཛིན་པ་ལས་སོ། །འདིའི་དབུས་ཏེ་གང་བར་དུ་སྲིད་པ་བར་མའི་མཚན་ཉིད་ཅན་ནོ། །སྲིད་པ་གསུམ་མཐོང་བ་ནི་སྲིད་པ་གསུམ་དངོས་སུ་མཐོང་བའོ། །ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་མ་ལུས་པའི་རྟེན་གྱི་རྡུལ་དང་ཁུ་བའི་ཐིག་ལེའི་དབུས་སུ་སེམས་འཇུག་པ་སྟེ། མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ཞེས་བྱ་བ་ནི་ཡང་དག་པར་འཛིན་ནོ། །ཟླ་བ་བདུན་རྣམས་ཀྱིས་ཞེས་པ་སྤྱིའི་ངོ་བོ་ 14-1-315b ལས་ཟླ་བ་དགུ་རྣམས་ཀྱིས་ཞེས་བརྗོད་དོ། །ལྷའི་སྒྲུབ་པ་ལ་མངལ་གྱི་དཔེ་ཡིས་ཏེ། དེས་ན་དེ་ནས་ཞེས་པ་ལ་སོགས་པས་ཉེ་བའི་སྒྲུབ་པ་ལ་སོགས་པའི་ཡན་ལག་གསུམ་གསལ་བར་མཛད་དོ། །ཕུང་པོ་དྲུག་པོ་རྣམས་ཀྱིས་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་ཅན་རྣམས་སོ། །འདི་ནི་སྤྱིའི་བསྟེན་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་བསྙེན་པའོ། །དེ་བཞིན་དུ་ཉེ་བའི་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ་ཞེས་པ་སྟེ་དེ་ཉིད་ཀྱི་ཕྱིར་ཆུ་གཏེར་ལ་སོགས་པའོ། །འདིས་ནི་སྐུ་དང་གསུང་ དང་ཐུགས་དང་ཡེ་ཤེས་རྫོགས་པའོ་ཞེས་བཤད་པར་འགྱུར་རོ། །སྒྲུབ་པ་འབྲིང་པོ་ཞེས་པ་ནི་ཉེ་བའི་སྒྲུབ་པ་སྟེ། འབྲིང་པོ་ཞེས་པ་འདིས་སྒྲུབ་པར་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྲོག་རྫོགས་པའོ་ཞེས་བཤད་པའོ། །འདི་ལ་ཞེས་པ་དེ་མ་ཐག་ཏུ་བརྗོད་པའི་བསྙེན་ པ་དང་། ཉེ་བའི་སྒྲུབ་པ་དག་ལའོ། །ཐབས་ནི་རྣམ་པ་བཞི་ཞེས་པ་ཆུང་ངུ་ལ་སོགས་པ་རྣམ་པ་བཞིའོ་ཞེས་པའི་དོན་ཏོ། །དེ་བཞིན་རྣམས་ལ་དབུས་སུ་རྣམ་པ་གཉིས་ཏེ། དེའི་ཕྱིར་བསྙེན་པ་དང་ཉེ་བའི་བསྙེན་པ་དག་ལའོ། །རྣམ་པ་བཞི་ཞེས་པ་ཆུང་ངུ་ལ་སོགས་པ་རྣམ་པ་གཉིས་ནི་ཕྱི་ནས་སྦྱར་བར་བྱ་སྟེ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དག་ལའོ། །དེའི་ཕྱིར་གསུངས་པ། བསྟེན་པའི་ཡན་ལག་ལ་དང་ཉེ་བའི་སྒྲུབ་པའི་ཡན་ལག་ལ་ཞེས་སོ། །དམན་པ་དང་བརྟན་པ་ཞེས་པ་ཡང་བརྗོད་མ་ཐག་པའི་བསྙེན་པ་དང་། ཉེ་བའི་སྒྲུབ་པ་དང་འཆད་པར་འགྱུར་བའི་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་ འབྲེལ་ལོ། །དེ་ཡང་སྡེབ་སྦྱོར་གྱི་ངོར་དང་པོ་དང་མཐའ་སྨོས་པའི་སོ་སོར་བསྡུ་བས་ཏེ། དེའི་ཕྱིར་འདིར་འབྲིང་པོའི་བྱིས་པ་དང་། གཞོན་ནུ་དག་ཀྱང་འཛིན་པར་རིག་པར་བྱའོ། །བརྟན་པ་ནི་དར་མའོ། །རྩ་བར་དེ་བཞིན་ཉིད་ཅེས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ལའོ་ཞེས་པའི་དོན་ ཏོ། །གཞོན་ནུ་ནི་དམན་པ་མ་ཡིན་པ་ཡན་ལག་གསུམ་པའི་ངོ་བོའོ། །འདིས་ནི་བསྙེན་པ་ལ་སོགས་པ་བཞི་དང་སྦྱར་བར་འགྱུར་རོ། །སྐྱེས་པ་ཁོ་ན་དང་བཅུ་དྲུག་ཅེས་པ་ལ་སོགས་པའི་ལུས་ངེས་པར་བརྟན་པས་བཙས་པ་ནི་དོན་དཔེར་བརྗོད་ནས་སྟོན་པར་བྱེད་དེ་འདིར་ཞེས་པ་ལ་ 14-1-316a སོགས་པའོ། །དམན་པ་ནི་སྐྱེས་པའི་བྱིས་པའོ་ཞེས་ཟླ་བ་ཐིག་ལེ་སྡུད་པས་བཙས་པའི་མཚམས་ནི་དམན་པ་ཞེས་བྱའོ། །དམན་པ་ལ་སོགས་པའི་དབྱེ་བས་ཐོབ་པ་ཞེས་པ་དམན་པ་ལ་སོགས་པ་བཞི་སོ་སོར་ས་གསུམ་ལ་སྦྱར་བའོ་ཞེས་པའི་དོན་ཏེ། རབ་ཏུ་དགའ་ བ་ལ་སོགས་པ་ཡེ་ཤེས་དང་ལྡན་པའི་མཐར་ཐུག་པའི་ས་བཅུ་གཉིས་ཀྱི་ཐོབ་པ་ལས་བཅུ་གཉིས་ཀྱི་དབང་ཕྱུག་གོ། །དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་ཁོ་བོས་མཚན་ཡང་དག་པར་བརྗོད་པའི་བརྗེད་བྱང་བདུདརྩིའི་ཐིགས་པར་ བཀྲལ་ཟིན་ཏོ་ཞེས་པས་འདིར་རྒྱས་པར་མི་བྱའོ། །ད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་བརྗོད་པར་བྱ་སྟེ་སྟོང་པ་ཞེས་སོ། །སྟོང་པར་དུ་བ་ལ་སོགས་ལམ་ནི་བླ་མའི་ངེས་པའི་དབང་ལས་ཏེ་འཆད་པར་འགྱུར་བའི་རིམ་པ་ལས་བསྒོམ་པར་བྱའོ། །གཟུགས་ བརྙན་མཚམས་སུ་སྟེ་གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པ་སྣ་ཚོགས་པ་སྟེ་དེའི་མཐར་ཐུག་པར་སེམས་ཀྱིས་སོ་ཞེས་པའོ། །མཚམས་དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་གི་རླུང་ནི་རྟག་པའང་བྱེད་དེ་ཐུར་སེལ་གྱི་རླུང་ཡང་རྣལ་འབྱོར་པ་ཡིས་སོ། །ཕྱི་ནས་ཟླ་བ་འགོག་པ་ཞེས་ གཟའ་བཞིན་ཏེ་སྒྲ་གཅན་བཞིན་དུའོ། །ཟླ་བ་སྟེ་བྱང་ཆུབ་སེམས་སོ། །རྣལ་འབྱོར་པ་ཞེས་པ་སྲོག་དང་ཐུར་སེལ་དག་ཕན་ཚུན་དུ་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ། དེ་གང་ལ་ཡོད་པ་ཞེས་པ་རྣལ་འབྱོར་པའོ། ། བྱང་ཆུབ་ཀྱི་སེམས་འཛག་པའི་སྐད་ཅིག་འགོག་ཅིང་ཉེ་ བར་ཞི་བ་སྟེ། རྒྱུ་མཐུན་ལ་སོགས་པས་འགྱུར་བ་མེད་པར་བྱེད་ཅིང་དེའི་ཕྱིར་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་ཉིད་དོ། །གང་ཅུང་ཟད་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ་དེ་བྱེད་དོ། །ཉིན་ཞག་ཉུང་ཟད་ཀྱིས་ནི་ལོ་གསུམ་དང་ཕྱོགས་གསུམ་དུས་ཀྱི་ འཁོར་ལོའི་ཉིན་ཞག་རྣམས་ཀྱིས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བོ་ཞེས་པའི་དོན་ཏོ། །ད་ནི་ཚིགས་སུ་བཅད་པ་དྲུག་གིས་རྣལ་འབྱོར་ཡན་ལག་དྲུག་གསུངས་པ། སོ་སོར་སྡུད་པ་ཞེས་པ་ལ་སོགས་པའོ། །ལས་དང་པོ་པ་དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི། 14-1-316b རྒྱལ་བའི་དབང་པོ་ཞེས་པ་རྡོ་རྗེ་སེམས་དཔའོ། །རལ་གྲི་ཅན་ནི་དོན་ཡོད་གྲུབ་པའོ། །འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་ཞེས་པ། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང་། །འདར་དང་སྨྱོ་བ་རབ་ཏུ་རྨོངས་པར་གྱུར་དང་ ཡིད་ཀྱི་རྣམ་པར་འཁྲུལ་དང་དྲག་ཏུ་རྒྱལ་བ་ནི། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་གསལ་ངེས་པ་དེ་རྣམས་ཡིད་སྒྲུབ་གནས་སྐབས་རྣམས་སུ་ཞིག་རྒྱལ་བའི་འདོད་པ་དེ་ནི་སུ། །ཞེས་པའོ། །རླུང་བཅུ་རྣམས་ཏེ་སྲོག་དང་། ཐུར་སེལ་ དང་། མཉམ་གནས་དང་། གྱེན་རྒྱུ་དང་། ཁྱབ་བྱེད་དང་། ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། ནོར་ལས་རྒྱལ་བ་རྣམས་འགོག་ཅིང་ཉེ་བར་ཞི་བ་མི་འགྱུར་བར་གྱུར་པའོ། །ཆགས་པ་དང་བྲལ་བའི་ཕྱོགས་མེད་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་ པའོ། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ་ཞེས་གསལ་བྱེད་སུམ་ཅུའི་བདག་ཉིད་ཀ་ཙ་ཊ་ཏ་པ་ས་རྣམས་ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་དང་། ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་རྣམས་ཀྱིས་དང་། ཨ་ཨི་རྀ་ཨུ་ལྀ་ ཡིག་དབྱངས་ཐུང་ངུ་ལྔ་ཡིས་ཕྱི་བ་རྣམས་ཀྱིས་དང་། དེ་བཞིན་དུ་ས་ལ་སོགས་པའི་རང་བཞིན་ལཱྀ་ཡིག་ལ་སོགས་པ་དབྱངས་རིང་པོ་ལྔ་ཡིས་ཕྱི་བ་རྣམས་ཀྱིས་ཏེ་སྤྲོ་བ་དང་སྡུད་པའི་རིམ་པས་སོ། །ལུག་དང་གླང་ལ་སོགས་པ་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་ཏེ་དྲུག་ཅུས་ལྷག་པའི་བརྒྱ་ཕྲག་གསུམ་ གྱི་དབུགས་རྣམས་སོ། །ལྷོར་བགྲོད་པ་ལ་གསལ་བྱེད་གཅིག་པ་དང་དབྱངས་ཐུང་ངུའོ། །བྱང་དུ་བགྲོད་པ་ལ་གསལ་བྱེད་བརྩེགས་པ་དང་དབྱངས་རིང་པོ་སྟེ་ཉི་མའོ། །འཕོ་བ་ན་གསལ་བྱེད་གསུམ་བརྩེགས་པ་དང་ཤིན་ཏུ་རིང་པོ་སྟེ་སྒྲ་གཅན་ནོ། །སྙིང་སྟོབས་དང་རྡུལ་དང་མུན་པའི་ཕྱི་ མོའི་དབྱེ་བས་སྤྱོད་ཅིང་དབྱེ་བར་བྱ་བའོ་ཞེས་པའི་དོན་ཏོ། །མིག་ལ་སོགས་པ་གཞན་རྣམས་ཀྱིས་ཞེས་པ་ཤའི་ལ་སོགས་པ་རྣམས་ཀྱིས་སོ། །ལྟ་བ་ནི་སྣ་ཚོགས་གཟུགས་ཅན་ལ་ལྟ་བའོ། །དངོས་པོ་འཛིན་པ་ནི་དངོས་པོ་ལ་ངེས་པར་རྟོགས་པའོ། །དེའི་སྟེ་དངོས་པོའི་དོན་ངེས་ 14-1-317a པར་བྱེད་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ངེས་པར་འཛིན་པའོ། །གཟུགས་ལ་ཆགས་པ་ནི་ཡུལ་བཟློག་པས་ཡིད་ཙམ་དུ་ནང་དུ་ཕྱོགས་པས་ལྷའི་བདག་ཉིད་ལ་དམིགས་བཞིན་པས་བླ་ན་མེད་པའི་ཤེས་རབ་དང་ཐབས་རོ་གཅིག་པར་རྣམ་པར་དཔྱོད་པ་ལས་དེ་ཁོ་ན་ཉིད་ལ་ འཇུག་ཅིང་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་དེ་དེ་ནི་དགའ་བ་སྟེ་རངས་པའོ་ཞེས་པའི་དོན་ཏོ། །ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་བདེ་བ་ནི་གཡོ་མེད་བདེ་བའོ། །དབུ་མའི་ལམ་དུ་རབ་འཇུག་པ་ཞེས་པ་ནི་ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པ་དཀྱིལ་འཁོར་ བཅུ་འཇིག་པས་བརྐྱང་མ་དང་རོ་མ་དག་འགགས་པའི་དབུ་མའི་ལམ་ཁོ་ནར་རབ་ཏུ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་སྲོག་གི་རླུང་ཕྲ་མོ་འཇུག་པ་ནི་སྲོག་རྩོལ་ལོ་ཞེས་པའི་བར་རོ། །གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་པ་ནི་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་ དཔྲལ་བ་དང་། གཙུག་ཏོར་རྣམས་སུ་འགྲོ་བ་དང་འོང་བ་དང་བྲལ་བས་འགྲོ་བར་བྱེད་པ་དང་བྲལ་བའོ་ཞེས་བྱས་ནས། རིམ་པས་རླུང་རྣམས་མེད་པ་ལ་ཐིག་ལེ་རྣམས་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་བཞོན་པ་སྲོག་གི་རླུང་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ནི་འཛིན་པའོ་ ཞེས་གསུངས་པར་འགྱུར་རོ། །རྣམ་པ་བཅུ་ནི་སྔར་གསུངས་ཟིན་ཏོ་ཞེས་པ་ནི་འཛིན་པ་ལ་རབ་ཏུ་ཞུགས་པའི་སེམས་ལ་རང་གི་ངང་གིས་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྟོག་པ་ མེད་པ་དང་། དེ་ལས་འོད་ཟེར་དུ་མ་སྤྲོ་བ་དང་། དེ་ནས་ཁམས་གསུམ་དུ་ལྷའི་འཁོར་ལོ་སྤྲོ་བ་སྔོན་མ་ཅན་བསམ་པ་ལ་འདོད་པའི་གནས་སྐབས་བཅུ་ནི་རྗེས་སུ་དྲན་པའོ་ཞེས་སྨྲས་པའོ། །སྲོག་ལ་སོགས་པ་རྣམས་མེད་པ་ལས་ཞེས་པ་གཏུམ་མོ་འབར་བས་ཡང་དག་པར་ གསལ་བར་བྱས་པ་ཉིད་ཀྱིས་རྡོ་རྗེ་ནོར་བུའི་མགོ་བོའི་རྩེ་མོར་རབ་ཏུ་གནས་པའི་བྱང་ཆུབ་སེམས་མ་ཉམས་པ་སྟེ། དེ་ནས་རིམ་གྱི་འཁོར་ལོ་དྲུག་རྣམས་སུ་དབུགས་བརྒྱ་ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པའི་ནལ་འབྱོར་མི་ 14-1-317b འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་འཇུག་གི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ནི་ཏིང་ངེ་འཛིན་ཞེས་པའོ། །སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་ནི་ཡན་ལག་དྲུག་གི་རྗེས་སུ་བསྔགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་ པ་ནི་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་ལ་སོགས་པ་རབ་ཏུ་མི་འཇུག་པའི་ཕྱིར་ཏེ། དེ་རབ་ཏུ་འཇུག་པས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་ཐ་སྙད་བྱ་བ་བསྟེན་པར་འགྱུར་བ་ཁོ་ནའོ་ཞེས་དགོངས་པའོ། །དབང་བཅུ་ལ་སོགས་པ་ཞེས་པ་ཚེ་དང་། ལས་དང་ མོས་པ་དང་། སེམས་དང་། ཡོ་བྱད་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། སྐྱེ་བ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་ལ་སོགས་པའོ། །གཟུང་བ་དང་འཛིན་པའི་སེམས་ནི་བྱེད་པ་པོའོ། །གཞན་དུ་ཡང་རྗེས་སུ་བསྔགས་པ་གསུངས་པ། སོ་སོར་སྡུད་པས་སྙོམས་འཇུག་པ། །སྔགས་ རྣམས་ཀུན་གྱིས་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་གི་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་འཇུག །རྗེས་ དྲན་མཉམ་པར་སྦྱོར་བ་ལས། །འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་པ་ལྡན་པར་འགྱུར། །ཞེས་པའོ། །དམན་པ་ཉིད་ཀྱིས་གཡོན་པ་དང་གཡས་པར་འབབ་པ་བར་མ་ཆད་པའི་ཕྱིར་སྲོག་མ་བསྡམས་པ་ཉིད་ཀྱིས་སོ། །ནཱ་ད་གོམས་ པ་ལས་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བ་གོམས་པ་ལས་སོ། །སྟོབས་ཀྱིས་ཏེ་ཧཱུཾ་ཡིག་གི་ནཱ་དས་ཤེས་རབ་ཀྱི་ཆུ་སྐྱེས་དང་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པ་ལས་ཏེ། ཇི་སྐད་བཤད་པའི་འདོད་མ་མཆོག་རྗེས་སུ་ཆགས་པ་ཅན་གྱི་ཀཀྐོ་ལ་རུ་ཆོ་ག་བཞིན་དུ་བོ་ ལ་བཅུག་ནས་གཡོ་བ་མེད་པ་ཉིད་ཀྱིས་ངལ་བས་སྟེ། དེའི་ཟེ་འབྲུའི་སྒོ་རུ་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་བའི་རོ་ཡིས་སྐད་ཅིག་གཡོ་བ་མེད་པར་བྱའོ། །དེ་ནས་དེ་དག་གིས་འགྱུར་བའི་སྐབས་བྱུང་ན་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བར་བླ་མའི་ཞབས་ཀྱི་བཀའ་དྲིན་ 14-1-318a གྱིས་བྱས་པ་ལ་མངོན་དུ་ཕྱོགས་ཤིང་ཞི་བ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པ་སྟེ། དེ་ནས་འགྱུར་བ་མེད་པའི་སྐད་ཅིག་འཐོབ་པའོ་ཞེས་པའི་དོན་ཏོ། །དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་དུ་འབྲེལ་པ་ ཅན་དུ་འགང་ཞེས་པ་ལ་སོགས་པ་སྟེ། ནུས་མ་ནི་སྲོག་གི་ནུས་པའོ། །གཞན་གྱི་གནས་སུ་འགྲོ་སྟེ། དམིགས་པ་མེད་པའི་གནས་སུའོ། །བཅུ་གཉིས་མཐའ་ཞེས་པ་སྣ་བུག་གཡོན་པ་ནམ་མཁའ་ལ་སོགས་པ་སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་སོར་བཅུ་དྲུག་ལ་ སོགས་པར་སོར་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །ཆའི་མཐའ་ཞེས་པ་སྣ་བུག་གཡས་པར་སའི་དཀྱིལ་འཁོར་ལ་སོགས་པ་ནམ་མཁའི་དཀྱིལ་འཁོར་གྱི་མཐར་ཐུག་པ་སོར་བཅུ་གཉིས་ལ་སོགས་པ་སོར་བཅུ་དྲུག་གི་བར་དུའོ། །ཧཱུཾ་ཡིག་གི་བརྗོད་པས་སྲོག་དང་ཐུར་ སེལ་གྱི་རླུང་དག་སྤྱོར་བ་ལས་དེ་ལྟེ་བར་བཀག་ནས་སྲོག་གི་ནུས་པ་དེ་ཉིད་ནི་གློག་གི་མེ་དང་མཚུངས་ཤིང་གློག་གི་མེ་དང་འདྲ་བའོ། །བསྐྱོད་པ་ནི་བསྒུལ་བའོ། །ཁབ་བཞིན་ནི་ཁབ་དང་འདྲ་བའོ། །ཐུར་དུ་སེལ་བ་ཞེས་པ་འགྲོ་སྟེ་རབ་ཏུ་འཇུག་གོ། །ཕ་རོལ་གྱི་གྲོང་དུ་སྟེ་ལུས་ གཞན་དུའོ། །ཅི་སྟེ་འདི་ཙམ་གྱིས་ཀྱང་གཞན་གྱི་གྲོང་དུ་འཇུག་པ་མ་ཡིན་ན་ཅིར་འགྱུར་ཞེ་ན། དེའི་ཚེ་འདི་ལྟར་བྱའོ་ཞེས་གསུངས་པ། འདི་ལྟར་ཏེ་རིམ་པ་འདི་ཡིས་རྡོ་རྗེ་རབ་ཏུ་སད་པ་ལས་ཏེ་མཆོག་ཏུ་བདེ་བའི་ཡེ་ཤེས་རབ་ཏུ་སད་པ་ལས་སོ། །ཡིད་ལ་ཞེས་པ་གཟུང་བ་དང་ འཛིན་པའི་སེམས་གཅིག་ཏུ་འདྲེས་པར་གྱུར་པའི་སེམས་ལའོ། །ཡུལ་དང་བཅས་པ་ནི་དབང་པོ་དང་ཡུལ་གཅིག་ཏུ་འདྲེས་པར་གྱུར་པ་ནུས་པ་དེའོ། །མཁའ་ལ་སྤྱོད་པ་ཉིད་ནི་འོག་མིན་གྱི་སའི་མཐར་ཐུག་པ་ལ་དབང་བྱེད་པའི་བདག་པོ་ཉིད་དུ་འགྲོའོ། །འབའ་ཞིག་ཏུ་མ་ ཟད་དེ་ཞེས་གསུངས་པ། མངོན་ཤེས་ཞེས་པ་ལ་སོགས་པ་སྟེ། རྫུ་འཕྲུལ་དང་ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་རང་བཞིན་ནི་མངོན་ཤེས་ལྔའི་རང་བཞིན་ནོ། །སྣ་ཚོགས་ཡུལ་དུ་ཡང་འགྱུར་ཏེ་ཕྱག་ 14-1-318b རྒྱ་ཆེན་མོར་ཤེས་རབ་གྱི་ཆགས་པས་རྣམ་པར་རྟོག་པ་མེད་པའི་གཏུམ་མོ་འབར་བས་འགྱུར་མེད་གསུམ་གྱི་རྣལ་འབྱོར་ཞེས་པ་གསང་བར་སོན་པ་སེམས་ཀྱི་ཐིག་ལེ་འགགས་པ་དང་། ལྟེ་བར་སོན་པ་ངག་གི་ཐིག་ལེ་འགགས་པ་དང་། །སྙིང་གར་སོན་པ་ལུས་ཀྱི་ཐིག་ལེ་འགགས་པ་ཞེས་ པའོ། །བདེ་བ་མ་ཉམས་པས་རྡོ་རྗེའི་སྒོར་ཐིག་ལེའི་ཚོགས་མ་འཕོས་པས་ཡེ་ཤེས་ཀྱི་ཐིག་ལེ་འགགས་པས་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །ཟུང་གི་རླུང་གིས་ངག་འགགས་པ་འདི་ནི་ཞེས་པའི་མཐར་ཐུག་པས་ས་ལ་སྤྱོད་པའི་དངོས་གྲུབ་གསལ་བར་མཛད་ཅིང་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ ཞེས་པའི་མཐར་ཐུག་པས་མཁའ་ལ་སྤྱོད་པའི་དངོས་གྲུབ་རྟོགས་པར་མཛད་ལ། སྣ་ཚོགས་ཡུམ་ཞེས་པའི་བར་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གསལ་བར་མཛད་དོ་ཞེས་པའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་མོའོ། །སྒྱུ་མའི་རྗེས་སུ་མཐུན་པ་ནི་ཤིན་ཏུ་དང་བའི་མེ་ལོང་གི་གཟུགས་ བརྙན་ལྟ་བུའོ། །ཡིད་དང་ནམ་མཁའ་ལ་ཡང་ནི་སེམས་མེད་པའི་སེམས་ལའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེ་ལོང་ལ་ནི་གཟུགས་བཞིན་ཞེས་པ་སྟེ། གཟུགས་བཞིན་ནི་གཟུགས་དང་འདྲ་བར་འཕྲོ་བའོ། །ཕྱི་དང་ལུས་ལ་དབྱེར་མེད་པ་ཡུལ་དང་དབང་པོ་དག་གཅིག་ཏུ་ འདྲེས་པར་གྱུར་པའོ། །ཆོས་ཅན་དང་ཐ་དད་པར་ཆོས་སྣང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡུལ་དང་རྣམ་པར་བྲལ་བའོ། །དུ་མའི་ངོ་བོ་འགྲོ་བའི་སེམས་ལ་འཁྱུད་པར་བྱེད་དེ་དེ་གཅིག་པུ་སྤང་ངོ་། །དེ་ཉིད་ཀྱི་ཕྱིར་སེམས་ཀྱི་རང་བཞིན་ཏེ་སེམས་མེད་པའི་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་སྟེ་ གཟུང་བ་དང་འཛིན་པ་དག་གཅིག་ཏུ་འདྲེས་པར་གྱུར་པའི་སྣང་བ་ཙམ་རང་གི་ལུས་ལ་སྣང་བརྙན་གྱི་ངོ་བོ་མཆོག་གི་ཕྱག་རྒྱའོ། །རང་གི་ཡིད་ལ་སྟེ་རྣམ་པ་ཐམས་ཅད་པ་རྣམ་པ་མེད་པའི་ངོ་བོ་ལས་སྐྱེས་པ་སྟེ་བྱུང་བའོ། །དེ་ནི་ཡེ་ཤེས་མེ་ལྕེ་འབར་བ་སྟེ་ཡེ་ཤེས་ཀྱི་གཏུམ་མོ་འབར་བ་འཕེལ་ བའོ། །ཡུལ་དང་བཅས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཁོར་ལོ་དང་བཅས་པའི་བདུད་ཚོགས་ཏེ་རྣམ་པར་རྟོག་པའི་སེམས་ཀྱི་དྲ་བའོ། །གསུངས་པ་ཡང་བདུད་ནི་རང་གི་སེམས་ཏེ་བདུད་གཞན་ཡོད་པ་མ་ཡིན་ཞེས་སོ། །སྟེར་ཞིང་སྩོལ་ཏེ་ཞི་བའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་ 14-1-319a དགའ་བའི་བདེ་བའོ། །ལོའི་སྤྱོར་བ་ལས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་དུས་ཀྱི་འཁོར་ལོ་ཡིས་སོ་ཞེས་པའི་དོན་ཏོ། །ཤེས་རབ་དང་ནི་ཡེ་ཤེས་ཞེས་པ་གྲངས་ཇི་ལྟ་བ་བཞིན་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་སྟེ་དེ་ནི་སེམས་སོ། །དེའི་དུ་བ་ལ་ སོགས་པའི་ཀུན་ནས་མཐོང་བའི་སྣང་བ་ནི་གཟུང་བྱའི་སེམས་ཏེ་དེ་ཁོ་ནའི་ཡེ་ཤེས་སོ། །འདིས་ནི་ཇི་ལྟར་མེ་ལོང་ལ་གཟུགས་བརྙན་རང་གི་མིག་གིས་ཏེ་བདག་ཉིད་ཀྱི་མིག་གིས་གཟུང་བར་བྱ་བ་དེ་ལྟར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སེམས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་ པའི་སེམས་རྟག་ཏུ་མཐོང་བའོ་ཞེས་པའི་དོན་ཏོ། །གཟུང་བའི་སེམས་དུ་བ་ལ་སོགས་པའི་མཚན་ཉིད་ཅན་འདི་ལ་འཛིན་པའི་སེམས་སྟོང་པ་ཉིད་ཞུགས་ཤིང་གཅིག་ཏུ་འདྲེས་པར་གྱུར་པའོ། །རྗེས་སུ་དྲན་པ་གསུངས་པ། དྲི་མེད་ཅེས་པའོ། །བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ ཀྱི་ཞེས་པ་ཐབས་ཀྱི་གྱུར་པའི་བདེ་བ་རྣམ་པ་གཉིས་ཏེ་བྱིས་པ་དར་ལ་བབ་པའོ། །ཤེས་རབ་ཀྱི་གཡོ་བ་ནི་བདེ་བ་རྒན་པོའོ། །དེ་རྣམས་ཀྱི་མཆོག་ནི་འཇིག་རྟེན་ལས་འདས་པའོ། །ཤེས་རབ་དང་ཐབས་དེ་དག་གང་གི་ཚེ་གཡོ་བ་མེད་པར་འགྱུར་བ་དེ་ཞི་བ་སྟེ་མཆོག་གི་ཕྱག་རྒྱ་ལས་བྱུང་བ་ ཞེས་པའོ། །རྡོ་རྗེ་འཛིན་པ་ནི་རྡོ་རྗེ་འཛིན་པའི་སྤྲུལ་པའི་སྐུའོ་ཞེས་པའོ་དོན་ཏོ། །དེ་ནི་རང་གི་སེམས་འདིའི་སྣང་བ་ལ་སྟེ། མེ་ལོང་གི་གཟུགས་བརྙན་དང་མཚུངས་པའི་སེམས་གྱི་སྣང་བ་ལ་གཞུག་པ་བརྗོད་པར་བྱ་སྟེ། ནམ་མཁར་ཞེས་པ་ལ་སོགས་པའོ། །མཚན་མོ་ཞེས་པ་མུན་པ་ཉེ་བར་ མཚོན་པའོ། །ནམ་མཁར་ཀུན་ནས་ཞེན་པའི་སེམས་ནི་གང་རྣམས་ཀྱི་སེམས་ནམ་མཁའ་ལ་ཀུན་ནས་ཆགས་པ་སྟེ། དེ་དང་རོ་མཉམ་པར་གྱུར་པ་ཡིན་པ་དེ་རྣམས་ཀྱིས་སོ། །རྡོ་རྗེའི་ལམ་དུ་ཞུགས་པས་ནི་སྲོག་ཨ་ཝ་དྷཱུ་ཏཱིར་སོན་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་སྤྲིན་མེད་པའི་མཚན་མ་ནི གཞི་ཅན་གྱི་ངོ་བོའི་ཕྱིར་རོ། །དེ་ལྟར་གཟུགས་སྣང་བ་ལས་ཞེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་རྙོག་པ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སོར་སྣང་བ་ལས་སོ། །སྒྲ་སྣང་བ་ལས་ཞེས་པས་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་མ་སྐྱེས་པའི་བདེ་བ་ཆེན་པོ་རོལ་པ་གཞོམ་ 14-1-319b དུ་མེད་པའི་སྒྲ་ཙམ་ཉམས་སུ་མྱོང་བ་ལས་སོ། །འདི་ཙམ་གྱིས་ནི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པའི་སྐུ་གཉིས་གསལ་བར་བྱས་པར་འགྱུར་རོ། །ནམ་མཁའ་ཞེས་པ་ལ་རེངས་པའི་མིག་གིས་མིག་གཡོ་བ་མེད་པས་སོ། །གཞན་གྱི་སེམས་ཤེས་པ་མེད་པའི་ ཕྱིར་ཏེ་རང་གི་སེམས་ལས་ཐ་དད་པའི་གཞན་གྱི་སེམས་ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །གསུངས་པ་ཡང་། མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །དེ་ནི་རང་སེམས་གཞན་གྱི་མིན། །ཕྱི་ཡི་ཤེས་བྱ་རྣམ་འབྱེད་ཕྱིར། །དེ་ཕྱིར་བདག་གིས་བདག་ ཉིད་ལ། །འགར་ཡང་རྒྱས་གདབ་ནུས་མ་ཡིན། །རལ་གྲི་ཆེན་པོས་བདག་ཉིད་ལ། །བདག་ཉིད་སོ་ཡིས་གཅོད་དམ་ཅི། །མོ་གཤམ་བུ་མོ་དང་འགྲོགས་པས། །རྨི་ལམ་དུ་ནི་བདེ་འགྱུར་ལྟར། །ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །བསྟེན་པས་བདག་ལ་དེ་བཞིན་ནོ། ། ཞེས་སོ། །ཚིགས་སུ་བཅད་པ་འདིས་ཆོས་ཀྱི་སྐུའི་སྒྲུབ་པར་བྱེད་པ་གསུངས་པར་འགྱུར་རོ། །སའི་རྣམ་པ་ཞེས་པ་ལ་སོགས་པ་གཟུགས་ཀྱི་མཚན་ཉིད་དེ། འདིར་སྟོང་པ་ཉིད་ཀྱི་སོ་སོར་སྣང་བ་རྫས་མ་ཡིན་པ་ས་ལ་སོགས་པ་ལ་མཐོང་སྟེ་སྲ་བ་མེ་ཡིན་ནོ། །ཞུ་བའི་རྣམ་པ་ཅན་སྨིག་ རྒྱུའི་ཆུ་ལྟ་བུ་ནི་ཆུ་མ་ཡིན་ཏེ་གཤེར་བ་མེད་པའི་ཕྱིར་རོ། །མེའི་རྣམ་པ་ནི་དེ་བཞིན་དུ་མེ་མིན་ཏེ་གང་གི་ཕྱིར་སྲེག་པར་བྱེད་པ་མེད་པས་སོ། །གཡོ་བ་རླུང་གི་ལུས་ནི་རྫས་མེད་པ་ཉིད་ཀྱི་ཕྱིར་གང་གཡོ་བ་མེད་པ་དེ་ནི་རླུང་མ་ཡིན་ནོ། །རྫས་མེད་པ་ཉིད་ཀྱི་ཕྱིར་སྟོང་པའི་རྣམ་པ་སྟེ། དེ་ཡིན་ ཡང་བལྟ་བར་བྱའོ། །སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་རྫས་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །རྣམ་པ་ཐམས་ཅད་པ་ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བྱ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ་གཡོན་ པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ་ཞེས་པ་ངེས་པའོ། །ད་ནི་དཀྱིལ་འཁོར་ལྔ་ཟད་པ་གསུངས་པ། ས་ཞེས་པ་ལ་སོགས་པས་སོ། །འདིར་གང་གི་ཚེ་རྣལ་འབྱོར་པ་མིག་མི་འཛུམས་པར་གྱུར་ཅིང་། ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་བཀོད་པ་དེའི་ཚེ་གཡོན་ནམ་ 14-1-320a གཡས་སུ་ས་ཞེས་པ་ཉེ་བར་མཚོན་པ་སྟེ་གང་ཚེ་གཡས་སུ་རབ་ཏུ་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་ན་དེའི་ཚེ་རྣམ་པ་འདི་ལྟ་སྟེ། གཡོན་པའི་རྩ་ལ་རབ་ཏུ་འབབ་པའི་དུས་སུ་ནི་མ་ཡིན་ཏེ། འོན་ཀྱང་ནམ་མཁའི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ལས་སོ། ། དེས་ན་གཡོན་ནམ་གཡས་སུ་སྲོག་གི་དཀྱིལ་འཁོར་གང་འབབ་པ་དེའི་ཆོས་ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་གསུངས་སོ། །དེས་ན་གཡས་པའི་རྩ་ལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འགྲོ་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །རྩ་གཡོན་པ་ལ་ནམ་ མཁའ་ལ་སོགས་པས་འགྲོའོ། །དེ་བཞིན་དུ་སྟོང་པ་ངེས་པར་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ། །གཟུགས་ལས་མི་འགྱུར་བདེ་བར་འགྱུར་ཞིང་དེ་ཉིད་ཡེ་ཤེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ཡེ་ ཤེས་ལས་རྫུ་འཕྲུལ་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དངོས་གྲུབ་ཁམས་གསུམ་པའི་དབང་ཕྱུག་ཉིད་དུ་འགྱུར་རོ། །མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ་ཞེས་པ་ལམ་ལ་རབ་ཏུ་འཇུག་པའི་ངེས་པའོ། །ད་ནི་རྣལ་འབྱོར་ཉེ་བར་བསྡུ་བ་བརྗོད་པར་བྱ་སྟེ། དབུ་མར་སྲོག་ནི་ཞེས་ པ་ལ་སོགས་པས་སོ། །འདིར་དང་པོའི་རྣལ་འབྱོར་པས་དབུ་མར་སྲོག་རབ་ཏུ་འཇུག་པར་བྱ་སྟེ་གང་གིས་མཚན་མ་མཐོང་བར་བྱེད་པ་ཨ་ཝ་དྷཱུ་ཏཱིར་རོ། །དེ་ལྟར་དཔལ་ལྡན་བླ་མའི་སྟེ་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྟེ་ཞལ་གཅིག་ཏུ་བརྗོད་པར་བྱའོ། །དེ་ནས་ཉི་མ་དང་བཅས་ཏེ་གཡས་པའི་བགྲོད་ པ་དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་གཡོན་པའི་རྩའི་སྲོག་བཅིང་བའོ་ཞེས་པ་ངེས་པ་སྟེ། སྲོག་རྩོལ་གཉིས་ནི་གསུང་རྡོ་རྗེའོ། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་ཏེ་གཟུགས་ལ་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་ བསླང་བ་ཡང་གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །ཅི་སྟེ་གཟུགས་ཀྱི་སྒོ་ནས་ཀུན་དགའི་བདེ་བར་མ་གྱུར་ན་དེའི་ཚེ་པདྨར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་རྣམས་ཀྱིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པདྨས་གསོར་བར་བྱ་སྟེ། བདེ་བ་འཕེལ་བའི་རྒྱུ་རུ་ཡིན་གྱི་ལྟུང་བའི་ 14-1-320b རྒྱུར་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཏེ། དཔལ་ལྡན་བླ་མའི་ཞལ་བཞི་པ་ཡེ་ཤེས་རྡོ་རྗེ་འདིའོ་ཞེས་པ་རྣལ་འབྱོར་གོམས་པར་བྱེད་པའི་ངེས་པའོ། །མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཏེ་གང་ལས་ དབང་མདོར་བསྟན་པ་ཕྱུང་བའོ། །འདི་ཉིད་ཀྱི་ནི་ཞེས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པའི་མེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྒྲུབ་བྱེད་དེ་གསལ་བར་འགྱུར་བ་དུ་བ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པས་བྱའོ། །ཅིར་གྱུར་པ་རྣམས་ཀྱིས་ཤེ་ན། དེ་ རྣམས་ཀྱི་སྟེ་རྩ་བའི་རྒྱུད་དང་ཉུང་ངུའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་རུ་རབ་ཏུ་གྲགས་པ་རྣམས་ཀྱིས་སོ། །གློ་བུར་དུ་སྟོང་པ་ལ་སོ་སོར་སྣང་བའི་ཕྱིར་གཟུགས་བརྙན་རྣམས་ཀྱིས་སོ། །རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་ཕྱིར་བསམ་ པ་མ་ཡིན་པ་རྣམས་ཀྱིས་སོ། །དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་ཉིད་ཀྱི་ཕྱིར་མཚན་མ་རྣམས་ཀྱིས་སོ། །གཟུང་བ་དང་འཛིན་པ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ་དེའི་གཟུགས་བརྙན་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བ་རྣམས་ཀྱིས་སོ། །ཕྱི་དང་ནང་གི་དྲི་མས་ མ་གོས་པ་ཉིད་ཀྱི་ཕྱིར་མཁའ་མཉམ་རྣམས་ཀྱིས་སོ། །ཡོད་ཅེས་པ་ལ་སོགས་པ་རྣམས་ཡོད་པ་དང་མེད་པ་ལ་སོགས་པའི་སྐྱོན་གྱི་རྣམ་པར་རྟོག་པའི་རྙོག་པས་མཚན་མ་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་འདས་པའོ། །རྣམ་པར་རྣལ་འབྱོར་པས་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་ ཡིད་ཆེས་པར་བྱེད་པའི་དོན་རྣམས་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ། རྨད་དུ་བྱུང་བ་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས་ཀུན་ནས་ཡོངས་སུ་དོར་བས་སོ། །དུ་བ་ཞེས་པ་ལ་སོགས་པ་ལ་ཕྱི་དང་ནང་ཐམས་ཅད་དུ་ཁྱབ་པ་དུ་བའི་རྣམ་པ་ཅན་ སྟོང་པའི་རྣམ་པ་སྟེ། འདི་ཡང་སྤྲིན་ལྟ་བུར་སྣང་བའི་བར་མ་ཆོད་དུ་འབྱུང་ངོ་། །ཇི་སྐད་དུ་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང་། །གཉིས་པ་དུ་བ་ལྟ་བུའོ། །ཞེས་སོ། །ཆུ་གཡོ་བའི་རྣམ་པ་ནི་སྨིག་རྒྱུའོ། །མཁའ་སྣང་དང་སྒྲོན་མའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ། ། 14-1-321a མཚན་མ་བཞི་པོ་འདི་དག་ནི་བུག་པ་མེད་པའི་ཁང་པར་མུན་པ་ལས་འབྱུང་བ་ཉིད་ཀྱི་ཕྱིར་མཚན་མོའི་རྣལ་འབྱོར་དང་ནམ་མཁའི་རྣལ་འབྱོར་རོ། །ཇི་སྐད་དུ་དཔལ་གསང་བ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་ནས་གསུངས་པ། འགོག་ པ་རྡོ་རྗེ་བགྲོད་སེམས་ལས། །མཚན་མ་རབ་འཛིན་སྐྱེ་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་སོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་སྣང་བ་སྔོན་མ་ཅན་མེའི་རྣམ་པ་སྟོངས་པའི་སྣང་བ་ནི་འབར་བའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་རབ་ཏུ་གྲགས་སོ། །མུན་ཅན་ནི་སྒྲ་གཅན་གྱི་སྣང་བ་སྟེ་རི་མོ་དག་པ་ལྟར་སྣང་བའོ། །ཐིག་ལེ་ཆེ་ ཞེས་པ་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གསལ་བར་བྱེད་པ་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་སུ་སྣང་བའོ། །མཚན་མ་དྲུག་པོ་འདི་རྣམས་ནི་སྤྲིན་མེད་པའི་ནམ་མཁའ་ལ་ལྟ་བ་ལ་འབྱུང་བའི་ཕྱིར་ཉིན་མོའི་རྣལ་འབྱོར་དང་། བླ་གབ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་ སུ་སོན་པ་མཚན་མ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་མཐོང་བ། །སྔོན་མ་ཅན་སྐད་ཅིག་གཅིག་ལ་ལག་མཐིལ་དུ་གནས་པའི་ཆུ་ལྟར་ཤིན་ཏུ་དང་བ། རྣམ་པ་ཐམས་ཅད་པ་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་ བརྙན་འོད་གསལ་བའོ། །བཙུམས་པ་ཞེས་པ་ལ་སོགས་པ་སྟེ། བཙུམས་ཤིང་མ་བཙུམས་མིག་གིས་ནི་བར་སྣང་ལ་དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམས་པ་དག་གིས་སྟོང་པ་ལ་གཟུང་འཛིན་དང་བྲལ་བ་འདི་ནི་རྗེས་བརྟགས་མིན་པར་རྣལ་འབྱོར་པའི་མངོན་སུམ་དུའོ། ། གཟུགས་དེ་དུ་བ་ལ་སོགས་བསྒོམ་པར་བྱ་སྟེ་རང་གིས་ཉམས་སུ་མྱོང་བར་བྱའོ། །རྣལ་འབྱོར་གཉིས་ཀ་དག་ཀྱང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་ཏེ། ནམ་མཁའ་ཀུན་ནས་ཞེན་པའི་ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་ 14-1-321b པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་སྒྲོན་མ་ཞེས་བྱ་བ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ ཐེ་ཚོམ་མེད་པས་སངས་རྒྱས་ཉིད་དོན་དུ་གཉེར་བས་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །འོ་ན་ཕྱག་རྒྱ་ཆེན་པོའི་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་གིས་མཚོན་པ་མེད་པ་ཡིན་ཞིང་། སྒོམ་པ་ཡང་སྒྲོ་བཏགས་པ་ཡིན་ན་བསྒོམ་པར་བྱ་བ་ཞེས་བརྗོད་པ་ཇི་ལྟར་ཡིན་ ཞེ་ན། གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །མན་ངག་ཇི་ལྟ་བ་བཞིན་དུ་ཕྱི་དང་ནང་གི་དངོས་མེད་ཁོ་ན་སྒོམ་པ། གང་གཟུགས་བརྙན་ལ་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་དེ་ནི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་སྒོམ་པ་མ་ཡིན་ནོ། །འོ་ན་དངོས་པོ་དང་དངོས་པོ་མེད་པར་ སྒོམ་པ་དག་རྣམ་པར་རྟོག་པར་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་དངོས་པོ་མེད་པ་སྒོམ་པ་ཡིན་ཆེ་ན། གསུངས་པ། དངོས་པོ་ཞེས་པའོ། །གང་གི་ཕྱིར་རྣལ་འབྱོར་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་མེད་དེ། ཅིའི་ཕྱིར་ ཞེ་ན། སྟོང་པ་ཉིད་ཀྱི་གཟུགས་ལམ་བརྟགས་པའི་དུ་བ་ལ་སོགས་པ་མངོན་སུམ་མཐོང་བའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བརྟགས་པར་གྱུར་ན་དེའི་ཚེ་དངོས་པོར་འགྱུར་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ། །གལ་ཏེ་མཐོང་བ་མ་ཡིན་ པར་གྱུར་ན་དེའི་ཚེ་དངོས་པོ་མེད་པར་འགྱུར་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །འདིར་ནི་རྣམ་པར་མ་བརྟགས་པར་མངོན་སུམ་དུ་མཐོང་བའི་ཕྱིར་ཐམས་ཅད་ལེགས་པར་གནས་སོ། །རྣམ་པར་མ་བརྟགས་པ་མཐོང་བ་གྲུབ་པའི་དོན་དུ་རྗེས་སུ་མཐུན་པའི་དཔེ་ གསུངས་ཏེ། པྲ་ཕབ་ཅེས་པ་ལ་སོགས་པའོ། །པྲ་ཕབ་པ་ནི་སྒྲུབ་པ་པོས་བསམ་པ་མེ་ལོང་དང་རལ་གྲི་དང་མཐེ་བོ་དང་། མར་མེ་དང་། ཟླ་བ་དང་། ཉི་མ་དང་། ཆུ་དང་། ཐབ་དང་། མིག་གི་ཡུལ་ཅན་དངོས་པོར་སྐྱེས་པ་མིན་པ་ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ 14-1-322a སུ་སྐྱེས་པ་མ་ཡིན་པའོ། །རྣམ་པར་མ་བརྟགས་པ་མཐོང་བ་འདི་ལ་དངོས་པོ་དང་དངོས་པོ་མེད་པ་དག་མེད་དེ། དངོས་པོ་མེད་པའི་དོན་བྱ་བ་དང་འབྲས་བུ་ཉིད་ཙམ་ཉེ་བར་དམིགས་པའི་ཕྱིར་རོ། །འཇིག་རྟེན་པ་ཁོ་ན་ལ་ཡང་དངོས་པོ་མེད་པའི་དོན་ཡང་སྒྱུ་ མ་དང་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལ་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་བ་དེ་ཡང་རྣམ་པ་ཐམས་ཅད་པའི་འགྲོ་བའི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དཔེ་ འགྲུབ་པ་གསུངས་པ། མ་མཐོང་བའི་ཞེས་སོ། །སྔོན་མ་མཐོང་བ་ཁོ་ནའི་ཆོམ་རྐུན་ལ་སོགས་པ་གནས་འདིར་སྔགས་ཀྱི་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མས་མཐོང་སྟེ་པྲ་ཕབ་པར་གྱུར་པ་ནའོ། །སྒྲུབ་པ་པོ་པྲ་དབབ་པ་ལ་འཇུག་པ་པོ་རྣམས་ཀྱིས་ནི་དེ་དང་དེར་གནས་ གཞོན་ནུ་མས་སྨྲས་པ་ཉི་ཚེ་བའི་མིག་གིས་ཏེ་སྒྲིབ་པ་དང་བཅས་པའི་མིག་དག་གིས་མཐོང་ངོ་། །བསམ་པ་ནི་འདི་ཡིན་ཏེ་རྣལ་འབྱོར་པ་གྲུབ་པའི་མན་ངག་གི་སྔགས་ཀྱི་བྱིན་གྱིས་བརླབས་པའི་བློ་མིག་ཅན་བྱང་ཆུབ་ཀྱི་སེམས་ཟླ་བ་མ་ཉམས་པས་གཞོན་ནུ་མ་བཞིན་དུ་ཉེ་བར་མ་བསྟན་ པ་སོ་སོ་སྐྱེ་བོའི་རྟོགས་བྱ་མ་ཡིན་པ། འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་ནམ་མཁའ་ལ་མཐོང་ངོ་། །དེ་ཡང་སྤྲོས་པ་ཐམས་ཅད་སྤངས་པའོ་ཞེས་གསུངས་པ། གཞན་གྱི་མིག་གིས་གཞན་གྱི་དུས་སུ་མ་མཐོང་ཕྱིར་དང་། རང་གི་མིག་དག་གིས་མུན་པ་དང་རས་ཀྱིས་ བཀག་པ་ཉིད་ཀྱི་ཕྱིར་རོ། །པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་པའི་མངོན་སུམ་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་སྐྱེས་པ་མེད་པའི་རྨི་ལམ་དུ་གཞོན་ནུ་མའི་བུ་དམིགས་པ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །གསུངས་པ་ཡང་། ཇི་ལྟར་རྨི་ལམ་ན་འདིར་ གཞོན་ནུ་མ། །དེ་ཡིས་བུ་དང་སྐྱེ་དང་འཆི་བ་མཐོང་། །སྐྱེ་ཞེས་རྒ་དང་ཤི་ན་ཡིད་མི་བདེ། །དེ་བཞིན་ཆོས་རྣམས་ཐམས་ཅད་དཔེས་ཤེས་བྱ། །ཞེས་སོ། །ད་ནི་བདེ་མཆོག་གི་རྒྱུད་ལ་སོགས་པའི་རིམ་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པ་གསུངས་པ། རྣལ་འབྱོར་པ་ཉིད་ 14-1-322b ཅེས་པ་ལ་སོགས་པའོ། །ཉུང་ངུའི་རྒྱུད་དུ་གསུངས་པ་ཡང་། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་སོ། །སྔགས་བཟླས་པ་ལ་སོགས་པ་འདིས་ དབུས་མ་རིམ་པ་མ་ཡིན་པ་ཞེས་པས་སྔགས་བཟླས་པ་ལས་སྔོན་དུ་བསམ་གཏན་གྱི་ཚིག་བཀླག་པར་བྱའོ་ཞེས་པའི་དོན་ཏོ། །མ་བརྗོད་པའི་ཡན་ལག་སོ་སོར་སྡུད་པ་དང་། སྲོག་རྩོལ་དང་། རྗེས་སུ་དྲན་པ་གསུམ་མོ། །འདི་ཞེས་པ་ཉི་མའོ། །གཞན་ཞེས་པ་ཟླ་བའོ། །འདིར་ ཞེས་པ་ཉུང་ངུའི་རྒྱུད་དུའོ། །རྒྱུད་གཞན་དུ་གསུངས་པས་ཏེ་དཔལ་འདུས་པའི་རྒྱུད་དུ་གསུངས་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་པ་འཕགས་པ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་གསུངས་སོ། །དཔལ་འདུས་པ་ཕྱི་མར་ནི་ལེའུ་བཅོ་བརྒྱད་པར་རོ། །མ་ནིང་གི་བཟླས་པ་ནི་ཨ་ཝ་དྷཱུ་ཏཱི་ལི་ ཁོ་ན་ཉིད་དུ་སྲོག་སོ་སོར་རྟོག་པའོ། །རྡོ་རྗེའི་བཟླས་པ་ནི་དོན་དམ་པའི་བཟླས་པའོ། །གྱེན་དུ་སྣའི་རྩེ་མོར་སྲོག་གི་རྩོལ་བའི་བརྟག་པ་སྟེ་སྒོམ་པ་རབ་ཀྱི་མཐར་ཕྱིན་པ་ནི་སྲོག་གི་རྩོལ་བ་འགོག་པའོ། །ལྟེ་བ་ལས་གྱེན་དུ་འགྲོ་ཞེས་ཇི་ལྟར་འདོད་པར་གསལ་བར་བྱ་སྟེ། ཕྱིར་འབྱུང་བ་ མི་དམིགས་པའི་མཐར་ཐུག་པར་རོ། །སྣ་ལས་ཕྱིར་འབྱུང་བའི་དབུགས་མེད་པར་བསམ་པར་བྱའོ། །དེ་བཞིན་ཁོ་ནར་གཞན་ལ་མི་དམིགས་པ་སྲིད་པ་སྟེ་ཇི་ལྟར་འདོད་པར་སྒྲ་ཡིས་རྟོགས་པའོ། །གཞན་ནི་སྦས་པའི་མན་ངག་གོ། །དེ་བཞིན་ཞེས་པའོ། །སྔགས་བཟླས་ པས་ཞེས་པ་ལ་སོ་སོར་སྡུད་པ་ནི། ཨོཾ་ཡིག་ལ་སོགས་པ་བརྗོད་པ་དེའི་མིང་ཅན་གྱིས་སོ། །ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་སོགས་པའི་སྒྲས་ལྷའི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་བསྡུའོ། །དབུགས་འཇུག་པ་ནི་རབ་ཏུ་འཇུག་པའི་མཚན་ཉིད་ཅན་ ནོ། །འགོག་པ་ནི་བརྟན་པར་གྱུར་པའོ། །དབུགས་འབྱུང་བ་ན་ཕྱིར་འབྱུང་བའི་ངོ་བོ་སྟེ་དོན་འདི་ནི་རང་གི་ཉམས་སུ་མྱོང་བས་གྲུབ་པའོ། །ངེས་པའི་དོན་ནི་ཕྱག་ན་རྡོ་རྗེའི་ཞབས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་དག་པར་བཞེད་པ་སྟེ་ལོག་པར་རྟོགས་པའི་ཡུལ་ 14-1-323a མ་ཡིན་ནོ། །གཞན་དུ་རྣམ་པ་གཞན་པ་ནི་དགོས་པ་གཞན་གྱི་དབང་གིས་སོ། །རང་གི་འདོད་པའི་ལྷ་མཐོང་བ་ནི་རྣམ་པར་རྟོག་པ་མེད་པའི་གཏུམ་མོ་མངོན་སུམ་དུ་བྱེད་པའོ། །དགོངས་པའི་སྐད་གཞན་གྱི་ཞེས་པ། །ཁྱད་འཕགས་འདོད་པའི་སེམས་ཅན་ལ། །འགལ་བ་བརྗོད་པའི་ ཚུལ་གྱིས་ནི། །ཆོས་ཀྱི་དེ་ཉིད་རབ་གསལ་བྱེད། །གང་དེ་དགོངས་པའི་ཆེད་དུ་གསུངས་པའོ། །ཞེས་བཤད་པའི་མཚན་ཉིད་ཅན་གྱིས་སོ། །གང་གི་ཕྱིར་རྒྱུད་ནི་མཐའ་དྲུག་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་སྐད་དུ་ཡང་དཔལ་འདུས་པར། །དགོངས་པའི་སྐད་དང་སྐད་མིན་དང་། །དྲང་བའི་དོན་དང་ངེས་ དོན་དང་། །ཇི་བཞིན་སྒྲ་དང་སྒྲ་བཞིན་མིན། །མཐའ་དྲུག་ཅེས་པར་བསྒྲགས་པ་ཡིན། །ཁྱད་འཕགས་འདོད་པའི་སེམས་ཅན་ལ། །འགལ་བ་བརྗོད་པའི་སྦྱོར་བ་ཡིས། །ཆོས་ཀྱི་དེ་ཉིད་གསལ་བྱེད་པ། །གང་དེ་དགོངས་པས་གསུངས་པའོ། །དབང་པོ་རྟུལ་པོའི་སེམས་ཅན་རྣམས། །རྟོགས་པའི་དོན་དུ་ ཆེར་གསལ་པ། །དགོངས་པ་མིན་པར་ཡང་དག་བཤད། །དཀྱིལ་འཁོར་ལ་སོགས་རྟོགས་པ་དང་། །སྤྱོད་པ་ཇི་ལྟ་ཇི་ལྟ་བར། །རྒྱས་པའི་དོན་ནི་རྗོད་བྱེད་པ། །དེ་ནི་ཇི་བཞིན་སྒྲ་རུ་བཤད། །ཀོ་ཊཱ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས། །དེ་བཞིན་གཤེགས་པས་བརྡར་བྱས་པ། །དེ་ ནི་ཇི་བཞིན་སྒྲ་མིན་བསྒྲགས། །སྦས་ཏེ་དེ་ཉིད་གསུངས་པ་ནི། །རྒྱལ་བས་དྲང་བའི་དོན་དུ་གསུངས། །ཡང་དག་དོན་ནི་གསལ་ཆེད་དུ། །ངེས་པའི་དོན་ཡང་བཤད་པ་ཡིན། །ཞེས་སོ། །གཙུག་ཏོར་གྱི་གཟུགས་ནི་སངས་རྒྱས་གྱི་གཟུགས་སོ། །ཁམས་གསུམ་པ་ཞེས་པ་ནི་ཐིག་ལེ་ཆེན་པོའི་དབུས་སུ་རི་ མོ་ནག་པོ་ལ་སོ་སོར་སྣང་བ་རྣམ་པ་སྣ་ཚོགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་འཇིག་རྟེན་གསུམ་མཐོང་བའོ། །བསམ་པ་ཐམས་ཅད་ཅེས་པ་གང་ཅུང་ཟད་རྟོག་པས་སེམས་པར་བྱེད་པའོ། །རྟེན་མེད་པ་ནི་དམིགས་པ་མེད་པའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ་ཞེས་པ་རྒྱུད་གཞན་ དུ་དང་པོར་སྨིག་རྒྱུ་ལྟ་བུ་སྟེ། །ཞེས་པ་ལུགས་ལས་བཟློག་པ་རྟོགས་པར་བྱའོ་ཞེས་པའི་བར་རོ། །འདི་ཡང་བླ་མ་དམ་པས་ཉེ་བར་བསྟན་པ་ལས་དང་། བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་ལས་དང་། རང་གི་ཉམས་སུ་མྱོང་བ་ལས་ཀྱང་རྣམ་པར་ཤེས་པར་བྱ་སྟེ། ཤེས་རབ་ 14-1-323b དང་ཐབས་ཀྱི་དབྱེ་བས་སོ། །གཙོ་བོར་ཁམས་ལྔ་རྣམ་པར་དག་པའི་ངོ་བོ་མཚན་མ་ལྔ་རྣམས་དཔལ་གསང་བ་འདུས་པ་ལ་སོགས་པར་རབ་ཏུ་རྟོགས་པར་མཛད་དེ། ནམ་མཁའི་ཁམས་ཀྱང་དེར་གསུངས་པ་ཉིད་ཀྱི་ཕྱིར་རོ། །ལེའུ་བཅོ་བརྒྱད་པར་གསུངས་པ་ཡང་། ཆུ་དང་མེ་དང་རླུང་དང་ས། །ནམ་མཁའ་དེ་ རྣམས་ཐམས་ཅད་ནི། །བྱང་ཆུབ་སེམས་དཔའ་དང་འདྲ་བར། །རྣམ་པར་དམིགས་བཞིན་པ་ཡིན་ནོ། །ཞེས་སོ། །ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུའི་རྣམ་པའོ། །ཆུ་མེ་ལ་ཐིམ་པ་ལས་དུ་བའི་རྣམ་པའོ། །མེ་རླུང་ལ་ཐིམ་པ་ལས་མཁའ་སྣང་གི་རྣམ་པའོ། །ཕྲ་མོའི་ཁམས་ཀྱི་སྣང་བ་གསུམ་ནམ་མཁའ་ལ་སྒྲོན་ མ་དང་འདྲ་བར་སྣང་བའི་ཕུང་པོའི་ཆོས་ཉིད་ཀྱི་ཕྱིར་སྒྲོན་མའི་རྣམ་པའོ། །རང་བཞིན་གྱི་སྣང་བ་ནུབ་པ་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་རྟག་ཏུ་སྣང་བའི་ངོ་བོ་ཉིད་ནི་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པའོ་ཞེས་པའི་མཚན་མ་ལྔ་རྣམས་སོ། །གསུངས་པ་ཡང་། དང་པོ་ས་ནི་ཆུ་ལ་འགྲོ། །ཆུ་ནི་ གཙང་བྱེད་རླུང་ལ་རྗེས་སུ་འགྲོ། །རྣམ་པར་ཤེས་ལ་རླུང་འཇུག་བྱེད། །རྣམ་ཤེས་འཛིན་པའི་ཡན་ལག་ཉིད། །དེ་ནས་འོད་གསལ་བ་ལ་འཇུག །ཅེས་སོ། །སྒྱུ་འཕྲུལ་དྲ་བར་ཉིན་མོའི་རྣལ་འབྱོར་གྱིས་ཕུང་པོ་དྲུག་རྣམ་པར་དག་པའི་ངོ་བོའི་མཚན་མ་དྲུག་རྣམས་ནམ་མཁའ་ལས་བྱུང་ཞེས་པ་ལ་ སོགས་པས་གསུངས་སོ། །དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་ཀྱི་ལྷག་པའི་རྒྱལ་པོ་རུ་ནི་ཡུལ་དང་དབང་པོ་ཤེས་རབ་དང་ཐབས་རྣམ་པར་དག་པའི་ངོ་བོའི་མཚན་མ་བཅུ་རྣམས་གཙོ་བོར་རྟོགས་པར་མཛད་དོ། །བྱེད་པ་འདི་རྣམས་ཀྱིས་ཞེས་པ་ལྷའི་མིག་ལ་སོགས་པ་རྣམས་ཀྱི་སོ་སོར་སྡུད་པའི་ ཡན་ལག་ཐོབ་པ་རྣམས་ཀྱིས་སོ། །བཅིང་པའི་སྦྱོར་བས་ནི་སྲོག་འཆིང་བའི་རྒྱུད་ཉིད་ཀྱི་ཕྱིར་སྲོག་རྩོལ་གྱི་ངོ་བོ་རྣམས་ཀྱིས་སོ། །དེ་ཉིད་ནི་སོ་སོར་སྡུད་པའོ་ཞེས་དགོངས་པ་སྟེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་། དབང་པོ་བཅུ་པོ་རྣམས་ཀྱི་ནི། །རང་གི་ འཇུག་གནས་ཐམས་ཅད་ནས། །འདོད་པ་ཕྱི་ཕྱིར་སྡུད་པ་ནི། །སོ་སོར་སྡུད་པ་ཞེས་བརྗོད་དོ། །ཞེས་སོ། །འདིའི་སོ་སོར་རྒྱས་པར་བཤད་པ་ནི་དབང་པོ་རྣམས་དང་དབང་པོའི་དོན་རྣམས་ཀྱང་སྟེ། དེ་རྣམས་ཀྱི་རང་གི་འཇུག་པ་ནི་རང་ཉིད་ཇི་ལྟ་བར་གཟུང་བ་དང་འཛིན་པའི་ངོ་བོས་འཇུག་པ་སྟེ། དེར་གནས་ 14-1-324a པ་ནི་རང་འཇུག་གནས་སོ། །ཐམས་ཅད་ནས་ནི་དམན་པ་དང་བར་མ་དང་མཆོག་གི་དབྱེ་བས་སོ། །འདོད་པ་ཕྱི་ཕྱིར་སྡུད་པ་ནི་འདོད་པར་བྱ་ཞིང་མངོན་པར་འདོད་པར་བྱའོ་ཞེས་པ་འདོད་པ་རྣམས་ཏེ་གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་དབང་པོ་རྣམས་ཀྱིས་གང་དུ་སྡུད་པ་ནི་འཛིན་པའོ། །དེ་ ཕྱིར་ནི་ཡང་དང་ཡང་དུའོ། །དེ་སོ་སོར་སྡུད་པའོ་ཞེས་པ་ཡན་ལག་དང་པོའི་སོ་སོར་རྒྱས་པར་བཤད་པའོ། །སོ་སོར་སྡུད་པ་བརྗོད་པའི་མཚན་ཉིད་ཅན་གྱི་གང་མཐོང་བ་གསལ་བར་བྱས་པ་དེ་ནི་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་མ་ཡིན་ལ། བརྟགས་པའི་ངོ་བོ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་མེད་པའི་ སེམས་རྩེ་གཅིག་པ་ཉིད་ལ་མ་བརྟགས་པར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མཐོང་བའི་ཕྱིར་རོ་ཞེས་པ་བསམ་གཏན་གྱི་ཡན་ལག་གོ། །གསུངས་པ་ཡང་། འདོད་པ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་དང་རབ་སྦྱོར་ལས། །རྟོག་བྱེད་བསམ་གཏན་ཞེས་བརྗོད་དེ། །བསམ་ གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང་། །དགའ་བ་ཉིད་དང་དེ་བཞིན་བདེ། །སེམས་རྩེ་གཅིག་པ་ཉིད་དང་ལྔ། །དེ་རྣམས་བསམ་གཏན་བསྡུས་པའོ། །གསང་བ་གསུམ་ནི་རྟོག་པ་སྟེ། །དེ་ལ་ལོངས་སྤྱོད་དཔྱོད་པའོ། །དགའ་བ་འདྲ་བ་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་པ་ ཤེས་བྱ་ལ་འབྱུང་ཟད། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །རྣམ་པ་ཐམས་ཅད་སོ་སོར་གནས། །ཞེས་སོ། །སོ་སོར་སྡུད་པ་རྣམ་པར་སྦྱང་བའི་ཆེད་དུ་ཡན་ལག་གཉིས་པ་སོ་སོར་རྒྱས་པར་བཤད་དེ། །འདོད་པ་ལྔ་ནི་གཟུགས་ལ་སོགས་པ་དབང་པོ་རྣམས་ཀྱི་ཡུལ་དུ་གྱུར་པ་རྣམས་སོ། ། བསྡུས་པ་ཡིས་ནི་དབང་པོ་རྣམས་དང་གཅིག་ཏུ་གྱུར་པས་སོ། །བསམ་གཏན་ལྔ་ནི་མིག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་བསྐུལ་བ་སྟེ་སངས་རྒྱས་ལྔའི་རབ་སྦྱོར་ལས་སོ། །དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ལྔ་རྣམས་སོ་ཞེས་པའི་རྣམ་པ་འདི་ལྟར་གང་ཡོངས་སུ་རྟོག་པ་དེས་ བསམ་གཏན་ནོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་པ་ལ་སོགས་པས་རབ་ཏུ་དབྱེ་བ་བཤད་དེ། །གསང་བ་གསུམ་ཞེས་པ་ལ་སོགས་པ་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ནི་གསང་བ་གསུམ་མོ། །དབང་པོ་ལྔ་རྣམས་དང་དབང་པོ་རྣམ་པར་ཤེས་པ་རྣམས་དང་ 14-1-324b དེའི་ཡུལ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྣམས་སོ་ཞེས་གང་ཡོངས་སུ་ཤེས་པ་དེ་ནི་རྟོག་པའོ། །དེ་ཉིད་ལ་གང་རྣམ་པར་དཔྱོད་པར་བྱེད་ཅིང་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་ཀྱི་མཚན་ཉིད་ཅན་དེའི་དགའ་བ་དང་འདྲ་བའོ། །དེ་ཁོ་ན་ཉིད་ལ་མངོན་པར་ ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་མཚན་ཉིད་ཐོབ་པའི་བདེ་བ་གང་ཡིན་པ་དེ་ནི་བདེ་བ་སྡུད་པའོ། །དེ་ལྟར་གོམས་པ་ལས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཕྱིར་ཤེས་པ་ཡི་སྟེ་མིག་ལ་སོགས་པའི་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ཤེས་བྱ་ལ་སྟེ། གཟུགས་ལ་སོགས་པ་ཆོས་ཀྱི་ ཁམས་ཀྱི་མཐར་ཐུག་པ་ལ་འབྱུང་བ་ནི་ཤེས་པ་ཤེས་བྱ་ལས་འབྱུང་སྟེ། དེ་ཟད་པ་ནི་སེམས་ཀྱི་གཟུང་བ་དང་འཛིན་པ་སྟེ་སྟོང་པ་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་སེམས་རྩེ་གཅིག་པ་ཉིད་ནི་རང་གི་སེམས་ཞེས་བརྗོད་དོ། །རྣམ་པ་དེ་ལྟ་བུའི་སེམས་དེ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཞི་བ་སྟེ། སྣང་ བ་ཙམ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པའི་མཐར་ཐུག་པ་སྐྱེའོ་ཞེས་པ་ཡན་ལག་གཉིས་པའི་རབ་ཏུ་དབྱེ་བ་རྣམ་པ་ལྔའོ། །ནམ་མཁའ་ལ་མཚན་མོའི་རྣལ་འབྱོར་གྱིས་ཏེ་བླ་གབ་མེད་པ་ལ་ཞེས་པ་ཉིན་མོའི་རྣལ་འབྱོར་གྱིས་སོ། །བདུད་རྩི་འཁྱིལ་བའི་གཟུགས་བརྙན་གྱི་མིང་ཅན་ཞེས་པ་ལ་ སོགས་པས་ཡན་ལག་གསུམ་པ་སྲོག་རྩོལ་བརྗོད་པར་བྱའོ། །གསུངས་པ་ཡང་། རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་གི་རྩ་བ་ཞེས་པར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་པར་དགོད། །ཅེས་སོ། །འདིའི་རྒྱས་པར་བསྟན་པ་བརྗོད་པར་བྱ་སྟེ། ཁ་དོག་ལྔ་ནི་དེ་ བཞིན་གཤེགས་པ་ལྔའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོའོ། །སྲོག་ནི་འཚོ་བ་སྟེ། རྩོལ་བར་བྱེད་ཅིང་གང་གིས་རིང་པོར་རྒྱས་པར་བྱེད་པ་དེ་ནི་སྲོག་རྩོལ་ལོ་ཞེས་པར་བཤད་དེ་འདོད་དོ། །དེ་ཁོ་ན་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་ཉིན་མཚན་དུ་གོམས་པར་བྱ་བ་ཉིད་ཀྱི་ཕྱིར་ རང་སྔགས་སྙིང་གར་ཏེ། རང་གི་སྙིང་གའི་པདྨ་དཀར་པོ་ལ་བསྒོམས་ནས་སྲོག་གི་ཐིག་ལེར་སོན་པར་དགོད་ཅེས་པ་ཡན་ལག་གསུམ་པའོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགག་པ་སྟེ། དེས་ན་དེ་ནི་འཛིན་པར་བརྗོད་པར་བྱའོ་ཞེས་པ་འཛིན་པའི་ཡན་ལག་གོ། །གསུངས་ 14-1-325a པ་ཡང་། རང་དབང་རིན་ཆེན་འགགས་པ་ལ། །གཟུང་བར་བྱའོ་འཛིན་པར་བརྗོད། །ཅེས་སོ། །འདིའི་སོ་སོར་རྒྱས་པར་བཤད་པ་ནི་རང་གི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དབང་པོ་ནི་མིག་ལ་སོགས་པ་རྣམས་ཏེ་རང་དང་དབང་པོ་འགགས་ཤིང་ཐིམ་པ་དེ་ལ་དེ་གནས་ ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་ཆེན་ཏེ་སེམས་ཀྱི་རིན་ཆེན་ལ་སྲོག་རྩོལ་དང་ལྷན་ཅིག་འགགས་ཤིང་ནུབ་པར་གྱུར་པ་ལ་གང་གཟུང་བར་བྱ་བ་དེ་འཛིན་པའོ། །དེ་ཅི་ཞེ་ན། ཡང་དག་པའི་མཐའ་ཁོ་ན་འཛིན་པ་ཞེས་བྱའོ་ཞེས་པ་ཡན་ལག་བཞི་པའོ། །དབུ་མ་དབྱེར་མེད་པའི་ཡན་ལག་ གིས་བཟླས་པར་བྱའོ་ཞེས་པ་འདིའི་བཤད་པ་ནི་སྲོག་གཡོན་དང་གཡས་ཀྱི་རྩ་ལ་མི་རྒྱུ་བས་ཞེས་པའོ། །གསུངས་པ་ཡང་། སློང་མོ་ཟ་ཞིང་བཟླས་བྱ་མིན། །སློང་འབྱུང་དགའ་བར་འགྱུར་བའང་ཡིན། །སྔགས་ཀྱི་ཡན་ལག་དབྱེར་མེད་བཟླས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཞེས་སོ། །ཐ་དད་པའི་ རྣམ་པ་ཅན་གྱི་ཡི་གེ་ནི་སློང་མོ་ཟ་བ་བརྗོད་པ་སྟེ། སོ་སོར་སྡུད་པ་ལ་ཉེ་བར་དམིགས་པ་ཞེས་བྱའོ། །སློང་བྱུང་ནི་བརྡ་ལས་གྱུར་པ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །སྔགས་འཇུག་པ་དང་གནས་པ་དང་ལྡན་པ་ལ་སོ་སོར་རྟོག་པའི་བདག་ཉིད་ཅན་ཏེ་ཡན་ལག་དབྱེར་མེད་ནི་དེ་བཞིན་ཉིད་དོན་དམ་པ་དབུ་མ་ དབྱེར་མེད་པའི་ཡན་ལག་ཉིད་དོ། །རྗེས་སུ་དྲན་པ་བསྒྲུབ་པར་བརྗོད་པར་བྱའོ་ཞེས་པའོ། །གསུངས་པ་ཡང་། བརྟན་པ་རྡོ་རྗེའི་ལམ་གྱིས་ནི། །ནམ་མཁའི་ཁམས་སུ་སྤྲོ་བྱེད་པ། །རྗེས་སུ་དྲན་པས་བསྒོམས་ནས་གང་། །དེ་ཡི་རྣམ་པར་སྤྲོ་བར་བྱ། །ཞེས་སོ། །རྡོ་རྗེའི་ལམ་གྱིས་ཏེ་འགོམ་པར་བྱ་བ་ མིན་པ་མཚན་མ་ལྔའི་རིམ་པས་འོད་གསལ་བ་ལ་རབ་ཏུ་ཞུགས་པས་བརྟན་པ་རྣམ་པར་དག་པའི་སེམས་ནི་ནམ་མཁའི་ཁམས་སུ་སྟེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བར་བྱ་སྟེ་ཆོས་ཀྱི་སྐུའི་ངོ་བོས་སོ། །དེ་ལྟར་བདག་ཉིད་འོད་གསལ་བར་གྱུར་པ་བསྒོམས་ཤིང་མངོན་དུ་བྱས་ནས་གང་སྔར་རྗེས་ སུ་དྲན་པས་སྨིག་རྒྱུ་ལ་སོགས་པའི་རྣམ་པས་ཡང་དག་པའི་མཐའ་ཐོབ་པར་གྱུར་པ་དེའི་རྣམ་པ་སྟེ་རིམ་པ་དེ་ཁོ་ནས་ཡང་དག་པར་སྤྲོ་བར་བྱའོ། །དེ་མ་ཐག་ཏུ་བརྗོད་པ་འདི་ནི་ཡན་ལག་ལྔ་པ་རྗེས་སུ་དྲན་པའོ་ཞེས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་གྱི་གནས་སྐབས་དེའི་ནི་བྱང་ཆུབ་སེམས་ 14-1-325b དཔའ་རྣམས་ཀྱི་སྟོང་ཉིད་བྱང་ཆུབ་ཏུ་བརྗོད་པར་བྱའོ་ཞེས་པའི་མཐར་ཐུག་པས་ཏིང་ངེ་འཛིན་གསུངས་སོ། །གསུངས་པ་ཡང་། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་བསྡུས་པ་ལས། །བསྡུས་ཏེ་གོང་བུའི་སྦྱོར་བ་ཡིས། །གཟུགས་བརྙན་དབུས་སུ་བསྒོམ་ པར་བྱ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་པའི་མིང་ཅན་ནོ། །ཞེས་སོ། །དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་བའོ། །ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་ནི་ཀུན་རྫོབ་དང་དོན་དམ་པའི་སྤྱོར་བས་གནས་པའོ། །གོང་བུའི་གཟུགས་ཀྱིས་ནི་ཕྱག་ རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་སོ། །བརྟན་པ་དང་གཡོ་བ་དེའི་དབུས་སུ་ཟུང་འཇུག་གི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒོམ་པར་བྱ་ཞིང་ཤེས་པར་བྱ་སྟེ་རིམ་པ་འདིས་ཡུད་ཀྱིས་ཏེ་དེའི་སྐད་ཅིག་གི་ཡེ་ཤེས་རྫོགས་པ་ནི་ཏིང་ངེ་འཛིན་ཏེ་ཡན་ལག་དྲུག་པོའི་ཞེས་པ་ འདུས་པའི་རིམ་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པའོ། །དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པས་ཞེས་པ་ནི། དངོས་པོ་སྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །དངོས་པོ་ཡོངས་སུ་ཤེས་པས་མིན། །ཞེས་ དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་སོ། །སྟོབས་བཅུའི་སྟོབས་དང་ལྡན་པས་ནི་རྡོ་རྗེ་འཛིན་པ་ཆེན་པོས་སོ། །སྟོང་ཉིད་སྒོམ་པ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྟོགས་པའོ། །མཚན་མོ་ནི་མུན་པ་ལ་སྟེ་ཉིན་པར་ནི་སྣང་བ་ལའོ། །དུས་གསུམ་གཟུགས་ནི་འདོད་པ་དང་གཟུགས་ དང་གཟུགས་མེད་པའི་ངོ་བོའོ། །མུན་པ་ཅན་དུ་ནི་ཨ་ཝ་དྷཱུ་ཏཱིར་རོ། །ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་དབུགས་འབྱུང་དབུགས་རྔུབ་དམན་པའོ། །གང་གི་གཟུགས་ལས་ནི་སྣ་ཚོགས་པའི་གཟུགས་བརྙན་པས་སོ། །ནམ་མཁར་ལྟ་བས་ནི་བར་སྣང་ལ་གཏང་བའི་མིག་ གིས་སོ། །གཏི་མུག་མཐར་བྱེད་པ་ནི་རང་བཞིན་མེད་པ་ཉིད་དོ། །དེ་ཡང་སྤྱན་མའོ། །ནང་གི་ལྟ་བས་ཏེ་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་ཉིད་དུ་ལྟ་བས་འདོད་ཆགས་མཐར་བྱེད་པ་ཉིད་དོ། །དེ་ཡང་གོས་དཀར་མོའོ། །ལུས་མེད་ལྟ་བས་ནི་རྣམ་པ་ཐམས་ཅད་མཆོག་དང་ 14-1-326a ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་ཀྱིས་ལྷན་ཅིག་སྐྱེས་པ་ལ་རྗེས་སུ་ཆགས་པའི་ལྟ་བས་སོ། །ཞེ་སྡང་སྟེ་འཇིག་རྟེན་པའི་ཞེ་སྡང་མཐར་བྱེད་ཉིད་དེ་རང་བཞིན་མེད་པ་ཉིད་དང་སྒྲིབ་པ་མེད་པ་ཉིད་དེ་ཞེ་སྡང་ཆེན་པོ་ཉིད་དོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཁུ་བ་གང་ དྲི་མ་མེད་པ་ཉིད་ཀྱི་གང་བདེ་བ་སྟེ་དེ་ལས་སོ། །སྲོག་གི་ལྟ་བས་ཏེ་སྣའི་ས་ཉེ་བར་མཚོན་པའི་བར་སྣང་གི་ཕྱོགས་སུ་ལྟ་བས་ང་རྒྱལ་ཏེ་ཐ་མལ་པའི་ང་རྒྱལ་མཐར་བྱེད་ཉིད་དེ་སྒྲིབ་པ་མེད་པ་ཉིད་དོ། །དེ་ཡང་མཱ་མ་ཀཱིའོ། །གཞོམ་དུ་མེད་པའི་ཚངས་པའི་དབྱངས་ལས་ཏེ་གཞོམ་དུ་མེད་པའི་བདེ་བ་ཆེན་ པོའི་སྒྲའི་ཡང་དག་པར་རོལ་པ་ལས་སོ། །སྲོག་དང་རྩོལ་བ་འགགས་པར་གྱུར་ན་སྟེ་ཕྱི་རོལ་དུ་འགྲོ་བ་མེད་པས་འཛིན་པའི་ཡན་ལག་གསལ་བར་གྱུར་པས་ན་རྣམ་པར་རྟོག་པ་མེད་པ་ལྷན་ཅིག་སྐྱེས་པའི་གཏུམ་མོ་གསལ་བར་གྱུར་པའི་ཕྱིར་ན་སངས་རྒྱས་གཟུགས་ལས་ཏེ་སྣ་ཚོགས་པའི་ གཟུགས་ལས་དྲི་མ་དང་བྲལ་དཀྱིལ་འཁོར་ཏེ་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་ཏེ་སྐྱེའོ། །འཇིག་རྟེན་གསུམ་གྱི་ཕྲག་དོག་ཟད་པའི་ཕྱིར་དེ་ནི་སྒྲོལ་མའོ། །འཁོར་ལོ་དྲུག་རྣམས་སུ་ཁུ་བ་སོན་པས་རྡུལ་འོག་ཏུ་འགྲོ་བས་སོ། །གཞོམ་དུ་མེད་པའི་ཚངས་པའི་དབྱངས་ལས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆེར་རོལ་པའི་ཕྱིར་སེར་སྣ་མཐར་བྱེད་ཉིད་དོ། །དེ་ཡང་སྣ་ཚོགས་ཡུམ་མོ། །དེ་ལྟར་འཁོར་ལོ་སོ་སོར་ས་གཉིས་ཐོབ་པའི་རིམ་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །དེ་ལྟར་ནི་གསང་བའི་འཁོར་ལོར་དབུགས་དབྱུང་བ་དང་འཇུག་པ་བརྒྱ་ ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་གསུམ་འགོགས་པས་རབ་ཏུ་དགའ་བ་དང་དྲི་མ་མེད་པའི་ས་གཉིས་སོ། །ལྟེ་བའི་འཁོར་ལོར་དེ་བཞིན་ཁོ་ནར་འགགས་པས་འོད་བྱེད་པ་དང་འོད་འཕྲོ་བའི་ས་གཉིས་སོ། །དེ་བཞིན་ཁོ་ནར་སྙིང་གའི་ཆུ་སྐྱེས་སུ་ཤིན་ཏུ་ཐུབ་པར་དཀའ་བ་དང་། མངོན་དུ་ གྱུར་པའི་ས་གཉིས་སོ། །མགྲིན་པའི་པདྨར་ཡང་རིང་དུ་སོང་བ་དང་། མི་གཡོ་བའི་ས་གཉིས་སོ། །སྨིན་མཚམས་ཀྱི་ཆུ་སྐྱེས་སུ་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་ས་གཉིས་སོ། །འདི་རྣམས་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ་ལྔ་ཁོ་ནའོ། །དེ་བཞིན་དུ་གཙུག་ཏོར་གྱི་ 14-1-326b འཁོར་ལོར་སངས་རྒྱས་ཀྱིས་ཀུན་དུ་འོད་དང་། རྡོ་རྗེ་འཛིན་པའི་ས་ཡེ་ཤེས་དང་ལྡན་པ་སྟེ་གཉིས་སོ། །དེ་ལྟར་དབུགས་བརྒྱ་ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགོག་པས་དྲི་མ་གསུམ་དང་རྣམ་པར་བྲལ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེས་བཅུ་གཉིས་ཀྱི་དབང་ཕྱུག་རྣམ་པར་རྟོག་པ་མེད་པར་ཆོས་སྟོན་ པ་པོ་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་པའོ། །རིམ་པ་འདིས་རྣལ་འབྱོར་ཡན་ལག་དྲུག་མངོན་དུ་བྱེད་པས་ས་ལ་སོགས་པ་དྲུག་དག་པ་བསྟན་ཏོ། །མིག་ལྔ་རྣམས་སོ་སོར་སྲིད་པ་བརྗོད་པར་བྱ་སྟེ། །ཁྱི་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པས་སོ། །རང་བཞིན་ཡོན་ཏན་དབང་ལས་ཏེ་རིགས་ཀྱི་ཡོན་ཏན་ གྱི་དབང་ལས་སོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་སྒྲིབ་པ་མེད་པར་བྱས་པའི་འཁོར་ལོ་དྲུག་གི་པདྨའི་ཟེ་འབྲུར་གནས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་དུ་གསུངས་པ་འཛག་མེད་ཅེས་པ་ལ་སོགས་པའོ། །བཛྲ་དྷྲིཀ་ནི་མི་བསྐྱོད་པའོ། །ཛི་ན་ཛིཀ་ནི་རྣམ་པར་སྣང་མཛད་དོ། །ཨཱ་རོ་ལྀཀ་ནི་འོད་དཔག་ མེད་དོ། །རཏྣ་དྷྲྀཀ་ནི་རིན་ཆེན་འབྱུང་ལྡན་ནོ། །པྲཛྙཱ་དྷྲྀཀ་ནི་དོན་ཡོད་གྲུབ་པའོ། །འདིས་ནི་ཕུང་པོ་དྲུག་རྣམ་པར་དག་པ་གསུངས་སོ། །ཟླ་བ་དང་ཉི་མའི་གཟུགས་ཏེ་བརྐྱང་མ་དང་རོ་མའི་རང་གི་ངོ་བོ་ཉམས་ཏེ་ཞིག་ཅིང་ལམ་གཉིས་ཀ་སྟེ་སྣ་བུག་གཉིས་པོར་སྲོག་གི་རླུང་འགགས་ཏེ་སྲོག་དང་ཐུར་སེལ་གྱི་རླུང་ཕྱི་ རོལ་དུ་འགྲོ་བ་མེད་པའི་ཕྱིར་འཁོར་ལོ་ལྔའི་རྣམ་པར་གནས་པ་ནའོ། །ཆུ་སྐྱེས་སུ་སྟེ་སྟོང་པ་ཉིད་ཀྱི་གཟུགས་གསལ་བར་གྱུར་པ་ལའམ་ཕྱི་རོལ་གྱི་བུད་མེད་ཀྱི་པདྨར་རོ། །རྡོ་རྗེ་སྟེ་སེམས་ཀྱི་རྡོ་རྗེའམ་བོ་ལ་རུའོ། །རབ་ཏུ་སད་པ་ན་སྟེ་སྔར་བཤད་པའི་རིམ་པས་བསླང་བ་ན་སྟེ་རྡོ་རྗེ་ལངས་པ་ན་ཞེས་པའི་དོན་ ཏོ། །དེའི་ཚེ་རི་བོང་ཅན་ཞུ་བ་གང་ཡིན་པ་ནི་ཁུ་བའོ། །དེར་ཉི་མའི་གཟུགས་ཆེན་ནི་ལྷན་ཅིག་སྐྱེས་པའི་གཏུམ་མོའི་གཟུགས་ཀྱི་རྟེན་ལ་རབ་ཏུ་ཞུགས་པར་གྱུར་ཅིང་ཟླ་བ་ཞུ་བར་གྱུར་པ་ནའོ། །དངོས་པོ་དངོས་མེད་གཅིག་གྱུར་ན་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནའོ། །སྲིད་པ་གསུམ་གྱི་འཇིགས་ པ་སོང་བ་ན་སྟེ་ལུས་དང་ངག་དང་སེམས་ཀྱི་དྲི་མ་བྲལ་ནའོ། །གཞོམ་དུ་མེད་པ་ན་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཆེར་རོལ་ཅིང་ཡང་དག་རབ་ཏུ་རྟོགས་པར་གྱུར་པ་ནའོ། །དེའི་དུས་སུ་སྟེ་བདེ་བ་ཆེན་པོ་འཆར་བའི་སྐད་ཅིག་ལའོ། །རྣལ་འབྱོར་པ་དེ་ནི་རྣལ་འབྱོར་ཡན་ལག་དྲུག་མངོན་དུ་ 14-1-327a བྱེད་པ་པོ་མཆོག་གི་གོ་འཕང་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ལ་རབ་ཏུ་གནས་པར་འགྲོའོ། །གང་ལ་སྟེ་རྣལ་འབྱོར་པ་ལ་གཉིས་ཏེ་རང་དང་གཞན་དུ་ཞེན་པའི་མཚན་ཉིད་ཅན་ཅུང་ཡོད་མིན་པའོ། །སྲོག་དང་ཐུར་སེལ་གྱི་རླུང་འགགས་པར་གྱུར་པ་ན། གཏུམ་མོ་འབར་ བས་བསྐྱོད་ཅིང་ཞུ་བའི་རི་བོང་འཛིན་པ་གང་ཡིན་པ་ཉི་མའི་གཟུགས་ལ་རབ་ཏུ་འགྲོ་སྟེ་འཁྱུད་པར་བྱེད་དོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཏེ། པདྨ་རྣམས་ནི་འཁོར་ལོ་རྣམས་སོ། །དེ་རྣམས་སུ་རབ་ཏུ་སད་པ་ན་སྟེ་སྔར་བརྗོད་པའི་རིམ་པས་ལངས་པ་ན་སྟེ། དེ་ལྟར་གྱུར་པ་ནའོ་ཞེས་པའི་དོན་ཏོ། །ཞུ་ བ་ན་སྟེ་ཞུ་བར་གྱུར་པས་ཡོད་པ་ན་སྟེ་འདི་སྟེ་རི་བོང་འཛིན་པ་ཉི་མའི་གཟུགས་ཀྱི་མེ་ལྕེ་དང་ལྷན་ཅིག་ཏུའོ། །རྣམ་པར་ཤེས་པ་དང་ཡེ་ཤེས་གཅིག་ཏུ་འགྱུར་ཏེ་རླུང་དང་ལྷན་ཅིག་ཟླ་བ་དང་ཉི་མ་འགགས་ཤིང་སྒྲིབ་པ་མེད་པར་གྱུར་པ་ནའོ། །གང་མཆོག་ཏུ་མི་འགྱུར་བའི་བདེ་བ་བྱུང་བ་དེ་ནི་སྨྲ་བར་ མི་ནུས་པ་ཉིད་ཀྱི་ཕྱིར་དེ་ལྟར་ཉམས་སུ་མྱོང་བས་རྟོགས་པར་བྱ་བ་ཨེ་ཡིག་དང་ཝཾ་ཡིག་གི་བདག་ཉིད་དེ་བརྗོད་པ་ཅན་གསུམ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་བདེན་པ་ཉིད་གསུངས་སོ། །མཚན་མའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འཁོར་ལོ་ཞེས་པ་ལ་སོགས་པས་སོ། །སྲིད་གསུམ་ཞེས་པ་ཀུན་ ནས་རྨོངས་པ་རྣམས་སྨིན་པའི་ཆེད་དུ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་ཤིན་ཏུ་དང་བའོ། །སྲིད་པ་གསུམ་པོ་འདི་ཉིད་ཀྱི་བདེ་བའི་དོན་དུ་རིན་ཆེན་འབྱུང་ལྡན་གྱི་རིན་ཆེན་ནོ། །སྒྲིབ་པ་མེད་པའི་འདུ་ཤེས་ཀྱི་ཆོས་ཀྱིས་ཆགས་པ་ཅན་རྣམས་ཀྱི་ཆགས་པ་ཆེན་པོའི་རྒྱུར་འོད་དཔག་ཏུ་མེད་པའི་པདྨའོ། ། ཉོན་མོངས་ཟད་པ་ཞེས་པ་དོན་ཡོད་གྲུབ་པའི་རལ་གྲིའོ། །མི་ཕྱེད་པའི་ཡེ་ཤེས་སྐུ་ཞེས་པ་མི་བསྐྱོད་པའི་རྡོ་རྗེའོ། །མི་ཤེས་གཅོད་པ་ཞེས་པ་རིགས་དྲུག་པའི་གྲི་གུག་གོ། །རིགས་དྲུག་པོ་འདི་རྣམས་ཀྱིས་མཁའ་བཞིན་རོ་མཉམ་རྣམ་པར་འགྱུར་བ་མེད་པའི་གཟུགས་ལ་སོགས་པའི་རང་ བཞིན་རྣམས་སོ། །གསུངས་པ་ཡང་། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་འཇིགས་པའི་སྤྲིན་དང་མཚུངས་པའི་ཧེ་རུ་ཀ་འདི་བྱུང་བར་གྱུར། གདུག་པ་རྣམས་ནི་སྨིན་པའི་དོན་དུའོ། །དེ་ཡང་། དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་དོན་དུ། རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་ 14-1-327b རྣམས་ཀྱིའོ། །དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་རྒྱུར། །བགེགས་རྣམས་གཞིག་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་ཅན་གྱི་དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་འཇིག་དུས་རྩེ་མོ་ཅན་མཚུངས་མཁའ་འགྲོ་མ་དེ་བྱུང་བར་གྱུར། །གཏི་མུག་ ལས་ནི་སྤྱན་མ་ཞེས་བྱའོ་མཆོག་གི་ཐུགས་རྗེས་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་གོས་དཀར་ཅན་ཞེས་བྱ་སྟེ་མཐའ་དག་ཡོན་ཏན་གཏེར་གྱི་སྒྲོན་མ་དེ་ཡང་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་གཉིས་འདི་དག་དང་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་རྣམས་ཀྱང་ བྱུང་བར་གྱུར། །ཞེས་སོ། །རིགས་ཀྱི་གཟུགས་ནི་ཐ་མལ་པའི་གཟུགས་སོ། །འཁོར་བའི་སྡུག་བསྔལ་ལ་སོགས་པའི་ཚོར་བའོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ངོ་། །མཐོང་དང་མ་མཐོང་བ་ནི་བར་ཆོད་པ་དང་མ་ཆོད་པའོ། །ཡིད་ཀྱི་ནམ་མཁའ་ལ་ནི་སེམས་མེད་པའི་སེམས་ལའོ། །བདེ་ མཉམ་ལ་ནི་མི་འགྱུར་བའི་བདེ་བ་ལའོ། །ཆོས་ནི་ཆོས་ཀྱི་དབྱིངས་ལའོ། །འདིས་ནི་འདི་སྐད་གསུངས་ཏེ། །ཀུན་ལ་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། ཐམས་ཅད་ཁྱབ་གནས་གནས་པའོ། །ཞེས་སོ། །གཟུགས་ལ་ནི་གཟུགས་ བརྙན་ལ་སྟེ་མི་འགྱུར་བའི་བདེ་བ་ལ་གཟུགས་ལ་སོགས་པ་རྣམས་མ་སྐྱེས་ཤིང་མ་འགགས་པ་རྣམས་སོ་ཞེས་པའོ། །རྙོག་མེད་ནི་ལུས་དང་སེམས་རྩུབ་པ་རྣམས་ཀྱིས་མ་དཀྲུགས་པའོ། །ཡེ་ཤེས་ཀྱིས་རྟོགས་བྱ་ནི་མཆོག་ཏུ་མི་འགྱུར་བའི་རིག་པའོ། །དབང་པོའི་སྒོས་རྟོགས་པར་བྱ་བའི་ གཟུང་བར་བྱ་བ་གཞན་ཡོད་པ་མིན་ནོ་ཞེས་པ་ལྷག་མའོ། །སངས་རྒྱས་རྣམས་ཀྱིས་རྟོགས་བྱ་མིན་པ་ནི་འདི་ཉིད་ཀྱིས་ཞེས་སོ་སོར་རྟོགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་སྟེ་རྡོ་རྗེ་འཛིན་པའི་སྤྲུལ་པ་སྒྱུ་མ་ལྟ་བུ་སྣ་ཚོགས་ཡུམ་ནི་སངས་རྒྱས་སྤྲུལ་པ་སྒྱུ་མའོ། །བརྒྱ་བྱིན་དྲ་བ་ནི་མིག་འཕྲུལ་ ལོ། །ཆུ་ལ་ནམ་མཁར་མཐོང་བའི་འཁྲུལ་པ་དེ་དང་འདྲ་བར་སྐྱེ་བ་ཁོ་ནར་འདིར་འཁྲུལ་པ་སྟེར་བའོ། །རོའི་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་དྲུག་རྣམས་སོ། །ས་གཞིའི་སྙིང་པོ་ལ་སོགས་པ་རྣམས་ནི་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །གྲུབ་པའི་དུས་སུ་ནི་ཕྱག་རྒྱ་ཆེན་པོ་གྲུབ་པའི་དུས་སུའོ། །ཐོ་རངས་ལ་ 14-1-328a ནི་སྐྱ་རེངས་འཆར་བའི་དུས་ལའོ། །མཚན་མོ་ཕྱེད་ལ་ཡང་སྟེ་དེ་ཡང་འགྲུབ་པའི་དུས་ཡིན་པ་ཉིད་ཀྱི་ཕྱིར་རོ། །རི་བོང་ཅན་གྱི་ཞག་ནི་ཟླ་བ་ཉ་བ་ལའོ། །འདོད་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དུས་ཀྱི་སྤྱོར་བ་ལས་ནི་ཕྱོགས་གསུམ་དང་ལོ་གསུམ་གྱི་སྦྱོར་བ་ལས་སོ། །རྡོ་རྗེའི་ གནས་ནི་དེ་ཁོ་ན་ཉིད་ཀྱི་གནས་ཏེ་ལྷག་པར་གནས་པ་ཀུན་ནས་འབྱུང་བའི་མཚན་ཉིད་ཅན་ནོ། །དཔལ་དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་སྣ་ཚོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པའི་སྒྲས་ནི་དཔལ་འདུས་པ་དང་བདེ་མཆོག་དང་ཀྱེའི་རྡོ་རྗེ་དང་མཁའ་འགྲོ་མ་རྡོ་རྗེའི་གུར་རྣམས་བསྡུའོ། །གང་གི་བླ་མ་ལ་གུས་ ཕོངས་ལ་བརྩེ་དང་འཕགས་པ་འཇམ་པའི་དཔལ་གྱི་ནི། པདྨ་བསྟེན་ཞིང་རང་བཞིན་ངག་དག་ཆོས་ནི་ཉན་པར་བྱེད་ལ་ཤིན་ཏུ་ཆགས། །དཔལ་ལྡན་སྐྱོང་མཆོག་འདྲེན་པ་ཞེས་པར་གྲགས་པ་དེ་ཡིས་ཆོས་ལ་གནས་པ་ལ། །ཕྱི་ཕྱིར་གསོལ་བ་བཏབ་པས་ཡན་ལག་དྲུག་པོ་འགེངས་བྱེད་བརྗེད་བྱང་ བདག་གིས་སྤྲོས། །རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ནི། །བདག་གིས་བྱས་ནས་གང་ཞིག་ཐོབ་པ་ཡི། །དགེ་བ་འདི་ཡིས་འཇིག་རྟེན་མ་ལུས་པ། །མཆོག་ཏུ་འགྱུར་བ་མེད་པ་ཐོབ་པར་ཤོག །མཁས་པ་ཆེན་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྣལ་འབྱོར་ཡན་ལག་ དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ། །འདིའི་གཞུང་གི་ཚད་ནི་ཕྱེད་དང་བཅས་ པའི་བརྒྱ་ཕྲག་དྲུག་གོ། །སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་མོས་ཤིང་བློའི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་གྲགས་པ་དཔལ་བཟང་པོའི་བཀས་བསྐུལ་ཏེ་བསྒྱུར་ཅིང་ཞུས་ ཆེན་གྲུབ་པའོ། །པཎ་ཆེན་རྣལ་འབྱོར་ཟླ་བའི་རང་འགྱུར་ལ། །ཕྱེད་ཙམ་མ་བསྒྱུར་འོལ་ཕྱིར་མཛད་པ་ལས། །བློ་གྲོས་བརྟན་པས་སྒྲ་དོན་ཇི་བཞིན་བསྒྱུར། །དགེ་དེས་འགྲོ་ཀུན་ཀུན་མཁྱེན་མྱུར་ཐོབ་ཤོག །འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག །