73-1-1a ༼ཁ༽ ༄༅། ༈ །སངས་རྒྱས་ཕལ་པོ་ཆེ་བཞུགས་སོ། ། (黃) 大方廣佛華嚴經第二部 73-1-1b སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ དང་པོ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དེའི་ཚེ། སངས་རྒྱས་ཀྱིས་བྱིན་གྱི་ བརླབས་ཀྱི། སྦྱོར་བ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། །དེ་ ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོར་བ་ མཐའ་ཡས་པ་ཞེས་བྱ་བ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེའི་མོད་ལ་ཕྱོགས་བཅུའི་ཕྱོགས་ རེ་རེའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་ཆོས་ཀྱི་བློ་གྲོས་ ཞེས་བྱ་བར་མཚན་མཐུན་པ་ཤ་སྟག་གི་ཞལ་མངོན་པར་བསྟན་པ་མཐོང་བར་གྱུར་ཏེ། 73-1-2a སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་ཀྱི་བློ་གྲོས་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོར་བ་མཐའ་ཡས་པ་ལ་མཉམ་པར་གཞག་ པ་ལེགས་སོ། །ལེགས་སོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ལ་ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་མཚན་མཐུན་པ་ཤ་སྟག་གིས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་དང་། ཁྱོད་བདག་གི་དགེ་བའི་རྩ་བས་ཉེ་བར་བསྟན་པས་འདི་ལྟ་སྟེ། ཆོས་ཐམས་ཅད་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་ འཕེལ་བར་བྱ་བ་དང་། ཆོས་ཀྱི་དབྱིངས་སུ་ཆུད་པར་བྱ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་བསྒོམ་པ་དང་། ཆགས་པ་མྱེད་པ་ཉིད་དུ་ཆུད་པར་བྱ་བ་དང་། སྒྲིབ་པ་མེད་པའི་སྤྱོད་ཡུལ་ཐོབ་པར་བྱ་བ་ དང་། ཀུན་ནས་སྦྱོར་བ་ཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་བྱ་བ་དང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། དབང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་བསྟན་པ་ཐམས་ཅད་ཡོངས་སུ་བཟུང་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་ལ་རྩོམ་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་མཛད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་སངས་ རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཆོས་བསྟན་པ་འདི་ལ་སྤོབས་པ་བསྐྱེད་ཅིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཆགས་ པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཐོགས་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །མཆོད་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །རྨོངས་པ་མྱེད་པར་ཉེ་བར་བསྒྲུབ་པ་མཛད་དོ། །ཐ་དད་པ་མྱེད་པ་ཉེ་བར་ 73-1-2b བསྒྲུབ་པར་མཛད་དོ། །ཁ་ན་མ་ཐོ་བ་མྱེད་པ་ཉེ་བར་བསྒྲུབ་པར་མཛད་དོ། །དཔག་ཏུ་མྱེད་པ་ཉེ་བར་བསྒྲུབ་པར་མཛད་དོ། །ཞུམ་པ་མྱེད་པ་ཉེ་བར་བསྒྲུབ་པར་མཛད་དོ། །འཕྲོགས་པ་མྱེད་པ་ཉེ་བར་ བསྒྲུབ་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན་ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱི་སྤྱི་བོ་ལ་ཕྱག་ གཡས་པས་བྱུག་པ་མཛད་དེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་རིགས་ཤེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པས་ཤིན་ཏུ་ཡངས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པའི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་པ་གང་ལས་བསམས་ཏེ། དེ་སྐད་དུ་སྨྲས་པ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དག་གོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་ བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ཆེར་ 73-1-3a སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་ པར་དགོད་པ་དང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྒྱལ་མཚན་གྱི་བྱང་ཆུབ་སེམས་དཔའ་རྣམ་པར་ དགོད་པ་དང་། དབང་སྐུར་བའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་ བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་ བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས། མཛེས་པ་དང་བཟང་བ་དང་། མྱིག་དུ་འོང་བ་དང་། ཁ་དོག་རྒྱས་པ་དང་། ཐུབ་པར་དཀའ་བ་དང་། མཐུ་ ཆེ་བར་མཐོང་བ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། ཡོངས་སུ་བསྟན་པའི་རྣམ་པར་འཕྲུལ་པ་དང་། རྗེས་སུ་བསྟན་པའི་རྣམ་པར་འཕྲུལ་པ་མཐོང་བ་འམ། སེམས་ཅན་སྡུག་བསྔལ་བ་མཐོང་བ་ འམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་གཤེགས་པའི་ཆོས་རྒྱ་ཆེན་པོ་ཐོས་པར་གྱུར་ནས། ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ཅིང་སྔ་ཕྱི་མྱེད་པར་བྱང་ཆུབ་ཏུ་ སེམས་བསྐྱེད་དེ། སེམས་བསྐྱེད་པ་དང་པོ་དེས་ནི་ཐུབ་པར་དཀའ་བའི་གནས་བཅུ་ཡོངས་སུ་བཟུང་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟར་གནས་དང་གནས་མ་ཡིན་པའི་ཤེས་པ་དང་། ལས་ཀྱི་རྣམ་པར་ 73-1-3b ‍སྨྱིན་པ་ཤེས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་དང་། དབང་པོ་དང་བརྩོན་འགྲུས་རྣམ་པ་ཐ་དད་པ་ཡོངས་སུ་རྫོགས་པ་མཆོག་དང་ཐ་མ་ཤེས་པ་དང་། མོས་པ་ཐ་དད་པ་དང་། མོས་ པ་དུ་མ་ཤེས་པ་དང་། ཁམས་ཐ་དད་པ་དང་ཁམས་དུ་མ་ཤེས་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྗེས་སུ་སྒྲིབ་པ་མེད་པ་ཤེས་པ་དང་། ཆགས་པ་མྱེད་པའི་ལྷའི་མྱིག་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཟག་པ་མྱེད་པ་ཤེས་པའོ། །ཐུབ་པར་ དཀའ་བའི་གནས་བཅུ་པོ་དེ་དག་ཡོངས་སུ་ཟིན་པར་འགྱུར་ཏེ། དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ་ནི་སངས་རྒྱས་ མཆོད་པ་ལ་སྦྱར་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་བསྟན་པར་བྱེད་པ་ཡང་དེ་ལ་བརྗོད་པར་བྱའོ། །འཇིག་རྟེན་གྱི་ནང་ན་གཙོ་བོར་གྱུར་པ་ཡང་དེ་ལ་བརྗོད་པར་བྱའོ། །ཕུལ་དུ་ཕྱིན་པ་ཡང་དེ་ལ་བརྗོད་པར་བྱའོ། ། ཟིལ་གྱིས་མྱི་ནོན་པའི་གནས་ཀྱང་དེ་ལ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་བདག་ཉིད་ཆེ་བ་དེ་ལ་བསྟན་པར་བྱའོ། །སངས་རྒྱས་ཚད་མེད་པ་དང་འཕྲད་པར་འགྱུར་བ་ཡང་དེ་ལ་བསྟན་པར་བྱའོ། །རབ་ཏུ་ཞི་བའི་ཏིང་ངེ་ འཛིན་གྱི་སྦྱོར་བ་ཡང་དེ་ལ་བརྗོད་པར་བྱའོ། །འཁོར་བའི་འཁོར་ལོ་ལས་ལྡོག་པར་འགྱུར་བ་ཡང་དེ་ལ་བརྗོད་པར་བྱའོ། །སེམས་ཅན་སྡུག་བསྔལ་བ་ཡོངས་སུ་སྐྱབ་པ་ཡང་དེ་ལ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སེམས་སྐྱེ་བར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་མི་འཇོག་པར་མྱི་འགྱུར་བར་བྱ་བའི་ 73-1-4a ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ་རྣམ་པ་བཅུ་སེམས་ཉེ་བར་གཞོག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ཕན་པའི་སེམས་ཉེ་བར་གཞོག་གོ། །སྙིང་རྩེ་བའི་སེམས་ དང་། བདེ་བའི་སེམས་དང་། གནས་པའི་སེམས་དང་། བྱམས་པའི་སེམས་དང་། ཕན་འདོགས་པའི་སེམས་དང་། ཡོངས་སུ་བསྲུང་བའི་སེམས་དང་། མཉམ་པའི་སེམས་དང་། སློབ་དཔོན་གྱི་སེམས་དང་། སྟོན་པའི་ སེམས་ཉེ་བར་གཞོག་གོ། །རྣམ་པ་བཅུ་པོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་སེམས་ཉེ་བར་གཞོག་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་ དཔའ་ལས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་ཡོངས་སུ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་སུ་འགྱུར་བར་ཡོངས་ སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་ང་ལོ་བདེ་བ་ལ་ཡོངསུ་བསྐུལ་བར་བྱའོ། །ང་ལོ་བདེ་བར་གྱུར་ནས་འདུ་ཤེས་ལ་ཡོངས་སུ་བསྐུལ་བར་བྱའོ། །འདུ་ཤེས་ནས་མི་འཇིགས་པ་ལ་ཡོངས་སུ་བསྐུལ་ བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བར་གྱུར་ནས་རྨོངས་པ་མེད་པ་ལ་ཡོངས་ སུ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སྙིང་རྗེ་ཆེན་པོ་མངོན་དུ་གཞོག་པར་བྱ་བ་ 73-1-4b དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མྱི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་ པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པའི་རྣམ་པ་བཅུས་ཆོས་ཐམས་ ཅད་ལ་བརྩོན་པར་བྱེད་དེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མྱི་རྟག་པ་དང་། ཆོས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བདག་མྱེད་པ་དང་། ཆོས་ཐམས་ཅད་བྱེད་པ་མྱེད་པ་དང་། ཆོས་ཐམས་ཅད་མྱོང་བ་མྱེད་པ་དང་། ཆོས་ཐམས་ཅད་བརྡ་མྱེད་པ་དང་། ཆོས་ཐམས་ཅད་གནས་མྱེད་པ་དང་། ཆོས་ཐམས་ཅད་རྣམ་པར་རྟོག་པ་མྱེད་པ་དང་། ཆོས་ཐམས་ཅད་ཆེད་དུ་ བྱེད་པ་མྱེད་པ་སྟེ། དམྱིགས་པའི་རྣམ་པ་བཅུ་པོ་དེ་དག་གིས་ཆོས་ཀྱི་རྗེས་སུ་འབྲང་བའི་ཚུལ་དུ་བརྩོན་པར་མཛད་དེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའའོ། །ཀྱེ་རྒྱལ་ བའི་སྲས་དག་དེ་ལྟར་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་ཁམས་བརྟགས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འཇིག་རྟེན་གྱི་ ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །སའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆུའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མྱེའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། རླུང་གི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འདོད་པའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །གཟུགས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །གཟུགས་མྱེད་པའི་ཁམས་ 73-1-5a བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་ཀྱང་ཆོས་ལ་སྣང་བ་འབྱུང་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་ པར་མི་འགྱུར་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ཆེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་ སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་འཕགས་པའི་གསུངས་རབ་ལ་ཡོངས་སུ་སྨྱིན་པ་བཅུས་སྐྱེས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པ་དང་། སངས་རྒྱས་ལ་ཤེས་པས་མོས་པའི་མཐར་ཕྱིན་པ་དང་ ཆོས་ངེས་པར་རྟོགས་པ་དང་། སེམས་ཅན་རྣམ་པར་བསྒོམ་པ་དང་། ཞིང་རྣམ་པར་བསྒོམས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་བསྒོམས་པ་དང་། ལས་རྣམ་པར་བསྒོམས་པ་དང་། རྣམ་པར་སྨྱིན་པ་རྣམ་ པར་བསྒོམ་པ་དང་། འཁོར་བ་རྣམ་པར་བསྒོམས་པ་དང་། མྱ་ངན་ལས་འདས་པ་རྣམ་པར་བསྒོམས་པ་སྟེ། ཡོངས་སུ་སྨྱིན་པ་བཅུ་པོ་འདི་དག་གིས་འཕགས་པའི་གསུང་རབ་ལས་སྐྱེས་པ་ཡིན་ཏེ། ཀྱེ་རྒྱལ་ བའི་སྲས་དག་འདི་ནི་ཆེར་སྐྱེས་པའི་བྱང་ཆུབ་སེམས་དཔའོ། །དེ་ལྟར་ཆེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་ པའི་སངས་རྒྱས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཆོས་ཡང་དག་ པར་བསྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པར་བྱ་བ་རྣམ་པར་སྒོམ་པ་ལ་ཡོངསུ་བསྐུལ་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ 73-1-5b ཡང་དག་པར་བསྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཡོངས་སུ་བསྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ ཡོངས་སུ་བསྒྲུབ་པར་བྱ་བ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །སངས་རྒྱས་མཉམ་པ་ཉིད་རྣམ་པར་སྒོམ་པ་ ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དུས་གསུམ་མཉམ་པ་ཉིད་ལ་དེ་བས་ཀྱང་སེམས་འཇུག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བ་དང་། བདག་ཉིད་གཞན་གྱི་དྲིང་ལ་འཇོག་པར་མི་བྱ་བའི་ཕྱིར་ ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཆེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་ བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ ཅད་བདེ་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བར་བྱ་བའི་ཕྱིར་ རྩོམ་མོ། །སེམས་ཅན་ཐམས་ཅད་ལ་གནོད་པ་མྱེད་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དང་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དང་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ འདུལ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་རྩོམ་མོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་སྟེ། སྦྱོར་བ་ཕུན་སུམ་ 73-1-6a ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་སེམས་ཅན་མཐའ་ཡས་པ་བརྗོད་པར་བྱའོ། །སེམས་ཅན་ཚད་མེད་པ་བརྗོད་པར་བྱའོ། །སེམས་ཅན་གྲངས་མེད་པ་བརྗོད་པར་བྱའོ། །སེམས་ཅན་ བསམ་གྱིས་མྱི་ཁྱབ་པ་བརྗོད་པར་བྱའོ། །སེམས་ཅན་གཟུགས་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་དཔག་ཏུ་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་སྟོང་པ་བརྗོད་པར་བྱའོ། །སེམས་ཅན་བྱེད་པ་མྱེད་པ་བརྗོད་པར་ བྱའོ། །སེམས་ཅན་དངོས་པོ་མྱེད་པ་བརྗོད་པར་བྱའོ། །སེམས་ཅན་རང་བཞིན་མྱེད་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སེམས་དེ་བས་ཀྱང་ཤས་ཆེར་མངོན་པར་ཞེན་པ་ལ་མི་གནས་པར་བྱ་བ་དང་། གནས་གང་ཐོས་ ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་མྱི་འཇོག་པར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་ སྲས་དག་དེ་ལ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་བཅུ་ཉན་ན། བསམ་པ་ངེས་པ་རབ་ཏུ་འཐོབ་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ སངས་རྒྱས་ལ་སྙན་པ་དང་། མི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ལ་སྙན་པ་འམ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའ་ལ་སྙན་ པའམ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྙན་པ་འམ་མྱི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་ཀྱི་ཁམས་ ཆུང་བ་དང་། སེམས་ཅན་ཀྱི་ཁམས་ཆེ་བ་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་དང་། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་མེད་པར་བརྗོད་ཀྱང་ 73-1-6b སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་སྐྱོ་བར་དཀའ་བ་བརྗོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་ཆུང་བ་འམ། ཆོས་ཀྱི་དབྱིངས་ཆེ་བ་བརྗོད་ཀྱང་སངས་ རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་འགྲུབ་པ་འམ། ཆོས་ཀྱི་དབྱིངས་འཇིག་པར་བརྗོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་ཡོད་པ་འམ། ཆོས་ཀྱི་དབྱིངས་མེད་ པར་བརྗོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་དེ་ནི་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་དག་སྟེ། དེ་ལྟར་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ ལ་ཆོས་ལ་འཇུག་པ་བཅུ་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མཚན་མ་མེད་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། ཆོས་ཐམས་ཅད་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་ཡོད་ པ་མ་ཡིན་པ་དང་། ཆོས་ཐམས་ཅད་བརྫུན་པ་དང་། ཆོས་ཐམས་ཅད་དབེན་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། ཆོས་ཐམས་ ཅད་རྟོག་པ་མེད་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་བསམ་པ་དེ་བས་ཀྱང་ཤས་ཆེར་མི་འཕྲོགས་པ་ལ་རྣམ་པར་བསྒྲུབ་པར་བྱ་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་ གྱི་དྲིང་མི་འཇོག་པར་མི་འགྱུར་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ཕྱིར་མྱི་ལྡོག་པའི་བྱང་ ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པ་བཅུ་ཉན་པའི་ཚེ་བརྟན་པ་རབ་ཏུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཡོད་ཅེ་འམ་སངས་རྒྱས་མྱེད་ 73-1-7a ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །ཆོས་ཡོད་ཅེ་འམ་ཆོས་མྱེད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་ཅེ་འམ། བྱང་ཆུབ་སེམས་ དཔའི་སྤྱོད་པ་མྱེད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འབྱུང་ཞེ་འམ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མྱི་འབྱུང་ ཞེ་ན་ཡང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །དེ་བཞིན་གཤེགས་པ་འདས་ཞེ་འམ། དེ་བཞིན་གཤེགས་པ་མ་འདས་ཞེ་ན་ཡང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །དེ་བཞིན་གཤེགས་པ་བྱོན་ ཅེ་འམ། དེ་བཞིན་གཤེགས་པ་བྱོན་པ་མ་ཡིན་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །སངས་རྒྱས་ད་ལྟར་བྱུང་ཞེ་འམ། སངས་རྒྱས་ད་ལྟར་བྱུང་བ་མ་ཡིན་ཞེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་ མྱི་ལྡོག་གོ། །སངས་རྒྱས་ཀྱི་ཡེ་ཤེས་ཟད་མྱི་ཤེས་སོ་ཞེ་འམ། སངས་རྒྱས་ཀྱི་ཡེ་ཤེས་ཟད་ཤེས་སོ་ཞེས་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །དུས་གསུམ་མཚན་ཉིད་ཅིག་ཅེ་འམ་དུས་གསུམ་མཚན་ ཉིད་ཐ་དད་ཅེ་ན་ཡང་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མྱི་ལྡོག་གོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཆོས་ འབྱམ་ཀླས་པ་བཅུ་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་གཅིག་ལས་རྣམ་པ་ཐ་དད་པར་འགྱུར་བ་བརྗོད་པར་བྱའོ། །མང་པོ་ལས་ཐ་མྱི་དད་པར་བརྗོད་པར་བྱའོ། །དོན་དང་མཐུན་པའི་ཡི་གེ་ བརྗོད་པར་བྱའོ། །ཡི་གེ་དང་མཐུན་པའི་དོན་བརྗོད་པར་བྱའོ། །དངོས་པོ་ཡོད་པ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །དངོས་པོ་ཡོད་པ་མྱེད་པ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་མ་མྱེད་ 73-1-7b པ་མཚན་མ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་མ་དང་མཚན་ཉིད་མྱེད་པ་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་ཉིད་མྱེད་པ་མཚན་ཉིད་དང་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མཚན་ཉིད་ མཚན་ཉིད་མྱེད་པ་དང་། མཉམ་པ་ཉིད་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ནས་ཀྱང་དེ་བས་ཀྱང་ཤས་ཆེར་མཁས་པ་ཐམས་ཅད་ལ་ཡོངས་སུ་བྱང་བ་འབྱུང་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་ སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་མྱི་འཇོག་པར་འགྱུར་བ་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ལ་ས་བཅུ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ལུས་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མྱེད་པ་ཡིན། ངག་གི་སྤྱོད་པ་ཁ་ན་མ་ཐོ་བ་མྱེད་པ་ཡིན། ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མྱེད་པ་ཡིན། སེམས་བསྐྱེད་པ་ཙམ་གྱིས་སྐྱེ་བ་བསྒྲུབ་པ་ཡིན། སེམས་ཅན་གཞན་གྱི་བསམ་པ་ཤེས་པ་ཡིན། གང་ཟག་གཞན་གྱི་མོས་པ་ རྟོགས་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། འཇིག་རྟེན་གྱི་ཁམས་འགྲུབ་པ་དང་། འཇིག་པ་ཡོངས་སུ་འཇལ་བ་ཡིན། གང་དགའ་བར་འགྲོ་བ་ལ་མྱུར་བ་ཡིན། ཀྱེ་རྒྱལ་བའི་སྲས་ དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཆོས་མངོན་པར་བསྒྲུབ་པ་བཅུ་བརྗོད་པར་བྱའོ། །བཅུ་གང་ཞེ་ན་འདི་ ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་རབ་ཏུ་བསྐྱེད་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་བྱིན་གྱི་རླབས་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་དུ་རྣམ་ 73-1-8a པར་རྒྱུ་བ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་གནས་པ་བརྗོད་པར་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་འགྲོ་བ་བརྗོད་པར་བྱའོ། །ཆོས་གྲངས་མྱེད་པ་ཡོངས་ སུ་དྲི་བ་བརྗོད་པར་བྱའོ། །ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་བསྒྲུབ་པ་བརྗོད་པར་བྱའོ། །དབྱངས་ཀྱི་སྦྱོར་བ་རབ་ཏུ་བགྱེ་བ་བརྗོད་པར་བྱའོ། །སེམས་བསྐྱེད་པ་གཅིག་ལ་སངས་རྒྱས་གྲངས་མྱེད་པ་བསྙེན་སྐུར་ བར་བྱ་བ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་ཀྱང་ཤས་ཆེར་ཆོས་ཐམས་ཅད་ལ་མངོན་པར་བསྒྲུབ་པའི་མཁས་པ་འབྱུང་བར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ ཉིད་གཞན་གྱི་དྲིང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་ དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའི་ཆོས་བཅུ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་སྐྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉོན་མོངས་པའི་རྒྱུད་རྟོགས་པར་བྱ་བ་ལ་མཁས་པ་ཡིན། བག་ཆགས་ཀྱི་འཚམས་འབྲེལ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྤྱོད་ཡུལ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཆོས་སྣ་ཚོགས་རྟོགས་ པར་བྱ་བ་ལ་མཁས་པ་ཡིན། སྤྱད་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྟོགས་ པར་བྱ་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་བརྟག་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་བརྟག་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཀྱེ་རྒྱལ་བའི་སྲས་ 73-1-8b དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དེ་ལ་ནི་གནས་བཅུ་བརྗོད་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོའི་གནས་ལ་མཁས་པ་བརྗོད་པར་བྱའོ། །རྒྱལ་ པོའི་གནས་ཀྱི་ཚུལ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་གནས་པ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་འགྲོ་བ་བརྗོད་པར་བྱའོ། །རྒྱལ་པོའི་གནས་སུ་སྤྱོད་པ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོར་ དབང་བསྐུར་བ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་བྱིན་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་མཐུ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་ལ་གནས་པ་བརྗོད་པར་བྱའོ། །ཆོས་ཀྱི་རྒྱལ་པོའི་སྔགས་པ་བརྗོད་པར་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་དེའི་སེམས་སྒྲིབ་པ་མེད་པ་མངོན་པར་བསྒྲུབ་པ་ལ་དེ་བས་ཀྱང་ཤས་ཆེར་གནས་པར་བྱ་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་ འཇོག་པར་མི་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ཀྱེ་རྒྱལ་བའི་ སྲས་དག་འདི་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་རྣམ་པར་སྤྱོད་པ་བཅུ་དང་ལྡན་པ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཡོངས་སུ་བསྐྱེད་པའི་སེམས་མང་བ་ཡིན། འཇིག་ རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱ་བའི་སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱིན་གྱིས་རླབ་པའི་སེམས་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདའ་བར་བྱ་བའི་སེམས་ མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཡོངས་སུ་སྦྱང་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་རྣམ་པར་དམིགས་པར་བྱ་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མེད་པ་རྣམ་པར་བརྟག་པའི་སེམས་མང་བ་ 73-1-9a ཡིན། སེམས་ཅན་གྲངས་མྱེད་པའི་དབང་པོ་རྟོགས་པར་བྱ་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མྱེད་པ་ཡོངས་སུ་གཟུང་བའི་སེམས་མང་བ་ཡིན། སེམས་ཅན་གྲངས་མྱེད་པ་གདུལ་ བའི་སེམས་མང་བ་ཡིན་ཏེ། དེའི་ལུས་ནི་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལ་གནས་པའི་བར་གྱིས་ཀྱང་ཤེས་པར་མྱི་ནུས་ཏེ་ལུས་ཀྱི་ལས་ཤེས་པར་མྱི་ནུས་སོ། །རྫུ་འཕྲུལ་གྱིས་ཤེས་པར་མྱི་ནུས་སོ། ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཤེས་པར་མྱི་ནུས་སོ། །འདས་པ་ལྟ་བ་འམ་ཤེས་པར་མྱི་ནུས་སོ། །མ་འོངས་པ་ལྟ་བ་འམ་ཤེས་པར་མྱི་ནུས་སོ། །ད་ལྟར་བྱུང་བ་ལྟ་བ་འམ་ཤེས་པར་མྱི་ནུས་སོ། ། ཞིང་མངོན་པར་འདུ་བྱེད་པ་ཤེས་པར་མྱི་ནུས་སོ། །སེམས་ཀྱི་ཡུལ་ཤེས་པར་མྱི་ནུས་སོ། །ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལ་གནས་པའི་བར་གྱིས་ཤེས་པར་མྱི་ནུས་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་འོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་དེ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་འཇུག་ པ་བཅུ་བཀའ་སྩལ་ཏེ། བཅུ་གང་ཞེ་ན། འདི་ལྟར་དུས་གསུམ་གྱི་ཡེ་ཤེས་བརྗོད་པ་མཛད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་ཡེ་ཤེས་བརྗོད་པ་མཛད་དོ། །ཆོས་ཀྱི་དབྱིངས་ཆགས་པ་ མེད་པ་བརྗོད་པ་མཛད་དོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པ་བརྗོད་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་དགོངས་པ་བརྗོད་པ་མཛད་དོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བ་བརྗོད་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབ་པ་བརྗོད་པ་མཛད་དོ། །སེམས་ཅན་ཐམས་ཅད་ཡོངས་སུ་ཤེས་པའི་ 73-1-9b ཡེ་ཤེས་བརྗོད་པ་མཛད་དོ། །ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཡེ་ཤེས་བརྗོད་པ་མཛད་དོ། །སངས་རྒྱས་མཐའ་ཡས་པ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ནས་ཀྱང་དེའི་སེམས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དེ་བས་ཀྱང་ཤས་ཆེར་གནས་པར་བྱ་བ་དང་། གནས་གང་ཐོས་ཀྱང་བདག་ཉིད་དེ་ལ་སྦྱོར་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མྱི་འཇོག་པར་བྱ་ བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དུ་གཡོས་སོ། །གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ། །རབ་ཏུ་ལྡེག་གོ། ། ཀུན་ཏུ་ལྡེག་གོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག་གོ། ཀུན་ཏུ་ཤིག་ཤིག་གོ། སངས་རྒྱས་ཀྱི་མཐུ་དང་ ཆོས་ཉིད་ཐོབ་པས། ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ། ལྷ་རྫས་ཀྱིས་སྤོས་ཀྱི་སྤྲིན་གྱིས་ཆར་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱིས་ཆར་མངོན་པར་བབ་བོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་ བབ་བོ། །ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་མངོན་པར་བྱུང་བར་གྱུར་ཏོ། །ལྷ་རྫས་ཀྱི་སྣང་བ་རབ་ཏུ་བྱུང་བར་གྱུར་ཏོ། །ལྷ་རྫས་ཀྱི་ང་རོ་ཤིན་ཏུ་ 73-1-10a གྲག་པར་གྱུར་ཏོ། །གླིང་བཞི་པ་འདིའི་རི་རབ་ཀྱི་རྩེ་མོར་ལྷའི་དབང་པོའི་ཁང་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཕྱོགས་བཅུ་རྒྱས་པར་འབྱུང་སྟེ། ཆོས་བསྟན་པ་འདི་ཡང་ ཐམས་ཅད་དུ་འབྱུང་ངོ་། །སངས་རྒྱས་ཀྱིས་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་མང་པོ་ལྷགས་སྟེ། ཕྱོགས་བཅུ་ རྒྱས་པར་བཀང་ནས་འདི་སྐད་ཅེས་འཛེར་ཏོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་དེ་ལྟ་བུ་སྟོན་པ་ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་བའི་སྲས་དག་བདག་ཅག་ཀུན་ ཀྱང་མྱིང་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག་སྟེ། དེ་བཞིན་གཤེགས་པའི་མཚན་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག་གི་ཞམ་རིང་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྤྲིན་ཅེས་བྱ་བ་ཤ་སྟག་ནས་འདིར་ཕྱིན་ཏེ། ཐམས་ཅད་ན་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོས་བསྟན་པ་འདི་ཉིད་འཁོར་གྱི་རྣམ་པ་འདི་ལྟ་བུ་དག་ཏུ་ཚིག་འདི་དག་དང་། ཡི་གེ་འདི་དག་དང་། ཁོང་དུ་ཆུད་པར་བྱ་བ་འདི་དག་གིས་དོན་འདི་ཉིད་ མངོན་པར་སྨོས་ཤིང་ལྷག་ཆད་མྱེད་པར་སྟོན་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བདག་ཅག་དབང་དུ་གྱུར་པ་ཤ་སྟག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འདིར་ཕྱིན་ཏོ། །ཇི་ལྟར་བདག་ཅག་འཇིག་རྟེན་གྱི་ཁམས་ འདིར་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་དག་གི་རི་རབ་ཀྱི་རྩེ་མོ་ལྷའི་དབང་པོའི་ཁང་པ་དག་ཏུ་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མང་པོ་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟས་ནས་ 73-1-10b སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རང་བྱུང་སངས་རྒྱས་ཐུགས་མཆོག་རབ་མངའ་བ། །སྐུ་གཟུགས་སྐུ་མདོག་ཤིན་ཏུ་མཛེས་ལྡན་ ཞིང་། །མཚན་བཟང་ཐུབ་པ་མྱེད་པ་མཐོང་གྱུར་ནས། །བྱང་ཆུབ་དོན་དུ་བསྟན་པ་སེམས་བསྒྱུར་རོ། །དཔེ་ཟླ་མེད་པའི་རྫུ་འཕྲུལ་སྟོབས་ཆེན་དང་། །ཡོངས་སུ་བསྟན་དང་རྗེས་སུ་བསྟན་མཐོང་སྟེ། ། སྲིད་ལམ་ཀུན་ཏུ་སྡུག་བསྔལ་གྱུར་མཐོང་ཞིང་། །བྱང་ཆུབ་དོན་དུ་བསྟན་པ་སེམས་བསྒྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་ཀུན་མངའ་བ། །ཀུན་ཏུ་བཟང་པོའི་ཡོན་ཏན་ཐོས་གྱུར་ཅིང་། །ནམ་མཁའ་ དབྱིངས་མཉམ་རྟོག་པ་མྱེད་པ་ཡི། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །ཁམས་གསུམ་ཀུན་ན་གནས་ནི་འདི་དག་ཡིན། །གནས་མྱིན་རང་བཞིན་དག་ཀྱང་འདི་ཡིན་ཞེས། །མ་ནོར་དངོས་པོ་ཁོང་དུ་ ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །འདས་དང་མ་འོངས་ད་ལྟར་བྱུང་བ་དང་། །དཀར་ནག་ལས་རྣམས་ཇི་སྙེད་ཡོད་དེ་དག །དེ་ཀུན་མཉམ་ཉིད་རྗེས་སུ་རྟོགས་བྱའི་ཕྱིར། ། བརྟན་པ་བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །བསམ་གཏན་ཏིང་འཛིན་རྣམ་པར་ཐར་པ་དང་། །མཉམ་བཞག་དེ་བཞིན་ཀུན་ནས་ཉོན་མོངས་དང་། །རྣམ་བྱང་རྣམ་པར་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་ བྱང་ཆུབ་དོན་དུ་སེམས་བསྐྱེད་དོ། །སེམས་ཅན་ཀུན་གྱི་དབང་པོ་ཅི་འདྲ་དང་། །བརྩོན་འགྲུས་སྟོབས་དང་དེ་བཞིན་ཅི་འདྲ་བ། །རྣམ་པ་སྣ་ཚོགས་དེ་དག་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་ བསྒྱུར་རོ། །སེམས་ཅན་ཀུན་གྱི་མོས་པ་ཅི་འདྲ་དང་། །འཇིག་རྟེན་ཀུན་གྱི་བསམ་པ་སྣ་ཚོགས་རྣམས། །རྣམ་པ་ཀུན་ཏུ་ཐམས་ཅད་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། ། 73-1-11a འགྲོ་བ་རྣམས་ཀྱི་སྣ་ཚོགས་ཁམས་རྣམས་དང་། །འཇིག་རྟེན་ཀུན་གྱི་ཁམས་མང་དུ་མ་དང་། །ཁམས་ཀྱི་རང་བཞིན་རྟོགས་པར་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་ རོ། །ཀུན་ཏུ་འགྲོ་བའི་སེམས་རྣམས་ཅི་འདྲ་དང་། །ལམ་རྣམས་ཅི་འདྲ་འདུས་བྱས་འདི་དག་གི། མ་ནོར་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། ། ཞིང་རྣམས་ཐམས་ཅད་མཐོང་བར་བྱ་བ་དང་། །སེམས་ཅན་འདི་དག་ཇི་ལྟར་འཁོར་གྱུར་ཅེས། །ཆགས་མེད་མིག་ནི་རྣམ་པར་དག་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འདས་ པའི་དུས་སུ་གང་རྣམས་ཅི་བྱུང་ཡང་། །མཚན་ཉིད་གང་ཡིན་ཅི་འདྲ་ཅི་དངོས་པ། །སྔོན་གྱི་གནས་རྣམས་རྗེས་སུ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འཇིག་རྟེན་ ཀུན་ན་ཀུན་སྦྱོར་ཇི་སྙེད་དང་། །དོན་གྱི་མཚམས་འབྲེལ་བག་ཆགས་དེ་བཞིན་ཏེ། །ཉོན་མོངས་ཟད་བྱ་མཐར་ཐུག་ཤེས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་བསྒྱུར་རོ། །འགྲོ་བ་རྣམས་ཀྱི་ཐ་སྙད་གདགས་ པ་དང་། །ཚིགས་ལམ་སྐད་དུ་བརྗོད་པ་ཇི་སྙེད་པ། །བརྡ་ཡི་བདེན་པ་རྗེས་སུ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཆོས་རྣམས་ཇི་ལྟར་བརྗོད་དུ་མྱེད་པ་དང་། །སྟོང་པ་བྱེད་ མྱེད་རང་བཞིན་དབེན་པའི་རྣམས། །དེ་དག་དངོས་ཉིད་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རབ་ཏུ་བསྐྱོད་པ་དང་། །རྒྱ་མཚོ་ཐམས་ཅད་རབ་ཏུ་ བསྐམ་བྱ་བར། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །སྤུ་རྩེ་རེ་རེའི་སྒོ་ནས་འོད་གཟེར་རྣམས། །ཕྱོགས་བཅུ་ཀུན་ཏུ་ཇི་ 73-1-11b ལྟར་དགྱེ་བྱ་བ། །དེ་འདྲའི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་བརྗོད་མེད་བསམ་གྱིས་མི་ཁྱབ་པ། །བདག་གི་ལག་པའི་ཐིལ་དུ་གཞག་བྱ་བར། ། སྒྱུ་མའི་རྣམ་པ་ཐམས་ཅད་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཇི་ལྟར་ཞིང་གི་སེམས་ཅན་ཡངས་པ་ཀུན། །གནོད་པ་མྱེད་པར་སྐྲ་རྩེར་གཞོག་བྱེད་པར། །སྲོག་མྱེད་ ཆོས་རྣམས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །རྒྱ་མཚོ་ཐམས་ཅད་ཆུ་ཆེན་གང་རྒྱས་པ། །སྐྲ་རྩེས་བླངས་ཤིང་ཀུན་ཏུ་དོར་བྱ་བར། །མཐར་ཐུག་མ་ལུས་ ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཇི་ལྟར་བསམ་གྱིས་མྱི་ཁྱབ་ཞིང་གིས་རྣམས། །ཕྲ་རབ་རྡུལ་བླགས་མ་ལུས་བགྲངས་བྱ་བར། །རྡུལ་ཕྲན་གྲངས་རྣམས་ཁོང་དུ་ ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འདས་པའི་བསྐལ་པ་དེ་བཞིན་མ་འོངས་དང་། །འཇིག་རྟེན་ཚེ་གཅིག་འགྲུབ་པ་དེ་བཞིན་ཏེ། །བསྐལ་པ་ཟད་ཅིང་གནས་ པ་ཤེས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །དུས་གསུམ་འབྱུང་བའི་དེ་བཞིན་གཤེགས་པ་དང་། །རང་རྒྱལ་དང་ནི་ཉན་ཐོས་ ཐམས་ཅད་ཀྱི། །ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་ཀྱི་རྣམས། །སྐྲའི་ཉག་མས་བཅིངས་ ཤིང་ཚད་གདབ་པར། །དངོས་པོའི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །བརྗོད་མྱེད་འཁོར་ཡུག་ཤིན་ཏུ་ཡངས་པ་དག །བ་སྤུའི་ཁུང་བུ་ཇི་ 73-1-12a ལྟར་གཟུང་བྱ་བར། །ཕྲ་དང་ཡངས་པ་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །མ་ལུས་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་དབྱངས་ཅིག་ ཀུན་ཏུ་གྲག་འགྱུར་བར། །དབྱངས་ཀྱི་ཡན་ལག་རྣམ་དག་ཤེས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །སེམས་ཅན་ཀུན་གྱི་སྒྲ་སྐད་ཇི་སྙེད་པ། །དབྱངས་ཅིག་བརྗོད་པས་ ཇི་ལྟར་བརྗོད་བྱ་བར། །སྒྲ་ཡི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །འཇིག་རྟེན་ཐམས་ཅད་མ་ལུས་ཤེས་བྱེད་ཅིང་། །ཇི་ལྟར་འགྲོ་ཀུན་ཞི་ ཞེས་སྟོང་འགྱུར་བར། །ལྕེ་ཡངས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རབ་ཏུ་ཚིག་པ་དང་། །ཀུན་ནས་གནས་པ་མ་ལུས་མཐོང་འགྱུར་བར། ། རྣམ་རྟོག་ཆོས་ནི་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་སངས་རྒྱས་གཅིག་བཞིན་དུ། །དེ་བཞིན་གཤེགས་པས་ཇི་ལྟར་རྒྱས་བྱ་བར། ། རང་འབྱུང་ཆོས་ནི་ཇི་ལྟར་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཞིང་རྣམས་ཐམས་ཅད་རྡུལ་མཆོག་ཕྲ་བླགས་པ། །དེ་སྙེད་ལུས་སུ་ཇི་ལྟར་སྤྲུལ་བྱ་བར། །ཐམས་ ཅད་ཡིད་ཀྱི་དངོས་སུ་ཤེས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཀུན་གཟིགས་འདས་པ་ཇི་སྙེད་བྱུང་བ་དང་། །མ་བྱོན་སངས་རྒྱས་དེ་བཞིན་བཞུགས་པ་རྣམས། །སྐད་ཅིག་ སེམས་ཀྱིས་ཐམས་ཅད་རྟོགས་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཚིག་གཅིག་བརྩམས་ཏེ་བརྗོད་ཅིང་བཤད་བྱས་ཀྱང་། །བསྐལ་པ་བརྗོད་མྱེད་ཐམས་ཅད་ 73-1-12b ཟད་འགྱུར་བར། །ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་མ་ལུས་རྣམས། །འབྱུང་ཞིང་ཇི་ལྟར་རྗེས་སུ་ འབྲང་བ་དག །སེམས་ཀྱི་རང་བཞིན་ཁོང་དུ་ཆུད་བྱའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །ཕྱོགས་ཀུན་སྤྱོད་ཚེ་ཆགས་པར་མྱི་འགྱུར་བར། ། དུས་གསུམ་སྟོང་པ་ཁོང་དུ་ཆུད་བྱ་བའི་ཕྱིར། །བརྟན་པ་བྱང་ཆུབ་དོན་དུ་སེམས་བསྒྱུར་རོ། །དེ་ལྟར་བྱང་ཆུབ་དོན་དུ་བསྐྱེད་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་བརྗོད་དུ་མེད་པ་ཀུན། །མཆོད་པར་ བྱ་ལ་ཡོངས་སུ་བསྐུལ་བར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམ་ངག་གོ། འཁོར་བ་དག་ན་བྱང་ཆུབ་དོན་སྤྱོད་ཚེ། །བྱང་ཆུབ་སེམས་དཔའི་བདེ་བ་ཇི་སྙེད་པ། །དེ་དག་དེ་ལ་ཡོངས་སུ་བརྗོད་པར་བྱ། །འདི་ནི་ ཕྱིར་མི་ལྡོག་གི་གདམ་ངག་གོ། འཇིག་རྟེན་གཙོ་བོ་འཇིག་རྟེན་ཇི་སྙེད་པ། །ཕྱོགས་བཅུའི་ཐ་དད་ཚད་མེད་ཡོད་པ་རྣམས། །དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་བརྗོད། །འདི་ནི་ཕྱིར་མྱི་ལྡོག་གི་ གདམ་ངག་གོ། མཆོག་གི་ཆོས་དང་ཇི་སྙེད་ཡོད་པའི་ཆོས། །འཕྲུལ་གྱི་ཆོས་དང་བླ་ན་མེད་པའི་ཆོས། །དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་བསྟན། །འདི་ནི་སྐྱོན་མེད་རྣམས་ཀྱི་གདམ་ངག་གོ། ། གཞན་གྱིས་མྱི་ཐུབ་ཇི་སྙེད་གནས་ཡོད་པ། །འཇིག་རྟེན་ཀུན་གྱིས་ཟིལ་གྱི་མི་ནོན་རྣམས། །དེ་ལ་གནས་པར་རྒྱལ་སྲས་དེ་བརྗོད་དེ། །འདི་ནི་ཕྱིར་མི་ལྡོག་གི་གདམས་ངག་གོ། དེ་བཞིན་གཤེགས་ པ་ཡོན་ཏན་ཀུན་ལྡན་པ། །འཇིག་རྟེན་མགོན་པོ་བདག་ཉིད་ཆེ་བ་ཀུན། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞག་ཏེ། །འདི་ནི་སྐྱེས་བུ་ཁྱུ་མཆོག་གདམ་ངག་གོ། སངས་རྒྱས་གྲངས་མེད་བརྗོད་དུ་ 73-1-13a མྱེད་པ་དང་། །ཇི་ལྟར་འགྲོགས་པར་འགྱུར་བ་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་དཔའ་དེ་ལ་བརྗོད་པར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམ་ངག་གོ། །ཏིང་འཛིན་ཞི་བ་ཇི་སྙེད་གང་ ཡོད་པ། །དེ་དག་གདམ་ངག་ཇི་སྙེད་མ་ལུས་པར། །བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པར་བྱ། །འདི་ནི་ཕྱིར་མི་ལྡོག་གི་གདམ་ངག་གོ། །འཁོར་བའི་འཁོར་ལོ་ལྡོག་པར་འགྱུར་བ་དང་། །ཆོས་ཀྱི་ འཁོར་ལོ་འཁོར་བར་འགྱུར་བ་དང་། །འཇིག་རྟེན་ཀུན་གྱི་ཆགས་པར་མྱི་འགྱུར་བ། །བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པར་བྱ། །སེམས་ཅན་སྡུག་བསྔལ་གཟིར་བ་ཇི་སྙེད་དང་། །ཇི་སྙེད་ ངན་སོང་གཙེས་པར་གྱུར་པ་ཡི། །སྐྱབས་དང་མགོན་དང་རྟེན་དུ་འགྱུར་བ་དང་། །བྱང་ཆུབ་སེམས་དཔའ་དེ་ལ་བརྗོད་པར་བྱ། །རྣམ་པ་འདི་འདྲས་རྒྱལ་སྲས་དང་པོ་དེ། །བྱང་ཆུབ་དོན་དུ་སེམས་རབ་ སྐྱེར་འགྱུར་ཏེ། །དེ་ལྟར་གདམ་ངག་རྗེས་སུ་བསྟན་པར་བྱ། །འདི་ནི་རྒྱལ་བ་རྣམས་ཀྱི་རྣམ་བཀོད་པའོ། །དེ་ནས་གཉིས་པ་ལས་ཀྱི་དང་པོ་པ། །ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ ལ། །སེམས་བཅུ་ཉེ་བར་གཞོག་ཅིང་སྨོན་བྱེད་པ། །འདི་ནི་སྐྱོན་དང་བྲལ་བའི་གདམས་ངག་གོ། །ཕན་པའི་སེམས་དང་དེ་བཞིན་བདེ་བའི་སེམས། །སྙིང་རྗེའི་སེམས་དང་དེ་བཞིན་བྱམས་པའི་ སེམས། །བསྲུང་བའི་སེམས་དང་དེ་བཞིན་མཉམ་པའི་སེམས། །སློབ་དཔོན་སེམས་དང་དེ་བཞིན་སྟོན་པའི་སེམས། །དེ་འདྲའི་སེམས་རྣམས་ཉེ་བར་གཞག་པ་ལ། །ཁ་ཏོན་ལུང་ལ་ ཡོངས་སུ་བསྐུལ་བར་བྱ། །མང་དུ་ཐོས་པ་དགོན་པར་གནས་པར་བསྐུལ། །དབེན་པར་གྱུར་པས་དགེ་བཤེས་བསྙེན་འགྱུར་བྱ། །དགེ་བཤེས་གྱུར་ནས་ངང་བདེར་འགྱུར་བར་བྱ། ། 73-1-13b ངང་ཚུལ་དགེ་བས་དུས་ཚུལ་ཤེས་པར་བྱ། །དུས་རྣམས་ཤེས་ནས་མྱི་འཇིགས་འགྱུར་བར་བྱ། །མི་འཇིགས་གྱུར་ནས་དོན་ལ་བརྩོན་པར་བྱ། །དོན་ཤེས་གྱུར་ནས་ཆོས་རྗེས་ཤེས་པར་བྱ། །ཆོས་ ཤེས་གྱུར་ནས་རྨོངས་པ་མྱེད་པར་བྱ། །རྨོངས་པ་མྱེད་གྱུར་ལེགས་པར་བཤད་ཆོས་ལ། །རྒྱལ་སྲས་དེ་ནི་རྣམ་པར་གནས་པར་བྱ། །དེ་ཙམ་གྱིས་ནི་ལས་ཀྱི་དང་པོ་པ། །བྱང་ཆུབ་དོན་ཞུགས་ བྱང་ཆུབ་སེམས་དཔའོ། །གདམས་ངག་རྗེས་སུ་བསྟན་པ་འང་དེ་ཡིན་ཏེ། །སངས་རྒྱས་སྲས་པོ་དེ་ལྟར་སློབ་པར་བྱེད། །གང་ཡང་བྱང་ཆུབ་སེམས་དཔའ་གསུང་བརྗོད་པ། །ཆོས་ཀྱི་རྒྱལ་པོའི་གསུང་ ལ་ཤིན་ཏུ་བརྩོན། །མྱི་རྟག་སྡུག་བསྔལ་དེ་བཞིན་སྟོང་པ་ཉིད། །བདག་མྱེད་དེ་བཞིན་བྱེད་པ་མེད་པ་དང་། །ཆོས་རྣམས་ཐམས་ཅད་དེ་བཞིན་རོ་མེད་དང་། །འདུ་བྱེད་མ་ཡིན་དེ་བཞིན་གནས་མྱེད་དང་། ། ཆེད་དུ་སྤྱོད་མེད་དེ་བཞིན་རྟོག་མྱེད་པར། །ཀུན་ལ་བྱང་ཆུབ་སེམས་དཔའ་དཔྱོད་པ་མྱེད། །དེ་ནི་འགྲོ་ཁམས་ཡོངས་སུ་བརྟག་པ་དང་། །དེ་བཞིན་ཆོས་དབྱིངས་བརྟག་པར་བསྐུལ་བར་བྱ། །འཇིག་རྟེན་ ཁམས་ཡངས་མ་ལུས་མཐར་ཐུག་པ། །བརྟག་པ་བྱ་ལ་ཡོངས་སུ་བསྐུལ་བར་བྱ། །ས་དང་ཆུ་དང་མེ་དང་དེ་བཞིན་ཆུ་ཁམས་དང་། །དེ་བཞིན་རླུང་དང་ཕྱོགས་བཅུའི་ནམཁའ་དང་། །འདོད་པ་གཟུགས་དང་དེ་བཞིན་ གཟུགས་མེད་པར། །བརྟག་པར་བྱ་ལ་ཡོངས་སུ་བསྐུལ་བར་བྱ། །ཁམས་རྣམས་ཡངས་པ་དེ་བཞིན་ཀུན་རྟོག་ཅིང་། །ཁམས་ཀྱི་རང་བཞིན་མ་ལུས་མཐར་ཕྱིན་པས། །བྱང་ཆུབ་སེམས་དཔའ་རབ་ཏུ་ བརྩོན་བྱེད་པ། །དེས་ན་དེར་འགྱུར་གདམ་ངག་དེ་ཡིན་ནོ། །ཆེར་སྐྱེས་པ་ཡི་བྱང་ཆུབ་སེམས་དཔའ་ནི། །འཕགས་པའི་གསུངས་རབས་འདི་ལས་སྐྱེས་པ་སྟེ། །དངོས་པོ་རང་བཞིན་མེད་རྟོགས་དྲན་པ་ཅན། ། 73-1-14a ཆོས་ཀྱི་རྗེས་འབྱུང་རིགས་ལྡན་ལེགས་པར་སྐྱེས། །དེ་ཡི་གནས་ལས་ཕྱིར་ལྡོག་མི་འགྱུར་ཏེ། །སངས་རྒྱས་རྣམས་ལ་ཤིན་ཏུ་མོས་པ་ཡིན། །ཆོས་རྣམས་དེ་བཞིན་ངེས་པར་རྟོགས་པ་ཏེ། ། སེམས་ཅན་རང་བཞིན་མེད་པར་རྣམ་པར་སྒོམ། །ཆོས་དང་འཇིག་རྟེན་དེ་བཞིན་ཞིང་རྣམས་དང་། །རྣམ་སྨིན་འཁོར་བ་དེ་བཞིན་མྱ་ངན་འདས། །རྣམ་སྒོམ་རྒྱལ་སྲས་དེ་ལྟར་ཆེར་སྐྱེས་པ། །ཐུགས་ལས་བྱུང་བའི་སངས་ རྒྱས་སྲས་ཤེས་བྱ། །འདས་དང་མ་བྱོན་ད་ལྟར་བྱུང་བ་ཡི། །སངས་རྒྱས་ཆོས་རྣམས་རྣམ་པར་བསྒོམ་བྱའི་ཕྱིར། །ཡོངས་སུ་བསྡུ་བ་ཅི་འདྲ་མཐར་ཐུག་པ། །དེ་ལྟར་དེ་དག་འགྲུབ་པར་འགྱུར་བ་དང་། ། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་རྟོགས་ཤིང་། །དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སོང་བས། །མཉམ་པ་ཉིད་ལ་སྣ་ཚོགས་མྱི་དམྱིགས་ཤིང་། །དུས་གསུམ་ཀུན་ལ་ཐ་དད་མྱེད་པར་འཇུག །དེ་ཙམ་གྱིས་ན་ རྒྱལ་སྲས་བཞི་པ་སྟེ། །དེ་ཡི་སྔགས་པ་རྣམ་པ་དེ་འདྲའོ། །དེ་ལྟར་འདི་ལ་ནན་གཏན་བསྒྲུབས་བྱས་ཤིང་། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག་དུ་འབྱུང་། །དེ་ལས་གཞན་ཡང་རྒྱལ་སྲས་ལྔ་པ་ ནི། །སྦྱོར་བ་ཕུན་སུམ་ཚོགས་ཞེས་བརྗོད་པ་ནི། །ཐབས་མཁས་ཚུལ་ལ་རྗེས་སུ་ཞུགས་གྱུར་ཅིག །བསོད་ནམས་ལས་རྣམས་བརྩམས་པའི་མཐར་ཕྱིན་བྱེད། །འཇིག་རྟེན་དག་ན་བསོད་ནམས་གང་ བྱེད་པ། །སེམས་ཅན་ཀུན་གྱི་སྐྱབས་སུ་འགྱུར་བ་དང་། །ཕན་ཚུན་དེ་བཞིན་བདེ་བ་བསྐྱེད་པ་དང་། །སྙིང་རྗེས་སྐྱེ་དགུ་གྲོལ་བར་འགྱུར་བ་དང་། །འཇིག་རྟེན་རྣམས་ཀྱི་གཙེ་བ་གསལ་བ་དང་། །དྲང་ཤིང་ དེ་བཞིན་དད་པར་བྱ་བ་དང་། །སེམས་ཅན་མང་པོ་ཐམས་ཅད་གདུལ་མོས་ཤིང་། །མྱ་ངན་འདས་པའི་སེམས་ཀྱི་མཐུ་ཡང་ཆེ། །སེམས་ཅན་ཐམས་ཅད་ཀུན་ཏུ་མཐའ་ཡས་དང་། །དེ་བཞིན་ཚད་ 73-1-14b མེད་གྲངས་ལས་འདས་པ་དང་། །བསམ་གྱི་མྱི་ཁྱབ་གཞལ་མེད་དཔག་མེད་པ། །དེ་འདྲའི་ཆོས་རྣམས་དེ་ལ་བརྗོད་པར་བྱ། །དེ་ཙམ་གྱིས་ན་རྒྱལ་སྲས་ལྔ་པ་སྟེ། །སྦྱོར་བ་ཕུན་སུམ་ཚོགས་པ་སྙིང་རྗེ་ ཅན། །དེ་ཡི་གདམ་ངག་ཚུལ་ནི་དེ་འདྲ་སྟེ། །ཡོན་ཏན་ཐམས་ཅད་བསྔགས་པས་བསྟན་པ་ཡིན། །གང་ཡང་བསམ་པ་ཕུན་སུམ་ཚོགས་བྱའི་ཕྱིར། །ཆོས་ཀྱི་ངོ་བོ་ཉིད་ཀྱིས་རྨོངས་མེད་ཅིང་། ། རྣམ་རྟོག་རྟོག་འབྲལ་དྲན་དང་དྲན་པ་དེ། །ལྷར་བཅས་འཇིག་རྟེན་ཀུན་གྱིས་བསླུ་མྱི་ནུས། །སངས་རྒྱས་ཆོས་དང་དེ་བཞིན་རྒྱལ་སྲས་དང་། །སྤྱོད་པ་སྔགས་སམ་རྣམ་པར་སྨད་ཀྱང་རུང་། །སེམས་ ཅན་ཉུང་ཞེ་འམ་འོན་ཏམ་མང་ངོ་ཞེས། །ཐོས་པར་གྱུར་ཀྱང་བསམ་པ་ཞུམ་མྱི་འགྱུར། །སེམས་ཅན་ཉོན་མོངས་ཉོན་མོངས་མྱེད་ཅེ་འམ། །གདུལ་སླ་འོན་ཏམ་ཤིན་ཏུ་གདུལ་དཀའ་དང་། །ཆོས་ཀྱི་ དབྱིངས་དེ་ཆུང་ངམ་རྒྱ་ཆེ་དང་། །ཀུན་ནས་འགྲུབ་འགྱུར་རྣམ་པར་འཇིག་ཅེ་འམ། །ཆོས་དབྱིངས་དེ་ནི་ཡོད་དམ་མྱེད་ཅེས་ཀྱང་། །བྱང་ཆུབ་སེམས་དཔས་ཐོས་གྱུར་དུས་གསུམ་ཚུལ། །ངེས་པར་ རྟོགས་བྱེད་ཐམས་ཅད་རྣམ་རྟོག་ཅིང་། །སངས་རྒྱས་ཆོས་ལ་བསམ་པ་ཤིན་ཏུ་ངེས། །མཚན་མ་མེད་དང་མཚན་ཉིད་མྱེད་པ་དང་། །དངོས་པོ་མྱེད་ཡོད་མྱིན་རྫུན་བདེན་པ་དང་། །སྒྱུ་མ་རྨི་ལམ་མྱི་རྟོག་རང་བཞིན་ བྱེད། །འདི་འདྲའི་ཆོས་ཚོལ་དེ་དག་ཉན་པ་བྱེད། །ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། །སངས་རྒྱས་ཆོས་དང་དེ་བཞིན་རྒྱལ་སྲས་དང་། །སྤྱོད་པ་ཡོད་མེད་རྟག་ཏུ་རྣམ་པར་བསྒོམས། ། འབྱུང་ངམ་མྱི་འབྱུང་ཞེ་ནའང་ཕྱིར་མྱི་ལྡོག །དེ་བཞིན་གཤེགས་པ་འདས་ཤེ་འམ་མ་འདས་དང་། །མ་བྱོན་ཏོ་ཞེས་མ་བྱོན་མ་ཡིན་དང་། །སྐྱེས་སོ་མ་སྐྱེས་ཟད་འགྱུར་ཟད་མི་འགྱུར། །དེ་བཞིན་མཚན་ 73-1-15a ཅིག་ཐ་དད་མཚན་དེ་བཞིན། །གཅིག་པ་རྣམ་པ་ཐ་དད་མང་པོ་དང་། །དོན་དང་དེ་བཞིན་ཡི་གེ་དངོས་རྣམས་དང་། །ཐམས་ཅད་ཕན་ཚུན་ཡོངསུ་མཛུད་བྱེད་པ། །མི་ལྡོག་བྱང་ཆུབ་སེམས་དཔའ་ བསྟན་པར་བྱ། །མཚན་མ་མེད་ལ་མཚན་མ་ཡོད་པ་དང་། །མཚན་ཉིད་མྱེད་ལ་མཚན་གྱིས་དམྱིགས་པ་དང་། །རྣམ་ཕྱེ་ཕན་ཚུན་ཡོངས་སུ་སྦྱར་བ་རྣམས། །ཐོས་ནས་ འདི་ལ་མཐར་ཐུག་འཇུག་པར་བྱེད། །གཞན་ཡང་བྱང་ཆུབ་སེམས་དཔའ་གཞོན་གྱུར་པ། །ལུས་དང་ངག་དང་དེ་བཞིན་ཡིད་ཀུན་གྱིས། །ཁ་ན་མ་ཐོར་འགྱུར་བ་ནམ་ཡང་མྱེད། །ཅི་འདོད་ཚུལ་བཞིན་དེ་ནི་སྐྱེ་བ་ བྱེད། །གཞན་གྱི་བསམ་པ་ཇི་བཞིན་རབ་ཏུ་ཤེས། །དེ་དག་མོས་པ་ཡོངས་སུ་རྟོགས་པར་བྱེད། །ཕྱོགས་རྣམས་གང་དུ་ཡིད་ཀྱིས་སྨོན་བྱེད་པ། །ཀུན་ཏུ་མངོན་ཤེས་མྱུར་བ་ཡིད་བཞིན་འཐོབ། །བདེ་བར་གཤེགས་ པའི་སྔགས་པའི་ཆོས་ཐོས་ཤིང་། །དེ་ལ་ཞུམ་པ་བསྐྱེད་པ་གང་ཡང་མེད། །ཞིང་རྣམས་ཡོངས་སུ་བསྐྱོད་པ་ཤེས་པ་དང་། །དེ་བཞིན་བྱིན་རླབས་རྣམ་པར་རྒྱུ་བ་དང་། །སངས་རྒྱས་ཞིང་རྣམས་ཡོངས་སུ་གནན་ པ་དང་། །གྲངས་མེད་ཀུན་ཏུ་འགྲོ་བ་བརྗོད་པར་བྱ། །གྲངས་མེད་ཆོས་རྣམས་ཡོངས་སུ་འགྲི་བ་དང་། །ཅི་ནས་ཡིད་ཀྱི་རང་བཞིན་ལུས་འགྱུར་ཞིང་། །དབྱངས་ཀྱི་རྣམ་པ་ཤིན་ཏུ་ཡངས་འགྱུར་དང་། །སེམས་ གཅིག་སངས་རྒྱས་གྲངས་མྱེད་བསྙེན་བཀུར་བརྗོད། །བྱང་ཆུབ་སེམས་དཔའ་རྒྱལ་ཚབ་བརྗོད་པ་ནི། །སེམས་ཅན་རྣམས་ཀྱི་སྐྱེ་བ་རབ་ཏུ་ཤེས། །ཉོན་མོངས་རྒྱུད་དང་རྣམ་པར་རྒྱུ་བ་ཤེས། །དེ་འདྲའི་སྤྱོད་ ཡུལ་དེ་འདྲའི་སྦྱོར་བ་ཅན། །ཆོས་ཀྱི་རྒྱུད་མང་རྣམ་པ་ཐ་དད་དང་། །སྔོན་མཐའ་ཕྱི་མཐའ་འཇིག་རྟེན་རྣམ་ཕྱེ་དང་། །དེ་ཡི་བདེན་པ་དོན་དམ་བདེན་པ་དག །མ་ལུས་རྟོགས་པར་བྱ་ལ་མཁས་པ་ཡིན། ། 73-1-15b དེ་ཡི་རྒྱལ་པོའི་གནས་ལ་མཁས་པར་བསྐུལ། །དེར་ཡང་ཇི་ལྟར་ཡོངས་སུ་སྤྱད་བྱ་དང་། །འགྲོ་བར་བྱ་དང་གནས་པར་བྱ་བ་དང་། །རྒྱལ་པོའི་གནས་སུ་ཇི་ལྟར་རྣམ་སྤྱད་བརྗོད། །དེ་ལ་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་ དང་། །བྱིན་གྱིས་རླབས་དང་དེ་བཞིན་མཐུ་ཆེ་དང་། །ཆོས་སུ་གནས་དང་འགྲོ་བར་བྱ་བ་དག །བརྗོད་པར་བྱ་སྟེ་རྒྱལ་ཚབ་དེ་འདྲ་ཡིན། །དེ་ཙམ་གྱིས་ན་དེ་ཡི་མཐར་ཐུག་སྟེ། །གདམ་ངག་དེས་ཀྱང་རློམ་སེམས་བྱེད་པ་མེད། ཁོང་དུ་ཆུད་པར་བྱེད་ལྡན་རྒྱལ་ཚབ་དེ། །རྒྱལ་བ་ཀུན་གྱི་དྲུང་ན་སློབ་པ་བྱེད། །བདེ་བར་གཤེགས་པའི་སྲས་པོ་དབང་བསྐུར་བ། །ཐུ་བོ་མཆོག་དང་དམ་པར་གྱུར་པ་ནི། །འཇིག་རྟེན་ཁམས་མང་གྲངས་མྱེད་སྐྱོབ་པ་ དང་། །ཡོངས་སུ་སྣང་བར་བྱ་བའི་སེམས་ཀྱང་མེད། །བྱིན་གྱིས་རླབས་དང་ཡོངས་སུ་གདའ་བྱ་དང་། །ཡོངས་སུ་སྦྱང་བའི་སེམས་ཀྱང་རབ་ཏུ་མེད། །གྲངས་མེད་འཇིག་རྟེན་ཤེས་པར་བྱ་བ་དང་། །དབང་པོ་ཕུན་ལྡན་ རྣམ་པར་སྤྱད་ལ་མཁས། །དེ་དག་གཟུད་ཅིང་རྣམ་པར་འདུལ་བ་དང་། །ཐམས་ཅད་མཁྱེན་པའི་སེམས་ཀྱང་ཤིན་ཏུ་མང་། །ཞིང་མང་བརྗོད་དུ་མྱེད་པར་འགྲོ་བྱས་ཤིང་། །དམ་ཆོས་མཁས་རྣམས་མ་ལུས་རྣམ་པར་སྤྱོད། དེའི་ལུས་དང་ལུས་ཀྱི་ལས་རྣམས་དང་། །རྫུ་འཕྲུལ་བསྟན་པའང་ཤེས་པར་མི་ནུས་སྟེ། །དུས་གསུམ་ཞིང་དུ་རྒྱུ་བའི་སེམས་དག་ཀྱང་། །རྒྱལ་ཚབ་འགྱུར་བའི་བར་གྱིས་ཤེས་མི་ནུས། །དེ་ལ་ཐམས་ཅད་གཟིགས་པས་ དུས་གསུམ་དང་། །སངས་རྒྱས་ཆོས་ཤེས་མ་ཆགས་དེ་བཞིན་བརྗོད། །ཆོས་ཀྱི་དབྱིངས་ནི་མཐའ་དང་དབུས་མེད་པ། །རྒྱས་པར་འགེངས་པར་བདེ་གཤེགས་བརྗོད་པར་མཛད། །ཅི་ནས་འཇིག་རྟེན་ཁམས་ཀུན་མ་ལུས་པ། །ཡོངས་སུ་སྣང་བྱེད་བྱིན་གྱིས་རློབ་པ་དང་། །སེམས་ཅན་ཆོས་རྣམས་དེ་བཞིན་མ་ལུས་དང་། །སངས་རྒྱས་མཐའ་ཡས་དེ་བཞིན་བརྗོད་པ་མཛད། །རྒྱལ་སྲས་བསྟན་པ་རྣམ་པ་བཅུར་གྲངས་པ། ། རྣམ་པར་དགོད་ལ་གནས་པ་དེ་དག་ཀུན། །རང་རང་སྤྱོད་ཡུལ་རབ་ཏུ་བརྩོན་བྱེད་པ། །འཇིག་རྟེན་ལྷར་བཅས་ཀུན་གྱིས་ཤེས་པར་དཀའ། །འོན་ཀྱང་སེམས་བསྐྱེད་དང་པོར་མཐའ་ཡས་པས། །ཕྱོགས་བཅུ་མ་ལུས་ 73-1-16a ཐམས་ཅད་རྒྱས་པར་བྱ། །དུས་གསུམ་ཀུན་ཏུ་གང་ཚེ་སེམས་གཏོང་བ། །དེ་ཚེ་ཐམས་ཅད་མཁྱེན་པ་ཀུན་གཟིགས་འགྱུར། །ཞིང་རྣམས་ཀུན་ལ་མུ་མཐའ་ཡོད་པ་མིན། །སེམས་ཅན་ཆོས་དང་ འཇིག་རྟེན་ཀུན་དེ་བཞིན། །ལས་དང་ཉོན་མོངས་གནས་ཀྱང་མཐའ་ཡས་ཏེ། །བྱང་ཆུབ་སེམས་རབ་དེ་ལ་གནས་པ་ཡིན། །སྐད་གཅིག་སེམས་ལ་བྱང་ཆུབ་གཞོལ་བའི་སེམས། །གང་སྐྱེས་འཇིག་རྟེན་ཀུན་གྱིས་ཤེས་ མི་ནུས། །རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱིས་མིན། །དེ་ནས་གོང་དུ་སྤྱོད་པ་ཇི་སྐད་བརྗོད། །སྤུ་གཅིག་གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས། །སྤུ་གཅིག་སྲང་ལ་ཚད་དུ་འཇལ་བྱེད་པ། །དེས་ནི་བྱང་ཆུབ་ སེམས་དཔའི་སྤྱོད་པ་ཤེས། །འོན་ཀྱང་སངས་རྒྱས་ཡེ་ཤེས་ཡོངས་སུ་ཚོལ། །ཕྱོགས་བཅུའི་རྒྱ་མཚོ་ཇི་སྙེད་ཡོད་པ་ཀུན། །སྤུ་རྩེའི་ཐིགས་ཀྱིས་ཡོངས་འཇལ་ཤེས་བྱེད་པ། །དེ་ནི་རྒྱལ་སྲས་སྤྱོད་པ་འདི་འདྲ་ དག །སེམས་ཀྱིས་སྐད་ཅིག་གཅིག་ལ་བསྒྲུབ་པར་བྱེད། །ཇི་ལྟར་ཞིང་རྣམས་རྡུལ་རབ་ཕྲར་བླགས་ཤིང་། །སེམས་ཅན་ལ་ལ་མ་ལུས་བགྲང་བྱེད་དེ། །འདི་སྙེད་ཡོད་ཅེས་གྲངས་སུ་གཅོད་བྱེད་པ། །དེ་འདྲར་ རྒྱལ་སྲས་སྤྱོད་པ་བརྗོད་པའོ། །འདས་པའི་སངས་རྒྱས་དེ་བཞིན་མ་བྱོན་དང་། །གང་རྣམས་ཕྱོགས་བཅུར་འབྱུང་བར་འགྱུར་བ་དང་། །རང་རྒྱལ་དེ་བཞིན་ཉན་ཐོས་རབ་མང་བ། །རྣམ་པར་དམྱིགས་ཤིང་བྱང་ཆུབ་ སེམས་སྐྱེའོ། །སེམས་ཅན་ཁམས་རྣམས་མ་ལུས་རྒྱས་གང་ཞིང་། །བྱང་ཆུབ་དོན་དུ་ཐོག་མར་སེམས་བསྐྱེད་པ། །དེ་ཡང་བགྲང་བར་ནུས་པ་མ་ཡིན་ན། །དེ་ལས་གོང་དུ་ཅི་ཞིག་སྨོས་ཀྱང་དགོས། །བྱང་ཆུབ་ སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པའི་ལེའུ་སྟེ། ཉི་ཤུ་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་ལྷའི་བུ་དྲན་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་ 73-1-16b སོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། བྱང་ཆུབ་སེམས་དཔའ་འཕགས་པའི་གསུང་རབས་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ངུར་སྨྱིག་གི་གོས་འཆང་བ་དེ་དག་གིས། ཚངས་པའི་ སྤྱོད་པ་ཡོངས་སུ་དག་པ་གང་གིས། བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་འདི་ལས་འདས་སྟེ། བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་བ། དེ་ཇི་ལྟར་ཡིད་ལ་བྱ། དེ་སྐད་ཅེས་སྨྲས་པ་ དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། ལྷའི་བུ་དྲན་པ་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་དམྱིགས་ པ་བཅུ་རྣམ་པར་བསྒོམས་ཏེ། གོང་དུ་ཆོས་བཅུ་ཡིད་ལ་བྱའོ། །དམྱིགས་པ་བཅུ་རྣམ་པར་སྒོམ་པ་གང་ཞེ་ན། འདི་ལྟ་སྟེ། ལུས་དང་ལུས་ཀྱི་ལས་དང་། ངག་དང་ངག་གི་ལས་རྣམས་དང་། ཡིད་དང་ཡིད་ཀྱི་ལས་ དང་། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བསླབ་པ་ཡང་དག་པར་བླང་བ་དག་སྟེ། ཅི་ཚངས་པར་སྤྱོད་པ་དེ་ལུས་སམ་དེ་སྟེ་ཚངས་པའི་སྤྱོད་པ་དེ་ལུས་ཡིན་ན་ནི། ཚངས་པའི་སྤྱོད་པ་མྱི་གཙང་བར་འགྱུར། ཚངས་པའི་ སྤྱོད་པ་ཆོས་མ་ཡིན་པར་འགྱུར། ཚངས་པའི་སྤྱོད་པ་འཁྲུགས་པར་འགྱུར། ཚངས་པའི་སྤྱོད་པ་དྲི་ང་བར་འགྱུར། ཚངས་པའི་སྤྱོད་པ་གཙང་བ་མ་ཡིན་པར་འགྱུར། ཚངས་པའི་སྤྱོད་པ་སྨད་པར་འགྱུར། ཚངས་ པའི་སྤྱོད་པ་མི་མཐུན་པར་འགྱུར། ཚངས་པའི་སྤྱོད་པ་ཀུན་ནས་ཉོན་མོངས་པར་འགྱུར། ཚངས་པའི་སྤྱོད་པ་ཀེང་རུས་སུ་འགྱུར། ཚངས་པའི་སྤྱོད་པ་སྲིན་གྱི་ཚང་དུ་འགྱུར། དེ་ལུས་ཀྱི་ལས་ཚངས་པའི་སྤྱོད་ པ་ཡིན་ན་ནི། ཉལ་བ་ཚངས་པའི་སྤྱོད་པར་འགྱུར། འདུག་པ་ཚངས་པའི་སྤྱོད་པར་འགྱུར། འགྲེང་བ་ཚངས་པའི་སྤྱོད་པར་འགྱུར། འགྲོ་བ་ཚངས་པའི་སྤྱོད་པར་འགྱུར། བལྟས་པ་ཚངས་པའི་སྤྱོད་ 73-1-17a པར་འགྱུར། རྣམ་པར་བལྟས་པ་ཚངས་པའི་སྤྱོད་པར་འགྱུར། བསྐུམ་པ་ཚངས་པའི་སྤྱོད་པར་འགྱུར། བརྐྱང་བ་ཚངས་པའི་སྤྱོད་པར་འགྱུར། འཁོར་བ་ཚངས་པའི་སྤྱོད་པར་འགྱུར། འགྲས་པ་ཚངས་པའི་ སྤྱོད་པར་འགྱུར་རོ། །དེ་སྟེ་ངག་ཚངས་པའི་སྤྱོད་པ་ཡིན་ན་ནི། དབྱངས་ཚངས་པའི་སྤྱོད་པར་འགྱུར། ངག་ཚངས་པའི་སྤྱོད་པར་འགྱུར། བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། སྨྲ་བ་ཚངས་པའི་སྤྱོད་པར་འགྱུར། སྨོས་པ་ཚངས་པའི་སྤྱོད་པར་འགྱུར། ཐོང་ཁ་ནས་རྩོལ་བ་ཚངས་པའི་སྤྱོད་པར་འགྱུར། ལྕེ་བསྒྱུར་བ་ཚངས་པའི་སྤྱོད་པར་འགྱུར། མཆུ་སྦྱར་བ་ཚངས་པའི་སྤྱོད་པར་འགྱུར། ཚིག་སྦྱར་བ་ཚངས་པའི་སྤྱོད་པར་འགྱུར་རོ། ། དེ་སྟེ་ངག་གིས་ལས་ཚངས་པའི་སྤྱོད་པ་ཡིན་ན་ནི། བརྗོད་པ་ཚངས་པའི་སྤྱོད་པ་ཡིན། བརྡར་བྱ་བ་ཚངས་པའི་སྤྱོད་པར་འགྱུར། ཤིན་ཏུ་བསྟན་པ་ཚངས་པའི་སྤྱོད་པར་འགྱུར། བསྟན་པ་རྣམ་པར་བསྟན་པ་ཚངས་ པའི་སྤྱོད་པར་འགྱུར། ལེགས་པ་བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། ངན་དུ་བརྗོད་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་གདགས་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་སྤྱོད་པ་ཚངས་པའི་སྤྱོད་པར་འགྱུར། ཡོངས་སུ་སྨོས་པ་ཚངས་པའི་སྤྱོད་པར་འགྱུར། དེ་སྟེ་ཡིད་ཚངས་པའི་སྤྱོད་པ་ཡིན་ན་ནི། དཔྱོད་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་སྤྱོད་པ་ཚངས་པའི་སྤྱོད་པར་འགྱུར། བརྟག་པ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་ བརྟག་པ་ཚངས་པའི་སྤྱོད་པར་འགྱུར། དྲན་པ་ཚངས་པའི་སྤྱོད་པར་འགྱུར། ཕྱིར་དྲན་པ་ཚངས་པའི་སྤྱོད་པར་འགྱུར། སེམས་དཔའ་ཚངས་པའི་སྤྱོད་པར་འགྱུར། རྣམ་པར་སེམས་དཔའ་ཚངས་པའི་ སྤྱོད་པར་འགྱུར། སྒྱུ་མ་ཚངས་པའི་སྤྱོད་པར་འགྱུར། རྨི་ལམ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་ཡིད་ཀྱི་ལས་ཚངས་པའི་སྤྱོད་པ་ཡིན་ན་ནི། འདུ་ཤེས་ཚངས་པའི་སྤྱོད་པར་འགྱུར། ཡིད་ཀྱི་བྱེད་པ་ཚངས་པའི་སྤྱོད་པར་འགྱུར། གྲང་ 73-1-17b བ་ཚངས་པའི་སྤྱོད་པར་འགྱུར། དྲོ་བ་ཚངས་པའི་སྤྱོད་པར་འགྱུར། བདེ་བ་ཚངས་པའི་སྤྱོད་པར་འགྱུར། སྡུག་བསྔལ་ཚངས་པའི་སྤྱོད་པར་འགྱུར། བཀྲེས་པ་ཚངས་པའི་སྤྱོད་པར་འགྱུར། བསྐོམ་པ་ཚངས་པའི་སྤྱོད་ པར་འགྱུར། དགའ་བ་ཚངས་པའི་སྤྱོད་པར་འགྱུར། ཞུམ་པ་ཚངས་པའི་སྤྱོད་པར་འགྱུར་རོ། །དེ་སྟེ་སངས་རྒྱས་ཚངས་པའི་སྤྱོད་པ་ཡིན་ན་ནི། གཟུགས་སངས་རྒྱས་སམ། འོན་ཏམ་ཚོར་བ་སངས་རྒྱས་སམ། འདུ་ཤེས་སངས་རྒྱས་སམ། འདུ་བྱེད་སངས་རྒྱས་སམ། རྣམ་པར་ཤེས་པ་སངས་རྒྱས་སམ། མཚན་རྣམས་སངས་རྒྱས་སམ། མངོན་པར་ཤེས་པ་སངས་རྒྱས་སམ། ལས་སངས་རྒྱས་སམ། འོན་ཏམ་རྣམ་ པར་སྨིན་པ་སངས་རྒྱས་སམ། དེ་སྟེ་ལེགས་པར་བཤད་པའི་ཆོས་ཉིད་ཚངས་པར་སྤྱོད་པའི་གནས་ཡིན་ན་ནི། འགོག་པ་གནས་སུ་འགྱུར་རོ། །མྱ་ངན་ལས་འདས་པ་གནས་སུ་འགྱུར་རོ། །བྲལ་བ་གནས་སུ་ འགྱུར་རོ། །མ་སྐྱེས་པ་གནས་སུ་འགྱུར་རོ། །མ་བྱུང་བ་གནས་སུ་འགྱུར་རོ། །གྲགས་པ་མེད་པ་གནས་སུ་འགྱུར་རོ། །རྟོག་པ་མེད་པ་གནས་སུ་འགྱུར་རོ། །རྒྱུ་བ་མེད་པ་གནས་སུ་འགྱུར་རོ། །ཕྲད་པ་མྱེད་ པའི་གནས་ན་ནི་ཚངས་པའི་གནས་སུ་འགྱུར་རོ། །དེ་སྟེ་དགེ་འདུན་སྡོམ་པའི་ནན་ཏན་ཅན། ཚངས་པའི་སྤྱོད་པ་ཡིན་ན་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ། ཕྱིར་དགེ་འདུན་ནམ། འོན་ཏམ་རྒྱུན་ཏུ་ ཞུགས་པའི་འབྲས་བུ་དགེ་འདུན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར། དགེ་འདུན་ནམ་འོན་ཏམ། ཕྱིར་འོང་བའི་འབྲས་བུའི་དགེ་འདུན། ཕྱིར་མྱི་འོང་བའི་འབྲས་བུའི་ཕྱིར་དགེ་འདུན་ནམ། འོན་ཏམ་ ཕྱིར་མྱི་འོང་བའི་འབྲས་བུའི་དགེ་འདུན། དགྲ་བཅོམ་པའི་འབྲས་བུའི་ཕྱིར་དགེ་འདུན་ནམ། འོན་ཏམ་དགྲ་བཅོམ་པའི་འབྲས་བུའི་དགེ་འདུན། གསུམ་རིག་པ་ཉིད་དགེ་འདུན་ནམ། དྲུག་མངོན་ 73-1-18a པར་ཤེས་པ་དགེ་འདུན་ནམ། འོན་ཏམ་ཁོང་དུ་ཆུད་པའི་ནན་ཏན་བྱེད་པ་ཚངས་པའི་སྤྱོད་པ། དེ་སྟེ་བསླབ་པ་ཡང་དག་པར་བླང་བ་ཚངས་པའི་སྤྱོད་པ་ཡིན་ན་ནི། ཐ་དད་དུ་གནས་པ་བསླབ་པ་ཡང་དག་པར་བླང་བ་ འམ། ཡོངས་སུ་དག་པ་བསླབ་པ་ཡང་དག་པར་བླང་བ་འམ། སློབ་དཔོན་གྱི་ཚིག་བསླབ་པ་ཡང་དག་པར་སླང་བ་འམ། ལན་གསུམ་དུ་བསླབ་པ་ཡང་དག་པར་བླང་བ་འམ་མཁན་པོའི་ཚིག་བསླབ་པ་ཡང་དག་པར་བླང་བ་འམ། སྐྲ་བྲེགས་པ་དང་། ངུར་སྨྲིག་གི་གོས་འཆང་བ་བསླབ་པ་ཡང་དག་པར་བླང་བ་འམ། སློངས་མོས་འཚོ་བ་བསླབས་པ་ཡང་དག་པར་བླང་བ་འམ། འོན་ཏམ་དེ་དག་ཚངས་པའི་སྤྱོད་པ་འམ། ཞེས་དེ་ལྟར་ཆོས་དེ་དག་ལ་རྣམ་པར་ བསྒོམས་ན། བདག་གི་ལུས་ལ་མངོན་པར་ཆགས་པ་མེད་པ་དང་། བསྒོམ་པ་ལ་ཞེན་པ་མེད་པ་དང་། ཆོས་རྣམས་གནས་པ་མེད་པ་དང་། འདས་པ་རྒྱུ་བ་མྱེད་པ་དང་། མ་འོངས་པ་མ་ཕྱིན་པ་དང་། ད་ལྟར་བྱུང་བ་སྟོང་པ་དང་ ལས་ལ་བྱེད་པ་མྱེད་པ་དང་། རྣམ་པར་སྨིན་པ་ལ་ཚོར་བ་མྱེད་པ་དང་། འཇིག་རྟེན་འདི་འཕོས་པ་མེད་པ་དང་། འཇིག་རྟེན་ཕ་རོལ་ཆུད་མྱི་ཟ་བའི་ཕྱིར་ཚངས་པའི་སྤྱོད་པ་ཞེས་བྱ་བའི་ཆོས་དེ་གང་ཡིན། དེ་གང་ལས་ བྱུང་དེ་སུའི་དེ་ཅི་ཞིག །དེ་སུས་བྱས། དེ་ཡོད་དམ། དེ་མེད་དམ། དེ་གཟུགས་སམ། གཟུགས་མ་ཡིན་ནམ། དེ་ཚོར་བ་འམ། དེ་ཚོར་བ་མ་ཡིན་ནམ། དེ་འདུ་ཤེས་སམ། འདུ་ཤེས་མ་ཡིན་ནམ། དེ་འདུ་ བྱེད་དམ། འདུ་བྱེད་མ་ཡིན་ནམ། དེ་རྣམ་པར་ཤེས་པ་འམ། རྣམ་པར་ཤེས་པ་མ་ཡིན་ནམ། ཚངས་པར་སྤྱོད་པའི་ཆོས་དེ་གང་ཞིག་ཅེས་དེ་ལྟར་མྱི་དམྱིགས་ཤིང་། དུས་གསུམ་མཉམ་པ་ཉིད་དུ་ནམ་ མཁའ་ཡོངས་སུ་རྒྱས་པར་བྱ་བ་དང་། ཆགས་པ་མྱེད་པར་ཡིད་ལ་བྱ་བ་དང་། སེམས་ལ་སྒྲིབ་པ་མེད་པར་དང་། གཉིས་སུ་མེད་པར་ཤིན་ཏུ་སྤྱོད་པ་དང་། སྒྲིབ་པ་མྱེད་པའི་སྦྱོར་བ་དང་། མཚན་མ་མྱེད་པའི་ཆོས་བཟུང་བ་དང་ 73-1-18b མཚན་ཉིད་མེད་པའི་ཆོས་རབ་ཏུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རབ་ཏུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་སེམས་པས་ཚངས་པའི་སྤྱོད་པ་ཡོངས་སུ་དག་པར་ཡིད་ལ་བྱའོ། །གོང་དུ་ཡང་ ཆོས་བཅུ་དང་ལྡན་པས་ཡིད་ལ་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་ཤེས་པ་དང་ལྡན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་རྣམ་པར་སྨིན་པ་ཤེས་པ་ དང་ལྡན་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་ལྡང་བ་ཤེས་པ་དང་ལྡན་པ་དང་། དབང་ པོ་དང་བརྩོན་འགྲུས་ཐ་དད་པ་དང་། ཡོངས་སུ་རྫོགས་པ་མཆོག་དང་ཐ་མ་ཤེས་པ་དང་ལྡན་པ་དང་། མོས་པ་ཐ་དད་པ་དང་། མོས་པ་དུ་མ་ཤེས་པ་དང་ལྡན་པ་དང་། ཁམས་ཐ་དད་པ་དང་། ཁམས་དུ་མ་ཤེས་པ་དང་ ལྡན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དང་ལྡན་པ་དང་། ལྷའི་མྱིག་ཐོགས་པ་མེད་པ་དང་ལྡན་པ་དང་། སྒྲིབ་པ་མེད་པ་རྗེས་སུ་དྲན་པ་ཤེས་པ་དང་ལྡན་པ་དང་། བག་ཆགས་ཀྱི་འཚམས་སྦྱོར་བ་ཡང་ དག་པར་བཅད་པ་ཤེས་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་རེ་རེ་ལ་ཡང་རྣམ་པར་དབྱེ་བ་ཤིན་ཏུ་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་ཀྱང་ཚད་མེད་པར་བལྟ་བར་བྱའོ། །ཐོས་ནས་ཀྱང་སྙིང་རྗེ་ཆེན་ པོ་ལ་བསྟན་པར་བྱའོ། །སེམས་ཅན་རྣམ་པར་སྒོམ་པ་ཡང་མི་གཏང་བར་བྱའོ། །ཆོས་ལ་ཤིན་ཏུ་བརྟགས་པ་ཡང་མི་གཞིག་པར་བྱའོ། །བླ་ན་མེད་པའི་ཆོས་ལ་ཡང་དག་པའི་ཡིད་དམ་ཡང་ཤིན་ཏུ་བཙམ་པར་ བྱའོ། །རྣམ་པར་སྨིན་པ་ལ་ཡང་རེ་བ་མེད་པར་བྱའོ། །སྒྱུ་མའི་རང་བཞིན་ཡང་རྗེས་སུ་རྟོགས་པར་བྱའོ། །རྨི་ལམ་གྱི་རང་བཞིན་དུ་ཡང་ཡང་དག་པར་སྦྱང་བར་བྱའོ། །མིག་ཡོར་གྱི་རང་བཞིན་དང་ཡང་ཐ་མི་དད་པར་བྱའོ། ། 73-1-19a སྒྲ་བརྙན་གྱི་རང་བཞིན་ཡང་སྤྱོད་ཡུལ་ལོ། །སྤྲུལ་པའི་རང་བཞིན་དུ་ཡང་མོས་པར་བྱ་སྟེ། དེ་དེ་ལྟར་ཞུགས་པས་ཉོན་མོངས་པ་ཆུང་བར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །དེས་ཆོས་དེ་དག་གཉིས་སུ་ མྱེད་པ་ལ་རྟོགས་པས། སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་གནས་ཡོད་དེ། །ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་པས། གཞན་གྱིས་དྲིང་མི་འཇོག་པར་ ཤེས་རབ་ཀྱི་ཕུང་པོ་དང་ཡང་ལྡན་པར་འགྱུར་རོ། །ཚངས་པར་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་རྒྱལ་བའི་སྲས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་དང་ལྡན་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། ལྷའི་དབང་པོ་བརྒྱ་ བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་གནས་འདི་ནི་ཡིད་ཆེས་པར་ཤིན་ཏུ་དཀའ་སྟེ། ཤེས་པར་དཀའ་བརྟག་པར་དཀའ། མངོན་པར་དད་པར་དཀའ་ཤིན་ཏུ་རྟོགས་པར་དཀའ། ཀུན་ནས་བསྒྲུབ་པར་བཀའ། ཡང་དག་པར་སྤྱད་པར་དཀའ། བརྗོད་པར་དཀའ། བསྐྱེད་པར་དཀའ། བརྒལ་བར་དཀའ། ཁོང་དུ་ཆུད་པར་དཀའ་འོན་ཀྱང་ཅི་ཚུལ་དུ་སངས་རྒྱས་ཀྱི་མཐུས་བཤད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། གང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་རྟོགས་པའི་སེམས་ཅན་དེ་དག་ལ་ལ་ཞིག་གིས་བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སྟེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་པར་གྱུར་ ལ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱིས་ཕྱོགས་འཚམས་དང་། ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ 73-1-19b ཕྱོགས་འཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱང་། བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་ བྱས་སྟེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་ན། རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་ དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བསོད་ནམས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པར་གཞན་གྱི་ཤེས་པར་མི་ནུས་སོ། །སྨྲས་པ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་ནི། དེ་དག་གི་བསོད་ནམས་སྔ་མ་དེས་རྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་ གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་། བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། གྲངས་དང་ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་ མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག །བསྐལ་པ་བརྒྱར་བདེ་བའྀ་ཡོ་བྱད་ཐམས་ ཅད་ཀྱི་རིམ་གྲོར་བྱས་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཡང་དག་པར་སྦྱར་བར་གྱུར་ལ། གཞུང་དེ་བཞིན་དུ་བསྐལ་པ་སྟོང་དུ་བདེ་བའི་ཡོ་བྱད་གྱིས་རིམ་གྲོར་བྱས་སྟེ། བསམ་གཏན་བཞི་ལ་རབ་ཏུ་བཀོད་ པ་དང་། བསྐལ་པ་བརྒྱ་ཕྲག་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ཚངས་པའི་རྣམ་པར་སྤྱོད་པ་བཞི་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་ 73-1-20a གྲོར་བྱས་ཏེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པར་གྱུར་པ་དང་། བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ རིམ་གྲོར་བྱས་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བདེ་བའི་ཡོ་བྱེད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སྟེ། དགྲ་བཅོམ་པ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སྟེ། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་གཞག་པར་གྱུར་ལ། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། ལྷའི་དབང་པོ་རྒྱ་བྱིན་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱིས་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་ གཏོགས་པའི་སེམས་ཅན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་རིམ་གྲོར་བྱས་ཤིང་། བསླབ་པའི་ཚིག་ལྔ་ལ་གཞག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱར་བ་དང་། བསམ་ 73-1-20b གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མེད་པའི་སྙོམས་པ་བཞི་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་ བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པ་དེ་ཙམ་གྱིས་ནི་སངས་རྒྱས་སུ་མྱི་འགྱུར་ཏེ། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་རིགས་རྒྱུན་མྱི་སྤྱོད་པའི་ཕྱིར་སེམས་སྐྱེའོ། །འཇིག་ རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡང་དག་པར་བསྒྲལ་བའི་ཕྱིར་སེམས་སྐྱེའོ། །འཇིག་ རྟེན་གྱི་ཁམས་ཐམས་ཅད་འདུ་བ་དང་། འཇིག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྟོགས་པའི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། བག་ ཆགས་ཀྱི་འཚམས་སྦྱོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཤི་འཕོ་དང་སྐྱེ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། སྦྱོར་ བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་ཤེས་པ་ཡོངས་སུ་ ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དེ་ནི་འདི་ལྟར་སངས་རྒྱས་ཐམས་ཅད་དང་། ཡུལ་མཉམ་པ་ཉིད་དུ་བྱ་བའི་ཕྱིར་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དག་ 73-1-21a ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་བྱུང་སྟེ། དེ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདའ་ལ་སེམས་བསྐྱེད་པ་དེ་དང་འདྲ་བས། ཤར་ཕྱོགས་ སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་འདས་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་དུ་རྒྱུད་པ་ཟད་པར་མ་རུང་ནས། དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་དེས་ བསྐལ་པ་གྲངས་མེད་པ་འདས་པ་སྙེད་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་དུ་སྐྱེས་བུ་གསུམ་པ་ཞིག་བྱུང་སྟེ། སྐྱེས་བུ་དེ་ཉིད་ཀྱིས་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བཞི་ པ་ཞིག་བྱུང་ནས། སྔ་མ་གསུམ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། དེའི་འོག་ཏུ་སྐྱེས་བུ་ལྔ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་ འདས་པ་དེ་དག་སེམས་བསྐྱེད་པ་དེ་ཅིག་གིས་འདས་ནས། དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་མྱེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་ སྐྱེས་བུ་བདུན་པ་ཞིག་སྐྱེས་ལ། སྐྱེས་བུ་སྔ་མ་དྲུག་གིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་སྟེ། དེའི་འོག་ཏུ་སྐྱེས་བུ་བརྒྱད་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་བདུན་གྱིས་ བསྐོར་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། དེའི་འོག་ཏུ་སྐྱེས་བུ་དགུ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བརྒྱད་ཀྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་ གིས་འདས་པར་བྱས་སྟེ། དེའི་འོག་དུ་སྐྱེས་བུ་བཅུ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དགུས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། སེམས་བསྐྱེད་པ་དེ་ལྟ་བུའི་འདའ་བས། 73-1-21b ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མྱེད་པར་བགྲོད་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ནི་ཤེས་པར་མི་རུང་ངོ་། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་ ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་འཚམས་དང་། ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། ནུབ་བྱང་གི་ཕྱོགས་འཚམས་དང་། འོག་དང་སྟེང་གི་ཕྱོགས་རྣམ་པ་བཅུ་པོ་ ཐམས་ཅད་དུ་ཡང་དེ་བཞིན་དུ་རྒྱ་ཆེ་བས་སྟེ། སྐྱེས་བུ་དེ་དག་གིས་ཕྱོགས་བཅུར་ཇི་སྙེད་དུ་འདས་པ་དེ་དག་སྐྱེས་བུ་རེ་རེ་ཕྱོགས་བཅུར་རྣམ་པར་དགོད་པས་སེམས་བསྐྱེད་པ་གཅིག་གིས་བསྐལ་པ་གྲངས་མེད་པ་འདའ་བ་འདིའི་ ཚུལ་དུ་བསྐལ་པ་གྲངས་མེད་པར་འདས་པ་དེ་དག །སྐྱེས་བུ་བརྒྱ་དག་གིས་འཇིག་རྟེན་གྱི་ཁམས་ཡོངས་སུ་དགོད་པའི་ཚུལ་དུ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་དུ་བརྒྱུད་པ་ནི་མཐར་སྙེད་པར་རུང་ཡང་སྲིད་ ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ནི་ འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྲོ་བ་འམ། གྲངས་ཡོངས་སུ་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་གྱི། འདི་ལྟར་ཕྱོགས་བཅུ་ཚད་མེད་པར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སེམས་སྐྱེ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཕྲ་བ་ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཡངས་པ་ཕྲ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བསྣྲེལ་བཞི་ འཇིག་རྟེན་གྱི་ཁམས་སྤྱི་བོ་ཚུགས་སུ་རྒྱུ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱིའུ་ཚུགས་སུ་རྒྱུ་བ། འཇིག་རྟེན་གྱི་ཁམས་བསྣྲེལ་ཞིར་ཡོངས་སུ་ཤེས་པ་དང་འཇིག་རྟེན་གྱི་ཁམས་ཆུང་ངུ་ 73-1-22a ལ་འཇིག་རྟེན་གྱི་ཁམས་ཆེན་པོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཆེན་པོ་འཇིག་རྟེན་གྱི་ཁམས་ཆུང་ངུར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཡངས་པ་འཇིག་རྟེན་གྱི་ཁམས་ དོག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དོག་པ་འཇིག་རྟེན་གྱི་ཁམས་ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་ གྱི་ཁམས་བརྗོད་དུ་མེད་པ་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དང་། གཅིག་ཏུ་ཟད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་ བརྗོད་དུ་མེད་པར་གཟུད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་འཇིག་རྟེན་གྱི་ ཁམས་ཀུན་ནས་ཉོན་མོངས་པར་ཡོངས་སུ་ཤེས་པ་དང་། སྐྲའི་རྩེ་མོ་འཇིག་རྟེན་གྱི་ཁམས་ཚད་མེད་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་པ་སྐྲའི་རྩེ་མོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ ཁམས་གཅིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒྲུབ་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་མེད་པའི་རང་བཞིན་དུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ མ་ལུས་པ་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་ཐོགས་པ་མྱེད་པར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེའོ། །ཀྱེ་རྒྱལ་བའི་ སྲས་འཇིག་རྟེན་གྱི་ཁམས་འདའ་བའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འདུ་བ་དང་། འཇིག་པའི་བསྐལ་པ་གྲངས་ 73-1-22b མྱེད་པ་བགྲང་ལ། སེམས་བསྐྱེད་པས་བགྲང་བ་འདིའི་ཚུལ་དུ་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་བགྲངས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འདུ་བའི་བསྐལ་པ་དང་། འཇིག་པའི་བསྐལ་པའི་ མཐའ་ཤེས་པར་མི་རུང་ན། དེའི་འོག་དུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་དེས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་ཐམས་ཅད་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་གསུམ་པ་ཞིག་བྱུང་ལ། སྐྱེས་བུ་སྔ་མ་གཉིས་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བགྲང་བ་དེ་དག་སེམས་བསྐྱེད་པ་ཅིག་གི་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་བཞི་པ་ཞིག་བྱུང་ ནས། སྔ་མ་གསུམ་གྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པར་བགྲང་བ་དེ་དག་སྐད་གཅིག་གཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲངས་བ་ དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ། དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་ལྔས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པར་བགྲངས་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བདུན་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དྲུག་གིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་གྲངས་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ། དེའི་འོག་དུ་སྐྱེས་བུ་བརྒྱད་པ་ཞིག་ བྱུང་སྟེ། སྐྱེས་བུ་སྔ་མ་བདུན་གྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲངས་བ་དེ་དག་སྐད་ཅིག་ཅིག་གིས་བགྲངས་བར་གྱུར་ཏེ། དེའི་འོག་དུ་སྐྱེས་བུ་དགུ་པ་ཞིག་སྐྱེས་ལ་སྐྱེས་བུ་སྔ་མ་བརྒྱད་ ཀྱིས་བསྐལ་པ་གྲངས་མྱེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲངས་བ་དེ་དག་སྐད་ཅིག་ཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་བཅུ་པ་ཞིག་བྱུང་ནས། སྐྱེས་བུ་དགུ་པོ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་ 73-1-23a མེད་པར་འདུ་བ་དང་། འཇིག་པའི་བསྐལ་པར་བགྲངས་བ་དེ་དག་སྐད་ཅིག་ཅིག་གིས་བགྲངས་པར་གྱུར་ན། ཀྱེ་རྒྱལ་བའི་སྲས་སྐྱེས་བུ་དེ་དག་གྲངས་མེད་པའི་ཚུལ་དུ་ཕྱོགས་བཅུར་རྣམ་པར་བཀོད་པ་ དང་། སྐད་ཅིག་ཅིག་གིས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པ་གྲངས་མེད་པར་བགྲངས་བའི་ཚུལ་དུ་བསྐལ་པ་གྲངས་མྱེད་པར་བགྲངས་ན། འཇིག་རྟེན་གྱི་ཁམས་དེ་དག་གི་འདུ་བ་དང་། འཇིག་པའི་བསྐལ་པ་ གཅིག་ནས་གཅིག་དུ་བརྒྱུད་པ་ནི། ཕྱོགས་བཅུར་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མྱི་ རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འཇིག་རྟེན་འགའི་འདུ་བ་དང་། འཇིག་པ་བགྲང་བ་རབ་ཏུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མྱི་སྐྱེའི། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་པའི་བསྐལ་པ་ཤེས་པར་བྱ་བ་ལ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་སྟེ། འདི་ལྟར་བསྐལ་པ་རིང་པོ་ལ་བསྐལ་པ་ཐུང་ངུར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་ཐུང་ངུ་ལ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་ཤེས་པར་བྱ་བའི་ ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་སྐྱེའོ། །བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་གྲངས་མེད་པ་ ལ་བསྐལ་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་སངས་རྒྱས་དང་བཅས་པའི་བསྐལ་པ། སངས་རྒྱས་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་ 73-1-23b མེད་པའི་བསྐལ་པ་སངས་རྒྱས་དང་བཅས་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་བརྗོད་དུ་མེད་པའི་བསྐལ་པ་སངས་རྒྱས་གཅིག་གི་བསྐལ་པ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་ཅིག་གིས་བསྐལ་པ་སངས་རྒྱས་བརྗོད་དུ་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་རྣམ་པ་ཐ་དད་པ་ལ་བསྐལ་པ་རྣམ་པ་ཐ་མྱི་དད་པར་ཡང་དག་པར་འཇུག་པ་ཤེས་ པར་བྱ་བ་དང་། བསྐལ་པ་ཟད་པ་ལ་བསྐལ་པ་མ་ཟད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཟད་པ་ལ་བསྐལ་པ་ཟད་པར་ཁོང་དུ་ཆུད་པས་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་འདི་ལྟ་སྟེ་བསྐལ་པ་ བརྗོད་དུ་མེད་པ་སེམས་བསྐྱེད་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སེམས་བསྐྱེད་པ་གཅིག་བསྐལ་པ་བརྗོད་དུ་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་ཐམས་ཅད་ བསྐལ་པ་མེད་པར་རབ་ཏུ་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཡིན་པར་བསྐལ་པ་འཇུག་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེའོ། །འདི་ལྟ་སྟེ་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་དང་། ཕྱི་མའི་མཐའི་མུར་ཐུགས་པའི་བསྐལ་པ་དང་། ད་ལྟར་བྱུང་བའི་བསྐལ་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་ པའི་བསྐལ་པར་སེམས་བསྐྱེད་པ་གཅིག་གིས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སེམས་སྐྱེ་སྟེ། འདི་ལྟར་བསྐལ་པ་ཐམས་ཅད་ཀྱི་ རྒྱུས་མངོན་པར་ཤེས་པར་བྱ་བའི་ཕྱིར། དེ་ཐོག་མར་གོ་ཆ་ཆེན་པོ་མངོན་པར་བསྒྲུབ་བོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བའི་དཔེ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་ 73-1-24a སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་འགྱུར་ཏེ། དེར་སེམས་བསྐྱེད་པ་གཅིག་གིས། འཇིག་རྟེན་གྱི་ཁམས་གྲངས་མེད་པར་རྟོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་ཐམས་ཅད་ཤེས་ པ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེ་ཞིང་ཤེས་པས་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་པ་བྱས་ཀྱང་། སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ཟད་པར་མི་རུང་བ་ ནས། གཞུང་དེ་བཞིན་དུ་བཅུའི་བར་དུ་སྟེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་བར་ཀྱི་ཕྱོགས་བཅུ་ཐམས་ཅད་དུ་རྒྱ་ཆེ་བར་བྱས་ཏེ། དེ་དག་གི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་རྒྱུད་ པ་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་གྱིས་མོས་པ་ཐ་དད་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་ གྱི་ཁམས་མ་ལུས་པ་ཐམས་ཅད་དུ་རྟོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེའོ། །འདི་ལྟ་སྟེ་མོས་པ་མཐའ་དང་དབུས་མེད་པ་ལ་འཇུག་པ་དང་། སེམས་ཅན་གྱིས་མོས་པ་ཐ་དད་པ་ལ་མཁས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་སེམས་ཅན་གྲངས་མྱེད་པར་ཡང་དག་པར་འཇུག་པར་བྱ་བའི་ཕྱིར། དད་པའི་ཚུལ་བརྗོད་དུ་མྱེད་པའི་སྣང་བའི་འོད་ཀྱིས་མོས་པ་གཅིག་ནས་ 73-1-24b གཅིག་དུ་རྒྱུད་པ་མ་ལུས་པ་དང་། འགྲོ་བ་རྒྱ་མཚོ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བ་དང་། མི་དགེ་བ་ལ་མོས་པ་ཚད་མེད་པ་ལ་འཇུག་པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་དབང་གིས་ཡོངས་སུ་ཤེས་པར་བྱ་བ་དང་། མོས་པ་ཇི་ལྟ་བ་ བཞིན་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་སྐྱེའོ། །འདི་ལྟ་སྟེ་བསྐལ་པ་མཉམ་པའི་མོས་པ་དང་། བསྐལ་པ་མི་མཉམ་ པའི་མོས་པ་ཤེས་པ་ལ་འཇུག་པར་བྱ་བ་དང་། མོས་པ་ཐམས་ཅད་མོས་པ་གཅིག་ཏུ་ཡང་དག་པར་འཇུག་པ་དང་། མོས་པ་གཅིག་མོས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱ་བ་དང་། དེ་ བཞིན་གཤེགས་པའི་སྟོབས་ལ་རབ་ཏུ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མོས་པ་བླ་མ་དང་བཅས་པ་དང་། མོས་པ་བླ་ན་མེད་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། མཉམ་པ་དང་མི་མཉམ་པའི་མོས་པའི་བྱེ་བྲག་ཤེས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་གནས་པའི་མོས་པ་དང་། མི་གནས་པའི་མོས་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་མོས་པ་དང་། འདྲེས་པ་དང་། མ་འདྲེས་པ་དང་། དགེ་བ་དང་མི་དགེ་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མོས་པ་དང་། མོས་པ་ཐམས་ཅད་ཀྱི་བྱེ་བྲག་ཤིན་ཏུ་ཤེས་པའི་དམ་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། །བྱང་ཆུབ་ 73-1-25a སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། དགེ་བའི་མོས་པ་དང་། ཡངས་པའི་མོས་པ་དང་། མོས་པ་བར་མ་དང་། ཐ་དད་པ་དང་། ངེས་པའི་ མོས་པ་དང་། མ་ལུས་པ་ཐམས་ཅད་སྒྲིབ་པ་མེད་པའི་ཡེ་ཤེས་དང་། ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྣམ་པར་དག་པའི་མོས་པ་དང་། ཀུན་ནས་ཉོན་མོངས་པའི་མོས་པ་དང་། ཡངས་པའི་མོས་པ་དང་། དོག་པའི་མོས་པ་དང་། ཕྲ་བའི་མོས་པ་ པ་དང་། རྒྱ་ཆེ་བའི་མོས་པ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་མོས་པའི་ཚུལ་རྣམ་པ་ཐ་དད་པ་རབ་ཏུ་འཇུག་པར་བྱ་བ་དང་། སེམས་ཅན་གཅིག་གི་མོས་པ་སྣ་ཚོགས་འབྱམ་ཀླས་པ་བཅུ་མངོན་ པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྒྱུད་སྟུག་པོའི་མོས་པ་དང་། སྦྱོར་བའི་མོས་པ་ དང་། ཡོངས་སུ་བརྟག་པའི་མོས་པ་དང་། ངང་གི་རྗེས་སུ་འབྲང་བའི་མོས་པ་དང་། རྒྱུའི་ཚོགས་དང་ལྡན་པའི་མོས་པ་དང་། རྐྱེན་ཀྱི་ཚོགས་ལས་བྱུང་བའི་མོས་པ་དང་། མོས་པའི་དྲ་བ་མ་ལུས་པ་ཐམས་ ཅད་མཉམ་པ་ཉིད་དུ་འཇུག་པའི་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། ། ཀྱེ་རྒྱལ་བའི་སྲས་མོས་པ་སྣ་ཚོགས་ཀྱི་དཔེ་ཐ་དད་པ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་གཅིག་བསྐྱེད་པས་འཇིག་རྟེན་གྱི་ཁམས་གྲངས་ 73-1-25b མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་རབ་ཏུ་ཤེས་པར་གྱུར་ལ། དེ་ལྟ་བུའི་ཚུལ་དུ་སེམས་བསྐྱེད་པ་རེ་རེ་ལ་ཤེས་པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མྱེད་པ་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་མཐར་ཐུག་པ་མ་རུང་ལ་ཚུལ་དེ་བཞིན་དུ་མོས་པ་ལ་ཇི་སྐད་བརྗོད་པ་བཞིན་དབང་པོ་ཐ་དད་པ་ལ་ཡང་དག་པར་བྱས་ཏེ། དེ་དག་གི་དབང་པོ་སྣ་ཚོགས་ གཅིག་ནས་གཅིག་དུ་བརྒྱུད་པ་ནི། ཕྱོགས་བཅུ་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་སེམས་ཅན་དེ་ཙམ་དབང་པོ་དག་གིས་སྣ་ཚོགས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་སྐྱེའོ། །གཞུང་དེ་བཞིན་དུ་ཇི་ལྟར་མོས་པ་ལ་བརྗོད་པ་དེ་བཞིན་དབང་པོ་རྣམས་ལ་ཡང་ཤེས་པར་བྱ་སྟེ། ཐིབས་པོར་གྱུར་པའི་དབང་པོ་དང་། སྦྱོར་བ་དང་ལྡན་པའི་དབང་པོ་དང་། ཡོངས་སུ་ རྟགས་པའི་དབང་པོ་དང་། ངག་གི་རྗེས་སུ་འབྲང་བའི་དབང་པོ་དང་། རྒྱུའི་ཚོགས་ཀྱི་དབང་པོ་དང་། རྐྱེན་ཀྱི་ཚོགས་ལས་བྱུང་བའི་དབང་པོ་དང་། དབང་པོའི་དྲ་བ་ཐམས་ཅད་མ་ལུས་པ་ལ་མཉམ་པ་ཉིད་དུ་ འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དབང་པོ་སྣ་ 73-1-26a ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་རྟོགས་པའི་སེམས་ཅན་རྣམས་ ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་གྱུར་ལ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེར་ཤེས་པས། ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་པར་བྱས་ཀྱང་སེམས་ཅན་གྱི་བསམ་པ་སྣ་ཚོགས་མཐར་ཕྱིན་ ཕྱིན་པར་མ་རུང་ལ། གཞུང་དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ནི་ཤེས་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་ པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་ པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། བསམ་པའི་ཐིབས་པོར་གྱུར་པ་དང་། སྦྱོར་བ་དང་ལྡན་པའི་བསམ་པ་དང་། ཡོངས་སུ་བརྟགས་པའི་བསམ་པ་དང་། ངག་གི་རྗེས་སུ་འབྲང་བའི་བསམ་པ་དང་། རྒྱུའི་ཚོགས་དང་ལྡན་པའི་བསམ་པ་ དང་། རྐྱེན་ཀྱི་ཚོགས་ལས་བྱུང་བའི་བསམ་པའི་བར་དུ། བསམ་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་ 73-1-26b དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་བསམ་པ་སྣ་ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་རྟོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་ཡོངས་སུ་ཤེས་ལ། གཞུང་དེ་དག་མོས་པ་ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། ཕྱོགས་བཅུའི་ སྦྱོར་བ་སྣ་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་དེ་དག་གིས་མཐར་ཐུག་པར་རུང་ཡང་སྲིད་ཀྱིས། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་ བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་སྦྱོར་བ་སྣ་ཚོགས་ཤེས་པའི་དོན་དུ་ནི། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་སྣ་ཚོགས་ཡོངས་སུ་ཤེས་པར་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་བཞིན་ཏེ། སྦྱོར་བའི་དྲ་བ་མ་ལུས་པ་ཐམས་ཅད་ཀྱི་བར་དུ་མཉམ་པ་ཉིད་དུ་ འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་སྦྱོར་བ་སྣ་ ཚོགས་ཀྱི་དཔེ་དེ་དག་ལྟ་འང་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ 73-1-27a བསྐྱེད་པ་སྣ་ཚོགས་རབ་ཏུ་ཤེས་ལ། ཚུལ་དེ་ལྟ་བུའི་སེམས་བསྐྱེད་པ་ཡོངས་སུ་ཤེས་པས། གཞུང་དེ་བཞིན་ཏེ་ཕྱོགས་བཅུའི་སེམས་བསྐྱེད་པ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་ ཐུག་པར་རུང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་མ་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་ དག་གི་སེམས་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་དོན་དུ། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ གྱིས་ཀླས་པ། སེམས་ཅན་གྱི་ཁམས་ཀྱིས་གཏུགས་པ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པའི་སེམས་སྣ་ཚོགས་ཐམས་ཅད་ཡོངསུ་ཤེས་པས། མངོན་པར་འཚང་རྒྱ་ བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་བཞིན་དུ། སེམས་བསྐྱེད་པའི་དྲ་བ་མ་ལུས་ པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། ། ཀྱེ་རྒྱལ་བའི་སྲས་སེམས་བསྐྱེད་པའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པར་གྱུར་པ་གཅིག་གིས་འཇིག་རྟེན་གྱི་ཁམས་ གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་རབ་ཏུ་ཤེས་ལ། སེམས་བསྐྱེད་པའི་ཚུལ་དེ་ལྟ་བུས་ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་ཟད་པར་བྱས་ཀྱང་། སེམས་ 73-1-27b ཅན་རྣམས་ཀྱི་ལས་སྣ་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པའི་མཐར་ཐུག་པར་མི་རུང་ལ། དེ་བཞིན་དུ་སྐྱེས་བུ་བཅུ་པའི་བར་དུ་སྐྱེས་པར་གྱུར་ཏེ། སྐྱེས་བུ་དགུ་པོ་དེ་དག་གིས་སེམས་ཅན་རྣམས་ཀྱི་ལས་སྣ་ ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བསྐལ་པ་གྲངས་མེད་པ་ཟད་པར་བྱས་པ། དེ་དག་སེམས་བསྐྱེད་པ་གཅིག་གིས་ཤེས་པར་གྱུར་ཀྱང་། ཕྱོགས་བཅུར་ལས་སྣ་ཚོགས་ གཅིག་ནས་གཅིག་ཏུ་བརྒྱུད་པ་འདི་དག་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་མཐར་ཐུག་པར་མི་རུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གིས་ལས་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་ གྱིས། འདི་ལྟར་འཇིག་རྟེན་གྱི་ཁམས་དང་། དུས་གསུམ་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་ཡོངས་སུ་ཤེས་པས་མངོན་པར་འཚང་རྒྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ལས་སྣ་ཚོགས་མཐའ་དང་དབུས་མེད་པ་ལ་རབ་ཏུ་འཇུག་པ་དང་། ལས་ཀྱི་བྱེ་བྲག་ཐམས་ཅད་ལ་མཁས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་གྲངས་མེད་ཅིང་། རྣམ་པ་ཐ་དད་པར་ཡང་དག་པར་འཇུག་པར་དང་། ལས་ཀྱི་ཚུལ་བརྗོད་པའི་སྣང་ བ་རབ་ཏུ་འཐོབ་པ་དང་། ལས་ཐམས་ཅད་མ་ལུས་པའི་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་དང་ལྡན་པའི་འགྲོ་བ་རྒྱ་མཚོ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་ 73-1-28a པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དགེ་བ་དང་། མི་དགེ་བའི་རྣམ་པ་ཐ་དད་པ་ལ་རབ་ཏུ་འཇུག་ཅིང་དུས་གསུམ་ ཐམས་ཅད་ཀྱི་ལས་སྣ་ཚོགས་དབང་གིས་ཡོངས་སུ་ཤེས་པར་བྱ་བ་དང་། ལས་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་སྐྱེའོ། །འདི་ལྟ་སྟེ་བསྐལ་པ་མཉམ་པའི་ལས་དང་། བསྐལ་པ་མི་མཉམ་པའི་ལས་ཤེས་པའི་མཆོག་ཐོབ་པར་བྱ་བ་དང་། ལས་ཐམས་ཅད་ལས་གཅིག་ཏུ་ཡང་དག་པར་འཇུག་པ་དང་། ལས་གཅིག་ལས་ ཐམས་ཅད་དང་སྙམ་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་བླ་མ་དང་བཅས་པའི་ལས་དང་། བླ་ན་མེད་པའི་ ལས་དང་། ལྷག་མ་དང་བཅས་པའི་ལས་དང་། མཉམ་པའི་ལས་དང་། མྱི་མཉམ་པའི་ལས་ཀྱི་བྱེ་བྲག་ཡེ་ཤེས་ཀྱི་རྒྱུད་ཆེན་པོས་མངོན་པར་འཚང་རྒྱ་ཞིང་། ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་གནས་པའི་ལས་དང་། མི་གནས་པའི་ལས་དང་། ཐུན་མོང་གི་ལས་དང་། ཐུན་མོང་མ་ཡིན་པའི་ལས་དང་། མཐའ་ཡས་པའི་ལས་དང་། མུ་མེད་པའི་ལས་དང་། མ་འདྲེས་པའི་ལས་དང་། དགེ་བའི་ལས་དང་། མི་དགེ་བའི་ལས་དང་། འཇིག་རྟེན་པའི་ལས་དང་། འཇིག་རྟེན་ལས་འདས་པའི་ལས་དང་། ལས་ཀྱི་བྱེ་བྲག་ཐམས་ཅད་ལ་ཡེ་ཤེས་ཀྱི་ རྒྱུད་ཆེན་པོས་མངོན་པར་འཚང་རྒྱ་ཞིང་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཤིས་པའི་ལས་དང་། མི་ཤིས་པའི་ལས་ 73-1-28b དང་ཆེན་པོ་དང་། འབྲིང་དང་། ཚད་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་མ་ལུས་པར་ཆགས་པ་མེད་པས་ཤེས་པར་བྱ་བ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྣམ་པར་དག་པའི་ལས་དང་། ཀུན་ནས་ཉོན་མོངས་པའི་ལས་དང་རྒྱ་ཆེན་པོའི་ལས་དང་རྒྱ་ཆུང་ངུའི་ ལས་དང་། ཀུན་ཏུ་འབྲེལ་པའི་ལས་དང་། ཀུན་ཏུ་མ་འབྲེལ་པའི་ལས་དང་། ཕྲ་བའི་ལས་དང་། སྦོམ་པའི་ལས་དང་། ལས་མ་ལུས་པའི་སེམས་ཅན་གྱི་ཁམས་ཀྱི་ལས་ཀྱི་ཚུལ་རྣམ་པ་ཐ་དད་པ་ལ་རབ་ཏུ་འཇུག་པ་དང་། སེམས་ ཅན་གཅིག་གིས་ལས་སྣ་ཚོགས་འབྱམ་ཀླས་པ་བཅུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ ལྟ་སྟེ་ཐིབས་པོར་གྱུར་པའི་ལས་དང་། སྦྱོར་བ་ཅན་གྱི་ལས་དང་། ཆུང་བའི་ལས་དང་། དྲན་པ་དང་ལྡན་པའི་ལས་དང་། རྒྱུའི་ཚོགས་དང་ལྡན་པའི་ལས་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་ ལས་དང་། ལས་ཀྱི་དྲ་བ་ཐམས་ཅད་མ་ལུས་པ་མཉམ་པ་ཉིད་དུ་ཡོངསུ་རིག་ཅིང་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་སྐྱེའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་པ། ཀྱེ་རྒྱལ་བའི་སྲས། ལས་སྣ་ཚོགས་ཀྱི་དཔེ་སྔ་མ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་སྟེ། དེའི་སེམས་བསྐྱེད་པ་གཅིག་གིས་ ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་རྟོགས་པའི་སེམས་ཅན་རྣམས་ཀྱི་སེམས་བསྐྱེད་པའི་ཤེས་པར་གྱུར་ལ། ཚུལ་དེ་ལྟར་སེམས་བསྐྱེད་པ་རེ་རེ་ཡོངས་སུ་ཤེས་པས། ཤར་ཕྱོགས་ལོགསུ་ 73-1-29a བསྐལ་པ་གྲངས་མེད་པར་ཟད་པར་བྱས་ཀྱང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྣ་ཚོགས་མཐར་ཐུག་པར་མི་རུང་ལ། དེ་བཞིན་དུ་དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཞེས་བྱ་བ་ནས། སྐྱེས་ བུ་བཅུ་པའི་བར་དུ་སྟེ། སྐྱེས་བུ་དགུ་པོ་དེ་དག་གིས་བསྐལ་པ་གྲངས་མེད་པར་ཉོན་མོངས་པ་སྣ་ཚོགས་རབ་ཏུ་ཤེས་པ་དེ་དག །སེམས་བསྐྱེད་པ་གཅིག་གིས་ཡོངས་སུ་ཤེས་པར་གྱུར་ལ། ཚུལ་དེ་འདྲ་བར་ སེམས་བསྐྱེད་པ་རེ་རེར་ཡོངས་སུ་ཤེས་པས། གཞུང་དེ་བཞིན་དུ་སྟེ། ཕྱོགས་བཅུའི་ཉོན་མོངས་པ་སྣ་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་དེ་དག་ནི་མཐར་ཐུག་པར་རུང་བ་སྲིད་ཀྱི། བྱང་ཆུབ་སེམས་ དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་ཉོན་མོངས་པ་སྣ་ཚོགས་ཡོངས་ སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ ཅན་རྣམས་ཀྱི་ཉོན་མོངས་པ་ཚད་མེད་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཉོན་མོངས་ པ་ཡངས་བ་དང་། ཉོན་མོངས་པ་ལྕི་བ་མངོན་པར་འཚང་རྒྱ་བའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་ སྟེ་བག་ལ་ཉལ་བའི་ཉོན་མོངས་པ་དང་། སེམས་ཀུན་ནས་འཁོར་བའི་ཉོན་མོངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། 73-1-29b བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་གི་ཉོན་མོངས་པ་ཚད་མེད་པ་སྣ་ཚོགས་རང་དབང་མེད་པར་བྱེད་པའི་ཉོན་མོངས་པ་རྣམ་པར་གཅོད་པའི་ ཡེ་ཤེས་ཡོངས་སུ་དག་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་། རྣམ་པར་སྤྱོད་པ་ སྣ་ཚོགས་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མ་རིག་པ་ལ་གནས་པའི་ཉོན་མོངས་པ་དང་། སྲེད་པ་དང་ ལྡན་པའི་ཉོན་མོངས་པ་དང་། སྲིད་པའི་རྒྱུད་ཐམས་ཅད་ཀྱི་ཉོན་མོངས་པ་ཀུན་ཏུ་སྦྱོར་བ་རྣམ་པར་སྤྱོད་པའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདོད་ཆགས་ཀྱི་རྔམ་པའི་ཉོན་མོངས་པ་དང་། ཞེ་སྡང་གིས་ཁོང་ཁྲོ་བ་དང་། གཏི་མུག་གིས་མངོན་པར་ཁེབས་པ་དང་། ཆ་མཉམ་པའི་ཉོན་མོངས་པ་དང་། ཉོན་ མོངས་པ་ཐམས་ཅད་རྩ་བ་དང་བཅས་ཏེ། རྣམ་པར་གཅོད་པའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། ། འདི་ལྟ་སྟེ་བདག་ཏུ་བྱ་བ་ཤིན་ཏུ་བསྒོམ་པའི་ཉོན་མོངས་པ་དང་། བདག་གིས་བྱ་བ་ལ་མངོན་པར་ཞེན་པ་དང་། ང་རྒྱལ་གྱིས་བླང་བ་དང་། ང་རྒྱལ་གྱིས་མངོན་པར་སྦྲེལ་བའི་ཉོན་མོངས་པ་དང་། ཉོན་མོངས་པ་ཐམས་ཅད་མ་ ལུས་པར་ཁོང་དུ་ཆུད་བཅིང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ 73-1-30a བྱུང་བ་ཡོངས་སུ་རྟོག་པར་གྱུར་བའི་ཉོན་མོངས་པ་དང་། ཡོངས་སུ་རྟོག་པའི་ཤུགས་ཀྱི་རྗེས་སུ་འབྲང་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་དང་། འཇིག་ཚོགས་ལ་མངོན་པར་ཞེན་པ་དང་། ལྟ་བའི་ རྣམ་པ་དྲུག་བཅུ་རྩ་གཉིས་ཀྱི་ཚུལ་སྣ་ཚོགས་དང་ལྡན་པའི་ཉོན་མོངས་པ་མངོན་པར་འཚང་རྒྱ་བའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། སྒྲིབ་པའི་ཉོན་མོངས་པ་དང་། ཀུན་ནས་བསྒྲིབས་པའི་ཉོན་མོངས་པ་དང་། ཐམས་ཅད་ཤེས་པས་རྣམ་པར་དག་པར་བྱ་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྐྱབས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །བསམ་པ་དང་བག་ལ་ཉལ་བ་དང་། ཀུན་ནས་འཁོར་བའི་ཉོན་མོངས་པའི་དྲ་བ་ཐམས་ཅད་རྣམ་པར་གཅད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་ཉོན་མོངས་པ་སྣ་ཚོགས་ཀྱི་དཔེ་དེ་དག་ལྟ་ཡང་ཞོག་གིས། ཀྱེ་རྒྱལ་བའི་སྲས་འདི་ལ་ སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ལ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པའི་སེམས་ཅན་རྣམས་ལྷན་གཅིག་པས། ཤར་ཕྱོགས་ལོགས་སུ་སངས་རྒྱས་ བཅོམ་ལྡན་འདས་ཚད་མེད་པ་དག །གནབས་བརྩལ་བྲོ་བའི་མཆོག་ཚད་མེད་པ་དང་། གདུགས་སྤོས་ཚད་མེད་པ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཚད་མེད་པ་དང་། ཕོ་བྲང་ཚད་མེད་པ་དང་། བླ་རེ་ཚད་མེད་པ་དང་། གཞལ་མེད་ཁང་ཚད་མེད་པ་དང་། རིན་པོ་ཆེའི་དྲ་བ་དཔག་ཏུ་མེད་པ་དང་། སེང་གེའི་གདན་དཔག་ཏུ་མེད་པ་དང་། རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་ཚད་མེད་པ་དང་ 73-1-30b མཆོད་པའི་རྣམ་པ་ཚད་མེད་པས་མཉེས་པར་བྱས་ཏེ། བསྐལ་པ་ཚད་མེད་པར་བསྙེན་བསྐུར་ལ། རིམ་གྲོ་དང་བཀུར་སྟི་བྱས་སྟེ། བརྗེད་པ་དང་མཆོད་པས་བཏུད་ཅིང་ཕྱག་འཚལ་ཏེ། སྤྱི་བོས་གཏུགས་ནས་ གཉན་པར་བརྗོད་དེ་འཁོར་ཞིང་ཞལ་དུ་ལྟ་ལ། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མི་དང་འགྲོ་བ་ཕལ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པ་དེ་དག་གིས་ཤིན་ཏུ་དད་པར་མར་མེ་གྲངས་མེད་པ་དག་ཀྱང་བུས་སྟེ། སྐྱེས་བུ་དེས་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་སྙེད་པོ་དེ་དག་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བ་དང་། ཡིད་བཞིན་གྱི་རྒྱལ་པོ་དང་། ཕྱོགས་ཐམས་ཅད་སྣང་བར་བྱེད་པ་དང་། མེའི་འོད་ དང་། བརྒལ་དཀའ་བ་དང་། ཆུའི་ཟླ་བའི་འོད་དང་། རིན་པོ་ཆེའི་རྒྱན་དང་། བསོད་ནམས་ཀྱི་རྒྱལ་མཚན་དང་། ནོར་བུ་ཡིད་དུ་འོང་བ་དང་། དེ་དག་ལ་སྩོགས་པ་རིན་པོ་ཆེ་ཚད་མེད་པས་ཡོངས་སུ་བཀང་ཏེ། ཡོན་དུ་ གསོལ་ལ་དེ་བཞིན་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་དང་། ཕོ་བྲང་དང་། གནམ་ཡོལ་དང་། སིལ་སྙན་དང་རོལ་མོ་བརྡུང་ བ་དང་། གླུ་དང་རིན་པོ་ཆེའི་དྲ་བ་དང་། གསེར་གྱི་དྲ་བ་དང་། ནོར་བུའི་དྲ་བ་དང་། དྲིལ་བུའི་དྲ་བ་དང་། སེང་གེའི་ཁྲི་དང་། དེ་བཞིན་དུ་སངས་རྒྱས་ཀྱི་མཆོད་པ་བརྩམས་པ་རྒྱ་ཆེར་སྟེ། དེ་བཞིན་གཤེགས་པ་དེ་དག་ བཞུགས་ཤིང་འཚོ་སྐྱོང་བའི་ཚེ། མཆོད་པའི་རྣམ་པ་དེ་ལྟ་བུས་མཆོད་ནས་མྱ་ངན་ལས་འདས་ཀྱང་མི་དེ་དག་དང་། འགྲོ་བ་འཕལ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པ་དེ་ཉིད་ཀྱིས། དེ་བཞིན་གཤེགས་པ་རེ་ རེ་ཞིང་ཡང་མཆོད་རྟེན་འཇིག་རྟེན་གྱི་ཁམས་ཚད་མེད་པ་དང་མཉམ་པར་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ཚད་མེད་པ་ལས་བརྩིགས་ཏེ། རྒྱན་དང་རིན་པོ་ཆེ་ཚད་མེད་པས་བརྒྱན་པ་ལ་མཆོད་རྟེན་གཅིག་ཇི་ལྟ་བ་བཞིན་དུ། མཆོད་ 73-1-31a རྟེན་དཔག་ཏུ་མེད་པས་མང་པོ་ལ་ཡང་དེ་བཞིན་བྱས་སྟེ། ཐམས་ཅད་ཀྱི་ཚད་ཀྱང་དེ་ཙམ་ལ། མཆོད་རྟེན་རེ་རེ་ལ་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་མང་པོ་ཚད་མེད་པར་བྱས་སྟེ། འཇིག་ རྟེན་གྱི་ཁམས་མང་པོ་ཡང་སྣང་བས་རྒྱས་པར་གྱུར་ལ། རྣམ་གྲངས་དེ་ལྟ་བུར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་བྱེད་ཅིང་། ཡོངས་སུ་མྱ་ངན་ལས་འདས་ པ་དེ་དག་ལ་ཡང་མཆོད་པར་བྱ་བས། བསྐལ་པ་ཚད་མེད་པ་ཟད་པར་གྱུར་ཏེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་འཚམས་ དང་། ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། ནུབ་བྱང་གི་ཕྱོགས་འཚམས་དང་། འོག་དང་སྟེང་གིས་ཕྱོགས་དང་། ཕྱོགས་བཅུ་ཐམས་ཅད་དུ་ཡང་རྒྱ་ཆེར་ཏེ། སྐྱེས་བུ་ བཅུ་སྔོན་དུ་འགྲོ་བས་ཕྱོགས་བཅུ་རེ་རེ་ལ་སྐྱེས་བུ་རེ་རེ་ཞིང་ཡང་ཕྱོགས་བཅུར་བྱས་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་དག་ལ་སྩོགས་པའི་མིའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ བཅུར་རྟོགས་པ་དེ་དག་ལ་དེའི་རྒྱུས་བསོད་ནམས་ཀྱི་ཕུང་པོ་ཆེར་འཕེལ་ལམ། སྨྲས་པ་ཀྱེ་རྒྱལ་བའི་སྲས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱིས་ཡེ་ཤེས་ཀྱི་ཐུགས་སུ་ཆུད་པར་ཟད་དོ། ། སྨྲས་པ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསྐལ་པ་ཚད་མེད་པར་མཉེས་པར་བྱས་པའི་སངས་རྒྱས་ མཆོད་པ་དང་། རིམ་གྲོ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསྐལ་པ་ཚད་མེད་པར་མཉེས་པར་བྱེད་པའི་སངས་རྒྱས་མཆོད་པ་དང་། རིམ་གྲོ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ། སྔ་མ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། 73-1-31b གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་དག་ལྟ་ཡང་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་གཉིས་པ་ཞིག་བྱུང་སྟེ། དེའི་སེམས་བསྐྱེད་ པ་གཅིག་གིས། སྐྱེས་བུ་སྔ་མ་དེ་དང་འགྲོ་བ་ཕལ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པ་སྔ་མ་རྣམས་ཀྱིས་བསྐལ་པ་ཚད་མེད་པར་སངས་རྒྱས་ཀྱི་མཆོད་པ་དང་། རིམ་གྲོ་མངོན་པར་འདུ་བྱས་པས་ དེ་དག་སེམས་བསྐྱེད་པ་གཅིག་གི་མངོན་པར་འདུ་བྱེད་ལ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེར་མཉེས་པར་བྱེད་པས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པའི་སེམས་ ཅན་རྣམས་དང་ལྷན་གཅིག་པས། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཉེས་པར་བྱས་སྟེ། གཞུང་དེ་བཞིན་དུ་ཐོག་མ་ལ་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་གཉིས་པ་ལ་དཔག་ཏུ་མེད་པ། གསུམ་པ་ ལ་གྲངས་མེད་པ། བཞི་པ་ལ་བསམ་གྱིས་མི་ཁྱབ་པ། ལྔ་པ་ལ་མཚུངས་པ་མེད་པ། དྲུག་པ་ལ་ཀུན་ཏུ་མཐའ་ཡས་པ། བདུན་པ་ལ་མུ་མེད་པ། བརྒྱད་པ་ལ་ས་འཚམས་མེད་པ། དགུ་པ་ལ་ གཞལ་དུ་མེད་པའི་བར་དུ་སྟེ། ཀྱེ་རྒྱལ་བའི་སྲས། དཔེ་སྔ་མ་དེ་དག་ལྟ་ཡང་ཞོག་གིས། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་བཅུ་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་དགུ་པོ་དེ་དག་དང་། འཇིག་རྟེན་གྱི་ཁམས་གཞལ་དུ་ མེད་པ་བཅུར་གཏོགས་པའི་སེམས་ཅན་ཕལ་དེ་དག་གིས། བསྐལ་པ་དཔག་ཏུ་མེད་པར་སངས་རྒྱས་མཆོད་པ་དང་། རིམ་གྲོས་མཉེས་པར་བྱས་པ་དེ་ཙམ་དུ་སེམས་བསྐྱེད་པ་གཅིག་གིས་མཉེས་པར་ བྱེད་ཅིང་། ཚུལ་དེ་ལྟར་སེམས་བསྐྱེད་པ་རེ་རེར་མཉེས་པར་བྱེད་པས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་གཏོགས་པའི་སེམས་ཅན་རྣམས་དང་ལྷན་གཅིག་ 73-1-32a པས། ཞལ་ཟས་རོ་བྲོ་བའི་མཆོག་བརྗོད་དུ་མེད་པ་ཞེས་བྱ་བ་ནས། གཞན་ཡང་རྒྱ་ཆེར་ཏེ་དེ་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པ་མཉེས་པར་བྱས་པ་ནས། ཀྱེ་རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་བསྐལ་པ་བརྗོད་དུ་མེད་པར་གཏོགས་པའི་སངས་རྒྱས་མཆོད་པ་དང་། བསྙེན་བཀུར་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་ཞེས་བྱ་བའི་བར་དུ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ནི་འདི་ལྟར་སངས་རྒྱས་སྐྱེས་པ་དེ་ཙམ་ཉི་ཙེ་ཞིག་ མཆོད་ཅིང་བསྙེན་བཀུར་བ་འམ། སངས་རྒྱས་ཀྱི་མཆོད་པའི་ཡོ་བྱད་དེ་ཙམ་དག་གི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ མི་སྐྱེའི། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་དབྱིངས་ཀྱི་མཐས་གཏུགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། ཕྱོགས་ བཅུ་ཚད་ལས་འདས་པ་འབྱམ་ཀླས་པ། ཕྱོགས་བཅུའི་རྣམ་གྲངས་མཐའ་ཡས་པ་དྲ་བས་ཁྱབ་པ། མིག་འཕྲུལ་གྱི་རྣམ་པས་མཐའ་ཡས་པ། འཇིག་རྟེན་གྱིས་ཁམས་ཐམས་ཅད་གཞི་མཉམ་པར་ ཆུད་པ། འཇིག་རྟེན་གྱི་ཁམས་མ་ལུས་པར་འདུས་པའི་ཚུལ་ཤིན་ཏུ་བསྟན་པ། འདུ་ཤེས་ཀྱི་རྣམ་པ་ལ་གནས་པའི་ཕྱོགས་ཀྱི་དྲ་བ་རྣམ་པར་ཕྱེ་བ་ལ་གནས་པ་ཐམས་ཅད་དུ་གཏོགས་པ། ལྷག་མ་མེད་ པར་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་དང་ཚུལ་ཤིན་ཏུ་བསྟན་པ་དག་ཏུ་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་གྲངས་མེད་པའི་ཚུལ་བཞིན་དུ་བསྟན་པར་གཏོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ 73-1-32b ཀྱི་ཚུལ་གྱིས་མངོན་པར་ཐུགས་སུ་ཆུད་པ་དག་དུ། སངས་རྒྱས་བཅོམ་ལྡན་འདས་གང་ཇི་ལྟར་ནུབ་པར་གྱུར་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་དང་། གང་ཡང་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་བར་འགྱུར་བ་དང་། གང་ཡང་ད་ལྟར་བྱུང་བའི་དུས་ན་ད་ལྟར་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེ་སྟེ། སེམས་བསྐྱེད་པ་དེ་སྐྱེས་མ་ཐག་ནས། དེ་དང་དེར་འདས་པའི་གྲངས་སུ་གཏོགས་པ་དང་། སྔོན་གྱི་མུར་གྱུར་པ་ཇི་སྙེད་པ་དེ་བཞིན་གཤེགས་པ་དེ་དག་གི། མངོན་པར་ཐུགས་སུ་ཆུད་པ། དེ་དག་ ཏུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡིད་ཆེས་སོ། །དེ་བཞིན་གཤེགས་པ་མ་བྱོན་པ་དེ་དང་དེའི་དུས་སུ་གཏོགས་ པའི་ཕྱི་མའི་མཐའི་མུར་བསྟན་པ་དཔག་ཏུ་མེད་པའི་མཐའ་དང་། དབུས་མེད་པར་ཤིན་ཏུ་བསྟན་པ་དཔག་ཏུ་མེད་པ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་འབྱུང་བར་འགྱུར་བ་དེ་དག་གི་དགེ་བའི་རྩ་ བ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་ཡིད་ཆེས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དང་དབུས་མེད་པར་བསྟན་པ། མ་ལུས་པར་མངོན་པར་སངས་རྒྱས་པའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་ཡིད་ཆེས་ཤིང་ཡོངས་སུ་འཛིན་པར་བྱེད་ཡོངས་སུ་རྒྱས་པར་བྱེད། རབ་ཏུ་འཐོབ་པར་བྱེད། ཁོང་དུ་ཆུད་པར་བྱེད། རབ་ཏུ་ 73-1-33a རིག་པར་བྱེད། ཤིན་ཏུ་བསྒྲུབ་པར་བྱེད། རྒྱུད་གཅིག་ཏུ་གྱུར་པར་བྱེད། སངས་རྒྱས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་བསྐྱེད་པ་དེ་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གདུང་རྒྱུན་མི་འཆད་པའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྒྱས་པར་དགང་པའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ ཡོངས་སུ་བསྒྲལ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདུ་བ་དང་། འཇིག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྲིད་གསུམ་ཡོངས་སུ་དག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། བག་ཆགས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་ཤི་འཕོ་དང་། སྐྱེ་བ་ཡོངསུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ ཅན་ཐམས་ཅད་ཀྱི་དབང་པོ་དང་། སྦྱོར་བ་ཡོངས་སུ་ཤེས་པ་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་ ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེ་སྟེ། སེམས་བསྐྱེད་པ་དེས་སངས་རྒྱས་བཅོམ་ལྡན་འདས་འདས་པ་དག་དང་ཉེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་ཉེ་བར་འགྱུར་རོ། ། འདས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྲོའོ། །མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ཀྱི་ཆོས་ཀྱང་འཐོབ་པར་ 73-1-33b འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་ཀྱི་ཆོས་ཀྱང་ཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ད་ལྟར་བྱུང་བ་རྣམས་ཀྱི་ཆོས་ཀྱང་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་ འདས་འདས་པ་རྣམས་དང་མཉམ་པ་ཉིད་དུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་མཉམ་པ་ཉིད་དུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ ཀྱི་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱང་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་འདས་ པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སྟོབས་ལ་ཐུབ་པ་མེད་པར་ཡང་ཤིན་ཏུ་བསྟན་པར་འགྱུར་རོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དག་གི་མི་བརྙེངས་ པ་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ཀྱི་བསྟན་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཀྱི་བརྒྱན་མཉམ་པ་ཉིད་ཀྱང་རྗེས་སུ་ཐོབ་བོ། །སངས་ རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་བསྟན་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཀྱི་བརྒྱན་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ནམ་མཁའི་དབྱིངས་ཀྱི་མཐར་ ཐུག་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་ཤིན་ཏུ་བསྟན་པའི་དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རྗེས་སུ་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ནི་ སངས་རྒྱས་སུ་ཤོག་ཤིག་ཅེས་བྱ་བའི་སེམས་བསྐྱེད་པ་དེས། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བ་ཡིན། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ 73-1-34a དང་ཉེ་བ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཡུལ་རྣམས་དང་མཉམ་པ་ཡིན། འདས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་མཉམ་པ་ཡིན་ནོ། །མ་འོངས་པ་དང་ད་ལྟར་ བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམས་དང་མཉམ་པ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་ཡུལ་ཐམས་ཅད་དང་མཉམ་པ་ཡིན། གཅིག་ཏུ་ངེས་པའི་ལུས་གཅིག་ཏུ་གྱུར་པས་ཀྱང་དུས་གསུམ་དུ་མཉམ་པའི་སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་དང་། འགྲོགས་པ་ཡང་ཐོབ་པ་སྟེ། ཡེ་ཤེས་དེ་དང་འགྲོགས་པར་འགྱུར་བའི་སེམས་བསྐྱེད་པའི་འབྱུང་བ་དེ་སྐྱེས་མ་ཐག་ཏུ་ཕྱོགས་བཅུ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཆེད་དུ་ བརྗོད་པ་མཛད་དོ། །སེམས་བསྐྱེད་པ་དེ་ཉིད་རྟེན་དུ་མཛད་དེ། འདུལ་བ་ཇི་བཞིན་དུ་ཆོས་ཀྱང་ཡང་དག་པར་སྟོན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་འདུལ་བ་ཚད་མེད་པ་རྣམས་འབྱུང་བར་འགྱུར། འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་ཡང་རབ་ཏུ་གཡོ་བར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བས་རྒྱས་པར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ངན་སོང་ཡང་རྒྱུན་ཆད་པར་འགྱུར། འཇིག་རྟེན་ གྱི་ཁམས་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་དགའ་བར་འགྱུར། ཆོས་ཀྱིས་ དབྱིངས་ཐམས་ཅད་ལ་ཡང་རབ་ཏུ་འཇུག་པར་འགྱུར། སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱང་ཡོངས་སུ་འཛིན་པར་འགྱུར། སངས་རྒྱས་ཀྱི་རིགས་ཀྱི་སྣང་བ་ཐམས་ཅད་ཀྱང་རབ་ཏུ་ཐོབ་པར་འགྱུར་ཏེ། དུས་གསུམ་ དུ་གཏོགས་པ་ལས་སེམས་བསྐྱེད་པ་དེར་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའ་འམ། བྱང་ཆུབ་སེམས་དཔའི་ཆོས་སམ། རང་སངས་རྒྱས་སམ། རང་སངས་རྒྱས་ 73-1-34b ཀྱི་ཆོས་སམ། ཉན་ཐོས་སམ་ཉན་ཐོས་ཀྱི་ཆོས་སམ། འཇིག་རྟེན་པ་འམ་འཇིག་རྟེན་པའི་ཆོས་སམ། འཇིག་རྟེན་ལས་འདས་པ་འམ། འཇིག་རྟེན་ལས་འདས་པའི་ཆོས་སམ། སེམས་ཅན་ནམ་ སེམས་ཅན་གྱི་ཆོས་ཀྱང་རུང་སྟེ། མ་འདུས་པ་གང་ཡང་མེད་དེ། ཐམས་ཅད་མཁྱེན་པ་ཉིད་ནི་མ་གཏོགས་སོ། །དེ་ལྟར་ན་སེམས་བསྐྱེད་པ་དེར་ནི་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་སོ། །དེ་ནས་སངས་རྒྱས་ ཀྱི་མཐུས། དེའི་ཚེ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏེ། གཡོས་སོ་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ། རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ། ཀུན་ཏུ་ལྡེག་གོ། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་ཀུན་ཏུ་ ཤིག་ཤིག་གོ། །དེ་ནས་སངས་རྒྱས་ཀྱིས་མཐུ་དང་། སེམས་བསྐྱེད་པ་དེའི་ཡོན་ཏན་ཡང་དག་པར་བརྗོད་པའི་ཆོས་ཉིད་རབ་ཏུ་ཐོབ་པའི་ཕྱིར། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། ། ལྷ་རྫས་ཀྱི་སྤོས་ཀྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྲེང་བའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་ཆར་ཡང་མངོན་པར་བབ་བོ། ། ལྷ་རྫས་ཀྱི་རིན་པོ་ཆེའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རྒྱན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རོལ་མོ་རྣམས་ཀྱང་མངོན་པར་སྒྲ་འབྱིན་པར་གྱུར་ཏོ། །ལྷ་རྫས་ཀྱི་སྣང་བ་ཡང་རབ་ཏུ་ འབྱུང་ངོ་། །ལྷ་རྫས་ཀྱི་འོད་ཀྱང་རབ་ཏུ་བྱུང་ངོ་། །ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ 73-1-35a སུ་མཚན་བཏགས་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞལ་མངོན་པར་བསྟན་ཏེ། གསུང་བརྗོད་པ་ཆོས་ཀྱི་བློ་གྲོས་ལེགས་སོ། །ལེགས་སོ། །ཕྱོགས་བཅུ་ན་དེ་བཞིན་གཤེགས་ པ་སངས་རྒྱས་ཀྱི་ཞིང་གི་བརྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆོས་བསྟན་པ་དེ་ལ་ཆེད་དུ་བརྗོད་པ་མཛད་དོ། །ངེད་ཀྱིས་ཀྱང་ཆོས་བསྟན་པ་འདི་ཉིད་ཤིན་ཏུ་རྣམ་པར་ཕྱེ་སྟེ། ངེད་ཀྱིས་ཇི་ལྟར་ཤིན་ཏུ་རྣམ་པར་ཕྱེ་བ་དེ་བཞིན་ དུ་སངས་རྒྱས་ཐམས་ཅད་ཀྱི་ཀྱང་ཤིན་ཏུ་རྣམ་པར་ཕྱེའོ། །འདི་ཉིད་དུ་ཡང་ཁྱོད་ཀྱིས་ཆོས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ ཀྱང་ངེད་ཀྱིས་ལུང་བསྟན་ཏེ། དེ་དག་ནི་མ་འོངས་པའི་དུས་བསྐལ་པ་སྟོང་ཕྲག་བརྗོད་དུ་མེད་པའི་མཐར་ཐམས་ཅད་ཀྱང་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་མིང་ཐ་དད་པ་དག་ཏུ་དེ་བཞིན་གཤེགས་པ་མཚན་ གཅིག་པ་ཤ་སྟག་འབྱུང་བར་འགྱུར་ཏེ། འདི་ལྟར་སེམས་རྣམ་པར་དག་པ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་རོ། །ངེད་ཀྱིས་ཆོས་བསྟན་པ་འདི་ཡང་ཇི་ལྟར་མ་འོངས་པའི་དུས་ན། མ་འོངས་པའི་བྱང་ཆུབ་སེམས་ དཔའ་མ་ཐོས་པ་རྣམས་ཀྱིས་ཐོས་པར་བྱ་བ་དང་། ཇི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་རྣམས་ཀྱིས་ཤེས་ཤིང་གླིང་བཞི་པ་འདིའི་རི་རབ་ཀྱི་རྩེ་མོ་ལ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་གྱུར་ པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་གྲངས་མེད་པ། བསམ་གྱི་མི་ཁྱབ་པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ། དཔག་ཏུ་མེད་པ། ས་མཚམས་མེད་ པ། བརྗོད་དུ་མེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་ཏུ་ཡང་། སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབ་བོ། །ཐམས་ཅད་དུ་ཡང་ཆོས་ 73-1-35b བསྟན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག །སངས་རྒྱས་ཀྱི་མཐུ་དང་། བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་གྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྟན་ པ་དང་། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་བྱ་བ་དང་། དོན་གྱིས་འདུལ་བའི་སྣང་བ་ཐོབ་པ་དང་། ཆོས་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུད་ཡང་དག་པར་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དུ་བྱ་བ་དང་། ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་རབ་ཏུ་སྟོན་ཏོ། །དེ་ནས་བྱང་ ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། ནམ་མཁའི་ཁམས་རྣམས་ལ་ནི་རྣམ་པར་སྤྱད། སེམས་ཅན་གྱི་ཁམས་ནི་ཡོངས་སུ་སྨིན་ པར་བྱེད། ལས་དང་རྣམ་པར་སྨིན་པའི་ཁམས་ནི་འགལ་བར་མི་བྱེད། ནམ་མཁའི་ཁམས་ནི་ཡོངས་སུ་དག་པར་བྱེད། ཀུན་ནས་ཉོན་མོངས་པ་ལས་བྱུང་བ་ནི་རབ་ཏུ་སེལ། མོས་པ་ཡངས་པ་ལས་བྱུང་བ་ནི་ཤིན་ ཏུ་འཕེལ་བར་བྱེད། སེམས་ཅན་གྱི་དབང་པོ་ཐ་དད་པ་ལ་ནི་རབ་ཏུ་འཇུག །དུས་གསུམ་ནི་མཉམ་པར་བྱེད། མྱ་ངན་ལས་འདས་པའི་དབྱིངས་ལ་ནི་ཡང་དག་པར་རྟོག་ཅིང་། རང་གི་དགེ་བའི་རྩ་བ་སྟོབས་ཡོངས་ སུ་དག་པར་བྱ་བ་ལ་གཞོལ་བའི་ཕྱིར། དེའི་ཚེ་སངས་རྒྱས་ཀྱི་མཐུས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་ཕྱོགས་རྣམས་བཅུ་པོ་མ་ལུས་རྒྱས་བྱས་ཤིང་། །སེམས་ཅན་ཞིང་དང་ཆོས་གསུམ་ དག་ཀྱང་རྟོགས་གྱུར་པ། །སངས་རྒྱས་མཚོ་མཆོག་བྱང་ཆུབ་སེམས་དཔའ་དེ་བཞིན་ཏེ། །དེ་དག་འཇིག་རྟེན་ཕན་ཕྱིར་སེམས་ཀྱི་དམ་པ་བསྐྱེད། །ནམ་མཁའི་དབྱིངས་ཀྱིས་ཀླས་པའི་ཆོས་དབྱིངས་ཇི་བཞིན་དང་། 73-1-36a ཇི་ལྟར་སངས་རྒྱས་ཆོས་རྣམས་འགྲོ་ཀུན་རྗེས་སོང་དང་། །སངས་རྒྱས་ཐམས་ཅད་ཀུན་ཏུ་ཁྱབ་བརྙེས་ཇི་བཞིན་གྱི། །འགྲོ་བ་མྱི་ལྡོག་དོན་དུ་ཕན་པར་རབ་ཏུ་ཞུགས། །འཇིག་རྟེན་རྣམས་ལ་བྱམས་ པས་རྟག་པར་རབ་གནས་ཤིང་། །འཚེ་བ་མེད་པར་འགྲོ་ལ་ཕན་ཕྱིར་སུ་ཞུགས་ཏེ། །སྣང་བ་མི་ཟད་འོད་བྱེད་གནས་སུ་འགྱུར་བ་རྣམས། །བསམ་གྱིས་མི་ཁྱབ་སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས། ། དེ་ནི་ཞིང་རྣམས་ཐ་དད་མ་ཡིན་ཚུལ་ཡང་རྙེད། །དེ་ནི་ལུས་ཀྱི་རྣམ་པ་ཀུན་ལ་རབ་ཏུ་ཞུགས། །བསོད་ནམས་ཡེ་ཤེས་དེ་ཡངས་སངས་རྒྱས་བྱང་ཆུབ་བཞིན། །དེ་ནི་ཆགས་མེད་གཞོལ་བ་ཡེ་ཤེས་རྒྱུར་སྐྱེས་ སོ། །སྤྱིའུ་ཚུགས་རྒྱུ་བའི་འགྲོ་བ་སྣ་ཚོགས་མ་ལུས་པར། །གཞན་ཡང་ཞིང་རྣམས་འཇམ་ཀླས་ཆགས་མྱེད་མཐར་ཐུགས་པ། །དེ་དག་འཕྲ་སྦོམ་རྒྱ་ཆེ་ཡངས་པ་ཐམས་ཅད་དུ། །བྱང་ཆུབ་སེམས་མཆོག་ དེ་ནི་གཅིག་པུ་ཀུན་ཏུ་འགྲོ། །བརྗོད་དུ་མེད་པ་ཤིན་ཏུ་ཕྲ་ཞིང་མྱི་གནས་པའི། །བྱང་ཆུབ་སེམས་དཔའི་སྤྱད་པ་མཆོག་ལ་རྟག་ཞུགས་ཤིང་། །མཁས་པ་གང་གིས་སངས་རྒྱས་ཆོས་མཐོང་མྱི་ངོམས་པ། །དེ་དག་ཆོས་རྣམས་ རྒྱ་མཚོའི་རྣམ་པར་ཆུད་པ་ཡིན། །འཇིག་རྟེན་ལམ་རྒྱུད་ཀུན་ལ་སུ་ཞིག་སྙིང་བརྩེ་ཞིང་། །འཇིག་རྟེན་གསུམ་པོ་སྦྱང་བར་རྟག་ཏུ་ཞུགས་པ་རྣམས། །ཕྱི་མའི་མཐར་ཐུག་སངས་རྒྱས་གདུང་གི་རྒྱུན་མི་གཅོད། ། དེ་ནི་བདུད་ཀྱི་ཁྱིམ་ཡང་རབ་ཏུ་འཇོམས་པ་ཡིན། །དུས་གསུམ་རྒྱལ་བ་རྣམས་དང་རྒྱུད་གཅིག་དངོས་གྱུར་ཅིང་། །ཤིན་ཏུ་ཕྲ་བའི་ཚུལ་གྱིས་ལམ་ལ་རྟག་བརྩོན་ཏེ། །སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་དཔའ། དེ་ནི་ཆགས་མེད་ཐུབ་པ་ཀུན་གྱིས་དབང་ཡང་བསྐུར། །རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་ལ་མི་ཤིགས་པ། །རྐང་གཉིས་གཙོ་བོས་མཛད་པ་རྟག་ཏུ་དྲན་ཤེས་ཤིང་། །འདྲེན་པའི་སྤྱོད་ཡུལ་སྣང་རབ་ཤིན་ཏུ་རྙེད་པ་རྣམས། ། 73-1-36b གཞན་གྱི་དྲིང་ལ་མྱི་རྒྱུག་བྱང་ཆུབ་སེམས་ཀྱང་སྐྱེ། །འགྲོ་བ་རྣམས་ཀྱི་འདུ་ཤེས་རྣམ་པར་མང་ཤེས་ཤིང་། །དེ་བཞིན་ལས་དང་འབྲས་བུ་སེམས་ཀྱི་རྣམས་ཀྱང་སྟེ། །གཞན་ཡང་དབང་པོའི་མཐུ་དང་ཁམས་ རྣམས་དུ་མ་དག །ཀུན་ཀྱང་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་གཅིག་ཡིན་ནོ། །གང་ཞིག་ཆོས་ཀྱི་དབྱིངས་བཞིན་བྱང་ཆུབ་སེམས་ཡངས་ཤིང་། །རྟག་ཏུ་ཆོས་ལ་མི་གནས་ནམ་མཁའ་ཇི་བཞིན་པ། ། ཆགས་མེད་སེམས་ལྡན་དེ་དག་སངས་རྒྱས་ཡེ་ཤེས་ཞུགས། །དེ་དག་རྟོག་མེད་ཆོས་ཅན་ཡང་དག་མཐའ་ལ་གནས། །སེམས་ཅན་བསམ་པ་རྣམས་འབྱེད་སེམས་ཅན་འདུ་ཤེས་མེད། །ཆོས་ཀྱི་རྣམ་རྟོག་ ཁྲག་ཁྲིག་ཕ་མཐར་རབ་ཏུ་ཕྱིན། །དེ་དག་རྟོག་ལ་མོས་ཤིང་རྣམ་པར་མྱི་རྟོག་སྟེ། །དེ་དག་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྗེས་སུ་ཞུགས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་རྗེས་སེམས་ཤིང་། །གང་ ཞིག་ཆོས་དབྱིངས་ཚུལ་གྱི་མཛོད་དུ་ཞུགས་གྱུར་ལ། །གང་ཞིག་སེམས་ཅན་དབང་པོའི་རྣམ་པ་མཐར་ཕྱིན་པ། །དེ་དག་སེམས་ཅན་གཙོ་བཞིན་ཆོས་ཉིད་ཤེས་པར་བྱེད་པ་ཡིན། །ལྷག་པའི་བསམ་པ་ དགེ་དང་རྟག་པར་མངོན་ལྡན་ཞིང་། །སྐྱེས་བུ་སེང་གེའི་བསྙེན་བཀུར་ཕྱིར་ལྡོག་མྱི་འགྱུར་ལ། །འཇིག་རྟེན་གཙོ་བོ་མཁས་པ་མཐོང་བས་མྱི་ངོམས་པ། །དེ་དག་སངས་རྒྱས་ཁྲག་ཁྲིག་བྱེ་བས་བྱིན་གྱིས་ བརླབས། །ཟབ་མོའི་ཆོས་རྣམས་རྣམ་པར་འབྱེད་ཀྱང་ཆགས་པ་མྱེད། །གནས་པ་མེད་པས་སེམས་ཀྱི་དམ་པ་རྟག་ཏུ་དག །དེ་དག་བསྐལ་པ་མཐའ་ཡས་སྐྱེས་བུའི་སེང་གེ་རྣམས། །དུས་གསུམ་ ཆགས་པ་མེད་པར་རྟོགས་པའི་ཡིད་དང་ལྡན། །མྱི་འཕྲོགས་ཐུབ་པར་མི་ལྡན་ཡིད་ཀྱི་དབང་པོ་དང་། །གསུམ་པ་རྗེས་སུ་སོང་དང་རྟག་ཏུ་ལྡན་གྱུར་ཅིག །ཆོས་རྣམས་འབྱམ་ཀླས་ཤིན་ཏུ་བསླབས་པས་ 73-1-37a རྨོངས་མེད་པ། །དེ་དག་ཆོས་དབྱིངས་འགེངས་ཀྱང་ནམ་ཡང་མི་ངོམས་སོ། །ཚིག་གི་ལམ་འདས་ཇི་བཞིན་མཁས་པ་ཞི་བ་ཤེས། །དེ་བཞིན་ཉིད་ལ་ནམ་ཡང་རྣམ་པར་མྱི་འབྱེད་པ། །དེ་དག་སངས་ རྒྱས་ཐམས་ཅད་ཡུལ་ལ་རྗེས་སེམས་ཤིང་། །དུས་གསུམ་ཆགས་པ་མེད་པར་རྟོགས་པའི་ཡིད་ལྡན་འགྱུར། །མཁས་པ་གང་ཞིག་སེམས་བསྐྱེད་འབྱམ་ཀླས་ཆོས་ཀྱི་དབྱིངས། །འགེངས་ཤིང་ཕྱོགས་བཅུའི་ སངས་རྒྱས་ཞིང་དུ་འགྲོ་བ་ནི། །དེ་དག་ཁྲག་ཁྲིག་ཚུལ་རྣམས་བརྗོད་དུ་མེད་པ་ཡི། །སྣང་བ་བརྙེད་པར་གནས་པའི་རྒྱལ་བའི་སྲས་ཡིན་ནོ། །ཆོས་རབ་མུ་སྟེགས་སྙིང་རྗེའི་ཚུལ་གྱི་རྗེས་སོང་ཞིང་། །བྱམས་པའི་ ཕ་རོལ་ཕྱིན་པ་བར་སྣང་ཇི་བཞིན་ཏེ། །སེམས་ཅན་ཁམས་ལ་རྣམས་ཀྱང་ཡོངས་སུ་རྟོག་མྱེད་པ། །དེ་དག་རྣམ་རྟོག་མེད་ལ་བརྩོན་ཞིང་འཇིག་རྟེན་སྤྱོད། །ཕྱོགས་བཅུ་དག་ཏུ་བདེན་པས་འགྲོ་བ་ཡིད་ འབེབས་པར། །འདོང་བས་སེམས་ཅན་གཙོ་བོ་དེ་དག་ཀུན་ཏུ་རྒྱུ། །བདེན་པའི་ཚིག་བརྩོན་རྟག་ཏུ་ངེས་པའི་སེམས་ལྡན་པ། །དེ་དག་ཕྱོགས་བཅུའི་མྱི་ཡི་མཆོག་གིས་བྱིན་གྱིས་བརླབས། །འདས་ པར་གྱུར་པའི་དུས་ཀྱང་དེ་དག་རྗེས་སུ་དྲན། །དེ་བཞིན་མ་འོངས་དུས་ལ་འཇུག་པ་རྣམ་པར་བསྒོམ། །དེ་དག་ཕྱོགས་བཅུའི་འཇིག་རྟེན་ཀུན་ན་མྱི་གནས་ཏེ། །སེམས་ཅན་ཕན་དང་སྒྲོལ་ཕྱིར་ཀུན་ཏུ་རྣམ་པར་ རྒྱུ། །ཡེ་ཤེས་འོད་མཆོག་དམ་པས་ཆགས་པ་མེད་གྱུར་ལ། །རྒྱུ་ཡི་རྣམ་པ་ཆོས་རབ་ནེམ་ནུར་མེད་བརྟན་རྣམས། །དེ་དག་ཐེ་ཙོམ་ཐམས་ཅད་རྣམ་པར་ལྡོག་པ་བྱེད། །ཆོས་ཀྱི་དབྱིངས་འདིར་ནེམ་ ནུར་མེད་པར་རབ་ཏུ་འཇུག །གང་ཞིག་བདུད་རྣམས་ཀུན་གྱི་གནས་རྣམས་འཇོམས་བྱེད་དང་། །གང་ཡང་སེམས་ཅན་རབ་རིབ་ཤིན་ཏུ་སེལ་བྱེད་དང་། །གང་རྣམས་རྟོག་པ་འཇིག་ཅིང་རྣམ་རྟོག་མི་འགྲོགས་པ། 73-1-37b སེམས་ཅན་གཙོ་བོ་དེ་དག་ཡུལ་ལ་ཐེ་ཙོམ་མེད། །དུས་གསུམ་མ་ལུས་ཐེ་ཙོམ་རྣམ་པར་ལྡོག་བྱས་ཤིང་། །བསམ་པའི་མཆོག་གིས་དེ་བཞིན་གཤེགས་པའི་དྲུང་འགྲོ་སྟེ། །དད་པའི་སྟོབས་དང་ལྡན་ཞིང་ བློ་བསྟན་རྙེད་པ་རྣམས། །དེ་དག་དོན་རྟོགས་ཁོང་དུ་ཆུད་ཅིང་བློ་ཡང་དག །མཁས་པ་འགྲོ་བའི་དོན་དུ་ཕྱི་མའི་མཐར་སྤྲོ་སྟེ། །སེམས་ཅན་དོན་དུ་རྣམ་ཐར་འབྱམ་ཀླས་ཡོངས་སུ་ཚོལ། །ཡུན་རིང་དུས་སུ་སྐྱོ་བ་མེད་ ཅིང་ཞུམ་པ་མེད། །སེམས་ཅན་དམྱལ་བ་སྡུག་བསྔལ་མང་པོ་བཟློག་པར་བྱེད། །དེ་དག་བསོད་ནམས་མི་ཟད་ཡེ་ཤེས་ལྡན། །འགྲོ་བའི་དབང་པོ་སྣ་ཚོགས་བསམ་ལ་རབ་ཏུ་འཇུག །སྐྱེ་དགུའི་ལས་ཀྱི་རྒྱུད་ ཀྱང་ཤིན་ཏུ་ཤེས་བྱས་ཤིང་། །བསམ་པ་ཇི་བཞིན་ཚུལ་འདིའི་ཆོས་རྣམས་མཐའ་ཡས་བརྗོད། །འགྲོ་ལ་བྱམས་པའི་སེམས་རྣམས་ཀུན་དང་རྗེས་སུ་ལྡན། །བདག་མེད་ཉིད་རྟོགས་འོན་ཀྱང་བཏང་སྙོམས་མིན། དེ་དག་སྙིང་བརྩེ་གཅིག་ཏུ་གསལ་བར་ཆོས་ཀྱང་བརྗོད། །འོན་ཀྱང་དམྱིགས་པར་མྱི་གནས་དེ་དག་འཇིག་རྟེན་རྒྱུ། །དེ་དག་འོད་ཟེར་དྲ་བ་སྣ་ཚོགས་མདོག་བཀྱེ་ཞིང་། །འགྲོ་བའི་མུན་པ་བསལ་ཏེ་ཀུན་ཏུ་ སྣང་བྱས་ནས། །འོད་ཟེར་སྒོ་ཡི་པད་མོ་དག་ལ་རྒྱལ་སྲས་རྣམས། །ཀུན་ཏུ་བསྟན་ཏེ་རྡུལ་དང་བྲལ་བའི་ཆོས་ཀྱང་སྟོན། །སྤུ་གཅིག་རྩེ་ལ་ཞིང་རྣམས་རྒྱལ་བས་བརྒྱན་པ་དང་། །དེ་བཞིན་ རྒྱལ་བའི་སྲས་ཀྱིས་བརྒྱན་པ་མངོན་པར་མཐོང་། །འཁོར་རྣམས་བློ་སེམས་གཞན་དང་གཞན་གཅན་དཔེ་མེད་པ། །འགྲོ་བ་དེ་དག་སེམས་ཤེས་རྨོངས་མེད་སྟོན་པ་བྱེད། །སེམས་འཇུག་གཅིག་ གིས་ཕྱོགས་རྣམས་བཅུ་པོ་ཐམས་ཅད་ཀྱི། །བརྗོད་དུ་མེད་པ་ཁྲག་ཁྲིག་ཞིང་རྣམས་ཀུན་བགྲོད་ཅིང་། །སོང་སྟེ་སངས་རྒྱས་འགྲོ་བའི་དོན་དུ་མཆོད་བྱས་ནས། །བྱེ་བ་ཁྲག་ཁྲིག་དོན་ 73-1-38a དང་ལྡན་པ་སྣ་ཚོགས་འདྲི། །བདེར་གཤེགས་རྣམས་ལ་ཕན་པའི་འདུ་ཤེས་ཉེར་བཞག་ཅིང་། །ཆོས་ཀྱི་གཏེར་མཁས་རྟག་ཏུ་ཤེས་རབ་རྣོན་པོ་ཅན། །ཡེ་ཤེས་འབྱུང་གནས་མཁས་པས་ སངས་རྒྱས་ཆགས་མེད་ཕྱིར། །འགྲོ་བའི་དོན་འདོད་བྱང་ཆུབ་མཆོག་གི་སྤྱོད་པ་བསྒྲུབ། །གང་རྣམས་ཆོས་དབྱིངས་རྣམ་པར་ཕྱེ་ཞིང་བསམ་བྱས་ཀྱང་། །བསྐལ་པ་མང་པོ་འདས་བྱས་ཟད་པར་མ་གྱུར་ཏེ། ། ཆོས་ཉིད་གནས་མེད་གང་ལའང་ཆུད་པར་མ་གྱུར་ཀྱང་། །ཆགས་མེད་ཡེ་ཤེས་ཅན་རྣམས་སྐྱོ་སེམས་མེད་པར་སྤྱོད། །དུས་གསུམ་རྒྱལ་བའི་རིགས་སུ་རིགས་དང་ལྡན་འགྱུར་ཞིང་། །བདེར་གཤེགས་ཀུན་ གྱི་སྐུ་ལས་ཡང་དག་བྱུང་གྱུར་པས། །ཆོས་ཀྱི་ལུས་ཅན་དེ་དག་འགྲོ་ལ་གཟུགས་ལུས་ཅན། །སྒྱུ་མཁན་མཁས་པ་ཡིད་འོང་སྒྱུ་མ་སྟོན་པ་བཞིན། །མཁས་པ་དེ་དག་ལ་ལར་སྤྱོད་པ་མཆོག་བརྙེས་སྣང་། ། ལ་ལར་མཁས་པ་སྐྱེ་ཞིང་མྱ་ངན་འདས་པར་སྣང་། །བྱང་ཆུབ་དམ་པའི་མཆོག་ཀྱང་རྣམ་པར་འཚང་ཡང་རྒྱ། །མྱ་ངན་འདའ་བ་སྟོན་པ་འང་དེ་བཞིན་ལ་ལར་སྣང་། །རང་རྒྱལ་རྣམས་དང་ཉན་ཐོས་རྒྱལ་བའི་ ས་མིན་པའི། །ཆོས་ཉིད་དེ་ལ་ཇི་ལྟར་རབ་ཏུ་གནས་པ་ལྟོས། །གླུ་དང་སྒྲ་མེད་བསམ་མེད་འདུ་ཤེས་ལྡན་པ་མིན། །འོན་ཀྱང་བྱ་བ་སྣ་ཚོགས་དུ་མ་ཉེ་བར་སྟོན། །འགྲོ་བར་ཆོས་རྣམས་རྣམ་པར་འབྱེད་ཅིང་ སྐྱེར་འགྱུར་ཏེ། །འཇིག་རྟེན་གཙོ་བོ་མྱི་བཞུགས་ཕྱི་ན་རྒྱལ་སྲས་རྣམས། །ཆགས་མེད་མཐར་ཕྱིན་པ་ཡི་ཡེ་ཤེས་མྱི་གནས་ཏེ། །སངས་རྒྱས་བྱིན་རླབས་རྣམ་པར་འཕྲུལ་པ་དག་ཀྱང་སྟོན། ། འཇིག་རྟེན་འདི་ན་དེ་དག་འདྲ་བ་གང་ཡང་མེད། །དེ་དག་བས་ཀྱང་འཕགས་པའི་ལྟ་གོ་ཅི་ཞིག་སྨོས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡངས་པ་མ་ཐོབ་པར། །ཐམས་ཅད་མཁྱེན་པའི་ཐབས་སུ་ 73-1-38b རྣམ་འཕྲུལ་མཆོག་ཀྱང་ཐོབ། །གང་རྣམས་ཆོས་རབ་འཕགས་པར་རྟག་ཏུ་འཇུག་བྱེད་པ། །དེ་དག་ཆོས་རབ་མཆོག་གི་ཐེག་པ་ཡིན། །འཇིག་རྟེན་དུས་དང་དུས་མིན་ཚོད་ཀྱང་ཤེས་བྱས་ཤིང་། །དེ་དག་ འགྲོ་ལ་ཕན་ཕྱིར་རྣམ་པར་འཕྲུལ་པ་སྟོན། །དཔའ་བོ་གང་རྣམས་ཞིང་ཀུན་དག་གི་ལུས་འགེངས་ཤིང་། །གང་རྣམས་འཇིག་རྟེན་འོད་ཟེར་དྲ་བ་མཆོག་གཏོང་བ། །མུན་པ་གསལ་ཅིང་སྣང་བས་འཇིག་ རྟེན་རྒྱས་པར་བྱེད། །ཀླུ་ཡི་དབང་པོ་བཞིན་དུ་ཆོས་ཀྱི་ཆར་པ་འབེབས། །རྨི་ལམ་ལྟ་བུ་ལོག་པའི་སྒྱུ་མ་འདྲ་བ་ཡི། །འདུ་བྱེད་རབ་ཏུ་ཤེས་ནས་ལམ་རྣམས་སྦྱོར་འཇུག་ཅིང་། །འགྲོ་བ་ཐམས་ ཅད་སྙིང་རྗེ་ཆེན་པོས་ཁྱབ་བྱས་ནས། །རང་བཞིན་དག་པས་ཐར་ལམ་བྱ་བ་མེད་པར་སྟོན། །གང་རྣམས་རྒྱལ་བའི་སྟོབས་རྣམས་ཇི་བཞིན་ཚད་མེད་དང་། །གང་རྣམས་མཁའ་ལྟར་འགྲོ་བ་ཀུན་ཏུ་ མཐའ་ཡས་ཤིང་། །གང་རྣམས་སེམས་ཅན་ཁམས་རྣམས་ཡོངས་སུ་དགྲོལ་བརྩོན་པ། །དེ་དག་བསྐལ་པ་བྱེ་བར་གྲངས་མེད་སྤྱད་པ་སྤྱོད། །ལས་མཆོག་བླ་ན་མེད་པ་ཤིན་ཏུ་སྦྱངས་པ་ཡིས། ། ཡོན་ཏན་དམ་པ་སྣ་ཚོགས་རྣམས་ཀྱང་ཀུན་སེམས་ཤིང་། །བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་པ་མཆོག་མྱི་གཏོང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་རྣམ་པར་ལྟ། །སེམས་འབྱུང་གཅིག་གིས་ འཇིག་རྟེན་བསམ་གྱིས་མི་ཁྱབ་པ། །འབྱམ་ཀླས་ཀུན་ཏུ་རྒྱུ་ཞིང་འགྲོ་བ་རབ་ཏུ་སྣང་། །རྟོག་དང་རྣམ་རྟོག་མྱི་བྱེད་དག་པའི་སེམས་དང་ལྡན། །དེ་དག་གཅིག་མིན་ལུས་ལ་ལུས་གཅིག་སྟོན་པ་བྱེད། ། དེ་དག་འཇིག་རྟེན་ཀུན་ལ་རྟོགས་པར་མི་བྱེད་དེ། །མགོན་པོ་ཀུན་གྱི་ཆོས་ཉིད་ཡོངས་སུ་མི་རྟོག་གོ། །དེ་དག་ཆོས་ཀུན་རྣམ་འབྱེད་འདོད་ཆགས་བྲལ་གྱུར་པ། །འགྲོ་བ་ཐར་པར་བྱ་བ་ཡོངསུ་ 73-1-39a མི་སྟོང་ངོ་། །འཇིག་རྟེན་ཀུན་གྱི་འདུ་ཤེས་རྣམ་པ་གང་ཡོད་པ། །བཟང་ངན་འབྲིང་དང་དེ་བཞིན་ཆུང་དང་སྣ་ཚོགས་ཀྱི། །འདུ་ཤེས་ཐིབས་པོ་དག་དང་རབ་བརྒལ་རྣམ་ཕྱེ་སྟེ། །དེ་དག་བྱིན་བརླབས་ རྣམ་པར་འཕྲུལ་པ་ཤིན་ཏུ་སྟོན། །ཇི་ལྟར་སྒྱུ་མ་རྣམ་པ་སྣ་ཚོགས་ཚད་མེད་པ། །དེ་འདྲའི་རྣམ་པར་འཕྲུལ་པས་ཆོས་དབྱིངས་འདི་དག་འགེངས། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་ལུས་ཀྱི་བྱེ་ བྲག་གིས། །འགྲོ་བ་རྣམས་ཀྱི་མོས་པ་ཇི་བཞིན་སྟོན་པ་བྱེད། །དེ་དག་གང་ལ་མ་ཆགས་རྟོག་དང་རྣམ་རྟོག་མེད། །དག་པ་མེད་ཅིང་ཉོན་མོངས་དེ་བཞིན་རློམ་སེམས་མེད། །དེ་དག་སངས་རྒྱས་ཆགས་ པའི་བློ་མེད་ཐར་ལ་མིན། །འགྲོ་བ་ཀུན་ལའང་བདེ་བའི་འདུ་ཤེས་རབ་ཏུ་བསྐྱེད། །འཇིག་རྟེན་ཀུན་ན་ཤེས་ལ་མཁས་རབ་མི་འཇིགས་པ། །འཇིག་རྟེན་འདུ་ཤེས་གནས་ལ་འཇུག་པར་མྱི་བྱེད་དེ། ། དེ་དག་ཆོས་ཀུན་འདི་ལ་འདུ་ཤེས་གང་ཞེས་རྟོག །དེ་ལྟར་ཞུགས་ན་དུས་གསུམ་གང་ཡང་དམིགས་པ་མེད། །སྔོན་གྱི་མཐར་ཐུག་པ་ཡི་དུས་ལ་རབ་ཞུགས་སྟེ། །ཕྱི་མའི་མཐར་ཐུག་མ་འོངས་པ་ ལ་རབ་ཞུགས་ནས། །ཞིང་རྣམས་ཀུན་ན་ཅི་ཡོད་ཀུན་ཀྱང་དེ་བཞིན་དུ། །ཤིན་ཏུ་ཤེས་ཀྱང་རྟག་པར་གང་ཡང་མྱི་དམྱིགས་སོ། །མྱ་ངན་འདས་པའི་དབྱིངས་ལའང་བརྩོན་པར་དེ་བཞིན་གནས། ། ཉོན་མོངས་མེད་པའི་ཚུལ་གྱི་རྗེས་སོང་མི་གནས་སྟེ། །དེ་དག་ཡང་དག་མཐའ་འདྲ་དེ་ལ་འདྲ་བ་མེད། །བྱང་ཆུབ་སྤྱོད་པ་ལས་ཀྱང་དཔའ་བོ་མྱི་ཟློག་གོ། གང་རྣམས་བྱང་ཆུབ་བསྟན་པའི་རི་རབ་ བཞིན་གནས་ཤིང་། །སངས་རྒྱས་རྒྱལ་སྲས་མཁས་པས་ཆོས་དབྱིངས་ཐམས་ཅད་དང་། །འགྲོ་བ་ཀུན་ཏུ་ཤིན་ཏུ་གང་བྱས་པ། །འདི་ནི་དཔའ་བོ་རྣམས་ཀྱི་སྤྱོད་པའི་མཆོག་ཡིན་ནོ། །བློ་མཆོག་དམ་ 73-1-39b པ་གང་ཞིག་ཐམས་ཅད་མཁྱེན་པ་ཡི། །རྣམ་གྲོལ་མཛེས་པའི་ཚུལ་མཆོག་ཡངས་པ་འདོད་པ་ནི། །དེས་ནི་གང་ལས་ཟག་ཟད་སྲིད་གསུམ་བདེ་འབྱུང་བའི། །བྱང་ཆུབ་སེམས་ལ་རིམ་པ་མེད་པར་ འཇུག་པར་གྱིས། །གང་གི་བསམ་པ་རྡུལ་བྲལ་བྱང་ཆུབ་སེམས་གནས་པ། །དེ་དག་ཡོན་ཏན་ལེགས་པ་ཟད་པར་བརྗོད་མི་ནུས། །འོན་ཀྱང་འགྲོ་བའི་དོན་དུ་བདེ་གཤེགས་ལེགས་བརྗོད་ཕྱིར། །ཡོན་ ཏན་ལྡན་པ་དེ་ཡི་སྤྱོད་པ་མཆོག་ཀྱང་ཉོན། །གང་གིས་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྡུལ་བྱས་སྟེ། །ཕྱོགས་རྣམས་རེ་རེ་ཀུན་ཏུ་བཀང་སྟེ་བགྲང་བྱས་ཤིང་། །དེ་ཡི་རྗེས་སུ་དཔག་པས་རྣམ་ འདྲེན་ཟད་བྱེད་ན། །འདུ་ཤེས་རྣམས་ནི་མཐར་ཐུག་ཟད་པར་མི་འགྱུར་རོ། །གང་ཞིག་སེམས་ཅན་གྲངས་མཁས་སེམས་ཅན་འདུ་ཤེས་མེད། །སྤྱོད་པ་རྩམ་དུ་གཞོལ་ཞིང་སྒྲ་ལ་མ་ཆགས་དང་། ། གང་ཞིག་འཇིག་རྟེན་ཁམས་འབྱེད་ཆགས་པ་མེད་པའི་སེམས། །དེ་དག་ལྡང་དང་གྲངས་མཁས་གྲངས་དམྱིགས་མེད་པ་ཡིན། །ཡིད་ཀྱིས་ནམ་མཁའི་དབྱིངས་ནི་མཐའ་ཡས་རྒྱ་ཆེ་དང་། ། དུས་རྣམས་འཇིག་རྟེན་ཀུན་ཏུ་རྟོགས་པའི་མཁས་པ་གང་། །སྤར་མོས་ཐལ་གཏོར་བཞིན་དུ་ཐེ་ཙོམ་རྣམས་གཏོར་བ། །དེ་དག་སངས་རྒྱས་ཆོས་རྟོགས་ཡིད་ཅན་ཆགས་པ་མེད། །གང་དག་ཕྱོགས་ རྣམས་མཐའ་ཡས་ཞིང་ལ་རབ་འཇུག་ཅིང་། །སེམས་བསྐྱེད་གཅིག་གིས་བློ་ཉམས་མེད་པར་འདོད་བྱེད་པ། །དེ་དག་ཐ་དད་གྲངས་ལ་རྟོགས་པས་དེར་ཞུགས་སྟེ། །སྐྱོ་བ་མེད་པའི་ཆོས་ལ་ཡང་ དག་མཐའ་ལྟར་མཁས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བསམ་ཡས་པའི། །འཁོར་དུ་ཉེ་བར་ཕྱིན་ཏེ་ཞབ་རིང་འཁོར་གནས་ཤིང་། །གཙོ་བོ་དག་ལ་འདྲི་བའི་ཐོག་མར་གང་འགྲོ་བ། །སྤྱོད་ཡུལ་ 73-1-40a མཆོག་ཅན་དེ་ཡི་སྨོན་ལམ་མཆོག་འདི་ཡིན། །གང་ཞིག་ཕྱོགས་རྣམས་ཀུན་གྱི་མགོན་པོ་ཀུན་འདྲ་ཞིང་། །ཆོས་ཉིད་དེ་ལ་ནམ་ཡང་གནས་པར་མ་གྱུར་པ། །ཁམས་གསུམ་དགེ་བ་ གང་ཡོད་ཀུན་གྱི་རྒྱུ་ཡིན་ཏེ། །དེ་དག་ཞིང་རྣམས་ཐམས་ཅད་ཡོངས་སུ་དག་པར་སྤྱོད། །གང་རྣམས་སྐྱེ་བའི་རྒྱུད་དུ་སྲིད་གསུམ་སྣ་ཚོགས་རྣམས། །འཇིག་རྟེན་ཀུན་ན་ཡོད་ལ་མ་ཆགས་མིག་གྱུར་ པ། །དེ་དག་བག་ཆགས་མཁས་ཤིང་དེ་བཞིན་དབང་པོ་མཁས། །མོས་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་དེ་བཞིན་མཁས། །འགྲོ་བའི་བསམ་པ་ཇི་བཞིན་གང་གིས་ཤེས་གྱུར་ཅིང་། །ཤེས་རབ་ ཆེན་པོ་དེ་དག་དེ་བཞིན་ཆོས་སྟོན་པ། །དེ་དག་ཀུན་ནས་ཉོན་མོངས་རྣམས་དག་ཚུལ་ལ་མཁས། །སེམས་ཅན་རྣམས་མང་རྣམ་པར་སྦྱོང་བའི་ལམ་ལྡན་སྟོན། །གང་ཞིག་ཏིང་འཛིན་བྱེ་བ་ཁྲག་ ཁྲིག་བརྗོད་ཡས་རྣམས། །སེམས་ཀྱི་རྒྱུ་བ་གཅིག་གིས་རྗེས་སུ་ཞུགས་གྱུར་པ། །དེ་དག་མཚན་མ་སྣ་ཚོགས་གནས་པ་རབ་ཏུ་ཤེས། །ལྡང་བའི་རྒྱུ་ལ་མཁས་ཤིང་བློ་གྲོས་སྤྱོད་ཡུལ་ཤེས། །ཆགས་ མྱེད་བྱང་ཆུབ་དེ་ལ་མངོན་དུ་གང་བཞུགས་ཤིང་། །འགྲོ་ལ་ཕན་པའི་དོན་དུ་བློ་ཡོངས་སུ་ཞུགས་པ། །ཡེ་ཤེས་འབྱམ་ཀླས་འདི་དང་དེ་དག་ལྡན་པ་ཡིན། །དེ་ཕྱིར་དེ་དག་སྐྱེས་བུ་མཆོག་གི་གསུང་ ཡང་སྒྲོག །གང་ཞིག་སྐལ་པ་རིང་དང་བསྐལ་པ་ཐུང་མཁས་ཤིང་། །ཉིན་ཞག་མཁས་ཤིང་དེ་བཞིན་ཟླ་བྱེད་མཁས། །གང་ཡང་འཇིག་རྟེན་རྟག་ཏུ་སྐྱེ་བ་མཁས་གྱུར་པ། །ཞིང་གི་རྣམ་པ་ མཁས་ཤིང་རྣམ་ཕྱེའི་ཆོས་མེད་པའོ། །གང་རྣམས་ཕྱོགས་ལ་ཞུགས་སྟེ་ཕྱོགས་ཀྱི་རྗེས་འབྲང་ཞིང་། །ཕྱོགས་ཀུན་ཚད་ནི་རྗེས་སུ་ཤེས་པར་མ་གྱུར་པ། །དེ་དག་དབུས་མས་ཕྱོགས་ཀྱི་རྗེས་ 73-1-40b སུ་འགྲོ་བྱེད་ཅིང་། །ཞིང་རྣམས་སྦྱོང་ཡང་ཡོངས་སུ་དག་རྟོགས་ཆགས་པ་མེད། །སྟོབས་ལ་འཇུག་པས་རྒྱལ་བ་རྣམས་ཀྱི་སྟོབས་ཤེས་པ། །འགྲོ་བ་རྣམས་ཀྱི་གནས་དང་གནས་མིན་བསམ་བྱས་ནས། ། འདས་དང་མ་འོངས་ད་ལྟར་བྱུང་བའི་ལས་ཀྱི་ས། །ཡང་དག་རྟོགས་བྱས་ལས་ཀྱི་རྣམ་པར་སྨིན་ལ་གནས། །འཇིག་རྟེན་ཀུན་མཁས་སྣ་ཚོགས་ཐ་དད་དེ་བཞིན་དུ། །སྲིད་གསུམ་རྣམ་པར་རྒྱུ་བའི་ ཚུལ་ཡང་ཅི་བཞིན་དང་། །དབང་པོ་རྣོན་པོ་འབྲིང་དང་དབང་པོ་ཐ་མར་ཡང་། །འགྲོ་བ་མ་ལུས་ཀུན་གྱི་དབང་པོ་རྣམ་པར་འབྱེད། །མོས་པ་རྣམ་པ་སྣ་ཚོགས་དགེ་དང་མི་དགེ་དང་། །བཟང་ངན་དེ་བཞིན་འབྲིང་ ལ་རྣམ་པར་སེམས་བྱེད་ཅིང་། །འགྲོ་བ་ཀུན་ཏུ་འགྲོ་བ་བསྟན་པ་རྣམ་པར་བྱེད། །སྲིད་གསུམ་རྒྱུ་ཡི་རྒྱུད་ཀྱང་རབ་ཏུ་ཤེས། །བསམ་གཏན་རྣམ་ཐར་ཉོན་མོངས་ཇི་བཞིན་མཚན་མཐོང་ཞིང་། །ཉོན་མོངས་ མཚམས་སྦྱོར་རྣམ་བྱང་ཅི་འགྱུར་དང་། །སྔོན་ཆད་གནས་ཀྱི་བདེ་དང་སྡུག་བསྔལ་རྒྱུད་རྣམས་ཀྱང་། །བསྟན་པ་རྣམས་ནི་སངས་རྒྱས་སྟོབས་རྣམས་སྦྱོང་བར་བྱེད། །ཇི་ལྟར་འགྲོ་བའི་ ལམ་རྒྱུད་ཉོན་མོངས་ལས་འཇུག་དང་། །འགྲོ་རྒྱུད་ཐམས་ཅད་འཇུག་ཅིང་ཞིར་འགྱུར་ཐམས་ཅད་དང་། །ཟག་པ་སྣ་ཚོགས་རྣམས་ཀྱང་ཇི་ལྟར་སྐྱེས་འགྱུར་བ། །བག་ཆགས་མཚམས་སྦྱོར་ཅི་བཞིན་དེ་ བཞིན་རབ་ཏུ་འཇུག །ཇི་ལྟར་འཇིག་རྟེན་ཉོན་མོངས་ཟད་ཅིང་དག་གྱུར་པ། །དེ་ལ་སྐྱེས་བུ་ཁྱུ་མཆོག་སྤྱོད་པའི་བློ་དང་ལྡན། །སྟོབས་འཆང་དག་ནི་སྟོབས་བཅུ་རྣམས་ཀྱི་འོད་སྣང་སྟེ། །རྒྱལ་བའི་སྟོབས་ ཀྱང་ཐོབ་མིན་ཐེ་ཙོམ་ཡོད་པ་མིན། །སྤུ་རྩེ་གཅིག་ལ་གང་རྣམས་རྣམ་པར་སེམས་བྱེད་ཅིང་། །ལ་ལ་ཉོན་མོངས་ལ་ལ་དོག་དང་ཡངས་པ་ཡི། །སྣ་ཚོགས་ཞིང་རྣམས་ཚད་ལས་འདས་པ་ཀུན་མཐོང་ནས། 73-1-41a ལས་དང་བྱ་བ་སྣ་ཚོགས་རྒྱུད་དུ་རབ་ཏུ་ཤེས། །གང་རྣམས་རྡུལ་གཅིག་རྩེ་ལ་རྣམ་སེམས་བརྗོད་མེད་པའི། །ཞིང་དང་བདེ་གཤེགས་སྲས་རྣམས་སེམས་ཅན་གཙོ་མཐོང་ཡང་། ། ཞིང་རྣམས་འཁྲུགས་ཤིང་འདྲེས་པའི་ཉེས་པ་གང་མེད་པ། །གཅིག་ནས་འཇུག་པས་རྣལ་འབྱོར་ལྡན་པ་ཀུན་འཇུག་ལ། །སྤུ་གཅིག་རྩེ་ལ་ཕྱོགས་བཅུ་ཐམས་ཅད་རྣམ་ཕྱེ་སྟེ། །ནམ་མཁའི་དབྱིངས་ ཐུག་འཇིག་རྟེན་ཁམས་རྣམས་ཀུན་ཞུགས་ཤིང་། །ཕྱོགས་འགའ་ཙམ་ཡང་རྒྱལ་བས་སྟོང་པར་མཐོང་བ་མེད། །དེ་བཞིན་ཞིང་དང་འཇིག་རྟེན་འབྱམ་ཀླས་དེ་དག་སྦྱོང་། །དེ་ལྟར་བསྟན་པས་རྒྱལ་བས་སྟོང་ མིན་ཞིང་ཤེས་ནས། །འཇིག་རྟེན་ཀུན་ཀྱང་སྤུ་རྩེ་གཅིག་ལ་ཡོད་པར་འཇུག །དུས་གསུམ་རྒྱུད་རྣམས་མཚན་ཉིད་ཐ་དད་ཁམས་ཀུན་དང་། །ཉིན་ཞག་དུས་དང་ཟླ་ཕྱེད་རྒྱུད་ཀྱི་རྣམ་ཐར་འཇུག །དེ་ལྟར་རྒྱལ་སྲས་ འཇིགས་མེད་བྱང་ཆུབ་སེམས་དཔའ་རྣམས། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་རྒྱལ་སྲིད་ཐོབ་ཞུགས་པ། །དེ་དག་འདི་འདྲ་ཤེས་ནས་རྗེས་སུ་སེམས་བྱེད་ཅིང་། །བདེ་གཤེགས་རྣམས་ལ་དགའ་བ་མཐའ་ཡས་ ཡངས་པ་འཐོབ། །གང་རྣམས་བྱེ་བ་ཁྲག་ཁྲིག་སྣ་ཚོགས་ལུས་བསྒྱུར་ཅིང་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མངོན་པར་མཆོད་པའི་ཕྱིར། །རྣམ་འཕྲུལ་དམ་པ་བཟང་པོ་ཀུན་ཏུ་སྟོན་བྱེད་པ། །དེ་དག་ མགོན་པོ་རྣམས་ཀྱི་སྤྱོད་ཡུལ་རབ་ཏུ་ཞུགས། །གང་རྣམས་སངས་རྒྱས་བྱེ་བ་ཁྲག་ཁྲིག་དྲུང་བསླབས་ཤིང་། །གང་རྣམས་ཆོས་ཀྱི་མཛོད་རྟོགས་ཡིད་ལ་ངོམས་མེད་དེ། །གང་དག་མགོན་པོ་ཁྱུ་མཆོག་ རྣམས་ལ་དགའ་སེམས་པ། །དེ་དག་ཆོས་ཀྱི་སྤྲིན་ཡིན་སྤྱོད་པ་མང་ལ་སྤྱོད། །ཡེ་ཤེས་འཕེལ་བར་འགྱུར་བའི་ཆོས་ཀྱི་གནས་མཁས་པ། དེ་དག་སངས་རྒྱས་འབྱུང་གནས་ཏིང་འཛིན་ཐོབ་པ་ཡིན། །རི་རྒྱལ་ལྟ་བུ་ 73-1-41b དེ་དག་དད་པའི་འབྱུང་གནས་རྟེན། །ཡེ་ཤེས་འབྱུང་གནས་འགྲོ་བའི་ཡོན་ཏན་འབྱུང་གནས་སོ། །གནས་པ་མེད་པ་དམ་པ་ཤིན་ཏུ་ཡངས་པ་དང་། །ཐམས་ཅད་མཁྱེན་ལ་མངོན་གྱུར་མྱ་ངན་མེད་པ་དང་། ། སེམས་ཅན་སྐྱོབ་ཅིང་ཉོན་མོངས་རྙོག་པ་མེད་ཞུགས་པའི། །བྱམས་པའི་བསམ་པས་འགྲོ་བ་ཀུན་ཀྱང་སེམས་འགེངས་ཤིང་། །དེ་དག་སྙིང་རྗེའི་བློ་ཡང་ཤིན་ཏུ་ཡངས་པ་ཡིན། །བདག་ལ་ཅིར་སེམས་དེ་བཞིན་ སངས་རྒྱས་སེམས་ཅན་ལ། །གཞན་དུ་ནམ་མཁའ་ལྟ་བུར་མཚན་ཉིད་མེད་པར་འཇུག །ཉམས་པར་འགྱུར་བའི་སེམས་ཅན་རྣམས་མཐོང་ཕྱིར་ཞིང་བརྩོན། །བྱང་ཆུབ་སེམས་ལ་མཁས་པ་དག་གི་ཚད་དག་ནི། ། བསྐལ་པ་བྱེ་བའི་མཐས་ཀྱང་བརྗོད་པར་མི་ནུས་སྟེ། །ཅི་ཕྱིར་ཞེ་ན་དེ་ལས་སངས་རྒྱས་ཐམས་ཅད་འབྱུང་། །དབང་དེས་རིམ་གྲོར་བྱས་དང་རང་རྒྱལ་ཀུན་ཀྱང་འབྱུང་། །ཕྱོགས་བཅུའི་ཞིང་རྣམས་གྲངས་ མེད་བཅུར་ནི་མེད་གྱུར་པའི། །སེམས་ཅན་ཐམས་ཅད་བསྐལ་པ་གཅིག་ལ་དེར་བགོད་ཅིང་། །བསླབ་པ་བཅུ་དང་དགེ་བཅུ་བསམ་གཏན་འཐོབ་པ་དང་། །ཚངས་པ་དག་དང་རྣམ་གྲོལ་ཞི་བའི་གནས་བཀོད་ཅིང་། ། དེ་དག་བསྐལ་པ་བྱེ་བར་བདེ་བར་རབ་བཀོད་དེ། །དགྲ་བཅོམ་ཉོན་མོངས་ཞི་ལ་རབ་ཏུ་བགོད་བྱས་ཀྱང་། །བྱང་ཆུབ་སེམས་དཔའི་དགེ་བའི་ཚོགས་ཀྱི་ཆར་མྱི་རུང་། །བྱང་ཆུབ་སེམས་དཔའ་བཞུགས་མ་ཐག་ཏུ་ཚོགས་ཆེན་ ཚོགས། །ཉོན་མོངས་མེད་ཅིང་ཤིན་ཏུ་ཕྲ་ལམ་རྟོགས་པ་ཡི། །རང་རྒྱལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བཀོད་གྱུར་ཀྱང་། །བསོད་ནམས་བསགས་པ་དེས་ན་བྱང་ཆུབ་སེམས་རབ་ལ། །གྲངས་དང་ཆ་དང་བགྲང་བའི་ རྣམ་པར་ཉེར་མྱི་འགྲོ། །ཞིང་གི་རྡུལ་ནི་ཚད་གྱིས་ཤེས་པར་རུང་ཡང་སྲིད། །སྐད་ཅིག་སེམས་ཀྱིས་ཞིང་མང་ཡོངས་སུ་འདས་བྱས་ཤིང་། །དེ་ལྟར་བསྐལ་པ་བརྗོད་ཡས་ཟད་པར་འགྲོ་བྱས་ན། །ཞིང་མཐའ་ཐུག་པར་ 73-1-42a རུང་སྲིད་བྱང་ཆུབ་སེམས་མཆོག་མིན། །མཐའ་རྣམས་ཀུན་ཏུ་བསྐལ་པ་མང་པོའི་མཐའ་མེད་དེ། །སྔོན་གྱི་མཐའ་གྱུར་བསྐལ་པ་དེ་བཞིན་མ་འོངས་དང་། །ད་ལྟར་བྱུང་བའི་སྐལ་པ་ཟད་དང་ ཐུབ་མེད་པའི། །བསྐལ་པ་དེ་དག་ཟད་སྲིད་བྱང་ཆུབ་སེམས་མ་ཡིན། །ཅི་ཕྱིར་ཞེ་ན་འདི་ལྟར་ཕྱོགས་རྣམས་ཀུན་བཀང་ཤིང་། །རྟོག་དང་རྣམ་རྟོག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། །སྐད་ཅིག་ གཅིག་གིས་དུས་གསུམ་གཏོགས་པར་བྱ་དོན་ཏུ། །འགྲོ་བའི་དོན་དུ་འདོད་ཅིང་སེམས་མཆོག་རིན་ཆེན་སྐྱེ། །ཕྱོགས་བཅུའི་ཞིང་རྣམས་སྟོང་མང་ཀུན་ཏུ་མཐའ་ཡས་པའི། །འགྲོ་བ་རྣམས་ཀྱི་མོས་པ་ བསམ་པ་ཅི་འདྲ་དང་། །སྦྱོར་བ་གང་དང་སེམས་དང་སྤྱོད་པ་དེ་བཞིན་ཏེ། །མཐར་ཐུག་རུང་སྲིད་མཁའ་འགྲོའི་བྱང་ཆུབ་སེམས་མཐའ་མིན། །དེ་ནི་འདི་ལྟར་ཕྱོགས་བཅུ་བྱམས་དང་སྙིང་རྗེ་དང་། །བསམ་ པ་ཆེན་པོས་འགྲོ་བ་ཐམས་ཅད་རྒྱས་བྱས་ཤིང་། །ཐར་པའི་དོན་དུ་སངས་རྒྱས་ཡོན་ཏན་ཀུན་སྤྱོད་ཕྱིར། །རིན་ཆེན་སེམས་ཀྱི་སྟོབས་ནི་ཚད་མེད་རབ་ཏུ་སྐྱེས། །མོས་དང་བསམ་པ་ཡིད་བཞིན་ ཡང་དག་སྦྱོར་བ་དང་། །འགྲོ་བའི་དབང་པོ་སྦྱོར་བར་སེམས་དང་སྤྱོད་པ་རྣམས། །སྐད་གཅིག་གཅིག་གིས་ཇི་བཞིན་རྟོགས་པར་བྱ་བའི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྟ་བུའི་སེམས་སྐྱེའོ། ། འགྲོ་བའི་ལས་དང་ཉོན་མོངས་སྣ་ཚོགས་འབྱམ་ཀླས་པ། །གང་གིས་ཁམས་གསུམ་འདི་དག་ཏུ་ནི་སྐྱེ་འགྱུར་བ། །དེ་དག་མཐའ་ནི་ཕྱོགས་བཅུར་རྙེད་པར་རུང་སྲིད་ཀྱིས། །བྱང་ཆུབ་སེམས་ཀྱི་མཆོག་ལ་ཀུན་ཏུ་ མཐའ་མེད་དོ། །ཅི་ཕྱིར་ཞེ་ན་འདི་ལྟར་ཉོན་མོངས་ལས་གྲོལ་བའི། །སེམས་ནི་དེ་བཞིན་གཤེགས་པ་མཆོད་པའི་དོན་དུ་སྐྱེ། །ཉོན་མོངས་གྲོལ་བྱེད་དེ་བཞིན་ལས་ཀྱི་རྒྱུད་ཀྱང་བཅོམ། །དུས་གསུམ་མུན་ 73-1-42b པ་སེལ་ཅིང་མི་ཟད་སྙིང་རྗེས་བྱུང་། །ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་དང་། །སེམས་ཅན་མང་པོ་ཐམས་ཅད་སེམས་གཅིག་བསྐྱེད་པ་ཡིས། །སྤོས་དང་མེ་ཏོག་ཕྲེང་བ་བྱུག་པ་དམ་པ་དང་། ། གདུགས་དང་རྒྱལ་མཚན་བཟའ་བཏུང་ན་བཟའ་མཆོད་པར་བྱེད། །གཞན་ཡང་གཏན་གྱི་རྣམ་པ་འཆག་ས་དམ་པ་དང་། །ཕོ་བྲང་མང་པོ་སྣ་ཚོགས་ཙན་དན་མཆོག་བསམས་པ། །ནོར་བུ་རིན་ཆེན་རྣམ་ པར་སྣང་བས་བརྒྱན་པ་དང་། །ཡིད་བཞིན་ནོར་བུ་ཡིད་འོང་བརྒྱན་པས་མཆོད་བྱས་སྟེ། །དེ་ལྟར་བདེ་གཤེགས་སེམས་ཅན་མངོན་པར་མཆོད་བྱེད་པས། །བསྐལ་པ་ཁྲག་ཁྲིག་བརྗོད་དུ་མེད་པར་ཟད་བྱས་ཀྱང་། ། བྱང་ཆུབ་སེམས་དཔའི་བདེ་བརྩགས་མཐར་ཕྱིན་བདེ་བ་ཉིད། །གང་བསྒྲུབ་བྱང་ཆུབ་སེམས་ལ་མཉམ་པར་ཉེར་འགྲོའོ། །ཇི་སྙེད་དཔེར་བརྗོད་བྱས་པ་འདི་དག་ཐམས་ཅད་ཀྱང་། །ཡང་དག་སྐྱེས་པའི་བྱང་ ཆུབ་སེམས་ཀྱི་ཆར་མི་རུང་། །དེ་ཡང་འདི་ལྟར་དུས་གསུམ་བཞུགས་པའི་སྐྱེས་བུ་མཆོག །ཐམས་ཅད་བྱང་ཆུབ་སེམས་མཆོག་དེ་ལས་བྱུང་བ་ཡིན། །བྱང་ཆུབ་སེམས་ནི་ཆགས་པ་མེད་པའི་མཐར་ ཕྱིན་ཏེ། །ཐམས་ཅད་གཅིག་ལ་གནས་ཀྱང་དེ་ལ་ཚད་ཡོད་མིན། །ཐམས་ཅད་བྱང་ཆུབ་སེམས་མཆོག་དེ་ལས་ཚད་མེད་སྟོབས། །སེམས་ཅན་རང་བཞིན་དེ་བཞིན་བྱང་ཆུབ་མཐར་ཡང་ཕྱིན། །བྱང་ཆུབ་ སེམས་འདི་ནམ་མཁའི་མཐའ་དང་མཉམ་པ་སྟེ། །ཆོས་རྣམས་ཀུན་ལ་ཁྱབ་པའི་ཆོས་དབྱིངས་ཅི་བཞིན་ནོ། །ཚད་མེད་དེ་བཞིན་ཉིད་ཀུན་དེའི་སྤྱོད་ཡུལ་གྱུར། །དེས་ནི་ཀུན་ཏུ་ཁྱབ་པའི་སེམས་ཅན་གཙོ་ བཞིན་ནོ། །དེ་ནི་འབྱམ་ཀླས་ཆོས་རྣམས་ཀུན་ལ་རྗེས་སུ་ཞུགས། །དེས་ནི་ཞིང་རྣམས་འབྱམ་ཀླས་ཀུན་ཏུ་ཁྱབ། །དེས་ནི་ཤེས་པ་འབྱམས་ཀླས་ཐམས་ཅད་རྟོགས་པར་ཆུད། །དེས་ནི་སངས་རྒྱས་ 73-1-43a འབྱམ་ཀླས་ཀུན་དང་འགལ་མེད་ཐོབ། །རྟག་ཏུ་བསོད་ནམས་བླ་ན་མེད་པ་དག་དང་ལྡན། །དེ་བཞིན་རྟག་ཏུ་ཚུལ་ཁྲིམས་རྣམས་དག་མི་གནས་ལྡན། །རྟག་ཏུ་ཀུན་སྟོང་རྟག་པར་རབ་ཏུ་དགེ་ བ་སྟེ། །ལྡོག་པ་མེད་པའི་བརྩོན་འགྲུས་མཆོག་དང་རབ་ཏུ་ལྡན། །བསམ་གཏན་མཛོད་ལ་རྟག་པར་བསམ་གཏན་འཇུག་པར་བྱེད། །ཤེས་རབ་ཤིན་ཏུ་ཡངས་པ་དང་ཡང་རྟག་ཏུ་ལྡན། །རྒྱལ་སྲས་རྣམས་ ཀྱི་ས་རབ་དམ་པ་གང་ཡོད་པ། །དེ་དག་དོན་དུ་ཡེ་ཤེས་ཀུན་ཏུ་བཟང་པོ་བྱུང་། །འགྲོ་བ་ཀུན་ན་སྐྱེས་བུ་ཡེ་ཤེས་གང་བཞུགས་པ། །དེ་དག་གིས་ནི་བྱང་ཆུབ་སེམས་རབ་བྱིན་གྱིས་བརླབས། །ཏིང་ངེ་འཛིན་དང་ གཟུངས་ཀྱི་དམ་པར་རབ་ཏུ་བརྒྱན། །དེ་བཞིན་གཤེགས་པའི་རྣམ་འཕྲུལ་རྣམ་པས་རབ་ཏུ་བརྒྱན། །འཇིག་རྟེན་ཀུན་དང་འགྲོ་བ་རྣམས་ཀྱི་ཇི་ཙམ་ཚད། །ནམ་མཁའི་ཚད་ཀྱང་ཕྱོགས་བཅུ་དག་གི་ཇི་ ཙམ་པ། །དེ་དག་བས་ཀྱང་བྱང་ཆུབ་སེམས་འདི་ཚད་མེད་དེ། །དེ་ལས་སྐྱེས་བུའི་སེང་གེ་ཀུན་ཀྱང་སྐྱེས་ཤིང་བྱུང་། །བྱང་ཆུབ་སེམས་འདི་སྟོབས་བཅུ་རྣམས་ཀྱི་རྩ་བ་སྟེ། །བརྟེན་པ་བཞི་ཡི་གནས་ ཡིན་སོ་སོར་ཤེས་པའི་ཚེ། །རྒྱལ་བའི་ཆོས་རྣམས་བཅྭོ་བརྒྱད་ཡང་དག་འབྱིན་པ་སྟེ། །སྐྱེས་བུའི་གཙོ་བོས་མཁྱེན་པར་བྱ་བའི་ཆོས་ཀུན་འབྱིན། །གཟུགས་ཀྱི་སྐུ་ནི་མཚན་རབ་རྣམས་ཀྱིས་ བསྩགས་པ་དང་། །ཆོས་སྐུ་མཉམ་ཉིད་རྟོག་པ་མྱི་མངའ་བརྙེས་པ་དང་། །འགྲོ་བས་མཆོད་པའི་ཡེ་ཤེས་ཆགས་མེད་གང་བྱུང་བ། །ཀུན་གྱི་རྩ་བ་འབྱུང་གནས་བྱང་ཆུབ་སེམས་འདི་ཡིན། །རང་ རྒྱལ་ཐེག་པ་འབྱུང་ཞིང་ཉན་ཐོས་ཐེག་པའང་འབྱུང་། །བསམ་གཏན་ཏིང་འཛིན་བདེ་བ་གཟུགས་ཀྱི་ཁམས་རྣམས་དང་། །གཟུགས་མེད་ཁམས་དང་ཏིང་ངེ་འཛིན་གྱི་བདེ་བ་དག །ཀུན་གྱི་རྩ་བ་ 73-1-43b བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །མི་དང་དེ་བཞིན་ལྷ་ཡི་དབང་པོ་བདེ་བ་དང་། །ལམ་རྒྱུད་སྣ་ཚོགས་ཀུན་ཀྱང་འདི་ལ་ཤིན་ཏུ་སྦྱངས། །བརྩོན་འགྲུས་སྟོབས་དང་དབང་པོའི་བདེ་བ་གང་ཡོད་པ། །ཀུན་གྱི་ རྩ་བ་དང་པོ་བྱང་ཆུབ་སེམས་འདི་ཡིན། །ཅི་ཕྱིར་ཞེ་ན་འདི་ལྟར་བྱང་ཆུབ་སེམས་བསྐྱེད་ཅིང་། །ཕ་རོལ་ཕྱིན་དྲུག་བརྩོན་པར་སྤྱད་པ་རབ་ཏུ་སྤྱོད། །སེམས་ཅན་རྣམས་ལའང་སྤྱོད་པ་ཡང་དག་རབ་ཏུ་སྟོན། །དེས་ ནི་ཁམས་གསུམ་འགྲོ་བའི་བདེ་བ་ཀུན་ཀྱང་འབྱུང་། །སངས་རྒྱས་ཆགས་མེད་ཐུགས་ཆུད་དོན་དམ་མཁྱེན་པ་རྣམས། །ཆོས་ཀྱི་དམ་པའི་མཆོག་རྣམས་ཡང་དག་ཀུན་སྟོན་ཅིང་། །རྒྱ་ཆེན་ཉོན་མོངས་ལས་ལས་ སེམས་ཅན་གྲོལ་མཛད་དེ། །མྱ་ངན་འདས་པ་དམ་པ་མཆོག་ལ་དགོད་མཛད་པ། །ཡེ་ཤེས་འོད་ཟེར་འོད་ཡང་ཉི་མ་ལྟ་བུ་སྟེ། །འགྲོ་བར་སྤྱོད་པ་དཀར་པོས་ཡོངས་རྒྱས་ཟླ་བ་བཞིན། །ཡོན་ཏན་ཤིན་ཏུ་ བསགས་པ་ཚད་མེད་ཆུ་ལྟ་བུ། །དྲི་མེད་ཆགས་པ་མི་མངའ་ཚད་མེད་མཁའ་དབྱིངས་འདྲ། །གང་ཞིག་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་ཡངས་པ། །ཤིན་ཏུ་ཆེ་ཞིབ་བདེ་སྐྱིད་ཚད་མེད་སྨོན་བྱེད་ཅིང་། ། ཕྱི་མའི་མཐར་ཐུག་སྤྱོད་པར་སྨོན་པས་སུ་བརྩོན་པ། །དེ་དག་སེམས་ཅན་གདུལ་བའི་དོན་ཕྱིར་རྟག་ཏུ་བརྩོན། །འཇིག་རྟེན་འབྱམ་ཀླས་ཐམས་ཅད་རྣམ་པར་སྣང་བའི་ཕྱིར། །སྨོན་ལམ་བྱེ་བ་ཁྲག་ ཁྲིག་བསམ་གྱིས་མི་ཁྱབ་དང་། །སྟོང་པ་མཚན་མ་མེད་པ་སྨོན་མེད་མི་གནས་པ། །སྨོན་ལམ་བྱེ་བ་བརྒྱས་ནི་སེམས་ཀྱི་བག་ཆགས་དག་པར་འགྱུར། །ཆོས་ཀྱི་རང་བཞིན་ནམཁའ་ལྟ་བུ་སུས་རྟོགས་ ཤིང་། །ཞི་དང་རབ་ཞི་ཉེར་ཞིར་ཐམས་ཅད་མཉམ་གཞོག་པ། །དེ་དག་ཆོས་གྲངས་ཁྲག་ཁྲིག་བསམ་གྱིས་མྱི་ཁྱབ་པའི། །གྲངས་སུ་འགྲོ་ལ་སྟོན་ཀྱང་དེ་ནི་གནས་པ་མེད། །ཕྱོགས་བཅུ་ཀུན་གྱི་ 73-1-44a འཇིག་རྟེན་གཙོ་བོ་ཇི་སྙེད་པ། །དེ་དག་ཀུན་གྱི་བྱང་ཆུབ་སེམས་མཆོག་འདི་བསྔགས་སྟེ། །ཡོན་ཏན་བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པས་ཀྱང་བརྒྱན། །སེམས་ཅན་གཙོ་བཞིན་ཡང་དག་ཕ་རོལ་ཕྱིན་ པ་ཡིན། །བསྐལ་པ་སེམས་ཅན་སྙེད་དུ་གལ་ཏེ་ལེགས་བརྗོད་ཀྱང་། །བྱང་ཆུབ་སེམས་རབ་དེ་ལ་མཐར་ཐུག་གང་ཡང་མེད། །རྒྱལ་བ་འབྱུང་བའི་རིན་ཆེན་དེར་ནི་གང་སྐྱེས་པ། །དེ་ཡི་དཔེ་ནི་ཁམས་ གསུམ་གློངས་ཀྱང་གང་ཡང་མེད། །དུས་གསུམ་རྒྱལ་བ་ཀུན་གྱིས་གང་ཞིག་བསྩགས་པ་ཡི། །བྱང་ཆུབ་སེམས་རབ་དེ་ལ་སྨོན་ལམ་ཀུན་གྱིས་གྱིས། །བྱང་ཆུབ་སེམས་རབ་དམ་པ་དེ་ནི་བསོད་ནམས་ གཏེར། །དེས་ནི་རྒྱལ་སྲས་ཆགས་པ་མེད་པ་རབ་ཏུ་འཐོབ། །འགྲོ་བའི་སེམས་དང་སྤྱོད་པ་ཤེས་ཤིང་མཐོང་རུང་སྲིད། །ཞིང་རྣམས་རྡུལ་དུ་བླགས་ཏེ་བགྲང་བར་ནུས་ཀྱང་སྲིད། །བར་སྣང་སྐྲ་ཡིས་མཉམ་པར་གཞལ་ བར་ནུས་སྲིད་ཀྱི། །བྱང་ཆུབ་སེམས་མཆོག་ཡོན་ཏན་མཐར་ཕྱིན་མྱི་ནུས་སོ། །འདི་ལས་དུས་གསུམ་སངས་རྒྱས་ཐམས་ཅད་རབ་ཏུ་འབྱུང་། །འདི་ལས་འཇིག་རྟེན་འགྲོ་བ་ཀུན་གྱི་བདེ་བ་འབྱུང་། །འདི་ལས་རྒྱལ་ བས་བསྔགས་པའི་ལེགས་པ་ཐམས་ཅད་འབྱུང་། །འདིས་ནི་སེམས་ཅན་གཙོ་ལ་ཐེ་ཙོམ་མེད་པར་འགྱུར། །འདིས་ནི་འཇིག་རྟེན་ཀུན་གྱི་སྒྲིབ་པ་ཟད་པར་འགྱུར། །འདིས་ནི་ཞིང་རྣམས་ཡོངས་སུ་དག་པའི་ མཆོག་དུ་འགྱུར། །འདི་ལས་འཇིག་རྟེན་དམ་པ་ཤེས་དང་ལྡན་པ་འབྱུང་། །གང་ཞིག་ཕྱོགས་བཅུའི་རྒྱལ་བ་ལྟ་བར་འདོད་པ་དང་། །གང་ཞིག་བྱིན་དང་བསོད་ནམས་མྱི་ཟད་མཛོད་འདོད་དང་། །གང་ཞིག་འགྲོ་བ་ཀུན་གྱི་ སྡུག་བསྔལ་ཟློག་འདོད་པ། །དེས་ནི་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་བསྐྱེད་བྱ། །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསྩགས་པ་ 73-1-44b ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་གཉིས་སོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ནས་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ཀྱི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་རབ་ཏུ་ཐོབ་པ། སེམས་དང་པོ་བསྐྱེད་པ་ལ་གནས་པ། དེ་ལྟར་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་ཆེན་པོ་ལ་ཡང་དག་པར་འཛེག་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཤིན་ཏུ་ཆུད་པ། འཇིག་རྟེན་གྱེན་དུ་ཁྲིད་པར་བྱེད་པ། རྣམ་པར་བཟློག་པ་རྫོགས་པའི་སངས་རྒྱས་ ཀྱི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་ཀྱི་རྗེས་སུ་སོང་བ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ ལ་ཤིན་ཏུ་ངེས་པ། རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་གཞོལ་བ་དེ་དག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཇི་ལྟར་བརྩོན་པ་བྱས་པའི་རྣམ་པ་གང་གིས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་ འགྱུར་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལས་འདས་པར་འགྱུར་བ་དང་། སྤྱོད་པའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་དག་པར་འགྱུར་བ་དང་། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་ བ་དང་། བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་སྣོད་ཇི་བཞིན་དུ་སྦྱིན་པ་བྱེད་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཡོངས་སུ་མྱི་ གཏོང་བར་འགྱུར་བ་དང་། ཇི་ལྟར་དམ་བཅས་པའི་སེམས་ཅན་རྣམས་སྒྲོལ་བར་འགྱུར་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གདུང་མི་ཆད་པར་འགྱུར་བ་དང་། དགེ་བའི་རྩ་བ་དམིགས་པ་ཐམས་ 73-1-45a ཅད་དུ་སྦྱོར་བ་དོན་མེད་པར་མི་འགྱུར་བ་དང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལ་བརྩོན་པར་བྱས་པས་ཆོས་ཀྱི་ཡུལ་འདི་དག་ཡོངས་སུ་རྫོགས་པར་འགྱུར་བར་ཇི་ལྟར་བརྩམས་ པར་བྱ་བ་དེ་ལེགས་པར་བཤད་པ་མཛོད་ཅིག །འཁོར་འདི་དག་ཐམས་ཅད་ནི་ཉན་པར་འདོད་དོ། །སེམས་ཅན་ཆེན་པོ་དེ་དག་བརྩོན་པའི་རྣམ་པ་ཇི་ལྟ་བུས་མ་རིག་པའི་མུན་ནག་ཐམས་ཅད་བསལ་ཏེ། བདུད་ཀྱིས་ དཀྲུགས་པའི་འཁོར་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་བྱས་ནས། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། སེམས་ཀྱི་དྲི་མ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀུན་ནས་གསལ་ནས། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཤིན་ཏུ་བསྒྲུབས་ཏེ། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམ་པར་ བྱང་བར་བྱས་ཏེ། བྱང་ཆུབ་སེམས་དཔའི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། རིག་པ་དང་། མི་འཇིགས་པ་ཡོངས་སུ་དག་པ་རྣམས་མངོན་པར་ བསྒྲུབས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དག་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སྐུ་དང་གསུང་དང་ཐུགས་ཀྱི་བརྒྱན་མངོན་པར་བསྒྲུབ་པ་ཡོངས་སུ་རྒྱས་པར་བྱས་སྟེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་རྟོགས་པར་འགྱུར་བ་ དང་། དེ་ལྟར་མངོན་པར་བྱང་ཆུབ་ནས་ཀྱང་བསམ་པའི་ཚུལ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གྲུབ་པར་གྱུར་པ་དག་ཏུ་ཇི་ལྟར་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་དག་ལ། དུས་དང་དབང་པོའི་རྒྱུད་ཇི་ 73-1-45b ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་བྱིན་པར་འགྱུར་བ་དེ་ལེགས་པར་ཤོད་ཅིག །འཁོར་འདི་དག་ཐམས་ཅད་ནི་ཉན་པར་འགྱུར་རོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཡོན་ཏན་འདི་དང་གཞན་དག་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཡུལ་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། མྱུར་དུ་དེ་བཞིན་ གཤེགས་པའི་མཉམ་པ་ཉིད་འཐོབ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྐལ་པ་བརྒྱ་སྟོང་གྲངས་མེད་པར་བསྒྲུབས་པའི་ཆོས་ཀྱི་མཛོད་འདི་ཡང་དག་ པར་བསྲུང་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ཤིང་། སྟོན་པ་དང་འཆད་པའི་ཚེ། བདུད་དང་བདུད་ཀྱི་རིགས་སུ་རྟོགས་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་མནོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྐྱོ་བ་མེད་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་པ་དང་། དེ་ཡང་དག་པར་སྟོན་པའི་ཚེ། ལྷའི་དབང་པོ་རྣམས་ཀྱིས་རིམ་གྲོར་བྱ་བ་དང་། གཞུང་དེ་བཞིན་དུ་ཀླུའི་ དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། མིའི་ དབང་པོ་དང་། ཚངས་པའི་དབང་པོས་རིམ་གྲོར་བྱས་ལ་རབ་ཏུ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་དབང་པོས་རིམ་གྲོ་བྱ་བ་རབ་ཏུ་འཐོབ་པ་དང་། དེ་ལྟར་རིམ་གྲོར་བྱས་ནས་ཀྱང་། འཇིག་རྟེན་ འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བ། འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་མཆོད་པ། འཇིག་རྟེན་ཐམས་ཅད་ཀྱི་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་དགོངས་པ། བྱང་ཆུབ་ 73-1-46a སེམས་དཔའི་ཚོགས་ཀྱི་ཤིན་ཏུ་བསྲུངས་པ། རང་གི་དགེ་བའི་རྩ་བ་དང་། སྨོན་ལམ་རབ་ཏུ་ཐོབ་པ། ཆོས་དཀར་པོ་ཆེན་པོ་ཡང་དག་པར་དཔེལ་བ་རྣམས། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་རྣམ་པར་འབྱེད་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་རྒྱ་ཆེན་པོ་རབ་ཏུ་འབྱེད་པ་དང་། བྱང་ཆུབ་སེམས་ དཔའི་རིམ་གྱིས་ཡོངས་སུ་བསྒྲུབ་པ། ཤིན་ཏུ་སྟོན་པར་འགྱུར་བ་དེ་ལྟ་བུའི་གནས་དག་ཡང་དག་པར་བསྟོན་པ་མཛོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་གྱིས་དོན་འདི་ཉིད་བསྟན་ཏེ་ བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཚིགས་སུ་བཅད་དེ་སྨྲས་པ། སྤྱོད་ལ་འཇུག་པ་མཐའ་ཡས་ཡངས་པ་དག །རང་འབྱུང་ཡེ་ཤེས་བསྒྲུབ་པ་དགེ་བ་རྣམས། །རྫོགས་པའི་བྱང་ ཆུབ་སེམས་དཔའ་ཡོན་ཏན་ཅན། །གྲགས་པ་ཆེན་པོ་རྣམས་ལ་ལེགས་པར་ཤོད། །བྱང་ཆུབ་སེམས་དཔའ་གང་རྣམས་སེམས་ཐོབ་ཅིང་། །བསོད་ནམས་ལྡན་པ་ཡེ་ཤེས་ཐོབ་པ་རྣམས། །སྐྱོན་མེད་ ཞུགས་པའི་འཇིག་རྟེན་རྣམས་བཟློག་ཅིང་། །ཡང་དག་སངས་རྒྱས་ཆོས་མཉམ་ཉིད་ཐོབ་རྣམས། །དེ་དག་གིས་ནི་བདེ་གཤེགས་བསྟན་པ་ལ། །བརྩོན་འགྲུས་བསྟན་པས་ཇི་ལྟར་བརྩོན་པར་བྱ། གང་གིས་ཕྱོགས་བཅུའི་རྒྱལ་བ་མཉེས་བྱས་ཤིང་། །ཡང་དག་སངས་རྒྱས་ས་ཡང་གནན་བྱ་དང་། །སྤྱོད་པ་དག་དང་སྨོན་ལམ་ཡོངས་དག་དང་། །ཡེ་ཤེས་གཏེར་ཆེན་རབ་ཏུ་ཐོབ་འགྱུར་ཞིང་། །ཐོབ་ནས་ དེ་དག་འགྲོ་ཀུན་མི་གནས་པས། །ཡོངས་སུ་བླངས་པ་རྟག་ཏུ་གཏོང་བྱེད་དང་། །གང་ཡང་ཕ་རོལ་ཕྱིན་པ་མཆོག་གི་ལམ། །དེ་དག་མི་སྟོང་རབ་ཏུ་བརྗོད་པ་དང་། །སེམས་ཅན་ཇི་ལྟར་སྒྲོལ་བྱེད་ 73-1-46b དམ་བཅས་ཤིང་། །ཡང་དག་སངས་རྒྱས་བསམ་པ་མཉམ་འཛིན་དང་། །མིག་གི་དམྱིགས་པ་བསྟན་པ་ཐམས་ཅད་ཀྱི། །འབྱུང་བ་ཡོན་ཏན་ཅན་ལ་སྟོབས་འགྱུར་ཞིང་། །སྐྱེས་བུ་ཁྱུ་མཆོག་དེ་དག་ བརྩོན་གྱུར་པའི། །རྣམ་དག་ལམ་དེ་ཁྱུ་མཆོག་ཁྱོད་ཀྱིས་སྟོན། །ཇི་ལྟར་དེ་དག་མུན་པ་ཀུན་གསལ་ཅིང་། །འཁྲུག་པའི་འཁོར་རྣམས་ཐམས་ཅད་ཕམ་བྱས་ནས། །དྲི་མ་བྲལ་བའི་དགེ་ལྡན་མཁས་པ་རྣམས། ། སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་ལྡན་འགྱུར་དང་། །མི་ཁོམ་ངན་སོང་ལམ་རྣམས་ཡོངས་སྤངས་ཤིང་། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་མཆོག་སྤྱོད་དང་། །ཡོན་ཏན་བཟང་པོ་ཐམས་ཅད་ལྡན་གྱུར་ཅིག །རྒྱལ་བའི་ ཡེ་ཤེས་སྟོབས་ཀྱི་ཐོབ་འགྱུར་དང་། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་ཞུགས་ནས་ཀྱང་། །སེམས་ཅན་བསམ་པ་ཇི་བཞིན་སྟོན་བྱེད་ཅིང་། །མཐའ་ཡང་ཡས་པའི་ཞིང་རྣམས་བསམ་ཡས་སུ། །སྟོན་པ་ཆེན་པོའི་ ལས་ཀྱང་བྱེད་པ་དང་། །ཅི་ནས་དེ་དག་སྤྱོད་པ་མཆོག་ཐོབ་ནས། །མི་ཡི་ཁྱུ་མཆོག་མཛོད་རྣམས་སྟོན་བྱེད་དེ། །ཕལ་གྱིས་མྱི་ནོན་གཞན་གྱིས་མི་ཕམ་པར། །རྒྱལ་བའི་ཆོས་ཉིད་རྟག་ཏུ་འཛིན་བྱེད་སྟོན། སེང་གེ་བཞིན་དུ་ཇི་ལྟར་འཇིགས་པ་མེད། །ཁྱུ་མཆོག་མཛོད་བཞིན་དག་པའི་མདོག་དུ་སྤྱོད། །ཆུ་ལ་པད་མོ་བཞིན་དུ་ཆགས་མེད་པ། །དེ་དག་རྒྱལ་བའི་ཡོན་ཏན་ཇི་ལྟར་སྤྱོད། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་གྱིས། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་བཞུགས་པ་སྟེ། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་བརྟགས་ 73-1-47a ཤིང་། རྣམ་པར་དག་པ་བརྩམས་ཏེ། འདྲི་ཞིང་དེ་ལྟར་རྒྱལ་བའི་སྲས་ཁྱོད། དེ་བཞིན་གཤེགས་པ་དྲི་བ་ཆོས་མང་པོ་ལ་རབ་ཏུ་གནས་པ། བརྩོན་འགྲུས་ཆེན་པོས་ཤིན་ཏུ་བསྩགས་ པ། བརྩོན་འགྲུས་ལྡོག་པ་མྱེད་པས་ཤིན་ཏུ་འབྱུང་བ་འདྲི་བར་བྱེད་པ་ནི། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱོགས་ཙམ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཐོབ་པ་རྣམས་ ཀྱིས་ཐོག་མར་སེམས་བསྐྱེད་པ་དེ་མི་ཉམས་པར་ཡོངས་སུ་བསྲུང་བ་དང་། རིམ་གྲོར་བྱ་བའི་ཕྱིར་བག་ཡོད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་རྣམ་པ་བཅུས་ན་བྱང་ཆུབ་སེམས་དཔའ་བག་ཡོད་པ་ ལ་གནས་པ་ཤེས་བྱ་སྟེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་སྲུང་བ་དང་། བྱང་ཆུབ་ཀྱི་སེམས་མ་ཉམས་ཤིང་ཤིན་ཏུ་སྦྱངས་པ་དང་། བྱང་ཆུབ་སེམས་དཔའ་བསམ་པ་གཡོ་དང་སྒྱུ་ མེད་པ་དང་། དགེ་བའི་སྦྱོར་བ་ཕྱིར་མི་ལྡོག་པ་དང་། རང་གི་སེམས་བསྐྱེད་པ་ཤིན་ཏུ་རྟོག་པ་དང་། ཕྱོགས་ཁྱིམ་པ་དང་། སོ་སོའི་སྐྱེ་བོ་དང་མ་འདྲེས་པ་དང་། དགེ་བའི་རྩ་བའི་ལས་འཇིག་རྟེན་ གྱི་འདུ་ཤེས་དང་། འདོད་པ་ཐམས་ཅད་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་སྤངས་པ་རབ་ཏུ་ཐོབ་པ་དང་། དགེ་བའི་རྩ་བ་བརྩམས་ པ་ནན་ཏན་རྒྱུན་ཆད་པ་མེད་པ་དང་། བདག་གི་རྒྱུད་ཀྱི་སྟོབས་ཀྱི་ཤུགས་ཤིན་ཏུ་རྟོགས་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ 73-1-47b བག་ཡོད་པ་ལ་གནས་པ་ཤེས་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ་ནི། རྣམ་པ་བཅུས་ན་ཡོངས་སུ་དག་པར་འགྱུར་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པ་ཡིན། ཤེས་བཞིན་དྲན་པ་ཅན་ཡིན། ཁེངས་པ་མེད་ཅིང་གཡོ་བ་མེད་དེ། བསམ་གཏན་བཟང་པོ་ལ་ རབ་ཏུ་གནས་པ་ཡིན། སངས་རྒྱས་ཀྱི་ཆོས་ཟབ་མོ་བཙལ་བ་ལ་ནན་ཏན་དུ་བྱེད་ཅིང་རྒྱུན་མི་གཅོད་པ་ཡིན། ལྷག་མཐོང་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཇི་ལྟར་ཐོས་པའི་ཆོས་ལ་ ཚུལ་བཞིན་དུ་རྟོགས་པར་ཞུགས་པ་ཡིན། བསམ་གཏན་གྱི་རྗེས་སུ་སོང་བའི་སེམས་ཀྱིས། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཟབ་མོའི་རྗེས་སུ་སོང་བ་ཡིན། ས་དང་མཉམ་ཞིང་ མཐོན་དམན་དང་བྲལ་བ་ཡིན། སྦྱོར་བ་བཟང་ངན་དང་བར་མ་ལ་སེམས་ཉམས་པ་མེད་པ་ཡིན། སེམས་ཅན་ཀུན་གྱི་ནང་ན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་གཅིག་བསྐྱེད་པ་ལ་འང་སྟོན་པའི་བསམ་པ་ཐོབ་ པ་ཡིན། མཁན་པོ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་རྣམས་ལ་རིམ་གྲོ་དང་བཀུར་སྟིའི་ངང་ཚུལ་ཅན་དུ་གནས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་ པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ། ཡོངས་སུ་དག་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་བརྩོན་འགྲུས་བརྩམས་པ། དྲན་པ་ ཉེ་བར་གཞག་པ་དང་། མོས་པ་ཆེ་བ་དང་། རྣལ་འབྱོར་རྒྱུན་མ་བཅད་པ་ཆོས་ཐམས་ཅད་ལ་མི་གནས་པ། ཆོས་ཐམས་ཅད་ལ་བརྩོན་པ། ཉོན་མོངས་པ་མེད་པའི་ཚུལ་ལ་ཞུགས་པ། 73-1-48a སེམས་ཡངས་པ་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པའི་རྗེས་སུ་སོང་བ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་ འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཆོས་བཅུས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱའོ། །བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཐམས་ཅད་ལ་ཕྱིར་མྱི་ ལྡོག་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། འཚོ་བའི་ཡོ་བྱད་དང་། འཚོ་བའི་རྐྱེན་ལ་དོན་དུ་གཉེར་བ་མེད་པ་དང་། ཆོས་ཐམས་ཅད་རྣམ་པར་བསྒོམ་པས་ནམ་མཁའ་དང་མཉམ་པ་དང་། ཆོས་ ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ལྷག་མཐོང་ལ་མཁས་པ་དང་། མི་གནས་པའི་ཆོས་རྣམ་པར་བསྒོམ་པའི་ཕྱག་རྒྱ་དང་། རྟག་ཏུ་རྒྱུན་མི་འཆད་པར་བསྒྲུབས་པའི་སྨོན་ལམ་ཆེན་པོ་དང་། ཡོངས་སུ་ སྦྱངས་པའི་བཟོད་པ་ཤེས་པའི་སྣང་བ་དང་། རང་གི་དགེ་བའི་ཆོས་བསྩགས་པ་དང་། མ་བསྩགས་པ་ཤིན་ཏུ་བརྟགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་སྒོ་ཤིན་ཏུ་བྱང་བ་སྟེ། ཀྱེ་རྒྱལ་བའི་སྲས་ བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་མཉེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་བཅུ་ལ་གནས་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར་ བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ་བག་ཡོད་པ་ལ་གནས་པ་དང་། མྱི་སྐྱེ་བའི་བཟོད་པ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ ལ་གནས་པ་དང་། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་པ་དང་། སྨོན་ལམ་མངོན་པར་བསྒྲུབ་པ་ལ་གནས་པ་དང་། ཐབས་མཁས་པ་ལ་གནས་པ་དང་། བརྟེན་པའི་སྟོབས་ཀྱི་ 73-1-48b ཤུགས་ལ་གནས་པ་དང་། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལྟ་བུ་ལ་གནས་པ་དང་། ལེན་པ་མེད་པ་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་ནི། དེ་བཞིན་གཤེགས་པ་མཉེས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ས་རྣམ་པར་དགོད་པ་ལས་འདའ་བ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་ སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསྩག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་ཚད་མེད་པ་ལམ་གཞན་གྱིས་དྲིང་མི་འཇོག་པའི་ཡེ་ཤེས་སྣང་བ་དང་། དགེ་བའི་བཤེས་གཉེན་དང་ འགྲོགས་པ་རྒྱུན་མི་ཆད་པ་དང་། བརྩོན་འགྲུས་ཞིག་པ་མེད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ལེགས་པར་བརླབས་པ་དང་། དགེ་བའི་རྩ་བ་སྦྱོར་བས་མི་སྐྱོ་བ་དང་། ཐེག་པའི་རྒྱན་ཤིན་ཏུ་བཤམས་པ་དང་། ཡེ་ཤེས་ཀྱི་བསམ་པ་རབ་ཏུ་རྣོ་བ་དང་། ས་དང་སའ་མ་ཡིན་པའི་ཆོས་ཀྱི་སྒོ་ལ་མི་གནས་པ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། དགེ་བའི་རྩ་བའི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས། ས་ནས་ སར་རྣམ་པར་དགོད་པ་ལས་འདའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐོག་མ་ནས། ས་རྣམ་པར་དགོད་པ་ཐམས་ཅད་ལ་མཁས་པ་རྣམ་པར་དཔྱོད་པ་ཡིན་ཏེ། ཆོས་ཀྱི་སྒོ་གང་གིས་གང་ཁོང་དུ་ཆུད་པར་འགྱུར་བ་དང་། ཡེ་ཤེས་ཀྱི་སྒོ་གང་གིས་ཐོབ་པར་འགྱུར་བ་དང་། བསྒྲུབ་པ་གང་ཡིན་པ་དང་། རྒྱུ་མཐུན་པ་གང་ཡིན་པ་དང་། སྤྱོད་ཡུལ་ 73-1-49a གང་ཡིན་པ་དང་། རྣམ་པར་འཕྲུལ་པ་གང་ཡིན་པ་དང་། ཡང་དག་པར་མཐོང་བ་གང་ཡིན་པ་དང་། ཆོས་ཀྱི་སྒོ་རྣམ་པར་དབྱེ་བའི་ཁྱད་པར་གང་ཡིན་པ་དང་། ཇི་ལྟར་ཐོབ་པར་བྱ་བ་ཐམས་ ཅད་ཀྱི་རྣམ་པར་དཔྱོད་དོ། །དེ་དག་ལ་ཤིན་ཏུ་རྣམ་པར་དགོད་པས། ཆོས་ཐམས་ཅད་ལ་མི་གནས་ཤིང་སེམས་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཡང་དག་པར་ འདའ་འོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་བདག་ཅག་གིས་ཇི་ནས་ཀྱང་མྱུར་དུ་འདའ་བར་བྱའོ། །སྙམ་ནས་མྱི་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་འདི་ སྙམ་དུ་སེམས་ཏེ། བདག་ཅག་ས་ནས་ས་ལ་རྣམ་པར་གནས་པས། ཇི་ལྟ་ཇི་ལྟར་ཡང་དག་པར་གནས་པ་དེ་ལྟ་དེ་ལྟར་བསོད་ནམས་ཀྱི་ཚོགས་ཆོས་ཆེ་བ་སྐྱེ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བསོད་ནམས་ཀྱི་ཚོགས་ ཆེན་པོ་སྐྱེས་པར་གྱུར་པ། དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པའི་སའི་རྗེས་སུ་བསྔོས་ཞིང་སངས་རྒྱས་ཀྱི་མཛད་པ་ཚད་མེད་པས་ཉེ་བར་གནས་པར་གྱུར་ཏོ། །སྙམ་སྟེ་དེ་དག་སྦྱོར་བ་རྒྱུན་མི་ཆད་ཅིང་སྐྱོ་བ་མེད་པའི་ཡིད་ དང་ལྡན་པ་དང་། ཚོགས་ཀྱི་རྒྱན་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་བཀོད་པ་ལས་ཡང་དག་པར་འདའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་བཅུས་སྤྱོད་པའི་དཀྱིལ་འཁོར་ ཡོངས་སུ་སྦྱང་བར་བྱས་ཏེ། བཅུ་གང་ཞེ་ན་ཡོ་བྱད་ཡོངས་སུ་གཟུང་བ་མེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་ཁ་ན་མ་ཐོ་བ་མེད་པ་དང་། བཟོད་པ་ དང་དེས་པ་མི་ཟད་པའི་སའི་རྗེས་སུ་སོང་བ་དང་། བརྩོན་འགྲུས་རྩོམ་པ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པ་དང་། དྲན་པའི་སྟོབས་ཀྱི་ཤུགས་རྨོངས་པ་མེད་པ་དང་། གཅིག་ལས་རྣམ་པ་ཐ་དད་ 73-1-49b པའི་ཆོས་ཀྱི་རྗེས་སུ་སོང་ཞིང་ཁོང་དུ་ཆུད་པ་དང་། གནས་མེད་པའི་སྤྱོད་པ་བསྒྲུབ་དཀའ་བ་ཐམས་ཅད་ལ་སེམས་རིའི་རྒྱལ་པོ་ལྟ་བུ་དང་། སེམས་ཅན་ཐམས་ཅད་དང་མ་འདྲེས་པའི་ མུ་སྟེགས་སུ་གྱུར་པ་དང་། འགྲོ་བ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་ པའི་དཀྱིལ་འཁོར་ཡོངས་སུ་སྦྱོང་བར་བྱའོ། །དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟར་ཡོངས་སུ་སྦྱངས་པ་དེ་རྣམ་པ་བཅུས་ཤིན་ཏུ་དག་པར་གྱུར་ཏེ། བཅུ་གང་ཞེ་ན་སེམས་ཅན་གྱི་གཙོ་བོ་འཇིག་རྟེན་གྱི་ཁམས་ ན་བཞུགས་པས་ཡང་དག་པར་དགོངས་པ་དང་། འདས་པའི་བྱང་ཆུབ་སེམས་དཔའི་གྲོགས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཡང་དག་པར་གཟུང་བ་དང་མཁས་པ་དང་། དགེ་བའི་བཤེས་གཉེན་ལ་ཡང་དག་པར་བརྟེན་པ་དང་། མོས་པ་དང་བརྩོན་འགྲུས་དང་། བག་ཡོད་པ་ལ་རབ་ཏུ་གནས་པ་དང་། ཆོས་ཐ་དད་པ་ཐམས་ཅད་ལ་ཐ་མི་དད་པར་རྟོགས་པ་དང་། སྙིང་རྗེའི་བྱིན་ གྱིས་བརླབས་ཤིན་ཏུ་ཆེ་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཐབས་ལ་མཁས་པར་རྣམ་པར་སྤྱོད་པའི་སྦྱོར་བ་ དང་། སྦྱོར་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འབྲང་བ་དག་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པའི་དཀྱིལ་ འཁོར་ཡོངས་སུ་སྦྱང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་སྐྱོ་བ་མེད་པར་སེམས་ཅན་གྱི་ཁམས་ 73-1-50a ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་། དགེ་བའི་རྩ་བ་སྣ་ཚོགས་བསྩགས་པས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་། ལུས་དང་སྲོག་གི་བསྔོ་ཞིང་དམ་པའི་ཆོས་ ཡོངས་སུ་འཛིན་པའི་སྨོན་ལམ་དང་། ཡེ་ཤེས་ཀྱི་སྒོ་རྣམ་པར་དབྱེ་བ་ཁོང་དུ་ཆུད་པས་སངས་རྒྱས་ཀྱི་ཞིང་ལ་འཇུག་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཉིས་སུ་མེད་པས་ ཚུལ་གཅིག་གི་རྒྱུད་དུ་འགྲོ་བའི་སྨོན་ལམ་དང་། དེ་བཞིན་གཤེགས་པའི་སྒོ་ལ་འཇུག་པས་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་སྨོན་ལམ་དང་། མོས་པ་རྣམ་པར་སྦྱངས་པས་བལྟ་ན་དོན་ཡོད་པའི་སྨོན་ལམ་ དང་། ཕྱི་མའི་མཐར་བྱིན་གྱི་བརླབ་པའི་བསྐལ་པར་གནས་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཐེག་པའི་རྒྱན་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་རྣམ་པར་སྦྱང་བའི་སྨོན་ ལམ་དག་སྟེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་སྨོན་ལམ་རྣམ་པར་སྦྱོང་ངོ་། །དེ་དག་རྣམ་པ་བཅུས་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དེ། བཅུ་གང་ཞེ་ན་ཡོངས་སུ་སྐྱོ་བ་ མེད་པ་དང་། རྒྱན་ཆེན་པོ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་ དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཐོས་ནས། རང་གི་སྨོན་ལམ་དུ་མངོན་པར་བསྒྲུབ་པ་དང་། བསམ་པ་ཕྱི་མའི་མཐའ་མུར་ཐུག་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་ སྨིན་པར་བྱ་བར་གཏུགས་པའི་སྨོན་ལམ་ཆེན་པོ་དང་ལྡན་པ་དང་། བསྐལ་པ་ཐམས་ཅད་དུ་གནས་པས་མི་འཇིག་པ་དང་། སྡུག་བསྔལ་ཐམས་ཅད་ཀྱིས་ཇི་མི་སྙམ་པ་དང་། བདེ་བ་ཐམས་ 73-1-50b ཅད་ལ་ཡོངས་མི་བརྔམ་པ་དང་། བསམ་པ་མཉམ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་བསྲུང་བ་དག་སྟེ། དེ་ལྟར་སྨོན་ལམ་ཆེན་པོ་དེ་ལྟར་ཡོངས་སུ་སྦྱོང་ཞིང་། ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སངས་རྒྱས་མཐོང་བའི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། །གཟུངས་འཁྲུལ་པ་མེད་པའི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། །སྨོན་ལམ་ཟད་མི་ཤེས་པས་ཆོས་ཐམས་ཅད་ཤིན་ཏུ་ རྟོགས་པའི་གཟུངས་ཀྱང་རབ་ཏུ་འཐོབ་བོ། །སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་གྱི་རྒྱུད་ཀྱི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། ། འགྲོ་བ་ཐམས་ཅད་ཚིམ་པར་བྱ་བའི་བསོད་ནམས་ཀྱི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པའི་ཡེ་ཤེས་ཀྱི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་བོ། ། རྣམ་པར་སྨྱིན་པ་ལ་གནས་པ་མངོན་པར་བསྒྲུབ་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་མཐའ་ཡས་པའི་གཏེར་ཟད་མྱི་ཤེས་པའང་རབ་ཏུ་འཐོབ་བོ། །འཇིག་ རྟེན་གྱི་ཁམས་མཐའ་དང་དབུས་མེད་པར་གཏོགས་པ་ལ་འཇུགས་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །དེ་ལྟར་གཏེར་རབ་ཏུ་ཐོབ་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ ཤེས་པ་དང་ལྡན་པ་དེ་དག་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་དག་པས། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་གཏེར་གྱི་སྦྱིན་པ་བྱེད་དོ། །དེ་ལ་རྒྱལ་བའི་སྲས་བྱང་ཆུབ་ སེམས་དཔའ་རྣམས་སེམས་ཅན་གྱི་བསམ་པ་བཞིན་དུ་ཇི་ལྟར་འཇུག་ཅེ་ན། སྦྱོར་བ་ཇི་ལྟར་རྒྱུ་བ་དང་། རྒྱུ་དང་རྐྱེན་ཇི་ལྟ་བ་དང་། སེམས་དང་སེམས་ལས་བྱུང་བའི་སྦྱོར་བ་ཇི་ལྟ་བ་ལས། 73-1-51a སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་དག་དེ་ལྟར་བསམ་པ་ལ་ཞུགས་པ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཆོས་ཡང་དག་པར་སྟོན་ཏོ། དེ་དག་ འདོད་ཆགས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་མི་སྡུག་པ་ཡང་དག་པར་སྟོན་ཏོ། །ཞེ་སྡང་གི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱམས་པ་ཆེན་པོའི་སྦྱོར་བ་ཡང་དག་པར་སྟོན་ཏོ། །གཏི་མུག་གི་བསམ་ པ་རྣམ་པར་བཟློག་པའི་ཕྱིར་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་ཡང་དག་པར་སྟོན་ཏོ། །ཆ་མཉམ་པ་རྣམ་པར་བཟློག་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། །འཁོར་ བའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་ཡང་དག་པར་སྟོན་ཏོ། །གནས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་གནས་མེད་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། ། ཞུམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། རྒྱ་ཆེན་པོའི་ཡུལ་ཡང་དག་པར་སྟོན་ཏོ། །བདག་གི་ང་རྒྱལ་གྱིས་བཅོམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། ཆོས་ཀྱི་མཉམ་པ་ཉིད་ཡང་དག་ པར་སྟོན་ཏོ། །གཡོ་དང་སྒྱུས་མི་མཉམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱང་ཆུབ་སེམས་དཔའི་བསམ་པ་མཉམ་པ་ཉིད་དང་། ཞི་བའི་གནས་ཀྱི་བསམ་པ་མངོན་པར་བསྒྲུབ་པ་ཡང་ དག་པར་སྟོན་ཏོ། །དེ་དག་ནི་དེ་ལྟར་སེམས་ཅན་རྣམས་ལ་བསམ་པ་ཇི་བཞིན་དུ་ཆོས་ཀྱི་གཏེར་ཡང་དག་པར་སྟོན་ཏོ། །དེ་ཡང་དོན་དབྱེར་མེད་པ་ཡང་དག་པར་སྟོན་ཏེ། ཡི་གེའི་མཚམས་སྦྱོར་བར་ སྦྱར་བས་ཡང་དག་པར་སྟོན་ཏོ། །ཤེས་པ་རྣམ་པར་དབྱེ་བས་ཡང་དག་པར་སྟོན་ཏོ། །བསྟན་པ་སྔ་ཕྱི་མ་འདྲེས་པས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་ཚུལ་དང་ཚུལ་མ་ཡིན་པའི་བྱེ་བྲག་དབྱེར་ 73-1-51b མེད་པས་ཡང་དག་པར་སྟོན་ཏོ། །མཚན་ཉིད་ཀྱི་ཕྱག་རྒྱ་རྣམ་པར་མི་འཁྲུགས་པས་ཡང་དག་པར་སྟོན་ཏོ། །ཆོས་རབ་ཏུ་དགོད་པ་རྒྱུན་ཆད་པ་མེད་པས་ཡང་དག་པར་སྟོན་ཏོ། །མཐའ་ཡས་པ་སྦྱང་བས་ཡང་ དག་པར་སྟོན་ཏོ། །ཐེ་ཙོམ་ཐམས་ཅད་ཤིན་ཏུ་གཅད་པའི་ཕྱིར་ཡང་དག་པར་སྟོན་ཏོ། །དབང་པོའི་རྒྱུད་ལ་འཇུག་པའི་ཕྱིར་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་དགོད་པར་གཞོལ་བས་ཡང་དག་ པར་སྟོན་ཏོ། །ཡང་དག་པའི་མཐའ་མཚན་ཉིད་མེད་པ་རྣམ་པར་མི་འཁྲུགས་པས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་རྔ་ཡང་དག་པར་བརྡུང་བས་ ཡང་དག་པར་སྟོན་ཏོ། །གནས་ཐམས་ཅད་ཡང་དག་པར་སྤང་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པ་མི་གཏོང་བས་ཡང་དག་པར་སྟོན་ཏོ། །ཚིག་དང་སྐད་དང་སྒྲ་དང་ངག་གི་ ལས་ཐམས་ཅད་མཉམ་པ་ཉིད་ལ་མི་གནས་པས་ཡང་དག་པར་སྟོན་ཏོ། །རྣམ་པར་མི་རྟོག་པའི་དབྱིངས་ཀྱི་རྗེས་སུ་འགྲོ་བས་ཡང་དག་པར་སྟོན་ཏོ། །དཔེ་ཐམས་ཅད་རྣམ་པར་དགོད་པས་རྒྱུད་དང་མི་ འགལ་བར་བརྟན་པར་བྱ་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གི་ལུས་སུ་སེམས་པ་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། ། དེ་ལྟར་སེམས་ཅན་ལ་ཆོས་ཡང་དག་པར་སྟོན་པས། རྟག་ཏུ་རྒྱུན་མྱི་འཆད་པར་ཆོས་ཀྱི་ནན་ཏན་གྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་། རང་གི་དོན་རྟིང་ཚུགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་ པའི་ཕྱོགས་མི་གཏོང་བས་རྒྱན་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་དག་པར་བསྒྲུབ་བོ། །དེ་ལ་འང་སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། ཡོ་བྱད་ཀྱིས་ཡོངས་སུ་བསྡུད་པ་དང་ 73-1-52a སྦྱོར་བ་མཉམ་པར་ཡོངསུ་གཏོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཡང་དག་པར་བླངས་པ་མི་གཏོང་བ་དང་། གནས་པ་མེད་པ་དང་། ང་རྒྱལ་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཉེས་པ་ཐམས་ཅད་ཁྱད་དུ་གསོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་འཁྲུགས་པ་དང་། མཉམ་པ་ཉིད་ལ་གཞོལ་བ་དང་། མཐོན་དམན་མེད་པ་དང་། ཟད་མྱི་ཤེས་པའི་ས་མཉམ་པར་འཛིན་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བརྩོམ་པ་ཆེན་པོ་བརྩམས་པ་དང་། བརྩོམ་པ་ཐམས་ཅད་ལ་ཞུམ་པ་མེད་པ་དང་། སྦྱོར་བ་ཕྱིར་མི་ལྡོག་ པ་དང་། ཡིད་ལ་བྱེད་པ་ཕྱིར་མི་འགྱུར་བ་དང་། མཐུ་མཐའ་ཡས་པ་དང་། སྟོབས་ལ་ཐུབ་པ་མེད་པ་དང་། སྔོན་དུ་འདོར་བ་མི་འཕྲོགས་པ་དང་། དད་པའི་མཐུ་ཆེན་པོ་དང་། བླང་བ་དང་། དོར་བ་མེད་པའི་ ཚོགས་ཐམས་ཅད་ཡོངས་སུ་རྒྱས་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སྒོ་ཉམས་པ་མེད་པ་ལ་ཡང་དག་པར་འཇུག་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འདོད་པའི་ ཡོན་ཏན་ཐམས་ཅད་ཀྱི་འདུ་འཛི་ཡོངས་སུ་སྦྱོང་བ་དང་མི་འབྲལ་བ་དང་། རིམ་གྱིས་བསམ་གཏན་དང་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་། གནས་མེད་ཅིང་བླང་བ་མེད་པ་ཤིན་ཏུ་རྟོགས་པ་དང་། ཉོན་མོངས་པ་ ཐམས་ཅད་རབ་ཏུ་སེལ་བ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་མངོན་པར་བསྒྲུབ་པ་དང་། མངོན་པར་ཤེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་རྗེས་སུ་འགྲོ་བ་དང་། རིམ་གྱིས་རྣམ་པར་སྤོང་བའི་ ཏིང་ངེ་འཛིན་གྱི་སྒོ་ལ་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གཅིག་ལ་སྒོ་མཐའ་ཡས་པར་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཐམས་ཅད་ཤེས་པ་དང་། དེའི་ཡུལ་གྱི་རྗེས་སུ་རབ་ཏུ་ 73-1-52b ཞུགས་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འཁྲུགས་པ་ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་དང་། བཟུང་བ་དང་། བླང་བ་དང་། བཅང་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བ་དང་། ཆོས་ཐམས་ཅད་ཀྱི་མི་ངོམས་པ་དང་། ཇི་ལྟར་ཐོས་པ་ལ་ཚུལ་བཞིན་དུ་རྟོགས་པ་དང་། དེ་ལ་མངོན་སུམ་དུ་མཉམ་པར་གཞོག་པ་དང་། སྒྲོ་འདོགས་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པ་དང་། མཚན་ཉིད་ཀྱི་ཕྱག་རྒྱ་ཐ་མི་དད་པ་དང་། དེ་བཞིན་གཤེགས་པའི་སྒོ་ནས་ལྷུན་གྱིས་གྲུབ་པར་སྒོམ་ཞིང་བསྒོམ་པ་དང་། སྟོབས་ལ་འཇུག་ པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་རྒྱུན་མི་ཆད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཀུན་དང་ལྡན་པས། ཐམས་ཅད་མཁྱེན་པའི་སྒོར་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འཇིག་རྟེན་གྱི་བྱ་བའི་རྒྱུད་ཐམས་ཅད་སྟོན་པ་དང་། སེམས་ཅན་གྱི་རྒྱུད་ཡོངས་སུ་སྨྱིན་པས་ཡོངས་སུ་མི་སྐྱོ་བ་དང་། བསམ་པ་བཞིན་དུ་བྱ་བ་སྟོན་ པ་དང་། བྱ་བ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་དང་། བྱིས་པའི་སྤྱོད་པ་དང་། འཕགས་པའི་སྤྱོད་པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ ཉེ་བར་སྟོན་པ་དང་། སྦྱོར་བ་ཐམས་ཅད་ཤིན་ཏུ་བརྟགས་པས་རྒྱུ་བ་དང་། རྒྱན་ཐམས་ཅད་བསྟན་པ་གནས་མེད་པ་དང་། འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བ་དང་། 73-1-53a སེམས་ཅན་ཐམས་ཅད་སྒྲོལ་བའི་སྤྱོད་པས་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ངོ་། །སེམས་ཅན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྨྱིན་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྦྱང་བ་དང་། དེ་བཞིན་གཤེགས་པ་མཐར་ཐུག་པར་མཆོད་པ་དང་། ཆོས་ཆགས་པ་མེད་པའི་མཐར་ཐུག་པར་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་དབྱིངས་ ཀྱི་མཐར་ཐུག་པར་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱ་བ་དང་། བསྐལ་པ་ཕྱི་མའི་མཐར་ཐུག་པར་རབ་ཏུ་གནས་པ་དང་། སེམས་བསྐྱེད་པའི་མཐར་ཐུག་པར་སྟོབས་ལ་རབ་ཏུ་འཇུག་པ་ དང་། འགྲོ་བ་དང་ལྡོག་པ་མཐར་ཐུག་པར་མངོན་པར་འཚང་རྒྱ་བ་དང་། ཞིང་གི་གནས་ཀྱི་མཐར་ཐུག་པར་ཐམས་ཅད་མཐོང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་རབ་ཏུ་ཐོབ་ པར་བྱ་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བསམ་པའི་སྟོབས་ཀུན་ནས་ཉོན་མོངས་པ་མེད་པ་དང་། ལྷག་པའི་བསམ་པའི་སྟོབས་དབང་དུ་གྱུར་ཅིང་ཐུབ་པ་མེད་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་སྐྱོ་བ་མེད་པ་དང་། བྱམས་པ་ཆེན་པོའི་སྟོབས་སྙོམས་པའི་སྦྱོར་བ་ཅན་དང་། གཟུངས་ཀྱི་སྟོབས་དོན་ཐམས་ཅད་ཀྱི་སྦྱོར་བ་ལ་སྒྲིབ་པ་མེད་པ་དང་། སྤོབས་པའི་སྟོབས་ འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཐེག་པ་ཐམས་ཅད་ཀྱི་རྒྱན་བྱེད་པ་དང་། སྨོན་ལམ་གྱི་སྟོབས་བཅད་དུ་མི་རུང་བ་དང་། མངོན་པར་ཤེས་པའི་ སྟོབས་ཚད་མེད་པ་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་ལ་མོས་པ་དམ་པའི་སྟོབས་རབ་ཏུ་འཛིན་པས། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། ། 73-1-53b འདོད་ཆགས་ཀྱི་སྤྱོད་པ་ཁོང་དུ་ཆུད་པ་དང་། ཞེ་སྡང་གི་སྤྱོད་པ་རྗེས་སུ་རྟོགས་པ་དང་། གཏི་མུག་གི་སྤྱོད་པ་རབ་ཏུ་རྟོགས་པ་དང་། ཆ་མཉམ་པའི་སྤྱོད་པ་རྗེས་སུ་ཤེས་པ་དང་། སློབ་པའི་ སེམས་ཅན་གྱི་སྤྱོད་པ་རབ་ཏུ་རྟོགས་པ་དང་། སྐད་ཅིག་ཅིག་གིས་སེམས་ཅན་མཐའ་ཡས་པའི་སྤྱོད་པ་རྣམ་པར་རྟོག་པ་དང་། སེམས་དང་བསམ་པ་མཐའ་ཡས་པ་ཐམས་ཅད་ཤེས་པར་བྱེད་པ་དང་། ཆོས་ ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་དབྱིངས་ཀྱི་སྒོ་ཐམས་ཅད་དང་ལྡན་པ་ཁོང་དུ་ཆུད་པས། ཡེ་ཤེས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །དེ་དག་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་སྦྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་མི་གཏོང་བར་བྱང་ཆུབ་ སེམས་དཔའི་ཐེག་པ་རྒྱན་ཆེན་པོའི་རྒྱན་དང་ལྡན་པ་ལ་གནས་ཤིང་། སེམས་ཅན་གྱི་ཁམས་ཇི་ལྟར་དམ་བཅས་པ་བཞིན་དུ་ཡང་དག་པར་སྒྲོལ་ལོ། །དེ་དག་དགེ་བའི་ལས་ཤིན་ཏུ་བསྩགས་པ་སྟོན་པས། ངན་ སོང་དུ་འགྲོ་བའི་སེམས་ཅན་སྒྲོལ་ལོ། །བརྩམས་པ་ཆེན་པོ་ལ་གཟུང་བས་སེམས་ཅན་གྱི་མི་ཁོམ་པར་འགྲོ་བ་སྒྲོལ་ལོ། །ལྷག་མཐོང་ཉེ་བར་སྟོབ་པས་གཟུགས་ཀྱི་ཁམས་ན་འཁོད་པའི་སེམས་ཅན་གྱི་ ཁམས་སྒྲོལ་ལོ། །ཕྲ་བའི་ཡེ་ཤེས་ཉེ་བར་སྟོབ་པས་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་སྒྲོལ་ལོ། །ཞི་བའི་ཚུལ་ཉེ་བར་སྟོབས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ མོས་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །སྟོབས་བཅུའི་རྒྱན་ཆེན་པོ་དང་ལྡན་པ་བསྟབས་པས། ཐེག་པ་ཆེན་པོ་ལ་མྱོས་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །དེ་ལྟར་ན་སྔོན་ལས་དང་པོ་པའི་ས་ལ་ 73-1-54a གནས་པའི་ཚེ། སེམས་ཅན་གཡང་ས་ཆེན་པོ་ནས་ལྷུང་བ་རྣམ་པ་ཐ་དད་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྒོ་སྣ་ཚོགས་ནས་གཟུང་བར་བྱའོ། །ཞེས་སེང་གེའི་སྒྲ་སྒྲགས་པ་ དེ་བཞིན་དུ་ཡེ་ཤེས་ཐོབ་པ་རྣམས་ཐམས་ཅད་བསྒྲལ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་ལ་ཞུགས་པ་ནི་རྟག་ཏུ་རྒྱུན་མི་གཅོད་པར་སངས་རྒྱས་ ཀྱི་རིགས་དང་ཆོས་ཀྱི་རིགས་དང་དགེ་འདུན་གྱི་རིགས་མི་གཅད་པའི་ཕྱིར་ཞུགས་པ་ཡིན་ཏེ། དེ་དག་བྱང་ཆུབ་ཀྱི་སེམས་གཞན་གྱི་རྒྱུད་ལ་གཞོལ་བས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། ཆོས་ཀྱི་མཛོད་རྣམ་ པར་འགྲེལ་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། བསྟན་པའི་ཚུལ་དང་འགལ་བར་མི་བྱེད་པས། དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། སྨོན་ལམ་ཆེན་པོ་ཡང་དག་པར་བརྗོད་པས་སངས་རྒྱས་ཀྱི་ རིགས་མི་གཅོད་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཡང་དག་པར་སྟོན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། སྙིང་པོ་ཐོབ་པར་བྱེད་པའི་ཆོས་ལ་བརྩོན་པས་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། དེ་བཞིན་ གཤེགས་པའི་ས་བོན་སེམས་ཅན་གྱི་ཞིང་ལ་འདེབས་པས། སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། ཚོགས་ཆེན་པོ་ཡོངས་སུ་སྡུད་པས་མི་བསྐྱོ་བས་དགེ་ འདུན་གྱི་རིགས་མི་གཅོད་པ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཛད་པ་དྲན་པའི་ཕྱིར། རྟག་ཏུ་དེ་བཞིན་གཤེགས་པའི་གདམས་ངག་དང་། རྗེས་སུ་ བསྟན་པ་མི་གཏོང་བས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། དེ་དག་དེ་ལྟར་སྐྱབས་གསུམ་གྱི་རིགས་མི་གཅད་པའི་ཕྱིར་ཞུགས་པས་རྩོམ་པ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ་ 73-1-54b བརྩམས་པ་གང་ཅི་རྩོམ་ཡང་རུང་། དེ་དག་ཐམས་ཅད་དུ་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་སྒོར་འབྱུང་བ་ཐོབ་པར་བྱེད་དོ། །དེ་དག་དེ་ལྟར་ལུས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ངག་གི་ལས་ཁ་ན་མ་ཐོ་བ་མེད་ པ་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ལ་གནས་པས་དགེ་བའི་རྩ་བ་བརྩོམ་པ་དོན་ཡོད་པར་བརྩོམ་པ་ཡིན་ཏེ། སེམས་ཅན་གྱི་དོན་སྦྱོར་བ་དོན་ཡོད་པར་བརྩོམ་མོ། །སེམས་ཅན་དོན་ཡོད་པར་འདུལ་བར་བྱེད་དོ། །ཆོས་དོན་ ཡོད་པར་སྟོན་ཏོ། །དེའི་ཆོས་སྟོན་པ་ཐམས་ཅད་ཀྱང་སེམས་ཅན་གྱི་བསམ་པ་ཚིམ་པར་བྱ་བ་ལ་ཐོགས་པ་མེད་པས་ཁོང་དུ་ཆུད་པར་འགྱུར་རོ། །དེའི་སེམས་བསྐྱེད་པ་གཅིག་རྩམ་ཡང་ལོག་པར་མི་འགྱུར་ཏེ་ སེམས་བསྐྱེད་པ་གཞན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཆོས་དཀར་པོ་བསྩགས་པ་དོན་ཡོད་པ་ལྟ་བུ་ལ་གནས་པས་རྒྱན་རྣམ་པར་ཕྱེ་བ་ བཅུས་སེམས་བསྐྱེད་པ་ཐམས་ཅད་ཡོངས་སུ་བསྔོ་སྟེ། བཅུ་གང་ཞེ་ན་འདི་ལྟར་ལུས་ཀྱི་རྒྱན་སེམས་ཅན་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་དང་། ངག་གི་རྒྱན་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། སེམས་ཀྱི་རྒྱན་ སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཀུན་ནས་ཉོན་མོངས་པ་མེད་པ་དང་། འོད་ཀྱི་རྒྱན་འོད་ཟེར་གྱི་དྲ་བ་མཐའ་དང་དབུས་མེད་པ་ཀྱེ་བ་འགྲོ་བ་ཐམས་ཅད་སྣང་ བར་བྱེད་པ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སེམས་ཅན་གྱི་རྣམ་པ་ཚད་མེད་པའི་ཚོགས་ཡོངས་སུ་མགུ་བར་བྱེད་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའི་རྒྱན་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་ གྱིས་རྣམ་པར་འཕྲུལ་པ་དང་། བསྟན་པའི་རྒྱན་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་དང་། མྱ་ངན་ལས་འདས་པའི་རྒྱན་མངོན་པར་སངས་རྒྱས་པ་གཅིག་ཅིག་གིས་ཕྱོགས་བཅུ་མ་ལུས་པར་རྒྱས་པར་ 73-1-55a འགེངས་པ་དང་། ཆོས་བྱིན་གྱིས་བརླབས་པའི་རྒྱན་ཡུལ་དང་། དུས་དང་སྣོད་ཇི་ལྟ་བ་བཞིན་དུ་སྡོད་པ་དག་སྟེ། དེ་དག་རྒྱན་དེ་ལྟ་བུས་སེམས་བསྐྱེད་པ་ཐམས་ཅད་དུ་མངོན་པར་བསྒྲུབ་པས་ལུས་ དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པ་དང་། ཡེ་ཤེས་ཆེན་པོ་དོན་ཡོད་པ་རབ་ཏུ་འཐོབ་སྟེ། དེ་དག་མཐོང་བས་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་འགྱུར་བའི་ཕྱིར་ སེམས་ཅན་རྣམས་ལ་དོན་ཡོད་པ་ཡིན་ཏེ། ཐོས་པ་དང་བསྙེན་བཀུར་བ་དང་། འགྲོགས་པ་དང་། རྗེས་སུ་དྲན་པ་དང་། རྗེས་སུ་རབ་ཏུ་བྱུང་བ་དང་། ཆོས་སྟོན་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡིད་རང་ བ་དང་། དད་ཅིང་མོས་པ་དང་། ཆུང་ངུ་ན་མིང་བརྗོད་པ་ཙམ་ཡང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པའི་ཕྱིར་སེམས་ཅན་རྣམས་ལ་དོན་དུ་འགྱུར་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ ལྟ་སྟེ་དཔེར་ན་རྩིའི་མིང་མཐོང་ན་བདེ་བ་ཞེས་བྱ་བ་དེ་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ལུས་ལ་ཞེན་པ་འམ་ལྟོར་ཟོས་པའི་དུག་རབ་ཏུ་ཞི་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ ཆུབ་སེམས་དཔའ་ཡང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དུག་ཐམས་ཅད་བྱང་བར་འགྱུར་ཏེ། ཆོས་དཀར་པོའི་སྟོབས་ཀྱི་ཤུགས་ཀྱང་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་ཉིད་དེ་ལྟ་བུ་དང་ལྡན་ཞིང་ཆོས་དེ་དག་ལ་གནས་ཏེ། ཤེས་རབ་ཀྱི་འོད་ཆེན་པོས་མ་རིག་པའི་མུན་པ་བསལ་ནས། བདུད་ཀྱི་དཀྲུགས་མའི་འཁོར་ཐམས་ཅད་བྱམས་པ་དང་། སྙིང་རྗེ་ ཆེན་པོའི་སྟོབས་ཀྱི་ཕམ་པར་བྱས་ཏེ། ཡེ་ཤེས་དང་བསོད་ནམས་ཀྱི་སྟོབས་ཀྱི་ཤུགས་ཀྱི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མནན་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པས། སེམས་ཀྱི་ 73-1-55b དྲི་མ་ཐམས་ཅད་དང་། ཉོན་མོངས་པའི་ཕྱོགས་ཐམས་ཅད་བསལ་ནས། སྐྱེ་བ་མེད་པའི་སྟོབས་དང་ཤུགས་ཀྱིས་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་བསྒྲུབས་ཏེ། སྔོན་བཅད་སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་སྤྱད་པའི་སྟོབས་དང་ཤུགས་ཀྱིས་མི་ཁོམ་པ་དང་། ངན་སོང་དང་ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་ནས། མངོན་པར་ཞེན་པ་མེད་པའི་སྟོབས་དང་ཤུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་སྦྱངས་ཏེ། རིམ་གྱིས་ཐབས་དང་ཤེས་རབ་ཀྱི་སྟོབས་དང་། ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། རིག་པ་དང་མི་འཇིག་པ་ཡོངས་སུ་དག་པ་མངོན་པར་བསྒྲུབས་ ནས། ཆོས་དཀར་པོ་ཐམས་ཅད་ཀྱི་སྟོབས་དང་ཤུགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་བཟང་པོ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཡོངས་སུ་དག་པ་མངོན་པར་བསྒྲུབ་པ་རབ་ཏུ་རྒྱས་པར་བྱས་སྟེ། ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་དབང་པོ་དང་། བྱིན་གྱི་བརླབས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱང་མྱུར་དུ་འཐོབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡང་སྨོན་ལམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་འཐོབ་པར་འགྱུར་རོ། །སྔོན་གྱི་བྱིན་གྱིས་བརླབས་དང་། ཡེ་ཤེས་ཀྱི་བྱིན་གྱི་བརླབས་ཀྱིས་མངོན་པར་ སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན། སངས་རྒྱས་ཀྱི་ཞིང་སྟོན་ཏེ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཅིང་། མཐའ་ཡས་པའི་སེམས་ཅན་རྣམ་པར་ འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས་དེ་ལྟ་བུ་དང་ལྡན་པ་དག་ཚུལ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་ནས་ཀྱང་། 73-1-56a འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་། ཆོས་སྨྲ་བ་ཆེན་པོ་ཡང་བྱེད་དོ། །དེ་ལྟར་ཆོས་སྨྲ་བ་བྱེད་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ བྱིན་གྱི་བརླབས་པ་དེ་དག་ཆོས་ཀྱི་མཛོད་ཆེན་པོ་གཟུང་ཞིང་བསྲུང་བའི་ཕྱིར། ཐ་དད་པ་ཡང་དག་པར་ཤེས་པའི་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་ཚིག་གིས་འཁོར་གྱི་དཀྱིལ་འཁོར་མཐའ་ཡས་པར་བདག་གི་ ལུས་ཀྱིས་རྒྱན་བྱིན་གྱི་བརླབས་ཀྱིས་བསྟན་པ་མངོན་པར་བསྒྲུབ་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། ཐ་དད་པ་ཡང་དག་པར་ཤེས་པའི་མཁས་པ་མཐའ་ཡས་པ་དང་། ཡེ་ཤེས་མི་ཟད་པའི་སྒོར་འཇུག་པ་དང་། དབྱིངས་ཀྱི་དཀྱིལ་ འཁོར་ཤིན་ཏུ་རྣམ་པར་ཕྱེ་བའི་བྱིན་གྱི་བརླབས་པ་དང་། དབྱངས་གཅིག་བསྒྲགས་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མགུ་བར་བྱེད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་བསམ་པ་དང་། བག་ལ་ཉལ་བ་དང་། ཤེས་པའི་ས་ ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བ་དང་། ལུས་ཀྱི་བྱིན་གྱི་བརླབས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་ཕྱིན་ཀྱང་ཟིལ་གྱིས་མི་མནོན་པ་དང་། ལུས་ཀྱི་རྒྱན་སྒོ་ཐམས་ཅད་དུ་རྣམ་པར་བསྟན་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ ཅད་ཀྱི་སེམས་དང་། བསམ་པ་ཁོང་དུ་ཆུད་པས་རབ་ཏུ་རྟོགས་པ་དང་། ཚིག་གྲོལ་བའི་བྱིན་གྱིས་བརླབས་ཀྱིས་བསྟན་པ་དང་ཆོས་འཆད་པའི་བྱིན་གྱི་བརླབས་ལ། མཁས་པས་ཆོས་ཀྱི་གཏམ་ཆེན་པོ་བྱེད་དེ། སྟོབས་དང་ཤུགས་ ཀྱི་དབང་ཐུབ་པ་མེད་པ་དང་། འཇིགས་པ་མེད་པའི་དབང་དུ་ཞུམ་པ་མེད་པ་དང་། ཆོས་ཀྱི་དབང་ཟིལ་གྱིས་མི་ནོན་པ་དང་། ཡེ་ཤེས་ཀྱི་དབང་གཞན་གྱིས་མི་ཐུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་ཆོས་ཀྱི་ མཚན་ཉིད་འཁྲུག་པ་མེད་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་དབང་མཚམས་སྦྱོར་བ་རྒྱུན་ཆད་པ་མེད་པར་བསམ་པ་ཤིན་ཏུ་རྟོགས་པ་དང་། གཟུངས་ཀྱི་དབང་ཆོས་ཐམས་ཅད་རྣམ་པར་གདོན་མྱི་ཟ་བ་ལ་འཇུག་ 73-1-56b པ་དང་། སྨོན་ལམ་གྱི་དབང་དཔེ་སྣ་ཚོགས་ཀྱིས་བསྟན་པའི་ཚུལ་ཉེ་བར་བསྒྲུབ་པ་ཤིན་ཏུ་བསྟན་པ་དང་། སྙིང་རྗེ་ཆེན་པོའི་དབང་ཕྱིར་མི་ལྡོག་ཅིང་རྒྱུན་མ་ཆད་པ་དང་། བྱམས་པ་ཆེན་པོའི་དབང་སྔོན་ཤིན་ཏུ་བསྐྱེད་པས་བསམ་པ་ ཐམས་ཅད་ཚིམ་པར་བྱེད་པ་དང་། འོད་ཟེར་གྱི་དྲ་བ་ཆེན་པོ་གཏོང་བས་ཆོས་ཀྱིས་གཏམ་ཆེན་པོ་བྱེད་དོ། །དེ་དག་ནི་དེ་བཞིན་གཤེགས་པ་སེང་གེའི་གདན་ལ་བཞུགས་ཤིང་ཆོས་ཀྱི་གཏམ་གསུང་བ་དང་། བྱང་ཆུབ་སེམས་དཔའ་ ཡེ་ཤེས་དང་སྨོན་ལམ་གྱི་ཁྱད་པར་དང་ལྡན་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན། བྱང་ཆུབ་སེམས་དཔའ་དེ་ལ་ཕྱིར་བརྒོལ་བའམ། སྤྱི་གཙུག་བལྟ་བ་འམ། ཟིལ་གྱིས་གནན་པ་འམ། དྲི་བའི་ཚོགས་ཡོངས་ སུ་དྲི་བས་ཐུབ་པར་བྱ་བར་ནུས་པའི་སེམས་ཅན་གང་ཡང་མེད་དེ། དེ་ནི་གནས་མེད་དོ། །ཀྱེ་རྒྱལ་བའི་སྲས་གལ་ཏེ་བྱང་ཆུབ་སེམས་དཔའ་དབང་དེ་ལྟ་བུ་ཐོབ་པ་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པའི་ འཁོར་གྱི་དཀྱིལ་འཁོར་གྱི་ཅིག་ཡོད་པ་འཁོར་གྱི་དཀྱིལ་འཁོར་དེ་ཡང་སེམས་ཅན་སྟོང་གསུམ་གྱི་བདག་པོའི་གཟི་བརྗིད་ཐོབ་པ་ཤ་སྟག་གིས་གང་བ་ཞིག་ཡིན་ན་ཡང་། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་ གྱི་དཀྱིལ་འཁོར་དུ་འོངས་མ་ཐག་ཏུ་ལུས་བསྟན་པའི་དབང་གིས་ཟིལ་གྱིས་མནན་ཏེ། བྱམས་པ་ཆེན་པོའི་དབང་གིས་ལུས་ཀྱི་གཞི་ཚིམ་པར་བྱས་ནས་ཡེ་ཤེས་ཆེན་པོའི་དབང་གིས་སེམས་དང་བསམ་པ་ རྣམ་པར་ཤེས་པར་བྱས་ཏེ། མི་འཇིགས་པའི་བསམ་པ་ཆེན་པོས་ཆོས་སྟོན་པར་བྱེད་ཅིང་། སྤོབས་པ་ཆེན་པོའི་དབང་གི། སེམས་ཅན་ཚིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ བྱང་ཆུབ་སེམས་དཔའ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་མེད་པ་དང་ལྡན་པ། ཆོས་རྣམ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ལ་མཁས་པ་དང་ལྡན། དྲན་པའི་སྟོབས་དང་ཤུགས་མ་ཉམས་པ་རྒྱ་ཆེ་བ་དང་ལྡན་ 73-1-57a ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གདོན་མི་ཟ་བར་བཟུང་ཞིང་བླངས་པས་རྟོགས་པར་མཁས་པ་དང་ལྡན། བྱང་ཆུབ་སེམས་དཔའི་མཁས་པ་མཐའ་དང་དབུས་མེད་པ་དང་ལྡན། ཆོས་ཀྱི་མཚན་ཉིད་ སྒྲིབ་པ་མེད་པའི་ཆོས་སྟོན་པ་ལ་མཁས་པ་དང་ལྡན། མོས་པ་ལ་མཁས་པ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་བླངས་པ་དང་ལྡན། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཡང་ དག་པར་གཞོལ་བའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ལ་མཁས་པ་དང་ལྡན། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་རྒྱུ་བའི་བསམ་པ་ བཟང་པོ་རྣམ་པར་དག་པ་ལ་མཁས་པ་དང་ལྡན་པས། ཆོས་སྨྲ་བ་ཆེན་པོ་བྱེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་ཀྱང་རྣམ་པར་འབྱེད་དོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་ པ་རྣམས་ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་སྨོན་ལམ་དང་། ཡེ་ཤེས་འབྱམ་ཀླས་པས་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་གྱིས་ ཡང་བྱང་ཆུབ་སེམས་དཔའི་རིམ་གྱིས་ཡང་དག་པར་འབྱུང་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསོད་ནམས་ ཚོགས་བསྩགས་བྱང་ཆུབ་སེམས་ལ་གནས་པ་རྣམས། །རྟག་ཏུ་བག་ཡོད་བློ་བརྟེན་མཐུ་ཆེན་བདོག་པ་དག །དྲན་དང་ལྡན་ཞིང་བྱང་ཆུབ་སེམས་རབ་མི་གཏོང་བས། །ཕྱོགས་རྣམས་བཅུ་པོར་བདེ་ གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་རྩམས་པ་དྲན་ལྡན་མོས་པ་བརྟན་པ་ཅན། །འཇིག་རྟེན་ཀུན་ལ་རྟག་ཏུ་མི་གནས་མི་ལྡོག་པ། །ཟབ་པའི་ཆོས་ཞུགས་མྱ་ངན་མེད་པའི་ཚུལ་མཁས་རྣམས་ 73-1-57b ཕྱོགས་རྣམས་བཅུ་པོར་བདེ་གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་བརྟེན་པས་བདེ་གཤེགས་མཉེས་པར་བྱས་ནས་ཀྱང་། །དུས་གསུམ་བསོད་ནམས་ཚོགས་དང་ཡེ་ཤེས་ལྡན་པ་རྣམས། །ས་རྣམས་གནོན་ བྱེད་སྤྱོད་མཆོག་ཉམས་པ་མེད་པར་བྱེད། །ཐུབ་པའི་སྨོན་ལམ་རྫོགས་བྱེད་སྟོན་པ་འང་དེ་བཞིན་བྱེད། །ཡེ་ཤེས་གཅིག་ལ་ཞུགས་པ་དེ་དག་ཐོབ་བྱ་བ། །ཐོབ་ནས་འགྲོ་བ་ཀུན་ལ་སྦྱིན་པ་རབ་ཏུ་གཏོང་། །བསམ་པ་ དག་དང་ཁམས་དང་སྦྱོར་བ་ཤེས་བྱས་ནས། །དབང་པོ་ཇི་བཞིན་མཁས་པ་དེ་ལྟར་ཆོས་ཀྱང་སྟོན། །ཕ་རོལ་ཕྱིན་ལ་བརྩོན་པ་མཐུ་ཆེན་ལྡན་པ་རྣམས། །འགྲོ་བ་རྣམས་ལ་ཆོས་སྟོན་དག་གི་དོན་མི་གཏོང་། །ཕ་རོལ་ ཕྱིན་རྫོགས་གྲོལ་བ་མཐུ་ཆེན་ལྡན་པ་རྣམས། །ཁྱུ་མཆོག་མཐུ་ཡིས་འཁོར་བའི་མཚོ་ལས་སེམས་ཅན་སྒྲོལ། །དེ་ལྟར་ཉིན་མཚན་སྐྱོ་བ་མེད་པར་བརྩོན་བྱེད་ཅིང་། །དྲང་སྲོང་རྒྱལ་བ་ཆོས་རིགས་མི་གཙང་ཞུགས་ པ་ཡིས། །དཀར་པོའི་སྤྱོད་པ་གང་ཡང་རུང་སྟེ་སྤངས་པ་རྣམས། །ཐམས་ཅད་དོན་ཡོད་རྒྱལ་བ་རྣམས་ཀྱི་སར་འགྲོའོ། །དེ་དག་ཇི་སྤྱོད་ཐམས་ཅད་འགྲོ་བ་རྣམས་ལ་ཡང་། །རྣམ་སྨིན་དོན་ཡོད་ཉོན་མོངས་ དྲི་མ་སྦྱོང་བར་འགྱུར། །འདི་འདྲའི་ཆོས་ལྡན་དེ་དག་མུན་པ་བསལ་བྱས་ཤིང་། །བདུད་འཁྲུགས་འཁོར་ལོ་ཕམ་བྱས་བྱང་ཆུབ་ཐོབ་པར་བྱས། །དེ་ལྟར་བརྩོན་ཞིང་ཡེ་ཤེས་ཐོབ་པའི་བདེ་གཤེགས་སྲས། །བདེ་ གཤེགས་རྣམས་ཀྱི་ཆོས་རབ་མཛོད་ཀྱང་རབ་ཏུ་སྟོན། །དེ་དག་ཆོས་སྨྲའི་བྱ་བ་ཀུན་ཀྱང་ཤིན་ཏུ་བྱེད། །བདུད་རྩི་མཆོག་ཞིམ་སྤྲིན་གྱི་ཆར་ཡང་མངོན་པར་འབེབས། །དེ་དག་སྙིང་རྗེ་བྱམས་པས་འགྲོ་བ་ཀུན་བཀང་ཞིང་། ། བརྟན་པ་དེ་རྣམས་འཁོར་གྱི་བསམ་པ་ཤེས་བྱས་ནས། །གང་གི་བསམ་པ་གློ་གྲོས་སེམས་རྒྱུད་ཅི་འདྲ་བ། །དེ་བཞིན་རྒྱལ་བའི་ཆོས་ནི་སྟོང་ཕྲག་དུ་མ་སྟོན། །གླང་པོའི་སྟོབས་སྡུག་ཚུལ་ 73-1-58a བཟང་འགྲོ་བ་བརྟན་པ་རྣམས། །སེང་གེའི་རྩལ་ལྟར་རྟག་ཏུ་སུས་ཀྱང་མི་ཐུབ་ཅིང་། །ཡེ་ཤེས་རྒྱ་མཚོ་ལྟ་བུ་རི་རབ་བཞིན་གནས་པ། །སྤྲིན་ལྟར་འགྲོ་བ་ཀུན་གྱི་ཉོན་མོངས་ཞི་བར་བྱེད། །བྱང་ཆུབ་ སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། དེ་ལ་སྟོན་པས་རྗེས་སུ་དགྱེས་པར་མཛད་དོ། །ཆོས་སྣང་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་གསུམ་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ནས་སངས་རྒྱས་ཀྱིས་མཐུས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ ཀྱི་བར་ཐམས་ཅད་ན། གླིང་བཞི་པ་འདི་ལ་སྩོགས་པ་གླིང་བཞི་པ་རེ་རེ་ན། དེ་བཞིན་གཤེགས་པ་མང་པོ་བཞུགས་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ ཀྱིས་ཆོས་སྟོན་ཏོ། །བདག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཆོས་སྟོན་ཏོ། །བདག་ཀྱང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ན་འཁོད་པར་ཤེས་སོ། །བཅོམ་ལྡན་འདས་ཀྱིས་རྫུ་ འཕྲུལ་མངོན་པར་འདུ་མཛད་པ་མ་བཤིག་མ་བཏང་བར་བྱང་ཆུབ་ཀྱི་ཤིང་དྲུང་ཡང་མ་སྤངས་པར་རི་རབ་ཀྱི་རྩེ་མོ་ནས། མཚེ་མའི་གནས་ཀྱི་ལྷའི་བུ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་གང་ན་བ་དེར་གཤེགས་ པར་སྣང་ངོ་། །ཇི་ལྟར་གླིང་བཞི་པ་འདི་ན་བཅོམ་ལྡན་འདས་རབ་མཚེ་མའི་གནས་སུ་གཤེགས་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། རབ་མཚེ་མའི་གནས་སུ་གཤེགས་པར་སྣང་སྟེ། བྱིན་གྱིས་བརླབས་སྔ་མ་རྣམས་ཀྱང་དེ་བཞིན་མི་འཁྲུག་པར་སྣང་ངོ་། །དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས། བཅོམ་ལྡན་འདས་རྒྱང་རིང་པོ་ནས་ཁང་པ་ནོར་བུ་སྣ་ཚོགས་ལོགས་སུ་མངོན་པར་གཤེགས་པ་མཐོང་ 73-1-58b ནས། རིངས་པའི་གཟུགས་སུ་ཁང་པ་ནོར་བུ་སྣ་ཚོགས་ཀྱི་ནང་དུ། དེ་བཞིན་གཤེགས་པའི་གདན་རྫུ་འཕྲུལ་གྱིས་བསྒྲུབས་པའི་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན། ལྷ་རྫས་ཀྱི་རིན་པོ་ཆེ་ལས་བྱས་པ་པོག་རེག་བརྒྱ་ སྟོང་ཕྲག་བཅུས་ཀུན་ནས་བརྒྱན་པ། གསེར་གྱི་དྲ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་མངོན་པར་བྲེས་པ། མེ་ཏོག་གི་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་ཁྱབ་པར་བྱས་པ། ཕྲེང་བའི་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་ རྒྱས་པ། སྤོས་ཀྱི་བླ་རེ་བརྒྱ་སྟོང་ཕྲག་བཅུས་སྤོས་ཐམས་ཅད་ཀུན་ཏུ་འཐུལ་བར་བཏུག་པ། རིན་པོ་ཆེའི་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་བྲེས་པ། མེ་ཏོག་གི་གདུགས་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ། ཕྲེང་བའི་གདུགས་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ་དང་། རིན་པོ་ཆེའི་གདུགས་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ་དང་། འོད་གཟེར་བརྒྱ་སྟོང་ཕྲག་བཅུས་སྣང་བར་བྱས་པ་དང་། རབ་མཚེ་མའི་ལྷའི་རྒྱལ་ པོ་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་གདུད་པ། ཚངས་པ་བརྒྱ་སྟོང་ཕྲག་བཅུས་མངོན་པར་ཕྱག་བྱ་བ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་བཅུས་མངོན་པར་བསྟོད་པ། རོལ་མོ་བརྡུང་བ་བརྒྱ་སྟོང་ཕྲག་བཅུའི་སྒྲ་ཕྱུང་བ། ཆོས་ཀྱི་གླུའི་དབྱངས་བརྒྱ་སྟོང་ཕྲག་བཅུའི་གླུའི་དབྱངས་དང་ལྡན་པ། མེ་ཏོག་གི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པ། རྒྱན་གྱི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པ། གོས་ཀྱི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་ བཅུ་རབ་ཏུ་ཕབ་པས་ཀུན་ནས་གཡོག་པ། ནོར་བུ་རིན་པོ་ཆེའི་སྤྲིན་བརྒྱ་སྟོང་ཕྲག་བཅུའི་ཆར་རབ་ཏུ་ཕབ་པས་ཀུན་ཏུ་སྣང་བར་བྱས་པ། དགེ་བའི་རྩ་བ་བརྒྱ་སྟོང་ཕྲག་ཀུན་ནས་བྱུང་བ། སངས་རྒྱས་བརྒྱ་སྟོང་ ཕྲག་བཅུས་བྱིན་གྱི་བརླབས་པ། བསོད་ནམས་བརྒྱ་སྟོང་ཕྲག་བཅུས་བསྩགས་ཤིང་བསྒྲུབས་པ། ལྷག་པའི་བསམ་པ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་སྦྱངས་པ། སྨོན་ལམ་བརྒྱ་སྟོང་ཕྲག་བཅུས་རྣམ་པར་དག་པར་ 73-1-59a བྱས་པ། སྤྱོད་པ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བསླང་བ། ཆོས་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་བརྟན་པ། རྣམ་པར་འཕྲུལ་པ་བརྒྱ་སྟོང་ཕྲག་བཅུ་དང་ལྡན་པ། ཡོན་ཏན་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་འཕགས་ པ། བརྗོད་པ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བརྗོད་པ་བཤམས་སོ། །ཇི་ལྟར་གླིང་བཞི་པ་འདི་རབ་མཚེ་མའི་གནས་ཀྱི་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་སུ་དེ་བཞིན་གཤེགས་པའི་གདན་གཏིང་བ། དེ་བཞིན་དུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དག་གི། རབ་མཚེ་མའི་གནས་སུ་ཡང་། ཁང་པ་ནོར་བུ་སྣ་ཚོགས་སུ་ལྷའི་རྒྱལ་པོ་རབ་མཚེ་མ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གདན་རྒྱན་འདི་འདྲ་བ་དང་། བཤམ་ པའི་ཚུལ་འདི་འདྲ་བ་དག་ཀྱང་བཏིང་བར་གྱུར་ཏོ། །དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས་བཅོམ་ལྡན་འདས་ཀྱི་གདན་བཏིང་ནས། ཞེ་ས་དང་རིམ་གྲོར་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་སུ་གསོལ། བདེ་བར་གཤེགས་པ་གཤེགས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བདེ་བར་གཤེགས་སམ། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་རབ་མཚེ་མས་སྤྱན་དྲངས་པ་བཞིན་དུ་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་སོ། །ཇི་ལྟར་གླིང་བཞི་པ་འདི་རབ་མཚེ་མའི་གནས་སུ་ལྷའི་རྒྱལ་པོ་རབ་ མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་རབ་མཚེ་མའི་གནས་སུ་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་པར་སྣང་ངོ་། །དེ་ནས་ལྷའི་རྒྱལ་པོ་རབ་ མཚེ་མའི་ལྷའི་དབང་པོའི་གནས་ཐམས་ཅད་དུ་སྒྲ་བསྒྲགས་ཏེ། ལྷའི་རྒྱལ་པོ་རབ་མཚེ་མས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ། །དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་ 73-1-59b བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་དེ་རྗེས་སུ་དྲན་ནས། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བཀྲ་ཤིས་དམ་པ་གང་ ཞིག་གིས། །སངས་རྒྱས་གྲགས་པའི་དམ་པར་མཚན་བཏགས་མཚན་གསོལ་པ། །ནོར་བུའི་གཙུག་ཏུ་གཤེགས་པ་ལྟར། །དེ་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་ སྒྲོན་མ་བླ་ཞེས་མཚན་བཏགས་པ། །རྒྱན་གཅིག་ལྡན་པར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སྒྲིབ་མེད་གཟིགས་པ་འཛུམ་པའི་སྤྱན་དུ་ མཚན་བཏགས་པ། །རྒྱན་གཅིག་ལྡན་པར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་མར་མེ་མཛད་ཅེས་མཚན་བཏགས་པ། ། རྣམ་པར་རྒྱལ་བ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བདེ་གཤེགས་ཡང་དག་དོན་གཟིགས་པ་ཞེས་མཚན་བཏགས་པ། །དྲི་མེད་རྩེ་མོར་གཤེགས་ པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །དེ་བཞིན་གཤེགས་པ་རང་འབྱུང་མཆོག་ཅེས་མཚན་བཏགས་པ། །རིན་ཆེན་སྤོས་སུ་གཤེགས་གྱུར་པ། ། དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་དབྱིག་གི་ལྷ་ཞེས་མཚན་བཏགས་པ། །དྲི་མྱེད་སྣ་ཚོགས་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འགྲོ་བ་མེད་པའི་སྨྲ་བའི་སྟག་ཅེས་མཚན་བཏགས་པ། །ཐམས་ཅད་ཚུལ་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག ། 73-1-60a བཀྲ་ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཀུན་མངའ་དཔལ་གྱིས་རྒྱལ་བར་མཚན་བཏགས་པ། །དགེ་བའི་རྒྱན་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་ གང་ཞིག་གིས། །འཇིག་རྟེན་ཕན་བརྩོན་དཀའ་ཐུག་དྲག་པ་མཚན་བཏགས་པ། །ཀུན་ནས་མདོག་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །ཇི་ལྟར་ལྷའི་རྒྱལ་པོ་རབ་མཚེ་མས་སངས་རྒྱས་ ཀྱི་བྱིན་གྱི་བརླབས་ཀྱིས། སྔོན་གྱི་རྒྱལ་བ་གཤེགས་པ་བརྗོད་དེ་མངོན་པར་བསྟོད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱལ་པོ་རབ་མཚེ་མ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་སྔོན་གྱི་ ཡང་དག་པར་རྫོགས་པའི་སངས་རྒྱས་གཤེགས་པ་བརྗོད་ཅིང་། གླུའི་དབྱངས་ཀྱིས་ཚིགས་སུ་བཅད་དེ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་ནས་གདན་བཏིང་བ་ལ་ སྐྱིལ་མོ་གྲུང་བཅས་ཏེ་བཞུགས་སོ། །ཇི་ལྟར་བཅོམ་ལྡན་འདས་བཞུགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་གདན་གཏིང་བ་དེ་དག་ལ་བཞུགས་པར་སྣང་ངོ་། །བཅོམ་ལྡན་འདས་བཞུགས་མ་ཐག་ཏུ་ ཁང་པ་ནོར་བུ་སྣ་ཚོགས་དེ་འདི་ལྟ་སྟེ། དཔེར་ན་རབ་མཚེ་མའི་ལྷའི་རིགས་ཐམས་ཅད་ཙམ་དུ་ཆེ་བར་གྱུར་པ་སྣང་སྟེ། འདི་ན་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་དེ་བཞིན་ནོ། །རབ་མཚེ་མའི་གནས་ན་ རྣམ་པར་འཕྲུལ་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་བཞི་པ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་མཐུས་ཕྱོགས་བཅུ་ནས། བྱང་ཆུབ་སེམས་དཔའ་མང་པོ་ལྷགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ ཡང་འཁོར་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འོངས་ཏེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་ཕྱིན་ཏོ། །བྱང་ཆུབ་སེམས་དཔའ་ 73-1-60b དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་ཡོན་ཏན་དང་ལྡན་པ་དང་། བློ་གྲོས་དང་ལྡན་པ་དང་། དཔལ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། ཁྲེལ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྟོབས་ དང་ལྡན་པ་དང་། རིག་པ་དང་ལྡན་པ་དང་། བློ་དང་ལྡན་པ་དང་། ཡེ་ཤེས་དང་ལྡན་པ་དག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་སྟེ། འདི་ལྟར་གཉན་ དང་ལྡན་པ་དང་། མེ་ཏོག་དང་ལྡན་པ་དང་། ནོར་དང་ལྡན་པ་དང་། དཔལ་དང་ལྡན་པ་དང་། སྒྲོན་མ་དང་ལྡན་པ་དང་། རྡོ་རྗེ་དང་ལྡན་པ་དང་། བདེ་བ་དང་ལྡན་པ་དང་། ཉི་མ་དང་ལྡན་པ་དང་། དགེ་བ་དང་ལྡན་པ་དང་། ཚངས་པ་དང་ལྡན་པ་དག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པར་སྤྱོད་པ་དག་སྟེ། འདི་ལྟར་ཉམས་པ་མེད་པའི་སྤྱན་དང་། གཞན་མ་ཡིན་ པའི་སྤྱན་དང་། མི་གཡོ་བའི་སྤྱན་དང་། མི་སྐྱོད་པའི་སྤྱན་དང་། ཆུའི་སྤྱན་དང་། བཅིངས་པ་མེད་པའི་སྤྱན་དང་། ཀུན་ཏུ་སྤྱོད་པའི་སྤྱན་དང་། འོད་ཀྱི་སྤྱན་དང་། དམ་པའི་སྤྱན་དང་། མཐོན་མཐིང་གི་སྤྱན་དག་གོ། །དེ་ནས་ བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་རྒྱས་པར་བྱས་ཏེ། གང་ནས་འོངས་པའི་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་རིན་པོ་ཆེའི་སྙིང་པོ་ཅན་དག་ བཤམས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ཇི་ལྟར་གླིང་བཞི་པ་འདི་རབ་མཚེ་མའི་གནས་སུ་བྱང་ཆུབ་སེམས་དཔའ་འོངས་པར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་ཏུ་ ཡང་། རབ་མཚེ་མའི་གནས་གྱི་ཁང་པ་ནོར་བུ་སྣ་ཚོགས་སུ་ཡང་ལྷགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་མིང་ཡང་དེ་སྐད་ཅེས་བྱ་བ་ཤ་སྟག །དེ་བཞིན་གཤེགས་པའི་མཚན་ཀྱང་དེ་སྐད་ཅེས་བྱ་བའི་ 73-1-61a ཞམ་རིང་ན། ཚངས་པར་སྤྱོད་པ་ཤ་སྟག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་ཀྱི་བོལ་གཉིས་ནས་འོད་ཟེར་བྱེ་བ་བརྒྱ་སྟོང་བཀྱེ་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ ཅད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་གྱི་རབ་མཚེ་མའི་གནས་ཐམས་ཅད་ན་ཡང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡོད་པར་མཐོང་ངོ་། དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་འོད་གཟེར་འོད་སྣང་བས། །ཕྱོགས་རྣམས་ ཐམས་ཅད་རྣམ་པར་སྣང་། །དེས་ནི་རབ་ཏུ་གསལ་བྱས་པས། །མིག་ལ་རབ་རིབ་གང་ཡང་མེད། །མཚེ་མ་རབ་ཀྱི་གནས་འདི་ན། །གང་ཟག་དམ་པ་སངས་རྒྱས་བཞུགས། །དེ་བཞིན་ཀུན་ན་འང་གསལ་བར་སྣང་། །དེ་ནི་ འཇིག་རྟེན་ངོ་མཚར་ཏོ། །སེམས་ཅན་གཙོ་བོ་བཅུ་ཡི་རྣམས། །གཤེགས་པར་གྱུར་པ་མངོན་པར་བསྟོད། །དེ་དག་འཁོར་ཀྱང་ཅི་འདྲ་བ། །དེ་བཞིན་ཀུན་ན་རབ་ཏུ་སྣང་། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་ན། ། ཆོས་ཀྱི་དམ་པ་རབ་ཏུ་སྟོན། །དེ་ཀུན་མིང་ཡང་འདི་བཞིན་ཏེ། །བདག་ཅག་རྣམས་ཀྱི་ཀུན་རྫོབ་བཞིན། །འཇིག་རྟེན་ཁམས་ཀྱི་མིང་དག་ཀྱང་། །དེ་ཞེས་བྱ་བ་ཀུན་ནས་འོངས། །གང་ཟག་དམ་པ་དེ་དག་ནི། །ཚངས་པའི་ སྤྱོད་པ་དེ་ན་སྤྱོད། །བདག་ཅག་རྣམས་ལ་གང་བརྟགས་པ། །ཀུན་གྱི་མིང་ཡང་དེ་དང་མཐུན། །སངས་རྒྱས་ཞིང་རྣམས་འཕྲུལ་ལྡན་པ། །དེ་དག་སངས་རྒྱས་རྣམ་འཕྲུལ་ལོ། །མི་ཡི་འཇིག་རྟེན་ཀུན་ན་ཡང་། །འདི་ནི་ རྒྱལ་བ་བཞུགས་པར་ཤེས། །གཞན་གྱིས་དེ་ཡི་རྒྱལ་པོ་ཡི། །གནས་ན་དེ་བཞིན་བཞུགས་པ་མཐོང་། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །གང་ཟག་དམ་པ་དེ་བཞུགས་ཀྱང་། །རྒྱལ་བ་མཚེ་མ་རབ་གནས་ན། 73-1-61b བཞུགས་པར་བདག་ཅག་ཀུན་ཀྱང་སེམས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །སངས་རྒྱས་གཟི་བརྗིད་བསམ་མི་ཁྱབ། །དེ་དག་སྨོན་ལམ་བསྐུལ་བའི་ཕྱིར། །འཇིག་རྟེན་ཁམས་སུ་རབ་ཏུ་བཀྱེ། །སེམས་ཅན་ གཙོ་བོའི་རྣམ་འཕྲུལ་པས། །འདི་དག་དེ་རྣམས་ཀུན་གྱིས་མཐོང་། །སངས་རྒྱས་ཡོན་ཏན་མཐའ་ཡས་སྟེ། །འཇིག་རྟེན་ཟང་ཟིང་ཐུབ་པས་སྤངས། །ཕྱོགས་རྣམས་ཐམས་ཅད་ཀུན་ཏུ་རྒྱུ། །ཆགས་པ་མེད་པ་ནམ་མཁའ་ བཞིན། །དེ་ནི་གཅིག་ལས་ཤིན་ཏུ་འདས། །མང་པོ་དག་ཏུའང་མི་དམིགས་སོ། །མཐའ་ཡས་ལེགས་མངའ་སངས་རྒྱས་རྣམས། །དེ་དག་ཤེས་པར་ཇི་ལྟར་རུང་། །གནས་པ་མེད་ཅིང་ལེན་པ་མེད། །ཆོས་དབྱིངས་རྟོགས་ པར་ཐུགས་སུ་ཆུད། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་པས། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་མགོན་པོ་ འཕྲུལ་ཆེན་རྣམས། །རྡུལ་མེད་གང་ཟག་དམ་པ་དག །འདུས་ཤིང་ཚོགས་པ་བསམ་ཡས་པའི། །བསྐལ་པ་དག་ཏུ་ཤིན་ཏུ་དཀོན། །དེ་དག་ཐམས་ཅད་ཀུན་གཟིགས་པ། །སེམས་ཅན་གཙོ་བོ་འོད་མཛད་དེ། །སྲོག་ཆགས་ ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཇིག་རྟེན་མུན་ནག་འདི་དག་ཏུ། །འཇིག་རྟེན་མགོན་པོ་བྱུང་གྱུར་པ། །འཇིག་རྟེན་སྒྲོན་མ་དེ་དག་ནི། །བལྟ་བར་ཤིན་ཏུ་དཀའ་བ་ཡིན། །སྦྱིན་པ་ཚུལ་ཁྲིམས་ བཟོད་པའི་རབ། །བརྩོན་འགྲུས་བསམ་གཏན་བསྒོམས་པ་དང་། །ཤེས་རབ་སྔོན་ཆད་སྤྱད་པས་ན། །འགྲོ་བ་ཐམས་ཅད་སྣང་བ་མཛད། །སངས་རྒྱས་འདྲ་བ་གང་ཡང་མེད། །དེ་ཕྱིར་དེ་ཡི་མཉམ་པ་མེད། །ཆོས་རྣམས་ཡོད་ པ་མ་ཡིན་པས། །སྐྱེས་བུ་དམ་པ་མཐོང་བ་མེད། །སངས་རྒྱས་ཤེས་རབ་ཆེན་པོ་རྣམས། །མཚན་གྱི་ཚོགས་ནི་བསམ་མི་ཁྱབ། །སྐུ་ཡི་ཚོགས་ཀྱིས་ཤིན་ཏུ་འཕགས། །ཆོས་རྣམས་ཀུན་གྱིས་ཡང་དག་བྱུང་། ། 73-1-62a འཇིག་རྟེན་གྲགས་ཆེན་དག་པ་རྣམས། །དཔའ་བོ་ཆེན་པོ་དེ་དག་སྣང་། །དེ་དག་མཚན་ཙམ་ཐོས་པས་ཀྱང་། །ངན་སོང་ཐམས་ཅད་སྤངས་པར་འགྱུར། །བསྐལ་པ་རྣམས་ནི་བརྗོད་མེད་པར། །བྱང་ཆུབ་དོན་དུ་འཁོར་ བྱས་ཀྱང་། །འདི་ཡི་ཚུལ་ནི་མ་ཤེས་ན། །བྱང་ཆུབ་དོན་དུ་ཞུགས་པ་མྱིན། །སངས་རྒྱས་བསམ་གྱིས་མི་ཁྱབ་པ། །བསྐལ་པ་བྱེ་བར་བཀུར་བ་དང་། །གང་གིས་ཚུལ་འདི་བསམ་པ་གཉིས། །འདི་ནི་དེ་ལས་ཁྱད་དུ་འཕགས། ། གང་གིས་བརྗོད་བྱས་ཞིང་གི་རྣམས། །རིན་ཆེན་གང་སྟེ་ཐུབ་གསོལ་ཀྱང་། །འདིའི་ཚུལ་ནི་མ་ཤེས་ན། །སངས་རྒྱས་བྱང་ཆུབ་དེ་ལ་རིང་། །དེ་ནས་བྱང་ཆུབ་སེམས་དཔའ་དཔལ་དང་ལྡན་པས། སངས་རྒྱས་ཀྱི་བྱིན་གྱིས་ བརླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ནམ་མཁའ་དྲི་མ་མེད་པ་ལ། །ཉི་མའི་འོད་ཟེར་མཐའ་ཡས་པ། །དཔྱིད་ཀྱི་ཟླ་བ་ཐ་མ་ལ། །ཕྱོགས་བཅུ་དག་ཏུ་རབ་ ཏུ་སྣང་། །དེ་ཚེ་སྨྱིག་རྒྱུ་ཅི་འདྲ་བ། །དེ་དག་བགྲང་བར་མི་ནུས་ཏེ། །མྱིག་ཅན་རྣམས་ཀྱང་དེ་ལ་རྨོངས། །ལོང་བ་རྣམས་ཀྱི་སྤྱོད་ཡུལ་མིན། །དེ་བཞིན་སེམས་ཅན་གཙོ་བོ་ཡིས། །ཡོན་ཏན་མཐའ་དང་དབུས་མེད་པ། བསྐལ་པ་བསམ་གྱིས་མི་ཁྱབ་པར། །སུས་ཀྱང་ཤེས་པར་མི་ནུས་སོ། །དེ་དག་གང་ནས་བླངས་པ་མྱེད། །དེ་ནི་ཅི་ལས་སྐྱེས་པ་མྱེད། །རྣམ་པར་བསྒོམས་ན་ཡོད་པ་མྱིན། །འོང་བ་མེད་པའི་ཆོས་རྣམས་ལ། ། འགྲོ་བ་དེ་བཞིན་མྱི་དམྱིགས་སྟེ། །དེ་ཕྱིར་དེ་དག་རྒྱུ་ཡང་མེད། །དེ་བཞིན་འཇིག་པའང་ཡོད་པ་མྱིན། །འཇིག་པ་མེད་པའི་ཆོས་རྣམས་ཀྱི། །རང་བཞིན་གང་གིས་ཤེས་པས་ནི། །གང་ལ་སྐྱེ་བ་མེད་པ་ཡི། །ཡང་དག་ སངས་རྒྱས་མཐོང་བ་ཡིན། །སྐྱེས་པ་མེད་པའི་ཆོས་རྣམས་ཀྱི། །རང་བཞིན་དངོས་པོ་མི་དམིགས་ཏེ། །དེ་འདྲའི་དོན་དུ་ཤེས་པས་ནི། །དམིགས་པ་མེད་པ་ཤེས་པ་ཡིན། །འདི་ལ་ཤེས་བྱེད་གང་ཡང་མེད། ། 73-1-62b ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཆོས་ཉིད་འདི་ནི་ཤེས་གྱུར་ལ། །ཡོངས་སུ་ཤེས་པ་གང་ཡང་མེད། །སྐྱེ་བ་དག་ནི་བརྗོད་པ་སྟེ། །དེ་ཕྱིར་ཞིང་རྣམས་རབ་ཏུ་བརྗོད། །ཞིང་གི་རང་བཞིན་ཤེས་གྱུར་པ། །འཁྲུག་པ་མེད་པ་རབ་ཏུ་ ཤེས། །གང་ཚེ་འཇིག་རྟེན་ཞིང་ཡིན་པར། །ཚུལ་བཞིན་དུ་ནི་རྟོགས་བྱེད་ན། །དེ་ཚེ་ཐམས་ཅད་དོན་བསྟན་པ། །བྱང་ཆུབ་སེམས་དཔས་རབ་ཏུ་ཤེས། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་བ་དང་ལྡན་པས། སངས་རྒྱས་ཀྱི་ མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གནས་འདི་ཤིན་ཏུ་རྒྱ་ཆེ་སྟེ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཡིན། །རྟག་ཏུ་ཀུན་ཏུ་སོང་བ་སྟེ། །ཡིད་དུ་འོང་ཞིང་གནས་ཀྱང་ མེད། །དེ་ལ་ཡང་དག་བརྟག་བྱས་ཤིང་། །རིམ་གྲོ་ཡོད་པར་དད་བྱེད་ན། །སྡུག་བསྔལ་ནམ་ཡང་མི་མཐོང་སྟེ། །ངན་སོང་རྣམས་ཀྱང་མི་མཐོང་ངོ་། །ཚད་མེད་དེ་བཞིན་གྲངས་མེད་པའི། །འཇིག་རྟེན་ཁམས་སུ་སུ་འགྲོ་བས། གང་རྣམས་འདི་ན་སྣང་བ་ཡིན། །སངས་རྒྱས་བྱིན་བརླབས་ཐོས་པར་འགྱུར། །དྲང་སྲོང་ཆེན་པོའི་བྱིན་གྱིས་བརླབས། །གང་གིས་ཐོས་པར་གྱུར་ནས་ཀྱང་། །འདི་འདྲ་སངས་རྒྱས་ཆོས་སོ་ཞེས། །རྟོག་མེད་བླ་མེད་བྱང་ཆུབ་ པོ། །གང་རྣམས་འདས་པའི་སངས་རྒྱས་ཀྱི། །ཆོས་ཉིད་ལ་ནི་ཡིད་ཆེས་པས། །དེ་ཀུན་འཇིག་རྟེན་སྒྲོན་མ་སྟེ། །རྐང་གཉིས་ལྡན་པའི་དམ་པར་གྱུར། །སངས་རྒྱས་རྣམ་པར་འཕྲུལ་པ་འདི། །ལ་ལ་ཞིག་གིས་ཐོས་ གྱུར་ཅིང་། །ཐོས་ནས་དད་པར་བྱེད་གྱུར་ན། །དེ་དག་མི་ཡི་དམ་པར་འགྱུར། །བརྟེན་པ་གང་རྣམས་ད་ལྟར་ཡང་། །སངས་རྒྱས་ཆོས་ལ་དད་བྱེད་པ། །དེ་དག་དོན་གཟིགས་མི་འཇིགས་པའི། །དེ་བཞིན་གཤེགས་པར་འགྱུར་ བ་ཡིན། །བསྐལ་པ་བསམ་གྱིས་མྱི་ཁྱབ་པར། །འདི་འདྲ་ཐོས་པ་ཤིན་ཏུ་དཀོན། །སྨོན་ལམ་དབང་ནི་མ་གཏོགས་པར། །བློ་གྲོས་འདི་འདྲར་འགྱུར་བ་མྱིན། །སངས་རྒྱས་དམ་ཆོས་འདི་ལས་ཀྱང་། །ལེགས་པར་བཤད་ 73-1-63a པ་གཟུང་བྱས་ཤིང་། །གཞན་ལ་སྟོན་པ་སུ་བྱེད་པ། །དེ་དག་བསམ་གྱིས་མི་ཁྱབ་འགྱུར། །དེ་ལ་བརྩོན་འགྲུས་བསྐྱེད་བྱས་ཤིང་། །ཡིད་ལ་གོ་ཅ་བགོ་བྱས་ཏེ། །གང་ལས་སངས་རྒྱས་བརྗོད་པ་ཡི། །ཤེས་པ་འདི་འདྲ་ མཉན་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྲེལ་དང་ལྡན་པས། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །གང་ཞིག་ཐོས་ནས་འདི་འདྲ་བའི། ། དགའ་བ་ཡངས་པ་སྐྱེ་བ་དང་། །ཐེ་ཙོམ་རྣམ་པར་གཅད་པ་ནི། །འཇིག་རྟེན་ན་ནི་ངོ་མཚར་ཆེ། །འདི་ལྟར་ཐམས་ཅད་གཟིགས་པའི་རྣམས། །ཉིད་ཀྱིས་འགྲོ་ལ་བཀའ་སྩལ་ན། །སངས་རྒྱས་མི་མཁྱེན་གང་ཡང་མེད། ། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །མི་ཤེས་པ་ཡི་རྒྱུ་ལས་ནི། །ཡེ་ཤེས་འཇུག་པར་མི་འགྱུར་ཏེ། །མུན་པའི་མཐུ་དང་སྣང་བ་གཉིས། །ལྷན་ཅིག་འབྱུང་བར་མི་འགྱུར་བསྟན། །ཇི་ལྟར་གཟུགས་དང་གཟུགས་མེད་པ། །བསྐལ་ བ་མཉམ་པ་མེད་པར་བཤད། །དེ་ལྟར་ཤེས་དང་མི་ཤེས་པ། །འགྲོགས་པར་ཤིན་ཏུ་མི་འགྱུར་རོ། །འཁོར་དང་མྱ་ངན་འདས་པ་དག །ཇི་ལྟར་མེད་ལས་བརྟགས་པ་ལྟར། །དེ་བཞིན་ཤེས་དང་མི་ཤེས་པ། །མཚན་ཉིད་ བཞིན་དུ་དམིགས་པ་མེད། །ཇི་ལྟར་འཇིག་རྟེན་འཇིགས་པ་དང་། །འདུ་བར་འགྱུར་བ་རིང་བ་སྟེ། །ཕན་ཚུན་འགྲོགས་པར་མི་འགྱུར་བ། །ཤེས་དང་མི་ཤེས་དེ་བཞིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཡི། །ཐོག་ མའི་སེམས་དང་ཐ་མའི་སེམས། །ལྷན་ཅིག་མྱི་གནས་འབྱུང་བ་ལྟར། །ཤེས་དང་མི་ཤེས་དེ་བཞིན་ནོ། །ཇི་ལྟར་ལུས་དང་རྣམ་ཤེས་པ། །གཞན་དང་གཞན་ལས་འབྱུང་འགྱུར་བ། །དེ་བཞིན་ཤེས་དང་མི་ཤེས་ གཉིས། །འགྲོགས་པར་འགྱུར་བ་ནམ་ཡང་མེད། །ཇི་ལྟར་དུག་ལ་ཕན་པའི་རྩི། །འཕྲལ་དུ་དུག་ནི་ཀུན་མྱིན་བྱེད། །དེ་ལྟར་ཤེས་པ་མི་ཤེས་པས། །ཤིན་ཏུ་སེལ་བ་བྱེད་པར་མཛོད། །སངས་རྒྱས་བླ་ན་གང་ཡང་མེད། ། 73-1-63b དེ་དང་འདྲ་བའང་ཡོད་པ་མིན། །དེ་ལས་གཞན་དུ་འགྱུར་བ་མེད། །དེ་བས་རྒྱལ་བ་ཤིན་ཏུ་དཀོན། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་དེ་དག་སྨྲས་པ། ཆོས་རྣམས་འདི་དག་འགལ་མྱེད་པར། །མཁྱེན་ནས་སངས་རྒྱས་ཐུགས་སུ་ཆུད། །དེས་ནི་མི་མཁྱེན་གང་ཡང་མྱེད། །ཡེ་ཤེས་ཀྱི་ཡང་ཕ་རོལ་ཕྱིན། །ཇི་ལྟར་གསེར་དང་ས་ལེ་ སྦྲམ། །ངོ་བོ་ཉྀད་ཀྱིས་འགལ་བ་མེད། །དེ་ལྟར་ཆོས་སྨྱིན་དེ་བཞིན་ཆོས། །དེ་དག་ཐམས་ཅད་མཚན་ཉིད་གཅིག །སེམས་ཅན་སེམས་ཅན་མ་ཡིན་པས། །ངོ་བོ་ཉིད་ཀྱིས་རང་བཞིན་མྱེད། །གདགས་སུ་མེད་ལས་འབྱུང་བ་ ལྟར། །ཆོས་རྣམས་རང་བཞིན་དེ་བཞིན་ནོ། །མ་འོངས་དུས་ནི་ཇི་ལྟ་བུར། །འདས་པར་བརྗོད་པར་བྱ་བ་སྟེ། །དེ་ལ་མཚན་ཉིད་ཡོད་པ་མྱིན། །དེ་བཞིན་མཚན་ཉིད་མེད་པའོ། །འབྲེལ་དང་སྐྱེ་དང་འགོག་པ་དང་། །རང་བཞིན་ དང་ནི་རང་བཞིན་དག །རྣམ་པ་ཐ་དད་གྱུར་པ་ལྟར། །སངས་རྒྱས་རང་བཞིན་དེ་བཞིན་ནོ། །མྱ་ངན་འདས་པ་གཟུང་མྱེད་པ། །གཉིས་ཀྱི་དུས་ན་བརྗོད་པར་བྱས། །དེ་ལ་བྱེ་བྲག་གང་ཡང་མེད། །དེ་བཞིན་གཟུགས་ལ་རྣམ་ རྟོག་པའོ། །ཇི་ལྟར་ཅི་ཞིག་བགྲང་བྱས་ཤིང་། །བགྲང་བར་བྱེད་ཅེས་བརྗོད་པ་ཡང་། །དེ་ལ་ཐ་དད་གང་ཡང་མེད། །དེ་བཞིན་གཟུགས་ཀྱི་རང་བཞིན་ནོ། །ཇི་ལྟར་གཅིག་ནས་གཅིག་གི་བར། །མང་པོའི་ཚུལ་དུ་བགྲང་བ་ཡིས། ། དངོས་པོ་གྲངས་མེད་འགྱུར་བ་ཡང་། །བློ་ཡི་རྣམ་པ་ཐ་དད་བསྟན། །འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་འབྱུང་ཡེ་ཤེས་དེ་བཞིན་ནོ། ། ཇི་ལྟར་འཇིག་རྟེན་ཕྱོགས་བཅུ་ཡི། །ནམ་མཁའ་སོ་སོར་བརྟགས་པ་ལྟར། །དེ་བཞིན་སངས་རྒྱས་རྣམས་མཐོང་སྟེ། །སངས་རྒྱས་རྣམས་ལ་རྟོག་མི་མངའ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པས། སངས་རྒྱས་ 73-1-64a ཀྱི་མཐུས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་དུས་རྣམས་གསུམ་པོ་ཡིས། །སེམས་ཅན་ཁམས་རྣམས་བརྗོད་པར་འགྱུར། །སེམས་ཅན་དེ་དག་ཐམས་ཅད་ཀྱང་། །ཕུང་ པོ་ལྔ་ལས་ཤིན་ཏུ་བརྗོད། །དེ་རྣམས་ལས་ཀྱི་ཕུང་ཆེན་ཡིན། །ལས་ཀྱི་རྩ་བའང་སེམས་ཡིན་ཏེ། །སེམས་ནི་སྒྱུ་མ་བཞིན་དུ་བཤད། །སྒྱུ་མར་གྱུར་པའི་འགྲོ་འདིའོ། །གང་ན་འཇིག་རྟེན་འདི་འབྱུང་ཞིང་། །ཡང་ན་ལྡོག་པར་འགྱུར་ བ་ཡིན། །འཇིག་རྟེན་འཇིག་རྟེན་མྱི་བྱེད་དེ། །གཞན་གྱི་རྒྱུས་ཀྱང་བྱས་པ་མྱིན། །འཇིག་རྟེན་འདི་ན་འབྱུང་བ་འབྱུང་། །འཇིག་རྟེན་འདིར་ཡང་ལྡོག་པར་འགྱུར། །འབྱུང་ཞེས་བརྗོད་པར་མི་བྱ་སྟེ། །དེ་ནི་འཇིག་རྟེན་ ཤེས་པ་ཡིན། །གང་ལ་འཇིག་རྟེན་སྣང་བ་ཞེས། །འདུ་ཤེས་རྣམ་པར་བརྟགས་པ་ཡི། །འཇིག་རྟེན་ཞེས་བྱ་གང་ཞིག་ཡིན། །སྣང་བ་ཞེས་བྱ་ཅི་ཞིག་ཡིན། །དུས་གསུམ་དག་ཏུ་རྒྱུད་པ་ཡིན། །ཕུང་པོ་འདི་ནི་འཇིག་རྟེན་ ཡིན། །དེ་དག་འགོག་པ་སྣང་བ་ཞེས། །འགྲོ་བ་དག་ཏུ་འདུ་ཤེས་གྱུར། །ཕུང་པོ་ཞེས་བྱ་འདི་ནི་ཅི། །ཕུང་པོའི་རང་བཞིན་ཇི་ལྟ་བུ། །ཕུང་པོ་རྣམས་ནི་མི་འཇིག་ཕྱིར། །དངོས་པོ་མེད་ཅེས་རབ་ཏུ་བརྗོད། །ཕུང་པོ་འདི་དག་ རྣམ་རྟོགས་དོན། །དེ་དག་རང་བཞིན་སྟོང་པ་ཡིན། །མི་འཇིགས་དོན་ནི་སྟོང་པ་སྟེ། །དངོས་པོ་མེད་ཅེས་བྱ་བའོ། །འཇིག་རྟེན་ཅི་བཞིན་སངས་རྒྱས་ཏེ། །སངས་རྒྱས་ཆོས་ཀྱང་དེ་བཞིན་ནོ། །སངས་རྒྱས་ཆོས་དང་སངས་རྒྱས་རྣམས། ། ངོ་བོ་ཉིད་ཀྱིས་རང་བཞིན་མྱེད། །མ་ནོར་ཡང་དག་ཇི་བཞིན་པའི། །ཆོས་ཉིད་འདི་ནི་རྟོགས་གྱུར་ནས། །ཀུན་གཟིགས་ཐམས་ཅད་མཁྱེན་པ་ཡི། །སངས་རྒྱས་ཀུན་ན་རབ་ཏུ་སྣང་། །དེ་ནས་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་ པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། རང་བཞིན་དངོས་པོ་མེད་པ་ཡི། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །ས་ཡི་ཁམས་རྣམས་ཅི་བཞིན་ཏེ། ། 73-1-64b སངས་རྒྱས་རྣམ་འཕྲུལ་ངོ་མཚར་ཆེ། །དེ་ཡི་རང་བཞིན་འདི་ཡིན་ལ། །བརྗོད་ཅིང་བསྔགས་པ་མཐའ་ཡས་ཏེ། །འདས་པའི་འཇིག་རྟེན་ཁམས་རྣམས་སུ། །སུས་ཀྱང་བརྗོད་པ་མ་ཡིན་ནོ། །གཞན་དུ་སེམས་ཅན་ལས་ཀྱིས་ ན། །ཤིན་ཏུ་བསྟན་པར་བརྗོད་པ་སྟེ། །སེམས་ཅན་རྣམས་ནི་མ་གཏོགས་པར། །ལས་ཤེས་བྱ་བ་ཅི་མི་དམིགས། །དེ་བཞིན་སྟོང་པའི་ལས་ཀྱི་ཀྱང་། །བརྗོད་པ་རྣམས་ནི་ཚད་མེད་པར། །སེམས་ཅན་ཀུན་གྱི་ལས་སུ་ འགྱུར། །དེ་ལ་མ་འོངས་གང་ཡང་མེད། །ཇི་ལྟར་ཁ་དོག་དབྱིབས་ཀྱི་རྣམས། །ལས་ཀྱི་རྒྱུད་ནི་བསམ་མི་ཁྱབ། །སྣང་ཡང་དེ་དག་དེ་ན་མེད། །རྣམ་པར་རིག་པའི་དངོས་ཉིད་འདྲ། །དེ་བཞིན་སེམས་ཅན་གཙོ་བོ་ཡི། ། སྐུ་ནི་བསམ་གྱིས་མི་ཁྱབ་པ། །བརྗོད་པ་རྣམས་ཀྱང་ཚད་མེད་པར། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སྐུ་ནི་རྫོགས་པའི་སངས་རྒྱས་མིན། །སངས་རྒྱས་རྣམས་ལ་སྐུ་མི་མངའ། །དཔའ་བོ་ཆེན་པོ་ཆོས་སྐུ་སྟེ། །ཆོས་ ཀུན་རྟོགས་པར་ཐུགས་སུ་ཆུད། །གང་གིས་རང་བྱུང་རྣམས་ཀྱི་སྐུ། །ཡང་དག་ཅི་བཞིན་མཐོང་བ་ནི། །སངས་རྒྱས་ཆོས་ནི་རྣམ་ཀུན་དང་། །ཆོས་རྣམས་ལ་ཡང་རྨོངས་པ་མེད། །འདས་པར་གྱུར་པའི་ཆོས་རྣམས་ ཀུན། །མྱ་ངན་འདས་པར་ཤེས་གྱུར་ན། །དེ་དག་ཤིན་ཏུ་མི་གནས་པའི། །རྫོགས་པའི་སངས་རྒྱས་མཐོང་བ་ཡིན། །ཡང་དག་སངས་རྒྱས་སུས་མཐོང་ཞིང་། །དྲན་པ་ཤིན་ཏུ་བསྒོམ་བྱས་ཏེ། །མཚན་མེད་ཐ་དད་མེད་པ་ རྣམས། །དེ་དག་ཆོས་ཀྱི་རྒྱལ་པོའི་སྲས། །དེ་ནས་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་རི་མོའི་ལས་རྣམས་ ལ། །མཚོན་རྣམས་སྣ་ཚོགས་ཀུན་འདུ་བ། །ཀུན་ཀྱང་འབྱུང་བ་ཆེན་པོར་མཉམ། །སེམས་ཀྱིས་ཡོངས་སུ་བརྟགས་པ་ཡིན། །ཁམས་ལ་མཚོན་རྩི་དེ་དག་མྱེད། །ཚོན་རྩི་ལ་ཡང་ཁམས་མེད་དེ། །ཁམས་རྣམས་མ་གཏོགས་ 73-1-65a གཞན་ན་ཡང་། །ཚོན་རྩིས་བྱ་བ་གང་ཡང་མེད། །སེམས་ལ་རི་མོ་དེ་མེད་དོ། །རི་མོ་ལ་ཡང་སེམས་མེད་དེ། །སེམས་དེ་མ་གཏོགས་གཞན་དུ་ཡང་། །རི་མོ་གང་ཡང་མི་དམིགས་སོ། །སེམས་དེ་བརྟགས་པ་མ་ཡིན་པ། ། བསམ་གྱིས་མི་ཁྱབ་ཚད་མེད་ཅིང་། །ཕན་ཚུན་ཤེས་པ་མེད་པ་ཡི། །གཟུགས་རྣམས་ཐམས་ཅད་སྟོན་པར་བྱེད། །ཇི་ལྟར་རི་མོ་མཁན་གྱི་རྣམས། །སེམས་ནི་གང་གིས་རི་མོ་དེ། །བྲིས་པའི་སེམས་ནི་མི་ཤེས་པ། ། དེ་བཞིན་ཆོས་ཀྱི་རང་བཞིན་ནོ། །སེམས་ནི་རི་མོ་མཁན་དང་འདྲ། །སེམས་ནི་ཕུང་པོ་བྱེད་པ་སྟེ། །འཇིག་རྟེན་ཁམས་ན་ཇི་སྙེད་པའི། །འཇིག་རྟེན་འདི་དག་སེམས་ཀྱིས་བྲིས། །སེམས་དང་འདྲ་བ་སངས་རྒྱས་ ཏེ། །སངས་རྒྱས་ཇི་བཞིན་འགྲོ་བའོ། །སེམས་དང་སངས་རྒྱས་དག་ལ་ཡང་། །ངོ་བོ་ཉིད་ཀྱིས་ཟད་པ་མེད། །སེམས་ཀྱི་རྒྱུད་རྣམས་ཅི་འདྲ་བ། །དེ་དག་སངས་རྒྱས་རབ་ཏུ་མཁྱེན། །དེ་ཕྱིར་སངས་རྒྱས་རང་ བཞིན་གྱིས། །འགྲོ་བ་སྣ་ཚོགས་གྱུར་པར་སྣང་། །ལུས་ཀྱི་རྣམས་ལ་སེམས་མེད་དེ། །སེམས་ལའང་ལུས་རྣམས་ཡོད་པ་མྱིན། །སངས་རྒྱས་མཛད་པའང་རབ་ཏུ་བྱེད། །དེ་ལྟར་སྤྱོད་པ་ངོ་མཚར་ཆེ། །གང་ཞིག་ དུས་གསུམ་ཐམས་ཅད་ཀྱི། །རྒྱལ་བ་ཐམས་ཅད་ཤེས་འདོད་ན། །སངས་རྒྱས་ཐམས་ཅད་སེམས་ཀྱི་དངོས། །ཆོས་ཀྱི་དབྱིངས་སུ་བལྟ་བར་གྱིས། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་ལྡན་པས། སངས་རྒྱས་ ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གཟུང་དུ་མེད་ལ་འཛིན་ཅེས་བྱ། །སྣང་བ་མེད་ལ་སྣང་བ་སྟེ། །མཉན་དུ་མེད་པར་ཉན་པ་མྱེད། །སེམས་མེད་པ་ཡིས་སེམས་དང་ ལྡན། །ཚད་མེད་པ་ལ་ཚད་མ་ཡིས། །གང་ཞིག་འཛིན་པར་མི་འདོད་པ། །དེ་ནི་ཚད་མེད་ཚད་མ་ཡིན། །ནམ་ཡང་འཛིན་པར་མི་འགྱུར་རོ། །བརྗོད་དུ་མེད་པ་སྨྲ་བྱེད་པ། །བདག་ལ་ཤིན་ཏུ་བསླུ་བ་སྟེ། །དེ་ཡི་དོན་ཀྱང་རྗོགས་མི་བྱེད། ། 73-1-65b སྲོག་ཆགས་རྣམས་ཀྱང་ཚིམ་པར་འགྱུར། །དེ་བཞིན་མཐའ་ཡས་བརྗོད་ལྡན་པའི། །བརྗོད་པ་གང་ཞིག་སྨྲ་འདོད་པ། །བསྐལ་པ་གྲངས་མེད་ཟད་བྱས་ཀྱང་། །རང་འབྱུང་རྣམས་ཀྱིས་བརྗོད་མྱི་ཟད། །ཡིད་བཞིན་ནོར་བུ་དག་པ་ནི། ། ཁ་དོག་ཀུན་ཏུ་རབ་ཏུ་སྣང་། །དེ་ལ་ཁ་དོག་ཡོད་པ་མྱིན། །སངས་རྒྱས་ཡོན་ཏན་དེ་བཞིན་ནོ། །ཇི་ལྟར་ནམ་མཁའ་དྲི་མེད་ཅིང་། །གཟུགས་མེད་བསྟན་དུ་མེད་ཡིན་ཡང་། །གཟུགས་རྣམས་ཐམས་ཅད་སྟོན་པར་བྱེད། ། ནམ་མཁའ་སྣང་བ་གང་ཡང་མེད། །དེ་བཞིན་ཐམས་ཅད་གཟིགས་པ་རྣམས། །ཡོན་ཏན་ཀུན་དང་ལྡན་སྟོན་ཀྱང་། །དེ་ནི་སུས་ཀྱང་མཐོང་བ་མེད། །སེམས་ལའང་དེ་ནི་མྱི་དམྱིགས་སོ། །སངས་རྒྱས་སྒྲ་ནི་གྲག་མོད་ཀྱི། ། དེ་བཞིན་གཤེགས་པ་སྒྲ་མ་ཡིན། །སྒྲ་ནི་མ་གཏོགས་གཞན་དུ་ཡང་། །སངས་རྒྱས་ཤེས་པར་མི་རུང་ངོ་། །ཇི་ལྟར་བདག་གི་མཐོང་ཚུལ་དུ། །འདི་ནི་ཤེས་བྱའི་གནས་མ་ཡིན། །སངས་རྒྱས་བྱང་ཆུབ་བླང་དུ་མེད། ། དེ་ལ་རྣམ་པར་རྟོག་པ་མེད། །སངས་རྒྱས་ཆོས་རྣམས་གང་དག་ཀྱང་། །སུ་ལའང་སངས་རྒྱས་གསུང་བ་མྱེད། །སེམས་ཅན་བསམ་པ་ཇི་བཞིན་དུ། །དེ་ལ་དེ་འདྲ་སྟོན་པ་མཛད། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ལ་སདྱས་ཕལ་པོ་ཆེ་ཞེས་བྱ་ལས། །རབ་མཚེ་མའི་གནས་སུ་བྱང་ཆུབ་ སེམས་དཔའ་འདུས་པས། ཚིགས་སུ་བཅད་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་ལྔ་པ།། །།སངས་རྒྱས་རྨད་ག་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ། སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་མཉམ་པར་བཞག་པར་གྱུར་ཏོ། །དེ་ལྟར་ བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེའི་ཚེ་ཕྱོགས་བཅུ་རེ་རེར་ཡང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ 73-1-66a ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པའི་མཚན་ཡོན་ཏན་དང་ལྡན་པ་ཞེས་བྱ་བ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་བསྟན་ པ་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དང་ལྡན་པ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ལ་མཉམ་པར་ བཞག་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལ་ནི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་འཐུན་པ་ཤ་སྟག་གིས། འདི་ལྟར་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་དང་སྔོན་གྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་ཤིན་ཏུ་བསྟན་པས་ན་འདི་ལྟར་ཆོས་བསྟན་པ་དང་། སངས་རྒྱས་ཀྱི་ ཡེ་ཤེས་རྣམ་པར་འཕེལ་བར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ལ་འཇུག་པར་བྱ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་སྒོམ་པ་དང་། ཆགས་པ་མེད་པ་ལ་འཇུག་པར་བྱ་བ་དང་། སྒྲིབ་པ་མེད་པའི་སྤྱོད་ཡུལ་དང་། ཀུན་ ནས་རབ་ཏུ་སྦྱོར་བ་དང་། ཐམས་ཅད་མཁྱེན་པ་རབ་ཏུ་བསྒྲུབ་པ་དང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། དབང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་བསྟན་པ་ཐམས་ཅད་ཡོངས་སུ་གཟུང་བར་ བྱ་བ་དང་། འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་བརྩོམ་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། བྱིན་གྱིས་བརླབས་པ་མཛད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་ བརླབས་ཀྱིས། ཆོས་བསྟན་པ་ལ་སྤོབས་པར་གྱིས་ཤིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ་ལ་ཆགས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། ། 73-1-66b བསྒྲུབས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །བྱིན་གྱིས་བརླབས་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །སློབ་དཔོན་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །རྨོངས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཐ་དད་པ་མེད་ པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཁ་ན་མ་ཐོ་བ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཚད་མྱེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཟིལ་གྱིས་མྱི་ནོན་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཞུམ་པ་མེད་པ་ཉིད་ཉེ་བར་ བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉྀད་ཐོབ་པའི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ ལྡན་པའི་མགོ་ལ་བྱུག་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལྟར་རེག་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ། ཏིང་ངེ་འཛིན་དེ་ལས་ལངས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ལས་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀླས་སོ། །ནམ་མཁའི་དབྱིངས་ཀྱི་མཐར་ཐུག་གོ། །ཀྱེ་རྒྱལ་བའི་སྲས་དག ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་པོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་པོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལ་བསམ་ཏེ། དེ་སྐད་དུ་སྨྲས་པ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ 73-1-67a ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་དགའ་བར་བྱེད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་དང་། བདེ་བ་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ སྤྱོད་པ་གཉིས་པ་དང་། མི་མཐུན་པ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་དང་། མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བཞི་པ་དང་། རྨོངས་པ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ ལྔ་པ་དང་། ལྟ་བ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་དང་། གནས་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུན་པ་དང་། ཐུབ་པར་དཀའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྒྱད་པ་དང་། ཆོས་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་དང་། བདེན་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ སྤྱོད་པ་དང་པོ་དགའ་བ་བྱེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་སྤྱོད་པའི་རྗེས་སུ་སློབ་ཅིང་རྗེས་སུ་ དྲན་པར་བྱ་བ་དང་། ཡིད་ཞུམ་པ་མེད་པ་དང་། ཡིད་དང་བས་ཀུན་ཏུ་འཕེལ་བར་བྱ་བ་དང་། ཡོངས་སུ་གཟུང་བ་དང་། ཡང་དག་པར་བསྟན་པ་དང་། རྗེས་སུ་རྒྱ་ཆེ་བར་བྱེད་ཅིང་། སྡུག་བསྔལ་བའི་སེམས་ཅན་བདེ་ བར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། འགྱོད་པ་མེད་པའི་སེམས་ཀྱི་སྦྱོར་བ་དང་། རྣམ་པར་སྨྱིན་པ་ལ་ཡེ་བརྔམ་པ་མེད་པ་དང་། གྲགས་པ་འདོད་པ་མེད་པ་དང་། 73-1-67b གཉེན་འདོད་པ་མེད་པ་དང་། ཁེ་འདོད་པ་མེད་པ་དང་། གཞན་རྗེས་སུ་བསྲུང་བ་དང་། ཕ་རོལ་ལ་ཕན་གདགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སེམས་ཀྱིས། སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་དང་། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོའོ། །སྤྱོད་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཡིན་ཏེ། དེ་ནི་སེམས་ཅན་དབུལ་པོ་གང་དང་གང་ན་ཡོད་ པ་དེ་དང་དེར་སྨོན་ལམ་གྱི་དབང་གིས་རབ་ཏུ་སྐྱེས་སྟེ། སྐྱེས་ནས་ཀྱང་ཟད་མི་ཤེས་པའི་ལོངས་སྤྱོད་དང་ལྡན་ཞིང་ཤིན་ཏུ་ཕྱུག་པ་ཡིན་ཏེ། དེ་ལ་གལ་ཏེ་དུས་གཅིག་དུ། སློང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་ མེད་པ་ཞིག་འོངས་ཏེ། འདི་སྐད་དུ་ཀྱེ་ཤེས་པར་གྱིས་ཤིག །བདག་ཅག་ཐམས་ཅད་ནི་བཀྲེས་པས་མཆིའོ། །གལ་ཏེ་བདག་ཅག་ཁྱོད་ཀྱི་ཤ་ཟོས་ན་ནི་འཚོ་བར་འགྱུར་རོ་ཞེས། ཚིག་ཏུ་སྨྲ་བར་གྱུར་ཀྱང་། བྱང་ཆུབ་ སེམས་དཔའ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམ་པ་འདི་ལྟ་བུ་དང་ལྡན་པ། སློང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེ་སྙེད་ཅིག་ཉེ་བར་ལྷགས་ཀྱང་། བྱང་ཆུབ་སེམས་དཔའ་ལ་དེའི་ཕྱིར་སེམས་ བསྐྱེད་པ་གཅིག་ཀྱང་ཞུམ་པའི་བསམ་པ་མི་འགྱུར་གྱི། སེམས་ཅན་དེ་དག་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རབ་ཏུ་སྐྱེ་སྟེ། གཞན་མང་པོ་ཞིག་འོངས་ཀྱང་དེ་བས་ཆེས་དགའ་བ་དང་། སྤྲོ་བ་འབྱུང་ཞིང་འདི་ལྟར་བདག་གིས་ གསོལ་བ་མ་བཏབ་པར། སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་སྤོབས་པའི་དགེ་བའི་བཤེས་གཉེན་སྡུག་བསྔལ་ཞིང་སློང་བ་སྦྱིན་པའི་གནས་སུ་གྱུར་པ་འདི་ལྟ་བུ་དག་དང་འགྲོགས་པར་གྱུར་པ་ནི། བདག་གིས་ཐོབ་པ་ ལེགས་པར་ཐོབ་སྟེ། ཇི་ནས་ཀྱང་སེམས་ཅན་འགའི་ཡིད་ཀྱང་མི་ཉམས་པར་བྱ་བ་དེ་ལྟར་བདག་གིས་བྱའོ། །བདག་གིས་དགེ་བའི་རྩ་བ་ཅི་བྱས་པ་དང་། ཅི་བྱེད་པ་དང་། དགེ་བའི་རྩ་བ་ཅི་བྱེད་པར་འགྱུར་བ་དེས་ 73-1-68a ཇི་ཙམ་གྱིས་སེམས་ཅན་དེ་དག་ཐམས་ཅད་འགྲངས་ཤིང་དུས་བྱེད་པར་འགྱུར་བ་དེ་ཙམ་དུ་ཆེ་བའི་ལུས་སུ་གྱུར་ཅིག །སེམས་ཅན་དེ་དག་འགྲངས་ཤིང་ཚིམ་པར་མ་གྱུར་གྱི་བར་དུ་གཅད་ཅིང་སྐྱེ་བས་མི་ཟད་ པ་དེ་ཙམ་གྱི་ལུས་སུ་གྱུར་ཅིག །དགེ་བའི་རྩ་བ་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྒྲུབས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་ཁམས་སུ་མྱ་ངན་ལས་འདས་པར་ བྱའོ། །རྣམ་གྲངས་འདི་བཞིན་དུ་མ་འོངས་པའི་དུས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལས་འདི་འདྲ་བ་དང་ལྡན་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བདག་གི་ཤ་ཟོས་ནས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྒྲུབས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མཉམ་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱས་ནས། ཕུང་པོའི་ལྷག་མ་མ་ལུས་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བདག་ཉིད་ཀྱང་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ། བདག་དུ་འདུ་ཤེས་པ་འམ། སེམས་ཅན་དུ་འདུ་ཤེས་ པ་འམ། སྲིད་པར་འདུ་ཤེས་པ་འམ། སྲོག་དུ་འདུ་ཤེས་པ་འམ། སོ་སོའི་སྐྱེ་བོར་འདུ་ཤེས་པ་འམ། གང་ཟག་དུ་འདུ་ཤེས་པའམ། ཤེད་ཅན་དུ་འདུ་ཤེས་པ་འམ། ཤེད་བདག་དུ་འདུ་ཤེས་པ་འམ། བྱེད་ པ་པོར་འདུ་ཤེས་པ་འམ། ཚོར་བ་པོར་འདུ་ཤེས་པས། གཞན་དུ་ཆོས་ཀྱི་དབྱིངས་ཉེ་བར་བཟུང་བ་དང་། སེམས་ཅན་གྱི་ཁམས་མཐའ་ཡས་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། སྟོང་པའི་ཆོས་ཉིད་ཉེ་བར་ བཟུང་བ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཉེ་བར་བཟུང་བ་དང་། མཚན་ཉིད་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། དངོས་པོ་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། གནས་མེད་པའི་ཆོས་ཉིད་ཉེ་བར་ 73-1-68b བཟུང་བ་དང་། གཞི་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། མངོན་པར་འདུ་བྱ་བ་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་མ་གཏོགས་པར་མངོན་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྟེ། དེ་ནི་བདག་ཀྱང་ཡང་དག་པར་རྗེས་སུ་ མི་མཐོང་། བདག་གིས་ལུས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ལེན་ཏོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ལེན་པ་ཡང་དག་པར་རྗེས་སུ་མི་མཐོང་། སྦྱིན་པའི་གནས་ཀྱང་ཡང་དག་པར་རྗེས་སུ་མི་ མཐོང་སྟེ། དེ་ནི་ལས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་སྨྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། འབྲས་བུ་ཡང་དག་པར་རྗེས་སུ་མི་མཐོང་། འབྲས་བུ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་། འབྲས་བུ་ཆུང་ངུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིག་པར་ཡིད་ལ་བྱེད་དོ། །མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་ལུས་འཇིག་ པར་ཡིད་ལ་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་རང་གི་ལུས་གྲངས་མེད་པ་ཞིག་ནི་འགགས་སྟེ། འགག་ཅིང་འགག་པར་འགྱུར་ཡང་། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་མི་ལེན་པ་ནི་ ངོ་མཚར་ཆེའོ། །དེ་ལྟ་ཡིན་གྱིས་བདག་གིས་སེམས་ཅན་ཐམས་ཅད་བདེ་བས་རིམ་གྲོར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མངོན་པར་སངས་ རྒྱས་ཏེ། ཆོས་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར། ཆོས་ཉིད་མི་འཇིག་པ་ཉེ་བར་གཟུང་སྟེ། དུས་གསུམ་མཉམ་པ་ཉིད་དུ་འཐུན་པའི་ཚུལ་གྱིས་ཞི་བར་བྱས་པས་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། ། སྙམ་དུ་སེམས་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་སྟེ། དགའ་བར་བྱེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གཉིས་པ་བདེ་བ་ 73-1-69a སྐྱེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། དེ་ནི་མི་གནས་པ་ཡིན། གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་ལ་མི་གནས་པ་སྟོན་པ་ཡིན། རིགས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། རྒྱུད་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། ཟས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། གཟུགས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། ལོངས་སྤྱོད་ཀྱི་བདག་ ཉིད་ཆེ་བ་ལ་མི་གནས་པ་ཡིན་ཏེ། དེ་ལྟར་དེ་ནི་ཚུལ་ཁྲིམས་ལས་ཡོངས་སུ་ཉམས་པ་མེད་ཅིང་། འདི་ལྟར་ཀུན་ནས་འཁོར་བ་མེད་པ་དང་། ཀུན་ཏུ་བཙལ་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། བར་ཆད་མེད་ པ་དང་། གཙེ་བ་མེད་པ་དང་། འཁྲུག་པ་མེད་པར་བྱའོ། །སྣད་པ་མེད་པར་བྱའོ། །སངས་རྒྱས་ཀྱིས་སྔགས་པའི་ཆོས་རྣམས་ཡོངས་སུ་གཟུང་སྙམ་དུ་སེམས་ཏེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་དེ་ལྟ་ བུའི་ཚུལ་ཁྲིམས་དང་ལྡན་པའི་དྲུང་དུ། གལ་ཏེ་ཉིན་གཅིག་ཏུ་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིག་འོངས་ཏེ། བདུད་རེ་རེ་ཞིང་ཡང་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདོད་པའི་ཆོ་ག་ཐམས་ཅད་ལ་མཁས་པ། བདེ་ བར་རིམ་གྲོར་བྱ་བ་ཐམས་ཅད་ཐོགས་པ་མེད་པ། ལུས་ཀྱི་རྒྱན་གྱིས་ཡོངས་སུ་རྒྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རེ་རེ་སྙེད་ཀྱང་། བྱང་ཆུབ་སེམས་དཔས་འདོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ བར་དུ་གཅོད་པ་ཡིན་པར་ཤེས་ནས། སྟོན་པ་མངོན་དུ་གྱུར་པའི་ཕྱིར་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མི་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མི་འབྲལ་ལོ། །འདོད་པའི་ དོན་དུ་སེམས་ཅན་འགའ་ལ་ཡང་སྡུག་བསྔལ་གྱི་རྒྱུར་འགྱུར་བ་མི་བྱེད་དེ། ཆུང་ངུ་ན་སྲོག་གི་དབང་པོ་འགགས་པར་གྱུར་ཀྱང་གཞན་ལ་མི་དགའ་བ་མི་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ནི་ 73-1-69b དེ་བཞིན་གཤེགས་པ་མཐོང་ནས། ཆུང་ངུ་ན་སེམས་ཀྱི་རྒྱུད་གཅིག་ཙམ་གྱིས་འདོད་པ་ལ་མི་སྤྱོད་ན། གཉིས་ཀྱིས་གཉིས་སྦྱར་བ་ལྟ་སྨོས་ཀྱང་ཅི་དགོས་སྟེ་འདི་ནི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སེམས་སྐྱེ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དེ་ལྟར་གཞོལ་བ་དང་། དེ་ལྟར་འབབ་པ། དེ་ལྟར་བབ་པ། དེ་ལྟར་མོས་པ། དེ་ལྟ་བུའི་སྤྱོད་ཡུལ་ཅན། དེ་ལྟར་ངེས་པ། དེ་ལྟར་བྱིང་བ། དེ་ལྟར་ནོན་པ། དེ་ལྟར་ཆགས་པ། དེ་ལྟར་ཞུགས་པ་ ཡིན་གྱིས། བདག་གིས་ནི་བདུད་འདི་དག་དང་། བདུད་ཀྱི་བུ་མོ་འདི་དག་དང་། སེམས་ཅན་ཐམས་ཅད་ཅི་ནས་ཀྱང་བླ་ན་མེད་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་བཀོད་དེ། ཐམས་ཅད་མཁྱེན་པ་ལས་ཕྱིར་མི་ལྡོག་པར་ བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱས་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བསླབས་ཏེ། མི་བྱ་བ་ཐམས་ཅད་ཡོངས་སུ་སྤང་བ་དང་། ལུས་ཀྱིས་མི་ཤེས་པ་ཐམས་ཅད་ཡོངས་སུ་སྤང་བ་མ་ཡིན་པ་དང་། སེམས་ཀྱིས་ཀྱང་ མ་ཡིན་པ་དེ་ནི་བདག་ཅག་གི་ལས་ཡིན་གྱིས། ཀྱེ་རྒྱལ་བའི་སྲས་དག་བདག་ཅག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་རབ་ཏུ་སྤང་བའི་ཕྱིར་ ཆོས་བསྟན་པར་བྱའོ། །ཕྱིན་ཅི་ལོག་ནི་སེམས་ཅན་རྣམས་ལས་གཞན་ནའང་མེད་དེ། ཕྱིན་ཅི་ལོག་རྣམས་ལས་ཀྱང་སེམས་ཅན་རྣམས་གུད་ན་མེད་དོ། །ཕྱིན་ཅི་ལོག་ཏུ་ཡང་སེམས་ཅན་འདུས་པ་མ་ཡིན། སེམས་ཅན་དུ་ཡང་ཕྱི་ཅི་ལོག་འདུས་པ་མ་ཡིན་ནོ། །ཕྱིན་ཅི་ལོག་རྣམས་ཀྱང་སེམས་ཅན་མ་ཡིན། སེམས་ཅན་རྣམས་ཀྱང་ཕྱིན་ཅི་ལོག་མ་ཡིན་ནོ། །ཕྱིན་ཅི་ལོག་རྣམས་ནི་ནང་ན་ཡང་མེད། ཕྱིན་ཅི་ལོག་ 73-1-70a རྣམས་ནི་ཕྱི་རོལ་ན་ཡང་མེད་དོ། །སེམས་ཅན་རྣམས་ཀྱང་ནང་ན་ཡང་མེད། སེམས་ཅན་རྣམས་ནི་ཕྱི་རོལ་ན་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་གསོག་གསོབ་བརྫུན་པ་བསླུ་བའི་ཆོས་ཅན་ཏེ། སྒྱུ་མ་ལྟ་བུ་ བྱིས་པ་བསླུ་བ་དང་། ངན་པ་ཆུང་བ་སྙིང་པོ་མེད་པ་དང་། རྨི་ལམ་ལྟ་བུ་མིག་ཡོར་ལྟ་བུ་སྟེ། དེ་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདུ་བྱེད་རྗེས་སུ་རྟོགས་པའོ། །འདུ་བྱེད་རྗེས་སུ་རྟོགས་པའི་ཕྱིར་མྱ་ངན་ལས་འདས་ པ་སྟེ། དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བར་བྱེད་དེ། རྒལ་བས་ནི་སྒྲོལ་བར་བྱེད། གྲོལ་བས་ནི་འགྲོལ་བར་བྱེད། ཞི་བས་ནི་ཞི་བར་བྱེད། དབུགས་ཕྱིན་པས་ནི་དབུགས་འབྱིན་པར་བྱེད། བཀྲུས་པས་ནི་འཁྲུ་བར་བྱེད། དག་པས་ནི་དག་པར་བྱེད། མྱ་ངན་ལས་འདས་པས་ནི་མྱ་ངན་ལས་འདའ་བར་བྱེད། བདེ་བར་གྱུར་པས་ནི་བདེ་བར་བྱེད་པ་སྟེ། བདག་ཅག་གིས་དེ་བཞིན་གཤེགས་པ་དང་ བསྐལ་བ་མི་མཐུན་པར་གནས་པར་མི་བྱ་སྟེ། བདག་ཅག་གིས་ནི་འཇིག་རྟེན་གྱི་སྤྱོད་པ་ཐམས་ཅད་སྤང་བར་བྱའོ། །བདག་ཅག་གིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་པར་བྱའོ། །བདག་ཅག་གིས་ ནི་བླ་ན་མེད་པའི་ཆོས་ཉིད་ལ་གནས་པར་བྱའོ། །བདག་གིས་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཡང་དག་པར་འཇུག་པར་བྱའོ། །བདག་ཅག་གིས་ནི་ཡུལ་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པར་བྱའོ། ། བདག་ཅག་གིས་ནི་ཡོངས་སུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའི་བག་ཆགས་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་རྟོགས་པ་ཐམས་ཅད་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་འབྱུང་བ་ཐམས་ཅད་ལ་མཁས་པ་དང་ ལྡན་པར་བྱའོ། །བདག་ཅག་གྀས་ནི་བླ་ན་མེད་པའི་ཡེ་ཤེས་ཀུན་ཏུ་མཐའ་ཡས་པ་བརྗོད་དུ་མེད་པ། མི་གནས་པ། འཕོས་པ་མེད་པ། མཐའ་དང་དབུས་མེད་པ། མི་ཟད་པ་གཟུགས་མེད་པ། བསྟན་དུ་ 73-1-70b མེད་པ་ལ་རབ་ཏུ་མོས་པར་བྱའོ། །ཞེས་ཟེར་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་གཉིས་པ་སྟེ། བདེ་བ་བསྐྱེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་མི་མཐུན་པ་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཉིད་ལ་བརྩོན་ཏེ། བཟོད་པ་ དང་ལྡན་ཞིང་མངོན་པར་སྨྲ་བའི་ངང་ཚུལ་ཅན་ཏེ། དེ་ཡང་བདག་ལ་གནོད་པར་མ་ཡིན། ཕ་རོལ་ལ་གནོད་པར་མ་ཡིན། གཉིས་ཀ་ལ་གནོད་པར་མ་ཡིན། བདག་བསྡུ་བར་མ་ཡིན། གཞན་བསྡུ་བར་ མ་ཡིན། གཉིས་ཀ་བསྡུ་བར་མ་ཡིན། བདག་ཡོངས་སུ་གཟུང་བར་མ་ཡིན། གཞན་ཡོངས་སུ་གཟུང་བར་མ་ཡིན། གཉིས་ཀ་ཡོངས་སུ་གཟུང་བར་མ་ཡིན། ཡང་དག་པར་བླངས་པ་གྲགས་པའི་ ཕྱིར་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སེམས་འདི་ལྟར་སྐྱེ་སྟེ། བདག་ཅག་གིས་སེམས་ཅན་ལ་མི་དགེ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ། །འདོད་ཆགས་སྤང་བ་དང་། ཞེ་སྡང་སྤང་ བ་དང་། གཏི་མུག་སྤང་བ་དང་། ང་རྒྱལ་སྤང་བ་དང་། འཆབ་པ་སྤང་བ་དང་། ཕྲག་དོག་སྤང་བ་དང་། སེར་སྣ་སྤང་བ་དང་། གཡོ་དང་སྒྱུ་སྤང་བ་དང་། བཟོད་པ་དང་ངེས་པ་ལ་གཞག་པའི་ཕྱིར། བདག་ཅག་གིས་ སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ། །ཞེས་ཏེ་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུར་བཟོད་ཅིང་ངེས་པ་དང་ལྡན་པ་ཡིན་པས། དེ་ལ་གལ་ཏེ་སྲོག་ཆགས་བརྒྱ་སྟོང་བྱེ་ བ་གྲངས་མེད་པ་ཞིག་འོངས་ལ་སྲོག་ཆགས་དེ་དག་རེ་རེ་ཞིང་ཡང་ཁ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ཏེ། དྲུང་དུ་ཕྱིན་པ་ཁ་རེ་རེ་ནས་ཀྱང་མི་སྙན་པར་བརྗོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་ 73-1-71a མེད་པས་མི་སྙན་ཅིང་ཡིད་དུ་མི་འོང་བ་དང་། མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། མི་ཚུལ་བ་དང་། འཕགས་པ་མ་ཡིན་པ་དང་། འཕགས་པ་མ་ཡིན་པས་བརྗོད་པ་དང་། འཕགས་པ་མ་ ཡིན་པས་སྙེན་པ་དང་། ཡོངས་སུ་སྤང་བར་བྱ་བ་ཤ་སྟག་དུ་བརྗོད་དེ་ལག་པ་རེ་རེ་ཞིང་ཡང་འཐབ་ཆ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཐོགས་ཏེ། བྱང་ཆུབ་སེམས་དཔའི་ལུས་ལ་གནོད་པར་བྱས་ལ་ཉིན་ གཅིག་ཏུ་ཇི་ལྟར་དེ་བཞིན་དུ་བསྐལ་པ་གྲངས་མེད་པར་ཡང་མཚམས་མེད་ཅིང་ངལ་མི་ཤེས། སྐྱོ་མི་ཤེས། རྒྱུན་མི་འཆད། གཏོང་བ་མེད། སྡོད་པ་མེད། གཙུགས་སུ་མེད། དབུགས་འབྱིན་པ་མེད། ཕྱིར་ སྲི་བ་མེད་པར་བརྟགས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་འཇིགས་པ་ཆེན་པོ་མི་ཟད་པ་མ་རུངས་པ། སྐྱི་གཡའ་བ། སྡུག་བསྔལ་བ་ཉམས་སུ་འབབ་པ། རྩབ་རྩུབ་པས་ཕོག་སྟེ། སྲོག་ལ་བབ་པར་ འཆི་མ་ཁད་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་གྱི་རྣམ་པ་འདི་ཙམ་དག་གིས་ཕོག་པ་ལ་གལ་ཏེ་བདག་གིས་སེམས་འཁྲུག་པ་ཞིག་བྱས་སུ་ཟིན་ན། དེ་ནི་མ་དུལ་བ་དང་། མི་བདེན་པ་དང་། མི་མཁས་པ་དང་། མ་ཞི་བ་དང་། མ་བསྒོམས་པ་དང་། མ་བསྡམས་པ་དང་། མ་ཁུགས་པ་དང་། བྱས་པ་མྱེད་པ་དང་། མཉམ་པར་མ་བཞག་པ་དང་། བདག་གི་ལུས་ལ་བརྟན་པས་གཞན་ གྱི་སེམས་མགུ་བར་བྱ་བར་མི་ནུས་ཀྱིས་ཞེས་ཏེ། དེ་ལུས་དང་སེམས་རང་བཞིན་ཤེས་ནས། ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་དང་། འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་ནས། ཆོས་འདི་དག་ནི་ཚུལ་གྱིས་ དེ་བཞིན་ནོ་ཞེས་ནས། ཕྱིར་ཞིང་སེམས་དང་བར་བྱེད། རབ་ཏུ་དང་བར་བྱེད། དགའ་བར་བྱེད། རབ་ཏུ་དགའ་བར་བྱེད། ཚིམ་པར་བྱེད། གཟེང་མཐོའ་བར་བྱེད། སྤྲོ་བར་བྱེད། རབ་ཏུ་སྤྲོ་བར་བྱེད། 73-1-71b འདུལ་བར་བྱེད། ཡོངས་སུ་འདེབས་པར་བྱེད་དེ། དེ་ལྟར་བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་ལ་བཞག་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དོན་འདི་བསྟན་པར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ ལུས་འདི་ནི་བདག་དང་བདག་གིས་སྟོང་པ། རང་བཞིན་གྱིས་སྟོང་པ་སྟེ་སྟོང་པ་ཉིད་ལ་བདེ་བ་འམ། སྡུག་བསྔལ་བ་འམ། གཉིས་སུ་བརྗོད་པ་གང་ཡང་མེད་དོ། །གང་སྟོང་པ་དེ་ལ་ཅི་ཡང་མེད་དེ། ཆོས་ཐམས་ཅད་ ནི་ཅི་ཡང་མ་ཡིན་པ་ཡིན་གྱིས། དེ་བདག་གི་ཀྱང་ཡང་དག་པར་ཤེས་པར་བྱས་སྟེ། སེམས་ཅན་ཐམས་ཅད་ལ་དངོས་པོར་འཛིན་པ་སྤངས་བའི་ཕྱིར་ཆོས་ཐམས་ཅད་བསྟན་པར་བྱ་དགོས་ཀྱིས། དེ་ལྟར་བདག་གི་ འདི་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། བདེ་བའི་སེམས་དང་། སྙིང་རྗེ་བའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། ཕན་པར་དགའ་བའི་སེམས་དང་། ཡོངས་སུ་མི་གཏོང་བའི་སེམས་དང་། འཚང་རྒྱ་བའི་སེམས་དང་། བྱང་ཆུབ་སེམས་དཔའི་སེམས་དང་། མི་འཕྲོག་པའི་སེམས་དང་། སངས་རྒྱས་པའི་ཚུལ་གྱིས་རྗེས་སུ་བསྙེགས་པའི་སེམས་ཀྱིས་བཟོད་པར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་ སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་སྟེ། མི་མཐུན་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བཞི་པ་མི་ཟད་པ་ཞེས་བྱ་བ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། བརྩོན་འགྲུས་མཆོག་དང་ལྡན་པ་ ཡིན། བརྩོན་འགྲུས་རབ་དང་ལྡན་པ་ཡིན། བརྩོན་འགྲུས་དམ་པ་དང་ལྡན་པ་ཡིན། བརྩོན་འགྲུས་ཕུལ་དང་ལྡན་པ་ཡིན། བརྩོན་འགྲུས་འཕགས་པ་དང་ལྡན་པ་ཡིན། བརྩོན་འགྲུས་གྱ་ནོམ་པ་དང་ལྡན་པ་ཡིན་ 73-1-72a བརྩོན་འགྲུས་བླ་ན་མེད་པ་དང་ལྡན་པ་ཡིན། བརྩོན་འགྲུས་མཉམ་པ་མེད་པ་དང་ལྡན་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་རང་བཞིན་མེད། ཞེ་སྡང་གི་རང་བཞིན་མེད། གཏི་མུག་གི་རང་བཞིན་མེད། ང་རྒྱལ་གྱི་རང་བཞིན་མེད། འཆབ་པའི་རང་བཞིན་མེད། ཕྲག་དོག་གི་རང་བཞིན་མེད། འཇུངས་པའི་རང་བཞིན་མེད། སྒྱུ་མའི་རང་བཞིན་མེད། སྒྱུའི་རང་བཞིན་མེད། ཁྲེལ་མེད་པའི་རང་བཞིན་མེད་དོ། དེ་ནི་སེམས་ཅན་གང་ལ་ཡང་ཐོ་བརྩམ་པའི་ཕྱིར་བརྩོན་འགྲུས་མི་རྩོམ་སྟེ། གཞན་དུ་ན་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ། །བག་ལ་ཉལ་བ་ཐམས་ཅད་ཡང་དག་པར་ གཞོམ་པའི་ཕྱིར། བརྩོན་འགྲུས་རྩོམ་མོ། །བག་ཆགས་ཐམས་ཅད་ཡོངས་སུ་བསལ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་གྱི་ཁམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་བརྩོམ་མོ། ། ཤི་འཕོ་དང་སྐྱེ་བ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་གྱི་བསམ་པ་ཐམས་ ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་བརྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་རྣམ་པ་ཐ་དད་པ་མཆོག་དང་ཐ་མའི་རྒྱུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ། ། ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་ 73-1-72b རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ། །དུས་གསུམ་ལ་མཁས་པ་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་སྣང་བ་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་འགྱུར་བའི་ཡེ་ཤེས་ཡོངས་སུ་ཤེས་པར་ བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་མངོན་པར་འཚང་རྒྱ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་ པ་ཐམས་ཅད་མངོན་པར་འཚང་རྒྱ་བ་ཡོངསུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པའི་ཡེ་ཤེས་ཆེན་པོ་ལ་མཁས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་ རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་བསྟན་པའི་བསྒྲུབས་པ་རབ་ཏུ་བསྟན་པའི་རྒྱུས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་བརྩོན་འགྲུས་དང་ལྡན་པ་ཡིན་ནོ། །དེ་གལ་ཏེ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སེམས་ཅན་རྣམས་ཀྱི་དོན་དུ་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་གྲངས་མེད་པར་ མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་དུ་འདུག་པར་ཡང་སྤྲོ་ཞིང་མོས་ཏེ། སེམས་ཅན་དེ་དག་ཀྱང་དེ་ཙམ་གྱི་བར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། དེའི་དུས་སུ་སངས་རྒྱས་བཅོམ་ལྡན་ འདས་གྲངས་མེད་པ་ཞིག་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་སུས་མཐོང་བ་དེ་དག་ཐམས་ཅད་ཀྱང་བདེ་བའི་ཡོ་བྱད་ཀུན་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་ 73-1-73a རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་ཞིང་། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར། སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གྲངས་ མེད་པར་སེམས་ཅན་དམྱལ་བ་ཆེན་པོ་ན། དེ་སྙེད་ཀྱི་སེམས་ཅན་ཡོངསུ་མྱ་ངན་ལས་འདས་ཀྱི་བར་དུ་འདུག་པར་སྤྲོ་སྟེ། དེ་ལ་ལ་ལ་ཞིག་གིས་འདི་སྐད་དུ་རྒྱ་མཚོ་ཆེན་པོ་གྲངས་མེད་པ་སྐྲའི་རྩེ་མོས་གཞལ་ཏེ་འཇིག་རྟེན་གྱི་ ཁམས་གྲངས་མེད་པ་རྡུལ་དུ་བླགས་ཏེ། བགྲང་བ་སྙེད་ཀྱི་སྡུག་བསྔལ་གྱི་ཚོར་བ་དང་། སེམས་སྐད་ཅིག་ཏུ་ཡང་མི་འབྲལ་བའི་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་དང་མི་འབྲལ་བར་འགྱུར་རོ་ཞེས་ཟེར་ན་ཡང་། ཀྱེ་རྒྱལ་བའི་ སྲས་དག །བྱང་ཆུབ་སེམས་དཔའ་ནི་དེ་ལ་དེའི་ཕྱིར་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པ་དང་ལྡན་པ་མི་འབྱུང་གི་དེ་ནི་འདི་སྙམ་སྟེ། དེ་ལྟར་བདག་གི་མཐུས་སེམས་ཅན་འདི་དག་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་ལས་ ཡོངས་སུ་གྲོལ་བར་གྱུར་པ་ནི་བདག་གི་འཐོབ་པ་ལེགས་པར་འཐོབ་བོ། །གལ་ཏེ་ཐབས་འདི་འདྲ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ཡང་། བྱང་ ཆུབ་སེམས་དཔས་སྦྱོར་བ་དེ་ལ་སྤྲོ་བར་བྱ་བ་ཡིན་ནོ་ཞེས་ཏེ། དེ་བས་ཀྱང་ཆེས་དགའ་བ་དང་སྤྲོ་བ་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་ པ་བཞི་པ་དེ་མི་ཟད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་པ་རྨོངས་པ་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག ། འདི་ལ་བྱང་ཆུབ་སེམས་དཔའ་དྲན་པ་དང་ལྡན་པ་ཡིན་ཏེ། དྲན་པའི་དམ་པ་འཁྲུག་པ་མེད་པ། རྣམ་པར་འཁྲུག་པ་མེད་པ། བརྟན་པ་སྲ་བ། མི་ཤྀགས་པ། ཟིལ་གྱིས་མི་ནོན་པ། ཡོངས་སུ་དག་པ། ཆེ་བ་ཚད་མེད་པ། 73-1-73b རྨོངས་པ་མེད་པ་དང་ལྡན་པ་ཡིན་ཏེ། དྲན་པ་དེས་འཇིག་རྟེན་པའི་སྤྱོད་པ་རྣམས་ཀྱང་ཡོངས་སུ་འཛིན་པ་ཡིན། འཇིག་རྟེན་ལས་འདས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན། གཟུགས་དང་གཟུགས་མེད་པའི་ཚིག་ཀྱང་ཡོངས་སུ་ འཛིན་པ་ཡིན། གཟུགས་ཀྱི་རང་བཞིན་ལ་བཏགས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བཏགས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན། རྣམ་པར་ ཤེས་པའི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན་ཏེ། དེ་འཇིག་རྟེན་འདི་ནས་ཀྱང་རྨོངས་པ་མེད་པར་ཤི་འཕོའོ། །འཇིག་རྟེན་ཕ་རོལ་ཏུ་ཡང་རྨོངས་པ་མེད་པར་སྐྱེ་སྟེ། མའི་མངལ་དུ་ཡང་ རྨོངས་པ་མེད་པར་འགྲོ། མའི་མངལ་ནས་ཀྱང་རྨོངས་པ་མེད་པར་འབྱུང་སྟེ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རྨོངས་པ་མེད་པར་གནས་སོ། །རྨོངས་པ་མེད་པར་དགེ་བའི་བཤེས་གཉེན་རྣམས་མགུ་བར་བྱེད་དོ། ། རྨོངས་པ་མེད་པར་སངས་རྒྱས་ཀྱི་ཆོས་ལ་མོས་པར་བྱེད་དོ། །རྨོངས་པ་མེད་པར་བདུད་ཀྱི་ལས་རྣམས་རབ་ཏུ་ཤེས་སོ། །རྨོངས་པ་མེད་པར་བདུད་ཀྱི་ལས་རྣམས་སྤོང་བར་བྱའོ། །རྨོངས་པ་མེད་པར་བསྐལ་པ་བརྗོད་དུ་ མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་སོ། །དེ་དྲན་པ་ཡོངས་སུ་དག་པའི་ཡན་ལག་ཚད་མེད་པ་དང་ལྡན་པ་ཡིན་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་འམ། དགེ་བའི་བཤེས་གཉེན་རྣམས་ལས་བསྐལ་པ་གྲངས་མེད་པ་ན་ཆོས་ཐོས་པར་གྱུར་པ་ཟབ་མོ་ཟབ་མོར་སྣང་བའམ། ཡངས་པའི་ཆོས་རྒྱན་རྣམ་པར་ཕྱེ་བའམ། ཆོས་སྣ་ཚོགས་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་ བསྟན་པ་འམ། བྱང་ཆུབ་སེམས་དཔའི་རྒྱན་ཀྱི་ཆོས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྣང་བ་ཅན་ནམ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ལྷག་པའི་བསམ་པ་དགེ་བ་དང་མོས་པས་རྣམ་པར་དག་པ་འམ། 73-1-74a འཇིག་རྟེན་ཐམས་ཅད་ལ་མི་གནས་པའི་ཆོས་འཇིག་རྟེན་གྱིས་ཁོང་དུ་ཆུད་པ་དང་འཐུན་པའམ། ཆོས་ཡངས་པ་རྒྱ་ཆེན་པོའི་ཆོས་སུ་བསྟན་པ་འམ། རབ་རིབ་དང་བྲལ་བའི་ཆོས་འཇིག་རྟེན་གྱིས་ཤེས་པར་བྱ་བ་ འམ། འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཆོས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྗེས་སུ་སོང་བ་འམ། བླ་ན་མེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཆོས་ཀྱིས་རྒྱ་ཆེན་རྣམ་པར་འཕྲུལ་པ་བསྟན་པ་དེ་ལྟ་བུ་དག་ ཐོས་ཀྱང་བསྐལ་པ་གྲངས་མེད་པས་བརྗེད་པར་མི་འགྱུར། ཉམས་པར་མི་འགྱུར། རྒྱུན་འཆད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པ་ལ་སྤྱོད་པའི་ཚེ། སེམས་ཅན་ སུ་ལ་ཡང་དྲན་པ་རྣམ་པར་འཁྲུག་པར་མི་བྱེད། ཆོས་རིག་པ་ཐོགས་པར་མི་བྱེད། དགེ་བའི་རྩ་བའི་བློ་གྲོས་འཇིག་པར་མི་བྱེད། གཞན་གྱི་བློ་ལ་གནོད་པར་མི་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་ལྟ་བུའི་སྒྲ་ཆེན་པོ་མཐོ་བ་དག་དང་ཕྲད་པར་གྱུར་ཏེ། དྲག་པོའི་སྒྲ་དང་། མི་བཟད་པར་བོས་པའི་སྒྲ་དང་། སྐྱི་གཡའ་བའི་སྒྲ་དང་། ཡིད་དུ་འོང་བའི་སྒྲ་རྣ་བའི་སྤྱོད་ཡུལ་དུ་འོངས་པ་དང་། ཡིད་དུ་མི་འོང་བའི་སྒྲ་རྣ་བའི་ཡུལ་དུ་འོངས་པ་དང་། སེམས་འཁྲུག་པར་བྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་འཁྲུག་པར་བྱེད་པ་དང་། དབང་པོ་དྲུག་འཕྲོག་པར་བྱེད་པ་དག་སྒྲོགས་པར་གྱུར་ཀྱང་། སྒྲ་དེ་ལྟ་བུ་དག་གིས་ བྱང་ཆུབ་སེམས་དཔའི་སེམས་སྐད་ཅིག་ཀྱང་རྣམ་པར་འཁྲུག་པར་མི་འགྱུར་ཏེ། དྲན་པ་རྣམ་པར་འཁྲུག་པར་མི་འགྱུར་རོ། །སྤྱོད་ཡུལ་རྣམ་པར་འཁྲུག་པར་མི་འགྱུར་རོ། །མགོ་རྨོངས་པར་མི་འགྱུར་རོ། །འཁོར་བར་མྱི་ འགྱུར་རོ། །བསླད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་འདི་ལྟར་སྒྲ་དེ་ལྟ་བུ་དག་ཡིད་དུ་འོང་ཞིང་འཐུན་པར་བྱེད་པ་དང་། ཡིད་དུ་མི་འོང་ཞིང་ཁོང་ཁྲོ་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པར་ 73-1-74b གྲགས་པར་བྱེད་པ་དག་གིས། སེ་གོལ་གཏོགས་པ་ཙམ་དུ་ཡང་ཏིང་ངེ་འཛིན་ལས་ལྡང་བར་མི་འགྱུར་རོ། །སྤྱོད་ཡུལ་ལས་ལྡང་བར་མི་འགྱུར་རོ། །ཆོས་ལ་འཇུག་པ་ལས་ལྡང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་མཆོག་ཏུ་ འདུས་པ་ལས་ལྡང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྒོམ་པ་ལས་ལྡང་བར་མི་འགྱུར་རོ། །སངས་རྒྱས་རྗེས་སུ་དྲན་པ་ལས་ལྡང་བར་མི་འགྱུར་རོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བཏག་པ་ལས་ ལྡང་བར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ཡེ་ཤེས་རྒྱུན་ཆད་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་དག་པར་བྱ་བའི་གནས་ཤེས་པ་རྒྱུན་ཆད་པར་མི་འགྱུར་རོ། །དོན་ངེས་པར་ཤེས་པ་རྒྱུན་ཆད་ པར་མི་འགྱུར་རོ། །གང་གིས་ལས་ཀྱི་སྒྲིབ་པར་འགྱུར་བའི་སྡིག་ཏོའྀ་ལས་སྩོགས་པར་མི་བྱེད་དོ། །གང་གིས་ཉོན་མོངས་པའི་སྒྲིབ་པར་འགྱུར་བའི་ཉོན་མོངས་པ་བསྡུད་པར་མི་བྱེད་དོ། །གང་གིས་ཆོས་ཀྱི་སྒྲིབ་པར་འགྱུར་བའི་ ཆོས་ལ་རིམ་གྲོར་མེད་པར་མི་བྱེད་དོ། །གང་གིས་ཆོས་འཇིག་པར་འོང་བའི་སྒྲིབ་པར་འགྱུར་བ་དམ་པའི་ཆོས་ཡོངས་སུ་སྤོང་བར་མི་བྱེད་དོ། །དེ་ལ་དེ་ལྟ་བུའི་སྒྲ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གྲགས་པ། མི་སྙན་པ་དང་ སྙན་པ་བསྐལ་པ་གྲངས་མེད་པར་མི་སྡོད་པ། འཁྲུག་པར་བྱེད་པ། སེམས་འཁྲུག་པ། ལུས་འཁྲུག་པ། དབང་པོ་འཁྲུག་པ། མྱོས་པར་བྱེད་པ། འཁོར་བར་བྱེད་པ། སྙོགས་པར་བྱེད་པ། རྣམ་པར་རྙོགས་པར་བྱེད་པ། ཀུན་ཏུ་རྙོགས་པར་བྱེད་པས། དཀྲུགས་པར་བྱས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་སྐྱེ་སྟེ། བདག་གིས་ནི་འཕགས་པའི་ཆོས་ཡོངས་སུ་བསྒོམས་པས་ནང་དུ་མཉམ་པར་གཞག་པར་བྱའོ་སྙམ་ནས་ དེ་སྒྲ་ཐམས་ཅད་ཀྱི་སྐྱེ་བ་ལ་རབ་ཏུ་རྟོག་གོ། གནས་པ་ལ་རབ་ཏུ་རྟོག་གོ། འགོག་པ་ལ་རབ་ཏུ་རྟོག་གོ། སྐྱེ་བའི་རང་བཞིན་ལ་འཇུག་གོ། འགོག་པའི་རང་བཞིན་ལ་འཇུག་གོ། གང་གིས་སྒྲ་དེ་དག་བརྗོད་པ་དེ་དག་ཀྱང་དེ་ལྟ་བུའི་ 73-1-75a རང་བཞིན་ཉིད་དུ་ཤེས་ཏེ། སྒྲས་ཆགས་པར་མི་འགྱུར། སྒྲས་ཁོང་ཁྲོ་བར་མི་འགྱུར་ཞིང་། དེའི་དྲན་པ་ཉམས་པར་མི་འགྱུར་རོ། །དེ་སྒྲ་དེ་དག་ཐམས་ཅད་ཀྱི་མཚན་མ་འཛིན་ཅི་མཚན་མ་སྐྱེད་དེ། སྒྲས་བསྐོ་བ་ལ་མངོན་པར་ ཆགས་པར་མི་འགྱུར། སྒྲ་ལ་གནས་པར་མི་འགྱུར། སྒྲ་ལ་མངོན་པར་ཆགས་པར་མི་སྐྱེད་དོ། །དེས་སྒྲ་དེ་དག་རྟགས་ན་མི་དམིགས་ཏེ། སྒྲ་དེ་དག་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་ཤེས་སོ། །རང་བཞིན་དེ་ཡང་བྱས་པ་མེད་པར་ཁོང་དུ་ ཆུད་དོ། །མངོན་པར་འདུ་བྱེད་པ་མེད་པའི་རྒྱས་འདེབས་ཤིང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཚུལ་དུ་ཆགས་པ་མེད་པའི་མཐར་ཡང་རབ་ཏུ་ཤེས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ། ཕྱིར་མི་ལྡོག་པ་མཐའ་ཡས་པ། བསམ་གཏན་གྱི་ཚུལ་ཐ་དད་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱུད་གཅིག་གི་ཚུལ་དུ་ཞུགས་པ། ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་རབ་ཏུ་ཆུད་པའི་ ལུས་ཀྱི་ལས་དབེན་པ་དང་ལྡན་པ། ངག་གི་ལས་དབེན་པ་དང་ལྡན་པ། ཡིད་ཀྱི་ལས་དབེན་པ་དང་ལྡན་པ། ཤེས་རབ་རྟོག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་མིང་དང་སྒྲ་མེད་པ། ཞེས་བྱ་བའི་ཏིང་ངེ་འཛིན་གྲངས་ མེད་པའི་ཏིང་ངེ་འཛིན་གྱི་སྒོ་དང་ལྡན་པ་འཐོབ་སྟེ། སྙིང་རྗེ་ཆེན་པོ་ཡང་ཡང་ངེས་ཤིང་ཚད་མེད་པར་བྱེད་དོ། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྟོང་ཕྲག་གྲངས་མེད་པ་སེམས་ཀྱི་སྐད་ཅིག་གཅིག་གིས་ ཐོབ་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་སེམས་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་ལྟ་བུའི་རྣམ་པར་འཁྲུག་པས་དྲན་པ་རྣམ་པར་འཁྲུག་པར་མི་ནུས་ཀྱི། དེའི་ཕྱིར་སེམས་འདི་སྙམ་དུ་སྐྱེའོ། །དེ་ལྟར་བདག་གིས་སེམས་ཅན་དེ་དག་ཐམས་ཅད་ བླ་ན་མེད་པའི་རྣམ་པ་རྣམ་པར་དག་པ་ལ་རབ་ཏུ་བཀོད་དེ། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱས་ལ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་མོ། ། 73-1-75b ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་པ་སྟེ། རྨོངས་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་ལྟ་བ་བཟང་པོ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མེད་ཅིང་བསྟན་ པ་མི་དམིགས་པའི་ལུས་ཀྱི་ལས་དབེན་པ་དང་། ངག་གི་ལས་དབེན་པ་དང་། ཡིད་ཀྱི་ལས་དབེན་པ་ཐོབ་པ་ཡིན། མ་ཆགས་མ་བཅིངས་པའི་ལུས་ཀྱི་ལས་དང་། མ་ཆགས་མ་བཅིངས་པའི་ངག་གི་ ལས་དང་། མ་ཆགས་མ་བཅིངས་པའི་ཡིད་ཀྱི་ལས་མ་ཆགས་མ་བཅིངས་པར་བསྟན་པ། གནས་པ་མེད་པ། མི་གནས་པ་མེད་པ། སེམས་ཇི་ལྟ་བ་བཞིན་དུ་གནས་པ། སེམས་ཀྱི་རང་ བཞིན་ཚད་མེད་པའི་རྗེས་སུ་སོང་བ། ཆོས་ཐམས་ཅད་ཀྱི་རང་བཞིན་འབྱམ་ཀླས་པའི་རྗེས་སུ་སོང་བ། མཚན་ཉིད་མི་དམིགས་ཤིང་། མཚན་ཉིད་བསྟན་དུ་མེད་པ་ཟབ་པ་གཏིང་དཔག་ དཀའ་བ། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་རྗེས་སུ་སོང་བ། རྣམ་པར་སྨིན་པ་དང་། བྲལ་བའི་སྐྱོན་མེད་པ། མངོན་པར་བསྒྲུབ་པ་ལ་མཁས་པ། འགོག་པ་དང་། མཐུན་པར་གནས་པ། མྱ་ངན་ལས་འདས་པའི་དབྱིངས་ཀྱི་སྤྱོད་ཡུལ་ཅན། ཞི་བའི་རྒྱུད་རབ་ཏུ་ཐོབ་པ། དངོས་པོ་མེད་པའི་ཚུལ་གྱི་གཞིར་གྱུར་པ། ཚིག་གི་ལམ་ཆད་པ། འགྲོ་བ་ཐམས་ ཅད་ལས་འཕགས་པ། གནས་མེད་པའི་སྤྱོད་པ་རབ་ཏུ་ཐོབ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་མ་ལ་མཁས་པ། རྟོགས་པ་བཅིངས་པ་མེད་པ་ལ་གནས་པ། 73-1-76a དེ་ཁོ་ན་ཉིད་ཀྱི་ཆོས་གནས་ཀྱི་རྗེས་སུ་ཞུགས་པ། འཇིག་རྟེན་ཐམས་ཅད་ཀྱིས་མི་བརྗོད་པ། འཇིག་རྟེན་ལས་འདས་པའི་གནས་དང་ལྡན་པ་ཐོབ་པ་ཡིན་ཏེ། དེ་འདི་སྙམ་དུ་སེམས་སོ། །ཀྱེ་སེམས་ཅན་འདི་དག་ ཐམས་ཅད་ནི་རང་བཞིན་འདི་ལྟ་བུ་སྟེ། འདི་ལྟར་སེམས་ཅན་མེད་པའི་རང་བཞིན་ནོ། །ཆོས་འདི་དག་ཐམས་ཅད་རང་བཞིན་འདི་ལྟ་བུ་སྟེ། འདི་ལྟར་འདུས་བྱས་པ་མེད་པའི་རང་བཞིན་ནོ། །ཀྱེ་ཞིང་འདི་དག་ཐམས་ཅད་ ནི་འདི་ལྟ་བུའི་མཚན་ཉིད་དེ། འདི་ལྟར་མཚན་ཉིད་མེད་པའོ། །ཀྱེ་དུས་འདི་དག་ཐམས་ཅད་ནི་འདི་ལྟར་བྱུང་བ་སྟེ། འདི་ལྟར་ཚིག་གི་ལམ་ལ་གཞོལ་ཞིང་ཆོས་ཀུན་གྱི་རྣམ་པར་ཚིག་གི་ལམ་ལ་ཤིན་ཏུ་གནས་ཀྱང་ ཆོས་ཐམས་ཅད་ནི་ཚིག་གི་ལམ་ལ་མི་གནས་པའོ་ཞེས། དེ་དེ་ལྟར་ཆོས་ཐམས་ཅད་ཟབ་པ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་ཐམས་ཅད་བདེ་བ་ལ་ཡང་རབ་ཏུ་འཇུག་གོ། དེ་དེ་ལྟར་སངས་རྒྱས་ཀྱི་ཆོས་མ་བསྐྱེད་ པ་ལ་ཡང་རབ་ཏུ་འཇུག་གོ། །སངས་རྒྱས་ཀྱི་ཆོས་ཀྱང་འཇིག་རྟེན་གྱི་ཆོས་སུ་རབ་ཏུ་འཇུག་གོ། །འཇིག་རྟེན་གྱི་ཆོས་ཀྱང་སངས་རྒྱས་ཀྱི་ཆོས་སུ་རབ་ཏུ་འཇུག་གོ། །སངས་རྒྱས་ཀྱི་ཆོས་དང་འཇིག་རྟེན་གྱི་ཆོས་ འདྲེས་པར་མི་བྱེད་དོ། །འཇིག་རྟེན་གྱི་ཆོས་དང་སངས་རྒྱས་ཀྱི་ཆོས་ཐ་དད་པར་ཡང་མི་བྱེད་དོ། །འདི་ལྟར་དུས་གསུམ་ལ་གནས་པའི་ཆོས་ཀྱི་དབྱིངས་ཐ་དད་པ་མེད་པ་ལ་ཡང་རབ་ཏུ་འཇུག་གོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལས་ཀྱང་ཉམས་པར་མི་བྱེད་དེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལས་ཀྱང་མི་ལྡོག་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་སྙིང་རྗེ་ ཆེན་པོ་ཡང་ཕྱིར་ཞིང་རབ་ཏུ་འཛིན་པར་བྱེད་དོ། །སེམས་ཅན་གྱི་ཁམས་བདག་གིས་སྨིན་པར་མ་བྱས་པ་ནི་སུ་ཞིག་སྨིན་པར་བྱེད། སེམས་ཅན་གྱི་ཁམས་བདག་ 73-1-76b གིས་དུལ་བར་མ་བྱས་པ་ནི་སུ་ཞིག་དུལ་བར་བྱེད། སེམས་ཅན་གྱི་ཁམས་བདག་གིས་ཞི་བར་མ་བྱས་པ་ནི་སུ་ཞིག་ཞི་བར་བྱེད། སེམས་ཅན་གྱི་ཁམས་བདག་གིས་ཤེས་པར་མ་བྱས་པ་ནི་སུ་ཞིག་ཤེས་པར་བྱེད། སེམས་ཅན་གྱི་ཁམས་བདག་གིས་དག་པར་མ་བྱས་པ་ནི་སུ་ཞིག་དག་པར་བྱེད་དེ། དེ་ལྟར་བདག་གིས་དེ་ལྟ་བུར་ཟབ་པའི་ཆོས་ཡང་དག་པར་མཐོང་ལ། གཅིག་པུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ རྣམ་པར་གྲོལ་བར་བྱ་བ་འདི་ནི་བདག་ལ་ཚུལ་དང་མི་འདྲ་བ་སྟེ། སེམས་ཅན་གྱི་ཁམས་འདི་ཡང་མྱ་ངན་ཆེན་པོའི་ལམ་དུ་ཞུགས་པ། ཉོན་མོངས་པས་ཀུན་ནས་བཟུང་བས་མདོངས་པར་གྱུར་པ། ཚོར་བ་ཉམས་སུ་ བབ་པ་མི་ཟད་པས་མནར་བར་གྱུར་པ། སྲེད་པས་བསྐོར་བའི་བརྩོན་རར་ཞུགས་པ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་མ་གཡོས་པ། སྡུག་བསྔལ་གྱི་ཕུང་ པོའི་མི་སྐྱོ་བ། སྡོམ་པ་གསུམ་གྱིས་བཅུགས་སུ་མ་རུང་བ། མུན་ནག་གི་ནང་དུ་རབ་ཏུ་ཞུགས་པ། མ་རིག་པའི་མངལ་དུ་སྐྱེ་བ་དང་། འཆི་བས་མནར་བ་འབྱུང་བ་མཐོང་བ། མི་ཁོམ་པར་གྱུར་པ། མི་ཁོམ་ པ་བརྒྱད་ཐོབ་པ། སེམས་ཅན་གྱི་རབ་རིབ་དྲི་མ་ཅན་དུ་གྱུར་པ། ཉོན་མོངས་པ་སྣ་ཚོགས་ཀྱི་ནད་ཀྱི་ཡན་ལག་གིས་བཏབ་པ། མྱ་ངན་ཆེན་པོར་འཁྱམས་པ། ལྟ་བའི་མྱ་ངན་གྱིས་བསྐོར་བའོ། །ཞེས་དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་རྟོགས་པའི་ཚེ། སེམས་འདི་ལྟར་སྐྱེ་སྟེ། དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ། ཡེ་ཤེས་ཀྱི་སྣང་བ་བླ་ན་མེད་པ་ལ་ཞུགས་ ནས། སེམས་ཅན་འདི་དག་ཡོངས་སུ་མ་སྨྱིན་ཅིང་རྣམ་པར་མ་དུལ་བར་བོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ནི། དུས་མ་ཡིན་གྱི་བདག་གིས་ནི་བསྐལ་པ་བརྗོད་དུ་མེད་པའི་ཡང་ 73-1-77a བརྗོད་དུ་མེད་པར་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་སྨྱིན་པར་བྱའོ། །དེས་དེ་ལྟ་བུས་སེམས་ཅན་བྱང་ཆུབ་ཏུ་ཡོངས་སུ་མ་སྨྱིན་པ་རྣམས་ཡོངས་སུ་སྨྱིན་པར་བྱའོ། །མ་དུལ་བ་རྣམས་གདུལ་ བར་བྱའོ། །སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་བལྟ་བ་བཟང་པོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ དེ་དག་ལ་གནས་པས། ལྷ་དང་བདུད་དང་། ཚངས་པར་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་དགུར་བཅས་པ་དང་། ལྷ་དང་། དྲི་ཟ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བལྟ་ན་ མཛེས་ཤིང་། བྱང་ཆུབ་སེམས་དཔའ་དེ་མཐོང་བས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ། །ཐོས་པ་དང་བསྙེན་བསྐུར་བས་ཀྱང་། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ། །དམིགས་པ་གང་གིས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་དེ་དང་འགྲོགས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བདུན་པ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུན་ པ་གནས་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་གནས་མེད་པའི་སེམས་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ལ་འཇུག་པ་ཡིན། སེམས་བསྐྱེད་པ་རེ་རེས་ཞིང་གྲངས་མེད་པ་ ཡོངས་སུ་སྦྱོང་སྟེ། ཞིང་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་བལྟ་བའི་ཕྱིར་འགྲོ་ཞིང་། མེ་ཏོག་གྲངས་མེད་པ་དང་། སྤོས་གྲངས་མེད་པ་དང་། ཕྲེང་བ་གྲངས་མེད་པ་དང་། བྱུག་པ་གྲངས་ 73-1-77b མེད་པ་དང་། ཕྱེ་མ་གྲངས་མེད་པ་དང་། ན་བཟའ་གྲངས་མེད་པ་དང་། རིན་པོ་ཆེ་གྲངས་མེད་པ་དང་། རྒྱལ་མཚན་གྲངས་མེད་པ་དང་། བ་དན་གྲངས་མེད་པ་དང་། རྒྱན་གྲངས་མེད་པ་དང་། མངོན་པར་འདུ་བྱ་བ་གྲངས་མེད་པ་དང་། མངོན་ པར་འདུ་བྱ་བ་མེད་པའི་མཐར་ཕྱིན་པ་དང་། གྲངས་མེད་པའི་བསམ་པས་བསམ་ཏུ་མེད་པའི་ཆོས་ལ་གནས་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ལ་ལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་ སྙེན་བཀུར་བའི་དོན་དུ་འགྲོ་ཞིང་སེམས་བསྐྱེད་པ་རེ་རེ་ལ་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་མཐོང་ཡང་། སངས་རྒྱས་དེ་དག་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་རྣམས་ལ་གནས་མི་སྐྱེད་པ་ཡིན། མཚན་ རྣམས་ལ་གནས་མི་སྐྱེད་པ་ཡིན། དཔེ་བྱད་བཟང་པོ་རྣམས་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་འོད་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ཆོས་བསྟན་པ་ལ་གནས་མི་སྐྱེད་པ་ཡིན། ཕྱོགས་ལ་གནས་མི་སྐྱེད་ པ་ཡིན། ཕྱོགས་མཚམས་ལ་གནས་མི་སྐྱེད་པ་ཡིན། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ལ་གནས་མི་སྐྱེད་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་འདུན་འདུས་པ་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ ཆོས་ཐམས་ཅད་ཉན་ཅིང་དགའ་བ་སྐྱེད་དེ། བསམ་པ་ཡངས་པར་བྱེད་ལ། བྱང་ཆུབ་ཀྱི་སེམས་རབ་ཏུ་འཛིན་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གནས་ཀྱང་། སངས་རྒྱས་ཀྱི་ཆོས་ལ་གནས་མི་སྐྱེད་པ་ཡིན། དེ་བཞིན་གཤེགས་པ་རེ་རེ་བསྙེན་བཀུར་ལ་ཡང་བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད་ཅིང་། སངས་རྒྱས་བརྗོད་དུ་མེད་པ་མཐོང་བས། བསྐལ་པ་གྲངས་མེད་པར་གནས་ཀྱང་། སངས་རྒྱས་བལྟ་བ་དང་། དེ་བཞིན་གཤེགས་ པ་མངོན་དུ་བྱ་བ་དང་། ཆོས་ཉན་པས་ངོམས་མི་ཤེས་ཏེ། སངས་རྒྱས་བལྟ་བ་དང་། དེ་བཞིན་གཤེགས་པའི་ཆོས་ཉན་པ་ལ་གནས་མི་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་བརྒྱན་དང་། འཁོར་གྱི་དཀྱིལ་འཁོར་དང་། 73-1-78a དེ་བཞིན་གཤེགས་པ་ཁོང་དུ་ཆུད་པར་བྱེད་ཀྱང་གནས་མི་སྐྱེད། ཆགས་པའི་སེམས་མི་སྐྱེད། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ལ་ཞུགས་ཀྱང་ཁོང་ཁྲོ་བ་མི་སྐྱེད། མོས་པ་མེད་པའི་སེམས་མི་སྐྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ། ཤིན་ཏུ་ཁོང་དུ་ཆུད་དེ། དེ་ལ་ནི་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། མུན་པ་ཡང་མེད། སྣང་བ་ ཡང་མེད། རྣམ་པར་ཕྱེ་བ་ཡང་མེད། རྣམ་པ་ཐ་དད་པ་ཡང་མེད། རྣམ་པར་རྟོག་པ་ཡང་མེད། གཞན་དུ་འགྱུར་བ་ཡང་མེད། བདེ་བ་ཡང་མེད། མི་བདེ་བ་ཡང་མེད། ལམ་ཡང་མེད། ལམ་མ་ཡིན་པ་ཡང་མེད་དེ། བྱང་ཆུབ་ སེམས་དཔའ་དེ་ལྟར་ཆོས་ཀྱི་དབྱིངས་ལ་ཞུགས་པ་ནི་སེམས་ཅན་གྱི་ཁམས་ལ་ཡང་འཇུག་སྟེ། དེ་དག་ཡོངས་སུ་སྨྱིན་པར་བྱེད་ཅིང་རྣམ་པར་འདུལ་ལ་སེམས་ཅན་རྣམས་ལ་གནས་སྐྱེད་པ་ཡང་མེད་དོ། །ཆོས་རྣམས་ཀུན་ ནས་ཐོབ་པར་བྱེད་ཀྱང་། ཆོས་ལ་གནས་མི་བསྐྱེད་དོ། །བྱང་ཆུབ་ཀྱི་སེམས་ལ་ཞུགས་པའི་ཡིད་ཀྱིས་འཚང་རྒྱ་བར་བྱ་བ་ལ་ཡང་རྣམ་པར་སྤྱོད་དེ། འཚང་རྒྱ་བར་བྱ་བ་དེ་ལ་གནས་མི་བསྐྱེད་དོ། །ཚིག་གི་ལམ་ཡང་ བརྗོད་དེ། ཚིག་གི་ལམ་ལ་གནས་པར་མི་བྱེད་དོ། །སེམས་ཅན་གྱི་རྒྱུད་ལ་ཡང་འཇུག་སྟེ། སེམས་ཅན་གྱི་རྒྱུད་ལ་ཡང་གནས་པར་མི་བྱེད་དོ། །ཏིང་ངེ་འཛིན་ཀྱང་རབ་ཏུ་ཤེས་ཤིང་དེ་དག་ལ་ཡང་མཉམ་པར་གཞོག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཀྱི་སེམས་ཀྱང་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་ཞིང་འཇུག་ལ་དེ་དག་དུ་ཕྱིན་ཏེ་མཐོང་ཞིང་གནས་ཀྱང་གནས་ཀྱི་སེམས་མི་བསྐྱེད་དོ། །དེ་དག་ནས་འགྲོ་ཡང་ཆགས་པའི་ སེམས་མི་བསྐྱེད་དེ། དེ་དག་སེམས་འདི་ལྟར་བསྐྱེད་དོ། །ཀྱེ་སངས་རྒྱས་ཀྱི་ཆོས་དེ་ལྟར་གཟུང་བ་མེད། སངས་རྒྱས་ཀྱི་བྱང་ཆུབ་དེ་ལྟར་སྒྲིབ་པ་མེད། ཆོས་དང་འདུལ་བ་དེ་ལྟར་ལེགས་པར་བསྟན། སངས་རྒྱས་ཀྱི་བསྟན་ 73-1-78b པ་དེ་ལྟར་ལེགས་པར་གནས། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟར་ལེགས་པར་འདུག །བྱང་ཆུབ་ཀྱི་སེམས་དེ་ལྟར་ལེགས་པར་གནས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ་ལྟར་ཤིན་ཏུ་རྟོགས། བྱང་ཆུབ་སེམས་དཔའི་རང་ བཞིན་དེ་ལྟར་ཆགས་པ་མེད། བྱང་ཆུབ་སེམས་དཔའི་ཚུལ་དེ་ལྟར་གནས་པ་མེད། བྱང་ཆུབ་སེམས་དཔའི་ལམ་དེ་ལྟར་ཤིན་ཏུ་སྦྱངས། བྱང་ཆུབ་སེམས་དཔའི་ལུང་བསྟན་དེ་ལྟར་བྱིན་གྱིས་རླབས་ཀྱང་། བྱིས་པ་སོ་སོའི་སྐྱེ་བོ་ འདི་དག་ནི་ཤེས་པ་མེད་པ། མཐོང་བ་མེད་པ། དད་པ་མེད་པ། མོས་པ་མེད་པ། མི་མཁས་པའི་གནས་ལ་སྤྱོད་པ། བསམ་པ་རྨུགས་པ། འཁོར་བའི་རྒྱུད་ཤིན་ཏུ་འབྱུང་བ་ལ་གཞོལ་བ། སངས་རྒྱས་བལྟ་བ་ལ་ལོག་པར་ ཞུགས། འདྲེན་པའི་ས་ལས་ཉམས་པ། ལམ་ཤེས་པའི་དྲུང་ནས་གར་བ། ཁ་ལོ་བསྒྱུར་བ་མི་འཚལ་བ། སྟོབས་བཅུ་ལ་རིམ་གྲོ་མེད་པ། བྱང་ཆུབ་སེམས་དཔའ་ལ་དྲིན་དུ་མི་གཟོ་བ། དམའ་བ་ལ་གནས་པ། དངོས་ པོ་མེད་པས་འཇིགས་པ། རིགས་པས་སྤངས་པ། ཚུལ་བཞིན་མ་ཡིན་པ་ལ་ཞུགས་པ། མཉམ་པ་ཉིད་ལས་ལོག་པར་ལྷུང་བ། གཡང་ས་ཆེན་པོར་རབ་ཏུ་ལྷུང་བ། བདུད་ཀྱི་བསམ་པ་ལ་ཞུགས་པ། སངས་རྒྱས་ ཀྱི་བསམ་པ་ལས་རིང་དུ་གྱུར་པ། སྲིད་པ་ལ་མངོན་པར་ཆགས་པ་ཤ་སྟག་གོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་འཇུག་ཅིང་སྙིང་རྗེ་ཆེན་པོ་དེ་བས་ཀྱང་ཆེར་བསྐྱེད་ནས་སྙིང་རྗེ་ཆེན་པོ་རྒྱ་ཆེར་ བྱས་ཏེ། གནས་མེད་པའི་དགེ་བའི་རྩ་བ་ཡང་དག་པར་བསྩགས་ནས། འདི་སྙམ་དུ་སེམས་བསྐྱེད་དོ། །གལ་ཏེ་སེམས་ཅན་རེ་རེའི་ཕྱིར་ཡུལ་རེ་རེ་དང་། ཕྱོགས་རེ་རེར་ཡང་བསྐལ་པ་བརྗོད་དུ་མེད་པར་སེམས་ཅན་རེ་རེ་ འདུལ་བའི་ཕྱིར་འདུག་ལ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་དུ་འདུག་ཀྱང་བདག་གིས་དེའི་ཕྱིར་མི་དགའ་བ་མི་བསྐྱེད་དེ། ཡུལ་དེ་དང་ཕྱོགས་དེ་ནས་ཀྱང་བདག་ 73-1-79a གུད་དུ་གཡོ་བར་མི་བྱའོ། །གུད་དུ་འགྲོ་བར་མི་བྱའོ། །སྐྲའི་རྩེ་མོ་ཙམ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་པར་བྱས་ཏེ། སྐྲའི་རྩེ་མོའི་ཚུལ་དེ་ལྟ་བུས་སྐྲའི་རྩེ་མོར་ཆུད་པ་རེ་རེ་ཡང་སེམས་ཅན་གྱི་ཁམས་ཡོངས་སུ་ སྨྱིན་པར་བྱ་བ་དང་འདུལ་བའི་ཕྱིར། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་གནས་པར་བྱའོ། །སྐྲའི་རྩེ་མོ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་ལ་ཡང་དེ་ལྟར་ཏེ། སེ་གོལ་གཏོགས་པ་ཙམ་དུ་ཡང་གནས་ཀྱི་འདུ་ཤེས་མི་བསྐྱེད་དོ། །གནས་པར་མི་བྱའོ། །གནས་ཀྱི་སེམས་མི་བསྐྱེད་དོ། །སྐྲའི་རྩེ་མོ་ཙམ་རེ་རེ་ལ་ཡང་ལུས་གནས་མེད་པ་དང་། ཆོས་གནས་མེད་པ་དང་། དྲན་པ་གནས་མེད་ པ་དང་། སྨོན་ལམ་གནས་མེད་པ་དང་། ཏིང་ངེ་འཛིན་གནས་མེད་པ་དང་། རྟོགས་པ་གནས་མེད་པ་དང་། སྤྱོད་ཡུལ་གནས་མེད་པ་དང་། སེམས་ཅན་གྱི་ཁམས་འདུལ་བ་གནས་མེད་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་ གནས་མེད་པས་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དོ། །བདག་གིས་ཆོས་ཀྱི་དབྱིངས་ ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །བདག་གིས་སངས་རྒྱས་ཐམས་ཅད་བལྟར་མེད་པའི་ཚུལ་དུ་མིག་ཡོར་ལྟ་བུར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་གནས་མེད་པའི་ཕྱིར། རྨི་ལམ་ལྟ་བུར་ ཤེས་པར་བྱའོ། །བདག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་བྲག་ཆ་ལྟ་བུར་ཤེས་པར་བྱའོ། །བདག་གིས་ལས་ཀྱི་རྣམ་པར་ཤེས་པའི་མཐུས་ལས་བྱུང་བས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུར་ ཤེས་པར་བྱའོ། །བདག་གི་སྤྱོད་པའི་མཐུ་ལས་བྱུང་བས་ལུས་ནི་ཡིད་ཀྱི་རྒྱུ་ལས་བྱུང་བར་ཤེས་པར་བྱའོ། །བདག་གིས་སྣ་ཚོགས་དང་འདྲེས་པའི་ཕྱིར་འགྲོ་བ་ཐམས་ཅད་ནི་སེམས་ལྟ་བུར་ཤེས་པར་བྱའོ། །རྣམ་ 73-1-79b པར་འགྱུར་བ་མེད་པས་བདག་གིས་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་མཉམ་པར་བསྟན་པར་བྱའོ། །བདག་གིས་ཕྱོགས་བཅུར་སེམས་བསྐྱེད་པས་རྒྱས་པར་བཀང་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁཱའི་ མཐས་གཏུགས་པ་བྱང་ཆུབ་སེམས་དཔའི་འདོད་པ་ལ་གནས་པར་བྱའོ། །བདག་གི་སེམས་ཡང་བར་སྒྱུར་བ་དང་། དྲན་པ་གནས་མེད་པས། སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་ཅིང་། མཁས་པ་སེམས་ཀྱི་སྐད་ཅིག་གཅིག་ གིས་ཐོབ་པར་བྱའོ་ཞེས། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དེ་དག་དང་སངས་རྒྱས་ལ་བདག་མེད་པའི་ཚུལ་གྱིས་ཡང་དག་པར་ལྟ་ཞིང་། སེམས་ཅན་ཆགས་པ་མེད་པའི་མཐར་ཕྱིན་པ། ཚིག་གི་ལམ་གྱི་ས་ལ་སྨྱིན་པར་བྱེད་ པའི་ཚེ་དགའ་བ་མཐའ་ཡས་པ་ཐོབ་པོ། །སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མོས་པ། ཚད་མེད་པ་ཡང་ཡང་དག་པར་རབ་ཏུ་འཐོབ་པོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་བདག་གིས་སྐྱོ་ བའི་སེམས་མི་བསྐྱེད་དོ། །སེམས་ཅན་གྱི་ཁམས་ཡོངས་སུ་སྨྱིན་ཅིང་མ་དུལ་གྱི་བར་དུ་སྐྱོ་བའི་སྨོན་ལམ་མི་བསྐྱེད་དོ། །བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་རྣམ་པར་འདས་པར་འཇིག་རྟེན་ གྱི་ཁམས་ཐམས་ཅད་དུ་རྒྱུ་བར་བྱས་ཏེ། སྨོན་ལམ་གང་ལ་སེམས་ཅན་གྱི་སྒྲ་ཡོད་པ་དང་། སེམས་ཅན་གྱི་ལས་དང་། སེམས་ཅན་ཉེ་བར་ལེན་པ་དང་། སེམས་ཅན་རྣམ་པར་གཞག་པ་དང་། སེམས་ཅན་གྱི་ འདུ་ཤེས་དང་ལྡན་པ་དང་། སེམས་ཅན་གྱི་གློང་དང་། སེམས་ཅན་གྱི་འདུ་བྱེད་དང་། སེམས་ཅན་གྱི་ཡུལ་དང་། སེམས་ཅན་གྱི་འཇུག་པ་དང་། སེམས་ཅན་གྱི་ལྡོག་པ་ཡོད་པ་དེ་ལ་བདག་གིས་གནས་པར་བྱའོ། ། སེམས་ཅན་ཐམས་ཅད་འདུལ་བའི་དབང་དུ་སྨོན་ལམ་དེ་ལས་གཡོ་བར་ཡང་མི་བྱ་སྟེ། སེམས་བསྐྱེད་པ་གཅིག་གིས་ཀྱང་གནས་ཀྱི་འདུ་ཤེས་སྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་གནས་མེད་པ་དང་། 73-1-80a མི་གནས་པར་བྱ་སྟེ། བདག་གི་དོན་ཡོངས་སུ་སྦྱང་བར་བྱའོ། །ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་འདི་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ སྤྱོད་པ་བདུན་པ་སྟེ། གནས་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐུབ་པར་དཀའ་བ་ཞེས་བྱ་བ་བརྒྱད་པ་གང་ཞེ་ན། ཀྱེ་རྒྱལ་ བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དགེ་བའི་རྩ་བ་ཐུབ་པར་དཀའ་བ། གདུལ་བར་དཀའ་བ། རབ་ཏུ་གདུལ་བར་དཀའ་བ། ཕྱེད་པར་དཀའ་བ། ཟིལ་གྱིས་མི་ནོན་པ། བསམ་ གྱིས་མི་ཁྱབ་པ། ཀུན་ཏུ་མཐའ་ཡས་པ་མི་འཕྲོག་པ་བདག་ཉིད་ཆེ་བ། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་ཞམ་རིང་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་ལ་ ཤིན་ཏུ་དད་པ་ཡིན། ཡངས་པར་དད་པ་ཡིན། དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་མོས་པ་ཡིན། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་རྒྱུན་མི་འཆད་པ་ཡིན། བསྐལ་པ་ཐམས་ཅད་དུ་མི་སྐྱོ་བའི་སེམས་དང་ལྡན་ པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱི་སྒྱིད་ལུག་པར་འགྱུར་བ་མེད་པ་ཡིན། བདུད་ཐམས་ཅད་ཀྱིས་ཕྱིར་བརྒལ་དུ་མེད་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན། བྱང་ཆུབ་སེམས་དཔའི་ དཀའ་ཐུབ་ཐམས་ཅད་ཀྱིས་རྣམ་པར་སྦྱངས་པ་ཡིན། བྱང་ཆུབ་སེམས་དཔའི་བརྟུལ་ཤུགས་ཀྱིས་ཚད་མི་ཤེས་པ་ཡིན། ཐེག་པ་ཆེན་པོའི་སྨོན་ལམ་ལས་ཕྱིར་མི་ལྡོག་པ་ཡིན། དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ བསྒྲུབ་པར་དཀའ་བ་ལ་གནས་ཏེ། སེམས་བསྐྱེད་པ་གཅིག་གིས་བསྐལ་པ་གྲངས་མེད་པར་འཁོར་ཡང་ཕྱིར་མི་ལྡོག་པ་ཡིན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ཡང་རྒྱུན་མི་གཅོད་དོ། །དེ་མཐོང་བ་ཙམ་ 73-1-80b གྱིས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱེད་དོ། །ཐོས་པ་དང་བསྙེན་བསྐུར་བས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པར་བྱེད་དེ། །སེམས་ཅན་ཐམས་ཅད་སེམས་ཅན་མེད་པར་ཡང་ཤེས་ཏེ། སེམས་ཅན་གྱི་ཁམས་ཡོངས་སུ་གཏོང་བ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མཉན་པ་ནི་ཕ་རོལ་ཏུ་འགྲོ་བ་ཡང་མ་ཡིན་ནོ། །ཚུ་རོལ་ཏུ་འགྲོ་བའང་མ་ ཡིན། ཆུ་ཀླུང་གི་གཞུང་ལ་གནས་པའང་མ་ཡིན། འགྲོ་བ་དང་འོང་བ་རྒྱུན་མི་འཆད་པའི་ཕྱིར་ཕ་རོལ་མ་ཡིན་པར་སེམས་ཅན་རྣམས་ཀྱང་སྒྲོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ ལས་འདས་པར་འགྲོ་བ་ཡང་མ་ཡིན། འཁོར་བའི་རྒྱུད་ལ་གནས་པ་ཡང་མ་ཡིན་ཏེ། ཚུ་རོལ་གྱི་མུ་ནས་སེམས་ཅན་རྣམས་བསྐྱོད་དེ། ཕ་རོལ་གྱི་ངོགས་བདེ་བ། འཇིགས་པ་མེད་པ། འཚེ་བ་མེད་པ། འཁྲུག་པ་མེད་པར་རབ་ཏུ་བཞག་ ཀྱང་སེམས་ཅན་གྱི་ཁམས་བགྲང་བའི་ཚུལ་གྱིས་མངོན་པར་ཆགས་པ་མེད་དོ། །སེམས་ཅན་གཅིག་ལས་བསྐྱོད་ནས་མང་པོ་ལ་མངོན་པར་ཆགས་པར་མི་བྱེད། མང་པོ་ལས་བསྐྱོད་ནས་སེམས་ཅན་གཅིག་ལ་མངོན་པར་ཆགས་པར་ ཡང་མི་བྱེད། སེམས་ཅན་གྱི་ཁམས་འཕེལ་བར་ཡང་མི་བྱེད། བྲི་བར་ཡང་མི་བྱེད། སེམས་ཅན་གྱི་ཁམས་སྐྱེ་བར་ཡང་མི་བྱེད། འགོག་པར་ཡང་མི་བྱེད། ཟད་པར་ཡང་མི་བྱེད། སྩོགས་པར་ཡང་མི་བྱེད། རྣམ་པར་རྟོག་པར་ཡང་མི་བྱེད། རྣམ་པ་གཉིས་སུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཁམས་ལ་ཞུགས་ཤིང་ཁོང་དུ་ཆུད་པ་སྟེ་ཆོས་ཀྱི་དབྱིངས་ཇི་ལྟ་བར་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་ཏེ། སེམས་ཅན་གྱི་ཁམས་ དང་ཆོས་ཀྱི་དབྱིངས་དེ་ལ་གཉིས་སུ་མེད་དོ། །གཉིས་སུ་མེད་པའི་ཆོས་ལ་ནི་བྲི་བའམ། འཕེལ་བའམ། འགག་པ་ཡང་མེད་དེ། ཆོས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་འགྱུར་བ་འམ། 73-1-81a ལེན་པའམ། གནས་པའམ། མངོན་པར་ཆགས་པའམ། གཉིས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པའི་ཚུལ་དུ་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ན་བྱང་ཆུབ་ སེམས་དཔའ་ཆོས་ཀྱི་དབྱིངས་རབ་ཏུ་དབྱེ་བའི་མཁས་པ་ཁོང་དུ་ཆུད་པ་ཡིན་ཏེ། མཚན་ཉིད་རྣམ་པར་དག་པའི་ལུས་དང་། དངོས་པོ་མེད་པ་ཡོངས་སུ་ཤེས་པ་དང་། ཆོས་ཀྱི་མཚན་ཉིད་དང་རང་བཞིན་ཡོངས་སུ་རྟོགས་ པས་མཚན་ཉིད་མེད་པ་ལ་གནས་པ་ཡིན། དེ་ནི་སེམས་ཅན་རྣམ་པ་སྣ་ཚོགས་ཀྱང་ཤེས། སེམས་ཅན་གྱི་གྲངས་ཀྱང་ཤེས་ཏེ། འཇིག་རྟེན་གྱི་ཁམས་རྣམས་ལའང་མངོན་པར་ཆགས་པ་མེད་དོ། །སངས་རྒྱས་ ཀྱི་ཞིང་ཐམས་ཅད་དུ་ཡང་སྣང་ངོ་། །སངས་རྒྱས་རྣམས་ལ་ཡང་འཇུག་ཅིང་ཁོང་དུ་ཆུད་པར་བྱེད་དེ། ལས་ལ་རྣམ་པར་རྟོག་པར་མི་བྱེད་དོ། །དོན་ཀྱང་ཤིན་ཏུ་རྟོགས་པ་ཡིན་ནོ། །དོན་ཀྱི་ཡི་གེ་ཡང་ཡོངས་སུ་བརྗོད་དོ། ། ཆོས་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཐམས་ཅད་ཀྱང་ཤེས་སོ། །རབ་ཏུ་ཤེས་སོ། །ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་ལམ་དང་ཡང་མི་འབྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་ཕྱིར་མི་ ལྡོག་གོ། །ཆོས་ཀྱི་དབྱིངས་སུ་བཟུང་བ་ལས་དབང་བསྒྱུར་བར་ཞུགས་པས་ཟད་མི་ཤེས་པའི་སྤྱོད་པ་དང་ལྡན་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། གཙུབ་མ་ལས་བྱུང་བའི་མེའི་རྒྱུ་ཚད་མེད་པས། མེའི་དགོས་པ་ལས་མ་ འགགས་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། འཇིག་རྟེན་ཐམས་ཅད་ན་སེམས་ཅན་གྱི་དོན་ལས་འགག་པ་མེད་པར་ཞུགས་པ་ཡིན་ཏེ། ཀུན་གྱིས་མཐར་བྱས་པའང་མ་ཡིན། ཀུན་གྱི་མཐའ་ མེད་པར་བྱས་པའང་མ་ཡིན་ནོ། །ཉེ་བར་ལེན་པ་དང་བཅས་པའང་མ་ཡིན། ཉེ་བར་ལེན་པ་མེད་པའང་མ་ཡིན་ནོ། །གནས་པའང་མ་ཡིན། མི་གནས་པའང་མ་ཡིན། །འཇིག་རྟེན་གྱི་ཆོས་ཀྱི་རྗེས་སུ་སོང་བ་ཡང་མ་ཡིན་ 73-1-81b སངས་རྒྱས་ཀྱི་ཆོས་ལ་གཞོལ་བ་ཡང་མ་ཡིན་ནོ། །སོ་སོའྀ་སྐྱེ་བོ་ཡང་མ་ཡིན། འབྲས་བུ་ལ་གནས་པའང་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐུབ་པར་དཀའ་བའི་སེམས་དང་ལྡན་པ། སྤྱད་པ་ལ་སྤྱོད་དེ། དེ་ནི་ཉན་ ཐོས་ཀྱི་ཐེག་པ་མི་སྟོན་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་མི་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་ཀྱང་སྟོན་པ་མེད་དོ། །འཇིག་རྟེན་དང་འཇིག་རྟེན་གྱི་ཁམས་ཉེ་བར་ལེན་པ་མེད་དོ། །སེམས་ཅན་དང་སེམས་ཅན་འཇིག་རྟེན་པ་ ཉེ་བར་ལེན་པ་མེད་དོ། །ཉོན་མོངས་པ་དང་རྣམ་པར་བྱང་བ་ཉེ་བར་ལེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པར་བྱང་ཆུབ་སེམས་དཔས་ཤེས་སོ། །ཆོས་ཐམས་ཅད་ཉེ་བར་ བླངས་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ཞུགས་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ལྡོག་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངསུ་ ཤེས་སོ། །དེ་དེ་ལྟར་ཞི་ཞིང་ཕྲ་བ་དང་ཟབ་པ་དང་། བཟང་པོའི་ཆོས་ལ་སྤྱོད་པའི་ཚེ། སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །སྤྱད་པར་བྱའོ་ཞེས་བྱ་བར་མི་དམིགས་སོ། །ཁམས་ཀྱི་ཡུལ་དང་། སྐྱེ་མཆེད་ཀྱི་ ཡུལ་དང་། ནང་གི་སྣང་བ་དང་། ཕྱི་རོལ་གྱི་སྣང་བ་དང་། ཕྱི་ནང་གི་སྣང་བ་དང་། སྨོན་ལམ་ཡོངས་སུ་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཆོས་ཐམས་ཅད་དུ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ ཆོས་ཀྱི་དབྱིངས་ཐམས་ཅད་ལ་ནི། གང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ཞུགས་པ་འམ། སོ་སོའྀ་སྐྱེ་བོའི་ཁམས་ལ་ཞུགས་པ་འམ། ཀུན་ནས་ཉོན་མོངས་པའི་ཁམས་ལ་ཞུགས་པ་འམ། རྣམ་པར་བྱང་བའི་ཁམས་ལ་ཞུགས་པ་འམ། འཁོར་བའི་ཁམས་ལ་ཞུགས་པའམ། 73-1-82a མྱ་ངན་ལས་འདས་པའི་ཁམས་ལ་ཞུགས་པའི་ཆོས་གང་ཡང་མེད་དོ། །དེ་ཡང་ཅིའི་ཕྱིར་ཞེ་ན། འདི་ལ་ཆོས་གཉིས་ཤེས་བྱ་བ་གང་ཡང་མེད་དེ་མི་གཉིས་པ་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ ཕྱོགས་བཅུར་མ་རྙེད། མི་རྙེད། རྙེད་པར་མི་འགྱུར་ཡང་ནམ་མཁར་བགྲང་བའི་ཚུལ་ཡོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་གང་ཡང་དམིགས་པ་མེད་དེ། ཆོས་ཐམས་ཅད་མངོན་པར་འཚང་རྒྱའོ། ། ཞེས་གྲངས་སུ་བགྲང་བ་ཡང་ཡོད་དེ། དེ་ནི་ཡང་དག་པ་བདེན་པ་སྟེ། ལོག་པ་མ་ཡིན་ནོ། །དེ་ནི་བྱ་བ་དང་མི་འགལ་བའི་སྤྱོད་པ་ཡང་སྟོན་ཏོ། །སྨོན་ལམ་ཡང་མི་གཏོང་ངོ་། །སེམས་ཅན་གྱི་ཁམས་ཡོངས་སུ་སྨྱིན་པ་ དག་གདུལ་བ་ཡང་མེད་དོ། །ཆོས་ཀྱི་འཁོར་ལོ་ཡང་སྐོར་རོ། །རྒྱུ་དང་འབྲས་བུ་ཡང་འཇིག་པར་མི་བྱེད་དོ། །ཆོས་ཉིད་དང་ཡང་འགལ་བར་མི་བྱེད་དོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་དང་ཡང་མཉམ་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱང་རྒྱུན་ཆད་པར་མི་བྱེད། ཆོས་ཀྱི་ཚུལ་དང་ཡང་འགལ་བར་མི་བྱེད། ཆོས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །ཆོས་ཀྱི་ སྤོབས་པ་ཡང་འཇིག་པར་མི་བྱེད། ཆོས་ཐོས་པས་ཀྱང་རློམ་སེམས་མེད་དེ། ཆོས་ཀྱི་འབྱུང་གནས་ཀྱང་རབ་ཏུ་ཐོབ། ཆོས་བརྗོད་པ་ཡང་རབ་ཏུ་བྱེད། མི་འཇིགས་པ་ལ་ཡང་རབ་ཏུ་གནས། སངས་རྒྱས་ཀྱི་ སྤྱོད་པ་ཡང་མི་གཏོང་ངོ་། །འཇིག་རྟེན་གྱི་ཚུལ་ཡང་འགོག་པར་མི་བྱེད། འཇིག་རྟེན་མཉམ་པ་ཉིད་ཀྱང་རབ་ཏུ་སྟོན་ཏེ། འཇིག་རྟེན་གྱི་སྤྱོད་པ་རྣམས་ལ་ཡང་གནས་པ་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ ཐུབ་པར་དཀའ་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་དེ། སེམས་ཅན་གྱི་ཁམས་ཀྱང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་གྱེན་དུ་ 73-1-82b སྐྱོད་དེ། དེ་དག་བསྐྱེད་ནས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །འདུལ་བར་བྱེད་དོ། །རབ་ཏུ་གཞོག་པར་བྱེད་དོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་གྱི་རྒྱུད་ལས་ ཀྱང་མི་གཡོའོ། །འཇིག་རྟེན་གནས་པ་དྲིན་དུ་མི་གཟོ་བས་ཡོངས་སུ་གང་བ་དང་། དགྲས་ཡོངས་སུ་གང་བ་དང་། ཀུན་ནས་ཉོན་མོངས་པས་ཡོངས་སུ་གང་བ་དང་། མི་འཐུན་པས་ཡོངས་སུ་གང་བ་དང་། ཡིད་གཞག་ དུ་མི་རུང་བས་ཡོངས་སུ་གང་བ་དང་། བྱིས་པས་ཡོངས་སུ་གང་བ་དང་། མ་དད་པས་ཡོངས་སུ་གང་བ་དང་། གཞན་གྱི་དྲིང་ལ་རྒྱུག་པས་ཡོངས་སུ་གང་བ་དང་། ཤེས་རབ་དམན་པས་ཤིན་ཏུ་བྱུང་བ་དང་། འཇིག་རྟེན་ གནས་པ་སྲེད་པའི་བསམ་པ་དང་། མ་རིག་པས་ཀུན་ནས་ཉོན་མོངས་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་འདི་སྙམ་དུ་སེམས་སྐྱེའོ། །འདི་ལྟར་བདག་གིས་འཇིག་ རྟེན་གནས་པ་དྲིན་དུ་གཟོ་བས་ཡོངས་སུ་གང་བ་དང་། མཛའ་བོས་ཡོངས་སུ་གང་བ་དང་། མཁས་པས་ཡོངས་སུ་གང་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལྟ་བ་ངོ་མཚར་དུ་ཡང་ཅི་ཆེ་སྟེ། དེ་ཇི་ལྟ་ཞེ་ན། བདག་ནི་སེམས་ཅན་མཛའ་བ་འམ། མི་མཛའ་བ་གང་ལས་ཀྱང་ཆུང་ངུ་ན་སྐྲའི་རྩེ་མོ་གཅིག་ཙམ་འམ། ཆུང་ངུ་ན་དགེ་བར་བྱ་བ་སྦྱིན་པ་ཙམ་ཡང་མི་འདོད་མི་ཚོལ་ཏེ། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་། གཞན་དུ་ན་སེམས་ཅན་དེ་དག་ཡོངས་སུ་འགྲོལ་བ་དང་། སེམས་ཅན་དེ་དག་ཡོངས་སུ་དད་པར་འགྱུར་བ་དང་། སེམས་ཅན་དེ་དག་འབྱུང་བར་འགྱུར་བ་མ་གཏོགས་ པར་དེ་དག་ལས་སེམས་སྐད་ཅིག་ཙམ་དུ་བདེ་བར་འགྱུར་བ་ཡང་མི་ཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ལ་ལེན་པ་མེད་ཅིང་། ཐམས་ཅད་ལ་འདོད་པ་མེད་པས། སེམས་ཅན་གྱི་གཙོ་བོར་ 73-1-83a འགྱུར་བར་བྱེད་པ་སྟེ། འདི་ལྟར་བདག་གིས་ཀྱང་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐས་གཏུགས་ཏེ། ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བར་ནན་ཏན་དུ་བྱའོ་སྙམ་མོ། ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བརྒྱད་པ་སྟེ། ཐུབ་པར་དཀའ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་ཆོས་བཟང་པོ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ལྷ་དང་འཇིག་རྟེན་དུ་བཅས་པ། བདུད་དུ་བཅས་པ། ཚངས་པར་བཅས་པ། དགེ་ སྦྱོངས་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལྷ་དང་དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པ་ནི། ཆོས་ཀྱི་མུ་སྟེགས་བཟང་པོར་གྱུར་པ་ཡིན་ཏེ། དེ་སངས་རྒྱས་ཀྱི་རིགས་མི་གཅད་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་ པར་བྱེད་པ་ཡིན། གཟུངས་ཀྱི་སྣང་བ་རྣམ་པར་དག་པ་ཐོབ་པས། གཏམ་བྱ་བ་དང་། ལུང་བསྟན་པ་ལ་སྤོབས་པ་ཡིན། ཆོས་དང་ལྡན་པའི་གཟུངས་ཐོབ་པས་དོན་ལ་སྤོབས་པ་ཡིན། ཆོས་ཇི་ལྟ་བ་བཞིན་དུ་ གཟུངས་ཡང་དག་པར་བསྐུལ་བ་ཐོབ་པས། ཆོས་ལ་སྤོབས་པ་ཡིན། ཚིག་དང་སྨྲ་བ་ཐམས་ཅད་ཀྱི་གཟུངས་རབ་ཏུ་ཐོབ་པས་ངེས་པའི་ཚིག་ལ་སྤོབས་པ་ཡིན། ཚིག་དང་ཡི་གེའི་དོན་ཀུན་ཏུ་མཐའ་ཡས་ཤིང་ ཟད་མི་ཤེས་པ་ལ་ཐོགས་པ་མེད་པའི་སྒོའི་གཟུངས་ཐོབ་པས་སྤོབས་པ་དང་ལྡན་པ་ཡིན། སངས་རྒྱས་དབང་བསྐུར་བའི་གཟུངས་ཀྱི་དབང་བསྐུར་བས་མངོན་པར་དགའ་བར་བྱེད་པའི་སྤོབས་པ་དང་ལྡན་པ་ཡིན། གཞན་ གྱི་དྲིང་ལ་མི་འཇོག་པའི་གཟུངས་ཀྱི་སྒོ་ཐོབ་པས་སྣང་བ་ཐོབ་པའི་སྤོབས་པ་དང་ལྡན་པ་ཡིན། སྤོབས་པ་ཐུན་མོང་བའི་ཚུལ་ལ་ཞུགས་པས་ཐུན་མོང་གི་སྤོབས་པ་དང་ལྡན་པ་ཡིན་ཏེ། དོན་མང་པོ་དང་ཚིག་མང་པོ་དང་། 73-1-83b ཡི་གེ་མང་པོ་དེ་དག །དེ་དག་ལ་ངེས་པའི་ཚིག་གི་གཟུངས་ཀྱི་སྒོར་ཚུད་པས་ངེས་པའི་སྤོབས་པ་དང་ལྡན་པ་ཡིན། རྒྱུད་མཐའ་ཡས་པའི་གཟུངས་ཐོབ་པས་མཐའ་ཡས་པའི་སྤོབས་པ་དང་ལྡན་པ་ཡིན་ཏེ། དེས་ནི་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དོན་དུ་བདག་གིས་ལུས་གསེར་གྱི་མདོགས་དུ་མངོན་པར་སྤྲུལ་ནས། ཆོས་འབྱམ་ཀླས་པ་ཐམས་ཅད་དབྱངས་ཀྱི་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་དུ་ཆུད་པས་སེམས་ཅན་དེ་དང་དེ་དག་ འདུལ་བའི་དབང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་དང་། དབང་པོ་འབྱམ་ཀླས་པ་མཐའ་ཡས་པ་རྣམས་ལ། ལྕེ་ཡངས་པའི་བྱིན་གྱི་བརླབས་ཀྱིས་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་། དུས་དང་འབྱོར་པའི་ཆོས་བསྟན་པ་ དང་། སྙིང་རྗེ་ཆེན་པོ་འགལ་བ་མེད་པས་ཤིན་ཏུ་བསྟན་པ་དང་། ཚིག་གཅིག་གི་སྒྲ་བརྗོད་པས་འདུལ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་འགྱུར་ཞིང་། མཐའ་ཡས་པར་སྣང་བས་སྟོན་པས། སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་དོ། ། དེ་ནི་གལ་ཏེ་སེམས་ཅན་རེ་རེ་ཞིང་། ཚིག་གི་རྣམ་པ་ཐ་དད་པའི་ཚིག་གི་ཚོགས་ལས་སྣ་ཚོགས་ཀྱིས་མངོན་པར་འདུ་བྱ་བས། རྣམ་པར་སྨྱིན་པ་བརྗོད་ཀྱིས་མི་ལང་ཞིང་འབྱམ་ཀླས་པས་ཉེ་བར་གནས་པས་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་རྣམ་པར་ཕྱེ་བ། རྣམ་པ་ཐ་དད་པ་བརྗོད་དུ་མེད་པ་དང་ལྡན་པ། དེ་ལྟ་བུའི་སེམས་ཅན་ཤ་སྟག་བྱང་ཆུབ་སེམས་དཔའི་འཁོར་དུ་གྱུར་ལ། འཁོར་གྱི་དཀྱིལ་འཁོར་ཡང་ འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པ་ཞིག་ཡིན་ཏེ། འདུལ་བ་བརྗོད་དུ་མེད་པ་ཞིག་འདུས་ནས། སེམས་ཅན་རེ་རེ་ལ་ཡང་ཁའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་བརྗོད་དུ་མེད་པ་ཡོད་པར་ གྱུར་ཏེ། སེམས་ཅན་གཅིག་ཇི་ལྟ་བར་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་དེ་སྙེད་དུ་ཁའི་སྒོ་དང་ལྡན་པ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྐད་དུ་བརྗོད་པ། 73-1-84a བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་རྣམ་པར་བརྟགས་པས་དུས་ཅིག་ཏུ་དབྱངས་ཅིག་ཏུ་བྱས་ཏེ། ཡོངས་སུ་དྲི་བ་བྱས་ཀྱང་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་སེམས་ཅན་གཅིག་ནས་གཅིག་ཏུ་རྒྱུད་པ་དང་། དེ་ལྟ་ བུའི་སྐད་ཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དེ་ལྟ་བུའི་བརྗོད་པ་སྣ་ཚོགས་གྱིས་ཡོངས་སུ་དྲིས་པ་ལའང་། ཆོས་གཟུང་བ་ཐོགས་པ་མེད་པ་ཡིན། བརྗོད་པ་ཤེས་པར་བྱ་བའི་ཕྱིར། རྣམ་པར་རྟོགས་པ་མེད་པ་ཡིན་ཏེ། དྲི་ བས་ཐེ་ཙོམ་ཡོངས་སུ་དྲིས་པ་ལ་ཐོགས་པ་མེད་དོ། །འཁོར་གྱི་དཀྱིལ་འཁོར་ཅིག་དུ་ཇི་ལྟ་བ་དེ་བཞིན་དུ་འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་དེ་ཙམ་ཐམས་ཅད་དུ་ཡང་དེ་བཞིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདི་ སྙམ་དུ་སེམས་སོ། །གལ་ཏེ་སྐྲའི་རྩེ་མོ་རེ་རེ་ལ་སེམས་བསྐྱེད་པ་རེ་རེ་ཞིང་། འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་ཞིག་བྱུང་ལ། སེམས་སྐད་ཅིག་ལ་རྟོགས་པ་གཞན་དང་གཞན་གྱིས། སྐད་གཞན་དང་གཞན་དུ་ བརྗོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་གང་བར་བྱེད་ཅིང་འཁོར་གྱི་དཀྱིལ་འཁོར་རྣམ་པ་དེ་ལྟ་བུ་ཤ་སྟག་ཅིག་སྐྲའི་རྩེ་མོ་ཐམས་ཅད་ལས་བྱུང་སྟེ། དེ་ལྟར་བྱུང་བས་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱུང་ཡང་ འཁོར་གྱི་དཀྱིལ་འཁོར་དེ་དག་བྱུང་བས། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པ་ཟད་པར་གྱུར་ཏེ། འཁོར་དེ་རྣམས་ནི་ཟད་མི་ཤེས་པར་འབྱུང་ལ་སྐྱེ་བའི་རྒྱུན་མི་འཆད་པ་ཞིག་ཡོད་དུ་ཟིན་ན་ཡང་བསྟན་པར་བྱ་བའི་ ས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་སྐད་ཅིག་པ་འགའ་ཙམ་དུ་ཡང་ཞུམ་པ་མི་སྐྱེའོ། །སྒྱིད་ལུག་དང་། ཁ་སྙོམ་མི་སྐྱེའོ། །ཐེ་ཙོམ་དང་ཡིད་གཉིས་མི་སྐྱེའོ། །བག་ཚ་བ་དང་འཇིགས་པ་མི་སྐྱེའོ། །རྨོངས་ པ་དང་འཁྲུག་པ་མི་སྐྱེའོ། །བྱང་ཆུབ་སེམས་དཔའ་ཆོས་བཟང་པོ་ལ་གནས་པ་དེ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་དང་། སེམས་ཅན་གཞན་རྣམས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་ 73-1-84b ཚིག་གི་ལམ་གྱིས་ཡོངས་སུ་མགུ་བར་བྱས་ཏེ། ཆོས་བཤད་པའི་མཐར་ཐུག་པར་མི་བྱ། ཆོས་ལ་རྣམ་པར་ཐོགས་པར་མི་བྱའོ་ཞེས་ནས། དེས་བརྗོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་དེ་དག་ལ་ བརྟག་མི་དགོས་པར་འབྱུང་བའི་ཚིག་དང་། ཚིག་གི་ཆོ་ག་རྣམ་པ་ཐ་དད་པ་བརྟག་མི་དགོས་པར་འབྱུང་བ་དང་། ཚིག་གི་རྣམ་པར་གདགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འབྱུང་བས་ཆོས་སྟོན་པར་བྱེད་དོ། ། དེ་བརྗོད་པ་དེ་དག་ཐམས་ཅད་ཀྱང་འཛིན་ལ། སེམས་ཀྱི་སྐད་ཅིག་གཅིག་གིས་ཀྱང་། ཚིག་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བ། ཆགས་པ་མེད་པའི་སྙིང་པོ་ཅན། ཆོས་ཐམས་ཅད་ཀྱི་སྣང་བ་རབ་ཏུ་ཐོབ་པ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞོལ་བ་ཅིག་གིས་སེམས་ཅན་ཐམས་ཅད་གོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་བཟང་པོ་ལ་གནས་པ་ནི། མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་བདག་རྣམ་པར་དག་པ་ཡང་རབ་ཏུ་འཐོབ་པོ། །སེམས་ཅན་མེད་པར་འབྱུང་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་དུས་གཅིག་དུ་ སྟོང་གསུམ་པ་བཅུ་ནས་སྟོང་གསུམ་པ་བརྗོད་ཀྱིས་མི་ལང་བའི་དོན་དུ་བྱིན་གྱིས་བརླབས་ཤིང་། བདག་གི་ལུས་གསེར་གྱི་མདོག་དུ་མངོན་པར་སྤྲུལ་ཏེ། དབྱངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཤེས་པའི་སྒོར་ཆུད་ པ། ཆོས་ཐམས་ཅད་དུ་ཁྱབ་པས་མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོར་འཇུག་ཅིང་། སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབ་སྟེ། འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་འགགས་པས། འགྲོ་བ་མེད་པའི་ལུས་རྣམ་དང་འགྲོ་བ་ ཐམས་ཅད་དུ་འབྱུང་བས་མཐའ་ཡས་པར་འགྲོ་བའི་ལུས་རྣམས་དང་། མི་སྐྱེ་བ་དང་མཉམ་པའི་ཆོས་ལ་བརྩོན་པས་མ་སྐྱེས་པའི་ལུས་རྣམས་དང་། འགོག་པར་བརྗོད་པ་ཐམས་ཅད་དམིགས་པ་མེད་པས་འགགས་པ་མེད་ 73-1-85a པའི་ལུས་རྣམས་དང་། ཇི་ལྟ་བ་བཞིན་དུ་དམིགས་པས་བདེན་པ་མེད་པའི་ལུས་རྣམས་དང་། འཇིག་རྟེན་གྱི་བདེན་པ་བཞིན་དུ་རྣམ་པར་དམིགས་པས་མི་སླུ་བའི་ལུས་རྣམས་དང་། འཆི་འཕོ་དང་སྐྱེ་བ་ལས་ འདས་པས་མི་འཕོ་བའི་ལུས་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཇིག་པར་མི་བྱེད་པས། མི་འཇིགས་པའི་ལུས་རྣམས་དང་། དུས་གསུམ་གྱི་ཚིག་གི་ལམ་ལ་བརྩོན་པས་སྐད་ཅིག་གཅིག་གི་ལུས་རྣམས་ དང་། ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པའི་མཐར་ཐུག་པས་མཚན་ཉིད་མེད་པའི་ལུས་རྣམས་དང་། ལུས་རྣམ་པར་ཕྱེ་བས་འབྱམ་ཀླས་པ་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ ཐམས་ཅད་བསྐྱེད་པ་ལ་སེམས་ཅན་ཐམས་ཅད་ཀྱི་གནས་ཡིན་ནོ། །དབུགས་ཆེན་པོ་ཕྱིན་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ནོ། །གནས་ཆེན་པོ་ཐོབ་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ ཀྱི་སྐྱབས་ཡིན་ནོ། །བླ་ན་མེད་པའི་འབྱུང་བ་མཐོང་བར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །ཆོས་ཀྱི་ཚུལ་ལ་འཇུག་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཡིན་ནོ། །ལས་ཀྱི་རྣམ་པར་ སྨྱིན་པ་རྣམ་པར་དམིགས་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་མེ་མར་ཡིན་ནོ། །ཆོས་ཟབ་མོ་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྨོངས་པ་མེད་ པར་ཁོང་དུ་ཆུད་པར་བྱ་བ་ལ་ཁམས་གསུམ་ཐམས་ཅད་ཀྱི་སྒྲོན་མ་ཡིན་ནོ། །སྣང་བའི་ས་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་ པར་བྱ་བ་ལ་འགྲོ་བ་ཐམས་ཅད་རབ་ཏུ་དགའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་ཆོས་བཟང་པོ་ཞེས་བྱ་བ་སྟེ། 73-1-85b དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་འཇུག་པར་བྱ་བ་ལ་འགྲོ་བ་ཐམས་ཅད་ཀྱི་མུ་སྟེགས་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་བདེན་པ་དང་ལྡན་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་བདེན་པའི་ཚིག་དམ་པ་དང་ལྡན་པས། བདེན་པའི་ ཚིག་ཅན་ཡིན་ཏེ། དེ་ནི་གང་སྨྲས་པ་དེ་བྱེད། གང་བྱེད་པ་དེ་སྨྲའོ། །དེ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་ གསུང་ལ་ཡང་སློབ་བོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་པོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ། །མ་བྱོན་པའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ། །འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། ། མ་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་པོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་དང་། དགེ་བའི་རྩ་བ་ལྷན་གཅིག་ཏུ་གྱུར་པ་སྟེ། དེ་བཞིན་གཤེགས་པའི་རྗེས་སུ་བསླབས་པའི་ཡེ་ཤེས་དང་ལྡན་པས་གཉིས་སུ་མེད་པར་སྨྲ་བ་ཡིན་ནོ། །དེ་སེམས་ཅན་རྣམས་ཀྱི་གནས་དང་། གནས་ མ་ཡིན་པའི་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ། །དེ་སེམས་ཅན་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ལས། རྣམ་པར་སྨྱིན་པ་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ། །དབང་པོ་དང་། བརྩོན་འགྲུས་རྣམ་པ་ 73-1-86a ཐ་དད་པ་རྫོགས་པ་དང་། མ་རྫོགས་པ་དང་། རབ་དང་། ཐ་མ་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ། །ཁམས་ཐ་དད་པ་དང་། ཁམས་དུ་མ་ལ་ཡང་རབ་ཏུ་འཇུག་གོ། །མོས་པ་ཐ་དད་པ་དང་། མོས་པ་དུ་མ་ལ་ཡང་རབ་ ཏུ་འཇུག་གོ། །ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཡེ་ཤེས་ལ་ཡང་རབ་ཏུ་འཇུག་གོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ རྣམ་པར་དགོད་པ། སེམས་ཅན་རྣམས་ཀྱི་དུས་དང་དུས་མ་ཡིན་པའང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ལའང་རབ་ཏུ་འཇུག་གོ། །ལྷའི་མིག་ཆགས་པ་ མེད་པར་ཡང་མངོན་པར་བསྒྲུབ་པོ། །ཟག་པ་ཟད་པར་ཤེས་པའང་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉེ་བར་གཟུང་བའང་རྒྱུན་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འགྲོ་བ་ཐམས་ཅད་ རྣམ་པར་དག་པར་བྱ་བ་དང་། གདུལ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་ཕྱིར་ཞིང་སེམས་འདི་སྙམ་དུ་སྐྱེའོ། །འདི་ལྟར་འཇིག་རྟེན་ན་གནས་པ་ཡོངས་སུ་མ་གྲོལ་བར་བདག་རྣམ་པར་གྲོལ་བའི་ཚུལ་རབ་ཏུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཀྲོལ་ཅིང་སྨོན་ལམ་རྗེས་སུ་མ་སྲུངས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བ་འདི་ནི་བདག་ལ་མི་ཆ་ལ། དེ་བས་ན་ཅི་ནས་ཀྱང་སེམས་ཅན་ འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐས་གཏུགས་པར་འགྱུར་བ་དང་། གང་འདི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཐར་ཐུག་པར་གཞོལ་བར་འགྱུར་བ་དེ་ལྟར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བདག་ཅག་ནི་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པའི་དགེ་བའི་བཤེས་གཉེན་ཏེ། སེམས་ཅན་ཐམས་ཅད་ཀྱིས་མ་བསྐུལ་བར་ཡང་དག་པར་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ 73-1-86b རྩ་བ་ལ་ཐོག་མར་འགྲོ་བའོ། །བདག་ཅག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་ཁ་ལོ་བསྒྱུར་བ་སྟེ། བདག་ཅག་གི་ནི་འགྲོ་བ་ཀུན་གྱིས་གོས་པ་མེད་པའི་མཆོག་ཏུ་གྱུར་པའོ། །བདག་ཅག་བླ་ན་མེད་པར་ཁ་ལོ་ བསྒྱུར་བའི་ས་ལ་དམ་པར་གྱུར་པའོ། །བདག་ཅགིས་ནི་སེམས་ཅན་མེད་པའི་མཐའ་ལ་རབ་རིབ་མེད་པའོ། །བདག་ཅག་ནི་སྔོན་གྱི་སྨོན་ལམ་གྱིས་ཐོབ་པ་དང་ལྡན་པའོ། །བདག་ཅག་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ གྱི་རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པའོ། །བདག་ཅག་ནི་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའོ། །ཞེས་ཏེ་དེ་སྔོན་གྱི་སྨོན་ལམ་ཡང་འཇིག་པར་མི་བྱེད་དོ། །བླ་ན་ མེད་པའི་ཡེ་ཤེས་ཀྱི་རྒྱན་ལ་ཡང་རབ་ཏུ་འཇུག་གོ། སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་ཡང་ཐོག་མ་དང་། བར་མ་དང་། ཐ་མའི་ཚུལ་གྱིས་ ཡོངས་སུ་རྫོགས་པར་བྱས་ནས། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ཤེས་པའི་མངོན་པར་ཤེས་པའང་རབ་ཏུ་ཐོབ་པར་བྱེད་དོ། །དེ་སེམས་བསྐྱེད་པ་རེ་རེ་ཞིང་ཡང་ཕྱོགས་ བཅུར་རྒྱས་པར་འགྲོ་སྟེ། སེམས་བསྐྱེད་པ་གཅིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་གོ། །སེམས་བསྐྱེད་པ་རེ་རེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཐོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་དག་པ་ལ་ཡང་རབ་ཏུ་འཇུག་གོ། ། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པའང་ཡོངས་སུ་སྟོན་ཏོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པར་ལུས་ཀྱིས་བྱིན་གྱིས་བརླབས་པ། འགྲོ་བ་ཐམས་ཅད་དུ་ཁྱབ་པ། ཚད་མེད་པ། 73-1-87a མི་གནས་པའང་རབ་ཏུ་ཤེས་ཏེ། བདག་གི་ལུས་དེ་དག་ལའང་ཞིང་ཐམས་ཅད་ཡོངས་སུ་འདུས་པར་ཀུན་ཏུ་སྟོན་ཅིང་། དུས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སངས་རྒྱས་ ཐམས་ཅད་ཀྱང་རབ་ཏུ་སྟོན་ཏོ། །སེམས་ཅན་དེ་དག་གི་འདུ་ཤེས་ཀྱི་རྒྱུད་དང་མཐུ་ལའང་རབ་ཏུ་འཇུག་གོ། །སེམས་ཅན་དེ་དག་གི་བསམ་པ་དང་། མོས་པ་དང་ལས་དང་། རྣམ་པར་སྨྱིན་པ་རྣམ་པར་དག་པ་ཇི་ཙམ་པ་ དེ་ཙམ་དུ་སེམས་ཅན་གདུལ་བའི་དོན་དུ་ལུས་བྱིན་གྱིས་རློབ་སྟེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པ་སྟེ། མིག་ཡོར་ལྟ་བུའི་སངས་རྒྱས་སྐྱེ་བར་བྱ་བ་ལ་ཕ་རོལ་ཏུ་ ཕྱིན་པའོ། །འགྲོ་བ་ཐམས་ཅད་རྨྱི་ལམ་ལྟ་བུར་རྟོགས་པའི་ཡིད་དང་ལྡན་པའོ། །དོན་དང་ཡི་གེའི་ཚོགས་ལ་མྀ་ཟད་པའི་མཛོད་དོ། །དྲན་པ་དབང་བསྒྱུར་བའི་ཆོས་ཐམས་ཅད་ལ་ངེས་པར་རྟོགས་པ་ཐོབ་པའོ། །ཤེས་རབ་ ཆེ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་རབ་ཏུ་ཞུགས་པའོ། །གཉིས་སུ་མེད་པའི་ས་ལ་རྒྱུད་ཀྱི་ཚུལ་ཅིག་ཏུ་གྱུར་པའོ། །སེམས་ཅན་གྱི་ཁམས་གཉིས་ལ་གནས་པ་ལ་སྙིང་རྗེ་ཆེན་པོར་གནས་པ་སྟེ། ཆོས་དེ་ལྟ་བུ་དང་ ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སྟོབས་བཅུའི་མཐར་དབེན་པར་གྱུར་པ་སྟེ། ཆོས་ཀྱི་དབྱིངས་མིག་འཕྲུལ་ལྟ་བུ་ལ་རབ་ཏུ་འཇུག་ཅིང་གནས་པའོ། །ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའོ། ། ཁྱུ་མཆོག་གི་མཐུ་ཕྱུང་བས་སེང་གེའི་སྒྲ་སྒྲོག་གོ། །མི་འཇིགས་པ་རབ་ཏུ་ཐོབ་པའོ། །ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །ཕྱིར་མི་ལྡོག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྗེས་སུ་སྤྱོད་པའི་ཡེ་ཤེས་ དང་རྣམ་པར་ཐར་པ་དང་ལྡན་པ། ཡེ་ཤེས་རྒྱ་མཚོ་ལ་རབ་ཏུ་ཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཁོར་ལོ་བཟློག་པའི་ཕྱིར་རབ་ཏུ་ཞུགས་པའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ 73-1-87b ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་བྱིན་གྱིས་རླབས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་རྒྱ་མཚོའི་ཚུལ་གྱི་རྗེས་སུ་ཞུགས་ཞིང་གཏིང་རྙེད་པའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་སྟེ། བདེན་པ་དང་ལྡན་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདེན་པས། ལྷ་དང་བདུད་དང་། ཚངས་པར་བཅས་པའི་ འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུར་བཅས་པ་དང་། ལྷ་དང་དྲི་ཟ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་ཕྲད་པར་འདོང་ངོ་། །ཤེས་པར་བྱེད་དོ། །ཚིམ་པར་བྱེད་དོ། །ཡོངས་སུ་དག་པར་བྱེད་དོ། ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ས་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏོ། །གཡོས་སོ་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ། ཀུན་ཏུ་ལྡེག་གོ། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། སངས་རྒྱས་ཀྱི་མཐུས་ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་ཡང་ མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རྒྱན་གྱི་ སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་ཡང་མངོན་པར་བྱུང་ངོ་། །ལྷ་རྫས་ཀྱི་སྣང་བ་ཡང་རབ་ཏུ་བྱུང་ངོ་། །ལྷ་རྫས་ཀྱི་སྒྲ་ཡང་རབ་ཏུ་བྱུང་ངོ་། །གླིང་བཞི་པ་འདིའི་ལྷའི་དབང་པོ་རབ་མཚེ་མའི་ 73-1-88a གནས་ན། ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱང་རྒྱས་པར་བྱས་ཏེ། ཐམས་ཅད་ན་ཡང་སངས་རྒྱས་ཀྱི་མཐུས་ཆོས་ཉིད་བསྟན་པར་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྒྱ་ སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་འདས་པའི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འོངས་ཏེ། ཕྱོགས་བཅུ་རྒྱས་པར་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་ སྲས། དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཆོས་ཉིད་འདི་སྟོན་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས། བདག་ཅག་ཀུན་ཀྱང་མིང་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་དག་སྟེ། དེ་བཞིན་གཤེགས་ པའི་མཚན་ཀུན་ཏུ་ཡོན་ཏན་ཞེས་བྱ་བ་དག་གི་དྲུང་ནས་འཇིག་རྟེན་གྱི་ཁམས་ཡོན་ཏན་རྒྱལ་མཚན་ཞེས་བྱ་བ་དག་ནས་ཕྱིན་ཏེ། ཐམས་ཅད་ནའང་སངས་རྒྱས་ཀྱི་མཐུས་འཁོར་འདི་འདྲ་བ་དག་ན་ཚིག་འདི་དག་དང་། ཡི་གེ་འདི་དག་དང་། བསྟན་པ་འདི་དག་དང་། དོན་འདི་ཉིད་བརྗོད་པས་ལྷག་ཆད་མེད་པར་ཆོས་བསྟན་པ་འདི་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བདག་ཅག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཁོར་ འདིར་བདག་ཅག་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་གཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་མཚེ་མའི་གནས་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་ཤེས་བྱ་བ་ ཀུན་ཏུ་ཡང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱིན་པར་གྱུར་ཏོ། །སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས་ཕྱོགས་བཅུར་བལྟས་ཏེ། འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་ཞིང་། དེ་བཞིན་ 73-1-88b གཤེགས་པའི་རིགས་ཡང་དག་པར་གཟུང་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སྤྱོད་པ་དང་། སྨོན་ལམ་གྱི་རིགས་ཕྱིར་མི་ལྡོག་པར་བྱ་བ་དང་། སྤྱོད་པའི་རིགས་རྒྱུན་ཏུ་བསབ་པ་དང་། དུས་གསུམ་གི་རྒྱུད་ མཉམ་པར་བྱ་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པའི་རྒྱུད་བརྗོད་པ་དང་། དུས་དང་ཇི་ལྟར་འབྱོར་ པའི་ཡན་ལག་དང་དབང་པོ་དང་། བསམ་པ་དང་མོས་པ་དང་། ཉོན་མོངས་པ་དང་། བག་ཆགས་དང་། སེམས་དང་སྤྱོད་པ་དང་། རྣམ་པར་གཡོས་པའི་རྒྱུད་ཐམས་ཅད་ཡོངས་སུ་བརྟག་པ་དང་། སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་རིགས་ཐམས་ཅད་སྣང་བར་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ནམ་མཁའི་ལམ་གྱི་རྒྱུད་གཤེགས་ཤིང་། །སྒྲིབ་པ་མེད་པར་གཟིགས་ པ་རྡུལ་རྣམས་སྦྱངས་གྱུར་པ། །ཀུན་ཏུ་མཐའ་ཡས་སྤྱོད་ཡུལ་ཅན། །སྟོབས་བཅུ་མངའ་བ་དེ་ལ་ཕྱག་འཚལ་ལོ། །གང་ཡང་རྒྱལ་བ་མི་ཡི་མཆོག །ཆགས་པ་མི་མངའ་ཡོན་ཏན་ཚད་མེད་མངའ་བ་སྟེ། །འདས་དུས་མཉམ་ པས་མཉམ་གྱུར་པ། །རྡུལ་བསྩལ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་དག་ན། །དོན་གྱི་དམ་པ་གཟིགས་པ་བརྟེན་པ་བཞུགས་པ་རྣམས། །མཐའ་ཡས་ཉེས་པ་ཀུན་བསྩལ་པ། །གནས་མེད་ དེ་དག་སྤྱོད་པ་འདི་ཡིན་ནོ། །ཆོས་དབྱིངས་བསམ་གྱིས་མི་ཁྱབ་པར། །སྐྱེས་བུའི་སེང་གེ་གང་རྣམས་བྱོན་པར་མ་གྱུར་པ། །ཐུགས་རྗེ་ཆེན་པོ་རྣམས་སྤྱོད་ལ། །ཕན་མཛད་དེ་དག་སྤྱོད་པ་འདི་ཡིན་ནོ། །དུས་གསུམ་གཞལ་ དུ་མེད་པ་ཡིན། །རང་བྱུང་གཏི་མུག་རྣམ་པར་སྩལ་བ་ཇི་སྙེད་པ། །ཐམས་ཅད་ཆོས་ཉིད་མཉམ་པ་སྟེ། །སྟོབས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་མཐའ་དབུས་མེད་པ་ཡི། །འཇིག་རྟེན་ཁམས་ཀྱི་སྲིད་ 73-1-89a པའི་རྒྱུད་རྣམས་རབ་གཟིགས་ཤིང་། །གཟིགས་ནས་རྟོག་པ་མི་མངའ་བ། །མི་གཡོ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་ཆོས་ཀྱི་དབྱིངས་མཁྱེན་ཅིང་། །རྣམ་དག་དོན་གྱི་དམ་པ་གཟིགས་པ་བརྟེན་པ་རྣམས། ། གཏི་མུག་ཐ་བ་ང་རྒྱལ་སེལ་མཛད་པ། །ལེགས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་སེམས་ཅན་ཀུན་མཁས་ཤིང་། །ཆོས་ཀྱི་དབྱིངས་ལ་ངོ་བོ་ཉིད་ཀྱིས་ཞུགས་གྱུར་པའི། །བདེ་གཤེགས་གཞན་དྲིང་མི་ འཇོག་པ། །མཁའ་མཉམ་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་ཀུན་ཏུ་མཐའ་ཡས་པ། །ནམ་མཁའ་ཀླས་པ་ཡང་དག་ཐུགས་སུ་ཆུད་གྱུར་ཏེ། །ཟིལ་གྱིས་མི་ནོན་ཆོས་མངའ་བ། །ཐུབ་མཆོག་དེ་དག་སྤྱོད་པ་འདི་ ཡིན་ནོ། །ལྡོག་པ་མེད་པ་དེ་དག་རྣམས། །མི་དམའ་ཆོས་དང་ལྡན་པ་ཐུབ་པར་དཀའ་བ་དག །སྨོན་ལམ་སྟོབས་ཀྱི་མཐར་ཕྱིན་པ། །སྤྱོད་ལེགས་མངའ་བའི་སྤྱོད་འདི་མཉན་པར་གྱིས། །མཐའ་དང་དབུས་ནྀ་མེད་པའི་ སར། །རྗེས་སུ་ཞུགས་ཤིང་ཐམས་ཅད་གཟིགས་པར་གྱུར་པ་རྣམས། །སྤྱོད་ཡུལ་ཟབ་མོ་མངའ་བ་ཡི། །སྨྲ་བའི་སེང་གེའི་སྤྱོད་པ་འདི་ཡིན་ནོ། །རབ་ཏུ་དབྱེ་བའི་ཚིག་རྒྱས་ལ། །རྗེས་སུ་ཞུགས་ཤིང་རྒོལ་བ་འདུལ་ བར་མཛད་པ་ཡིན། །གང་ཞིག་ཕྱོགས་བཅུའི་ཞིང་གི་རྣམས། །ཁྲག་ཁྲིག་བསམ་གྱིས་མི་ཁྱབ་ཐམས་ཅད་སྐྱོད་བྱེད་ཀྱང་། །འཇིག་པར་འགྱུར་བར་མི་བྱེད་དེ། །འཇིག་རྟེན་ཕན་པ་བསྐྱེད་ལ་རྟག་ཏུ་བརྩོན། །ཚིག་ གི་ཚུལ་ལ་མཁས་པ་རྣམས། །བརྗོད་པ་རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་གྱུར་པ། །ཤེས་པ་རྨོངས་མེད་མཁས་པ་དག །མི་འགུལ་སེམས་ལྡན་དེ་དག་སྤྱོད་འདིའོ། །སྤྱིའུ་ཚུགས་རྒྱུ་ལ་མཁས་པ་དག །ཞིང་རྣམས་ རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་པའི་རྣམས། །མི་ཟད་ས་ལ་ཞུགས་པའི་དག །ཕམ་མེད་བློ་གྲོས་དེ་དག་སྤྱོད་འདིའོ། །ཡོན་ཏན་ཁྲག་ཁྲིག་ཚད་མེད་པ། །བྱང་ཆུབ་རབ་ལ་གཞོལ་ཞིང་སྤྱད་པ་སྤྱོད་པ་དག །ཡོན་ཏན་ 73-1-89b ཐམས་ཅད་མཐར་ཕྱིན་པ། །ལེགས་པ་མི་ཟད་དེ་དག་སྤྱོད་འདིའོ། །འཇིག་རྟེན་འདས་པ་སྒྲུབ་པ་རྣམས། །སྨྲ་བའི་དམ་པ་སྨྲ་བའི་སེང་གེར་གྱུར་པ་དག །འགྲོ་བ་དག་བྱའི་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་ སྤྱོད་འདིའོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་བས། །ཆོས་ཀྱི་དམ་པ་རབ་ལ་མངོན་པར་དབང་བསྐུར་ཞིང་། །ཆོས་ཀྱི་ཚུལ་གྱི་རྗེས་སུ་སོང་བ་རྣམས། །ཡང་ཡང་ལྡན་པ་དེ་དག་སྤྱོད་འདིའོ། །འགྲོ་བའི་སྲིད་ལ་ཀུན་ སྲུང་ཞིང་། །སེམས་ཅན་ཐམས་ཅད་རྣམ་པར་བསྒོམ་པའི་ཡིད་ལྡན་པ། །ཤིན་ཏུ་རྟོགས་པའི་མཛོད་འཆང་རྣམས། །ཆོས་ཀྱི་རི་བོ་དེ་དག་སྤྱོད་འདིའོ། །དབྱངས་ཀྱི་ཡན་ལག་གཅྀག་གིས་ཀྱང་། །འཁོར་རྣམས་ བརྗོད་དུ་མེད་པ་ཤེས་པར་བྱེད་པ་དག །དབྱངས་ཀྱི་ཚུལ་ལ་ཞུགས་པ་རྣམས། །ཆགས་མེད་མཐོང་བ་དེ་དག་སྤྱོད་འདིའོ། །གང་ཞིག་ཚིག་ལམ་རྗེས་སོང་ཞིང་། །ཡེ་ཤེས་ཤིན་ཏུ་འཕགས་པས་རྣམ་པར་མི་རྟོག་པ། ། རྣམ་པར་རྟོག་མེད་སྤྱོད་ཡུལ་ཅན། །རང་བཞིན་མེད་མཐོང་འདི་དག་སྤྱོད་འདིའོ། །ཆོས་ཀྱི་རྒྱ་མཚོར་གནས་འཆའ་ཞིང་། །ཆོས་རྣམས་ཐམས་ཅད་རྒྱུ་ཡིས་རབ་ཏུ་འདེབས་བྱེད་པ། །མཚན་ཉིད་མེད་པའི་ཚུལ་ལྡན་ རྣམས། །དཔལ་གྱི་ཚུལ་ཅན་དེ་དག་སྤྱོད་འདིའོ། །བདེ་བར་གཤེགས་པའི་ཞིང་གཅིག་ཏུ། །བསམ་གྱིས་མི་ཁྱབ་པ་ཡི་དུས་རྣམས་ཆུད་བྱེད་ཅིང་། །བསྐལ་པ་གྲངས་སུ་འཛུད་བྱེད་པ། །སྐྱོ་མེད་བརྩོན་པ་དེ་དག་ སྤྱོད་འདིའོ། །ཐ་དད་མཚན་ཅན་མི་ཡི་དབང་། །སྐྲ་ཡི་རྩེ་མོ་གཅིག་ལ་སངས་རྒྱས་བརྗོད་ཡས་པ། །གང་གིས་དེ་དག་མཐོང་གྱུར་རྣམས། །སྤྱོད་པ་བཟང་ལྡན་དེ་དག་སྤྱོད་འདིའོ། །གང་གིས་སྐྲ་ཡི་ཆ་ཙམ་ལ། །བརྗོད་ དུ་མེད་པའི་འདྲེན་པ་རྣམས་ནི་མཐོང་གྱུར་ཅིང་། །དེ་བཞིན་ཆོས་དབྱིངས་ཐམས་ཅད་དེ། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །བསྐལ་པ་བརྗོད་དུ་མེད་པ་རྣམས། །སེམས་བསྐྱེད་ཅིག་གིས་རབ་ཏུ་ཤེས་པར་གྱུར་པ་རྣམས། ། 73-1-90a རིང་དང་ཐུང་བར་ངེས་མེད་པ། །རྣམ་ཐར་སྤྱོད་པ་དེ་དག་སྤྱོད་འདིའོ། །ལྟ་ཞིང་དོན་མེད་མི་འགྱུར་ལ། །སངས་རྒྱས་སྤྱོད་པ་དག་ལ་དོན་ཡོད་ལས་ལྡན་རྣམས། །ཆགས་པ་མེད་པའི་ཡིད་ཅན་དག །རྒྱལ་བ་དམ་པ་ དེ་དག་སྤྱོད་འདི་ཡིན། །གང་གིས་སངས་རྒྱས་མཐོང་བའི་ཚེ། །བསྐལ་པ་ཁྲག་ཁྲིག་ནམ་དུའང་ངོམས་པར་མི་འགྱུར་བར། །དགའ་བ་ཤིན་ཏུ་སྤྱོད་པ་རྣམས། །བལྟ་ན་དོན་ཡོད་དེ་དག་སྤྱོད་འདིའོ། །སེམས་ཅན་ཁམས་ནི་ མཐའ་ཡས་པ། །སེམས་ཤིང་བསྐལ་པ་མང་པོ་ཟད་པར་བྱེད་པ་རྣམས། །སེམས་ཅན་མེད་པར་ཤེས་པ་དག །སེམས་ཅན་གཙོ་བོ་དེ་དག་སྤྱོད་འདིའོ། །བསོད་ནམས་མང་པོ་བསྩགས་པ་རྣམས། །ཡེ་ཤེས་སྐྱོབ་པ་བསོད་ ནམས་ཆེན་པོའི་སྙིང་པོ་ཅན། །བསོད་ནམས་མུ་སྟེགས་འགྲོ་བ་ཡི། །སེམས་ཅན་དམ་པའི་སྤྱོད་འདིའོ། །ཆོས་དབྱིངས་ཀུན་ཏུ་མཐའ་ཡས་པ། །ནམ་མཁའི་རྣམ་པ་བཞིན་དུ་དེ་དག་ཚད་མེད་པ། །ཚིག་གི་ལམ་ལ་ གནས་པ་རྣམས། །སེང་གེའི་སྒྲ་སྒྲོག་དེ་དག་སྤྱོད་འདིའོ། །ཆོས་རྣམས་རྟོག་པ་མངའ་བ་རྣམས། །ཐུབ་ཆེན་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་བདེ་བ་བསྐྱེད་མཛད་ཅིང་། །སེམས་ཅན་ཉེས་མེད་ཐུགས་དང་ལྡན་པ་རྣམས། ། ཁ་ལོ་བསྒྱུར་བ་མཉམ་པ་མེད་པ་ཡི། །ཡོན་ཏན་འདི་ནི་འཇིགས་པ་མེད་པ་སྟོབ་མཛད་ཅིང་། །སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་མཛད་པ་རྣམས། །དང་ཞིང་རྙོག་པ་མེད་པ་ཡི། །དཔེ་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། ། དགེ་བའི་ཐུགས་དང་ལྡན་པ་རྣམས། །བསམ་པ་རྣམ་པར་དག་ཅིང་སྤྲོས་པ་མེད་པ་ཡི། །དཔལ་གྱི་གཟི་བརྗིད་སྤུང་རྒྱས་པ། །དཔལ་མཆོག་ལྡན་པ་དེ་དག་སྤྱོད་འདིའོ། །དོན་ཀྱི་ཕ་རོལ་ཕྱིན་པ་རྣམས། །ཡོན་ཏན་འབྱུང་གནས་ རྣམ་པར་དག་པའི་ཐུགས་མངའ་བ། །ཤིན་ཏུ་སེམས་པའི་བློ་ལྡན་རྣམས། །སྲིད་ནས་འཕགས་པ་འདི་དག་སྤྱོད་འདིའོ། །བདག་མེད་ཉམས་པ་མེད་པ་རྣམས། །རྔ་ཡི་དབྱངས་རབ་མངའ་བ་ཞིང་དུ་གཞོལ་བ་དག །ཆོས་ཀྱི་ 73-1-90b ཚུལ་ལ་གནས་པ་རྣམས། །ཚིག་ལ་ཉམས་མེད་དེ་དག་སྤྱོད་འདིའོ། །སྦྱིན་པས་ཤིན་ཏུ་འཕགས་པ་རྣམས། །བསོད་ནམས་མཚན་རབ་བརྒྱས་ཀྱང་རབ་ཏུ་བརྒྱན་པ་དག །འགྲོ་ལ་ཕན་པར་མཛད་པ་རྣམས། །བློ་རབ་དེ་དག་སྤྱོད་ ཡུལ་འདི་ཡིན་ནོ། །ཡེ་ཤེས་ཤིན་ཏུ་ཟབ་པའི་སར། །རྗེས་སུ་ཞུགས་ཤིང་བློ་གྲོས་ཤིན་ཏུ་བརྟན་པ་རྣམས། །མི་གཡོ་བརྟན་ཞིང་གནས་པ་དག །བརྟུལ་ཤུགས་བརྟན་པ་དེ་དག་སྤྱོད་འདིའོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་ ཡིས། །རྗེས་སུ་འཇུག་པའི་ཕ་རོལ་ཕྱིན་པར་གྱུར་པ་དག །རྣམ་པར་འཕྲུལ་ལ་བརྩོན་པ་རྣམས། །ཆོས་ཀྱི་ཉི་མ་དེ་དག་སྤྱོད་འདིའོ། །མི་མཉམ་མཉམ་པའི་བློ་མངའ་རྣམས། །མི་གཉིས་ཡོངས་སུ་བསྒོམ་པའི་ཏིང་ངེ་འཛིན་ ལྡན་པ། །བསམ་པ་ཤིན་ཏུ་རྟོགས་པ་དག །ཐམས་ཅད་གཟིགས་པ་དེ་དག་སྤྱོད་འདིའོ། །འཇིག་རྟེན་ཁམས་ལ་རབ་འཇུག་པ། །ཡངས་དང་ཕྲད་དང་རྒྱ་ཆེའི་རྣམ་པ་ཐམས་ཅད་དུ། །སྤྱོད་ཡུལ་ཐོབ་པར་གྱུར་པ་རྣམས། ། ཡེ་ཤེས་རི་བོ་དེ་དག་སྤྱོད་འདིའོ། །ཡོངས་སུ་དག་པའི་སེམས་ལྡན་པ། །ཁམས་རྣམས་གསུམ་པོ་ཀུན་ཏུ་ཆགས་པ་མེད་པ་དག །ཚུལ་ཁྲིམས་བརྟུལ་ཤུགས་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་སྤྱོད་འདིའོ། ། ནམ་མཁའི་དབྱིངས་ཀྱྀ་མཐའ་གཏུགས་པའི། །ཡེ་ཤེས་འཇམ་ཀླས་མངོན་པར་བརྗོད་དུ་མེད་པ་ལ། །ཞུགས་ཏེ་བསླབས་པའི་བློ་ལྡན་པ། །ཡེ་ཤེས་སྟོབས་ཅན་དེ་དག་སྤྱོད་འདིའོ། །ཡེ་ཤེས་གསལ་བའི་ཕུང་པོ་ཡིས། ། དུས་གསུམ་ཆོས་ཀྱི་དབྱིངས་རྣམས་བཀང་སྟེ་བསྒྲུབ་བྱེད་ཀྱང་། །སྒྱིད་ལུག་ཡིད་དུ་མི་འགྱུར་བར། །སངས་རྒྱས་ཡུལ་ཞུགས་དེ་དག་སྤྱོད་ཡུལ་ལོ། །ཀུན་ཏུ་འགྲོ་བར་སོང་གྱུར་ཅིག །སྟོབས་བཅུ་མངའ་བའི་ཆོས་རྣམས་ ཀུན་ཀྱང་ཤེས་པ་རྣམས། །ལུས་ཀྱི་ཆོས་ཀྱང་ཆགས་མེད་པ། །ཡོན་ཏན་དཔལ་ཅན་དེ་དག་སྤྱོད་འདིའོ། །སེམས་ཅན་མཐའ་དང་དབུས་མེད་པ། །ཕྱོགས་བཅུའི་འཇིག་རྟེན་དག་ན་རྒྱུ་བར་གྱུར་པ་རྣམས། །སེམས་ཅན་ 73-1-91a ཀུན་གྱི་བདག་ནི་སྐྱབས་ཡིན་པས། །འཇིགས་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །རྟག་པར་བརྩོན་འགྲུས་གནས་ཆ་ཞིང་། །ནམ་ཡང་སངས་རྒྱས་ཆོས་ལ་ཞུམ་པ་མེད་པ་རྣམས། །དེ་ནི་འཇིག་རྟེན་སྦྱར་ཕྱིར་ཏེ། །གླང་ ཆེན་དེ་དག་སྤྱོད་པ་འདི་ཡིན་ནོ། །དབང་པོ་དག་གིས་རྒྱུས་ཤེས་པ། །མོས་པའི་ཚུལ་གྱིས་ཕ་རོལ་ཕྱིན་པར་གྱུར་པ་རྣམས། །སྣ་ཚོགས་ཁམས་ཀྱང་རྟོགས་གྱུར་པ། །མཉམ་མེད་རྟོགས་གྱུར་དེ་དག་སྤྱོད་འདིའོ། །ཕྱོགས་རྣམས་ བཅུ་པོ་ཚད་མེད་པའི། །མཐའ་དང་དབུས་མེད་རིན་ཆེན་མང་པོས་འགེངས་བྱེད་ཀྱང་། །ནམ་ཡང་སྐྱོ་བའི་ཡིད་མེད་པ། །དད་པར་བྱེད་པ་དེ་དག་སྤྱོད་འདིའོ། །འོད་ཟེར་དྲ་བ་མཐའ་ཡས་པ། །ཀུན་ཏུ་འགྱེད་ཅིང་འཇིག་རྟེན་སྣང་བར་བྱེད་པ་རྣམས། སྣང་བའི་ཆོས་རྣམས་རྟོགས་གྱུར་པ། །བློ་གྲོས་བསྒོམས་པ་དེ་དག་སྤྱོད་འདིའོ། །གང་ཞིག་ཏིང་འཛིན་གཅིག་པུ་ལ། །ཏིང་ངེ་འཛིན་ནི་ཁྲག་ཁྲིག་བརྗོད་དུ་མེད་པ་ཡི། །ཆོས་ཀྱི་གནས་སུ་ཞུགས་གྱུར་པ། །སྨྲ་བའི་ ཟླ་བ་དེ་དག་སྤྱོད་འདིའོ། །བཟོད་པའི་སྟོབས་ཀྱི་མཐར་ཕྱིན་པ། །དེ་དག་ཆོས་རྣམས་ཐམས་ཅད་ཞི་ལ་བཟོད་པ་ཡིན། །མི་སྒུལ་སེམས་དང་མཉམ་པ་རྣམས། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདིའོ། །འཇིག་རྟེན་ ཁམས་ནི་གཅིག་ནས་ཀྱང་། །དེ་དག་ལུས་ནི་གཡོ་ཞིང་འཕྲོ་བར་མི་བྱེད་པར། །འགྲོ་བ་ཀུན་ཏུའང་སྣང་བ་རྣམས། །མཐའ་ཡས་ལུས་ཅན་དེ་དག་སྤྱོད་འདི་ཡིན། །གང་ཞིག་ཞིང་གི་ཚུལ་རྣམས་ཀུན། །རྗེས་སུ་ འཇུག་པ་ཤིན་ཏུ་ཕྲ་བ་རབ་ཤེས་ཀྱང་། །ཡོངས་སུ་རྒྱས་པའི་བློ་མེད་པ། །མཐའ་ཡས་སེམས་དཔའ་དེ་དག་སྤྱོད་འདིའོ། །གནས་དང་གནས་མིན་ཤེས་གྱུར་ཅིང་། །སྟོབས་ལ་འཇུག་པ་དག་ཏུ་ཤིན་ཏུ་ཞུགས་པ་རྣམས། ། སྟོབས་ཀྱི་དམ་པ་འཛིན་པ་དག །སྟོབས་ཀྱིས་སྟོབས་ཆེན་དེ་དག་སྤྱོད་འདིའོ། །འདས་པ་དག་དང་མ་འོངས་དང་། །ད་ལྟར་བྱུང་བའི་ལས་རྣམས་ཤིན་ཏུ་འབྱམ་ཀླས་པ། །རྟག་ཏུ་ཤེས་པ་འཇུག་གྱུར་པ། །ཚུལ་ཤེས་དེ་དག་སྤྱོད་པ་ 73-1-91b འདི་ཡིན་ནོ། །འགྲོ་བའི་དུས་དང་དུས་མྱིན་པ། །ཇི་ལྟར་སེམས་ཅན་འདུལ་བར་འགྱུར་བ་དེ་བཞིན་ཤེས། །དུས་ལ་འབེབས་པར་མཁས་པ་རྣམས། །ཤེས་པ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཆོས་ལ་སྤྱོད་པ་ཀུན་སྲུང་ཞིང་། །ལུས་ དང་ངག་དང་ཡིད་ཀྱི་རྣམས་ཀྱང་སྲུང་བྱེད་པ། །བདུད་ཀྱི་ལམ་ལ་མ་ཞུགས་པ། །ཤེས་པའི་བློ་ཅན་དེ་དག་སྤྱོད་འདིའོ། །རྣམ་པར་གཞག་པའི་རྒྱུས་མཁས་པ། །ཆོས་རྣམས་ལ་ནི་ཇི་ལྟར་སྤོབས་པར་འཇུག་པ་རྣམས། ། དེ་བཞིན་ཉིད་དང་ཡུལ་མཉམ་པ། །བདེ་གཤེགས་སྤྱོད་པ་དེ་དག་སྤྱོད་འདི་ཡིན། །ཆགས་མེད་མཛོད་ལ་བརྩོན་པ་དག །གཟུངས་ཀྱི་སྒོ་མོའི་དཀྱིལ་འཁོར་རབ་ཏུ་ཤེས་པ་རྣམས། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡི། ། རྗེས་སུ་ཞུགས་པ་དེ་དག་སྤྱོད་འདི་ཡིན། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཇི་སྙེད་བཞུགས་པ་ཀུན་དང་གཅིག་སེམས་ཡིད་ལྡན་པ། །རང་བཞིན་གཅིག་ཏུ་རྟོགས་པ་རྣམས། །ཆགས་མེད་རིགས་ཅན་དེ་དག་ སྤྱོད་འདིའོ། །སྒྲིབ་མེད་ཡེ་ཤེས་ཚུལ་ཤེས་ཤིང་། །སྒྲིབ་མེད་ཡེ་ཤེས་ཕྱག་རྒྱ་དག་ལ་ཞུགས་པ་རྣམས། །སྒྲིབ་མྱེད་མྱིག་ཀྱང་བདོག་བྱེད་པ། །མྱིག་ཅན་དེ་དག་སྤྱོད་པ་འདི་ཡིན་ནོ། །གཉིས་སུ་མེད་ལ་སྤྱོད་པ་ཡི། ། རྫུ་འཕྲུལ་རྣམ་པར་གཞོག་པའི་མགོན་པོ་ཐམས་ཅད་ཀུན། །རྣམ་པར་འཕྲུལ་པ་མཁྱེན་པ་རྣམས། །གཉིས་སུ་མྱེད་སྤྱོད་དེ་དག་སྤྱོད་འདིའོ། །ཆོས་ཀྱི་སྤྲིན་ནི་མཐའ་ཡས་པའི། །ཆར་ཆེན་རབ་ཏུ་འབེབས་ཤིང་ཞིང་ རྣམས་ཡངས་པར་རྒྱུ། །དོན་རྣམས་ཐམས་ཅད་རྟོགས་གྱུར་པ། །ཆོས་སྤྲིན་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །དད་པ་ཕྱིར་ལྡོག་མི་འགྱུར་ཞིང་། །རྩ་བ་ཤིན་ཏུ་ཚུགས་ཤིང་དད་པ་རྣམ་དག་པ། །རྣམ་པར་ཤེས་པ་ཐམས་ཅད་ལ། ། བསླབས་པ་རྣམས་ཀྱི་སྤྱོད་ཡིན་མཉམ་པར་གྱིས། །འགྲོ་བ་འདི་དག་ཇི་སྙེད་པ། །མ་ལུས་ཐམས་ཅད་སེམས་བསྐྱེད་ཅིག་ཏུ་ཆུད་བྱས་ཏེ། །སེམས་ཀྱི་རང་བཞིན་ཤེས་པ་རྣམས། །རང་བཞིན་མེད་པ་དེ་དག་སྤྱོད་འདི་ཡིན། ། 73-1-92a ཞིང་རྣམས་བསམ་གྱིས་མི་ཁྱབ་པ། །ཆོས་ཀྱི་དབྱིངས་རྣམས་ཀུན་ཏུ་གང་གིས་སྤྲུལ་བྱས་ཤིང་། །མཉམ་པ་མེད་པ་དེར་སྤྱོད་པ། །དཔེ་མེད་འགྲོ་ལྡན་དེ་དག་སྤྱོད་འདིའོ། །སངས་རྒྱས་ཞིང་རྣམས་མཐའ་ཡས་ཏེ། ། དེ་དག་ཀུན་ན་འཇིག་རྟེན་མགོན་པོ་གང་བཞུགས་པ། །དེ་རྣམས་དང་ནི་མངོན་སུམ་དུ། །སངས་རྒྱས་ཞབས་ཀྱི་དྲུང་ན་འཁོད་གྱུར་པ། །དེ་དག་ལུས་ནི་ཅིག་པུར་ཡང་། །ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་རབ་ཏུ་ སྟོན། །ལུས་ནི་སྟོང་ཕྲག་མཐའ་ཡས་པ། །ཏིང་ངེ་འཛིན་ལས་ལྡང་ན་ཤིན་ཏུ་སྣང་། །སྤྱོད་པ་ཟབ་དང་ལྡན་བྱས་ནས། །སྤྲོས་པ་མེད་པའི་སྤྱོད་པ་དག་ལ་རབ་སྤྱོད་པ། །དགའ་བའི་ཡིད་དང་ལྡན་པ་རྣམས། །སེམས་ ཅན་ཀུན་ལ་དགའ་བར་བྱེད་པ་ཡིན། །དབང་པོ་ཐ་དད་ཚུལ་རྣམས་ལ། །བློ་གྲོས་གནས་ཤིང་ཤེས་པ་རབ་ཏུ་ཐོབ་པ་རྣམས། །དབང་པོ་དག་ནི་མི་གནས་མ་དུལ་འདུལ་བ་འདི་དག་སྤྱོད་འདི་ཡིན། །ཐ་དད་ཆོས་ཀྱི་ཚུལ་རྣམས་ལ། ། ཆོས་རྣམས་ཐམས་ཅད་ཀུན་ལ་དབང་བས་ཤེས་གྱུར་པ། །ཀུན་ཀྱང་སངས་རྒྱས་མཛད་པ་ལ། །དམིགས་པའི་ཆོས་ཀྱི་རབ་ཏུ་སྤྱོད་པ་ཡིན། །ཤིན་ཏུ་ཡངས་པའི་ལྗགས་མངའ་བ། །དེ་དག་དབང་པོ་རྣམས་དང་ལེགས་ པའི་སྤྱོད་ཐོས་ན། །སུ་ཡི་སེམས་ཤིག་དང་མི་འགྱུར། །ནམ་མཁའ་ལྟ་བུར་དེ་དག་སྤྱོད་འདི་ཡིན། །ཀུན་ཏུ་མཐའ་ཡས་ཤེས་ལྡན་ཞིང་། །ཆོས་རྣམས་ཀུན་ཏུ་མཐའ་ཡས་མིག་ཡོད་པ། །ཡེ་ཤེས་མཐའ་ཡས་ ཚུལ་ལྡན་པ། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདི་ཡིན། །ཟད་མི་ནུས་པ་ཟད་བྱེད་ཅིང་། །བསོད་ནམས་འབྱམ་ཀླས་ཡོད་པས་བསོད་ནམས་མི་ཟད་པ། །འགྲོ་བ་དག་པའི་མཐར་ཕྱིན་རྣམས། །འདྲ་མེད་དེ་དག་ སྤྱོད་པ་འདི་ཡིན་ནོ། །ཚོགས་དང་ལྡན་ཞིང་འཇིག་རྟེན་དང་། །དེ་དག་ཆོས་ཀྱི་ལམ་ལ་རབ་ཏུ་འཇུག་བྱས་ཀྱང་། །དེ་དག་སེམས་ཅན་འདུ་ཤེས་མེད། །སེམས་ཅན་བྱེ་བ་ཁྲག་ཁྲིག་རབ་ཏུ་འགྲེལ། །ཉོན་མོངས་མེད་པ་ 73-1-92b རྟོགས་ཤེས་ཤིང་། །སྤྱོད་པ་མངོན་པར་ཤེས་པ་ཐམས་ཅད་མཐོང་བ་རྣམས། །བདེ་བའི་ལམ་རྣམས་སྟོན་བྱེད་པ། །མིག་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །སངས་རྒྱས་ཡེ་ཤེས་སྤྱོད་པ་དང་། །ཚད་མེད་ཡོན་ཏན་ཐོབ་པར་ གྱུར་པ་རྣམས། །མི་འཇིགས་པ་ནི་ཉིད་གྱུར་པ། །ཤེས་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །འཇུག་པ་ཀུན་ལ་རབ་ཞུགས་ཞིང་། །ཞིང་ལ་འཇུག་དང་ཆོས་ཀྱི་དབང་ལ་ཞུགས་གྱུར་པ། །སེམས་ཅན་ཞུགས་ལ་གནས་བྱས་ནས། ། སེམས་ཅན་དམ་པ་སེམས་ཅན་གྲོལ་བར་བྱེད། །ཕྱོགས་རྣམས་ཀུན་ཏུ་ཆོས་ཀྱི་རྔ། །རྡུངས་ཤིང་འཇིག་རྟེན་འདི་དག་སྟོན་བྱེད་པའི། །ཆོས་རབ་སྦྱིན་པའི་བདག་པོ་རྣམས། །ཉམས་མེད་རྟོགས་བྱེད་དེ་དག་སྤྱོད་འདི་ཡིན། ། དཀྱིལ་མོ་བསྐྲུང་འདུག་ཅིག་གིས་ཀྱང་། །ཞིང་ཡངས་བརྗོད་དུ་མེད་པ་ཀུན་ཏུ་རྒྱས་བྱེད་ཀྱང་། །སུ་ཡི་ལུས་ལ་གནོད་མེད་པ། །ཆོས་སྐུ་ལྡན་པ་དེ་དག་སྤྱོད་འདི་ཡིན། །དོན་དང་ཡི་གེ་ཅིག་ལ་ཡང་། །ཤིན་ཏུ་བསྟན་པ་བྱེ་བ་ ཁྲག་ཁྲིག་རྗེས་སུ་འབྲང་། །དེ་དག་མཐའ་ནི་རྙེད་མི་ནུས། །མཉམ་མེད་ཤེས་ལྡན་དེ་དག་སྤྱོད་འདི་ཡིན། །སྒྲིབ་པ་མེད་པའི་ཚུལ་ཤེས་པ། །སངས་རྒྱས་རྣམ་ཐར་ཚུལ་བཞིན་བསླབས་པ་རྣམས། །འཇིགས་པ་མེད་པར་གྱུར་པ་དག ། ཚད་མེད་དེ་དག་ཚུལ་ནི་འདི་ཡིན་ནོ། །དེ་དག་ཕྱོགས་རྣམས་རྒྱ་མཚོ་དང་། །ཞིང་རྣམས་རྒྱ་མཚོ་མཐའ་དང་དབུས་མེད་པར། །ཤེས་པ་རྒྱ་མཚོ་ལྡན་པ་ཡིན། །ཆོས་རྣམས་རྒྱ་མཚོས་འཇིག་རྟེན་ཚིམ་པར་བྱེད། །གང་རྣམས་ གཟིགས་ཤིང་སྐྱེ་འགྱུར་དང་། །བྱང་ཆུབ་རྣམ་པར་འཚང་རྒྱ་འགྲོ་བ་ཀུན་དག་ཏུ། །སུ་ཞིག་མངོན་པར་སྣང་གྱུར་པ། །མཐའ་དབུས་མེད་པ་དེ་དག་སྤྱོད་འདི་ཡིན། །མྱ་ངན་འདའ་བ་དུ་མ་ཡང་། །ཞིང་རྣམས་བྱེ་བ་ཁྲག་ཁྲིག་ མངོན་པར་སྣང་། །འོན་ཀྱང་སྨྲ་བའི་སེང་གེ་རྣམས། །མྱ་ངན་མི་འདའ་སྨོན་ལམ་ཕྱིར་མི་ལྡོག །ཆོས་རྣམས་ལྷུན་ནི་ཅིག་གྱུར་ཅིང་། །སེམས་ཅན་ཀུན་དང་ལུས་ཀྱང་གཅིག་ཏུ་འགྱུར་པ་རྣམས། །རྒྱལ་བ་དག་ལ་རྟོགས་མེད་པས། ། 73-1-93a ལུས་ཅིག་གྱུར་པ་དེ་དག་སྤྱོད་འདི་ཡིན། །ཚིག་དང་དོན་རྣམས་ཐ་དད་པས། །འཇིག་རྟེན་ཁམས་རྣམས་མཐའ་དང་དབུས་ཡོད་མ་ཡིན་པར། །རང་བཞིན་ཅིག་ལ་མོས་པ་དག །དུས་གསུམ་ཤེས་པ་དེ་དག་སྤྱོད་འདི་ཡིན། སེམས་ཅན་དག་དང་རྒྱལ་བ་དང་། །ཆོས་ཀྱི་ཚུལ་རྣམས་ཀུན་ལ་ཟད་པ་མེད་རྙེད་པ། །སངས་རྒྱས་བྱིན་ལ་མོས་པ་དག །རྒྱལ་བས་བྱིན་བརླབས་དེ་དག་སྤྱོད་འདི་ཡིན། །ཆགས་པ་མེད་པའི་སྐུ་འདྲ་ཞིང་། །ཆགས་པ་མེད་པའི་ མིག་གི་ཕ་རོལ་ཕྱིན་པ་རྣམས། །ཆགས་མེད་རྣ་བ་མཁས་པ་དག །ཆགས་མེད་ཡིད་ཅན་དེ་དག་སྤྱོད་འདི་ཡིན། །མངོན་ཤེས་ཐམས་ཅད་རྙེད་པ་དང་། །ཡེ་ཤེས་མངོན་པར་ཤེས་པའི་རྗེས་སུ་སོང་བ་རྣམས། །ཤེས་པ་ ཀུན་གྱི་དཔལ་ལྡན་པ། །ཤེས་པ་བཟང་ཅན་དེ་དག་སྤྱོད་འདི་ཡིན། །ཤིན་ཏུ་མཉམ་བཞག་སེམས་ལྡན་ཞིང་། །ཡེ་ཤེས་མཐའ་ཡས་ཤེས་རབ་ཤིན་ཏུ་ཆེ་བ་རྣམས། །ཀུན་ཏུ་སྤྱོད་ཡུལ་ལྡན་པ་དག །ཐམས་ཅད་གཟིགས་ པ་དེ་དག་སྤྱོད་འདི་ཡིན། །ཡོན་ཏན་ཀུན་གྱི་མཐར་ཕྱིན་པ། །སེམས་ཅན་ཡངས་པ་གཅིག་ནས་ཅིག་རྒྱུད་སྒྲོལ་བ་རྣམས། །ཡིད་ནི་ཡོངས་སུ་ཉམས་མེད་པ། །རྟག་ཏུ་བརྩོན་པ་དེ་དག་སྤྱོད་འདི་ཡིན། །ཀུན་མཁྱེན་ ཐམས་ཅད་གཟིགས་པ་དག །སངས་རྒྱས་ཐམས་ཅད་དུས་གསུམ་གཤེགས་པ་མགོན་པོ་ཡི། །རིགས་དང་རྒྱུད་དུ་སྐྱེས་པ་རྣམས། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །རྗེས་སུ་བསྟན་ལ་བརྩོན་བྱེད་པ། །ཕས་ ཀྱིས་རྒོལ་བའི་ལམ་ལ་འཇིགས་མེད་སྤྱོད་པ་དང་། །མཐའ་ཡས་བློ་ཡི་སྤྱོད་པ་དང་། །སངས་རྒྱས་བྱང་ཆུབ་རྗེས་སུ་ཞུགས་པ་རྣམས། །མཐའ་དབུས་མེད་པ་ཞིང་གི་རྣམས། །ཐམས་ཅད་ཀུན་ཏུ་སྣང་བ་ཅིག་གིས་གསལ་བར་ བྱེད། །ཐམས་ཅད་སྣང་བར་བྱེད་པ་རྣམས། །མུན་པ་སེལ་བའི་སྤྱོད་པ་འདྀ་ཡིན་ནོ། །གང་དུ་རྒྱལ་བས་མཛད་འོས་པ། །དེར་ནི་སེམས་ཅན་ཁྲག་ཁྲིག་ཤིན་ཏུ་འདུལ་བྱེད་ཅིང་། །སངས་རྒྱས་སྐུ་དང་སངས་རྒྱས་ཞིང་། ། 73-1-93b སངས་རྒྱས་རྒྱན་ཅན་ཁྲག་ཁྲིག་སྣང་བར་བྱེད། །སྤྱོད་པ་དག་ནི་མཐའ་ཡས་ལ། །སུ་གནས་བསྟན་པ་དེ་དག་ཤེས་པར་ཇི་ལྟར་རུང་། །སྤྱད་པ་ཐམས་ཅད་ཤིན་ཏུ་སྟོན། །འགྲོ་བ་སྤྱོད་པ་ཐམས་ཅད་མཐར་ཐུག་བྱེད། །ཆོས་ ཀྱི་དབྱིངས་དང་མཉམ་པ་ཡི། །བདག་གི་ལུས་ནི་བརྗོད་དུ་མེད་པར་གྱུར་པ་ཡིས། །དེ་དག་ལེགས་པ་བརྗོད་བྱས་ཀྱང་། །ཟད་པར་མི་ནུས་དོན་ནི་སྨོས་ཅི་དགོས། །བསྐལ་པ་ཁྲག་ཁྲིག་དག་གིས་མི་ཟད་དོ། །ཡོན་ཏན་ ཀུན་ཏུ་མཐའ་ཡས་ཤིང་། །ཡོན་ཏན་མཆོག་རྣམས་ཐམས་ཅད་མཐའ་ཡས་པའི། །ཡོན་ཏན་ཀུན་ནི་བརྗོད་བྱས་ཏེ། །ཐུབ་པས་བསྐལ་པར་གསུངས་ཀྱང་ཟད་མི་འགྱུར། །རང་རྒྱལ་རྣམས་དང་ཉན་ཐོས་ལ། ། གཞོལ་བར་གྱུར་པའི་འཇིག་རྟེན་གཞན་གྱི་རྣམས་ཀྱིས་ལྟ། །བསྐལ་པ་བརྗོད་ཡས་བརྗོད་བྱས་ཀྱང་། །ཟད་པར་མི་ནུས་དེ་ནི་སྨོས་ཅི་དགོས། །ཡོན་ཏན་གྱི་མེ་རྟོག་ཤིན་ཏུ་བསྩགས་པ་ཞེས་བྱ་བ། བྱང་ཆུབ་སེམས་ དཔའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་པ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དད་པའི་གཏེར་དང་། ཚུལ་ཁྲིམས་ཀྱི་གཏེར་དང་། ངོ་ཚ་ཤེས་པའི་གཏེར་དང་། ཁྲེལ་ཡོད་པའི་གཏེར་དང་། ཐོས་པའི་གཏེར་དང་། གཏོང་བའི་གཏེར་དང་། དམ་འཆའ་བའི་གཏེར་དང་། གཏོགས་པའི་གཏེར་དང་། བློ་གྲོས་ཀྱི་གཏེར་དང་། བློའི་གཏེར་ཏེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གཏེར་བཅུ་པོ་དེ་དག་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་ 73-1-94a འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་དད་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མཚན་མ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་སྨོན་པ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མ་བྱས་པ་ཞེས་བྱ་བར་དད་པར་བྱེད་དོ། ཆོས་ཐམས་ཅད་མ་བརྟགས་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་གནས་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་བླ་ན་ མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འདར་མི་རུང་བ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །དེ་ནི་ཆོས་དང་འཐུན་པའི་དད་པ་དང་ལྡན་པ་ ཡིན་ཏེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སེམས་ཅན་གྱི་ཁམས་ ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ནམ་མཁའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །མྱ་ངན་ལས་འདའ་བའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །འདས་པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། ། མ་འོངས་པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ད་ལྟར་བྱུང་བའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །བསྐལ་པ་ཐམས་ཅད་ལ་འཇུག་པ་ 73-1-94b བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་དུ་གཅིག་ཏུ་ངེས་པར་གྱུར་པ་ཡིན་ཏེ། སངས་རྒྱས་ ཀྱི་ཡེ་ཤེས་ཀྱི་མཐའ་ཡང་ཟད་མི་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱང་ཟད་མི་ཤེས་ཏེ། འཇིག་རྟེན་གྱི་ཁམས་རེ་རེ་ཡང་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །མངོན་པར་འཚང་རྒྱའོ། །མངོན་པར་འཚང་རྒྱ་བར་འགྱུར་རོ། །ཡང་དག་པར་བྱུང་ངོ་། །ཡང་དག་པར་འབྱུང་ངོ་། །ཡང་དག་པར་འབྱུང་བར་འགྱུར་རོ། །ཡོངས་སུ་མྱ་ངན་ ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་བྲི་བ་འམ། འཕེལ་བ་འམ། སྐྱེ་བ་འམ། འགག་པ་འམ། འཕོ་བ་འམ། འགྲོ་བ་འམ། ཉེ་བར་བྱེད་པ་འམ། རིང་པར་བྱེད་པ་འམ། ཤེས་པར་བྱེད་པ་འམ། འབྱིན་པར་བྱེད་པ་མ་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་པར་གནས་པས་ཟད་པ་མེད་ཅིང་། མཐའ་ཡས་པ་དད་ པའི་གཏེར་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །དད་པ་འདི་ནི་མཐའ་ཡས་པ། ཀུན་ཏུ་མཐའ་ཡས་པ་མི་ཟད་པ། ཕྱིར་མི་ལྡོག་པ། མྱུ་གུར་གྱུར་པ་མ་ཡིན་པ། ཐ་དད་པ་མ་ཡིན་པ། མ་འདྲེས་པ། རྩ་བ་བརྟན་པ། འཕགས་པ་དང་མཐུན་པ། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པ། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་མོས་པ་ཡང་དག་པར་བསྐྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྗེས་སུ་སོང་བ། ངེས་པར་རྟོགས་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ལ་མཁས་པར་གྱུར་པ་ཡིན་ཏེ། 73-1-95a ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དད་པའི་གཏེར་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པར་ གྱུར་ན། བདེན་པར་ཁོང་དུ་ཆུད་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་དབྱེ་བའི་ཕྱིར་ནན་ཏན་དུ་བྱེད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མི་གནས་པའི་ཚུལ་ཁྲིམས་ དང་ལྡན་པ་ཡིན། ལྷག་པའི་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། འགལ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མ་འདྲེས་པའི་ཚུལ་ ཁྲིམས་དང་ལྡན་པ་ཡིན། ཉེ་བའི་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཀྱེ་རྒྱལ་བའི་སྲས་ དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ་ཕན་ པ་དང་། བདེ་བར་སེམས་པའོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། མུ་སྟེགས་ཅན་གྱི་གནས་དང་། མི་འདྲ་བའི་ཚུལ་ཁྲིམས་དང་ ལྡན་པ་ཡིན་ཏེ། དེ་ནི་འདི་ལྟར་རང་བཞིན་གྱིས་དུས་གསུམ་མཉམ་པ་ཉིད་དུ་གོ་ཆ་བགོས་ཤིང་སྤྱོད་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག ། 73-1-95b འདི་ལ་འདོད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། གཟུགས་ཀྱི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། གཟུགས་མེད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། དེ་ཅིའི་ ཕྱིར་ཞེ་ན། འཁོར་དེ་དག་ལ་བདག་གི་བྱ་བ་མེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པའི་ཚུལ་ཁྲིམས་རྒྱུད་དང་ལྡན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མཚམས་མེད་པའི་ལས་མངོན་པར་འདུ་མི་བྱེད་དེ། ཚུལ་ཁྲིམས་ལྷོད་པ་ལ་གཞོལ་བ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགལ་བ་མེད་པའི་ཚུལ་ཁྲིམས་ དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མ་བཅས་པ་ནི་འཆའ་བར་མི་བྱེད། བཅས་པ་ནི་གཅོད་པར་མི་བྱེད་དེ། དེ་ནི་མྱ་ངན་ལས་འདས་པའི་མཆོག་མཐར་ཐུག་དུ་ཇི་ལྟར་མཐུན་པའི་ཆོས་དང་ལྡན་པ་ ཡིན་ནོ། །གང་གིས་ཕ་རོལ་གྱི་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། ཕ་རོལ་འཁྲུལ་བར་འགྱུར་བའི་ཚུལ་ཁྲིམས་དེ་ལྟ་བུ་དམ་བཅའ་བ་ལ་དམ་བཅས་ཤིང་མི་གནས་ཏེ། དེ་ནི་འདི་ལྟར་ཕ་རོལ་གྱི་སེམས་དང་བར་ བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ ལ་བརྩེ་བའི་ཕྱིར། ཚུལ་ཁྲིམས་ཀྱི་རིགས་སྔགས་དང་། གསང་སྔགས་དང་། སྨན་གྱི་སྦྱོར་བ་དེ་ལྟ་བུ་མི་སྒྲུབ་ཀྱི། དེ་ནི་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་ 73-1-96a གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མ་འདྲེས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འདྲེས་པའི་ཚུལ་ཁྲིམས་ ཡང་དག་པར་ལེན་པར་མི་བྱེད་དེ། དེ་ནི་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟེན་པའི་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཡོན་ཏན་མེད་པ་བསྟན་པར་བྱ་བའི་ཕྱིར་གཞན་གྱི་སེམས་བལྟ་ཞིང་། རྟོག་པ་རྣམ་པ་སྣ་ཚོགས་སུ་འགྱུར་བ་མ་ཡིན་ནོ། །དེ་ནི་འདི་ལྟར་ཆོས་ཀྱིས་ངོམས་པ་དང་ལྡན་པ་ཡིན་ཏེ། འབྱུང་བའི་ལམ་ཚོལ་ཞིང་ སྦྱོར་བའི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལོག་པའི་ཚུལ་ ཁྲིམས་ཉེ་བར་བཟུང་སྟེ། གང་གིས་ཕ་རོལ་པོ་དམའ་བའི་ཚུལ་ཅན་དུ་འགྱུར་བར་བདག་ལ་མི་བསྟོད་གཞན་ལ་མི་སྨོད་དོ། །དེ་ནི་འདི་ལྟར་གཡེང་བ་མེད་པ་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་ གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་ཡོངས་སུ་སྤངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ངག་བརླང་པ་དང་། ཚིག་འཁྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངས་སུ་སྤངས་པ་ ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། དེ་འདི་སྙམ་དུ་སེམས་བསྐྱེད་དེ། གང་ཇི་ 73-1-96b སྙམ་དུ་སེམས་ཅན་རྣམས་ཚུལ་ཁྲིམས་ཅན་ལ་ཡི་དམ་འཆའ་ཞིང་། སྤྱོད་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གི་རྒྱུ་ལས་བྱུང་བ་སྟེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་སུ་ཆུད་དེ། ཕྱིན་ ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ནི་ཚུལ་ཁྲིམས་ལོག་པ་ལ་སྤྱོད་ཀྱིས། བདག་གིས་ནི་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བཞིན་ཉིད་ཀྱི་དོན་དུ་ ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ། །སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་ཏེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ངོ་ཚ་ཤེས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའི་སྤྱོད་པ་ཉེ་བར་བཟུང་སྟེ། གང་འདི་ཚེ་རབས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་རྒྱས་པར་མ་དང་ འགྲོགས་པ་དང་། ཕ་དང་འགྲོགས་པ་དང་། ཞང་པོ་དང་འགྲོགས་པ་དང་། སྲིང་མོ་དང་འགྲོགས་པ་དང་། སྤུན་དང་འགྲོགས་པ་དང་། བུ་དང་འགྲོགས་པ་དང་། བུ་མོ་དང་འགྲོགས་པར་གྱུར་ཀྱང་། གཅིག་ལ་གཅིག་ འཚེ་བ་དང་། གཅིག་ལ་གཅིག་རྒྱལ་ཀ་བྱེད་པ་དང་། གཅིག་ལ་གཅིག་གནོད་པ་བྱེད་པ་དང་། གཅིག་ལ་གཅིག་འཁྲིག་པ་དང་། གཅིག་ལ་གཅིག་སྡོ་བ་དང་། གཅིག་ལ་གཅིག་འཇིགས་པ་དང་། གཅིག་ལ་གཅིག་ འབོད་པ་དང་། གཅིག་ལ་གཅིག་ཟ་བ་དང་། གཅིག་ལ་གཅིག་དབང་བ་དང་། གཅིག་ལ་གཅིག་འཁོལ་བར་གྱུར་པ་དེ་ཡང་འདོད་ཆགས་ཀྱི་དབང་དང་། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་དང་། རྒྱགས་པའི་ དབང་དང་། ང་རྒྱལ་གྱི་དབང་དང་། འཆབ་པའི་དབང་དང་། གཉའ་དྲག་གི་དབང་དང་། ཕྲག་དོག་གི་དབང་དང་། འཇུངས་པའི་དབང་དང་། གཡོ་བའི་དབང་དང་། སྒྱུའི་དབང་དང་། མི་དག་པའི་ལས་འདི་རྣམས་ཤིན་ཏུ་ 73-1-97a བླངས་པའི་ཕྱིར། སེམས་ཅན་གཅིག་ལ་གཅིག་འདི་ལྟ་བུའི་རྣམ་པ་ངན་པ་དག་ཉམས་སུ་མྱོང་བར་འགྱུར་ཏེ། ཐམས་ཅད་ཀྱང་མི་ཤེས་པའི་དབང་གིས་གྱུར་པ་ན། གཡོ་དང་སྒྱུའི་བར་གྱི་དབང་གིས་གྱུར་ཏེ། གཅིག་ལ་གཅིག་བག་མི་བྱེད། རིམ་གྲོ་མི་བྱེད། གཅིག་ལ་གཅིག་བཀུར་སྟི་མི་བྱེད། གཅིག་ལ་གཅིག་ཕུ་དུད་མི་བྱེད། གཅིག་ལ་གཅིག་བཙམ་པ་མེད་པ་དང་། གཅིག་ལ་གཅིག་མི་མཁས་པ་དང་། གཅིག་ ལ་གཅིག་གནོད་པ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་བྱེད་པར་གྱུར་ཏེ་ཞེས་ངོ་ཚ་བསྐྱེད་དོ། །ཇི་ལྟར་འདས་པའི་དུས་ན་བདག་དང་སེམས་ཅན་རྣམས་ཀྱི་རྣམ་པ་ངན་པ་འདི་ལྟ་བུའི་ཚུལ་བྱུང་ བ། དེ་བཞིན་ད་ལྟར་བྱུང་བའི་དུས་ན་ཡང་བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་དོ། །ཇི་ལྟར་ད་ལྟར་བྱུང་བའི་དུས་ན་བདག་དང་སེམས་ཅན་རྣམས་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་པ་དེ་ བཞིན་མ་འོངས་པའི་དུས་ན་ཡང་བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ ཀྱང་ཐུགས་སུ་ཆུད་དོ། །དེ་ལྟར་བདག་གི་ངོ་ཚ་མེད་ཅིང་མི་བཟོད་ལ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ཐུགས་སུ་ཆུད་བཞིན་དུ། རྣམ་པ་ངན་པ་འདི་ལྟ་བུ་ལ་ གནས་པ་ནི་མི་རིགས་མི་ཆས། ད་ནི་བདག་ཅག་ནི་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་སེམས་ཅན་རྣམས་ལ་ཆོས་བསྟན་པར་འགྱུར་བ་ དེ་ལྟར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་གཏེར་ཏེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་གང་ཞེ་ན། 73-1-97b ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ནི་མཐའ་མེད་པར་ཚོལ་བས་ཁྲེལ་ཡོད་པར་འཛིན་པ་ཡིན་ཏེ། གཟུགས་བཙལ་བ་དང་། སྒྲ་དང་། དྲི་དང་། རོ་དང་། རིག་བཙལ་བ་དང་། བུ་དང་བུ་མོའི་དོན་དུ་བཙལ་ བ་དང་། ནོར་དང་། བྲན་ཕོ་དང་། བྲན་མོ་དང་། གཡོག་ཡིད་དུ་འོང་བ་བཙལ་པའི་ཕྱིར། བདག་གིས་ཡང་མིག་ཚུལ་མི་ཆ་བའི་གདམ་ངག་བྱ་བར་འགྱུར་རོ། །ཞེས་དེ་ནི་འཚོ་བའི་དབང་དུ་ཆགས་པ་ཉེ་བར་མི་ལེན་ཏོ། །ཞེ་སྡང་ ཉེ་བར་མི་ལེན་ཏོ། །གཏི་མུག་ཉེ་བར་མི་ལེན་ཏོ། །དེ་བཞིན་དུ་ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་། འཇུངས་པ་དང་། གཡོ་དང་། སྒྱུ་དང་། གནོད་པར་བྱ་བ་ཉེ་བར་མི་ལེན་ཏོ། །དེ་འདི་ལྟར་དྲན་པ་སྐྱེས་ཏེ། གང་ཅི་ཡང་ རུང་སྟེ། སེམས་ཅན་རྣམས་རྣམ་པར་ངན་པ་དེ་ལྟ་བུ་ཉེ་བར་འཛིན་པ་ཐམས་ཅད་ནི་མ་རིག་པའི་དབང་ནས། གཡོ་དང་། སྒྱུ་དང་། གནོད་པར་བྱེད་པའི་དབང་གི་བར་གྱིས་བྱུང་བ་སྟེ། དེ་དག་གཅིག་ལ་གཅིག་བག་མི་བྱེད། རིམ་ གྲོ་མི་བྱེད། སྟི་སྟང་དུ་མི་བྱེད། ཕུད་དུད་དུ་མི་བྱེད་ཅིང་། ཙམ་པ་མེད་དེ། གྲོགས་པོར་མི་ཤེས་ཤིང་། གཅིག་ལ་གཅིག་ཉམ་ང་བ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་ལེན་པ་འདི་ལྟ་ བུའི་རྣམ་པ་ངན་པ་དག་ཉེ་བར་ལེན་ཏོ། །མངོན་པར་དགའོ། །མངོན་པར་ཞེན་ཏོ། །ཚོལ་ལོ། །ཀུན་ཏུ་ཚོལ་ལོ། །ཀུན་ཏུ་བཙལ་ནས་མངོན་པར་སྨོན་ཏོ། །འཇལ་ལོ། །ཀུན་ཏུ་འཇལ་ལོ། །དེ་ལྟར་ཡང་མིག་ཉམས་པ་དེ་དང་དེ་ དག་ལམ་གང་དང་གང་ནས་མངལ་གྱི་དྲི་མས་གོས་དེ་བྱུང་བ། དེ་ཉིད་དུ་འཁྲིག་པའི་ཆོས་ལ་སྟོན་ཏེ་མི་གཙང་བ་འབྱུང་བ་ནི་ཀུན་ཀྱིས་ཀྱང་ཤེས་སོ། །དེ་བས་ན་དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལཾ་ ཁྲེལ་མེད་པའི་དབང་དུ་གྱུར་ནས། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བསླུ་བ་བྱེད་པ་འདི་ནི་མི་རིགས་ཀྱིས། དེ་ནི་བདག་གིས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ 73-1-98a བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་དོན་ཏུ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་ཏེ་བཞི་པའོ། ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་ཐོས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་དང་ལྡན་པ་ཡིན་ཏེ། འདི་ཡོད་ན་འདི་འབྱུང་ངོ་། །འདི་མེད་ན་འདི་མི་འབྱུང་ངོ་། ། འདི་བྱུང་བས་འདི་སྐྱེའོ། །འདི་འགགས་པས་འདི་འགག་གོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། ། འདི་དག་ནི་ལུང་བསྟན་པའི་ཆོས་སོ། །འདི་དག་ནི་ལུང་མ་བསྟན་པའི་ཆོས་སོ། །དེ་ལ་ཅི་ཡོད་པས་གང་འབྱུང་བར་འགྱུར་ཞེ་ན། མ་རིག་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་། །ཅི་མེད་པས་གང་མེད་པར་འགྱུར་ཞེ་ན། རྣམ་ པར་ཤེས་པ་མེད་པས་མིང་དང་གཟུགས་མེད་པར་འགྱུར་རོ། །ཅི་སྐྱེས་པས་གང་སྐྱེས་པར་འགྱུར་ཞེ་ན། སྲེད་པ་སྐྱེས་པས་སྡུག་བསྔལ་སྐྱེའོ། །ཅི་འགགས་པས་གང་འགགས་པར་འགྱུར་ཞེ་ན། སྲིད་པ་འགགས་པས་ སྐྱེ་བ་འགག་གོ། །དེ་ལ་འཇིག་རྟེན་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། འདི་དག་ནི་འཇིག་རྟེན་ལས་འདས་པའི་ ཆོས་སོ། །འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། སེམས་ཅན་གྱི་ཁམས་ཏེ། འདི་དག་ནི་འདུས་ 73-1-98b བྱས་ཀྱི་ཆོས་སོ། །འདུས་མ་བྱས་ཀྱི་ཆོས་རྣམས་གང་ཞེ་ན། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ དང་། ཆོས་ཀྱི་གནས་ཉིད་དེ། འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །ལུང་བསྟན་པའི་ཆོས་རྣམས་གང་ཞེ་ན། འཕགས་པའི་བདེན་པ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི་དང་། ཐ་དད་པ་ཡང་དག་པར་ཤེས་པ་བཞི་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་དེ། འདི་དག་ནི་ལུང་བསྟན་པའི་ཆོས་སོ། །ལུང་མ་བསྟན་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་ པ་ཡང་མ་ཡིན་ཞེས་བྱ་བ་ནི་ལུང་མ་བསྟན་པའོ། །འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །དེ་བཞིན་གཤེགས་ པ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པའང་མ་ཡིན། མེད་པའང་ མ་ཡིན་ཞེས་བྱ་བ་ནི་ལུང་མ་བསྟན་པའོ། །བདག་དང་སེམས་ཅན་རྣམས་ཡོད་པ་དང་། བདག་དང་སེམས་ཅན་རྣམས་མེད་པ་དང་། བདག་དང་སེམས་ཅན་རྣམས་ཡོད་པ་ཡང་ཡིན་ལ། མེད་པ་ཡང་མ་ཡིན། བདག་དང་ སེམས་ཅན་རྣམས་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ། ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། རང་སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། 73-1-99a ཉན་ཐོས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། སངས་རྒྱས་ཇི་སྙེད་ཅིག་མ་བྱོན། རང་སངས་རྒྱས་ཇི་སྙེད་ཅིག་མ་བྱོན། ཉན་ཐོས་ཇི་སྙེད་ཅིག་མ་བྱོན། བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་སྐྱེ་བར་འགྱུར། སངས་རྒྱས་ཇི་སྙེད་ཅིག་བཞུགས། རང་སངས་རྒྱས་ཇི་སྙེད་ཅིག་བཞུགས། ཉན་ཐོས་ཇི་སྙེད་ཅིག་བཞུགས། བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བཞུགས། སངས་རྒྱས་དག་པས་སུ་སྔ། རང་སངས་རྒྱས་ དག་པས་སུ་སྔ། ཉན་ཐོས་དག་པས་སུ་སྔ། བྱང་ཆུབ་སེམས་དཔའ་དག་པས་སུ་སྔ། སངས་རྒྱས་དག་པས་སུ་འཕྱི། རང་སངས་རྒྱས་དག་པས་སུ་འཕྱི། ཉན་ཐོས་དག་པས་སུ་འཕྱི། སེམས་ཅན་དག་པས་ སུ་འཕྱི། ཆོས་དག་པས་སུ་སྔ། འཇིག་རྟེན་གང་ནས་འོངས། འཇིག་རྟེན་གང་དུ་འགྲོ། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཆགས་པར་འགྱུར། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་གནས་པ་ཡིན། འཇིག་ རྟེན་གྱི་ཁམས་གང་ནས་འོངས། འཇིག་རྟེན་གྱི་ཁམས་གང་ཞིག་ཡོངས་སུ་ཟད་པར་འགྱུར། འཁོར་བའི་སྔོན་གྱི་མཐའ་ནི་གང་། འཁོར་བའི་ཕྱི་མའི་མཐའ་ནི་གང་ཞེས་བྱ་བ། འདི་ནི་ལུང་མ་བསྟན་པའོ། ། དེ་འདི་ལྟར་དྲན་པ་སྐྱེས་ཏེ། སེམས་ཅན་གང་སུ་ཡང་རུང་སྟེ། ཀུན་ཏུ་རྒྱུག་པ་དང་། ཀུན་ཏུ་འཁོར་བ་ཐམས་ཅད་ནི་ཆོས་འདི་དག་མི་ཤེས་པའི་ཕྱིར་ཏེ། དེ་ལྟར་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་ཀུན་ཏུ་ རྒྱུག་གོ། །ཀུན་ཏུ་འཁོར་རོ། །དེ་བས་ན་དེ་ནི་ཅི་ནས་ཀྱང་བསམ་པ་ཐམས་ཅད་ཐོས་པའི་མཛོད་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་ བསྟན་པར་བྱའོ། །ཞེས་བྱ་བ་འདི་ནི། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་གཏེར་ཏེ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བའི་ 73-1-99b གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན། ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། ནང་གི་གཏོང་བ་དང་ལྡན་པ་ཡིན། ཕྱི་རོལ་གྱི་གཏོང་བ་དང་ལྡན་པ་ཡིན། ཕྱི་ནང་གི་ གཏོང་བ་དང་ལྡན་པ་ཡིན། ཐམས་ཅད་གཏོང་བ་དང་ལྡན་པ་ཡིན། འདས་པ་གཏོང་བ་དང་ལྡན་པ་ཡིན། མ་འོངས་པ་གཏོང་བ་དང་ལྡན་པ་ཡིན། ད་ལྟར་བྱུང་བ་གཏོང་བ་དང་ལྡན་པ་ཡིན། ཤིན་ཏུ་གཏོང་བ་དང་ལྡན་པ་ཡིན་ ཏེ། ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ཏེ། དེ་རྟག་ཏུ་བགོ་བཤའ་བྱས་ཤིང་བདག་ཀྱང་ཤེས་ཀྱིས་སྤྱོད་པ་ཡིན་ཏེ། བདག་བདེ་བར་བྱ་བ་དང་། བདག་ཡོངས་སུ་སྦྱང་བ་དང་། བདག་རིམ་གྲོར་བྱ་བའི་ཕྱིར། ཡོ་བྱད་ཇི་སྙེད་དུ་བསྩགས་པ་དེ་དག་ཐམས་ཅད་ཀྱང་ བགོ་བཤའ་བྱས་ཤིང་སྤྱོད་ཀྱི། མ་བགོས་པར་ནི་མ་ཡིན་ནོ། །དེ་དག་སྤྱོད་པའི་ཚེ་ཡང་སེམས་འདི་སྙམ་དུ་བསྐྱེད་དེ། ལུས་འདི་ལ་སྲིན་བུའི་རིགས་རྣམ་པ་སྣ་ཚོགས་བརྒྱད་ཁྲི་གནས་ཏེ། དེ་དག་ཀྱང་བདག་ གིས་ལུས་འདི་བདེ་བས་ནི་བདེ་བར་འགྱུར། བདག་གི་ལུས་འདི་སྡུག་བསྔལ་བས་ནི་སྡུག་བསྔལ་བར་འགྱུར་རོ་ཞེས་དེ་གང་ཅི་ལ་སྤྱོད་པ་དེ་དག་ཐམས་ཅད་ཀྱང་མྱོང་བར་བྱེད་པའི་སེམས་ཀྱིས་དེ་དག་མི་འཆི་བ་དང་། དེ་དག་ བདེ་བར་བྱ་བའི་ཕྱིར་གཏོང་ངོ་། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡུན་རིང་པོ་ནས་ཟས་དང་ལུས་བདེ་བ་ལ་ཆགས་པར་འགྱུར་གྱིས། ད་ནི་བདག་གིས་ལུས་ལ་ཆགས་པ་ལས་རྣམ་པར་འདའ་བར་བྱའོ་ ཞེས་བྱ་བ་འདི་ནི་གཏོང་བའོ། །བྱང་ཆུབ་སེམས་དཔའི་ཡོངས་སུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལ། ཟས་སམ། སྐོམ་མམ། 73-1-100a བཟའ་བ་འམ། བཅའ་བ་འམ། ལྡག་པ་འམ། བཏུང་བ་འམ། བཞིབ་པའམ། མྱང་བ་འམ། གོས་སམ། ཕྲེང་བ་འམ། བྱུག་པ་འམ། རྒྱན་ཏམ་ཅི་ཡང་རུང་སྟེ། གང་སྤྱད་ན་ནི། འཚོའི་མ་སྤྱད་ན་ནི་ འཆི་བར་འགྱུར་བ་ཞིག་ཉེ་བར་གནས་པར་གྱུར་ལ། དེའི་ཚེ་སློང་བ་ཞིག་འོངས་ཏེ། དེ་ལ་ཅི་ནས་ཀྱང་ཟད་པར་འགྱུར་བ་དང་། ལྷག་མ་མེད་པར་བསླངས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྔོན་ གྱི་མཐའ་དེ་དག་ཏུ་བདག་བཀྲེས་པས་གྱུར་པ་ཡང་། དམིགས་པས་མི་སླེབས་ཏེ། སུ་ལ་ཡང་ཕན་པར་མ་གྱུར་ཏོ། །དེ་འདི་ལྟར་རིམ་པས་སྔོན་ཆད་མྱོང་བའི་ཆོས་ཅན་དང་། མཉམ་པ་ཉིད་ཀྱིས་དུས་བྱས་པར་གྱུར་ ལ། སེམས་ཅན་དེ་དག་ཀྱང་བདེ་བར་འགྱུར་ན། བདག་གིས་འཐོབ་པར་བྱ་བ་ལེགས་པར་ཐོབ་པོ། །བདག་གིས་འདི་དག་ཀྱང་ཟད་ཀྱང་རུང་། འཆི་བའི་མཐར་ཡང་ཐུག་ཀྱང་རུང་སྟེ། སེམས་ཅན་རྣམས་ འཚོ་བར་བྱའོ། །ཞེས་གཏོང་བ་འདི་ནི་ཡོངས་སུ་གཏོང་བའོ། །བྱང་ཆུབ་སེམས་དཔའི་ནང་གི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དར་ཅིང་བཟང་པོར་གནས་པ། གཟུགས་མཛེས་པ། བལྟ་ན་སྡུག་ པ། མདོག་རྒྱས་པ། གྱ་ནོམ་པ་དང་ལྡན་པ། ཁྲུས་དང་བྱུག་པ་ལེགས་པར་བྱས་པ། ཕྲེང་བ་དང་རྒྱན་ལེགས་པར་བཏགས་པ། གོས་སར་པ་མ་བབས་པ་བགོས་པ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱལ་ པོར་དབང་བསྐུར་བས་དབང་བསྐུར་བ་རིན་པོ་ཆེ་བདུན་དང་ལྡན་པ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་འོངས་སྟེ། འདི་སྐད་དུ་བདག་ཅག་ནི་ནད་ཀྱིས་གཟེར་ཏོ། །རྒས་སོ་འཁོགས་སོ། །སྡུག་བསྔལ་གྱིས་མནར་ཏོ། །ནད་ ཚབས་ཆེའོ། །ནད་གཡོག་མེད་དོ། །འཆི་ལ་ཐུག་གོ། གལ་ཏེ་ཁྱོད་ཀྱི་ལུས་ལས་ལག་པ་འམ། རྐང་པ་འམ། ཤ་འམ། ཁྲག་གམ། མགོ་འམ་གླད་པ་འམ། རུས་པ་འམ། རྐང་ངམ། སུ་ལ་ཅི་དགོས་པ་དེ་དག་ 73-1-100b ཁྱེར་ཅིག །ཅེས་རྒྱལ་པོ་ལ་ཐག་ཐོགས་མེད་པར་རང་གི་ལུས་བདག་ཅག་བྱིན་ན། ལུས་འདིས་བདག་ཅག་ནད་འདི་ལས་ལྡང་བར་འགྱུར་རོ། །ཞེས་ཟེར་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་འདི་ སྙམ་དུ་སེམས་སྟེ། ལུས་འདི་ལྟ་ཞིག་ཆོས་ཀྱིས་དེ་འདྲ་བར་འགྱུར་ཡང་སུ་ལ་ཡང་ཕན་པར་མ་གྱུར་གྱིས། ད་ནི་དེ་ལྟ་བུའི་ཆོས་ཅན་གྱི་ལུས་འདིས་སེམས་ཅན་འདི་དག་བདེ་བར་འགྱུར་བར་བྱའོ་ཞེས་ནས། དེ་ལ་སེམས་ བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པ་འདི་ནི་ནང་གི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་རོལ་གྱི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཞུང་དེ་བཞིན་དུ་རྒྱ་ཆེར་དབང་བསྐུར་ བ་དང་། འཁོར་ལོས་སྒྱུར་བའི་སྲིད་ལ་གནས་པ། གླིང་གཞི་ལ་དབང་བ། རིན་པོ་ཆེ་བདུན་དང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པ། ཐོག་མར་མངོན་པར་དབང་བསྐུར་བ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནྀ་བཀྲེན་ནོ། །དབུལ་ལོ། །ཤིན་ཏུ་སྡུག་བསྔལ་ལོ། །ནོར་དང་མི་ལྡན་ནོ། །ཁྱོད་ནི་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་ནོ། གླིང་བཞིའི་འཁོར་ལོས་བསྒྱུར་བའི་སྲིད་བདག་ཅག་ལ་བྱིན་ཏེ། ཕྱིས་འདི་ལ་དབང་མི་སྒྱུར་བར་བྱས་ན། དེས་ནི་བདག་ཅག་བདེ་བར་འགྱུར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ནི་བདེ་བའི་མཐར་ཏེ། དེའི་ཚེ་ནི་སུའི་ བསམ་པ་ཡང་ཡོངས་སུ་མགུ་བར་བྱས་པར་མི་ནུས་གྱིས། བདག་གིས་ད་ནི་འཕྲལ་དུ་སེམས་ཅན་འདི་དག་གི་བསམ་པ་ཡོངས་སུ་ཚིམ་པར་བྱའོ་ཞེས་ནས་དེའི་རྒྱུས་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་ བ་མེད་པར་གཏོང་བ་འདི་ནི་ཕྱི་རོལ་གྱི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བའི་སྲིད་ལ་དེ་ལྟར་དབང་བསྐུར་བ། བདེ་བའི་ 73-1-101a ཡོ་བྱད་ཐམས་ཅད་དང་ལྡན་པ། བསྩགས་པར་བྱ་བ་རྣམ་པར་བསྩགས་པ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྔོན་ཆད་ཀྱང་མེད། བདག་ ཅག་ནི་དགེ་བ་མ་མྱོང་བ་ཡིན་ན། བྱམས་པའི་བུ་དང་འཁོར་ལོ་བསྒྱུར་བའི་སྲིད་བདག་ཅག་བྱིན་ལ་ཁྱོད་ཀྱིས་བདག་ཅག་རིམ་གྲོར་བྱ་བ་དང་། སྙེན་བཀུར་བར་གྱིས་ཤིག་ཅེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་ སྙམ་དུ་སེམས་ཏེ། བདག་གི་ལུས་ཀྱི་ཆོས་ཉིད་དང་། སྲིད་པའི་ཆོས་ཉིད་དེ་དག་ཐམས་ཅད་ཀྱང་། ཐ་མར་མེད་པར་འགྱུར་བ་སྟེ། ལུས་ཀྱང་རྗེས་སུ་འབྲང་བར་གནས་ལ། སྲིད་ཀྱང་ཆེ་ཞིང་སློང་བ་རྣམས་ཀྱང་མངོན་ དུ་གྱུར་པ་འདིའི་ཚེ། སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ་ཞེས་ནས། དེའི་རྒྱུས་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པར་རིམ་གྲོ་བྱེད་ཅིང་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་ ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ་དེ་ལྟར་དབང་བསྐུར་ཞིང་། བདེ་བ་ཐམས་ཅད་དང་ལྡན་པ་དེ་ལྟ་བུའི་དྲུང་དུ་སློང་ བ་དག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནི་ཁྱོད་ཀྱི་ལེགས་པ་དང་ཡོན་ཏན་སྙན་པ་ཐོས་ནས། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཁམས་ཀྱི་རྒྱལ་པོའི་གནས་དུ་མ་ནས། ཁྱོད་ནི་གདོན་མི་ཟ་བར་བདག་ཅག་གི་ བསམ་པ་ཡོངས་སུ་ཚིམ་པར་བྱེད་པར་འགྱུར་སྙམ་སྟེ། འདིར་ཕྱིན་ན་བྱམ་བུ་ཁྱོད་ཀྱི་བདག་ཅག་གི་བསམ་པ་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་ནས། ལ་ལ་ནི་བདག་ཅག་ལ་རིན་པོ་ཆེ་བདུན་དགོས་སོ་ཞེས་ཟེར། ལ་ལ་ནི་ བདག་ཅག་ལ་གླིང་བཞི་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་བུ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་མིག་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའྀ་ལག་པ་གཉིས་ 73-1-101b དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་རྐང་པ་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ཤ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའྀ་ཁྲག་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ ཅག་ལ་རྒྱལ་པོའི་མགོ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་སྙིང་དགོས་སོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་བྲལ་ཞིང་བྱེ་ བར་ཡང་འགྱུར་ཏེ། སེམས་ཅན་གང་གིས་བསམ་པ་ཡོངས་སུ་ཚིམ་པར་མ་གྱུར་གྱིས། ད་ནི་བདག་གིས་ལུས་འབྲལ་བར་འགྱུར་བའི་ཆོས་ཅན་འདིས་སེམས་ཅན་དེ་དག་གི་ཆགས་སེམས་གཞིལ་བར་བྱ་བའི་ཕྱིར། བསམ་པ་ ཡོངས་སུ་ཚིམ་པར་བྱའོ། བཅོས་པ་དང་ལྡན་པའི་ཆོས་ཀྱི་གནས་སུ་ནི་སེམས་བསྐྱེད་པར་མི་བྱའོ་ཞེས་ནས། དེ་དག་ཐམས་ཅད་གཏོང་ཡང་དེའི་ཕྱིར་དེ་ལ་སེམས་བསྐྱེད་པ་གཅིག་ཙམ་ཡང་འགྱོད་པར་འགྱུར་བ་མེད་དེ། སེམས་ ཅན་གང་ལ་ཡང་། རིམ་གྲོ་མེད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏོང་བའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དགུ་པ། དེ་ལ་བྱང་ཆུབ་སེམས་དཔའ་འདས་པ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས། འདས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དང་། འདས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཉན་ཅིང་ཐོས་ནས། དེ་དག་ཐམས་ཅད་ལ་ཆགས་པར་མི་བྱེད། འབྲལ་བར་མི་བྱེད། དམིགས་སུ་མེད་པས་རབ་ཏུ་འཇུག་སྟེ། རྟོག་པར་མི་བྱེད་དེ། རྣམ་པར་ རྟོག་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། སྨོན་པར་མི་བྱེད། ཆགས་པར་མི་བྱེད། ཞེན་པར་མི་བྱེད། རྟེན་པའི་སེམས་ཀྱིས་གནས་པར་མི་བྱེད། རྨི་ལམ་གྱི་ཆོས་དེ་ལྟ་བུ་ཐོབ་པར་བྱེད་ཀྱང་། དགེ་བའི་ 73-1-102a རྩ་བ་དེ་དག་ལ་སྙིང་པོ་མེད་པའི་འདུ་ཤེས་མི་བསྐྱེད་དོ། །དགེ་བའི་རྩ་བ་དེ་དག་ལ་རྟེན་པའི་འདུ་ཤེས་སུ་མི་བྱེད་དོ། །འོན་ཀྱང་རྟེན་པའི་སེམས་ཅན་རྣམས་གཟུང་བ་དང་། སངས་རྒྱས་ཀྱི་ཆོས་ཀྱང་ཡོངས་སུ་སྨིན་པར་ བྱ་བའི་ཕྱིར་བརྗོད་དོ། །འཆད་དོ། །སྟོན་ཏོ། །འདས་པའི་ཆོས་ཉིད་ལ་བརྟགས་ན་ཤར་ཕྱོགས་རྗེས་སུ་མི་མཐོང་ངོ་། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་རྗེས་སུ་མི་མཐོང་ངོ་། །བྱང་ཤར་གྱི་ ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་གྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་སུ་རྗེས་སུ་མཐོང་སྟེ། དེ་འདི་སྙམ་དུ་གང་ཅི་ ཡང་རུང་མ་བཏང་བ་དེ་ནི་བཏང་བའོ་སྙམ་དུ་སེམས་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་འདས་པ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་མ་འོངས་པ་གཏོང་བ་གང་ཞེ་ན། འདི་ལ་ བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་ཀྱི་སྤྱོད་པ་ཉན་ན། མཚན་མའི་ཚུལ་དང་། དངོས་པོར་འཛིན་པས་མི་འཛིན་ཏེ། འཇིག་རྟེན་གྱི་ཁམས་གཞན་ལ་བརྩོན་པར་མི་བྱེད་པ་ཡིན། ཚོལ་བ་མི་མངའ་བ་ཡིན། འདོད་ཆགས་ཀྱི་སེམས་ཀྱིས་མི་སྨོན་པ་ཡིན། དེ་ལ་སེམས་མི་སྡུད་པ་ཡིན་ཏེ། མྱོང་བར་མི་བྱེད་དོ། །སྨོན་པར་མི་བྱེད་དོ། །དེ་དག་ཏུ་དགེ་བའི་རྩ་བ་རྣམས་མི་གཏོང་ངོ་། །དེ་རྟག་ཏུ་ དགེ་བའི་རྩ་བ་རྣམས་འཇུག་པར་མི་བྱེད་དེ། སྤྱོད་པ་ཡང་རྒྱུན་གཅོད་པར་མི་བྱེད་དོ། །འོན་ཀྱང་དམིགས་པ་དེས་སངས་རྒྱས་ཀྱི་ཆོས་སུ་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ཀྱི་བསམ་པ་དང་། ཚོགས་ སྡུད་པ་བྱེད་ཅིང་ཆོས་ཉིད་ཀྱང་རབ་ཏུ་སྡུད་དོ། །ཆོས་དེ་ནི་ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས། ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། རྒྱང་རིང་པོའང་མ་ཡིན་ནོ། །དྲུང་ན་འང་མ་ཡིན་ནོ་ཞེས་ 73-1-102b དེ་འདི་སྙམ་དུ་སེམས་ཏེ། གང་དུ་ཡང་ནམ་ཡང་སྤྱད་པ་མེད་པར་བྱའོ་སྙམ་པ་འདི་མ་འོངས་པ་གཏོང་བའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བའི་གཏོང་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ ལ་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱིས་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་དང་། ཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཤིན་ཏུ་སྣང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་ དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ནས། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དག་ཀྱང་ཉན་ཏེ། དེས་དེ་དག་ཐོས་ནས་རྨོངས་པར་མི་འགྱུར། ཤིན་ཏུ་རྨོངས་པར་མི་འགྱུར། རབ་ཏུ་རྨོངས་པར་མྱི་འགྱུར། ཞུམ་པར་མི་འགྱུར། ཀུན་ནས་ཞུམ་པར་མི་འགྱུར་ རྣམ་པར་ཞུམ་པར་མི་འགྱུར། ཤིན་ཏུ་ཞུམ་པར་མི་འགྱུར། དམའ་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་ཤེས་པས་འདུ་བྱེད་དུ་གཏོགས་པ་ཐམས་ཅད་རྨི་ལམ་ལྟ་བུར་མངོན་དུ་བྱེད་དེ། །དེ་འདི་སྙམ་དུ་གང་སྦྱིན་པར་བྱ་བ་ འདི་ནི་སུའི་ཡང་མ་ཡིན་ནོ་སྙམ་སྟེ། ངན་སོང་གི་ལམ་ཉེ་བར་གནས་པ་བཟློག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཕྱིར་ཆོས་སྟོན་ཀྱང་། བྱང་ཆུབ་སེམས་དཔའི་ལམ་མངོན་དུ་གྱུར་པའི་ཕྱིར་དེ་ལ་ སེམས་རྒྱུ་བ་མེད་དེ། འདི་ནི་ད་ལྟར་བྱུང་བའི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་མིག་དང་མི་ལྡན་པ་དང་། རྣ་བ་དང་མི་ལྡན་པ་དང་། 73-1-103a སྣ་དང་མི་ལྡན་པ་དང་། ལྕེ་དང་མི་ལྡན་པ་དང་། ལུས་དང་མི་ལྡན་པ་གྲངས་མེད་པ་ཞིག་གིས་འདི་སྐད་དུ་བདག་ཅག་ལ་ནི་ཅི་མེད་པ་དེ་ཁྱོད་ཀྱི་བྱིན་ལ། ངེད་མི་ལྡན་པ་མེད་པར་གྱིས་ཤིག །ཁྱོད་ནི་བསྐལ་པ་གྲངས་མེད་པར་ མི་ལྡན་པར་འདུག་ཅིག་ཅེས་ཟེར་ན། བྱང་ཆུབ་སེམས་དཔའ་ནི་དེ་ཐོས་མ་ཐག་དུ་སེམས་ཅན་དེ་དག་མི་ལྡན་པ་མེད་པར་བསྒྲུབ་སྟེ། བསྐལ་པ་གྲངས་མེད་པར་དབང་པོ་དང་མི་ལྡན་པ་དེ་ཡང་ཉམས་སུ་ལེན་ཏོ། །དེ་མའི་ལྟོ་ན་ འདུག་པའི་ཚེ་ཇི་ལྟ་བུར་སྤྱོད་པ་དང་། མེར་མེར་པོར་འདུག་པ་ཇི་ལྟ་བུ་ཡིན་པ་དང་རྡོས་པར་གྱུར་པ་ཇི་ལྟ་བུ་ཡིན་པ་དང་། འཁྲེགས་པར་གྱུར་པ་ཇི་ལྟ་བུ་ཡིན་པ་དང་། དབང་པོ་གྲུབ་པ་ཇི་ལྟ་བུ་ཡིན་པ་དང་། སྐྱེས་པ་ཇི་ལྟ་བུ་ཡིན་ པ་དང་། རྒས་པ་ཇི་ལྟ་བུ་ཡིན་པ་དང་། ན་བ་ཇི་ལྟ་བུ་ཡིན་པ་དང་། ཤི་བ་ཇི་ལྟ་བུ་ཡིན་པ་དང་། ལུས་ཀྱི་རང་བཞིན་ཐོག་མ་དང་། བར་མ་དང་། ཐ་མ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་ཤེས་སོ། །ངོམ་དུ་མི་རུང་བ་དང་། ངོ་ཚ་སྐྱེ་བ་འཕགས་པ་མ་ཡིན་པ། དྲི་མི་ཞིམ་པ། རྗེན་པའི་དྲི་ཅན་རོར་གྱུར་བ། རུས་པ་སྩོགས་པ་ཤ་དང་ཁྲག་གིས་གཡོགས་པ། རྨ་དགུ་ནས་རྟག་པར་ཟག་པའོ་ཞེས་དེ་ནི་སེམས་བསྐྱེད་གཅིག་ཙམ་ཀྱིས་ཀྱང་། དེ་དོན་དུ་གཉེར་བར་མི་སེམས་ཏེ། སེམས་བསྐྱེད་པ་གཅིག་གིས་ཀྱང་ཆགས་པ་མི་བསྐྱེད་དོ། །དེ་ཤིན་ཏུ་གཏོང་བ་དེས་འཛིན་པ་མེད་པའི་ཡིད་དང་ལྡན་པ་ཡིན་ཏེ། ལུས་འདི་ནི་དེ་ལྟར་སྙིང་པོ་མེད་པ་ཡིན་ན། བདག་ གིས་ལུས་འདི་སྙིང་པོ་མེད་པར་མཐོང་བ་བཞིན་དུ་ལུས་ལ་ཆགས་པ་ཇི་ལྟར་བྱ། སེམས་ཅན་འདི་དག་གི་བསམ་པ་དེ་བཞིན་དུ་ཡོངས་སུ་ཚིམ་པར་བྱའོ། །ལུས་སྙིང་པོ་མེད་པ་འདིས་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ ཡོངས་སུ་རྫོགས་པར་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་ཀྱང་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་གང་ཡང་རུང་བ་ལ་ཡང་མི་གནས་པའི་ཚུལ་གྱིས་གཞག་པར་བྱའོ། །ཞེས་ལུས་ཀྱི་འདུ་ཤེས་ཀྱང་མེད། སེམས་གྱི་ 73-1-103b འདུ་ཤེས་ཀྱང་མེད་དེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བའི་གཏེར་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་གྱི་གཏེར་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ གཟུགས་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །གཟུགས་ཀྱི་འགོག་པ་རབ་ཏུ་ཤེས་སོ། །གཟུགས་འགོག་པར་འགྲོ་བའི་ལམ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་ཀུན་ཏུ་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་འགོག་པ་ཡང་དག་པ་ཇི་ ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་རིག་པ་རབ་ཏུ་ཤེས་སོ། །མ་རིག་པ་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །མ་རིག་པ་འགོག་པ་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་རིག་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་རབ་ཏུ་ཤེས་སོ། །སྲེད་པ་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །སྲེད་པ་འགོག་པ་རབ་ཏུ་ཤེས་སོ། ། སྲེད་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉན་ཐོས་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ཆོས་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་མྱ་ངན་ ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རང་སངས་རྒྱས་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཆོས་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཡོངས་སུ་ མྱ་ངན་ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཆོས་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། ། 73-1-104a བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་ཤེས་ཤེ་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དང་བྱ་བ་དང་། མངོན་པར་འདུ་བྱེད་པ་དང་། གསོབ་དང་། གསོག་དང་། སྙིང་པོ་མེད་པ་དང་། བདག་མེད་པར་རབ་ཏུ་ཤེས་ཏེ། ཆོས་གང་ཡང་སྙིང་པོ་ཅན་དུ་ཤེས་པ་མེད་དོ། །ཆོས་གང་ལ་ཡང་རང་བཞིན་དུ་འདོགས་པ་མེད་དེ། ངོ་བོ་ཉྀད་མཐས་གཏུགས་པ་ཐམས་ཅད་རབ་ཏུ་ཤེས་སོ། ། སེམས་ཅན་རྣམས་ལ་ཡང་དེ་བཞིན་ཉིད་ཀྱི་དོན་དུ་ཆོས་སྟོན་ཏེ་དེ་ཅི་སྟོན་ཅེ་ན། འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏེ། གང་འཇིག་པ་མེད་པའི་ཕྱིར་ཞེ་ན། གཟུགས་འཇིག་པ་མེད་པའི་ཕྱིར། ཚོར་བ་འཇིག་པ་མེད་ པའི་ཕྱིར། འདུ་ཤེས་འཇིག་པ་མེད་པའི་ཕྱིར། འདུ་བྱེད་འཇིག་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏོ། །མ་རིག་པ་འཇིག་པ་མེད་པའི་ཕྱིར། ཉན་ཐོས་ཀྱི་ཆོས་དང་། རང་སངས་ རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་མ་སྐྱེས་པའི་འདུ་མ་བྱས་པ། བྱེད་པ་པོ་མེད་པ། བརྩོད་པ་མེད་པ། གནས་མེད་པ། མ་སྐྱེས་པ། མི་འབྱུང་བ། མ་བླངས་པ། ཉེ་བར་མ་བླངས་པ། བྱེད་པ་མེད་པ་སྟེ། དེ་ཤེས་རབ་ཀྱི་གཏེར་དེ་ལྟ་བུ་དང་ལྡན་པ་ལས་གྲོན་ཆུངུས་ཆོས་ཐམས་ཅད་ལ་མཁས་པ། གཞན་གྱི་དྲིང་མི་འཇོག་པ། ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །ཤེས་རབ་ཀྱི་གཏེར་ཏེ་ཡང་མི་ཟད་པ་ཡིན་ཏེ། དེ་ཡང་ཤིན་ཏུ་བསྟན་པ་བཅུས་མི་ཟད་པ་ཡིན་ནོ། །བཅུ་གང་ཞེ་ན། ཐོས་པ་ལ་མཁས་པས་མི་ཟད་དོ། །དགེ་བའི་བཤེས་གཉེན་ ལ་བསྙེན་པས་མི་ཟད་དོ། །ཚིག་རབ་ཏུ་དབྱེ་བ་ལ་མཁས་པས་མི་ཟད་དོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་མངོན་པར་སྒྲུབ་པ་མི་ཟད་དོ། །རྒྱན་གཅིག་པའི་ཡེ་ཤེས་ཀྱི་རྗེས་སུ་ཞུགས་པས་མི་ཟད་དོ། །བསོད་ནམས་ 73-1-104b ཐམས་ཅད་ཤིན་ཏུ་བསྩགས་པས་མི་ཟད་དོ། །སྐྱོ་བ་མེད་པར་མངོན་པར་བསྒྲུབས་པས་མི་ཟད་དོ། །གཟུངས་ཐམས་ཅད་ཀྱི་སྒོར་ཞུགས་པས་མི་ཟད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐད་དང་སྒྲ་དང་བརྗོད་པ་སྣ་ཚོགས་ཀྱི་ཕྱིར་ མི་ཟད་དོ། །འགྲོ་བ་ཐམས་ཅད་ཀྱི་ཡིད་གཉིས་དང་། ནེམ་ནུར་དང་ཐེ་ཙོམ་ཡང་དག་པར་གཅོད་པའི་ཕྱིར་མི་ཟད་དོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་བསྟན་པས། སེམས་ཅན་ཐམས་ཅད་ ཉེ་བར་འཚོ་བ་དང་། ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་སྤྱོད་པ་ཤིན་ཏུ་རྟོགས་པའི་ཕྱིར་མི་ཟད་པ་དེ། མི་ཟད་པ་ཤིན་ཏུ་བསྟན་པ་བཅུ་པོ་དེ་དག་གིས་ཤེས་རབ་ཀྱི་གཏེར་ཏེ་མི་ཟད་པ་ཡིན་ནོ། ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་གཏེར་ཡིན་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་དང་ཡེ་ཤེས་བླ་ན་མེད་པ་རྣམ་པར་འཚང་རྒྱའོ། ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་དྲན་པ་དང་ལྡན་པ་ཡིན་ཏེ། དེ་ཡང་རྒྱུད་ རྨོངས་པ་མེད་པའི་དྲན་པས་སྔོན་གྱི་གནས་སུ་དྲན་ཏེ། འདི་ལྟར་ཚེ་གཅིག་གི་གནས་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། ཚེ་བརྒྱ་དང་སྟོང་དང་། ཚེ་བརྒྱ་ཕྲག་དུ་མ་དང་། ཚེ་སྟོང་ཕྲག་དུ་མ་དང་། ཚེ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་འམ། འདུ་བའི་བསྐལ་པ་འམ། འཇིག་པ་དང་འདུ་བའི་བསྐལ་པ་འམ། འཇིག་པའི་བསྐལ་པ་དུ་མ་དང་། འདུ་བའི་བསྐལ་པ་དུ་མ་དང་། འདུ་བ་དང་། འཇིག་པའི་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ཚད་མེད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ 73-1-105a བརྒྱ་སྟོང་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ། མུ་མེད་པ། ས་མཚམས་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། གཞུང་དེ་བཞིན་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། སངས་རྒྱས་སྐྱེ་བར་ལུང་བསྟན་པ་ཤིན་ཏུ་བརྗོད་པ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། སངས་རྒྱས་སྐྱེ་ བར་ལུང་བསྟན་པ་ཤིན་ཏུ་བརྗོད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། སངས་རྒྱས་སྐྱེ་བ་ཅིག་བསྟན་ཏེ། དེ་དང་མཚམས་སྦྱོར་བའི་ལུང་བསྟན་པ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། སངས་རྒྱས་སྐྱེ་བ་ཤིན་ཏུ་བསྟན་ཏེ། དེ་དང་མཚམས་སྦྱོར་བ་ལུང་བསྟན་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། མདོ་སྡེ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པའི་བར་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། འདི་ལྟར་འདས་པའི་སྡེ་དང་། སྐྱེས་པ་ རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། ཆོས་རྨད་དུ་བྱུང་བ་བསྟན་པའི་སྡེ་དང་། མན་ངག་བསྟན་པའི་སྡེ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་ པའི་བར་དང་། འཁོར་འདུས་པ་གཅིག་དང་། ཆོས་ཀྱི་མཚམས་སྦྱར་བ་གཅིག་ནས། ཆོས་ཀྱི་མཚམས་སྦྱར་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། དབང་པོ་སྣ་ཚོགས་གཅིག་ནས་དབང་པོ་སྣ་ཚོགས་བརྗོད་ དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་གཅིག་ནས། དབང་པོ་ཐ་དད་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། ཉོན་མོངས་པ་སྣ་ཚོགས་གཅིག་ནས་ཉོན་མོངས་ 73-1-105b པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། ཏིང་ངེ་འཛིན་སྣ་ཚོགས་གཅིག་ནས། ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཀྱང་དྲན་པ་དག་དང་། དང་བ་རྙོག་པ་མེད་པ་དང་། རྣམ་པར་ གསལ་བ་རྡུལ་མེད་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། འོད་གསལ་བ། སང་སང་པོ། སྒྲིབ་པ་མེད་པས་རྗེས་སུ་དྲན་ནོ། །བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་འཇིག་རྟེན་གྱི་འཁྲུག་པས་མི་འཕྲོགས་པ་ཡིན། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པར་མི་ནུས་པ་ཡིན། སྔོན་གྱི་དགེ་བའི་རྩ་བས་ཤིན་ཏུ་སྦྱངས་པ་ཡིན། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ཡིན། བདུད་དང་མུ་སྟེགས་ཅན་དམིགས་ པ་ལ་གནས་པ་གཞན་གྱིས་མི་ཆོད་པ་ཡིན། ཚེ་རབས་ཀུན་ཏུ་འཕོ་བའི་ལུས་ཤིན་ཏུ་བསྟན་པ་ཐམས་ཅད་ཀྱིས་བརྗོད་པར་མི་ནུས་པ་ཡིན། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་མཐས་ རྣམ་པར་མི་ཆོད་པ་ཡིན། འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་དང་། གནས་པ་ཐམས་ཅད་ཀྱིས་སྐྱོན་དུ་མ་གྱུར་པ་ཡིན། སངས་རྒྱས་སྐྱེས་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པ་ཤིན་ཏུ་བསྟན་པ་ཐམས་ཅད་ཀྱིས་ ཐོགས་པ་མེད་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཏེར་ཏེ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་ དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རྟོགས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཡི་གེ་དེ་བཞིན་གཞན་མ་ ཡིན་པས། མདོའི་ཚུལ་གྱི་ཆོས་སྟོན་ཏོ། །དེ་ནི་ཚེའི་རྒྱུད་གཅིག་པ་ཡང་ཡོངས་སུ་འཛིན་ཏེ། །ཚེའི་རྒྱུད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ 73-1-106a མཚན་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་མཚན་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །བསྐལ་པ་གྲངས་མེད་པ་བསྟན་པ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །བསྐལ་ པ་གྲངས་མེད་པ་བསྟན་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །དེ་བཞིན་གཤེགས་པར་ལུང་བསྟན་པ་བརྗོད་པ་གཅིག་ཀྱང་ཡོངས་སུ་བསྟན་ཏོ། །དེ་བཞིན་གཤེགས་པར་ལུང་བསྟན་ པར་བརྗོད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །མདོ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །མདོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །འདུས་པ་གཅིག་ཀྱང་ ཡོངས་སུ་འཛིན་ཏོ། །འདུས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཆོས་ཀྱི་མཚམས་སྦྱར་བ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །ཆོས་ཀྱི་མཚམས་སྦྱར་བ་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའྀ་བར་དུ་ཡང་ཡོངས་སུ་ འཛིན་ཏོ། །ཉོན་མོངས་པ་སྣ་ཚོགས་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །ཉོན་མོངས་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཏིང་ངེ་འཛིན་སྣ་ཚོགས་གཅིག་ཀྱང་ ཡོངས་སུ་འཛིན་ཏོ། །ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་རྟོགས་པའི་གཏེར་ཏེ་མི་ཟད་པ། ཀུན་ཏུ་མཐའ་ཡས་པ་དགང་དཀའ་བ། གཏིང་རྙེད་པར་དཀའ་བ། མི་འཕྲོགས་པ་ཐུབ་པ་མེད་པ། བདག་ཉིད་ཆེ་བའི་སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་ 73-1-106b སོང་བ་སྟེ། འདི་ནི་གཏེར་དགུ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་ པར་རྟོགས་པར་བྱེད་པའི་རྟོག་པ་དང་ལྡན་ཞིང་བློ་གྲོས་དང་ལྡན་པ་ཡིན་ཏེ། མདོ་སྡེ་ཐམས་ཅད་དང་མི་འགལ་བས་དེ་ཆོས་སྟོན་པའི་ཚེ། དངོས་པོ་ཡོངས་སུ་ལྡོག་པ་གཅིག་ཀྱང་བརྩམས་སྟེ། ཆོས་ སྟོན་པ་ནས་དངོས་པོ་ཡོངས་སུ་ལྡོག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་མཚན་གཅིག་ནས་ཚུལ་དེ་བཞིན་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། འཇིག་རྟེན་གྱི་ཁམས་གཅིག་དང་། སངས་རྒྱས་སུ་ལུང་བསྟན་པ་གཅིག་དང་། མདོ་གཅིག་དང་། འཁོར་འདུས་པ་གཅིག་དང་། ཆོས་ཀྱི་མཚམས་སྦྱར་བ་གཅིག་དང་། དབང་པོ་རྣམ་ པ་ཐ་དད་པ་སྣ་ཚོགས་གཅིག་དང་། ཉོན་མོངས་པ་སྣ་ཚོགས་གཅིག་དང་། ཏིང་ངེ་འཛིན་སྣ་ཚོགས་གཅིག་ཀྱང་བརྩམས་ཏེ། ཆོས་སྟོན་པ་ནས། ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་ དུ་མེད་པའི་བར་དུ་བརྩམས་ཏེ་ཆོས་སྟོན་ཏོ། །ཉི་མ་གཅིག་ཀྱང་ཟད་པར་བྱེད་ཅིང་ཆོས་སྟོན་པ་ནས། ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་། ལོ་གཅིག་དང་། ལོ་བརྒྱ་དང་། ལོ་སྟོང་དང་། ལོ་བརྒྱ་ཕྲག་ སྟོང་དང་། བསྐལ་པ་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་ཕྲག་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། བསྐལ་པ་ཚད་མེད་པ་དང་། བསམ་གྱིས་ མི་ཁྱབ་པ་དང་། བསྐལ་པ་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མཚུངས་པ་མེད་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། མུ་མེད་པ་དང་། ས་མཚམས་མེད་པ་དང་། གཞལ་དུ་མེད་པ་དང་། 73-1-107a བརྗོད་དུ་མེད་པ་དག་ཀྱང་ཟད་པར་བྱེད་ཅིང་ཆོས་སྟོན་ཏོ། ཚིག་དང་ཡི་གེ་གཅིག་བརྩམས་ཀྱང་དོན་དང་ཡི་གེའི་མཐར་ཐུག་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ སེམས་དཔའི་གཏེར་བཅུ་རབ་ཏུ་ཐོབ་པའི་ཕྱིར་ཏེ། གཏེར་དེ་དག་ཐོབ་པས་གཟུངས་ཀྱི་སྙིང་པོའི་སྒོ་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཞེས་བྱ་བ། གཟུངས་བརྒྱ་སྟོང་གྲངས་མེད་པའི་འཁོར་ཅན་མངོན་དུ་གྱུར་ ཏེ། དེ་གཟུངས་ཀྱི་འཁོར་བརྒྱ་སྟོང་གྲངས་མེད་པ་སྟོན་པར་བྱེད་དོ། །ཆོས་སྣང་བ་ཤིན་ཏུ་བསྟན་པ་ཐོབ་པས་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་ཏོ། །ཆོས་ཀྱི་སྒོ་སྣང་བའི་ཆོས་ཅན་ལྕེ་ཡངས་པས་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་མངོན་པར་གོ་བར་བྱེད་པ་དང་། དབྱངས་ཀྱི་ཡན་ལག་ལ་མཁས་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་མགུ་བར་བྱེད་པ་དང་། ཉོན་མོངས་པ་དང་ཀུན་ནས་འཁོར་བ་ ཐམས་ཅད་རྣམ་པར་བཟློག་པ་དང་། སྒྲ་དང་ཚིག་རྣམ་པ་ཐ་དད་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ་དང་། ཡི་གེ་ཐམས་ཅད་ཀྱི་སྤོབས་པས་སྟོན་པའི་རྗེས་སུ་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ ས་བོན་གྲུང་པོ་ཡོངས་སུ་ཤེས་པའི་བསམ་པ་ཅན་དུ་བྱེད་པས་ཆོས་སྟོན་ཏེ་ཐོགས་པར་མི་བྱེད་དོ། །སྐྱོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་བྱེད་པའི་ལུས་རབ་ཏུ་ཐོབ་པའི་ཕྱིར་རོ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་གཏེར་བཅུས་བློ་གྲོས་མི་ཟད་པ། ཐུབ་པ་མེད་པ་འདྲེས་པ་མེད་པ་རྣམ་ པར་མི་ཆོད་པ། རྒྱུན་གཅད་པར་མི་ནུས་པ་ཕྱིར་མི་ལྡོག་པ། གཏིང་རྙེད་པར་དཀའ་བ། རིང་དུ་གྱུར་པ། སྒོ་ཀུན་ནས་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་ཞུགས་པའོ། །ཀྱེ་རྒྱལ་བའི་ 73-1-107b སྲས་དག །བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཏེ། མི་ཟད་པའི་རྣམ་པ་བཅུས་མི་ཟད་པ་ཡིན་ནོ། །བླ་ན་མེད་པ་ཡིན་ནོ། །མཐར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །བཅུ་གང་ཞེ་ན། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དང་། སྔོན་གྱི་སྨོན་ལམ་ལེགས་པར་ཡོངས་སུ་བསྔོས་པ་དང་། བསྐལ་པ་ཐམས་ཅད་ཀྱི་གྲངས་གཅད་དུ་མེད་པ་དང་། ནམ་མཁའི་དབྱིངས་དང་མཉམ་པ་ཉིད་དུ་ཁོང་དུ་ ཆུད་པའི་ཕྱིར། སེམས་ཚད་མེད་པ་དང་། འདུས་བྱས་ཀྱིས་མ་གོས་པའི་ཕྱིར། འདུས་མ་བྱས་ལ་ཡོངས་སུ་བསྔོ་བ་དང་། དེ་མ་ཐག་པའི་ཡུལ་དུ་གྱུར་པས་ཆོས་ཐམས་ཅད་ཟད་མི་ཤེས་པ་དང་། སྨོན་ ལམ་ཆེན་པོ་ཐ་དད་པ་མེད་པ་དང་། སྤྱོད་པ་ལ་གནས་པའི་སྟོབས་ཤིན་ཏུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཇུག་པ་མཐའ་དང་དབུས་མེད་ པ་ལ་ཞུགས་པ་སྟེ། མི་ཟད་པའི་རྣམ་པ་བཅུ་པོ་འདི་དག་གིས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་འགྱུར་རོ། །གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ་སྟེ། ཉི་ཤུ་བདུན་པའོ།། །། དེ་ནས་སངས་རྒྱས་ཀྱི་མཐུས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ ཡང་གླིང་བཞི་པ་འདི་ལས་སྩོགས་པ་གླིང་རེ་རེ་ན་ཡང་། དེ་བཞིན་གཤེགས་པ་རྣམས་བཞུགས་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཆོས་ 73-1-108a སྟོན་ཏོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ན་འང་འཁོད་པར་ཤེས་སོ། །བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་མ་བརྟུལ། བྱང་ཆུབ་ཀྱི་ཤིང་དྲུང་ཡང་ཕྱིར་མ་བརྟུལ། རི་རབ་ཀྱི་རྩེ་མོ་ཡང་ཕྱིར་མ་བརྟུལ་བར་རབ་མཚེ་མའི་གནས་ནས་དགའ་ལྡན་གྱི་གནས་ཀྱི་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་ཁང་པ་རིན་པོ་ཆེའི་རྒྱན་ཅེས་བྱ་བ་གང་ན་བ་དེར་གཤེགས་པར་སྣང་ངོ་། །ཇི་ལྟར་གླིང་བཞི་ པ་འདི་ན་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་སུ་གཤེགས་པར་སྣང་བ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་གཞི་པ་དག་ན་ཡང་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་སུ་གཤེགས་ པར་སྣང་ངོ་། །བྱིན་བརླབས་སྔ་མ་དེ་དག་ཀྱང་མ་འཁྲུགས་པར་སྣང་ངོ་། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས། རྒྱང་མ་ནས་བཅོམ་ལྡན་འདས་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱིས་རྒྱན་པར་གཤེགས་ པ་མཐོང་ནས། རིངས་པའི་གཟུགས་སུ་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱིས་རྒྱན་པའི་ནང་དུ་དེ་བཞིན་གཤེགས་པའི་སེང་གེའི་གདན་ནོར་བུ་རིན་པོ་ཆེ་ལས་བྱས་པ། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱུ་ལས་གྲུབ་ པ། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་ལས་ཡོངས་སུ་གྲུབ་པ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱུང་བ། དགེ་བའི་རྩ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོས་བྱུང་བ། སངས་རྒྱས་ཐམས་ཅད་ལས་བྱུང་བའི་ཆོས་དཀར་པོ་ལས་བྱུང་བའི། བསོད་ནམས་ཀྱི་སྟོབས་མཐའ་ཡས་པ་སྣ་ཚོགས་ཐམས་ཅད་དང་ལྡན་པ། ཁ་ན་མ་ཐོ་བ་མེད་པའི་རྣམ་པར་སྨྱིན་པ་ཐམས་ཅད་ཀྱིས་ རྣམ་པར་དག་པ། མི་མཐུན་པ་མེད་པའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱིས་བྱུང་བ། གོས་པ་མེད་པ། འགྲོ་བ་ཐམས་ཅད་དུ་བྱུང་བ། ཐུབ་པ་མེད་པ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་སྡུག་པ། 73-1-108b པོག་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བརྒྱན་པ། གསེར་གྱི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་བྲིས་པ། མེ་ཏོག་གི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བྲིས་པ། ཕྲེང་བའི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་ཀུན་ནས་ལྡིང་བ། སྤོས་ཀྱི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྤོས་ཀུན་ཏུ་འཐུལ་བར་སྦྱར་བས། རིན་པོ་ཆེའི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་སྟེང་ནས་བཀབ་པ། མེ་ཏོག་གི་གདུགས་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་ཀུན་ནས་བསྒྲེང་བ། རིན་པོ་ཆེའི་གདུགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཀབ་པ། གདན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་གཏིང་བ། རིན་པོ་ཆེའི་ཕུ་ཤུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ རྒྱན་དུ་བསྒྲུབ་པ། ནོར་བུའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་རྣམ་པར་ཕྱེ་བས་གཡོག་པར་བྱས་པ། རིན་པོ་ཆེའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་འཁོར་ཀུན་ཏུ་གཡོགས་པ། རིན་པོ་ཆེའི་ ཕྲེང་བ་འཕྱང་བའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་སྤྱངས་པས་བཀབ་པ། ལྷབ་ལྷུབ་ཀྱི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་ཀླུབས་ཤིང་བརྒྱན་པ། གདུགས་ཀྱི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་ཀུན་ནས་ཁེབས་པར་བཀབ་པ། གོས་སྣ་ཚོགས་ཀྱི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྣ་ཚོགས་སུ་གཡོགས་པ། རིན་པོ་ཆེའི་པད་མོའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་རྒྱས་པར་ བཀྲམ་པ། སྤོས་རིན་པོ་ཆེའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འཐུལ་ཞིང་ཡིད་དུ་འོང་བར་དྲི་ཞིམ་པ། རིན་པོ་ཆེའི་བླ་རེ་ཆེན་པོའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་རྒྱན་ཆེན་པོ་རྒྱས་པར་བྲེས་པ། རིན་པོ་ ཆེའི་དྲིལ་བུའི་རྒྱན་གྱི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བའི་སྒྲ་ཕྱུང་བ། ཙན་དན་རིན་པོ་ཆེའི་མདོག་ལྟ་བུའི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བར་བཀབ་པ། རིན་པོ་ཆེའི་ 73-1-109a མེ་ཏོག་སྣ་ཚོགས་ཀྱི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མེ་ཏོག་ཤིན་ཏུ་རྒྱས་པའི་གོས་ཁ་དོག་མཐའ་ཡས་པའི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྣ་ཚོགས་སུ་སྣང་བར་བཀབ་པ། བྱང་ཆུབ་སེམས་དཔའི་བླ་རེ་ བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྣ་ཚོགས་སུ་ཀུན་ནས་བཀབ་པ། གདུགས་ཀྱི་བླ་རེ་བྱེ་བ་ཁ་དོག་རྣམ་པ་སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་གཡོགས་ཤིང་རྣམ་པ་སྣ་ཚོགས་སུ་སྣང་བ། གསེར་གྱི་བླ་རེ་ བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བར་བཀབ་ཅིང་རྣམ་པར་དག་པར་བྱས་པ། བཻ་ཌཱུརྱའི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལྷ་རྫས་དྲི་མ་མེད་ཅིང་ཤིན་ཏུ་དག་པར་བྱས་པ། སྙིང་པོ་སྣ་ཚོགས་ཅན་གྱི་བླ་རེ་བྱེ་བ་ བརྒྱ་སྟོང་ཕྲག་བཅུས་རྣམ་པ་སྣ་ཚོགས་ཀྱི་བླ་རེ་བཀབ་པ། རིན་པོ་ཆེ་ཐམས་ཅད་ཀྱི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ནོར་བུ་རིན་པོ་ཆེ་བཟང་པོས་ཤིན་ཏུ་མཛེས་ཤིང་ཁེབས་པར་བཀབ་པ། རིན་པོ་ ཆེའི་རྒྱན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཕྱོགས་བཅུ་ཐམས་ཅད་བཀང་བ། རིན་པོ་ཆེའི་གཟུགས་བརྙན་གྱི་བླ་རེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་རྣམ་པར་ཕྱེ་ཞིང་མཛེས་པར་བརྒྱན་པ། རིན་པོ་ཆེའི་ ཕྲེང་བ་བརྒྱ་སྟོང་ཕྲག་བཅུས་ཕྲེང་བ་ཀུན་ཏུ་འབྲེལ་པར་བརྒྱན་པ། སྤོས་ཀྱི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཆོད་པ་ལ་ཚུལ་དང་འཐུན་པའི་སྤོས་ཀྱི་དྲི་ཞིམ་པར་བྱས་པ། ལྷ་ལ་མཆོག་ཏུ་བྱ་ བའི་སྤོས་དང་། བདུག་སྤོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུས་ཁ་དོག་མཐའ་ཡས་པ་དང་། དྲི་ཞིམ་པོར་གཏུལ་བའི་མཆོད་པ་ཅན། ལྷ་ལ་མཆོག་ཏུ་བྱ་བའི་ལྷབ་ལྷུབ་གྱི་རྒྱུད་བྱེ་བ་བརྒྱ་ སྟོང་ཕྲག་བཅུ་མངོན་པར་ཀླུབས་ཤིང་དག་པར་བྱས་པ། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུད་དུ་མཛེས་པར་བྱས་པ། དཔལ་གྱི་སྙིང་པོའི་ཕྲེང་བ་ 73-1-109b བྱེ་བ་བརྒྱ་སྟོང་ཕྲག་བཅུས་རིན་པོ་ཆེ་སྣ་ཚོགས་སུ་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་རྣམ་པར་དག་པ། ནོར་བུ་རིན་པོ་ཆེ་རྒྱ་མཚོའི་རྒྱན་ གྱི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་གདན་གྱི་སྙིང་པོ་ཤིན་ཏུ་བརྒྱན་པ། དབང་པོའི་རྡོ་རྗེ་བྱེ་བ་ཕྲག་བཅུས་ཤིན་ཏུ་སྤྲས་པ། རིན་པོ་ཆེའི་སྣམ་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ཏུ་སྤྱངས་པ། འཇིག་ རྟེན་མཐའ་ཡས་པའི་དབང་པོའི་ནོར་བུ་རིན་པོ་ཆེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བཟང་བར་བརྒྱན་པ། གསེར་གྱི་སྙིང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བསྒྲུབས་ཤིང་དག་པར་བྱས་པ། ནོར་ བུ་རིན་པོ་ཆེ་རྣམ་པར་སྣང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྡུལ་མེད་པར་སྣང་བར་བྱས་པ། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་མངོན་པར་ཆགས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྙིང་པོ་མཐའ་ཡས་པ་སྣང་བ་ བརྒྱན་པ། ནོར་བུ་རིན་པོ་ཆེ་དཔའ་བའི་རྒྱན་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་འབར་བར་བསྒྲུབས་པ། ནོར་བུ་རིན་པོ་ཆེ་སྣང་བའི་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་བཅུས་འོད་ཟེར་ སྣང་བར་བྱས་པ། ནོར་བུ་རིན་པོ་ཆེ་ལྷ་ལ་མཆོག་ཏུ་བྱ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྐར་ཁུང་གི་ཤར་བུ་མཛེས་པར་བྲེས་པ། ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱིས་དག་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ ཁ་དོག་གསལ་བར་གྱུར་པ། དངུལ་གྱི་རྟ་བབས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བྲེས་པས་སྙིང་པོ་དཀར་པོ་རབ་ཏུ་རྣམ་པར་ཕྱེ་བ། འགྲོ་བ་རྒྱ་མཚོའི་ཟླ་གམ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྦུབས་ ཤིན་ཏུ་བསྒྲུབས་པ། ནོར་བུ་རིན་པོ་ཆེ་དྲི་མ་མེད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བལྟ་ན་མཛེས་པར་ཤིན་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་སེམས་ཀྱི་རྒྱལ་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མདབ་ཆགས་ 73-1-110a ཡིད་དུ་འོང་ཞིང་དགའ་བར་ཀུན་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་སེང་གེའི་གདོང་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་སྤྲས་པའི་མཆོད་པ་དང་ལྡན་པ། ནོར་བུ་རིན་པོ་ཆེ་འཛམ་བུའི་རྒྱན་མཚན་ བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཐུ་བརྟེན་པར་ཤིན་ཏུ་བརྟན་པ། ནོར་བུ་རིན་པོ་ཆེ་སྙིང་པོ་དག་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྣམ་པར་སྣང་ཞིང་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་མཚན་བརྒྱ་སྟོང་ ཕྲག་བཅུས་སྣང་བའི་གདུགས་སུ་བྲིས་པ། ནོར་བུ་རིན་པོ་ཆེ་དངུལ་གྱི་སྙིང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ནང་རྣམ་པ་སྣ་ཚོགས་སུ་བཀྲམ་པ། ནོར་བུ་རིན་པོ་ཆེ་རི་རབ་ཀྱི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་སྙིང་པོ་བྱས་པས་ཤིན་ཏུ་བརྒྱན་པ། མུ་ཏིག་གི་ཕྲེང་བ་བརྒྱ་སྟོང་ཕྲག་བཅུས་ཁ་དོག་མཛེས་པར་བྲེས་པ། བཻ་ཌཱུརྱའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དྲ་བར་བྲེས་པ། མུ་ཏིག་དམར་པོའི་ཕྲེང་བ་བརྒྱ་ སྟོང་ཕྲག་བཅུས་རྣམ་པ་སྣ་ཚོགས་སུ་རྣམ་པར་ཕྱེ་བ། ནོར་བུ་ཡིད་དུ་འོང་བའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྣམ་པ་སྣ་ཚོགས་སུ་བཀོད་པ། རིན་པོ་ཆེ་ཤིན་ཏུ་སྣང་བའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་ཤིན་ཏུ་རྣམ་པར་ཕྱེ་ཞིང་རབ་ཏུ་བཟུང་བ། རིན་པོ་ཆེའི་འབྲུ་སྣ་ཚོགས་ཀྱི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལུས་ཤིན་ཏུ་བརྒྱན་པ། མུ་ཏིག་དམར་པོའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བར་ སྣང་བ། ནོར་བུ་རིན་པོ་ཆེ་ཁ་དོག་དུ་མའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྙིང་པོ་ཁ་དོག་སྣ་ཚོགས་ཤིང་ཁ་དོག་མཐའ་ཡས་པའི་མཐར་ཕྱིན་པ། དགའ་བར་བྱེད་པའི་ཕྲེང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ བཅུས་དག་པར་སྦྱངས་པ། ནོར་བུ་རིན་པོ་ཆེ་དཔལ་གྱི་འོད་ཟེར་གྱི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དཔལ་ཆེན་པོ་རབ་ཏུ་འཐོབ་པ་ཐོབ་པར་གྱུར་པ། ནོར་བུའི་གཟུགས་བྱེ་བ་བརྒྱ་སྟོང་ཕྲག་ 73-1-110b བཅུས་ཕྱོགས་ཤིན་ཏུ་སྨྲ་བར་བརྒྱན་པ། རིན་པོ་ཆེ་དབང་པོའི་ཁ་དོག་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ལ་གནས་ཡོངས་སུ་འཛིན་པ། དུས་དང་འཐུན་པའི་ཙན་དན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་དྲི་ཞིམ་པོས་རྒྱས་པར་བྱས་པ་རིམ་གྲོ་བྱེད་པའི་མི་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་སོང་བ། སྤོས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་རྒྱས་པ། གཞན་གྱིས་ཕམ་པ་མེད་པའི་སྟོབས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་དྲི་ཀུན་ཏུ་རྒྱས་པ། སྤོས་ཀྱི་གཟུགས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་དྲི་ཀུན་ཏུ་འབྱུང་བ། ཡིད་དུ་འོང་བའི་སྤོས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་དྲི་རབ་ ཏུ་འབྱུང་བ། སྣང་བ་སྟོན་པའི་སྤོས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་དྲིས་འགྲོ་བ་ཀུན་ཏུ་གང་བ། དྲི་སྣ་ཚོགས་ཁ་དོག་མཐའ་ཡས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ ཕྱིར་མི་ལྡོག་པར་ཞིམ་པ་བྱུག་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བྱུག་པ། ཙན་དན་རྣམ་པ་ཐ་དད་པའི་སྤོས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཚོན་དུ་བསྐུས་ཤིང་མཛེས་པ། སྤོས་རྣམ་པ་ཐ་དད་པ་བྱེ་བ་བརྒྱ་ སྟོང་ཕྲག་བཅུས་དྲི་ཞིམ་པོར་ཤིན་ཏུ་བསྒོས་པ། ཨ་ཀ་རུ་ནག་པོ་པད་མོའི་སྙིང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སྤྲིན་གྱི་སྙིང་པོར་བྱས་པ། བདུག་སྤོས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བདུག་ཤིང་གཡོག་ པ། བདུག་སྤོས་ཀྱི་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་དབང་པོ་ཞི་བར་ཞིམ་པ། སྤོས་ཀུན་ཏུ་རྒྱུ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཡིད་དུ་འོང་བར་ཞིམ་པ། སྤོས་ཀྱི་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ རོ་ཐམས་ཅད་དུ་བདུགས་ཤིང་དྲི་ཞིམ་པ་སྤོས་རྣམ་པར་ཚོར་བར་བྱེད་པའི་དམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དབང་པོ་མི་འཁྲུགས་པར་སྤོས་ཐམས་ཅད་ཀྱི་མཆོད་པར་བྱས་པ། སྤོས་ཀྱི་རྒྱལ་པོ་གཞལ་དུ་ 73-1-111a མེད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྤོས་ཀྱི་གཟུགས་རྣམ་པ་སྣ་ཚོགས་སུ་ཤིན་ཏུ་བརྒྱན་པ། ལྷ་རྫས་གྱི་མེ་ཏོག་གི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་འབབ་པ། ལྷ་རྫས་ཀྱི་ སྤོས་ཀྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་འབབ་པ། ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་འབབ་པ། ལྷ་རྫས་ཀྱི་པད་མོའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ ཕྲག་བཅུ་མངོན་པར་འབབ་པ། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་གི་སྤྲིན་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཆར་མངོན་པར་འབབ་པ། ལྷ་རྫས་ཀྱི་ཨུད་པ་ལའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ ཏུ་གཡོག་པར་འབབ་པ། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་གི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་འབབ་པ། ལྷ་རྫས་ཀྱི་མེ་ཏོག་པུན་ད་རི་ཀའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་འབབ་ པ། ལྷ་རྫས་ཀྱི་མེ་ཏོག་མནྡ་ར་བའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཚོགས་ཆེན་པོ་རབ་ཏུ་འབབ་པ། ལྷ་རྫས་ཀྱི་མེ་ཏོག་ཐམས་ཅད་ཀྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྒྱུན་ཏུ་འབབ་པ། ན་བཟའི་སྤྲིན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བར་སྣང་ཁ་དོག་སྣ་ཚོགས་སུ་གྱུར་པ། ནོར་བུ་རིན་པོ་ཆེའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ཏུ་སྣང་བར་འབབ་པ། གདུགས་ཀྱི་སྤྲིན་གྱི་ ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ནས་གཡོག་པར་འབབ་པ། བ་དན་གྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཁ་དོག་དུ་མར་འབབ་པ། ལྷ་རྫས་ཀྱི་ཅོད་པན་གྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་ སྟོང་ཕྲག་བཅུ་སྣ་ཚོགས་སུ་འབབ་པ། ལྷབ་ལྷུབ་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་ཀླུབ་པར་འབབ་པ། ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཁ་དོག་ 73-1-111b སྣ་ཚོགས་སུ་འབབ་པ། ལྷ་རྫས་ཀྱི་རིན་པོ་ཆེའི་སེ་མོ་དོའྀ་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྒྱན་ཆེན་པོར་འབབ་པ། ལྷ་རྫས་ཀྱི་ཙན་དན་གྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཙན་དན་རྣམ་པ་སྣ་ ཚོགས་གྱི་ཁ་དོག་དུ་མར་འབབ་པ། ལྷ་རྫས་ཀྱི་ཨ་ཀ་རུ་དང་། ཙན་དན་གྱི་སྤྲིན་གྱི་ཆར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་གཡོག་པར་འཐུལ་ཞིང་འབབ་པ། རིན་པོ་ཆེའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ ཕྲག་བཅུ་ཤིན་ཏུ་བསྒྲེང་བ། རིན་པོ་ཆེའི་བ་དན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་སྤྱངས་པ། སྣམ་བུ་རིན་པོ་ཆེའི་ལྡ་ལྡི་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་བྲེས་པ། སྤོས་ཀྱི་སྣོད་བྱེ་བ་བརྒྱ་སྟོང་ཕྲག་ བཅུ་ནས་ཤིན་ཏུ་འཐུལ་བ། རིན་པོ་ཆེའི་ཕྲེང་བའི་ཆུན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ཏུ་སྤྱངས་པ། རིན་པོ་ཆེའི་སིལ་སྙན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་འཁྲོལ་ཞིང་འཛིན་པ། ལྷ་རྫས་ཀྱི་ རྡུལ་ཡབ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྣམ་པར་རློ་གཡོབ་ཅིང་འཛིན་པ། རིན་པོ་ཆེའི་དྲིལ་བུའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་འཁྲོལ་བ། རིན་པོ་ཆེའི་སྟེགས་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ ནས་བསྐོར་བ། རིན་པོ་ཆེའི་ཤིང་རྟའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ནས་འགྲེང་བ། རིན་པོ་ཆེའི་ཕྲེང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལྡ་ལྡིར་བརྒྱན་པ། རིན་པོ་ཆེའི་ཤིང་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ ཀུན་ནས་གཡོག་ཅིང་འཁོར་བ། ཁང་པ་བརྩེགས་པ་རིན་པོ་ཆེའི་རྒྱན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ནང་གི་རྒྱན་དུ་དགྲིགས་པ། རིན་པོ་ཆེའི་ཁང་བུ་བྱེ་བ་བརྒྱ་སྟོང་གི་སྒོ་ལ་རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་ བ་བཀྱེ་བ། གསེར་གྱི་དྲིལ་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འཁྲོལ་བའི་སྒྲ་ཡིད་དུ་འོང་བར་འབྱུང་བ། དཔལ་གྱི་བེའུ་བརྒྱ་སྟོང་ཕྲག་བཅུའི་ཕྲེང་བ་རབ་ཏུ་དཔྱངས་པས་ཡོངས་སུ་དག་པ། རིན་པོ་ཆེའི་ 73-1-112a བཀྲ་ཤིས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་མཚན་བཟང་པོ་བྱུང་བ། གསེར་གྱི་དམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་གསེར་གྱི་ལྕག་པོད་གྱིས་ཀུན་ཏུ་བལྟས་པ། རིན་པོ་ཆེའི་གདུགས་གཅིག་ནས་གཅིག་ཏུ་ རྒྱུད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རིན་པོ་ཆེ་ཐམས་ཅད་ཀྱི་ཡུ་བས་གཟུང་བ། རིན་པོ་ཆེའི་རྒྱན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རིན་པོ་ཆེའི་རྒྱན་གྱི་དྲ་བ་ཐམས་ཅད་དུ་རྣམ་པར་བྲེས་པ། རིན་པོ་ཆེའི་འོད་ཟེར་ བྱེ་བ་བརྒྱ་སྟོང་ཕྲག་བཅུ་འོད་ཟེར་སྣ་ཚོགས་སུ་རབ་ཏུ་འཕྲོ་བ་སྣང་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་སྣང་བར་བྱེད་པ། འོད་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་འཚེར་བ། ཉི་མའི་དཀྱིལ་འཁོར་ཀྱི་སྙིང་པོ་ བྱེ་བ་བརྒྱ་སྟོང་ཕྲག་བཅུས་གཟུགས་རབ་ཏུ་མཛེས་ཤིང་ལུས་ཤིན་ཏུ་འཕགས་པ། ཟླ་བའི་དཀྱིལ་འཁོར་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཁ་དོག་དུ་མར་སྒྲུབས་པ། སྤོས་ཀྱི་འོད་གཟེར་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ རབ་རིབ་མེད་པར་སྣང་བ། ལྷ་རྫས་ཀྱི་པད་མོའི་དམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་བསྒྲུབས་ཤིང་སྙིང་པོ་ཤིན་ཏུ་འཕགས་པ། རིན་པོ་ཆེའི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྙིང་པོ་ཀུན་ནས་གཡོག་པར་ བྱས་པ། མེ་ཏོག་གི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ནས་རྒྱས་པར་བཀྲམ་པ། སྤོས་ཀྱི་དྲ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་དྲི་སྣ་ཚོགས་ཀྱིས་ཀུན་ནས་གཡོག་པ། ལྷ་རྫས་གྱི་གདན་རིན་པོ་ཆེ་བྱེ་བ་བརྒྱ་ སྟོང་ཕྲག་བཅུ་མཛེས་པར་བཏིང་བ། ལྷ་རྫས་ཀྱི་གོས་རིན་པོ་ཆེ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཛེས་པར་བཀྲམ་པ། ལྷ་རྫས་ཀྱི་གོས་ཁ་དོག་སྔོན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་བརྒྱན་པར་བཏིང་བ། ལྷ་རྫས་ཀྱི་ གོས་ཁ་དོག་སེར་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་བརྒྱན་པོར་བཏིང་བ། ལྷ་རྫས་ཀྱི་གོས་ཁ་དོག་དམར་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ལྷའི་དགའ་བར་བཏིང་བ། ལྷ་རྫས་ཀྱི་གོས་ཁ་དོག་སྣ་ཚོགས་བྱེ་བ་བརྒྱ་སྟོང་ 73-1-112b ཕྲག་བཅུ་གོས་ཀྱི་རྒྱན་ཏུ་བཏིང་བ། ལྷ་རྫས་ཀྱི་གོས་རིན་པོ་ཆེ་སྣ་ཚོགས་ཀྱི་གོས་རྣམ་པ་སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཁ་དོག་ལེགས་པར་བཏིང་བ། སྤོས་སྣ་ཚོགས་ཀྱིས་ཡོངས་སུ་བགོས་པའི་གོས་བྱེ་བ་ བརྒྱ་སྟོང་ཕྲག་བཅུས་གོས་བཟང་པོར་བཏིང་བ། རིན་པོ་ཆེ་རྨད་དུ་བྱུང་བ་ཐམས་ཅད་ཀྱི་གོས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བའི་རྒྱན་ཏུ་བཏིང་བ། གོས་དཀར་པོ་སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བླ་གབ་དུ་ བཀབ་པ། ལྷ་རྫས་ཀྱི་དྲིལ་བུའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བའི་སྒྲ་ཕྱུང་བ། གསེར་གྱི་དྲ་བའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་སྒྲ་ཤིན་ཏུ་འབྱིན་ཅིང་ཡོངས་སུ་བཟུང་བ། ལྷ་རྫས་ཀྱི་སྣམ་བུ་རིན་པོ་ཆེའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྒྱལ་མཚན་གྱི་དྲ་བའི་རྒྱན་དུ་བརྒྱན་པ། སྤོས་ཀྱི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྤོས་ཀྱི་དྲ་བ་ཐམས་ཅད་ཀྱི་བརྒྱན་རྣམ་ པར་དག་པ། ལྷ་རྫས་ཀྱི་མེ་ཏོག་གི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མེ་ཏོག་ཐམས་ཅད་ཀྱི་ཆར་དུ་འབེབས་པ། ལྷ་རྫས་ཀྱི་གོས་ཀྱི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་གོས་ཐམས་ཅད་དུ་ བསྐྱོབ་པ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཛེས་པ་ཐམས་ཅད་ཀྱི་རྒྱལ་མཚན་དུ་མར་བྱས་པ། ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ ཕྲག་བཅུས་ལྷབ་ལྷུབ་ཐམས་ཅད་ཀྱི་རྒྱལ་མཚན་རྣམ་པ་སྣ་ཚོགས་སུ་གྱུར་པ། ལྷ་རྫས་ཀྱི་ཕྲེང་བའི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཕྱོགས་བཅུ་ཀུན་ནས་འགྲེང་བ། ལྷ་རྫས་ཀྱི་གདུགས་ ཀྱི་རྒྱལ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་དྲིལ་བུ་ཐམས་ཅད་འཁྲོལ་བས་ཡིད་དུ་འོང་ཞིང་དགའ་བའི་སྒྲ་ཕྱུང་བ། ལྷ་རྫས་ཀྱི་དུང་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སྒྲ་སྙན་པ་ཕྱུང་བ། ལྷ་རྫས་ཀྱི་ 73-1-113a རྔ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྔ་ཆེན་པོའི་སྒྲ་ཤིན་ཏུ་ཕྱུང་བ། ལྷ་རྫས་ཀྱི་པི་ཝང་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་ཞིང་འབྲེལ་བའི་སྒྲ་ཕྱུང་བ། ལྷ་རྫས་ཀྱི་ཁ་སྦྱར་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་དབྱངས་ཆེན་པོར་སྒྲ་སྒྲགས་པ། ལྷ་རྫས་ཀྱི་སིལ་སྙན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་གླུ་དང་རོལ་མོར་སྦྱར་བ་དང་ལྡན་པ། ལྷ་རྫས་ཀྱི་རོལ་མོ་དབྱངས་ཀྱི་དམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སྒྲ་ཡིད་དུ་ འོང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་གྲགས་པར་བྱས་པ། སྤྲུལ་པའི་རོལ་མོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲ་སྙན་གྱི་ཚོགས་ལྟ་བུར་ཤེས་པར་ བྱས་པ། ལྷ་རྫས་ཀྱི་རྔ་བོ་ཆེ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་རྡུངས་པའི་སྒྲ་ཕྱུང་བ། ཡིད་ཀྱི་རང་བཞིན་གྱི་ལྷ་རྫས་ཀྱི་རོལ་མོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རོལ་མོའྀ་སྒྲ་ཡིད་དུ་འོང་བ་དང་། གླུའི་དབྱངས་སྙན་པ་ཕྱུང་བ། ལྷ་རྫས་ཀྱི་རོལ་མོར་གཏོགས་པ་སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དགའ་བ་དང་ཞི་བའི་སྒྲ་ཕྱུང་བ། ཚིག་གི་རིམ་པ་ཡིད་དུ་འོང་བ་བྱེ་བ་བརྒྱ་སྟོང་ ཕྲག་བཅུས་བསྟོད་ཅིང་མཆོད་པ། བསྟོད་པ་རྒྱ་ཆེན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དགའ་བར་བསྟོད་ཅིང་མཆོད་པ། ཟབ་མོར་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་སྒོམས་ཤིང་བསྟོད་པ། སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལས་ཐམས་ཅད་ཀྱི་རྣམ་པར་སྨྱིན་པ་ལས་ཡོངས་སུ་བྱུང་བར་བསྟོད་པ། ཕྲ་བར་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡང་དག་པར་ཇི་ལྟ་བ་ བསྟོད་པ། སྔོན་གྱི་སྤྱོད་པས་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་བརྗོད་དེ་འདས་པས་བསྟོད་པ། དགེ་བའི་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བསྟན་ཅིང་བསྟོད་པ། སྔོན་གྱི་ 73-1-113b སངས་རྒྱས་སྙེན་བསྐུར་བའི་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རྣམ་པར་དག་པར་བསྟོད་པ། ཆོས་ཀྱི་སྒོའི་བསྟོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མངོན་པར་འབྱུང་བར་བསྟོད་ཅིང་འཇིགས་པ་མེད་པར་ བསྟོད་པ། བསྟོད་པ་རྣམ་པ་ཐ་དད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་ཟད་པར་བརྗོད་ཅིང་བསྔགས་ཏེ་བསྟོད་པ། བྱང་ཆུབ་སེམས་དཔའི་སའི་གླུ་བྱེ་བ་བརྒྱ་ སྟོང་ཕྲག་བཅུས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་གླུར་བརྗོད་ཅིང་སྦྱར་བ། སངས་རྒྱས་ཀྱི་ཡོན་ཏན་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཐོགས་པ་མེད་པར་བསྟོད་པ། སངས་རྒྱས་མཐོང་བའི་ གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་གླུའི་དབྱངས་སུ་བླངས་པ། ཆོས་ཟབ་མོའི་གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཐོགས་པ་མེད་པར་ཆོས་ཀྱི་སྣང་བ་ཐམས་ཅད་གླུར་བླངས་ཏེ་སྦྱར་བ། དབྱངས་རྒྱ་ཆེན་པོའྀ་གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡིད་དུ་འོང་བའི་སྒྲར་སངས་རྒྱས་ཀྱི་ཞིང་ཐམས་ཅད་བསྒྲགས་པ། སེམས་དང་བསམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཐོགས་པ་མེད་པར་ གླུར་བླངས་ཤིང་རྣ་བ་དང་བར་བྱས་པ། ཁམས་གསུམ་དུ་གཏོགས་པའི་གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་བསྟན་པ། དགའ་བར་བྱེད་པའི་གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཐོགས་པ་མེད་པས་དད་པ་དང་། རིམ་གྲོ་རབ་ཏུ་བསྐྱེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ གྱི་གླུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཆོས་ཀྱི་དོན་ཐམས་ཅད་གསལ་བར་བརྗོད་ཅིང་སྒྲ་ཕྱུང་བ། གཟུངས་ཀྱི་གླུ་བྱེ་བ་ 73-1-114a བརྒྱ་སྟོང་ཕྲག་བཅུས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་ལ་མཁས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ལྡེམ་པོ་དག་རབ་ཏུ་གཏོགས་པར་རྣམ་པར་བསྟོད་པ། ཆོས་ཐམས་ཅད་ཀྱི་བྱེ་བ་བརྒྱ་ སྟོང་ཕྲག་བཅུས་ཆོས་ཐམས་ཅད་གླུ་དང་། རོལ་མོ་དང་སིལ་སྙན་གྱི་སྒྲ་ཕྱུང་བ་དང་ལྡན་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ལ་ཐམས་ཅད་མཁྱེན་པའི་སེམས་ཀྱི་སྟོབས་དང་ཤུགས་ མཐོང་མ་ཐག་དུ་སྐྱེ་བར་བྱེད་པ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སེམས་དགའ་ཞིང་མོས་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་སྤྱོད་པའི་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་མོས་ པ་རྣམ་པར་སྦྱོང་བ། བྱང་ཆུབ་སེམས་དཔའ་ཆེར་སྐྱེས་པའི་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཐེག་པ་ཆེན་པོ་བརྩོམ་པ་རྒྱ་ཆེར་བྱེད་པ། བྱང་ཆུབ་སེམས་དཔའ་སྦྱོར་བ་དང་ལྡན་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཐེག་པ་ཆེན་ པོ་བརྩམས་པ། ཡོངས་སུ་རྒྱས་པར་བྱེད་པ། བྱང་ཆུབ་སེམས་དཔའ་བསམ་པ་དང་ལྡན་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཤིན་ཏུ་སྦྱོང་བ། བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རྣམ་པར་སྦྱོང་བ། བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ སྣང་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྒྱལ་ཚབ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་པ་ལ་འཇུག་པར་བྱེད་པ། བྱང་ཆུབ་སེམས་དཔའི་དབང་བསྐུར་བ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་ཕྲག་བཅུ་དེ་བཞིན་གཤེགས་པའི་སྟོབས་གཞལ་དུ་མྱེད་པ་སྟོན་པ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་འཐོབ་པར་རྣམ་པར་འཕྲུལ་པ། བྱང་ཆུབ་སེམས་དཔའི་མོས་པ་ 73-1-114b བྱེ་བ་བརྒྱ་སྟོང་ཕྲག་བཅུ་སྒྲུབ་ཅིང་སྦྱོར་བ། བྱང་ཆུབ་སེམས་དཔའི་དགའ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་བསྐྱེད་པ། བྱང་ཆུབ་སེམས་དཔའི་དད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མྱི་ཤིགས་པར་རབ་ཏུ་གཞོག་པ། བྱང་ཆུབ་སེམས་དཔའི་ཤུགས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་རྣམ་པར་འཕེལ་བར་བྱེད་པ། བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཆོས་ཀྱི་གྲགས་པ་རྣམ་པར་འཕེལ་བར་བྱེད་པ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་དོན་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཡེ་ཤེས་གདོན་མྱི་ཟ་བར་ངེས་པར་སྟོན་པ། བྱང་ཆུབ་སེམས་དཔའི་དྲན་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འཁྲུག་པ་མྱེད་པར་སྦྱོང་བ། བྱང་ཆུབ་ སེམས་དཔའི་བློ་གྲོས་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཡེ་ཤེས་གདོན་མྱི་ཟ་བ་བསྐྱེད་པ། བྱང་ཆུབ་སེམས་དཔའི་རིགས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པར་བྱིན་གྱིས་བརློབ་པ། བྱང་ཆུབ་སེམས་དཔའི་བློ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཡངས་པའི་བློ་ཚད་མྱེད་པར་སྟོན་པ། བྱང་ཆུབ་སེམས་དཔའི་དད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྩ་བ་བརྟན་པར་བྱེད་པ། བྱང་ཆུབ་སེམས་དཔའི་གཏོང་བ་བྱེ་བ་བརྒྱ་ སྟོང་ཕྲག་བཅུ་གཏོང་བ་ཐམས་ཅད་སྦྱིན་པས་རྣམ་པར་སྦྱོང་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཚད་མྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྒྲུབ་པ། བྱང་ཆུབ་སེམས་དཔའི་བཟོད་ པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་སེམས་འཁྲུག་པ་མྱེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བཟོད་པར་འཇུག་པ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མཐའ་ཡས་པའི་བརྩོན་འགྲུས་སུ་འབྱུང་ བར་བྱེད་པ། བྱང་ཆུབ་སེམས་དཔའི་བསམ་གཏན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཚད་མྱེད་པའི་བསམ་གཏན་རྟོགས་པའི་སྣང་བར་བྱེད་པ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་བྱེ་བ་ 73-1-115a བརྒྱ་སྟོང་ཕྲག་བཅུའི་ཤིན་ཏུ་སྣང་ཞིང་ཤེས་པར་བྱེད་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་འབྱུང་བ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྒོ་བྱེ་བ་བརྒྱ་སྟོང་ཕྲག་ བཅུའི་ཡེ་ཤེས་སྣང་བ་གསལ་བར་བྱེད་པ། ཕྱོགས་བཅུའི་སངས་རྒྱས་འབྱམ་ཀླས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཆོས་ཀྱི་སྒོ་སྣང་བར་བྱིན་གྱིས་བརློབ་པ། ཕྱོགས་བཅུའི་འབྱམ་ཀླས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཆོས་ ཀྱི་ཚུལ་རྨོངས་པ་མྱེད་ཅིང་གཏི་མུག་མྱེད་པར་སྟོན་པ། ཆོས་ཀྱི་འབྱུང་གནས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་འཐོབ་པར་བྱེད་པ། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འབྱམ་ཀླས་པ་ལ་འཇུག་པར་བྱེད་པ། ཆོས་ཀྱི་ལུས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་བྱེད་པ། དེ་བཞིན་གཤེགས་པའི་གསུང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་བསྒྲུབས་པ་རབ་ཏུ་ཤེས་པར་བྱེད་པ། ཐམས་ ཅད་མཁྱེན་པ་ཉིད་ཀྱི་ཚུལ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་བསྒྲུབ་པའི་འབྱུང་གནས་སུ་གྱུར་པ། ཆོས་འབྱམ་ཀླས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཚོགས་རབ་ཏུ་བསྒྲུབ་པ། ཆོས་ཀྱི་ཡེ་ཤེས་བྱེ་བ་བརྒྱ་སྟོང་ ཕྲག་བཅུའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐོང་བ་ལ་རྒྱལ་ཚབ་དུ་གྱུར་པ། དེ་བཞིན་གཤེགས་པའི་ཡུལ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཡང་དག་པར་སྟོན་པའི་སྤྱོད་ཡུལ་ཅན། ལྷའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ མངོན་པར་དགའ་བའི་ལུས་ཅན། ཀླུའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མྱི་སྐྱོ་བར་ལྟ་བ། གནོད་སྦྱིན་གྱི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཐལ་མོ་སྦྱར་ཞིང་སྤྱི་བོ་ལ་གཞག་པ། དྲི་ཟའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་ བཅུ་མྱི་ངོམས་པར་མོས་པས་ལྡང་བ། ལྷ་མ་ཡིན་གྱི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ང་རྒྱལ་གྱི་ཡིད་ཡོངས་སུ་ཆད་པ། ནམ་མཁའ་ལྡིང་གི་དབང་པོ་བྱེ་བ་བརྒྱ་སྟོང་གི་ཁ་ནས་དར་ཤིན་ཏུ་སྤྱངས་པ། མིའམ་ 73-1-115b ཅིའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་སེམས་རབ་ཏུ་དགའ་བ། ལྟོ་འཕྱེ་ཆེན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དགའ་བའི་ཡིད་དུ་བལྟ་བ། ཚངས་པའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཞེ་ས་དང་ཕུ་དུད་དུ་གནས་པ། འཇིག་རྟེན་ གྱི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་སྤྱིའོ་དང་། ལུས་ཀྱིས་བཏུད་པ། ལྷའི་དབང་པོ་བརྒྱ་བྱིན་ལས་སྩོགས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བལྟ་བ། རབ་མཚེ་མའི་ལྷའི་རྒྱལ་པོ་ལས་སྩོགས་པ་བྱེ་བ་བརྒྱ་སྟོང་ཕྲག་ བཅུས་དགའ་བ་ཆེན་པོའི་སྒྲ་ཕྱུང་བ། རབ་དགའ་ལྡན་གྱི་ལྷའི་རྒྱལ་པོ་ལས་སྩོགས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་བཏུད་པ། རབ་འཕྲུལ་དགའི་ལྷའི་རྒྱལ་པོ་ལས་སྩོགས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཕྱག་བྱ་བ། དབང་བྱེད་ཀྱི་ལྷའི་རྒྱལ་པོ་ལས་སྩོགས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཐལ་མོ་སྦྱར་བ། ཚངས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བལྟ་བ། དབང་ཕྱུག་ཆེན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མངོན་པར་བརྗོད་པ། བྱང་ཆུབ་སེམས་ དཔའ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མངོན་པར་བསྟོད་པ། ལྷའི་བུ་མོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་མཆོད་པ། སྨོན་ལམ་གྱི་ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་མངོན་པར་དགའ་བ། སྔོན་འགྲོགས་པའི་ལྷ་བྱེ་བ་བརྒྱ་ སྟོང་ཕྲག་བཅུས་སྒྲ་ཕྱུང་བ། ཚངས་རིགས་ཀྱི་ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལུས་ཐམས་ཅད་ཀྱིས་ཕྱག་བྱ་བ། ཚངས་ལྷ་ཉེ་ཕན་གྱི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྤྱི་བོ་བཏུད་པ། ཚངས་པ་ཀུན་རིགས་ཀྱི་ལྷ་བྱེ་བ་ བརྒྱ་སྟོང་ཕྲག་བཅུས་བསྐོར་བར་བྱས་པ། ཚངས་པ་ཆེན་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡོན་ཏན་མཐའ་ཡས་པའི་མཐར་ཕྱིན་པ། བརྒྱ་ཕྲག་སྟོང་གིས་ཤིན་ཏུ་བཏོང་བའི་སྒྲ་ཕྱུང་བ། ཀུན་སྣང་དང་བའི་ལྷ་བྱེ་བ་བརྒྱ་སྟོང་ ཕྲག་བཅུས་འཁོར་ལྔས་ཕྱག་བྱས་པ། འོད་ཆུང་གི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་སྐྱེ་བ་ཤིན་ཏུ་དཀོན་པའི་སྒྲ་བསྒྲགས་པ། ཚད་མྱེད་འོད་ཀྱི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་ལེགས་པར་ 73-1-116a གཤེགས་སོ་ཞེས་ཕྱག་བྱ་བ། ཀུན་སྣང་དང་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བསྟོད་ཅིང་མཐོང་བར་དཀའ་བའི་སྒྲ་ཕྱུང་བ། དགེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་གཞལ་མྱེད་ཁང་ཅན་དུ་འཕགས་ པ། འོད་ཆུང་གི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སེམས་དང་བའི་ལུས་ཀྱིས་མངོན་པར་བཏུད་པ། ཚད་མྱེད་དགེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་མཐོང་བར་མོས་ཤིང་རང་གི་ལུས་ཀྱིས་བཏུད་ པ། དགེ་རྒྱས་ཀྱི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མཆོད་པ་དང་རིམ་གྲོར་བྱ་བ། ཆེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དགེ་བའི་རྩ་བ་རྗེས་སུ་དྲན་པར་བྱ་བ། ཆུང་ཆེའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་དེ་བཞིན་གཤེགས་ པ་ཆེ་བའི་འདུ་ཤེས་རབ་ཏུ་སྐྱེས་ཤིང་ལྟ་བ། ཚད་མྱེད་ཆེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དགེ་བའི་ཆོས་རྟོགས་ཤིང་རིམ་གྲོ་ཆེར་བྱ་བ། འབྲས་བུ་ཆེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལུས་ཤིན་ཏུ་བཏུད་ པ། མྱི་ཆེ་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དད་པའི་རྩ་བ་བརྟན་པར་བྱས་ཏེ། མངོན་པར་བརྗོད་ཅིང་ལུས་བཏུད་པ། མི་གདུང་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་ཀྱི་སྤྱན་སྔ་ནས་ཐལ་མོ་སྦྱར་ ཞིང་ངོམས་མི་ཤེས་པར་བལྟ་བ། གྱ་ནོམ་སྣང་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་མངོན་པར་བལྟས་ཏེ་ལུས་བཏུད་པ། ཤིན་ཏུ་མཐོང་བའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་ཀྱིས་བསྟན་པ་ལ་ ངོམས་མྱི་ཤེས་པར་ལུས་དབུལ་བ། འོག་མྱིན་གྱི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སྤྱི་བོས་བཏུད་ཅིང་མཆོད་པ། ལྷ་སྣ་ཚོགས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་དགའ་བ་ཆེན་པོས་སྣང་བའི་སྒྲ་ཕྱུང་བ། ལྷ་ བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བསམས་ཤིང་བསྒྲུབས་ཏེ་བརྒྱན་པ། ལྷའི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་སངས་རྒྱས་ཀྱི་གདན་བསྒྲུབ་པ་ལ་བྱིན་གྱིས་བརླབས་རྒྱུན་མྱི་གཅད་ 73-1-116b པ། ལྷའི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་པ་སྟོང་ཕྲག་བཅུ་མེ་ཏོག་ཐོགས་པ་དང་། སྤོས་ཐོགས་པ་དང་། ཕྲེང་བ་ཐོགས་པ་དང་། ཕྱེ་མ་ཐོགས་པ་དང་། བྱུག་པ་ཐོགས་པ་དང་། ན་བཟའ་ཐོགས་པ་དང་། གདུགས་ ཐོགས་པ་དང་། རྒྱལ་མཚན་ཐོགས་པ་དང་། བ་དན་ཐོགས་པ་དང་། རིན་པོ་ཆེ་ཐོགས་པ་དང་། ཕྱང་འཕྲུལ་ཐོགས་པ་དང་། ལྷབ་ལྷུབ་ཐོགས་པས་མངོན་པར་གཏོར་ཞིང་ཆར་དུ་བབ་སྟེ་རབ་ཏུ་དགྱེ་བ། ལྷ་བྱེ་བ་བརྒྱ་སྟོང་ ཕྲག་བཅུས་ལྷའི་ཁྱིམ་མངོན་པར་འཕགས་པ་གཅིག་ནས་ཅིག་ཏུ་རྒྱུད་པའི་ཕ་རོལ་ཏུ་ཕྱིན་པར་བྱ་བ། ལྷའི་གཞལ་མྱེད་ཁང་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ལྷའི་བུས་དད་པར་བཙུན་པ། ལྷའི་བུ་བཙུན་པ་བྱེ་བ་བརྒྱ་ སྟོང་ཕྲག་བཅུས་ལྷུན་ཤིན་ཏུ་གཟུང་བ། དབང་བསྐུར་བའི་ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ལྷུན་ཀུན་ནས་བཟུང་བ། བྱང་ཆུབ་སེམས་དཔའི་སེམས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ལེགས་པར་སེམས་ཤིང་སྤྱོད་པ། བྱང་ཆུབ་སེམས་དཔའི་བཙུན་པའི་སེམས་བསྐྱེད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་ཡིད་དག་པར་བྱེད་པ། བྱང་ཆུབ་སེམས་དཔའི་དབང་པོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་སིམ་པར་བྱེད་པ། བྱང་ཆུབ་སེམས་དཔའ་ ལྷག་པའི་བསམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཡོངས་སུ་དག་པར་བྱེད་པ། བྱང་ཆུབ་སེམས་དཔའི་མོས་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྣམ་པར་དག་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལས་བྱེ་བ་བརྒྱ་སྟོང་ཕྲག་ བཅུ་ཡང་དག་པར་སྦྱོང་བ། བྱང་ཆུབ་སེམས་དཔའ་སྐྱེས་པའི་རབས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་སྟོན་པར་བྱེད་པ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྒོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་སྣང་བར་བྱེད་པ། བྱང་ཆུབ་ སེམས་དཔའི་ས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་བསྒྲུབ་པ། བྱང་ཆུབ་སེམས་དཔའི་རིས་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཡོངས་སུ་སྨིན་པར་འདུལ་བ། དགེ་བའི་རྩ་བ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡང་དག་པར་བྱུང་བ། 73-1-117a སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་བྱིན་གྱིས་བརླབས་པ། བསོད་ནམས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡོངས་སུ་གྲུབ་པ། ལྷག་པའི་བསམ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡོངས་སུ་སྦྱངས་པ། སྨོན་ ལམ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་དག་པར་བྱས་པ། སྤྱོད་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཡང་དག་པར་སྐྱེས་པ། ཆོས་བྱེ་བ་བརྒྱ་སྟོང་ཕྲག་བཅུས་ཉེ་བར་བསྟན་པ། རྣམ་པར་འཕྲུལ་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་རྗེས་ སུ་སོང་བ། ཡོན་ཏན་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཤིན་ཏུ་འཕགས་པ་བཤམས་སོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་པ། ཇི་ལྟར་གླིང་བཞི་པ་ཆེན་པོ་འདིའི་ དགའ་ལྡན་གྱི་གནས་སུ་ལྷའི་དབང་པོ་རབ་དགའ་ལྡན་གྱིས་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་ཅན་དུ་དེ་བཞིན་གཤེགས་པའི་གདན་བཏིང་བར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་ བཞི་པ་ཆེན་པོ་དག་ན་ཡང་དགའ་ལྡན་གྱི་གནས་དག་ཏུ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་ཅན་དག་དུ་རྒྱན་འདི་ལྟ་བུ་དང་། ཚུལ་འདི་ལྟ་བུ་དང་། དད་པ་འདི་ལྟ་བུ་དང་། མོས་པ་འདི་ ལྟ་བུ་དང་། དགའ་བ་འདི་ལྟ་བུ་དང་། རབ་ཏུ་དགའ་བ་འདི་ལྟ་བུ་དང་། ཞེ་ས་འདི་ལྟ་བུ་དང་། རིམ་གྲོ་འདི་ལྟ་བུ་དང་། སྤྲོ་བ་འདི་ལྟ་བུ་དང་། ཉེ་བར་སེམས་པ་འདི་ལྟ་བུས་དེ་བཞིན་གཤེགས་པའི་གདན་བཏིང་བར་གྱུར་ ཏོ། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་གདན་བཏིང་ནས། ཞེ་ས་ཅན་གྱི་རིམ་གྲོ་དང་བཅས་པར་དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་དང་ལྷན་ཅིག་དུ་དོང་སྟེ། བཅོམ་ལྡན་ འདས་བསུ་ནས་མེ་ཏོག་གྲངས་མྱེད་པའི་སྤྲིན་གྱི་ཆར་ནི་རབ་ཏུ་ཕབ། སྤོས་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཆར་ནི་རབ་ཏུ་ཕབ། ཕྲེང་བ་ཡོན་ཏན་སྣ་ཚོགས་དང་ལྡན་པའི་སྤྲིན་ནི་རབ་ཏུ་ཀྱེ། གདུགས་རྣམ་ 73-1-117b པ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་ནི་རབ་ཏུ་ཕབ། ལྷ་རྫས་ཀྱི་གོས་རབ་ཏུ་ཕྲ་བའི་སྤྲིན་རབ་ཏུ་བཀྱེ། རིན་པོ་ཆེ་ཡིད་དུ་འོང་བ་མཐའ་ཡས་པ་ཐམས་ཅད་ཀྱི་སྤྲིན་གྱི་ཆར་ནི་རབ་ཏུ་ཕབ། སེམས་ཤིན་ཏུ་དང་བས་ ལྷ་རྫས་ཀྱི་ལྷབ་ལྷུབ་དང་། ཕྱང་འཕྲུལ་གྱི་སྤྲིན་གྱི་ཆར་ནི་ཀུན་ཏུ་ཕབ། བདུག་སྤོས་རྣམ་པ་དུ་མའི་སྤྲིན་གྱི་ཀུན་ཏུ་བདུག །ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མ་དང་། ཨ་ཀ་རུའི་ཕྱེ་མ་དང་། སྤོས་དམ་པ་ཐམས་ཅད་ཀྱི་ཕྱེ་མའི་ སྤྲིན་གྱི་ཆར་ནི་རབ་ཏུ་ཕབ། ལྷའི་བུ་མཐའ་ཡས་པས་ཀྱང་རང་རང་གི་ལུས་ཀྱི་སྤྲིན་ནི་ཤིན་ཏུ་བཀྱེ། དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་དང་། དེ་མ་ཡིན་པའི་ལྷའི་རིས་ནས་འདུས་པའི་ ལྷའི་བུ་རྣམས་ཀྱིས་ཀྱང་སེམས་ཤིན་ཏུ་དང་བས་ཞེ་ས་རབ་ཏུ་བསྐྱེད་ནས། ཤིན་ཏུ་བཏུད་ཏེ་ཕྱག་འཚལ་ཏོ། །ལྷའི་བུ་མོ་གྲངས་མྱེད་པ་དག་ཀྱང་དགའ་ཞིང་མོས་པའི་སེམས་ཀྱིས་བཅོམ་ལྡན་འདས་ལ་རབ་ཏུ་ སེམས་སོ། །བྱང་ཆུབ་སེམས་དཔའ་དགའ་ལྡན་ཀྱི་གནས་ན་སྤྱོད་པ་གྲངས་མྱེད་པ་རྣམས་ཀྱང་བར་སྣང་ལ་གནས་ཏེ། སངས་རྒྱས་ལ་མཆོད་པར་བརྩོན་པའི་སེམས་ཀྱིས་ལྷ་རྫས་ལས་འདས་པའི་མཆོད་པས་བཅོམ་ ལྡན་འདས་ལ་མཆོད་པ་བྱེད་དོ། །རིམ་གྲོ་བྱེད་དོ་ཕྱག་འཚལ་ལོ། །དེའི་ཚེ་སངས་རྒྱས་ཀྱི་བྱིན་བརླབས་དང་། སངས་རྒྱས་ཀྱི་སྔོན་གྱི་དགེ་བའི་རྩ་བ་རྒྱུ་མཐུན་པ་དང་། དེ་བཞིན་གཤེགས་པའི་ཆོ་འཕྲུལ་བསམ་གྱིས་ མི་ཁྱབ་པས་རོལ་མོ་དཀྲོལ་བ་དང་། བརྡུང་བའི་ཚོགས་གྲངས་མྱེད་པ་ཡང་སྒྲ་འབྱིན་པར་གྱུར་ཏོ། །ལྷའི་བུ་དགའ་ལྡན་གྱི་གནས་ན་འཁོད་པ་རྣམས་དང་། ལྷའི་བུ་མོ་རྣམས་ཀྱང་བཅོམ་ལྡན་འདས་ལ་ནི་ལྟ། དེ་བཞིན་གཤེགས་པ་འབྱུང་བ། ཤིན་ཏུ་དཀོན་པར་ནི་རྗེས་སུ་སེམས་ཤིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་སྒྲིབ་པ་མྱེད་པའི་ཆོས་ཅན་ནོ་ཞེས་ཡང་དག་པར་ 73-1-118a ལྟ་ཞིང་དེ་ལོགས་སུ་མངོན་པར་ལྟ་བར་གྱུར་ཏོ། །དགའ་ལྡན་གྱི་གནས་ན་འཁོད་པའི་འཁོར་ཐམས་ཅད་དང་། ལྷ་བྱེ་བ་བརྒྱ་སྟོང་གྲངས་མྱེད་པ་བཅོམ་ལྡན་འདས་བསུ་བའི་ཕྱིར་རིན་པོ་ཆེ་ཐམས་ཅད་ཀྱི་མྱེ་ཏོག་གི་ ཕུར་མ་ཐོགས་པ་དང་། སྤོས་ཐམས་ཅད་ཀྱི་ཕུར་མ་ཐོགས་ཐོགས་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཕུར་མ་ཐོགས་ཐོགས་པ་དང་། རྒྱན་ཐམས་ཅད་ཀྱི་ཕུར་མ་ཐོགས་ཐོགས་པ་དང་། ལྷ་རྫས་ཀྱི་ཙན་དན་ཐམས་ཅད་ཀྱི་ཕྱེ་ མའི་ཕུར་མ་ཐོགས་ཐོགས་པ་དང་། ལྷ་རྫས་ཀྱི་ཨ་ཀ་རུ་ཐམས་ཅད་ཀྱི་ཕྱེ་མའི་ཕུར་མ་ཐོགས་ཐོགས་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་ཕྱེ་མའི་ཕུར་མ་ཐོགས་ཐོགས་པ་དང་། ལྷ་རྫས་ཀྱི་སྤོས་ཀྱི་མེ་ཏོག་ ཐམས་ཅད་ཀྱི་ཕྱེ་མའི་ཕུར་མ་ཐོགས་ཐོགས་པ་དང་། ལྷ་རྫས་ཀྱི་མེ་ཏོག་མན་ད་ར་བའི་ཕུར་མ་ཐོགས་ཐོགས་པ་རྣམས་ཀྱང་དོང་སྟེ། བཅོམ་ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །ལྷའི་བུ་ དགའ་ལྡན་གྱི་གནས་སུ་གཏོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་རྣམས་ཀྱང་བར་སྣང་ལ་འཁོད་དེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་གཞོལ་བའི་སེམས་ཀྱིས་སྤོས་དང་བདུག་པའི་སྤྲིན་གྱིས་བདུག་པས་བར་སྣང་ བརྒྱན་པར་བྱས་སོ། །སངས་རྒྱས་ལ་དགའ་ཞིང་གཞོལ་བའི་སེམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་ཐམས་ཅད་ཀྱི་སྤྲིན་གྱི་ཆར་གྱིས་རབ་ཏུ་བརྒྱན་པར་བྱས་སོ། །དེ་བཞིན་གཤེགས་པ་ལ་ཞེ་ས་ཆེར་བྱ་བའི་སེམས་ གྱིས་ལྷ་རྫས་ཀྱི་གདུགས་སྣ་ཚོགས་ཀྱི་སྤྲིན་གྱིས་བར་སྣང་གཡོག་པར་བྱས་ཏེ། བརྒྱན་པར་བྱས་སོ། །སངས་རྒྱས་ལ་མཆོད་པར་གཞོལ་བའི་སེམས་ཀྱིས་ལྷ་རྫས་ཀྱི་ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་རབ་ཏུ་དགྱེ་བས་བར་ སྣང་བརྒྱན་པར་བྱས་སོ། །སངས་རྒྱས་ལས་ཐོས་པར་མོས་པའི་སེམས་ཀྱིས་གསེར་གྱི་དྲ་བ་གྲངས་མྱེད་པ་ལས་དྲིལ་བུ་སྣ་ཚོགས་ཀྱི་དྲ་བ་འཁྲོལ་ཞིང་སྒྲ་འབྱིན་པས་གཡོག་པར་བྱས་ཏེ་བར་སྣང་རྒྱན་པ་བྱས་སོ། ། 73-1-118b དེ་བཞིན་གཤེགས་པ་ལ་ཡོན་གྱི་གནས་དམ་པ་ཡིན་པར་མཛད་པའི་སེམས་ཀྱིས་བླ་རེ་གྲངས་མྱེད་པ་ལས་རིན་པོ་ཆེ་ཐམས་ཅད་ཀྱི་སེ་མོ་དོའི་སྤྲིན་ལྡིང་ཞིང་། འཕྲུལ་བའི་རྒྱན་ཀྱིས་བར་སྣང་བརྒྱན་པར་བྱས་སོ། ། སངས་རྒྱས་ལ་དགེ་བར་འདུན་པའི་སེམས་ཀྱིས་ལྷ་རྫས་ཀྱི་གཞལ་མྱེད་ཁང་གྲངས་མྱེད་པར་ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་། དཀྲོལ་བ་ཐམས་ཅད་ཀྱི་སྒྲ་ཡིད་དུ་འོང་བ་ཕྱུང་བས་བར་སྣང་བརྒྱན་པར་བྱས་སོ། །སངས་ རྒྱས་སྐྱེ་བ་ཤིན་ཏུ་དོག་པར་དགོས་པའི་སེམས་ཀྱིས་ལྷ་རྫས་ཀྱི་ན་བཟའ་ཁ་དོག་སྣ་ཚོགས་པའི་སྤྲིན་དང་། ན་བཟའ་མཚུངས་པ་མྱེད་པའི་སྤྲིན་གྱི་ཆར་འབབ་པའི་རྒྱན་གྱིས་བར་སྣང་བརྒྱན་པ་བྱས་སོ། །སངས་རྒྱས་ ལ་མོས་པ་མཐའ་ཡས་པའི་སེམས་ཀྱིས་ལྷ་རྫས་ཀྱི་ཅོད་པན་ཐངས་མྱེད་པའི་སྤྲིན་ལས་ཅོད་པན་གྱི་ཆར་ཆེན་པོ་འཁོར་ཞིང་འབབ་པའི་རྒྱན་གྱིས་བར་སྣང་བརྒྱན་པ་བྱས་སོ། །སངས་རྒྱས་ཡིད་ལ་བདེ་བ་ སྐྱེས་པའི་སེམས་ཀྱིས་ལྷ་རྫས་ཀྱི་རིན་པོ་ཆེ་ཁ་དོག་སྣ་ཚོགས་གྲངས་མྱེད་པའི་སྤྲིན་ལས་ཕྲེང་བ་སྣ་ཚོགས་ཀྱི་ཆར་རྒྱུན་མྱི་འཆད་པར་འབབ་པའི་རྒྱན་གྱིས་བར་སྣང་བརྒྱན་པ་བྱས་སོ། །ལྷའི་བུ་བྱེ་བ་བརྒྱ་སྟོང་ གྲངས་མྱེད་པ་ཡང་ལྷ་རྫས་ཀྱི་མེ་ཏོག་ཐ་དད་པ་གྲངས་མྱེད་པ་ལག་ན་ཐོགས་ཏེ། མེ་ཏོག་ཟད་མྱི་ཤེས་པའི་མཛོད་རབ་ཏུ་བཀྱེ་ནས། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །མོས་པའི་སྤོས་ཞིས་པོར་སྙེད་ཅིང་ སངས་རྒྱས་ལ་དད་པར་གནས་པས་ལྷ་རྫས་ཀྱི་སྤོས་དང་། བདུག་པ་ཁ་དོག་སྣ་ཚོགས་གྲངས་མྱེད་པ་ལག་ན་ཐོགས་ཏེ་བཅོམ་ལྡན་འདས་ལ་ཕུལ་ལོ། །རྒྱན་ཆེན་པོ་སྤྲུལ་པའི་སེམས་ཀྱིས་ལྷ་རྫས་ཀྱི་ ཙན་དན་གྱི་ཕྱེ་མ་ཁ་དོག་སྣ་ཚོགས་གྲངས་མྱེད་པ་ལག་ན་ཐོགས་ཏེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །དགའ་བའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞམ་རིང་དུ་འབྲང་ཞིང་རིན་པོ་ཆེའི་གདུགས་ཁ་ 73-1-119a དོག་སྣ་ཚོགས་གྲངས་མྱེད་པ་ལག་ན་ཐོགས་ཏེ། བཅོམ་ལྡན་འདས་ལ་མངོན་པར་འགེབས་སོ། །སངས་རྒྱས་མཐའ་ཡས་པ་ལ་མོས་པའི་སེམས་རྣམ་པར་འཕེལ་བས། གོས་རིན་པོ་ཆེ་ཁ་དོག་སྣ་ཚོགས་ གྲངས་མེད་པ་ལག་ན་ཐོགས་ཏེ། བཅོམ་ལྡན་འདས་གཤེགས་པའི་ལམ་གཡོག་པར་བྱས་སོ། །དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བར་མོས་པའི་སེམས་ཀྱིས་ལྷ་རྫས་ཀྱི་རྒྱལ་མཚན་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་ དོག་ཅན་ལག་ན་ཐོགས་ཤིང་། བཅོམ་ལྡན་འདས་ཀྱི་ཞམ་རིང་དུ་འདོང་ངོ་། །སངས་རྒྱས་ལ་དགའ་བ་མཐའ་ཡས་པ་རྣམ་པར་འཕེལ་བའི་སེམས་ཀྱིས་ལྷ་རྫས་ཀྱི་ལྷབ་ལྷུབ་དང་། ཕྱང་ཕྲུལ་ཁ་དོག་སྣ་ཚོགས་ གྲངས་མེད་པའི་ཡང་གྲངས་མྱེད་པ་ལག་ན་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་ཕུལ་ལོ། །དད་པ་མྱི་འཕྲོགས་པའི་སེམས་ཀྱིས་ལྷ་རྫས་ཀྱི་ཕྲེང་བ་གྲངས་མྱེད་པ་ལག་ན་ཐོགས་ཏེ། བཅོམ་ལྡན་འདས་ལ་ མངོན་པར་གསོལ་ཏོ། །མཚུངས་པ་མེད་པའི་དགའ་བ་རྣམ་པར་འཕེལ་བས། ལྷ་རྫས་ཀྱི་བ་དན་རིན་པོ་ཆེ་ཁ་དོག་སྣ་ཚོགས་གྲངས་མེད་པའི་ཡང་གྲངས་མེད་པ་ལག་ན་ཐོགས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ ན་འཛིན་ཏོ། །ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཡང་ཞི་བ་ལ་ཡང་རབ་ཏུ་གཞོལ་ཞིང་བག་ཡོད་པ་ཚད་མྱེད་པའི་སེམས་ཀྱིས་ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་། དཀྲོལ་བ་ཁ་དོག་སྣ་ཚོགས་ གྲངས་མྱེད་པ་ལག་ན་ཐོགས་ཏེ། ཡིད་དུ་འོང་བའི་སྒྲ་དབྱངས་ཕྱུང་ནས། བཅོམ་ལྡན་འདས་དགྱེས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པ། དགའ་ལྡན་གྱི་གནས་ ནས་འོངས་པའི་རྣམས་ཀྱང་ལྷ་རྫས་ལས་འདས་པའི་མཆོད་པ་ཁམས་གསུམ་ལས་རྣམ་པར་འདས་པ། དམྱིགས་པའི་ཆོས་ལས་བྱུང་བ། རྗེན་པའི་དྲི་མྱེད་པ། ཆགས་པ་མེད་པའི་སེམས་ཚིམ་པར་ 73-1-119b བྱེད་པ། ཆོས་ཀྱི་ཚུལ་ཟབ་མོས་མངོན་པར་གྲུབ་པ། བློ་ཚད་མེད་པའི་ཡངས་པ་ལས་བྱུང་བ། དད་པའི་རྩ་བ་བརྟན་པས་རྣམ་པར་སྤེལ་བ། དགེ་བའི་རྩ་བ་བསམ་གྱིས་མྱི་ཁྱབ་པ་ལས་བྱུང་བ། དགེ་བའི་རྩ་བ་ དང་འཕྲུལ་གྲངས་མྱེད་པས་མངོན་པར་བསྒྲུབས་པ། སངས་རྒྱས་ཀྱི་མཆོད་པ་ཡིད་ཀྱི་རང་བཞིན་ལས་བྱུང་བ། མངོན་པར་འདུ་བྱ་བ་མྱེད་པའི་ཆོས་ཀྱི་སྒོས་རྒྱས་བཏབ་པས། ཆོས་ཀྱི་དབྱིངས་ཐམས་ཅད་ ཀུན་ནས་གཡོག་པར་བྱས་སོ། །ལྷ་རྫས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་མེ་ཏོག་གི་བླ་རེ་སྣ་ཚོགས་ཀྱིས་ཆོས་ཀྱི་དབྱིངས་ཀུན་ནས་ཁེབས་པར་བྱས་སོ། །ལྷ་རྫས་ལས་འདས་པ་མོས་པ་ རྣམ་པར་དག་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྒྱས་པར་འགེངས་པའི་ན་བཟའ་སྣ་ཚོགས་མངོན་པར་དགའ་བས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །ཆགས་པ་མྱེད་པའི་ཆོས་ཀྱི་རང་བཞིན་རྡོ་རྗེ་ ལ་ཡང་དག་པར་ཞུགས་པའི་སེམས་ཀྱིས་ལྷ་རྫས་ལས་འདས་པའི་མྱི་སྐྱེ་བའི་ཆོས་ལས་བྱུང་བའི་དྲིལ་བུ་ཚོམ་བུར་གཅད་པའི་དྲ་བས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་ བུར་རྟོགས་པའི་སེམས་ཀྱིས་ལྷ་རྫས་ལས་འདས་པའི་སྤོས་ཐམས་ཅད་ཀྱི་མཆོག་གིས་བདུག་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །དེ་བཞིན་གཤེགས་པ་བཞུགས་པས་ཆོས་ཀྱི་དབྱིངས་ རྒྱས་པར་བྱས་པའི་སེམས་ཀྱིས་ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་ཁྲི་སངས་རྒྱས་ཀྱི་གདན་དུ་བཏིང་བའི་རྒྱན་ཀྱིས་ཆོས་ཀྱི་དབྱིངས་བརྒྱན་པ་བྱས་སོ། །སངས་རྒྱས་ཀྱི་མཆོད་པ་རང་བཞིན་འགག་ པ་མྱེད་པའི་སེམས་ཀྱིས་ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་ཡང་དག་པར་བསྒྲེང་བའི་རྒྱལ་མཚན་གྱིས་ཆོས་ཀྱི་དབྱིངས་བརྒྱན་པ་བྱས་སོ། །རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་བསམ་ 73-1-120a པ་ཚིམ་པས་ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་ཕོ་བྲང་བརྒྱན་པས་ཆོས་ཀྱི་དབྱིངས་བརྒྱན་པ་བྱས་སོ། །མྱི་གནས་པའི་དགེ་བའི་རྩ་བ་བླང་བ་མྱེད་པ་ལས་བྱུང་བས། ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མོས་ཀུན་ནས་གཡོག་པའི་རྒྱན་ཀྱིས་ཆོས་ཀྱིས་དབྱིངས་བརྒྱན་པར་བྱས་སོ། །ལྷ་རྫས་ལས་འདས་པའི་སྤོས་ཐམས་ཅད་ཀྱི་མཆོག་གི་སྤྲིན་གྱིས་ཆོས་ ཀྱི་དབྱིངས་ཐམས་ཅད་རྒྱས་པར་བྱས་པ་དང་། མེ་ཏོག་ཁ་དོག་མཐའ་ཡས་པ་སྣ་ཚོགས་ཀྱི་སྤྲིན་དང་། ན་བཟའ་ཁ་དོག་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་སྤྲིན་དང་། ཙན་དན་གྱི་དྲི་ཞིམ་པོ་མཐའ་ཡས་པར་ འཕྲོ་བ་ཐམས་ཅད་ཀྱི་སྤྲིན་དང་། ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་རྣམ་པ་སྣ་ཚོགས་ཀྱི་སྤྲིན་དང་། སྤོས་དང་བདུག་པ་སྣ་ཚོགས་ཀྱི་ངད་ཀུན་ཏུ་ལྡང་བའི་སྤྲིན་དང་། ཕྲེང་བ་ཡིད་དུ་འོང་བ་ཐམས་ ཅད་ཀྱི་སྤྲིན་དང་། ལྷ་རྫས་ལས་འདས་པའི་ལྷབ་ལྷུབ་རྣམ་པར་དག་པ་ཐམས་ཅད་ཀྱི་སྤྲིན་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པའི་རང་གི་ལུས་གཏོང་བའི་སྤྲིན་དང་། སངས་རྒྱས་ ཀྱི་ཡོན་ཏན་བརྗོད་པ་ལས་འདས་པས་བསྟོད་ཅིང་བསྔགས་པའི་བརྗོད་པ་ཟད་མྱི་ཤེས་པའི་སྤྲིན་དང་། དེ་བཞིན་གཤེགས་པའི་བསྟོད་པས་བརྗོད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྔགས་པའི་ཆོས་མ་ ལགས་པ་ལས་བྱུང་བའི། སངས་རྒྱས་ཀྱི་སྟོབས་མཐའ་དང་དབུས་མྱེད་པ་ལས་རྒྱུ་བས་འགྲོ་བ་ཐམས་ཅད་བདེ་བའི་ལམ་བསྟན་པ་དང་། ཚིག་རྣམ་པར་འབྱེད་པ་བརྗོད་དུ་མྱེད་པའི་མོས་པས་ཆོས་ཚད་ མྱེད་པ་ལ་གཞོལ་བའི་གཟུགས་ཀྱི་རྒྱུད་ཐམས་ཅད་ལས་བྱུང་བའི་ཐ་དད་པ་ཡང་དག་པར་ཤེས་པ་ལ་མཁས་པ་མྱི་ཟད་པ་དང་མྱི་འཇིགས་པས་ཡིད་དགའ་བར་གྱུར་པའི་རིམ་གྲོ་ངོམས་མི་ཤེས་པས། 73-1-120b དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པ། ཚིག་རྣམ་པར་དབྱེ་ཞིང་བརྗོད་པས། བྱང་ཆུབ་སེམས་དཔའ་དེ་དག་ཆོས་ཀྱི་དབྱིངས་ཀྱི་ལུས་ནམ་མཁའི་ཁམས་རྒྱས་པར་བྱེད་པ་བྱིན་གྱིས་བརླབས་ཏེ། སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའི་ཡིད་ཀྱིས་དབང་པོས་མངོན་པར་བསྟོད་དོ། །ལྷའི་རིས་གཞན་དང་གཞན་ནས་འདུས་པའི་ལྷའི་འཁོར་དེ་དག་ ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱུ་མཆོག་གི་ མཐུ་ཕྱུང་བ། བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བསྟོད་ཅིང་། དེ་བཞིན་གཤེགས་པའི་སྐུ་ཡང་དག་པར་འབྱུང་བ་དང་། བསམ་གྱིས་མྱི་ཁྱབ་པའི་རྫུ་འཕྲུལ་ཡང་དག་པར་སྟོན་པ་དང་། སེམས་ཅན་གྲངས་མྱེད་པའི་རྒྱུད་ ཚིམ་པར་མཛད་པ་དང་། སངས་རྒྱས་ཀྱི་བརྒྱན་རྣམ་པར་ཕྱེ་བས་ནམ་མཁའི་ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་མཛད་པ་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཐའ་ཡས་པ་བརྟན་ པར་མཛད་པ། སངས་རྒྱས་ཀྱི་ཆོ་འཕྲུལ་གཞལ་དུ་མྱེད་པ་ལས་བྱུང་བ། ཚིག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ཐམས་ཅད་ཀྱིས་མངོན་པར་མོས་ པར་བྱ་བ། སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་སྐུ་ཡང་དག་པར་རྗེས་སུ་ཁྱབ་པར་གྱུར་པ། དགེ་བའི་རྩ་བ་བརྗོད་པ་ཐམས་ཅད་རྣམ་པར་དག་པས་སངས་རྒྱས་ཀྱི་ཡོན་ཏན་ ཚད་མྱེད་པ་ཡང་དག་པར་སྟེན་པ། དེ་བཞིན་གཤེགས་པའི་ཡུལ་རྒྱུན་མྱི་འཆད་པར་འབྱུང་བའི་ཏིང་ངེ་འཛིན་ལས་འབྱུང་བ། འགྲོ་བ་ཐམས་ཅད་མ་ལུས་པའི་ལུས་ཀྱི་རྗེས་སུ་འདུལ་བ། སྐུའི་བྱིན་གྱི་བརླབས་ 73-1-121a ལས་མཚམས་མྱེད་པ། ཡིད་ཚད་མྱེད་པ་ཡོངས་སུ་མགུ་བར་མཛད་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མི་གཅོད་པ། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་མཐའ་དང་དབུས་མྱེད་པ་འབྱུང་བ་བརྙེས་ པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་བྱུང་བ། ཁམས་དང་མོས་པ་བགྲང་དུ་མྱེད་པ་ཐམས་ཅད་སྦྱོང་བར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ མངོན་པར་བསྒྲུབ་པ་ལ་འཇུག་པར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རབ་ཏུ་དགའ་བར་མཛད་པ། ཆོས་ཀྱི་སྤྲིན་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་གཡོག་པར་མཛད་པ། ཆོས་ཀྱི་ དབྱིངས་ཐམས་ཅད་མ་ལུས་པར་དེ་བཞིན་གཤེགས་པས་འདུལ་བའི་བྱིན་གྱིས་རློབ་པ། སེམས་ཅན་ཐམས་ཅད་ཀྱི་རྟོག་པ་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྒྱས་པར་མཛད་པ། མྱི་གནས་པའི་ཡེ་ཤེས་ཀྱི་ རྒྱུད་ཀྱིས་འགྲོ་བ་ཐམས་ཅད་ལས་འཕགས་པ། ཡེ་ཤེས་ཀྱི་རྣམ་པ་ཐམས་ཅད་བརྙེས་པ། སངས་རྒྱས་ཀྱི་བྱིན་གྱིས་རླབས་སྣང་བ་གཟིགས་པ། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་བཞིན་དུ་ཡང་དག་པར་ གཟིགས་པ། སེམས་བསྐྱེད་པ་རྒྱ་ཆེན་པོ་སྐྱེ་བར་མཛད་པ། འགྲོ་བ་ཐམས་ཅད་དུ་ཀུན་ཏུ་བཟང་པོ་ཐུབ་པ་མྱེད་པའི་ཡེ་ཤེས་ཡང་དག་པར་རྒྱུ་ལས་བྱུང་བ་འགྲོ་བ་དང་ཞིང་ཐམས་ཅད་དུ་ཁྱབ་པ། ཆོས་ཀྱི་དབྱིངས་ ཐམས་ཅད་དུ་མྱི་ལྡོག་པར་གཤེགས་པ། སངས་རྒྱས་ཀྱི་སྐུའི་རྒྱུད་བརྗོད་དུ་མྱེད་པ་ཡང་དག་པར་སྟོན་པ། བསམ་པ་ཇི་ལྟ་བ་བཞིན་དུ་འཁྲུལ་པ་མྱི་མངའ་བར་བྱིན་གྱིས་རློབ་པ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་རྣམ་ པས་ཡོན་ཏན་མྱི་ཟད་པ་སངས་རྒྱས་རྗེས་སུ་དྲན་པས། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་མཛད་པ། འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མྱེད་པ་ཁྱབ་པར་མཛད་པ། བྱང་ཆུབ་ཀྱི་སེམས་ཀྱི་ཇི་ལྟར་དམ་བཅས་ 73-1-121b པའི་སེམས་ཅན་ལ་རིམ་གྲོར་མཛད་པ། ཇི་ལྟར་བརྙེས་པའི་ཆོས་ཀྱི་སྦྱིན་པ་མཛད་པ། སེམས་ཅན་ཇི་ལྟར་འདུལ་བ་བཞིན་དུ་འདུལ་བ་མཛད་པ། མོས་པ་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པར་མཛད་ པ། གཟུགས་ཀྱི་སྐུ་བསམ་གྱིས་མྱི་ཁྱབ་པར་བྱིན་གྱིས་རློབ་པ། འགྲོ་བ་ཐམས་ཅད་ལ་གནས་པ་མི་མངའ་ཞིང་མཉམ་པ་ཉིད་ཀྱི་རྗེས་སུ་བཞུད་པ། སྤྱོད་པ་ཐ་དད་པ་ལས་བྱུང་བ། དེ་བཞིན་གཤེགས་པའི་སྟོབས་ བཅུ་སྒྲིབ་པ་མྱེད་པ་མངོན་པར་སངས་རྒྱས་པ། ཐུགས་ལ་ཆགས་པ་མྱི་མངའ་བས་རྟག་ཏུ་མཉམ་པར་གཞག་ཅིང་མ་འདྲེས་པ། ཡེ་ཤེས་ཐམས་ཅད་ལ་རྣམ་པར་སྤྱོད་པ། དོན་དང་ཚིག་དང་ཡི་གེ་ཐ་དད་པ་ཡང་དག་པར་སྟོན་ པ་དང་། ཡེ་ཤེས་རྒྱ་མཚོ་མཐའ་དང་དབུས་མྱེད་པ་ལ་ཞུགས་པ། ཡོན་ཏན་གྱི་མཆོག་ཡེ་ཤེས་སྙིང་པོས་བྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་ཉི་མ་ཤར་བ། འགྲོ་བ་ཐམས་ཅད་དུ་སྔོན་གྱི་སྨོན་ལམ་ ཟད་པ་མྱི་མངའ་བར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་གནས་པ། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་མ་ཉམས་པ་བརྙེས་པ། བདག་གི་དང་ཡོངས་སུ་གཟུང་བ་མྱེད་པས་གནས་པར་མྱི་མངའ་བ། འཇིག་རྟེན་ལས་འདས་ པའི་ཆོས་ཐམས་ཅད་འབྱུང་ཞིང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། འགྲོ་བ་ཐམས་ཅད་ཀྱིས་མྱི་ཤེས་པའི་རྒྱལ་མཚན་ཡང་དག་པར་བཅད་པ། འཇིག་རྟེན་ཐམས་ཅད་ཀྱི་མྱི་ཤེས་པ་ཆེན་པོ་ཡོངས་སུ་ བསལ་བའི་གནས་སུ་གྱུར་པ་འགྲོ་བ་ཐམས་ཅད་སྣང་བར་མངོན་པར་འདོད་པ། འཇིག་རྟེན་ཐམས་ཅད་ཡེ་ཤེས་ཁྱད་པར་དུ་འཕགས་པ་ལ་རབ་ཏུ་གཞོག་པ། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བའི་བསོད་ནམས་ ཡོངས་སུ་མི་ཟད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་པ་ཐུགས་སུ་ཆུད་པ། དད་པར་བྱ་བར་འོས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གཞོལ་བའི་བྱམས་པ་ཆེན་པོ་ལས་བྱུང་བ་ཐུགས་ 73-1-122a རྗེ་ཆེན་པོ་ཡང་དག་པར་སྟོན་པས་སྤྱོད་པ། སངས་རྒྱས་ཀྱི་སྐུ་བརྗོད་དུ་མྱེད་པའི་ཆོས་དང་། སངས་རྒྱས་ཀྱི་ཆོས་སྣ་ཚོགས་བསམ་གྱིས་མྱི་ཁྱབ་པའི་གསུང་དང་དབྱངས་ཀྱི་ཆར་འབབས་པ། སེམས་ཅན་གྱི་ བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཚིམ་པར་མཛད་པ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་མཐའི་དམྱིགས་པའི་བྱིན་གྱིས་རླབས་ཤིན་ཏུ་དག་ཅིང་བསམ་གྱིས་མྱི་ཁྱབ་པས་སེམས་ཅན་ དག་པར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལུང་བསྟན་པ་རྒྱུན་མྱི་འཆད་པ། སངས་རྒྱས་ཀྱི་རིགས་སུ་དབང་བསྐུར་བས། དེ་བཞིན་གཤེགས་པའི་རྒྱུད་དུ་བྱུང་བ། འཇིག་རྟེན་ཐམས་ཅད་དུ་འཁོར་ལོ་མྱི་ལྡོག་ པར་འཁོར་བ། འཇིག་རྟེན་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་ལས་འཕགས་པ། སངས་རྒྱས་ཀྱི་ཞིང་དང་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་མཐས་ཀླས་པ་ལ་མྱི་གནས་པ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་ ཐུགས་སུ་ཆུད་པ། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་རྣམ་པར་དག་པ། འཁོར་བ་ལ་མི་ཞུགས་པར་འཇིག་རྟེན་ཐམས་ཅད་དུ་སྣང་བར་གྱུར་པ། བཙལ་བ་མྱི་དམྱིགས་པས་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ རང་བཞིན་ཡེ་ཤེས་ཀྱི་ཟླ་བ། དེ་བཞིན་གཤེགས་པ་ཚད་མྱེད་པའི་རྗེས་སུ་བཞུད་པ། སྒྱུ་མ་ལྟ་བུར་འཇིག་རྟེན་སྣ་ཚོགས་བྱིན་གྱིས་རློབ་པ། མྱིག་ཡོར་ལྟ་བུའི་ཡེ་ཤེས་ཀྱིས་རྣམ་པར་སྟོན་པ། རྨི་ལམ་ལྟ་བུ་ རྗེས་སུ་དྲན་པ། སྤྲུལ་པ་དང་མཉམ་པར་བྱུང་བ། སེམས་ཀྱི་རང་བཞིན་ལྟ་བུར་འཇིག་རྟེན་སྣ་ཚོགས་ཐམས་ཅད་བྱིན་གྱིས་རློབ་པ། ལས་ཀྱི་རྣམ་པར་སྨྱིན་པའི་ཚུལ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་སྐྱེ་ མཆེད་རྣམ་པར་ཕྱེ་བ་ཡང་དག་པར་སྟོན་པ། སེམས་ཅན་གྱི་དབང་པོ་དང་འཐུན་པར་སངས་རྒྱས་ཀྱི་སྐུ་བྱུང་བ། དེ་བཞིན་གཤེགས་པའི་དམྱིགས་པ་ལ་སེམས་ཅན་གྲངས་མྱེད་པའི་སེམས་ཡང་དག་པར་གནས་ 73-1-122b པ། འཇིག་རྟེན་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ། རྣམ་པར་བསྟན་པའི་རང་བཞིན་དུ་ཆོས་ཀྱི་མཚན་ཉིད་གྱིས་ཡང་དག་པར་སྤྱོད་པ། ཡེ་ཤེས་ཀྱི་རྒྱུད་མཚན་ཉིད་མྱེད་པའི་རང་བཞིན་དང་མཚན་ཉིད་ཅིག་དུ་ གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་སྣང་བ་མངོན་པར་སྒྲུབ་པའི་སྤྱོད་པ་ཡང་དག་པར་སྟོན་ཅིང་འགྲོ་བ་ཐམས་ཅད་གདོན་པར་བརྩོན་པ། སངས་རྒྱས་ཀྱི་སྤྱོད་ཡུལ་བླ་ན་མྱེད་པ་ཡང་དག་པར་ སྟོན་པ། འཇིག་རྟེན་དང་ཞིང་ཐམས་ཅད་ཡོངས་སུ་སྐྱོབ་པས་སངས་རྒྱས་ཀྱི་མཚན་མ་གཟུང་བར་འཇིག་རྟེན་དུ་མངོན་པར་བྱུང་བ། འཇིག་རྟེན་གྱི་ཉོན་མོངས་པའི་མཚན་མ་ཐམས་ཅད་རྣམ་པར་བསྩལ་བ། འཇིག་རྟེན་ཐམས་ཅད་ཀྱིས་རྗེས་སུ་དྲན་པ་དང་། དམྱིགས་པར་འབྱོར་པར་གྱུར་པ། འཁྲུག་པ་མྱེད་པར་ཁོང་དུ་ཆུད་པར་འགྱུར་བའི་ཐེག་པ་ཆེན་པོས་ཞལ་ཡོངས་སུ་རྒྱས་པས། ཆོས་ཐམས་ཅད་ཀྱི་དོན་གྲུབ་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བས་རྣམ་པར་ཕྱེ་བ་ཉམས་པ་མྱེད་པའི་ཕྲིན་ལས་རྣམ་པར་སྨྱིན་པས་རྣམ་པར་དག་པ། ཡེ་ཤེས་ཀྱི་འབྱུང་གནས་དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། འཇིག་རྟེན་ཐམས་ ཅད་ཀྱི་ཡོངས་སུ་རྟོག་པ་ཡོངས་སུ་མི་རྟོག་པས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་གྱི་དྲ་བས་གསལ་བར་གྱུར་པ། ཕྱོགས་བཅུ་འབྱམ་ཀླས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་འོད་ཀྱིས་སྣང་བར་ མཛད་པས། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བཞུད་པ། བལྟ་བས་མི་ངོམས་ཤིང་གཏང་མི་བྲ་བ། ཡོན་ཏན་ཆེན་པོ་དང་ཡེ་ཤེས་དང་མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་འབྱུང་བ་དང་། དབང་པོ་ མངོན་པར་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་སངས་རྒྱས་ཀྱི་མཛད་པ་རྒྱས་པར་མཛད་པ། སངས་རྒྱས་ཀྱི་འཕྲིན་ལས་ཤིན་ཏུ་བསྒྲུབ་པ། ནུབ་ཅིང་འདས་པ་དང་། མ་འོངས་པ་དང་ 73-1-123a ད་ལྟར་བྱུང་བའི་ཐམས་ཅད་མཁྱེན་པའི་ཚུལ་སྟོན་པ། བྱང་ཆུབ་སེམས་དཔའི་གཟུངས་མཐའ་ཡས་པའི་ཆར་འབེབས་པ། བསམ་པ་ཡངས་པའི་སྒོམ་པ་ཡོངས་སུ་འཛིན་པར་མཛད་པ། སངས་རྒྱས་ཀྱི་ དཔལ་ཐམས་ཅད་ཀྱིས་རབ་ཏུ་འབར་བ། དེ་བཞིན་གཤེགས་པའི་སྐུ་ཁ་དོག་མཐའ་ཡས་པ་སྣ་ཚོགས་སུ་འཇིག་རྟེན་ཐམས་ཅད་ལ་མངོན་པར་སྟོན་པ། སྒྲིབ་པའི་ཆོས་ཐམས་ཅད་དུ་མ་ལྷུང་བ། ཆོས་ཐམས་ ཅད་ཀྱི་རང་བཞིན་གྱི་དོན་གྱིས་དག་པ་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་མངའ་བས་མཛེས་པའི་དཀྱིལ་འཁོར་ཅན་ཡོན་ཏན་གྱི་འོད་གཟེར་མངའ་བའི་ཉི་མར་གྱུར་པ། བསོད་ནམས་ཀྱི་ཞིང་དུ་ཤར་བ། གཟི་བརྗིད་ཐམས་ ཅད་ཀྱི་དྲ་བས་མངོན་པར་སྐྱེས་པ། འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་སྤྲུལ་པ་ཡང་དག་པར་འཛིན་པ། འཇིག་རྟེན་ཐམས་ཅད་སྤྲུལ་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སྣང་བ་དང་ལྡན་པ། དེ་བཞིན་གཤེགས་ པའི་གོ་འཕང་ཆགས་པ་མྱེད་པ་མངའ་བ། ཕྱི་མའི་མཐའི་ཡོན་ཏན་འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་ཤེས་པ། འགྲོ་བ་ཐམས་ཅད་དང་འཐུན་པར་སྟོན་པའི་ཡེ་ཤེས་ཀྱི་ཕྱག་མངའ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ ཀྱི་སྨན་པ་སེམས་ཅན་ཐམས་ཅད་བདེ་བར་མཛད་པ། འཇིག་རྟེན་ཚད་མྱེད་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པས་རྗེས་སུ་འབྲང་བ། འགྲོ་བ་དང་ཞིང་འབྱམ་ཀླས་པ་ཐམས་ཅད་དུ་ཕྱིར་མྱི་ལྡོག་པ་ཡེ་ཤེས་ཀྱི་སྤྱན་ ཕུགས་རབ་རིབ་མྱེད་ཅིང་རྣམ་པར་དག་པ། སངས་རྒྱས་ཀྱི་ལོ་ལེགས་པ་ཡང་དག་པར་སྟོན་པ། འཁུ་བའི་སེམས་ཅན་གྱི་ཁམས་ལས་སུ་རུང་བར་མཛད་པ། འདུལ་བ་སྣ་ཚོགས་དུ་མ་ལ་འཇུག་པ། དུས་བཞིན་ དུ་འདུལ་བའི་རྒྱུན་འཆད་པ། འགྲོ་བ་ཐམས་ཅད་ལ་མཉམ་པའི་ཐུགས་ཀྱིས་ཡང་དག་པར་སྤྱོད་པ། ལས་སྐྱོན་མེད་པའི་རྣམ་པར་སྨིན་པ་དང་། མྱ་ངན་ལས་འདས་པ་ཡང་དག་པར་སྟོན་པ། བསམ་པ་དང་ 73-1-123b ལས་དང་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་རྣམ་པར་སྟོན་པ། སངས་རྒྱས་ཀྱི་སྐུ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱིས་ཆོས་ཤེས་པ་འབྱུང་བར་མཛད་པ། སངས་རྒྱས་ཀྱི་སྤྲུལ་པ་བྱིན་ གྱིས་རློབ་པ། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་རྣམ་པར་གཟིགས་པའི་ཡེ་ཤེས་མངའ་བ། དགའ་བ་ཆེན་པོ་དང་ལྷག་པའི་བསམ་པས་དགའ་བར་མཛད་པ། སངས་རྒྱས་མཐོང་བའི་དད་པའི་ཤུགས་མཐའ་ ཡས་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་རང་གི་དགེ་བའི་རྩ་བ་ཕྱིར་མྱི་ལྡོག་པར་མཛད་པ། སེམས་ཅན་གྱི་ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བར་མཛད་པ། འགྲོ་བ་གཉིད་གྱིས་ལོག་པ་ཐམས་ཅད་སད་པར་ མཛད་པ། སངས་རྒྱས་སྐྱེ་བས་དགེ་བ་ཡང་དག་པར་འཕེལ་བར་མཛད་པ། སེམས་ཅན་ལ་སངས་རྒྱས་ཀྱི་བག་དབབ་པ་ཆེན་པོ་སྟོབ་པ་མཛད་པ། འཇིག་རྟེན་གྱི་ལྟ་བ་ཐམས་ཅད་ལ་མྱི་གནས་པ། ཡེ་ཤེས་ཀྱི་ དོན་ལ་རབ་ཏུ་གཞོག་པ། རབ་ཏུ་གཞག་པའི་ཡེ་ཤེས་ཀྱི་ཚུལ་གྱི་སྤྱོད་ཡུལ་ཐུགས་སུ་ཆུད་པ། སངས་རྒྱས་ཀྱིས་གཟིགས་པའི་ཟིལ་གྱིས་མནོན་པའི་རྒྱན་གྱིས་བརྒྱན་པ། ཆོས་ཀྱི་རྒྱུད་ཐུགས་སུ་ཆུད་པའི་ རི་བོ་རྣམ་པར་དག་པ། སངས་རྒྱས་འཇམ་ཀླས་པ་དང་། བྱང་ཆུབ་སེམས་དཔའ་གཞན་དང་གཞན་དུ་སྟོན་པ། ཁ་ན་མ་ཐོ་བ་མྱེད་པའི་ས་ལ་སེམས་ཅན་རབ་ཏུ་འགོད་པ། སངས་རྒྱས་ཀྱི་ཡོན་ཏན་གྲངས་མྱེད་པར་ རྣམ་པར་བྲིས་པ། ལས་ཀྱིས་སྣ་ཚོགས་སུ་གྱུར་པའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་སྣ་ཚོགས་ཡང་དག་པར་སྟོན་པ། སངས་རྒྱས་ཀྱི་འབྱུང་གནས་རྣམ་པར་སྦྱོང་བ། ཡེ་ཤེས་ཐམས་ཅད་ཡོངས་སུ་ འཐོབ་པར་མཛད་པ། འཇིག་རྟེན་ཐམས་ཅད་ཀྱི་སྨོན་ལམ་རྗེས་སུ་སྲུང་བ་མྱི་ཤིགས་པ། འགྲོ་བ་ཐམས་ཅད་ལ་དགེ་བའི་བཤེས་གཉེན་སྟོན་པ། སྣང་བ་དྲི་མ་མྱེད་ཅིང་མཆོག་དུ་དག་པར་མཛད་པ། 73-1-124a འགྲོ་བ་མ་ལུས་པ་ཐམས་ཅད་ཀྱིས་ཇི་ཙམ་དུ་མངོན་སུམ་དུ་མཐོང་བ་དེ་ཙམ་དུ་བརྗོད་དུ་མྱེད་པ། སེམས་ཅན་ཐམས་ཅད་ཀྱི་འགྲོ་བའི་རྗེས་སུ་སོང་བའི་བྱིན་རླབས་མངའ་བ། གྲོགས་སྔོན་དུ་འགྲོ་བའི་ དགེ་བའི་རྩ་བས་སེམས་ཅན་རྣམ་པར་དག་པར་མཛད་པ། འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་སུ་སོང་བ་ཉམས་པ་མྱེད་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བཟུང་བས་དག་པར་ མཛད་པ་ལ་སྩོགས་པའི་ཚུལ་གྱིས་ཡོངས་སུ་བྱུང་བ། བདུད་ཀྱི་དཀྲུག་མ་ཐམས་ཅད་རྣམ་པར་འཇོམས་པར་བྱུང་བ། ཆགས་པ་མེད་པའི་མཐའི་སྟོབས་ཀྱིས་བྱུང་བ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་ འོད་ཤིན་ཏུ་དང་བར་སྣང་བ། ཡེ་ཤེས་ཀྱི་དབྱིངས་ཆགས་པ་མྱེད་པའི་སྙིང་པོའི་ཉི་མ་སེམས་ཅན་གང་ཡང་རུང་བ་ལ་ཆོས་ཀྱི་སྦྱིན་པ་མཛད་པ། འོད་གཟེར་གྱི་དཀྱིལ་འཁོར་གྱི་མཛོད་མཐའ་དང་དབུས་མེད་པ། དེ་ བཞིན་གཤེགས་པའི་སྟོབས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངའ་བ། འགྲོ་བ་ཐམས་ཅད་ལ་སྣང་བར་གྱུར་པ། བསམ་པ་དང་ཡང་དག་པར་རྟོག་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱིར་རྒོལ་བ་ཤིན་ཏུ་ བཅོམ་པ། ཡོན་གྱི་གནས་དམ་པ་མཆོག་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། ཡོན་ཚད་མྱེད་པར་འགྱུར་བ། འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་མཛད་པ། དགེ་བའི་རྩ་བ་ཆུང་ངུ་ཚད་མྱེད་པར་ ཡོངས་སུ་འཛིན་པ། ཟད་མྱི་ཤེས་པའི་ཡེ་ཤེས་ཀྱི་སར་འཛུད་ཅིང་རབ་ཏུ་གཞོག་པ། འཇིག་རྟེན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སེམས་ལ་རག་ལས་པར་ཡིད་ཆེས་པས་ཚད་མྱེད་པའི་བསོད་ནམས་དང་། ཡོན་ དག་པར་མཛད་པ། ཡེ་ཤེས་ཀྱི་ཚུལ་གྱིས་ངན་སོང་གསུམ་གྱི་འགྲོ་བ་ཡོངས་སུ་སྐྱོབ་པ་ཞེས་རྣམ་པ་དེ་ལྟ་བུར་དེ་བཞིན་གཤེགས་པ་ལ་མོས་པ་རྣམ་པ་དེ་ལྟ་བུར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ 73-1-124b ཡང་དག་པར་བལྟ་བ། རྣམ་པ་དེ་ལྟ་བུར་ཡེ་ཤེས་ཀྱི་མུ་སྟེགས་ལས་འབབ་པ། རྣམ་པ་དེ་ལྟ་བུའི་ཡོན་ཏན་རྒྱ་མཚོའི་གངས་ཆེན་མཚོ་ཐམས་ཅད་ལ་འཇུག་པ། རྣམ་པ་དེ་ལྟ་བུའི་ཡེ་ཤེས་ཀྱི་ནམ་མཁའི་རྗེས་ སུ་འགྲོ་བ་རྣམ་པ་དེ་ལྟ་བུར་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་ཡང་དག་པ་ཇི་ལྟ་བུར་ཤེས་པ། རྣམ་པ་དེ་ལྟ་བུར་དེ་བཞིན་གཤེགས་པ་དྲན་པའི་སྒོས་ལྟ་བ། རྣམ་པ་དེ་ལྟ་བུར་དགེ་བའི་འཕྲིན་ལས་རྣམ་པར་དག་པའི་མཚན་ ཉིད་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་ལ་རྟོག་པ། རྣམ་པ་དེ་ལྟ་བུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱེད་པ། རྣམ་པ་དེ་ལྟ་བུའི་དེ་ བཞིན་གཤེགས་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་བསྟན་པར་རྗེས་སུ་སེམས་པ་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་བཅོམ་ལྡན་འདས་ཀྱི་བ་སྤུའི་སྒོ་རེ་རེ་ནས་འོད་ གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་འབྱུང་བ། གྲངས་མྱེད་པ་རིམ་པར་དག་པ། གྲངས་མྱེད་པར་ཤིན་ཏུ་སྣང་བ། གྲངས་མྱེད་པར་བལྟར་ཡོད་པ། གྲངས་མྱེད་པའི་སེམས་ཅན་གྱི་དགའ་བ་བསྐྱེད་ པ། གྲངས་མེད་པའི་སྤྲོ་བ་བསྐྱེད་པ། གྲངས་མྱེད་པའི་སངས་རྒྱས་ལ་འདུན་པ་རྣམ་པར་འཕེལ་བར་བྱེད་པ། གྲངས་མྱེད་པའི་ལྷག་པའི་བསམ་པ་རྣམ་པར་སྦྱོང་བ། གྲངས་མྱེད་པའི་དབང་པོ་སིམ་པར་བྱེད་པ། གྲངས་མྱེད་པའི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཐོབ་པར་བྱེད་པ་མང་པོ་མཐོང་བར་གྱུར་ཏོ། །འོད་ཀྱི་འཁོར་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མྱི་ཁྱབ་པའང་དེ་བཞིན་གཤེགས་པའི་སྐུ་ལས་ རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་འཕྲུལ་ཞིང་འབྱུང་བ། ཁ་དོག་བསམ་གྱིས་མི་ཁྱབ་པ། མདོག་བསམ་གྱིས་མྱི་ཁྱབ་པ། འོད་བསམ་གྱིས་མྱི་ཁྱབ་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པ་ 73-1-125a ཐམས་ཅད་རྒྱས་པར་བྱེད་པ། སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། སེམས་ཅན་རྣམ་པར་དག་པས། དྲི་ཞིམ་པོར་རབ་ཏུ་བྱུང་བ། ཚིགས་སུ་བཅད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མྱི་ཁྱབ་པ་ ཡོངས་སུ་འཛིན་པ། འཇིག་རྟེན་ཐམས་ཅད་ལས་རྣམ་པར་འདས་ཤིང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བས་ཡོངས་སུ་བྱུང་བ། རྒྱན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཡང་དག་པར་སྟོན་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པར་ཡོན་ཏན་མྱི་ཟད་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟད་མྱི་ཤེས་པ་ལས་བྱུང་བ། སངས་རྒྱས་སྐྱེ་བ་བརྗོད་དུ་མྱེད་པ་ཡང་དག་པར་སྟོན་པ། ཡེ་ཤེས་ ཀྱི་སྒོ་ལ་རབ་ཏུ་གཡོག་པ། དོན་ཡངས་པ་ཤིན་ཏུ་སྟོན་པ་སངས་རྒྱས་ཀྱི་སྤྲུལ་པ་བརྗོད་དུ་མྱེད་པའི་ཚུལ་ཡང་དག་པར་སྟོན་པ། སངས་རྒྱས་ཀྱི་ཡུལ་མཐའ་དང་དབུས་མྱེད་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱིན་གྱི་རླབས་ཀྱིས་བྱུང་བ་འགྲོ་བ་ཐམས་ཅད་རྣམ་པར་དག་པ། མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། ཐམས་ཅད་མཁྱེན་པ་ཆགས་པ་མྱེད་ པ། མཐའ་དང་དབུས་མྱེད་པའི་སངས་རྒྱས་ཀྱི་སྤྱོད་པ་ལས་བྱུང་བ། དེ་བཞིན་གཤེགས་པ་བསམ་གྱིས་མྱི་ཁྱབ་པས་བསྟེན་པའི་དཔལ་ཡོད་པ། རིན་པོ་ཆེའི་འོད་འཕྲོ་བ་བྱེ་བ་བརྒྱ་སྟོང་བསམ་གྱི་མི་ཁྱབ་པ་ ལྟར་འབྱུང་བ་མཐོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱིན་གྱིས་རླབས་ཀྱི་བརྒྱན་སྨོན་ལམ་ཆེན་པོ་ལས་བྱུང་བའི་དགེ་བའི་རྩ་བ་མཐའ་ཡས་པ་དང་། དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་སྤྱོད་པས་ རྣམ་པར་དག་པ་དང་། སྔོན་གྱི་བག་ཡོད་པ་ལས་ཡང་དག་པར་བྱུང་བའི་ཐམས་ཅད་མཁྱེན་པའི་སེམས་ཆགས་པ་མེད་པའི་དགེ་བའི་རྩ་བ་ལས་བྱུང་བ་དང་། དེ་བཞིན་གཤེགས་པ་འཇམ་ཀླས་པ་འགྲོ་བ་ཐམས་ཅད་ཀྱི་ 73-1-125b ཐེ་ཙོམ་གཅོད་པ། དེ་བཞིན་གཤེགས་པ་མཐོང་བ་ལ་སེམས་ཅན་ཚད་མྱེད་པ་རབ་ཏུ་དགོད་པ་དང་། དགེ་བའི་རྩ་བའི་སྒོ་དང་སངས་རྒྱས་ཀྱི་ཆོ་འཕྲུལ་ཟིལ་གྱིས་ནོན་པ་མྱེད་པ་ལ་རྒྱ་མཚོའི་མཐས་གཏུགས་པའི་ སེམས་ཅན་གཟུང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བཀའ་བཞིན་བྱེད་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཀུན་ནས་འདུས་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་རླབས་དང་། སངས་རྒྱས་ཀྱི་ཆོས་བསམ་ གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་འཁོར་དུ་ཇི་ལྟ་ཇི་ལྟར་སངས་རྒྱས་ཀྱི་ཞིང་འཇམ་ཀླས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པ་གྲངས་མྱེད་པ་དག་ན། སེམས་ མ་དད་པར་བྱ་བ་དང་། དད་པ་རྣམས་རྣམ་པར་འཕེལ་བར་བྱ་བ་དང་། སེམས་རྣམ་པར་འཕེལ་བ་རྣམས་རྣམ་པར་དག་པར་བྱ་བ་དང་། སེམས་ཅན་རྣམ་པར་དག་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་འདུལ་བར་བྱ་བ་དང་། ཆོས་ཟབ་མོ་ཁོང་དུ་ཆུད་པར་བྱ་བ་དང་། ཡེ་ཤེས་སྣང་བ་མཐའ་དང་དབུས་མྱེད་པ་ཁོང་དུ་ཆུད་པར་བྱ་བ་དང་། སེམས་ཚད་མྱེད་པའི་རྣམས་རྒྱ་ཆེ་བར་ བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལས་ཕྱིར་མྱི་ལྡོག་པར་བྱ་བ་དང་། ཆོས་ཉིད་དང་མྱི་འགལ་བར་བྱ་བ་དང་། ཡང་དག་པའི་མཐས་མི་སྐྲག་པར་བྱ་བ་དང་། དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པའི་རྣམས་ཀྱང་རབ་ཏུ་རྫོགས་པར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་སྦྱང་བར་བྱ་བ་དང་། དམྱིགས་པ་ཐམས་ཅད་ལ་བརྩོན་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་ པ་ཡང་ཀུན་ཏུ་བཟང་པོའི་ཚུལ་དུ་མོས་པར་བྱ་བ་དང་། བདུད་ཀྱི་ཡུལ་ལས་རྣམ་པར་ལྡོག་པར་བྱ་བ་དང་། སངས་རྒྱས་ཀྱི་ཡུལ་འཐོབ་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ཆོས་ཉིད་ཤེས་པར་བྱ་བ་དང་། 73-1-126a ཡེ་ཤེས་བསམ་གྱིས་མྱི་ཁྱབ་པ་སྐྱེ་བར་བྱ་བ་དང་། ཐེག་པ་ཆེན་པོའི་སྨོན་ལམ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། སངས་རྒྱས་བལྟ་བ་ལས་མི་འཕང་བར་བྱ་བ་དང་། ཡེ་ཤེས་ཁོང་དུ་ཆུད་པར་ བྱ་བ་ཚད་མྱེད་པ་རྟོགས་པར་བྱ་བ་དང་། ས་མཚམས་མེད་པའི་བསོད་ནམས་ཀྱི་སྟོབས་ཡང་དག་པར་བསྒྲུབ་པར་བྱ་བ་དང་། ཤིན་ཏུ་དགའ་བའི་སེམས་བསྐྱེད་པར་བྱ་བ་དང་། ཐེ་ཙོམ་མེད་པའི་ས་ལ་འཇུག་ པར་བྱ་བ་དང་། ཁ་ན་མ་ཐོ་བ་མེད་ཅིང་ཡོངས་སུ་དག་པ་འཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པ་སོ་སོར་འཐོབ་པར་བྱ་བ་དང་། ཆོས་མཐོང་བ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་ཚོགས་ཀྱི་རྗེས་སུ་འཇུག་པར་བྱ་བ་དང་། དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་རིགས་གྲུབ་པར་བྱ་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པ་དང་། ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོས་བྱིན་གྱིས་རླབས་ཀྱི་རྒྱན་རྣམ་པ་མང་པོ་ཡང་དག་པར་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བའི་དབང་དུ་སངས་རྒྱས་ཀྱི་ བདག་ཉིད་ཆེ་བ་བརྗོད་པའི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས་གྱི་སྙིང་པོ་རབ་ཏུ་སྣང་བས། སངས་རྒྱས་ཀྱི་དཔལ་མཐའ་ཡས་པ་རབ་ཏུ་འབར་བ། སངས་རྒྱས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་ རྣམ་པར་སྣང་བ་ཐམས་ཅད་དུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུས་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པའི་ཆོ་འཕྲུལ་གྱི་མཐུ་དང་ལྡན་པ། དགོངས་པ་ཡོངས་སུ་རྫོགས་པའི་སྔོན་གྱི་སྨོན་ ལམ་གྱིས་ཡོངས་སུ་གྲུབ་པའི་ཡེ་ཤེས་ཀྱི་རྣམ་པར་གནོན་པས་དེ་བཞིན་གཤེགས་པའི་སྟོབས་ཕུན་སུམ་ཚོགས་པ། ཆོས་ཀྱི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་ལ་མངའ་བ་དང་ལྡན་པ་ཐམས་ཅད་ 73-1-126b མཁྱེན་པ་ཉིད་ཀྱི་སྒོ་ནས་བྱུང་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པས་ཤིན་ཏུ་སྦྱངས་པ་མངའ་བ། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་ པ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོ་ཤིན་ཏུ་སྦྱངས་པ། འགྲོ་བ་ཐམས་ཅད་ཀྱི་དཔེས་དཔེར་མྱི་འགྱུར་བའི་སྐུ་གཟུགས་མངའ་བ། མཚན་ཐམས་ཅད་ཀྱི་ལོ་མ་ཤིན་ཏུ་འཕགས་པའི་སྐུ་ཅན། སྟོབས་བཅུའི་ རྒྱལ་མཚན་གྱི་སྟོབས་ཆེན་པོ་དང་ལྡན་པ། བསྐལ་པ་མི་ཟད་པ་ཐམས་ཅད་དུ་བལྟ་བས་མི་ངོམས་པ། སྔོན་གྱི་དགེ་བའི་རྩ་བ་སྟོན་པའི་དབྱངས་ཀྱི་ཡེ་ཤེས་ཀྱི་ང་རོར་གྱུར་བ། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་དཀྱིལ་འཁོར་མི་ཟད་པས་འགྲོ་བ་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་དུ་གྱུར་པ། ཡོན་ཏན་ཐམས་ཅད་ཀྱི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་སྲིད་ལ་མངའ་བའི་ཕྱིར་དུས་གསུམ་སྣང་བར་ བྱེད་པའི་གསུང་མངའ་བས་བྱིན་གྱིས་རླབས་ཀྱི་རྒྱན་སྔོན་གྱི་དགེ་བའི་རྩ་བའི་ཚོགས་ལས་ཡང་དག་པར་བྱུང་བའི་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་རབ་དགའ་ལྡན་གྱི་ཚུལ་འདི་ལྟ་བུར་དེ་བཞིན་ གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་དང་། རྒྱན་ཀུན་ཏུ་བཤམས་པ་བྱས་ཏེ། དགའ་ལྡན་གྱི་རིས་ཀྱི་ལྷ་བྱེ་བ་བརྒྱ་སྟོང་གྲངས་མེད་པ་དང་ལྷན་ཅིག་དུ། ཞེ་ས་ཅན་རིམ་གྲོ་དང་བཅས་པར་བཅོམ་ལྡན་ འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་སུ་གསོལ། བདེ་བར་གཤེགས་པ་གཤེགས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་སམ། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་སྤྱན་དྲངས་ནས། སངས་རྒྱས་ཀྱི་ 73-1-127a རྒྱན་རྣམ་པ་འདི་ལྟ་བུ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་འགྲོ་བ་ཐམས་ཅད་ལ་མཛེས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་མོས་པ། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་མངོན་པར་དགའ་ བ། ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་མི་ངོམས་པར་རིམ་གྲོར་བྱ་ཞིང་། ཚད་མྱེད་པའི་སེམས་ཅན་སངས་རྒྱས་ལ་དམྱིགས་པར་བརྩོན་པ་བསྐྱེད་པ། ཚད་མེད་པའི་སེམས་ཅན་སངས་རྒྱས་སུ་དགེ་བའི་རྩ་བ་ བསྐྱེད་པ་མི་ཟད་པའི་བསོད་ནམས་དང་ལྡན་པར་འགྱུར་བ། དད་པ་དྲི་མ་མེད་པའི་ཚོགས་ཀྱིས་བསྩགས་པ་དེ་བཞིན་གཤེགས་པའི་ཞལ་བལྟ་བ་དང་། མཆོད་པས་སྐྱོ་བར་མི་འགྱུར་བ། ལྷག་པའི་བསམ་ པ་དགེ་བའི་ཚོགས་ཀྱིས་ཡང་དག་པར་བསྡུས་པ་ཐམས་ཅད་མཁྱེན་པའི་དགེ་བའི་རྩ་བ་དང་། སྨོན་ལམ་དང་སེམས་བསྐྱེད་པ་ལས་བྱུང་བས་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པར་གཤེགས་སོ། ། ཇི་ལྟར་བཅོམ་ལྡན་འདས་འདིར་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་དང་། དགའ་ལྡན་གྱི་གནས་དག་དུ་གཤེགས་པར་སྣང་ངོ་། །བཅོམ་ལྡན་འདས་རིན་པོ་ཆེ་ཐམས་ཅད་ ཀྱིས་བརྒྱན་པའི་ཁང་པར་གཤེགས་མ་ཐག་ཏུ་དེའི་ཚེ། རིན་པོ་ཆེ་ཐམས་ཅད་བརྒྱན་པའི་ཁང་པ་རིན་པོ་ཆེའི་རྒྱན་ལས་ཤིན་ཏུ་འདས་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ ཀྱི་དྲ་བས་ཀུན་ནས་གཡོག་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་ སྤྲིན་གྱིས་བརྒྱན་པའི་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་རབ་ཏུ་གཏོང་བར་གནས་སོ། །ལྷ་རྫས་ལས་འདས་པའི་ཙན་དན་ཐམས་ཅད་ཀྱི་སྤྲིན་ཆེན་པོ་རབ་ཏུ་གཏོང་བར་ 73-1-127b གནས་སོ། །ལྷ་རྫས་ལས་འདས་པའི་དྲི་ཐམས་ཅད་ཀྱི་མཆོག་དང་། བདུག་པ་འཐུལ་བའི་སྤྲིན་གྱི་ཆར་རབ་ཏུ་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་སྤྲིན་རྣམ་ པ་ཐ་དད་པའི་ཆར་རབ་ཏུ་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་མེ་ཏོག་མང་པོའི་སྤྲིན་གྱི་ཚོགས་ཀྱི་ཆར་རབ་ཏུ་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་སིལ་སྙན་དང་། བརྡུང་བ་བྱེ་ བ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པའི་སྒྲ་རབ་ཏུ་འབྱིན་པར་གནས་སོ། །ཐམས་ཅད་མཁྱེན་པའི་ཆོས་ཀྱི་དབྱངས་སུ་སྒྲག་པའི་རོལ་མོ་སྒྲ་དང་། གླུའི་དབྱངས་ཀྱང་རབ་ཏུ་འབྱེད་པར་གནས་པར་གྱུར་ཏེ། ཇི་ལྟར་ བཅོམ་ལྡན་འདས་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དང་། དགའ་ལྡན་གྱི་གནས་དག་དུ་ཡང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་པར་སྣང་ངོ་། ། དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་ལྷའི་གནས་ཐམས་ཅད་དུ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་གཏབ་པ་ཞེས་སྒྲ་བརྗོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ རྒྱལ་པོ་རབ་དགའ་ལྡན་ལ་བར་ཆད་དུ་མྱི་འགྱུར་བ་དང་། སྔོན་གྱི་དགེ་བའི་རྩ་བ་ཚོགས་དང་། ཚད་མེད་པའི་དགེ་བའི་རྩ་བས་བརྟན་པ་དང་། མཐའ་ཡས་པར་སེམས་བསྐྱེད་པའི་དད་པ་རྣམ་པར་འཕེལ་བ་དང་། ཤུགས་ཆེན་པོ་ཡང་དག་པར་བསྐྱེད་པ་དང་། དགའ་བ་ཆེན་པོ་ཤིན་ཏུ་བསྐྱེད་པ་དང་། དགེ་བའི་བསམ་པ་རྣམ་པར་སྦྱངས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པས་དགའ་བར་བྱ་བ་དང་། ཆོས་ ལ་བར་ཆད་མེད་པའི་ཡིད་དུ་འགྱུར་བར་བྱ་བ་དང་། ཆོས་རྣམས་མི་ཉམས་པར་བྱ་བའི་ཕྱིར་དགའ་ལྡན་གནས་ཀྱི་གླུ་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་རྒྱུན་མི་ཆད་པར་གྱུར་ཏོ། །དེ་ནས་ལྷའི་རྒྱལ་པོ་ 73-1-128a རབ་དགའ་ལྡན་གྱིས། སངས་རྒྱས་ཀྱི་མཐུས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་རྗེས་སུ་དྲན་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བཀྲ་ཤིས་དམ་པ་གང་ཞིག་གིས། །ཆགས་པ་མེད་པའི་ཟླ་བར་མཚན་གསོལ་མཚན་བཏགས་པ། །ཕོ་བྲང་མཆོག་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་ གིས། །ཡེ་ཤེས་མཐའ་ཡས་དབང་ཞེས་བྱ་བར་མཚན་བཏགས་པ། །ཁ་དོག་གསེར་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཀུན་ཏུ་མཐའ་ཡས་ སྤྱན་ཞེས་བྱ་བར་མཚན་བཏགས་པ། །པད་མོའི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་རིན་པོ་ཆེ་ཞེས་བྱ་བར་མཚན་བཏགས་ པ། །རིན་ཆེན་མཛོད་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །དཔལ་རབ་རྒོལ་བའི་སྟག་ཅེས་བྱ་བར་མཚན་བཏགས་པ། །དབང་པོའི་ཁང་པར་རབ་ གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཐམས་ཅད་སྟོན་པའི་ཉི་མར་མཚན་བཏགས་པ། །མེ་ཏོག་སྙིང་པོར་རབ་གཤེགས་པ། །དེས་ནི་ འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་འོད་གཟེར་མཐའ་ཡས་པར་ནི་མཚན་བཏགས་པ། །ཞིང་གིས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་ཐེ་ཙོམ་འཇོམས་པ་ཆོས་ཀྱི་རྒྱལ་མཚན་ཏེ། །རིན་ཆེན་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་ 73-1-128b བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མི་ཡི་སེང་གེ་ཡེ་ཤེས་སྒྲོན་མ་མཐའ་ཡས་པ། །སྤོས་ཀྱི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག ། བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་ཡོན་ཏན་ཀུན་གྱི་འབྱུང་གནས་འོད་མངའ་བ། །ནོར་བུས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །ཇི་ལྟར་ལྷའི་རྒྱལ་པོ་ རབ་དགའ་ལྡན་གྱིས་སངས་རྒྱས་ཀྱི་མཐུས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་བརྗོད་དེ། གླུའི་དབྱངས་སུ་ཚིགས་སུ་བཅད་པས། རྒྱལ་བ་གཤེགས་པ་མངོན་པར་སྟོད་པ་དེ་བཞིན་དུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་ལྷའི་རྒྱལ་པོ་རབ་དགའ་ལྡན་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གླུ་དབྱངས་སུ་ཚིགས་སུ་བཅད་ཅིང་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ ཡོན་ཏན་བརྗོད་པ་བྱེད་ཅིང་རྒྱལ་བ་གཤེགས་པའང་མངོན་པར་བསྟོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པའི་སྐུ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། རིགས་གཅིག་ཏུ་གྱུར་པས་རྣམ་པར་འཕྲུལ་པ་དང་། རྒྱུད་ཀྱི་ཚུལ་ཅིག་ཏུ་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཐུགས་སུ་ཆུད་པའི་ཐམས་ ཅད་མཁྱེན་པ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པར་ཁྱབ་པའི་སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པ་ཐམས་ཅད་དུ་སངས་རྒྱས་ཀྱི་བྱིན་གྱིས་རླབས་རྒྱུན་མི་འཆད་པ་ དང་སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཁྱབ་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པའི་སྐུ་སྒྲིབ་པ་མྱེད་པའི་རྒྱན་གྱིས་ཡང་དག་པར་བརྒྱན་པ་དང་། དེ་བཞིན་ 73-1-129a དུ་བྱུང་བའི་ཆོས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བརྗོད་དུ་མྱེད་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷགས་པའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་སྐུས་ ཡང་དག་པར་སྤྱོད་པ། གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ལ་གནས་པའི་སངས་རྒྱས་ཁྱུ་མཆོག་གི་མཐུ་ཕྱུང་བས། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་ནས་གདན་བཏིང་བ་ལ་དཀྱིལ་མོ་ དཀྲུང་བཅས་ཏེ་བཞུགས་སོ། །ཇི་ལྟར་བཅོམ་ལྡན་འདས་བཞུགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་བཞུགས་པར་གྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ ཁང་པར་གཤེགས་པ་དང་བྱོན་པའི་ཚེ། སངས་རྒྱས་ཀྱི་རིམ་གྲོ་དང་མཆོད་པ་བྱས་ཤིང་། བརྒྱན་གྱིས་བརྒྱན་པའི་དེ་དག་ཐམས་ཅད་པས། དེ་བཞིན་གཤེགས་པ་གདན་དེ་ལ་བཞུགས་པའི་ཚེ། གྲངས་མྱེད་ པར་གྱུར་པ་དང་། གྲངས་མེད་པའི་རྣམ་པར་ལྷ་རྫས་ལས་འདས་པའི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེ་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བ་དང་། གླུ་དང་། བསྟོད་པ་དང་། ཞེ་ས་དང་། རིམ་གྲོ་དང་། དད་པ་དང་། དགའ་བ་དང་། ཐལ་མོ་སྦྱར་བ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་རྒྱན་དང་། ལྷ་རྫས་ ལས་འདས་པ་རྣམ་པ་གྲངས་མྱེད་པའི་བསྟོད་པ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མྱེད་པའི་སྤྲིན་གྱི་ཆར་འབབ་པ་དང་། ལྷ་རྫས་ལས་འདས་པ་གྲངས་མྱེད་པའི་གདུགས་གཅིག་ནས་གཅིག་དུ་རྒྱུད་ དེ་བསྒྲེང་བ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མྱེད་པའི་རྒྱལ་མཚན་ལ་བ་དན་སྤྱངས་པ་དང་། ཤིན་ཏུ་སྤྱངས་པ་གྲངས་མེད་པས་སྦྱར་བ། ལྷ་རྫས་ལས་འདས་པའི་ཡོ་བྱད་ཀྱི་ཚུལ་དང་། 73-1-129b བསམ་པ་རྒྱ་ཆེན་པོ་རྣམ་པར་འཕེལ་བས། སངས་རྒྱས་མཉེས་པར་བྱ་བ་དང་། མཛེས་པའི་བརྒྱན་རྣམ་པར་དག་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དྲི་ཐམས་ཅད་དང་། ཕྱོགས་བརྒྱན་པའི་སྤོས་ཀྱི་སྤྲིན་ཆེན་པོ་དང་། རིམ་གྲོ་རྣམ་པ་སྣ་ཚོགས་རྒྱ་ཆེ་ཞིང་ཡིད་དུ་འོང་བས་སངས་རྒྱས་ལ་མཆོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རིམ་གྲོ་ལ་བརྩོན་པས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པའི་ཚེ། གྲངས་མྱེད་ པའི་རྒྱུན་དུ་མཆོད་པ་བྱས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དགའ་ལྡན་གྱི་གནས་དག་དུ་ཡང་མཆོད་པ་བྱས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བཞུད་པ་དང་གཤེགས་པ་དང་། བཞུགས་པའི་བརྒྱན་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། དེ་ནས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་མངོན་པར་ལྷགས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་སོ་ སོ་ནས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས་འོངས་པར་གྱུར་པ་དག་སྟེ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་དང་ལྷན་ཅིག་ཏུ་ཕྱིན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མྱིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་རྡོ་རྗེའི་རྒྱལ་མཚན་དང་། དམ་པའི་ རྒྱལ་མཚན་དང་། དཔའ་བའི་རྒྱལ་མཚན་དང་། དཀར་མའི་རྒྱལ་མཚན་དང་། ཡེ་ཤེས་ཀྱི་རྒྱལ་མཚན་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རྡུལ་དང་བྲལ་བའི་རྒྱལ་མཚན་དང་། དྲི་མ་མེད་པའི་རྒྱལ་ མཚན་དང་། དཔལ་གྱི་རྒྱལ་མཚན་དང་། ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པར་གྱུར་པ་ 73-1-130a དག་སྟེ། འདི་ལྟར་རིན་པོ་ཆེའི་སྙིང་པོ་དང་། ཡིད་དུ་འོང་བའི་སྙིང་པོ་དང་། དངུལ་གྱི་སྙིང་པོ་དང་། གསེར་གྱི་སྙིང་པོ་དང་། ནོར་བུའི་སྙིང་པོ་དང་། རྡོ་རྗེའི་སྙིང་པོ་དང་། པད་མོའི་སྙིང་པོ་དང་། ཨུད་ པ་ལའི་སྙིང་པོ་དང་། ཙན་དན་གྱི་སྙིང་པོ་དང་། སྤོས་ཀྱི་སྙིང་པོ་ཞེས་བྱ་བ་དག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པར་ སྤྱོད་པ་དག་སྟེ། འདི་ལྟར་ཤིན་ཏུ་འཕགས་པའི་དཔལ་དང་། གཡོ་བ་མྱེད་པའི་དཔལ་དང་། བཅིངས་པ་མེད་པའི་དཔལ་དང་། སྤྱོད་པའི་དཔལ་དང་། འོད་ཟེར་གྱི་དཔལ་དང་། མཐའ་ལས་རྒལ་བའི་དཔལ་ དང་། མཆོག་གི་དཔལ་དང་། དབང་ཕྱུག་གི་དཔལ་དང་། ཚངས་པའི་དཔལ་དང་། ཤིན་ཏུ་བསྩགས་པའི་དཔལ་ཞེས་བྱ་བ་དག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ལ་ཕྱག་ འཚལ་ནས། ཕྱོགས་བཅུ་རྒྱས་པར་བྱས་ཏེ། གང་ནས་འོངས་པའི་ཕྱོགས་སུ་བརྟན་ནས། སེང་གེའི་ཁྲི་རིན་པོ་ཆེའི་སྙིང་པོ་ཅན་ནོར་བུ་སྣ་ཚོགས་དང་ལྡན་པ་དག་མངོན་པར་སྤྲུལ་ཏེ། གསེར་གྱི་དྲ་བས་ གཡོགས་པའི་ལུས་དང་། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་གཏོང་བ་དང་། དྲི་མ་མེད་པའི་འོད་གཏོང་བ་དང་། ཚད་མྱེད་པའི་འོད་རབ་ཏུ་བསྐྱེད་པ་དང་། བསམ་པ་རྣམ་པར་དག་པའི་ འོད་རིན་པོ་ཆེ་ཡང་དག་པར་འཛིན་པའི་གཟུགས་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཁ་ན་མ་ཐོ་བ་མེད་པ་ལས་བྱུང་བའི་སྨོན་ལམ་དང་། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་ཡིད་དུ་འོང་བ་དང་། བལྟ་ན་དོན་ཡོད་པར་སེམས་ཅན་གདུལ་བ་དང་། རྣམ་པར་དག་པའི་ཆོས་ཀྱིས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་ 73-1-130b པར་བྱང་ཆུབ་སེམས་དཔའི་རྩེ་གཅིག་དུ་སྨོན་ལམ་གཏབ་པས། དཀྱིལ་མོ་བཀྲུང་བཅས་ཏེ་འཁོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ཆགས་པ་མྱེད་པར་སྤྱོད་པས་ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། འདི་ལྟ་སྟེ། གནས་མེད་པའི་ལུས་དང་། འདི་ལྟ་སྟེ། ཚད་མེད་པའི་ལུས་ཀྱིས་ཀུན་ཏུ་འགྲོ་བའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་དང་། འདི་ལྟ་སྟེ། མཐའ་ དབུས་མྱེད་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དང་། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་སྒོ་འབྱམ་ཀླས་པ། ཚད་མེད་པར་གྱུར་པ་དང་། འདི་ལྟ་སྟེ། ཆོས་ལ་མྱི་འཇིགས་པར་མཁས་པའི་སྣང་བ་མཐའ་ཡས་པ་དང་། འདི་ལྟ་སྟེ། ཕྱི་མའི་མཐའི་བསྐལ་པར་མི་ཟད་པའི་ཐ་དད་པ་ཡང་དག་པ་ཤེས་པའི་ཚུལ་བཤད་པ་དང་། འདི་ལྟ་སྟེ། གཟུགས་ ཐམས་ཅད་ཀྱིས་སྣང་བར་བྱས་པའི་ཡེ་ཤེས་ཀྱི་ཕུང་པོ་རབ་ཏུ་རྒྱས་པ་དང་། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྒྱས་པར་གྱུར་པའི་ཤེས་རབ་ཀྱི་མྱིག་རྣམ་པར་དག་པའི་སྤོབས་པ་དང་། འདི་ལྟ་སྟེ། ནམ་ མཁའི་དབྱིངས་ཀྱིས་ཀླས་པར་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་སུ་གནས་པ་དང་། མཚམས་མྱེད་ཅིང་མཐའ་ཡས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་པ་དང་། ལྡན་པ་རབ་ཏུ་ཐོབ་པར་གྱུར་པ་དག་གོ ། ཇི་ལྟར་གླིང་བཞི་པ་འདིའི་དགའ་ལྡན་གྱི་གནས་སུ། བྱང་ཆུབ་སེམས་དཔའ་འདུས་པར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དང་། དགའ་ལྡན་གྱི་གནས་ དག་ཏུ་ཡང་། བྱང་ཆུབ་སེམས་དཔའ་མིང་དེ་སྐད་བྱ་བ་དག །འཇིག་རྟེན་གྱི་ཁམས་མིང་དེ་སྐད་ཅེས་བྱ་བ་དག་ནས། དེ་བཞིན་གཤེགས་པའི་མཚན་དེ་སྐད་ཅེས་བྱ་བ་དག་གི་ཞམ་ 73-1-131a རིང་ན་ཚངས་པར་སྤྱོད་པ་ཤ་སྟག་འོངས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་པུས་མོའི་ལྷ་ང་གཉིས་ནས་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྱུང་སྟེ། ཕྱོགས་བཅུ་ ཐམས་ཅད་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། འཇིག་རྟེན་གྱི་ཁམས་དེ་དག་གི་གླིང་བཞི་པ་ཐམས་ཅད་དང་། དགའ་ ལྡན་གྱི་གནས་ཐམས་ཅད་ན་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡོད་པ་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཇི་སྙེད་ཀྱིས་ཕྱོགས་བཅུར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་འཇིག་ རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་དག་ན། དེ་བཞིན་གཤེགས་པའི་སངས་རྒྱས་རྣམ་པར་རོལ་པ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམ་པར་སྣང་མཛད་ཀྱིས་སྔོན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགེ་བའི་རྩ་བའི་གྲོགས་སུ་གྱུར་པ་དག་སྟེ། འདི་ལྟར་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཟབ་མོས་རྣམ་པར་འཕྲུལ་པ་ལ་མོས་པ་ ཤ་སྟག་གོ། །ཆོས་ཀྱི་དབྱིངས་ཀྱི་ལུས་ཐ་དད་པ་མེད་པའི་རྗེས་སུ་སོང་བ་ཤ་སྟག་གོ། །གནས་མེད་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་རྗེས་སུ་སོང་བས་རབ་ཏུ་ཞུགས་པ་ཤ་སྟག་གོ། །སངས་རྒྱས་བསམ་ གྱིས་མི་ཁྱབ་པ་བལྟ་བ་ལ་རྗེས་སུ་གཞོལ་བ་ཤ་སྟག་གོ། །ཆགས་པ་མེད་པའི་སེམས་སྐད་གཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་པར་བྱེད་པ་ཤ་སྟག་གོ། །བསམ་པ་རིན་པོ་ཆེ་རྡུལ་དང་བྲལ་བ་དང་ ལྡན་པ་ཤ་སྟག་གོ། །བརྗོད་དུ་མྱེད་པའི་སངས་རྒྱས་མང་པོ་དང་འགྲོགས་པ་དང་ལྡན་པ་ཤ་སྟག་གོ། །སངས་རྒྱས་ཀྱི་བྱིན་གྱིས་རླབས་གྲངས་མྱེད་པ་དང་ལྡན་པ་ཤ་སྟག་གོ། །ཡང་དག་པར་སྤྱོད་པའི་ 73-1-131b མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲན་པ་རྣམ་པར་དག་པ་ལ་གནས་པ་ཤ་སྟག་གོ། །བློ་དང་སེམས་སྐད་ཅིག་ཐམས་ཅད་ཀྱིས་ཆེར་འཕགས་པ་ རབ་ཏུ་ཐོབ་པ་ཤ་སྟག་གོ། །ཆུང་ངུར་ཞུགས་ཤིང་ཆེར་གྱུར་པའི་སྤྱོད་པ་ལ་དབང་བ་ཤ་སྟག་གོ། །ཆེར་གྱུར་པ་ལ་ཞུགས་ཤིང་ཆུང་ངུར་འཇུག་པའི་རྗེས་སུ་ཆུད་ནས་ཡེ་ཤེས་ཀྱིས་སྤྱོད་པའི་ཕ་རོལ་ཏུ་ཕྱིན་ པ་ཤ་སྟག་གོ། །དེ་ལྟ་བུའི་གནས་དང་། སངས་རྒྱས་ཀྱི་སྐུའི་རང་བཞིན་རྗེས་སུ་རྟོགས་པ་དང་། དེ་བཞིན་གཤེགས་པ་དང་འགྲོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ། བྱང་ཆུབ་སེམས་དཔའ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ལྟར་གྲུབ་པའི་ལུས་དང་། དེ་བཞིན་གཤེགས་པར་འགྱུར་བའི་སྤྱོད་ཡུལ་ཐམས་ཅད་དུ་འགྲོ་བ་དང་། ཡེ་ཤེས་ཆེན་པོའི་རྒྱུད་ཀྱི་སྒོ་རྣམ་པར་ཕྱེ་བ་དང་། ཡེ་ཤེས་ཀྱི་སྟོབས་ རྡོ་རྗེའི་རྒྱལ་མཚན་གྱི་མཐུའི་མཆོག་ཐོབ་པ་དང་། རྡོ་རྗེ་གཅོད་པའི་ཏིང་ངེ་འཛིན་གྱི་ཚུལ་རབ་ཏུ་ཐོབ་པ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་རྣམས་ཡོངས་སུ་སྨྱིན་པར་གདུལ་བ་ལ་ རྨོངས་པ་མྱེད་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་དུ་འགྲོ་བ་གདོན་མི་ཟ་བའི་མཆོག་ཐོབ་པ་དང་། བགྲང་བ་ཐམས་ཅད་ལ་མངོན་པར་ཆགས་པ་དང་། བགྲང་བའི་མངོན་པར་བསྒྲུབ་པ་ ཐམས་ཅད་ཤིན་ཏུ་བསླབས་པ་དང་། བགྲང་བའི་ཤེས་པ་ཐམས་ཅད་ཀྱི་མཐར་ཐུག་ཅིང་ཆོས་རྣམ་པར་དགོད་པ་ལ་མཁས་པ། འདི་དག་དང་གཞན་ཡང་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ དང་། ཡོན་ཏན་སྔགས་པ་རྣམ་པར་དག་པ་མྱི་ཟད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་ཀྱི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཤ་སྟག་གོ། །དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང་། 73-1-132a སངས་རྒྱས་འབྱམ་ཀླས་པ་ཐམས་ཅད་བལྟ་བའི་ཕྱིར་ཀུན་ནས་འདུས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་ བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་སྨྲས་སོ། །ཡང་དག་སངས་རྒྱས་སྐྱེ་བ་མྱེད། །རྒྱལ་བ་མྱ་ངན་མྱི་འདའ་སྟེ། །རྒྱུ་མཐུན་པ་ཡི་སྨོན་ལམ་གྱིས། །དེས་ནི་རྣམ་པར་ འཕྲུལ་པ་སྣང་། །འདི་དག་ཆོས་ནི་བསམ་མི་ཁྱབ། །འདི་དག་སེམས་ནི་སྤྱོད་ཡུལ་མྱིན། །གང་གིས་ཡེ་ཤེས་ཕ་རོལ་ཕྱིན། །དེས་ནི་སངས་རྒྱས་སྤྱོད་ཡུལ་མཐོང་། །ལུས་འདི་ཡང་དག་སངས་རྒྱས་ མྱིན། །སྒྲ་ཡང་དེ་བཞིན་གཤེགས་པ་མྱིན། །ལུས་དང་སྒྲ་ལས་གཞན་ན་ཡང་། །སངས་རྒྱས་རྣམ་པར་འཕྲུལ་མྱི་མཐོང་། །སྔོན་གྱི་ལས་རྣམས་མ་གཏོགས་པར། །རང་བྱུང་རྣམས་ཀྱི་སྤྱོད་ ཡུལ་གྱི། །མཆོག་གི་ཚུལ་རྣམས་ཤེས་པ་ནི། །བློ་ཞན་རྣམས་ཀྱིས་མི་ནུས་སོ། །ཡང་དག་སངས་རྒྱས་རྣམ་འཕྲུལ་འདི། །གང་དག་ནས་ཀྱང་མ་འོངས་སྟེ། །གང་དུ་འགྲོ་བར་མྱི་འགྱུར་རོ། །འདི་དག་ རང་བྱུང་སྐུ་ཡིན་ནོ། །ཚད་མྱེད་ཤིན་ཏུ་འདྲེན་པ་རྣམས། །ཆོས་འདི་རབ་ཏུ་བཤད་མཛད་ཀྱང་། །ཆོས་ལ་གནས་པ་གང་ཡང་མྱེད། །ཞིང་རྣམས་བྱེ་བ་ཀུན་ན་སྣང་། །མཁྱེན་པས་མཐའ་དང་དབུས་མྱེད་དེ། ། ཆོས་ཀུན་ཐུགས་སུ་ཆུད་ཅིང་རྟོགས། །ཆོས་ཀྱི་དབྱིངས་ལ་རབ་ཞུགས་ནས། །རྣམ་པར་འཕྲུལ་པ་སྟོན་པ་མཛད། །ཆོས་རྣམས་ཀུན་ལ་ཆགས་པ་མྱེད། །འགྲོ་ལ་དེ་ནི་བསྒྲིབས་མི་མངའ། ། ཚད་མེད་པ་ཡི་ཡོན་ཏན་གྱིས། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །གང་ཞིག་ཡེ་ཤེས་འདི་དག་དང་། །ཡེ་ཤེས་ཐམས་ཅད་རྟོགས་འདོད་པས། །བསམ་པ་རྣམ་པར་སྤྱད་བྱས་སྟེ། །བྱང་ཆུབ་སྤྱོད་པ་སྤྱད་ 73-1-132b པར་བྱ། །དྲང་སྲོང་ཆེན་པོས་བྱིན་གྱིས་རླབས། །འདི་འདྲ་གང་གིས་མཐོང་གྱུར་ཅིང་། །ད་ནི་ཐེ་ཙོམ་མྱི་བྱེད་ན། །དགེ་བཤེས་མཆོག་ལ་བསྙེན་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་དམ་པའི་རྒྱལ་མཚན་ གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཤིན་ཏུ་ཟབ་སྟེ་བརྗོད་དུ་མྱེད། །བརྗོད་དུ་ཡོད་ཀྱང་འདའ་བར་དཀའ། ། ཚིག་གི་ལམ་ལས་ཤིན་ཏུ་འདས། །ནམ་མཁའ་ལ་ནི་རྒྱལ་བ་སྣང་། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས། །མྱིའི་སེང་གེ་མཐོང་བར་འགྱུར། །ཡང་དག་སངས་རྒྱས་རྟོག་མེད་ཀྱང་། །རྒྱལ་བ་རྣམ་པར་ རྟོག་པར་སྣང་། །འཇིག་རྟེན་མགོན་པོས་ཆོས་ཉིད་དངོས། །ཟབ་མོ་འདི་དག་ཡང་དག་བསྣན། །གང་ཟག་མཚུངས་པ་མེད་པ་ཡི། །དེས་ནི་སྐུ་འདི་རབ་ཏུ་འབྱུང་། །ཐམས་ཅད་གཟིགས་ཀྱི་སྤྱོད་ཡུལ་གྱི། ། ཡེ་ཤེས་ཆེན་པོ་འདི་འདྲ་སྟེ། །འདི་ལ་གང་ཞིག་རྟོགས་འདོད་པ། །དེས་ནི་རྒྱལ་བ་མངོན་དུ་བྱོས། །ཡིད་ཀྱི་དབང་པོ་རྣམ་དག་པས། །དེ་བཞིན་གཤེགས་པ་བསྙེན་བསྐུར་ཞིང་། །འདི་ཡི་ཚུལ་ལས་འདའ་ བྱེད་དེ། །ནམ་ཡང་སྐྱོ་བར་མི་བྱའོ། །མྱི་ཟད་པ་ཡི་བསོད་ནམས་དང་། །བྱང་ཆུབ་སེམས་དཔའ་བསྟན་པ་རྣམས། །ཐེ་ཙོམ་རྣམ་པར་བཟློག་བྱས་ཏེ། །དེ་དག་ལ་ནི་སྐྱོ་མེད་བལྟོས། །རྒྱལ་སྲས་གང་གིས་ ཆོས་དབྱིངས་ཀྱི། །ཤིན་ཏུ་བསྟན་པའི་མཐར་ཕྱིན་པ། །དེས་ནི་ཀུན་གཟིགས་རྣམ་འཕྲུལ་བ། །འདི་དག་ཤིན་ཏུ་འདའ་བར་བྱ། །དད་པ་ཆོས་འདིའི་རྩ་བ་ཞེས། །ཆོས་ཀྱི་ཕུང་པོས་བཤད་མཛད་ཀྱིས། ། དད་པ་ཤིན་ཏུ་ཆེར་བསྐྱེད་ལ། །བྱང་ཆུབ་སྤྱོད་པ་སྤྱད་པར་གྱིས། །སངས་རྒྱས་སྟིང་སྟང་གང་བྱེད་ཅིང་། །དེ་བཞིན་གཤེགས་ལ་དྲིན་གཟོ་བ། །ཡང་དག་སངས་རྒྱས་དཔལ་ལྡན་པས། །དེ་དག་ 73-1-133a རྒྱང་མ་རིང་གནས་སོ། །བདག་ཉིད་ཆེ་བ་འདི་ལྟ་བུ། །གང་གིས་ཐོས་མཐོང་མཁས་པ་རྣམས། །སྤྱོད་ཡུལ་ཐོབ་པར་ཅིས་འགྱུར་བའི། །སྨོན་ལམ་སུ་ཞིག་སྦྱོང་མི་བྱེད། །དེ་ནས་བྱང་ཆུབ་ སེམས་དཔའ་དཔའ་བའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་ལྟར་ཉི་མའི་འོད་སྣང་བས། །མྱིག་ གིས་གཟུགས་རྣམས་མཐོང་གྱུར་པ། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱིས། །དད་པའི་སེམས་ལྡན་རྒྱལ་བ་མཐོང་། །ཇི་ལྟར་བརྩོན་འགྲུས་སྟོབས་ལྡན་པ། །རྒྱ་མཚོ་ལ་ནི་འཇུག་པར་བྱེད། །དེ་ བཞིན་ཡེ་ཤེས་སྟོབས་ལྡན་པས། །བསམ་དུ་མྱེད་པའི་སངས་རྒྱས་མཐོང་། །ཇི་ལྟར་ས་བོན་རྣམ་དག་པ། །ཞིང་བཟང་ལ་ནི་སྐྱེར་འགྱུར་བ། །དེ་བཞིན་སེམས་བཟང་རྣམ་དག་ལ། །སངས་རྒྱས་ཆོས་ནི་སྐྱེ་བར་ འགྱུར། །ཇི་ལྟར་ནོར་གྱི་ཕུང་པོ་ཡིས། །དབུལ་བ་ཐམས་ཅད་སྤོང་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་རྣམས་ཀྱིས། །བྱང་ཆུབ་སེམས་དཔའ་རྣམ་དག་འབྱུང་། །ཇི་ལྟར་དུག་དུ་གྱུར་པ་ལ། །ནད་མྱེད་དུག་སྨན་རྒྱལ་ བར་བྱེད། །དེ་བཞིན་ཉོན་མོངས་རྣམ་པ་ལ། །རྣམ་དག་ཚུལ་ནི་སྤྱོད་ཡུལ་ལོ། །སངས་རྒྱས་ཀྱིས་ནི་གང་བསྔགས་པའི། །དགེ་བའི་གཤེས་ལ་བརྟེན་བྱས་ན། །དེ་ཡི་མཐུས་ནི་སངས་རྒྱས་ཀྱི། །ཆོས་ཉིད་ འདི་དག་ཐོས་པར་འགྱུར། །སྐལ་བ་བྱེ་བ་གྲངས་མེད་པས། །སྦྱིན་པ་མཆོག་རྣམས་སྦྱིན་བྱས་ཀྱང་། །འདི་ཡི་ཚུལ་ལ་རབ་སྤྱོད་པའི། །གྲངས་དང་ཆར་ཡང་མྱི་འགྲོའོ། །སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །མཚན་ གྱིས་ཤིན་ཏུ་རྣམ་པར་བྲིས། །བརྗོད་པས་ཡང་དག་སངས་རྒྱས་རྣམས། །རྒྱལ་བ་ཤེས་པར་མྱི་ནུས་སོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །གནས་ནས་གཡོ་བ་མྱི་མངའ་བར། །སྐུ་ནི་ཀུན་ཏུ་རྣམ་རྒྱུ་ 73-1-133b ཞིང་། །ཆོས་ཀྱི་དབྱིངས་ནི་སྟོན་པ་མཛད། །ཇི་ལྟར་ནམ་མཁའ་ཁམས་འདི་ནི། །ནམ་ཡང་རང་བཞིན་མི་འགྱུར་ཏེ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །ངོ་བོ་ཉིད་ལས་འགྱུར་བ་མྱེད། །དེ་ནས་བྱང་ཆུབ་སེམས་ དཔའ་སྐར་མའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །མྱི་ཡི་འཇིག་རྟེན་འདི་ཀུན་དང་། །ལྷ་ཡི་གནས་རྣམས་ ཐམས་ཅད་དང་། །འགྲོ་བ་མ་ལུས་ཀུན་ན་ཡང་། །མྱི་ཡི་གཙོ་བོ་ཤིན་ཏུ་སྣང་། །ཇི་ལྟར་སེམས་དངོས་གཅིག་པུ་ལས། །རྣམ་པ་ཐ་དད་སེམས་བརྗོད་པ། །དེ་བཞིན་སངས་རྒྱས་སྐུ་གཅིག་ལས། །སངས་རྒྱས་ཐམས་ ཅད་བརྗོད་པ་ཡིན། །བྱང་ཆུབ་གཉིས་སུ་མེད་པ་བརྗོད། །བྱང་ཆུབ་དེ་ཡང་མཚན་ཉིད་མེད། །མཚན་ཀྱིས་མངོན་པར་རྣམ་བྲིས་པའི། །སྐུ་རྣམས་གཉིས་སུ་སྣང་བར་གྱུར། །མཁའ་དང་ཆོས་ཀྱི་དབྱིངས་ལ་ཞུགས། སྒྱུ་མའི་ས་ཡང་རབ་ཏུ་བསྟན། །དེ་ཕྱིར་སངས་རྒྱས་དེ་དག་གི། སྤྱོད་ཡུལ་བལྟ་བ་ཟད་པ་མྱེད། །ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །མགོན་པོ་ཐམས་ཅད་དུས་གསུམ་དུ། །ཇི་ལྟར་འདུལ་བའི་འགྲོ་བ་ལ། ། གཟུགས་ཀྱི་སྐུ་ཡང་རབ་ཏུ་སྣང་། །འདི་འདྲའི་ལུས་སུ་བདག་གྱུར་ཅེས། །སངས་རྒྱས་རྟོག་པར་མྱི་མཛད་དེ། །སྟོན་ལ་རྣམ་རྟོག་མྱི་མངའ་ཡང་། །བྱིན་གྱི་རླབས་ནི་སྟོན་པ་མཛད། །དབྱེར་མྱེད་པ་ཡི་དབྱིངས་ལ་ ཡང་། །ཆོས་ཀྱི་དབྱིངས་ནི་ཡང་དག་གནས། །འཇིག་རྟེན་ཁམས་ནི་ཚད་མྱེད་པར། །ཐུབ་པས་རྣམ་པར་རྟོག་པ་བསྟན། །སྐུ་ནི་སྤྲུལ་པ་མ་ཡིན་ཏེ། །སྤྲུལ་པ་མྱིན་པའང་སྐུ་མ་ཡིན། །སྤྲུལ་པ་མྱེད་པའི་ ཆོས་འདི་ཡིས། །སྤྲུལ་པ་རྣམས་ནི་རབ་ཏུ་བསྟན། །ཡང་དག་སངས་རྒྱས་ཚད་མྱེད་པ། །ཆོས་ཀྱི་དབྱིངས་ལ་ཤིན་ཏུ་བརྟེན། །མཐའ་དང་དབུས་མེད་རབ་ཏུ་ཟབ། །ཚིག་གི་ལམ་གྱིས་བཟླ་བར་ 73-1-134a དཀའ། །ཀུན་ཏུ་འགྲོ་བའི་ཆོས་རྣམས་ལ། །དེ་བཞིན་གཤེགས་པ་དོན་ངེས་མཁྱེན། །ཞིང་རྣམས་ཀུན་ལ་ཆགས་མི་མངའ། །ཆོས་ཀྱི་དབྱིངས་ལ་རྣམ་པར་སྤྱོད། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ ཤེས་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀུན་མཁྱེན་ཡེ་ཤེས་མ་ཆགས་པ། །དེ་ལ་ཞུགས་པར་ གང་གྱུར་པ། །དེ་ཡི་སེམས་ནི་ཚད་མི་ཟིན། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །དེ་བཞིན་གཤེགས་པ་མང་པོ་རྣམས། །ཡུལ་དང་ཡུལ་དུ་དེ་དག་སྣང་། །ཆོས་རྣམས་ཕྱོགས་གཅིག་གང་ལ་ཡང་། །ཡང་དག་ སངས་རྒྱས་གནས་པ་མེད། །འཇིག་རྟེན་སྒྲོན་མ་དེ་དག་གིས། །བྱིན་གྱི་རླབས་ནི་གང་བསྟན་པ། །བསྐལ་པ་བསམ་ཀྱིས་མི་ཁྱབ་པར། །འདི་ཡི་མཐའ་ནི་རྙེད་པར་དཀའ། །དུས་གསུམ་རྣམས་ནི་ཇི་སྙེད་པའི། ། སེམས་ཅན་རྣམས་ཀྱི་མཐར་ཐུག་པ། །བགྲང་བའི་མཐར་ནི་ཕྱིན་པར་ནུས། །འདྲེན་པ་ལ་ནི་མཐར་ཐུག་མྱེད། །དེ་དག་སྐུ་ནི་གཅིག་ཏུ་སྣང་། །སྐུ་གཉིས་དེ་དག་བསམ་མི་ཁྱབ། །འཇིག་རྟེན་ཁམས་སུ་སྣང་ གྱུར་ཀྱང་། །སྐུ་ལ་གཉིས་སུ་གྱུར་པ་མྱེད། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མྱེད། །དེ་བཞིན་ཆགས་མྱེད་མཁྱེན་ ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ལ་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མྱེད། །ཇི་ལྟར་ སེམས་ཅན་བསམ་པ་བཞིན། །ཚད་མྱེད་པར་ནི་རབ་ཏུ་སྣང་། །སྐུ་ནི་འདས་པ་མ་ཡིན་ཏེ། །མ་འོངས་པར་ནི་སྐུ་མ་ཡིན། །སྐྱེས་དང་བྱང་ཆུབ་མྱ་ངན་འདས། །སྐད་གཅིག་གིས་ནི་རབ་ཏུ་སྣང་། །ཇི་ལྟར་སྒྱུ་མར་གྱུར་པའི་ 73-1-134b གཟུགས། །སྐྱེས་པ་མ་ཡིན་འོངས་པ་མྱིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མྱེད་པར་ཤིན་ཏུ་བསྟན། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་ རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་སངས་རྒྱས་ཚད་མྱེད་པས། །ཆེད་དུ་སྐུ་ཡང་རྣམ་པར་བསྟན། །ཇི་ལྟར་འདུལ་བའི་སེམས་ཅན་རྣམས། དེ་བཞིན་འདྲེན་པས་རབ་ཏུ་མཐོང་། །སྐུ་ལ་ཕྱོགས་ནི་མྱེད་པར་བརྗོད། །སངས་རྒྱས་ཡུལ་ནི་མ་ལུས་ཁྱབ། །བར་སྣང་ནམ་མཁའ་ཇི་ལྟ་བར། །དེ་བཞིན་སངས་རྒྱས་བསམ་མི་ཁྱབ། །དེར་ནི་སེམས་ལ་འཕོ་ བ་མྱེད། །སེམས་ལ་སྐྱེ་བ་འང་ཡོད་མ་ཡིན། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི། །སྐྱེ་བ་མྱེད་ལ་རབ་ཏུ་གནས། །ཇི་ལྟར་རབ་རིབ་ལྡན་པའི་མྱིག །ནང་ན་མྱེད་ཅིང་ཕྱི་ན་འང་མྱེད། །དེ་བཞིན་འཇིག་རྟེན་སངས་རྒྱས་ དག །ནང་ན་མྱི་བཞུགས་ཕྱི་ན་འང་མྱིན། །འཇིག་རྟེན་ཀུན་ཀྱི་དོན་ཀྱི་ཕྱིར། །རྐང་གཉིས་ཀྱི་ནི་མཆོག་བྱེད་དེ། །འཇིག་རྟེན་དུ་མར་བྱུང་བ་ཡང་། །འཇིག་རྟེན་དག་ཏུ་སྐྱེ་བོས་མཐོང་། །སངས་རྒྱས་རྣམས་ལ་ཞིང་མྱི་ གནས། །རྒྱལ་བ་དག་ལ་ཉིན་མཚན་མེད། །སྐད་གཅིག་མ་ཡིན་ཟླ་བ་མྱིན། །རྒྱལ་བ་ལ་ནི་ལོ་མི་གནས། །འཇིག་རྟེན་དག་ན་འདི་སྐད་བརྗོད། །ཉི་མ་ཆེ་གེ་མོ་ཞིག་དུ། །རང་བྱུང་བྱང་ཆུབ་རྒྱལ་བས་ཐོབ། སངས་རྒྱས་ཉི་མ་རྗེས་མྱི་འབྲང་། །དེ་ལ་བསྐལ་པ་ཡོད་མ་ཡིན། །དུས་ཀྱང་མ་ལུས་མེད་པ་སྟེ། །དུས་གསུམ་ཡང་དག་རྫོགས་སངས་རྒྱས། །མགོན་པོ་རྣམས་ནི་མངའ་བར་འགྱུར། །ཇི་ལྟར་ཉི་མའི་དཀྱིལ་ འཁོར་ནི། །ནམས་ཀྱང་མཚན་དང་མྱི་གནས་སྟེ། །དེ་བཞིན་སངས་རྒྱས་ཆོས་ཉིད་དོ། །བསྐལ་པ་གཅིག་དང་དུས་གསུམ་དུ། །འདྲེན་པར་བཞུགས་པ་མ་ཡིན་ཏེ། །དུས་གསུམ་ཞེས་ཀྱང་རབ་ཏུ་བརྗོད། ། 73-1-135a སངས་རྒྱས་རྣམས་ཀྱི་ཆོས་ཉིད་ལྟོས། །དེ་ནས་བྱང་ཆུབ་སེམས་དཔའ་རྡུལ་དང་བྲལ་བའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་ སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་སངས་རྒྱས་སྐུ་ཅིག་སྟེ། །འདྲེན་པ་ཐམས་ཅད་དོན་གཅིག་ཀྱང་། །ཚད་མྱེད་གཞན་དང་གཞན་དག་དུ། །ཕྱོགས་བཅུ་ཀུན་ན་རབ་ཏུ་སྣང་། །གང་གིས་མ་ལུས་ཐམས་ ཅད་ཀྱི། །ཆོས་ཀྱི་དབྱིངས་རྣམས་ཀུན་ཁྱབ་པས། །སེམས་ཅན་གཙོ་བོ་ཐུབ་པ་ཡིན། །སྤྱོད་ཡུལ་རྣམས་ནི་ཅི་འདྲ་ལྟོས། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །ནང་གི་སྐུས་ཀྱང་སྣང་བ་མྱིན། །དེ་བཞིན་ གཤེགས་པའི་བྱིན་གྱིས་རླབས། །ཕྱི་རོལ་སྐུས་ཀྱང་མྱི་སྣང་ངོ་། །དུས་རྣམས་ཀུན་ཏུ་ལས་རྣམས་གྱིས། །ཇི་ལྟར་ལས་རྣམས་བསྩགས་པ་བཞིན། །དེ་བཞིན་སོ་སོར་ཕྱེ་བའི་སྐུས། །རིགས་སུ་བྱུང་བར་ རབ་ཏུ་བསྟན། །རྒྱལ་བའི་ཆོས་ཉིད་མ་གཏོགས་པར། །སངས་རྒྱས་སྐུ་ནི་ཅི་འདྲ་བ། །གྲངས་སུ་བགྲང་བར་མྱི་ནུས་ཏེ། །བསམ་པས་ལྟ་ཡང་ཤེས་མྱི་ནུས། །ཇི་ལྟར་བདག་ཅག་སེམས་ཀྱི་ལས། །བསམ་ གྱིས་མྱི་ཁྱབ་མྱི་འབྱུང་བ། །དེ་བཞིན་སངས་རྒྱས་བསམ་མྱི་ཁྱབ། །སེམས་ཀྱི་འཕྲིན་ལས་མྱི་མངའོ། །ཇི་ལྟར་ཞིང་རྣམས་བསམ་ཡས་པ། །ས་ལ་རྣམ་པར་དག་པར་མཛེས། །དེ་བཞིན་སངས་རྒྱས་ བསམ་མི་ཁྱབ། །འགྲོ་བ་དག་ན་མཛེས་པར་སྣང་། །ཇི་ལྟར་ལས་རྣམས་འཇུག་པ་ནི། །རྐྱེན་ཀྱིས་རབ་ཏུ་འབྱུང་འགྱུར་བ། །དེ་བཞིན་རྒྱུ་རྣམས་འཐུན་པ་ལས། །སངས་རྒྱས་ཤིན་ཏུ་མཐོང་བར་འགྱུར། །ཡིད་ བཞིན་ནོར་བུའི་རྒྱལ་པོ་ནི། །ཇི་ལྟར་ཡིད་བསམ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །རྟག་ཏུ་སྨོན་ལམ་རྫོགས་པར་བསྒྲུབ། །མཐའ་དང་དབུས་མེད་འཇིག་རྟེན་འདིར། །འཇིག་རྟེན་མགོན་པོ་ 73-1-135b འདྲེན་པར་འགྱུར། །དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་འདི་དག་རྒྱལ་བས་གང་། །དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མྱེད་པའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས། ཕྱོགས་བཅུར་ རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡེ་ཤེས་དཀྱིལ་འཁོར་སངས་རྒྱས་ཏེ། །འཇིག་རྟེན་ཆོས་རྣམས་རྣམ་པར་སྦྱོང་། །འཇིག་རྟེན་ཆོས་རྣམས་རྣམ་སྦྱངས་ནས། །སངས་རྒྱས་ཆོས་ རྣམས་རབ་ཏུ་བརྗོད། །དེས་སྟེ་སེམས་ཅན་མཉམ་སངས་རྒྱས། །སེམས་ཅན་ལ་ལ་བསམ་བྱས་ན། །རྒྱལ་བ་དེ་དག་ཐམས་ཅད་མཐོང་། །སངས་རྒྱས་ལ་ནི་གཤེགས་པ་མྱེད། །སངས་རྒྱས་ལ་ནི་དམིགས་ བྱས་ནས། །སེམས་ཀྱིས་སངས་རྒྱས་དམྱིགས་པས་ན། །སེམས་བསྐྱེད་པ་དང་རྒྱལ་མཉམ་པར། །དེ་བཞིན་དེ་དག་རྒྱལ་བ་མཐོང་། །དཀར་པོ་ཆོས་ཀྱིས་ཉེར་བརྟན་ཅིང་། །གང་གིས་གྲགས་པ་རྣམ་སྦྱངས་པ། །དེ་དག་ ཐམས་ཅད་སེམས་བསྐྱེད་ལ། །ཤེས་རབ་ལྡན་པ་རབ་ཏུ་བཞུགས། །དམྱིགས་པ་དག་དང་བྱིན་གྱིས་བརླབས། །མྱི་ཡི་གཙོ་བོ་སྟོན་པ་མཛད། །དེའི་ཕྱིར་དམྱིགས་པ་ཀུན་ཏུ་ཡང་། །སངས་རྒྱས་རྒྱལ་བ་གཤེགས་ པར་བརྗོད། །འཇིག་རྟེན་ཁམས་རྣམས་འདི་དག་ནི། །སངས་རྒྱས་སྐུ་རྣམས་བདག་གི་མྱེད། །སེམས་ལ་བདག་གི་མེད་པ་བསྟན། །བྱང་ཆུབ་རྟོགས་ལ་བདག་གི་མེད། །མི་ཡི་སེང་གེའི་ཆོས་ཉིད་དང་། །དཔའ་བའི་སྟོབས་ ལ་རབ་ཏུ་གནས། །ལུས་དང་མཚན་ཉིད་མི་འདྲ་སྟེ། །སྣང་བའི་སེམས་དང་མཉམ་པའི་སྐུ། །ཇི་ལྟར་འཇིག་རྟེན་དེ་བཞིན་སྐུ། །ཇི་བཞིན་སྐུར་ཡང་རྒྱལ་བ་སྟེ། །སྐུ་ཡི་རང་བཞིན་ཤེས་པ་ནི། །སངས་རྒྱས་ཆགས་ པ་མེད་ཅེས་བྱ། །སངས་རྒྱས་ཀུན་ཏུ་གཟིགས་པ་སྟེ། །ཆོས་རྣམས་ཐམས་ཅད་རབ་ཏུ་གཟིགས། །སངས་རྒྱས་ཆོས་དང་བྱང་ཆུབ་རྣམས། །གང་ལའང་དམྱིགས་པ་མེད་པ་ཡིན། །སངས་རྒྱས་ལ་ནི་གཤེགས་ 73-1-136a པ་མྱེད། །སངས་རྒྱས་གང་ནའང་མི་བཞུགས་སྟེ། །ཡང་དག་སངས་རྒྱས་ལོག་པ་མྱེད། །དེ་བཞིན་གཤེགས་པ་ལེན་མི་མངའ། །དེ་ནས་བྱང་ཆུབ་སེམས་དཔའ་དཔལ་གྱི་རྒྱལ་མཚན་གྱིས་སངས་རྒྱས་ ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཐམས་ཅད་ཀུན་ཏུ་ཁྱབ། །ཞིང་གཅིག་ལ་ནི་མི་གནས་ཏེ། །ཐམས་ཅད་དུ་ནི་སངས་ རྒྱས་གཤེགས། །ཞིང་རྣམས་ཀུན་ཏུ་རབ་ཏུ་སྣང་། །སངས་རྒྱས་སྐུ་ནི་ཐམས་ཅད་དུ། །བྱིན་གྱིས་བརླབས་དག་རབ་ཏུ་འབྱུང་། །འཚང་རྒྱ་ཆོས་ཀྱི་འཁོར་ལོ་དང་། །བསམ་པ་བཞིན་དུ་མྱ་ངན་འདའ། །སངས་རྒྱས་ལ་ ནི་སུ་ཞིག་སེམས། །ཅི་ཕྱིར་སངས་རྒྱས་བསམ་མི་ཁྱབ། །ཡང་དག་སངས་རྒྱས་སུ་ཡིས་མཐོང་། །རྒྱལ་བ་སུས་ཀྱང་མཐོང་མི་འགྱུར། །ཇི་ལྟར་ཆོས་རྣམས་ཆོས་ཉིད་དང་། །ཇི་ལྟར་སངས་རྒྱས་སྤྱོད་ཡུལ་ དུ། །གང་དག་ཆོས་རྣམས་གཅིག་ཙམ་ཡང་། །དེ་བཞིན་ཉིད་ལ་མི་འཇུག་གོ། །འདི་ནི་འཇིག་རྟེན་འདི་རྒྱལ་ཞེས། །འཇིག་རྟེན་དག་ན་རྣམ་རྟོག་ཡོད། །གང་གིས་ངོ་བོ་ཉིད་ཤེས་ན། །འཇིག་རྟེན་མྱེད་དེ་རྒྱལ་བ་མེད། ། འཇིག་རྟེན་དད་པར་བྱ་བའི་ཕྱིར། །མགོན་པོ་དག་ནི་མངོན་སུམ་སྟོན། །དེ་དག་གི་ནི་ལྟ་བ་འདི། །ཤིན་ཏུ་དམྱིགས་པར་མི་རུང་དེ། །གང་གིས་ཆགས་པ་རྣམས་བཟློག་ཅིང་། །ཆགས་པ་མེད་པ་དགའ་བྱེད་པ། ། ཆགས་པ་ཐམས་ཅད་རྣམ་བཟློག་ནས། །ཆགས་མེད་ཆོས་ཉིད་རྟོགས་པར་འགྱུར། །སངས་རྒྱས་ཞེས་བརྗོད་གང་ཡིན་དང་། །གང་གི་རྣམ་འཕྲུལ་སྣང་གྱུར་པའི། །ཆོས་ནི་དུས་གསུམ་ཐམས་ཅད་དུ། །རྣམ་པ་ ཀུན་ཏུ་མི་རྙེད་དོ། །གང་གིས་ཆོས་ཉིད་འདི་ཤེས་ཤིང་། །གང་གིས་འདི་བཞིན་ཡིད་ཤེས་ན། །ཐམས་ཅད་མཁྱེན་ཅིང་གཟིགས་ཀུན་པའི། །དེ་བཞིན་གཤེགས་པ་མྱུར་དུ་འགྱུར། །སངས་རྒྱས་ཐམས་ 73-1-136b ཅད་རྣམ་འཕྲུལ་པ། །འདི་དག་ཐམས་ཅད་ཚིག་གིས་བསྟན། །ཡང་དག་སངས་རྒྱས་ཚིག་ལམ་མྱེད། །ཚིག་གི་ལམ་གྱིས་རབ་ཏུ་བརྗོད། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་གྱི་རྒྱལ་མཚན་གྱིས། སངས་རྒྱས་ ཀྱི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གིས་རྣམ་པར་འཕྲུལ་སྣང་བའི། །སངས་རྒྱས་མཐོང་བ་མྱེད་པ་བས། །འཇིག་རྟེན་ཁམས་རྣམས་ ཐམས་ཅད་ནི། །སྡུག་བསྔལ་ཕུང་པོ་བླངས་ཀྱང་བླ། །འགྲོ་བ་གང་གིས་བྱང་ཆུབ་དུ། །སེམས་ནི་ནམ་ཡང་མ་བསྐྱེད་པ། །དེ་དག་གནས་འདི་ཐོས་གྱུར་ན། །སངས་རྒྱས་བྱང་ཆུབ་འགྲུབ་པར་འགྱུར། །གང་ གིས་བསམ་པ་གཅིག་གིས་ཀྱང་། །འདི་ལ་མོས་བྱེད་མཁས་པ་ནི། །མི་ཡི་མཆོག་དུ་མྱི་འགྱུར་ཞེས། །དེས་ནི་ཐེ་ཙོམ་མི་བྱའོ། །དེ་ཡི་རྣམ་པར་འཕྲུལ་པ་ནི། །བསྐལ་པ་བྱེ་བའི་བར་དུ་བཀང་། །སུ་ཞིག་ འདི་ལ་མོས་བྱེད་པ། །དེ་དག་བླ་ན་མེད་པར་འགྱུར། །བརྗོད་དུ་མེད་པའི་སངས་རྒྱས་རྣམས། །སྐད་ཅིག་སྐད་ཅིག་བསྙེན་བཀུར་ཀྱང་། །འདི་ཡི་ཚུལ་ལ་མ་གནས་ན། །དེ་དག་བསྙེན་བཀུར་བྱས་མ་ཡིན། །གང་ལས་ སངས་རྒྱས་བརྗོད་འགྱུར་བའི། །ཆོས་འདི་གང་གིས་ཐོས་གྱུར་པ། །དེས་ནི་མྱི་བདེ་ཀུན་ཀྱིས་ཀྱང་། །སྤྱད་པ་རྣམས་ནི་བླང་བར་བྱ། །ཇི་ཙམ་ཆོས་ཀྱི་དབྱིངས་རྣམས་དང་། །དུས་གསུམ་གྱི་ནི་མགོན་པོ་ཡི། ། སངས་རྒྱས་རྣམས་ནི་བརྟེན་པ་ཡི། །ཡེ་ཤེས་ཆེན་པོ་གཅིག་ཐོས་ནས། །ཕྱི་མའི་སྐལ་པ་བྱེ་བ་རྣམས། །ཞིང་རྣམས་རེ་རེར་ཟད་བྱས་ཤིང་། །འདི་ཡི་ཚུལ་ནི་བརྩོན་བྱེད་ན། །དེ་ལ་བྱང་ཆུབ་དཀོན་པ་མྱེད། །སེམས་ཅན་ རྣམས་ཀྱི་སྔོན་མཐའ་ཡི། །འཁོར་བར་མི་རྣམས་གནས་གྱུར་ཀྱང་། །དེས་ནི་སངས་རྒྱས་རབ་ཕྱུང་བ། །ཆོས་ཉིད་འདི་ནི་ཤེས་མ་གྱུར། །ཆོས་རྣམས་ཞིག་པ་བྱས་པ་མྱེད། །ཆོས་ནི་འཇིག་པར་མི་འགྱུར་ཏེ། ། 73-1-137a ཀུན་ཏུ་སྣང་ལས་རྣམ་འཕྲུལ་པ། །འཇིག་རྟེན་དག་དུ་ཐམས་ཅད་བསྟན། །དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་འདུས་པའི་ཚིགས་སུ་བཅད་པ་བསྟན་པའི་ལེའུ་སྟེ། ཉི་ཤུ་དགུ་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་དེའི་ཚེ་སངས་རྒྱས་ཀྱི་མཐུས། ཏིང་ངེ་འཛིན་ཡེ་ཤེས་སྣང་ བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་མ་ཐག་དུ། དེའི་ཚེ་ན་ཕྱོགས་ བཅུའི་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ ཞལ་བསྟན་པ་མཐོང་སྟེ། དེ་དག་ཀྱང་འདི་ལྟ་སྟེ། མཚན་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་ཤ་སྟག་གོ། ཕྱོགས་གཅིག་ནས་ཇི་ལྟ་བ་ལྟར་ཕྱོགས་བཅུ་ནས་ཀྱང་དེ་བཞིན་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་ འདས་དེ་དག་གིས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རྡོ་རྗེའི་རྒྱལ་མཚན་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །འདི་ལྟར་ཡང་རིགས་ཀྱི་ བུ་ཁྱོད་ལ་ཕྱོགས་བཅུ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་འཐུན་པ་ཤ་སྟག་གིས། འདི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ འདིའི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་བྱིན་གྱིས་བརླབས་དང་། ཁྱོད་ཀྱི་ཡེ་ཤེས་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་བརྟན་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་ 73-1-137b དཔའི་མི་འཇིགས་པ་རྣམ་པར་དག་པར་བྱ་བ་དང་། སྤོབས་པ་ཆགས་པ་མེད་པར་བྱ་བ་དང་། ཡེ་ཤེས་ཀྱིས་སྒྲིབ་པ་མྱེད་པའི་སར་འཇུག་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སེམས་ཡངས་པ་ལ་རབ་ཏུ་ འཇུག་པར་བྱ་བ་དང་། དགེ་བའི་ཙ་བ་མྱི་ཟད་པ་ཕུན་སུམ་ཚོགས་པར་བྱ་བ་དང་། སྒྲིབ་པ་མྱེད་པའི་ཆོས་དཀར་པོ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་འཇུག་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོ་འཕྲུལ་བསྟན་པར་བྱ་བ་དང་། སྔོན་གྱི་མཐའི་མུར་ཐུག་པའི་ཡེ་ཤེས་དང་། དྲན་པ་རྒྱུན་མི་ཆོད་པར་རྣམ་པར་དག་པར་བྱ་བ་དང་། དབང་པོ་སངས་རྒྱས་ཐམས་ཅད་ ཀྱི་བྱིན་གྱིས་བརླབས་ཀྱིས། བྱིན་དུ་བརླབས་པར་བྱ་བ་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་པར་བྱ་བ་དང་། ཤེས་པ་ཀུན་ཏུ་གཟུང་བར་བྱ་བ་དང་། འདི་ལྟ་སྟེ། ཡོངས་སུ་བསྔོ་བ་བཅུ་ཡོངས་སུ་ རྫོགས་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཟུང་བར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་ཚོགས་རྣམས་རབ་ཏུ་བསྟན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ ཤེས་མི་ཆོད་པར་བྱ་བ་དང་། སྨོན་ལམ་ཆེན་པོའི་སྐབས་དབྱེ་བར་བྱ་བ་དང་། དོན་ཤིན་ཏུ་བསྟན་པ་ལ་འཇུག་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཡིད་དུ་རབ་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྲིད་པ་གསུམ་གྱི་དགེ་བའི་རྩ་བ་འཐུན་པ་ལ་བརྟེན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡང་ དག་པར་གཟུང་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་མཛད་ཀྱིས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། 73-1-138a འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་བརྟན་པ་དང་། གཟུངས་ཀྱི་སྣང་བ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་སྒྲིབ་པ་མེད་པ་ལ་ཞུགས་པ་དང་། ཆོས་ཀྱི་དབྱིངས་སྣང་བའི་ཆོས་ ཉིད་དུ་བྱ་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཆོས་དཀར་པོ་ཡང་དག་པར་བསྒྲུབ་པར་བྱ་བ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡངས་པ་ལ་གནས་པ་དང་། སྒྲིབ་པ་མེད་པའི་ཆོས་སྣང་བ་ལ་གནས་པས་ཆོས་བསྟན་པ་འདི་ བརྗོད་པ་དང་། བསྟན་པའི་སྤོབས་པར་གྱིས་ཤིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱི་ཡེ་ཤེས་ཚད་མེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །སྤོབས་པ་ ཆགས་པ་མྱེད་པ་དང་། ཚིག་རབ་ཏུ་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །སྒྲིབ་པ་མེད་པའི་ཆོས་ཀྱི་སྣང་བ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། གཅིག་པ་ཉེ་བར་བསྒྲུབ་པ་ མཛད་དོ། །ཚད་མེད་པའི་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པར་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པར་ མཛད་དོ། །དགེ་བའི་རྩ་བ་ཐམས་ཅད་ཉམས་པ་མེད་པར་ཡོངས་སུ་བསྔོ་བའི་ཡེ་ཤེས་ཉེ་བར་བསྒྲུབ་པ་མཛད་དོ། །ཆོས་ཐམས་ཅད་ཀྱི་ལྷག་མཐོང་མངོན་པར་བསྐྱེད་པ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་ དོ། །ཆོས་ཐམས་ཅད་བསྟན་པའི་གནས་རྒྱུན་མི་ཆད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་ཉིད་ཀྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱི་ཕྱིར་རོ། །དེ་ནས་སངས་རྒྱས་ བཅོམ་ལྡན་འདས་དེ་དག་གི་ཕྱག་གཡས་པས། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱི་སྤྱི་བོ་ལ་བྱུག་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ལ་ 73-1-138b རེག་མ་ཐག་ཏུ་ཏིང་ངེ་འཛིན་དེ་ལས་རྣམ་པར་ལངས་ཏེ་ལངས་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཁྱབ་པར་ བྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལ་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་པར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ ཡོངས་སུ་བསྔོ་བ་ལ་སློབ་བོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་གང་ལ་བསམས་ཏེ་འདི་སྐད་དུ་སྨྲས་པ་དེ་དག་ནི་གང་། ཀྱེ་རྒྱལ་བའི་སྲས་དག་ཡོངས་སུ་ བསྔོ་བའི་གྲངས་དུ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བསྔོ་བ་བཅུ་པོ་འདི་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འདུ་ཤེས་འགྲོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་དང་། མི་ཕྱེད་པ་དང་ལྡན་པ་ཞེས་ བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གཉིས་པ་དང་། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་པ་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཞི་པ་དང་། བསོད་ནམས་ཀྱི་མཛོད་མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་ 73-1-139a ལྔ་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དང་། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་ སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བདུན་པ་དང་། དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བརྒྱད་ པ་དང་། ཆགས་པ་མེད་ཅིང་བཅིངས་པ་དང་དཀྲོལ་བ་མྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དགུ་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པོ་དེ་དག་ནི། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་ འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་སྦྱོར་བའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ རྣམ་པར་སྦྱོང་བའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་དཔའ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྩོམ་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པའམ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའམ། བྱམས་པ་བསྒོམ་པ་ཡང་དག་པར་སྐྱེད་པ་འམ། སྙིང་རྗེས་སྙིང་བརྩེ་བར་བྱེད་པ་འམ། དགའ་བ་ལ་རབ་ཏུ་དགའ་བར་བྱེད་པ། བཏང་སྙོམས་ལ་ཤིན་ཏུ་ 73-1-139b གནས་པ་བྱེད་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་ལ་ཤིན་ཏུ་བསམས་ནས། དགེ་བའི་རྩ་བ་དེ་དང་དེ་དག་ལ་རབ་ཏུ་སྦྱོར་ཞིང་། དགེ་བའི་རྩ་བ་ཚད་མྱེད་པ་རྣམ་པར་ཕྱེ་ནས། འདི་ལྟར་དགེ་བའི་རྩ་བ་གང་གིས་སེམས་ ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་ངན་སོང་རྒྱུན་ཆད་པར་འགྱུར་བ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ལྡོག་པར་འགྱུར་བའི་དགེ་བའི་ རྩ་བ་འགྲོ་བ་ཐམས་ཅད་ལ་རྣམ་པར་དག་པའི་མཐར་ཕྱིན་པར་ཕན་འདོགས་པ་གང་ཡིན་ཞེས་སེམས་སྐྱེད་དོ། །དེ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡང་དག་པར་བསྐྱེད་པ་ན། འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་ བའི་རྩ་བ་འདིས་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག་ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བའི་ཕྱིར། བདག་སེམས་ ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག །འཇིགས་པ་ཀུན་ལས་བསྲུང་བའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིག །ཐམས་ཅད་མཁྱེན་པའི་ས་ཐོབ་པར་བྱ་བའི་ཕྱིར། བདག་ སེམས་ཅན་ཐམས་ཅད་ཀྱི་ལམ་དུ་གྱུར་ཅིག །ཤིན་ཏུ་བདེ་བ་དང་ལྡན་པ་ཐོབ་པར་བྱ་བའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིག །རབ་རིབ་མྱེད་པའི་ཡེ་ཤེས་སྣང་བའི་ཡང་ དག་པར་བསྟན་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་ཅིག །མ་རིག་པའི་མུན་པ་རྣམ་པར་བསལ་བའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མར་གྱུར་ཅིག ། ཤིན་ཏུ་དག་པ་ལ་རབ་ཏུ་དགོད་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་མར་མེར་གྱུར་ཅིག །ཆོས་ཀྱི་ཚུལ་ལ་གཟུད་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཅིག ། 73-1-140a སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་སྟབ་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་འདྲེན་པར་གྱུར་ཅིག་ཅེས། དེ་དེ་ལྟར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ མཐར་ཤིན་ཏུ་ཐུག་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། ཇི་ལྟར་མཛའ་བ་བསྲུང་བའི་ཕྱིར་ཡོངས་སུ་བསྔོ་བ་དེ་ལྟར་མྱི་མཛའ་བ་བསྲུང་བའི་ཕྱིར་ཡང་ཡོངས་སུ་བསྔོའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བདག་ཏུ་བྱ་བའི་བསམ་པས་མི་མཛའ་བ་ནི་གང་ཡང་མྱེད་དེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལས་ཡང་དག་པར་བྱུང་ བ་སྟེ། དེ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ལ་མྱི་མཛའ་བའི་དོན་བྱེད་པ་དེ་དག་ཐམས་ཅད་ནི་འགོད་པའི་རྒྱུད་ལ་འགོད་འགོད་པ་ཡིན་ནོ་ཞེས་ཏེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ཐམས་ཅད་ལ་ཞེ་ སྡང་བ་མེད་པའི་མྱིག་གིས་ལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་གཤེས་གཉེན་ཏེ། སེམས་ཅན་ཐམས་ཅད་ལ་དགེ་བའི་ཆོས་ཡང་དག་པར་བསྟན་པའི་ ཕྱིར་འཇུག་གོ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་དུག་ཐམས་ཅད་ཀྱིས་གདུགས་པར་བྱ་བ་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དྲིན་མྱི་གཟོ་བ་དང་། བློ་ཞན་པ་དང་། སེམས་འཁྲུག་པ་ དང་། རྙོག་པ་དང་། མུན་པར་གྱུར་པ་དང་། རང་བཞིན་སྟོར་བ་དང་། རློམ་སེམས་དང་ལྡན་པ་དང་། སྒྲུབ་པ་ཉམས་པ་དང་། སེམས་རྨུས་ལོང་ལྟ་བུར་གྱུར་པའི་སེམས་ཅན་བྱིས་པ་ཐམས་ཅད་ཀྱིས་སྐྱོན་ཅན་དུ་ མི་ནུས་སོ། །འདི་ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་འཆར་བ་དེ་ནི་རྨུས་ལོང་གི་སྐྱོན་གྱིས་འཆར་བ་ལ་ཐོགས་པར་མྱི་འགྱུར་རོ། །དྲི་ཟའི་གྲོང་ཁྱེར་གྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །གླིང་བཞི་འཇིག་ 73-1-140b རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་སྐྱོན་གྱིས་ཐོགས་པར་མྱི་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དུ་བ་འགྲིབས་པའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །འཛམ་ བུའི་གླིང་གི་ཉེ་བའི་ཉོན་མོངས་པའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །གྲིབ་མ་སྣ་ཚོགས་ཀྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དུག་གི་རིའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །ཁམས་ཀྱི་ཉེ་བའི་ཉོན་ མོངས་པའི་སྐྱོན་གྱིས་ཐོགས་པར་མྱི་འགྱུར་རོ། །དུས་ཡོངས་སུ་འགྱུར་བའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཅན་ཡང་དག་པར་ཤེས་པ་དང་ལྡན་ པ། སེམས་གྱི་བདག་ཉིད་ཆེ་བ་ཉིད་ཤིན་ཏུ་ཟབ་ཅིང་ཡངས་པ་ཡིད་ལ་ཡང་དག་པར་རྟོག་པ། མི་ཞན་པ་ཡོན་ཏན་སྤྱད་པས་ཡེ་ཤེས་མཐར་གྱུར་པ། ཆོས་ལ་ཤིན་ཏུ་དད་པའི་སེམས་མངོན་པར་སྐྱེས་པ། ཆོས་ ཀྱི་སྣང་བའི་འོད་དུ་རབ་ཏུ་སྣང་བ། དོན་ཐམས་ཅད་མཐོང་བ་ཆོས་མངོན་པར་ཤེས་པ། ཡེ་ཤེས་རིག་པ་རྩོད་པ་མེད་པ་ལྷུར་བྱེད་པ། སེམས་ཅན་ཐམས་ཅད་དགེ་བའི་ཆོས་སྤྱོད་པ་ལ་རབ་ཏུ་སྦྱོར་བ། སེམས་ ཅན་ཐམས་ཅད་ཀྱིས་ཉེས་པའི་སེམས་བསྐྱེད་པ་ལ་འཁྲུལ་པ་མེད་པ་དེ་ཡང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ནི། གནོད་པར་བྱེད་པ་ཐམས་ཅད་ཀྱི་སྐྱོན་གྱིས་ཐོགས་པར་མྱི་འགྱུར་རོ། །སེམས་ཅན་མྱི་ སྲུན་པའི་ཚུལ་གྱིས་ལྡོག་པར་མྱི་འགྱུར་རོ། །སེམས་ཅན་གྱི་ལྟ་བའི་རྙོག་པས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་བྲལ་བར་མི་འགྱུར་རོ། །སེམས་ཅན་གྱི་སེམས་འཁྲུགས་པས་ལྡོག་པར་མི་ འགྱུར་རོ། །སེམས་ཅན་གྱི་སེམས་ཀྱི་རྒྱུད་སྟོར་བས་བྱང་ཆུབ་སེམས་དཔའི་གོ་ཆ་ཆེན་པོ་བགོས་པ་ལས་རིང་བར་མི་འགྱུར་རོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་དཀྲུགས་མའི་ 73-1-141a རྙོག་པ་ཐམས་ཅད་ཀྱིས་བཅིལ་བར་མྱི་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྩོམ་པ་ཆེན་པོ་སེམས་ཅན་དྲིན་མི་གཟོ་བ་མཐོང་བས་ལྷོད་པར་མི་འགྱུར་རོ། །བྱང་ཆུབ་ཏུ་དམྱིགས་པའི་དགེ་བའི་རྩ་བ་ སེམས་ཅན་མྱི་སྲུན་པའི་དབང་པོས་ཞུམ་པར་མི་འགྱུར་རོ། །དགེ་བའི་རྩ་བ་ཇི་ལྟ་བ་བཞིན་ལས་བྱིས་པའི་སྐྱེ་བོ་དང་འགྲོགས་པ་ལས་འཕང་བར་མྱི་འགྱུར་རོ། །སེམས་ཅན་གཞན་གྱི་སྐྱོན་གྱིས་སྐྱོ་བར་མྱི་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་འདི་ནི་སྒྲིབ་པ་མེད་པར་འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་འབྱུང་བ་སྟེ། སེམས་ཅན་གཅིག་ལ་དམྱིགས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མ་ཡིན། འདི་ལྟ་སྟེ། ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་ཞིང་གཅིག་ལ་དམྱིགས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ ལ་མངོན་པར་སྤྲོ་བ་མ་ཡིན། འདི་ལྟ་སྟེ་སངས་རྒྱས་ལྟ་བ་རྣམ་པར་དམྱིགས་པའི་ཕྱིར་སངས་རྒྱས་གཅིག་ལ་དམྱིགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་སྐྱེ་བ་མ་ཡིན། འདི་ལྟ་སྟེ་ཡེ་ཤེས་གཅིག་ རྗེས་སུ་རྟོགས་པའི་ཕྱིར་ཡེ་ཤེས་གཅིག་ལ་དམྱིགས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་སྐྱེ་བ་མ་ཡིན་གྱི་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་ བསྔོའོ། །ཞིང་ཐམས་ཅད་ཡོངས་སུ་སྦྱང་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་བལྟ་བ་ལ་དམྱིགས་ནས། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་དད་པ་སྐྱེའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ 73-1-141b བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་རྣམས་ཀྱི་སྨོན་ལམ་སྐྱེའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྟོབས་ལ་དམྱིགས་པ་ལ་སེམས་ཡངས་པ། བསམ་པ་མ་འཁུམས་ པ། བསྐལ་པ་ཐམས་ཅད་དུ་ཤིན་ཏུ་དཀོན་པའི་སེམས་རིན་པོ་ཆེ་དང་ལྡན་པ་རྣམས་ཀྱི་སེམས་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་རབ་ཏུ་སྐྱེས་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་ཡང་བར་མཐོང་ནས། སེམས་དད་པ་ཆེན་པོ་རྣམ་པར་དག་པ་དང་། སྙིང་རྗེ་ཆེན་པོས་བརྟན་པས་བསྔོ་ཞིང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། དེ་ཡང་ཚིག་ ཙམ་དུ་མ་ཡིན་གྱི་བསམ་པ་ཐག་པས་ཡོངས་སུ་བསྔོའོ། །དེ་ཡང་དགའ་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་། དད་པའི་སེམས་དང་། མོས་པའི་སེམས་དང་། འཇམ་པའི་སེམས་དང་། བྱམས་པའི་སེམས་ དང་། ཉེ་བའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། ཕན་གདགས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དེ་ཡང་འདི་ལྟར་ཡོངས་སུ་བསྔོ་སྟེ། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་ རྣམ་པར་དག་པར་གྱུར་ཅིག །སྐྱེ་བ་ཡོངས་སུ་དག་པར་གྱུར་ཅིག །བསོད་ནམས་ཀྱི་བདག་ཉིད་ཆེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པར་གྱུར་ཅིག །མི་ཟད་པར་གྱུར་ཅིག །ཐུབ་པར་དཀའ་བའི་སེམས་སུ་ གྱུར་ཅིག །དྲན་པ་ཉམས་པ་མེད་པར་གྱུར་ཅིག །རྟོགས་པ་ངེས་པར་གྱུར་ཅིག །བློ་ཚད་མེད་པར་གྱུར་ཅིག །ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་ གྱུར་ཅིག །དགེ་བའི་རྩ་བ་འདིས་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག །མཉེས་པར་བྱས་ནས་ཀྱང་ཐུགས་འབྱུང་བ་མེད་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་ 73-1-142a དེ་དག་ལ་མི་ཕྱེད་པའི་དད་པ་ཡང་ཐོབ་པར་གྱུར་ཅིག །དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཐོབ་པར་གྱུར་ཅིག །ཐོས་ནས་ཀྱང་ ཐེ་ཙོམ་དང་ཡིད་གཉིས་མེད་པར་གྱུར་ཅིག །ཡང་དག་པར་འཛིན་ཅིང་ནན་ཏན་གྱིས་བསྒྲུབ་པར་གྱུར་ཅིག སེམས་ཀྱི་དགའ་བ་ཉིད་ཀྱང་ཐོབ་པར་གྱུར་ཅིག །ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་ཀྱང་ཡང་དག་པར་གྲུབ་ པར་གྱུར་ཅིག །དགེ་བའི་རྩ་བ་ཆེན་པོ་ལ་བདག་རབ་ཏུ་གཞོག་པར་གྱུར་ཅིག །ཤིན་ཏུ་དབུལ་བ་དང་རྣམ་པར་བྲལ་བར་གྱུར་ཅིག །ནོར་བདུན་འཐོབ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ ཡང་སློབ་པར་གྱུར་ཅིག །དགེ་བའི་དབང་པོ་འཐོབ་པར་བྱ་བ་འང་ཐོབ་པར་གྱུར་ཅིག །མོས་པ་ཆེན་པོའི་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་རྙེད་པར་གྱུར་ཅིག ། འགྲོ་བ་ཐམས་ཅད་དུ་ཉམས་པ་མེད་པའི་མྱིག་ཀྱང་བསྐྱེད་པར་གྱུར་ཅིག །མཚན་གྱིས་རྒྱན་པའི་ལུས་ཡོངས་སུ་རྫོགས་པ་ཡང་ཐོབ་པར་གྱུར་ཅིག །ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་ཚིག་རྣམ་པར་དག་པ་ཡང་ཡོངས་སུ་ རྫོགས་པར་གྱུར་ཅིག །དབང་པོ་བསྡམས་ཤིང་སྟོབས་བཅུ་དང་ལྡན་པའི་སེམས་དགེ་བ་ཡང་ཡང་དག་པར་གྲུབ་པར་གྱུར་ཅིག །གནས་མེད་པར་སྤྱོད་པ་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་བདེ་ བའི་རིམ་གྲོ་གང་དང་ལྡན་པའི་བདེ་བའི་རིམ་གྲོ་དེ་དག་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་གནས་རབ་ཏུ་ཐོབ་པས་ཚད་མེད་པའི་གནས་སུ་གྱུར་ཅིག །སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ གྱི་ཕུང་པོ་སྒྲིབ་པའི་ལས་སྣ་ཚོགས་ལས་བྱུང་བ། སྒྲིབ་པའི་ལས་དེ་དག་གིས་སྒྲིབ་པས་སངས་རྒྱས་མི་མཐོང་བ་དང་། ཆོས་མྱི་ཐོས་པ་དང་། དགེ་འདུན་མི་ཤེས་པའི་སྒྲིབ་པའི་ལས་རྣམ་པ་སྣ་ཚོགས་ཀྱིས་ 73-1-142b བསྩགས་པའི་སྡུག་བསྔལ་གྱི་ཕུང་པོ་དེ་དག་བདག་གི་ལུས་འདིས་སེམས་ཅན་དམྱལ་བའི་སྐྱེ་གནས་དང་། ངན་སོང་གི་སྐྱེ་གནས་དེ་དང་དེ་དག་དུ་བླང་བར་བྱའོ། །སེམས་ཅན་དེ་དག་ཐམས་ཅད་ནི་དགེ་བའི་རྩ་བ་འདིས་དེ་ ནས་བཏོན་ཏེ། བདག་གིས་དེ་དག་གི་སྡུག་བསྔལ་དང་ཉོན་མོངས་པ་དེ་དག་བླང་བར་བྱའོ། །སྤྲོ་བར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །དེ་ལས་མི་འབྲོས་པར་བྱའོ། །མྱི་སྐྲག་པར་བྱའོ། །མྱི་འཇིགས་པར་བྱའོ། ། ཕྱིར་མི་ལྡོག་པར་བྱའོ། །ཞུམ་པ་མེད་པར་བྱའོ། །མི་སྐྱོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་བསྒྲལ་བར་སྨོན་ལམ་བཏབ་པས་ན་སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་དགོས་ སོ། །འདི་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བར་བྱའོ། །འདི་ལྟར་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ། །སྐྱེ་བའི་དགོན་པ་དང་། རྒ་བ་དང་ན་བའི་དགོན་པ་དང་། འཆི་བའི་དགོན་ པ་དང་། འཆི་འཕོ་བ་དང་སྐྱེ་བའི་དགོན་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་དགོན་པ་དང་། མྱི་ཁོམ་པ་ཐམས་ཅད་ཀྱི་དགོན་པ་དང་། འཁོར་བ་ཐམས་ཅད་ཀྱི་དགོན་པ་དང་། ལྟ་བའི་ཐིབས་པོ་ཐམས་ཅད་ཀྱི་དགོན་པ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་སྟོང་བའི་དགོན་པ་དང་། མི་ཤེས་པ་ལས་བྱུང་བའི་དགོན་པ་དང་། དགོན་པ་དེ་དག་ཐམས་ཅད་ནས་བདག་གིས་སེམས་ཅན་སྲིད་པའི་དྲ་བས་འཁྲིགས་པ། མ་རིག་པའི་སྒྲིབ་པས་སྒྲིབ་ པ། སྲིད་པའི་སྲེད་པ་དང་ལྡན་པ་ཞེན་པའི་མཐར་གྱུར་པ། སྡུག་བསྔལ་གྱི་ཤིང་ཐག་གྱིས་བཀོར་བ། བདུད་ཀྱི་ལས་ལ་རྟེན་པ། མི་མཁས་པ། བསོད་ནམས་འགགས་པ། ཐེ་ཙོམ་དུ་གྱུར་པ། རྟག་ཏུ་ཡིད་གཉིས་དང་ ལྡན་པ། མྱི་བདེ་བ་མཐོང་བ། འབྱུང་བ་ལ་མྱི་མཁས་པ། ཚུབ་མས་བཀོར་བའི་ལོ་མ་ལྟ་བུར་འཁོར་ཞིང་ཕྱིན་པ་དེ་དག་ཐམས་ཅད་ཡོངས་སུ་ཐར་བར་བྱའོ། །ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཡོངས་སུ་རྒྱས་པའི་ 73-1-143a སེམས་དང་ལྡན་པས་སེམས་ཅན་གྱི་ཁམས་འཁོར་བའི་འདམ་དུ་བྱིང་བ་མཐོང་ནས། སེམས་ཅན་དེ་དག་ལ་སྙིང་བརྩེ་བ་ཆེན་པོ་སྐྱེས་པ། ཕལ་ཆེར་སྒྲོལ་བའི་སེམས་རབ་ཏུ་བསྐྱེད་པ། སེམས་ཅན་རྣམས་ཀྱི་ དོན་ཆེན་པོ་བྱ་བར་དགའ་བ་སེམས་ཅན་མང་པོ་རབ་ཏུ་དགྲོལ་བར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ། ཡོངས་སུ་བསྔོ་བ་ཆེན་པོ་ལ་ཞུགས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ལ་རབ་ཏུ་ཞུགས་པ། བསྔོ་བ་ཆེན་པོའི་མདོས་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བར་ སེམས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཀུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པར་ཡོངས་སུ་བསྔོ་བ་དེ་སེམས་འདི་ལྟ་བུ་དང་ལྡན་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ ཡེ་ཤེས་ཀྱི་རྒྱལ་སྲིད་ལ་རབ་ཏུ་གཞག་པའི་བདག་སྤྱོད་དེ། བདག་ནི་བདག་འབའ་ཤིག་ཡོངས་སུ་དགྲོལ་བ་ལ་མངོན་པར་ཞུགས་པ་མ་ཡིན་གྱིས། བདག་གིས་སེམས་ཅན་འདི་དག་ཀུན་ཐམས་ཅད་མཁྱེན་པ་ ཉིད་གྱི་སེམས་རབ་ཏུ་སྣང་བས་འཁོར་བའི་དགོན་པ་རྒལ་དཀའ་བ་ནས་གདོན་པར་བྱའོ། །གཡང་ས་ཆེན་པོ་ནས་བླང་བར་བྱའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱའོ། །འཁོར་བའི་རྒྱུད་ལས་ རབ་ཏུ་བསྒྲལ་བར་བྱའོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་བླང་བར་སྤྲོ་བར་བྱའོ། །བདག་གིས་སེམས་ཅན་དེ་དག་ཐམས་ཅད་འཁོར་བའི་སྡུག་བསྔལ་ཆེན་པོའི་སའི་འོག་ནས་ དྲང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་ཐམས་ཅད་གྱི་ངན་སོང་ཀུན་ཀྱི་སྡུག་བསྔལ་ཐམས་ཅད་བླངས་ཏེ་ཉམས་སུ་མྱོང་བར་བྱ་བ་ལ་བདག་གིས་སྤྲོ་བར་བྱའོ། །བདག་གིས་སེམས་ཅན་ཐམས་ 73-1-143b ཅད་དགེ་བའི་རྩ་བ་ལས་མྱི་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར་བདག་ངན་སོང་གཅིག་ནས་ཕྱི་མའི་མཐར་ཐུག་པའི་བསྐལ་པར་སྤྲོ་བར་བྱའོ། །ངན་སོང་གཅིག་ཏུ་ཇི་ལྟ་བ་བཞིན་དུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་ཐམས་ཅད་དུ་གནས་པར་སྤྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱི་ཧུད་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་གྱི་གནས་སུ་ལྷུང་བས་ནི་བདག་གཅིག་པུ་ སྡུག་བསྔལ་མྱོང་བར་བླའི་བདག་གིས་དེར་བདག་ཉིད་གཏར་བཅུག་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་དགོན་པ་ནས། འགྲོ་བ་ཐམས་ཅད་བླུས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་ཚོར་བའི་ཕུང་པོ་འདི་དག་ཐམས་ཅད་བདག་གི་ལུས་འདིས་མྱོང་བར་བྱའོ། །བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་གཉའ་བདེན་པར་སྨྲས་པ་དང་། ཡིད་ཆེས་ཤིང་མི་ བསླུ་བར་སྤྲོ་བར་བྱ་ཡི་བདག་ལ་ནི་སེམས་ཅན་ཐམས་ཅད་ཀྱིས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། བདག་གིས་ཐམས་ཅད་མཁྱེན་པའི་སེམས། སེམས་ཅན་ ཐམས་ཅད་ལ་དམྱིགས་པ་སྐྱེ་སྟེ། བདག་ཉིད་འདོད་པའི་ཕྱིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ཞུགས་པའོ། །འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་སྤྱོད་པ་ཡང་མ་ཡིན་ནོ། །འདོད་པའི་ཡུལ་ལ་ བསྙེན་པའི་ཕྱིར་ཡང་མ་ཡིན་ནོ། །འདོད་པའི་ཁམས་སུ་གཏོགས་པའི་དགའ་བ་མང་པོ་གཞན་བླང་བའི་ཕྱིར་ཡང་བྱང་ཆུབ་ཀྱི་སྤྱོད་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དགའ་བ་འདི་དག་ཐམས་ཅད་ དགྲ་ཡིན་ནོ། །འདོད་པ་ལ་བསྟེན་པ་འདི་ནི་བདུད་ཀྱི་ཡུལ་ལོ། །འདོད་པ་ལ་བསྟེན་པ་དེ་ནི་བློ་ངན་པས་བསྟན་པའི་ལམ་མོ། །སངས་རྒྱས་ཐམས་ཅད་ཀྱིས་སྨད་པའི་ཡུལ་ལོ། །དེ་དག་ལ་བསྟེན་པ་དེ་ལས་སྡུག་ 73-1-144a བསྔལ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་འདི་དག་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལས་སེམས་ ཅན་རྣམས་འཐབ་པ་དང་། འཚང་འདྲུ་བ་དང་། རྩོད་པ་དང་གནད་ལ་འབེབས་པ་དང་། འཁྲུག་པ་དང་། ཀུན་ཏུ་འཁྲུག་པ་རྣམས་ཀྱང་རབ་ཏུ་འབྱུང་ངོ་། །སེམས་ཅན་འདི་དག་ནི་འདོད་པ་ལ་བསྟེན་པས་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལས་རིང་དུ་གྱུར་པ་སྟེ། འདོད་པ་དེ་དག་ནི་མཐོ་རིས་སུ་སྐྱེ་བ་ལ་ཡང་བར་དུ་གཅོད་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ བདེ་བ་དང་། དགའ་བ་ཐམས་ཅད་ཀྱི་ཡང་བར་ཆད་དུ་འགྱུར་རོ། །དེ་ལྟར་བདག་གིས་འདོད་པ་ནི་རོ་ཆུང་ཞིང་ཚད་མྱེད་པའི་ཉེས་པ་ཅན་དུ་མཐོང་ན། ཅི་ཡང་དེ་དག་སྤྱོད་པའི་ཕྱིར་འཇུག་གམ། དེ་ཅིའི་ཕྱིར་ཞེ་ན། བདག་ནི་དོན་འདི་དག་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་མ་ཡིན་ནོ། །འདོད་པ་ལ་དགའ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་སྤྱོད་དེ། དེ་བས་ན་སེམས་ཅན་ ཐམས་ཅད་ལ་ཕན་པ་དང་བདེ་བར་ཞུགས་པའི་སེམས་བསྐྱེད་དེ། བདག་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱི་ཕྱིར་དེ་དག་ཉིད་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། བསྔོ་ཞིང་བསྒྲུབ་པའི་ཕྱིར་དོན་ དེ་ལ་ཞུགས་པ་སྟེ། དེ་བས་ན་བདག་གིས་སེམས་ཅན་སྡུག་བསྔལ་གྱི་ཞགས་པས་བཅིངས་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཞགས་པ་བཅད་དེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དགྲོལ་ བར་བྱའོ། །སྡུག་བསྔལ་གྱི་རྒྱུད་ལས་རྣམ་པར་བཟློག་པར་བྱའོ། །བདག་གིས་ཇི་ལྟ་ཇི་ལྟར་སེམས་ཅན་འདི་དག་ཤིན་ཏུ་བདེ་བ་དང་། ཕན་པར་འགྱུར་བའི་བདེ་བ་དང་། ཚོར་བ་མེད་པའི་བདེ་བ་དང་། ཞི་བའི་ 73-1-144b བདེ་བ་དང་། མི་གནས་པའི་བདེ་བ་དང་། མྱི་གཡོ་བའི་བདེ་བ་དང་། ཚད་མེད་པའི་བདེ་བ་དང་། མ་ཉམས་པའི་བདེ་བ་དང་། མི་འགོག་པའི་བདེ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བ་རབ་ཏུ་འཐོབ་པར་འགྱུར་བ་ དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱའོ། །བདག་ཁ་ལོ་བསྒྱུར་བ་དང་། བདག་མགོན་པོ་དང་། བདག་མེ་སྒྲོན་འཛིན་པ་དང་། བདག་ལམ་བདེ་བ་སྟོན་པ་དང་། བདག་ཁོམ་པ་རྙེད་པ་དང་། བདག་ཐབས་ལ་མཁས་པ་དང་། བདག་དོན་ཤེས་པ་དང་། བདག་འཁོར་བའི་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པའི་གྲུ་བོ་ཆེའི་མཉན་པར་གྱུར་པ་དང་། བདག་ཡོངས་སུ་བསྔོ་བ་ལ་མཁས་པ་དང་། བདག་ཕ་རོལ་སྟོན་ པས་དགེ་བའི་རྩ་བ་དེ་དག་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་སྐྱབས་སུ་གྱུར་བ་དང་། འཁོར་བར་གྱུར་པ་རྣམས་ཡོངས་སུ་རྒལ་བར་གྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྒྲིབ་པ་མྱེད་པར་འགྱུར་བ་དང་། བདུད་ཀྱི་ཡུལ་རྣམས་ལ་མི་གནས་པར་འགྱུར་བ་དང་། སྡིག་པ་མྱི་དགེ་བའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་བ་དང་། དགེ་བའི་ གཤེས་གཉེན་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟེན་པར་འགྱུར་བ་དང་། ལས་རྣམ་པར་དག་པ་ལ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་དང་། སྤྱོད་པ་ཆེན་པོའི་སྨོན་ལམ་རྣམས་ཡང་དག་པར་བསྒྲུབ་ པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་དེ་ལྟར་ཡོངས་སུ་བསྔོའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན་སེམས་འདི་སྙམ་དུ་བསྐྱེད་དེ། ཀྱེ་མ་གླིང་བཞིའི་འཇིག་རྟེན་གྱི་ཁམས་སྣང་བར་བྱ་བའི་ཕྱིར། གླིང་བཞིའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་ནི་མི་འཆར་གྱི་གླིང་བཞིའི་འཇིག་རྟེན་སྣང་བར་བྱ་བའི་ཕྱིར་ཉི་མ་འདི་ཉིད་ 73-1-145a གཅིག་པོ་འཆར་ཏེ། སེམས་ཅན་གླིང་བཞིར་གཏོགས་པ་དེ་དག་རང་རང་གི་ལུས་ལས་ཀྱང་སྣང་བ་གང་གིས་ཉི་མའི་གྲངས་ཤེས་པར་འགྱུར་བའམ། རང་གི་དོན་བསྒྲུབ་པར་འགྱུར་བའམ། ལོ་ ཏོག་ཡོངས་སུ་སྨྱིན་པར་འགྱུར་བ་དང་། ཉིན་ཅིག་ཉིན་ཅིག་ཞིང་བཟའ་ཤིང་གི་ར་བ་དང་། གྲོང་ཁྱེར་དག་དུ་དགའ་བ་དང་། རྩེ་བའི་ལོངས་སྤྱོད་མྱོང་བར་འགྱུར་བའམ། ཕྱོགས་སྣང་བར་འགྱུར་བའམ། གྲོང་ དང་གྲོང་ཁྱེར་དང་ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་དག་དུ་འགྲོ་བ་དང་འོང་བར་བྱ་བའམ། སྤྱོད་པའི་དོན་སྦྱར་བར་བྱ་བའི་སྣང་བ་མི་འབྱུང་སྟེ། སེམས་ཅན་དེ་དག་རང་རང་གི་ལུས་ལ་ཡང་ འོད་གང་གིས་དེ་དག་གི་དོན་བསྒྲུབ་པའི་འོད་དེ་ལྟ་བུ་མི་གཏོང་སྟེ། འདི་ལྟར་ལྷའི་བུ་ཉི་མའི་དཀྱིལ་འཁོར་གཅིག་པུ་གཉིས་སུ་མེད་པ་དེ་ནི་གླིང་བཞིའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་རྣམས་ལ་སྣང་ བར་བྱ་བའི་ཕྱིར་འཆར་ཞིང་རབ་ཏུ་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ན་སེམས་འདི་ལྟར་སྐྱེ་སྟེ། སེམས་ཅན་འདི་དག་ཐམས་ཅད་ལ་གང་གིས་དེ་དག་བདག་ཉིད་ ཡོངས་སུ་བསྐྱབ་པར་བྱ་བ་དེ་ཉིད་ཀྱང་མེད་ན། གཞན་བསྐྱབ་པ་ལྟ་ཅི་སྨོས་ཀྱི་བདག་ཉིད་གཅིག་པུ་གཉིས་སུ་མྱེད་པས། སེམས་ཅན་ཐམས་ཅད་ཀྱི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་སྣང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་གསལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་གཟུང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བསྡུ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ བསྐྱེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཡང་དག་པར་ 73-1-145b བསྡུའོ། །དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །བདག་གིས་ནི་ཉི་མའི་དཀྱིལ་འཁོར་དེ་ལྟ་བུར་བྱ་སྟེ། གཞན་ལ་ཕན་པའི་ལན་རེ་བར་མི་བྱའོ། །གཞན་གྱིས་སྐབས་མི་རྙེད་པར་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་གོ་ཆ་མི་འདོར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲོ་བ་མི་བཟློག་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་པའི་ཡོངས་སུ་བསྔོ་བ་ལས་ཕྱིར་ལྡོག་པར་ མི་བྱའོ། །དགེ་བའི་རྩ་བ་ཆུང་ངུས་ཡང་བསྡུ་བར་བྱ་སྟེ། ཡོངས་སུ་བསྔོ་བ་ཆུང་ངུས་ཡོངས་སུ་བསྔོ་ཞིང་དགའ་བར་བྱའོ། །དགེ་བའི་རྩ་བ་ཕན་པར་མི་འགྱུར་བ་རྣམས་ནི་སེམས་ཅན་རྣམས་ལ་བསྔོ་བར་མི་བྱའོ། ། ཅི་ནས་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་བདེ་བར་འགྱུར་བ་དེ་ལྟར་བསྔོའོ། །མངོན་པར་ཆགས་པ་མེད་པའི་ཆོས་ཉིད་ལ་རྟེན་ཏེ། ཡོངས་སུ་བསྔོ་བར་བྱའོ། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་དུ་ ཡོངས་སུ་བསྔོ་བར་བྱའོ་ཞེས་ཏེ། དེ་ནི་འཕོ་བའི་ཚུལ་གྱིས་ཡོངས་སུ་བསྔོ་བ་ལ་གནས་པ་མ་ཡིན་ནོ། སྲིད་པ་ལ་མངོན་པར་ཆགས་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ལ་མི་གནས་སོ། །མཚན་མའི་ཚུལ་ གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་མི་བསྔོའོ། །དངོས་པོ་ལ་མངོན་པར་ཆགས་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡོངས་སུ་མི་རྟོག་གོ། །ཕུང་པོ་རྣམས་ཀྱི་འདུ་ཤེས་ལ་གནས་ཤིང་ཡོངས་སུ་མྱི་ བསྔོའོ། །ལས་རྣམ་པར་རྟོག་པ་ལ་གནས་ཤིང་ཡོངས་སུ་མི་བསྔོའོ། །རྣམ་པར་སྨིན་པ་ལ་རེ་བས་མ་ཡིན་ནོ། །བརྟེན་པས་བསྙེམས་ཤིང་མ་ཡིན་ནོ། །འབྲེལ་པར་འབྱུང་བ་ལ་ཀུན་ཏུ་རྟོག་པས་ མ་ཡིན་ནོ། །གྲགས་པ་ལ་གནས་པས་མ་ཡིན་ནོ། །གནས་ཀྱི་འདུ་ཤེས་ལ་གནས་པས་མ་ཡིན་ནོ། །གནས་སུ་རྟོག་པ་ལ་གནས་པས་མ་ཡིན་ནོ། །ཆོས་ལ་རྣམ་པར་རྟོག་པ་ལ་གནས་ 73-1-146a པས་མ་ཡིན་ནོ། །སེམས་ཅན་གྱི་འདུ་ཤེས་ལ་གནས་པས་མ་ཡིན་ཏེ། ཁམས་ཀྱི་ཚུལ་རྣམ་པ་ཐ་དད་པའི་རྗེས་སུ་སོང་བས་ཡོངས་སུ་མི་བསྔོའོ། །སེམས་ཀྱིས་ཀུན་ཏུ་རྟོག་པ་ལ་གནས་ཏེ། ཡོངས་སུ་མྱི་བསྔོའོ། །སེམས་ཀྱི་ཕྱིན་ཅི་ལོག་ལ་གནས་ཏེ་ཡོངས་སུ་མྱི་བསྔོའོ། །འདུ་ཤེས་ཕྱིན་ཅི་ལོག་ལ་གནས་ཏེ་ཡོངས་སུ་མི་བསྔོའོ། །ལྟ་བ་ཕྱིན་ཅི་ལོག་ལ་གནས་ཏེ་ཡོངས་སུ་མྱི་བསྔོའོ། ། ཚིག་གི་ལམ་ལ་གནས་ཏེ་ཡོངས་སུ་མྱི་བསྔོའོ། །དེ་ནི་འདི་ལྟར་ཆོས་རྣམས་ཇི་ལྟ་བ་བཞིན་རྣམ་པར་དཔྱོད་ཅིང་ཡོངས་སུ་བསྔོའོ། །སེམས་ཅན་གྱི་མཉམ་པ་ཉིད་ལ་སེམས་ཤིང་ཡོངས་སུ་བསྔོའོ། །ཆོས་ ཀྱི་དབྱིངས་ཀྱི་རྒྱས་བཏབ་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འདོད་ཆགས་དང་བྲལ་བ་དང་མཉམ་པའི་ཆོས་གྱིས་ཡོངས་སུ་བརྟགས་པའི་དགེ་བའི་རྩ་བ་དེ་ཡང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ ལ་སྒྲོ་གདགས་པ་མྱེད་པར་དགེ་བའི་རྩ་བ་དེ་དག་རྗེས་སུ་རྟོགས་པར་བྱེད་དོ། །གཉིས་སུ་མྱེད་པའི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་ལྟ་ཞིང་ཡོངས་སུ་བསྔོ་བ་དེ་དག་ལ་རབ་ཏུ་འཇུག་སྟེ། ཆོས་ལ་སྐྱེ་བའམ། འགག་པར་བྱེད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། གཉེན་པོས་ཡོངས་སུ་དག་པས་བསྔོ་བ་དེ་དག་ལ་ཡང་དག་པར་སྤྱོད་དོ། །འཇིག་རྟེན་ལས་འདས་པ་འབྱམ་ཀླས་པའི་རྗེས་སུ་སོང་ བའི་དགེ་བའི་རྩ་བ་དེ་དག་མཐོང་སྟེ། གཉིས་ཀྱི་ཚུལ་གྱིས་ནི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་མྱི་བྱེད་དོ། །ལས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་མྱི་སྤྱོད་དོ། །ལས་གཞན་དུ་ ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་མྱི་བསྔོའོ། །ལས་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལས་ཀྱི་ལམ་དང་བྲལ་བས་ཀྱང་ཐམས་ཅད་མཁྱེན་ 73-1-146b པ་ཉིད་ཀྱི་སྨོན་ལམ་ཐོབ་པར་མི་འགྱུར་ཏེ་ལས་ཀྱི་གཟུགས་བརྙན་རྣམ་པར་སྨིན་པའི་གཟུགས་བརྙན་ཡོངས་སུ་དག་པར་འགྱུར་རོ། །རྣམ་པར་སྨྱིན་པའི་གཟུགས་བརྙན་ཡོངས་སུ་དག་པས་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཡོངས་སུ་བསྔོ་བ་དེ་གཡོ་བ་དང་། རློམ་སེམས་དང་རྣམ་པར་སྤྱོད་པ་དང་། བྲལ་བར་ཡང་རབ་ཏུ་ཤེས་སོ། །དེས་ཀྱང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཡོངས་ སུ་བསྔོ་བ་འདིས་ཡོངས་སུ་བསྔོས་པས་སེམས་ཅན་རབ་ཏུ་དགྲོལ་བ་རྒྱུན་ཆད་པར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བ་ན། ཆོས་ཀྱི་མཚན་ཉིད་ལ་གནས་པའང་ མི་གཏོང་སྟེ། ལས་དང་རྣམ་པར་སྨིན་པ་མེད་པའི་ཆོས་ཐམས་ཅད་ལ་ཉོན་མོངས་པ་མེད་པའི་ཡོངས་སུ་བསྔོ་བའི་ཚུལ་གྱིས་ལས་དང་རྣམ་པར་སྨིན་པ་བསྒྲུབ་པ་ལ་མངོན་པར་མཁས་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྗེས་སུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་སྟེ་དང་པོའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ རྒྱལ་མཚན་གྱིས། འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟས་ནས། དོན་དང་ཚིག་དང་ཡི་གེ་ལ་འཇུག་པར་བྱ་བ་དང་། སེམས་རྒྱ་ཆེན་པོ་མཐའ་དང་དབུས་མྱེད་ པ་ཡོངས་སུ་བསྒོམ་པ་དང་། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཁྱབ་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་གདུང་ལ་སེམས་ཡང་དག་པར་འབྲེལ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་དང་ 73-1-147a ཡོན་ཏན་ཐམས་ཅད་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ལུས་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་དབྱེ་བ་དང་། དགེ་བའི་ རྩ་བ་བསྐྱེད་པའི་དུས་ལ་ཇི་ལྟར་འབབ་པ་ཡང་དག་པར་བལྟ་བ་དང་། ཆོས་ཀྱི་ལས་དང་འཐུན་པའི་གཟུགས་ཀྱི་ལུས་ཡོངས་སུ་དག་པ་ཡང་དག་པར་བསྟན་པར་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་བསམ་ཡས་བསྐལ་པ་སྤྱོད་པ་དག །སེམས་ཅན་ཕན་ཕྱིར་རྟག་ཏུ་ཞུགས་པ་སྟེ། །དེ་དག་བརྩོན་བརྟན་ཆགས་ མྱེད་ཡིད་ལྡན་པ། །སངས་རྒྱས་ཡོན་ཏན་རྟག་ཏུ་སྦྱོར་ཞིང་ཚོལ། །གང་ཞིག་མཚུངས་མེད་སྐྱེས་བུ་འདུལ་དྲུང་དུ། །བསམ་པ་དྲི་མ་མེད་པར་རྣམ་སྦྱངས་ཤིང་། །ཆོས་མཁས་འགྲོ་བ་བསྐྱབ་པའི་སེམས་ ལྡན་པ། །དེ་དག་བསྔོ་བའི་མཛོད་དུ་ཞུགས་པ་ཡིན། །བརྩོན་འགྲུས་སྟོབས་དང་དེ་དག་ཉེར་ལྡན་ཞིང་། །ཡེ་ཤེས་སྟོབས་ཀྱིས་རྣམ་དག་ཡིད་གཞུང་སྟེ། །བཟོད་པའི་སྟོབས་ལྡན་སྒུལ་བར་མི་ནུས་པ། ། དེ་དག་འགྲོ་བ་ཀུན་སྐྱོབ་མངོན་པར་བརྩོན། །ཤིན་ཏུ་ཡིད་བརྟན་མཚུངས་པ་མེད་པ་དང་། །བསམ་པ་རྣམ་དག་དགའ་བའི་བློ་ལྡན་པ། །དེ་དག་ས་དང་འདྲ་བའི་བཟོད་སྟོབས་ཀྱིས། །འགྲོ་བ་ཀུན་ལ་ཕན་ཕྱིར་ མངོན་པར་བརྩོན། །བདག་ལ་བདེ་བ་ཚོལ་བར་མི་བྱེད་དེ། །སྙིང་རྗེ་ཅན་གྱིས་བསམ་པ་དེ་འདྲའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་སེམས་ཅན། །ཆགས་མེད་གྱུར་པར་དེ་དག་ཞུགས་པ་ཡིན། ། ཕྱོགས་བཅུའི་སེམས་ཅན་ཇི་སྙེད་གང་ཡང་རུང་། །འགྲོ་བ་ཀུན་ནས་མ་ལུས་བསྡུ་བྱས་ཏེ། །དེ་དག་དོན་དུ་བརྟན་སེམས་ལྡན་པ་རྣམས། །དེ་དག་ཡོངས་སུ་བསྔོ་ཚུལ་བསླབས་པ་ཡིན། །དགའ་བའི་སེམས་ 73-1-147b ཀྱིས་སྦྱིན་པ་གཏོང་བར་བྱེད། །སྐྱེས་བུ་དམ་པ་ཚུལ་ཁྲིམས་རྣམ་དག་པ། །བརྩོན་འགྲུས་སྟོབས་ལ་བརྟན་པར་གནས་པའི་སེམས། །དེ་དག་ཡེ་ཤེས་དགེ་བས་ཡོངས་སུ་བསྔོ། །དེ་དག་བློ་གྲོས་ཡངས་ཤིང་ མཐའ་ཡས་པ། །བཟོད་པའི་སྟོབས་ལ་རྟག་པར་རབ་ཏུ་ཞུགས། །བསམ་གཏན་སྟོབས་ལ་རྗེས་སུ་སེམས་པས་ན། །མཁས་པ་དེ་དག་ཤེས་རབ་བསམ་མི་ཁྱབ། །ཕྱོགས་བཅུའི་འཇིག་རྟེན་དག་ན་ གང་ཡོད་པའི། །དགེ་བ་དེ་དག་ཡང་དག་བསྒྲུབ་པ་ན། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཅིང་། །ཡེ་ཤེས་མཁས་ལ་དེ་དག་ཡོངས་སུ་བསྔོ། །དགེ་བ་དེ་དག་གང་ལ་ཚད་མེད་པ། །བརྟན་པ་དེ་དག་ཡོངས་སུ་སྡུད་ པའི་ཚེ། །དེ་ལ་རྟག་བརྩོན་དམ་པའི་བློ་གྲོས་ཅན། །བསམ་ཡས་ཡེ་ཤེས་ལ་ནི་རབ་ཏུ་གཞོག །དེ་དག་འགྲོ་བའི་དོན་དུ་མནར་མྱེད་པར། །བསྐལ་པ་བསམ་གྱིས་མི་ཁྱབ་གནས་པར་སྤྲོ། །དེ་དག་ཡིད་ནི་ཞུམ་ པར་མི་འགྱུར་ཏེ། །དེ་དག་སྔོ་རྟོགས་བཏམ་པ་ཡིད་དང་ལྡན། །གཟུགས་ཚུལ་མི་བྱེད་སྒྲ་དང་དྲི་མ་ཡིན། །རོ་དང་རེག་པ་དེ་བཞིན་མྱི་ཚོལ་ཏེ། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་སེམས་ཀྱིས། །ཡེ་ཤེས་ དམ་པའི་སྟོབས་ནི་རྟག་ཏུ་ཚོལ། །མཁས་པ་དེ་དག་ཡེ་ཤེས་མཁའ་འདྲ་བས། །མཐའ་དང་དབུས་མེད་སྤྱད་པ་སྤྱོད་བྱེད་པ། །རྒྱལ་བའི་ཆོས་ཀྱི་ཆོས་ཉིད་ཅི་འདྲ་བ། །མཐའ་ཡས་གྲགས་པའི་ སྤྱོད་པ་དེ་འདྲའོ། །དེ་དག་གང་དང་གང་དུ་འདོང་བྱེད་པ། །འགྲོ་ལ་བདེ་བ་རྒྱ་ཆེན་རབ་ཏུ་བསྒྲུབ། །རྟག་ཏུ་མཆོག་བརྩོན་དགའ་བར་བྱེད་པ་སྟེ། །བྱང་ཆུབ་སྤྱོད་པས་དགའ་བ་ཚོལ་བ་མེད། །གདུག་མྱེད་ སེམས་ལ་གནས་ཞིང་ཞུགས་པ་རྣམས། །ཡེ་ཤེས་དམ་པ་མཆོག་ལ་རྗེས་སུ་སེམས། །དེ་དག་བདག་ལ་བདེ་བར་མྱི་འདོད་དེ། །འགྲོ་བ་ཀུན་ལ་བདེ་དང་དགའ་ཕྱིར་བརྩོན། །དེ་དག་ཡོངས་སུ་བསྔོ་བ་ 73-1-148a མཐར་ཕྱིན་དང་། །བསམ་པ་དུག་མྱེད་རྣམ་པར་དག་ཡིད་ཀྱིས། །དུས་གསུམ་རྒྱལ་བ་གང་ན་བཞུགས་བཞུགས་པའི། །ཆོས་ཀྱི་གྲོང་རྡལ་དེ་ན་རབ་ཏུ་གནས། །གཟུགས་དང་ཚོར་བ་དག་ལ་མྱི་ གནས་ཤིང་། །འདུ་ཤེས་འདུ་བྱེད་ཡིད་ལའང་མ་ཡིན་ཏེ། །སྲིད་པ་གསུམ་ལས་ཡོངས་སུ་ཡིད་བསྐྱོད་དོ། །བསོད་ནམས་གཏེར་ལ་དེ་དག་ཡོངས་སུ་བསྔོ། །སེམས་ཅན་ཇི་སྙེད་རྒྱལ་བས་སད་བྱས་ པ། །འགྲོ་བ་ཀུན་ནས་མ་ལུས་བསྡུ་བྱས་ཏེ། །སྐྱེས་བུ་དམ་པ་དེ་དག་དགྲོལ་བའི་ཕྱིར། །སྤྱོད་པའི་མཆོག་ལ་གང་ཞིག་བརྩོན་བྱེད་པ། །དེ་དག་རྣམ་པ་ཀུན་ཏུ་སེམས་བརྟན་ཏེ། །དེ་དག་བློ་གྲོས་ཡངས་ པ་གཞལ་དུ་མྱེད། །དེ་དག་དྲན་པའི་དབང་པོ་མ་ཉམས་པ། །དེ་མཉམ་གཞག་པས་བསམ་པ་རྣམ་པར་དག །འཇིག་རྟེན་འདིའི་ནང་དང་ཕྱི་རྣམས་སུ། །གང་དུ་འང་དེ་དག་གནས་འཆར་མི་བྱེད་དེ། ། མཁའ་ལ་རླུང་དང་རླུང་མར་ཅི་འདྲ་བ། །ཕྱོགས་རྣམས་ཀུན་དུ་སེམས་ནི་དེ་བཞིན་ནོ། །དེ་དག་ལུས་ཀྱིས་ལས་རྣམས་བརྩོན་བྱེད་པ། །དེས་ནི་རྒྱལ་བ་མངོན་པར་མཉེས་པར་བྱེད། །རྒྱལ་བ་རྣམས་ལ་ ངག་ཀྱང་བསྡམས་པ་སྟེ། །ཡིད་ཀྱིས་དེ་དག་ཞུགས་པ་གང་ཡང་མྱེད། །མྱི་ཡི་དབང་པོ་གང་ན་བཞུགས་པའི་ཞིང་། །མཐའ་ཡས་ཞིང་དུ་དེ་དག་འདོང་བྱེད་ཅིང་། །དེ་དག་ཀུན་ཏུ་ཐུགས་རྗེ་རྒྱལ་བ་མཐོང་། །རྒྱལ་ བ་རིམ་གྲོ་བྱས་ཤིང་དེ་ནས་འདོང་། །དེ་དག་རྟག་ཏུ་ཁ་ན་མ་ཐོ་མྱེད། །འགྲོ་བ་ཀུན་ན་དེ་དག་འཇིགས་པ་མྱེད། །དེ་དག་སྲིད་གསུམ་འདི་ན་མུ་སྟེགས་བྱེད། །དེ་དག་བདེ་གཤེགས་ལམ་ལ་གནས་པ་ཡིན། །དེ་དག་རྣམ་ པར་སྒོམ་ཞིང་མངོན་བརྩོན་པ། །སྐྱེ་དང་འཇིག་པའི་ཚུལ་ལ་རྗེས་སུ་སེམས། །ཆོས་ཀྱི་ངོ་བོ་ཉིད་ལ་རབ་ཏུ་ཞུགས། །ཉོན་མོངས་མེད་པའི་ཚུལ་ལ་ཞུགས་པ་ཡིན། །གང་གིས་སྤྱོད་པ་རབ་ཏུ་བརྟེན་གྱུར་ཅིང་། །འགྲོ་ 73-1-148b བ་ཀུན་ལས་ཤེས་པ་མྱི་ལྡོག་པ། །དེ་འདྲའི་ཆོས་ཉིད་དེ་དག་རྗེས་སུ་སེམས། །དེས་ནི་དུས་གསུམ་ཆགས་པ་མེད་པར་འགྱུར། །གང་རྣམས་འགྲོ་བ་རྣམ་པར་དག་བྱེད་པ། །དེ་དག་ཡོངས་སུ་བསྔོ་བའི་ཕ་རོལ་ ཕྱིན། །དེ་དག་གནས་རྣམས་ཐམས་ཅད་ཕྱིར་བཟློག་པས། །དེ་ཕྱིར་དེ་དག་སྤྱོད་ལ་མི་གནས་སོ། །འགྲོ་བ་ཀུན་ཀྱི་ཚིག་ལམ་ཇི་སྙེད་དང་། །སྐྱེ་དགུ་ཐམས་ཅད་སྨྲ་ཞིང་མངོན་བརྗོད་པ། །དེ་དག་སྨྲ་ཡང་རློམ་ སེམས་མེད་པ་ཡིན། །ཆགས་མེད་ཡིད་ལྡན་སྤྱོད་པ་འདི་འདྲའོ། །བསོད་ནམས་ཚུལ་ལ་བློ་གྲོས་མཐའ་ཡས་པ། །དེ་དག་འདི་ལྟར་ཡོངས་སུ་བསྔོ་བས་ན། །ཕྱོགས་བཅུའི་འཇིག་རྟེན་བཞུགས་པ་ཇི་སྙེད་པའི། ། མྱི་ཡི་དབང་པོ་དེ་དག་མཉེས་པ་ཡིན། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དང་པོའོ།། །།ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཡོངས་སུ་བསྔོ་བ་མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་གཉིས་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་ ཕྱིར། སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་མི་ཕྱེད་པའི་དད་པ་ཡིན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་རྒྱུད་ཀྱི་ཚུལ་གཅིག་པར་བྱ་བའི་ ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་གཅིག་ཐོབ་པ་ཡན་ཅད་ཀུན་ལ་ཡང་མྱི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། ལྷག་པའི་བསམ་པས་རབ་ཏུ་ཞུགས་པས་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ལ་མྱི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་གཟུང་ཞིང་བསྲུང་བའི་ཕྱིར། དེ་དང་དེ་དག་དུ་སྐྱེས་པའི་སངས་རྒྱས་ཀྱི་བསྟན་ 73-1-149a པ་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། སྡང་བ་མྱེད་པའི་མྱིག་རབ་ཏུ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱིར་སེམས་ཅན་ཐམས་ ཅད་ལ་མྱི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། མཐའ་ཡས་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱ་ཞིང་ཡང་དག་པར་བསྒྲུབ་པའི་ཕྱིར་ཆོས་དཀར་པོ་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། ལྷག་པའི་བསམ་པ་དང་། མོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། སྟོན་པའི་འདུ་ཤེས་ཡོངས་སུ་མ་རྒྱས་པ་རྒྱས་ པར་བྱ་བའི་ཕྱིར། ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལ་དད་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ལ་མི་ཕྱེད་པར་དད་པ་ཡིན། བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་སྤྱོད་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱིས་ཡང་དག་པར་གཟུང་བ་དམྱིགས་པ་ཀུན་ཏུ་རྒྱུ་བ། གཞན་དང་གཞན་ཅན་དེ་དག་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན་ཏེ། དེ་ལྟར་མྱི་ཕྱེད་པའི་གནས་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཅི་ཡང་རུང་སྟེ། སངས་རྒྱས་ སམ། བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་ཀྱི་བསྟན་པ་འམ། སེམས་ཅན་རྣམས་ལ་དམྱིགས་པ་གང་དགེ་བའི་རྩ་བ་སྣ་ཚོགས་སམ། དགེ་བའི་རྩ་བ་རྣམ་ པ་ཐ་དད་པ་འམ། བྱང་ཆུབ་དུ་སེམས་བསྐྱེད་པ་རྣམ་པར་འཕེལ་བར་བྱ་བ་འམ། བྱམས་པ་བསྒོམ་པའི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པས་ཀྱང་རུང་སྟེ། སྙིང་རྗེ་ཆེན་པོ་ཡངས་པ་ཚད་མྱེད་པ་ 73-1-149b ཡང་དག་པར་མཐོང་བས། བྱང་ཆུབ་དུ་སེམས་བསྐྱེད་པ་ཡངས་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བསླབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ནན་ཏན་དུ་བྱ་བ་དང་། དགེ་བའི་རྩ་བ་ ཐམས་ཅད་ཡང་དག་པར་བསྡུ་བ་དང་། དོན་ཤེས་པ་ལ་ཡང་དག་པར་འཇུག་པར་བྱ་བ་དང་། བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པ་དང་། སྦྱིན་པའི་ཚོགས་རབ་ཏུ་བརྩམས་པ་དང་། ཡོན་ཏན་ཐམས་ཅད་ ཀྱི་ཚོགས་ལ་རབ་ཏུ་འཇུག་པར་བྱ་བ་དང་། དུས་གསུམ་མཉམ་པ་ཉིད་དུ་རྣམ་པར་དཔྱོད་པར་བྱེད་ཅིང་དེ་དགེ་བའི་རྩ་བ་དེ་དག་ཐམས་ཅད་མཁྱེན་པའི་ཚོགས་བསག་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ ཐམས་ཅད་བལྟ་བ་དང་མྱི་འབྲལ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། དགེ་བའི་གཤེས་ཉེན་ཐམས་ཅད་དང་མྱི་འབྲལ་བ་རབ་ཏུ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མྱི་འབྲལ་བར་ འགྲོགས་པ་དང་། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ཡིད་ལ་བྱ་བ་དང་མྱི་འབྲལ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་གཟུང་ཞིང་སྲུང་བ་དང་མི་འབྲལ་བ་དང་། སེམས་ཅན་གྱི་ ཁམས་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་མི་འབྲལ་བ་དང་། འཇིག་རྟེན་ལས་འདས་པར་སེམས་བསྐྱེད་ཅིང་ཡོངས་སུ་བསྔོ་བ་དང་མི་འབྲལ་བ་དང་། ཆོས་སྨྲ་བ་ཐམས་ཅད་ཕུད་དུད་དུ་བྱ་བ་དང་མི་འབྲལ་ བ་དང་། ཆོས་ཀྱི་སྣང་བ་ཐམས་ཅད་ཐོབ་པ་དང་མི་འབྲལ་བ་དང་། སྨོན་ལམ་ཆེན་པོ་རབ་ཏུ་བརྩོན་པར་བྱ་བ་དང་མི་འབྲལ་བར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡང་ དག་པར་སྒྲུབ་ཅིང་། ཡང་དག་པར་བསྡུད་པ་དང་། ཉེ་བར་བསྩགས་པ་དང་། མངོན་པར་འདུ་བྱེད་པ་དང་། སེམས་དཔའ་དང་། དམྱིགས་པར་བྱེད་པ་དང་། རབ་ཏུ་རྟོག་པ་དང་ཡང་དག་པར་སྨོན་པ་དང་། 73-1-150a ཀུན་ཏུ་སྤྱོད་པ་དང་ཉེ་བར་རྟོག་པའི་ཚེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདི་དག་འདི་ལྟར་བསྒྲུབ་པ་ལས་དགེ་བའི་རྩ་བ་དང་རྒྱུ་འཐུན་པའི་འབྲས་བུ་གང་བྱུང་བའི་དགེ་བའི་རྩ་བ་དང་། རྒྱུ་ འཐུན་པའི་འབྲས་བུ་དེས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བརྗོད་དུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཅིག །དེ་དག་ཀྱང་མཉེས་པར་བྱེད་པར་ གྱུར་ཅིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་སངས་རྒྱས་ཀྱི་རིམ་གྲོ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག །རིན་པོ་ཆེ་གྲངས་མྱེད་པ་དང་། མེ་ཏོག་གྲངས་མྱེད་ པ་དང་། དྲི་གྲངས་མེད་པ་དང་། འཕྲེང་བ་གྲངས་མེད་པ་དང་། ན་བཟའ་གྲངས་མེད་པ་དང་། གདུགས་གྲངས་མྱེད་པ་དང་། རྒྱལ་མཚན་གྲངས་མྱེད་པ་དང་། བ་དན་གྲངས་མེད་པ་དང་། རྒྱན་གྲངས་མེད་པ་དང་། ལྷབ་ལྷུབ་གྲངས་མྱེད་པ་དང་། རིམ་གྲོ་གྲངས་མེད་པ་དང་། བྱུག་པ་གྲངས་མྱེད་པ་དང་། རྣམ་པར་བྱུག་པ་གྲངས་མེད་པ་དང་། མེ་ཏོག་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། སྤོས་ཐམས་ཅད་ཀྱི་གདན་གྲངས་མྱེད་ པ་དང་། འཕྲེང་བ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། ཙན་དན་བཟང་པོ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། གོས་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རྡོ་རྗེ་ཐམས་ཅད་ཀྱི་གདན་གྲངས་མྱེད་པ་ དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རིན་པོ་ཆེའི་སྤང་ལེབ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རིན་པོ་ཆེའི་ཁ་དོག་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ ཀྱི་འཆག་ས་གྲངས་མེད་པ་དང་། མེ་ཏོག་ཐམས་ཅད་ཀྱི་འཆག་ས་གྲངས་མྱེད་པ་དང་། སྤོས་ཐམས་ཅད་ཀྱི་འཆག་ས་གྲངས་མྱེད་པ་དང་། ཕྲེང་བའི་རྒྱན་ཐམས་ཅད་ཀྱི་འཆག་ས་གྲངས་མྱེད་པ་དང་། 73-1-150b གོས་ཐམས་ཅད་ཀྱི་འཆག་ས་གྲངས་མྱེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་སྣ་ཚོགས་སུ་སྤྲས་པའི་འཆག་ས་གྲངས་མྱེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྤང་ལེབ་བཏིང་བའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་ཏ་ལའི་ཕྲེང་བ་བསྒྲེང་བའི་འཆག་ས་གྲངས་མྱེད་པ་དང་། རིན་པོ་ཆེའི་སྟེགས་བུས་བསྐོར་བའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུའི་དྲ་བས་ཀུན་ནས་གཡོག་ པར་བྱེད་པའི་འཆག་ས་གྲངས་མེད་པ་དང་། ལྷ་རྫས་ཐམས་ཅད་ལས་ཤིན་ཏུ་འདས་པའི་རིན་པོ་ཆེའི་གཙུག་ལག་ཁང་གྲངས་མྱེད་པ་དང་། ལྷ་རྫས་ཐམས་ཅད་ལས་ཤིན་ཏུ་འདས་པའི་མེ་ཏོག་ཐམས་ཅད་ཀྱི་གཙུག་ ལག་ཁང་གྲངས་མྱེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་སྤོས་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་ཕྲེང་བ་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་ མྱེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་ཙན་དན་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མྱེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་སྤོས་དང་གདུག་པ་མཆོག་དམ་པ་ཐམས་ཅད་ཀྱི་གཙུག་ལག་ཁང་ གྲངས་མེད་པ་དང་། ལྷ་རྫས་ཐམས་ཅད་ལས་ཤིན་ཏུ་འདས་པའི་རྡོ་རྗེའི་གཙུག་ལག་ཁང་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེའི་གཙུག་ལག་ཁང་གྲངས་མེད་པ་དང་། སྤོས་ཀྱི་ཤིང་དང་གོས་ཀྱི་ཤིང་དང་། རོལ་མོའི་ཤིང་དང་། ལྷབ་ལྷུབ་གྱི་ཤིང་དང་། ཤིང་སྣ་ཚོགས་ཀྱིས་ཀུན་ནས་བསྐོར་བའི་གཙུག་ལག་ཁང་གྲངས་མྱེད་པ་དང་། ཡིད་དུ་འོང་བའི་སྒྲ་འབྱུང་བའི་ཤིང་གྲངས་མེད་པ་དང་། སྣམ་བུ་རིན་པོ་ཆེ་སྦྱངས་ པའི་ཤིང་གྲངས་མེད་པ་དང་། རིན་པོ་ཆེ་མང་པོའི་ཤིང་གྲངས་མེད་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་ཐམས་ཅད་གྲངས་མེད་པ་དང་། ཤིང་ཐམས་ཀྱིས་བརྒྱན་ 73-1-151a པའི་གཙུག་ལག་ཁང་གྲངས་མེད་པ་དང་། བ་གམ་གྱི་རྒྱན་གྲངས་མྱེད་པ་དང་། སྐར་ཁུང་གི་རྒྱན་གྲངས་མེད་པ་དང་། རྟ་བབས་ཀྱི་རྒྱན་གྲངས་མྱེད་པ་དང་། པུ་ཤུའི་རྒྱན་དང་། ཟླ་གམ་གྱི་རྒྱན་དང་། ཁང་ པ་བརྩེགས་པའི་རྒྱན་དང་། བླ་རེའི་རྒྱན་གྲངས་མྱེད་པ་དང་། གསེར་གྱི་དྲ་བའི་རྒྱན་གྲངས་མེད་པ་དང་། སྤོས་དང་བདུག་པ་དམ་པ་ཐམས་ཅད་ཀྱི་རྒྱན་གྲངས་མེད་པ་དང་། གོས་ཐམས་ཅད་གདིང་བར་བཏིང་བའི་རྒྱན་ གྱིས་ཐམས་ཅད་རབ་ཏུ་བརྒྱན་པའི་གཙུག་ལག་ཁང་གྲངས་མེད་པས་བསྙེན་བཀུར་བྱེད་པར་གྱུར་ཅིག །དེ་ལྟར་མཆོད་པ་རྒྱ་ཆེན་པོ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ལ་ཡིད་ཀྱི་དབང་པོ་ཤིན་ཏུ་དད་པས་མཆོད་ པ་དང་། རིམ་གྲོ་རྒྱུན་མི་འཆད་པ་དང་། སངས་རྒྱས་ཕུ་དུད་དུ་བྱ་བ་ཕྱིར་མི་ལྡོག་པ་ལས་བྱུང་བས་ཕྱག་འཚལ་ཞིང་མཆོད་པ་དང་བསྙེན་བསྐུར་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རིམ་གྲོ་བྱ་བས་ བསྐལ་པ་བརྗོད་དུ་མེད་པར་མི་ཟད་པར་གྱུར་ཅིག །འགྲོ་བ་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དག་པར་འདུ་བ་དང་། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ རྣམ་པར་བཟློག་པ་དང་། སེམས་རྒྱ་ཆེན་པོ་བསྐྱེད་པ་ལ་མོས་པར་བྱ་བ་དང་། རྒྱན་ཆེན་པོས་ཡང་དག་པར་བསྟན་པ་དང་། ཚད་མེད་པར་རྣམ་པར་བྲེ་བའི་རྒྱན་དང་། བརྩམས་པ་མཐར་ཕྱིན་པར་བྱ་བ་དང་། སངས་ རྒྱས་འབྱུང་བ་ཤིན་ཏུ་དཀོན་པ་བརྗོད་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་རྫོགས་པར་བྱ་བ་དང་། མཆོད་རྟེན་སྣ་ཚོགས་བསྙེན་བཀུར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་ དག་པར་གཟུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བཞུགས་ཤིང་འཚོ་སྐྱོང་བ་ལ་དེ་ལྟ་བུའི་རིམ་གྲོ་བྱེད་པ་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སངས་རྒྱས་དེ་དག་ཐམས་ཅད་ཀྱི་སྐུ་ 73-1-151b གདུང་མཆོད་པ་ལ་རབ་ཏུ་བརྩོན་པར་བྱ་བས་བསྐལ་པ་གྲངས་མྱེད་པ་ཟད་ཀྱང་དེ་བཞིན་གཤེགས་པ་མཆོད་པ་བསྙེན་བཀུར་བའི་རྒྱན་དང་བརྗོད་པ་ཡོན་ཏན་མཐའ་ཡས་པ་བསྔགས་པས་བསྒྲུབས་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསྒྲུབས་པ་དེ་དག་མཐར་ཐུག་པར་མ་གྱུར་ཅིག །དེ་ལྟར་རིམ་གྲོར་བྱེད་པ་ལས་ཕྱིར་ལྡོག་པར་མ་གྱུར་ཅིག །རྒྱུན་གཅོད་པར་མ་གྱུར་ཅིག །སེམས་ཡོངས་སུ་སྐྱོ་ བ་མེད་པར་གྱུར་ཅིག །མངོན་པར་ཆགས་པའི་འདུ་ཤེས་རྣམ་པར་སྤངས་པ་དང་། མྱི་གནས་པའི་ཆོས་ཉིད་དང་། དགེ་བའི་རྩ་བ་རློམ་སེམས་ཐམས་ཅད་བཅོམ་པས་རློམ་སེམས་མེད་པར་གྱུར་པ་དང་། ཆོས་འགྱུར་བ་མེད་པ་ཡང་དག་པར་ཇི་ལྟ་བ་བཞིན་གྱིས་རྒྱས་བཏབ་པའི་ཆོས་ཀྱི་སྒོ་དང་། ཚེ་དང་སྐྱེ་བ་ཐམས་ཅད་དུ་འཁོར་བར་གྱུར་པའི་སངས་རྒྱས་ཀྱི་སྤྱོད་པ་དང་། སྐྱེ་བ་མེད་པའི་རང་བཞིན་ལ་སྤྱོད་ཅིང་ དམྱིགས་པའི་ཆོས་ཀྱིས་རྒྱས་བཏབ་པའི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་པའི་ཡོངས་སུ་བསྔོ་བ་དང་། ཆོས་ཀྱི་རང་བཞིན་ལ་རབ་ཏུ་བརྩོན་པའི་ཡོངས་སུ་བསྔོ་བ་མཉམ་ པ་ཉིད་དང་། མངོན་པར་འདུ་བྱ་བ་མྱེད་པའི་ཚུལ་ལ་ཞུགས་པའི་མངོན་པར་འདུ་བྱ་བ་མངོན་པར་བསྒྲུབ་པ་དང་། དངོས་པོ་ཐམས་ཅད་ཀྱི་འདུ་ཤེས་དང་བྲལ་བའི་ཚུལ་དང་། བསྔོ་བ་ལ་མཁས་པའི་རྣམ་པ་ ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་བསྔོ་བ་སྲིད་པ་ཀུན་ལས་འཕགས་པ་དང་། བསྒོམ་པའི་སྒོ་མཚན་མ་ལ་མཁས་པས་གནས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་དགེ་བའི་རྩ་བ་ཉེ་བར་ལེན་ པའི་བྱིན་གྱིས་རླབས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྔོ་བ་ཆེན་པོས་ཡོངས་སུ་སྦྱངས་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་གནས་པའི་མོས་པ་ཡོངས་སུ་རྒྱས་པས། གནས་ཐམས་ཅད་ཡང་དག་ 73-1-152a པར་བཅོམ་པར་གྱུར་ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཅི་ནས་ཀྱང་འཁོར་བའི་རྒྱུད་དུ་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་ཐམས་ ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་སྲིད་པའི་འདུ་འཛིས་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་བསྒྲལ་བ་དང་། ཅི་ནས་ཀྱང་སྐྱེ་བ་དང་། འཆི་འཕོས་སྐྱོན་དུ་མི་འགྱུར་བ་དང་། ཅི་ནས་ཀྱང་ཆགས་པ་མྱེད་པའི་ཡེ་ཤེས་ཀྱི་སྒོ་སྟོར་བར་མི་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུ་ ཟད་པར་མི་འགྱུར་བ་དང་། ཅི་ནས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་ཀུན་ཏུ་བླངས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་ཐམས་ཅད་ མཁྱེན་པའི་སྟོབས་ཕུན་སུམ་ཚོགས་པར་འགྱུར་བར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་མུན་པ་མེད་པ་དང་ལྡན་པ་ནི་ ཆོས་དཀར་པོ་སྣང་བར་འགྱུར་པས། ཉེ་བར་བརྟན་ཅིང་ཡོངས་སུ་བསྔོ་བའི་མཆོག་སྐྱེས་བུ་དམ་པས་སྤྱད་པ་དང་ལྡན་པ་དང་། ཡོངས་སུ་དག་པའི་ཡིད་ཀྱིས་ཡང་དག་པར་རྟོག་པ་དང་། སེམས་ དང་འདྲ་བའི་ཆོས་ཐམས་ཅད་ལ་ཞུགས་པ་དང་། སྒྱུ་མ་དང་འདྲ་བའི་ལས་ཡོངས་སུ་ཤེས་པ་དང་། མྱིག་ཡོར་ལྟ་བུའི་ལས་ཀྱི་རྣམ་པར་སྨྱིན་པ་ལ་མོས་པ་དང་། སྤྲུལ་པ་ལྟ་བུའི་མངོན་པར་འདུ་ བྱེད་པ་ལ་གནས་པ་དང་། སྒྲ་རྙན་ལྟ་བུའི་ལས་ལ་རྟེན་པ་དང་། གྲིབ་མ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་སོང་བ་དང་། ཆགས་པ་མེད་པའི་ཆོས་ཀྱི་མྱིག་རབ་ཏུ་སྐྱེས་པ་དང་། 73-1-152b བྱ་བ་མེད་པའི་འབྱམ་ཀླས་པའི་རྗེས་སུ་སོང་བ་དང་། ཞི་བའི་རིགས་རབ་ཏུ་ཐོབ་པ་དང་། གཉིས་སུ་མྱེད་པ་དང་ལྡན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་ཞུགས་པ་དང་། ཆོས་མ་ ནོར་བའི་མཚན་མ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། མཚན་མ་ཐམས་ཅད་ལ་ཞེན་པ་མེད་པ་དང་། ཐུན་མོང་གི་ལས་ལ་མཁས་པ་རྗེས་སུ་སོང་བ་དང་ ཆོས་དཀར་པོ་ཐམས་ཅད་རྒྱུན་མ་ཆད་པ་དང་། ཆགས་པ་ཐམས་ཅད་ཀྱིས་མངོན་པར་མ་ཞེན་པ་དང་། ཆགས་པ་མེད་པར་འགྲོ་བ་ལ་རྟེན་པ་དང་ལྡན་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤིན་ཏུ་བསམ་པའི་བློ་དང་ལྡན་པ། དགེ་བའི་རྩ་བ་ལ་རྨོངས་པ་མེད་པ། ཆོས་ཐམས་ཅད་དང་འགལ་བ་མྱེད་པའི་ཆོས་ཅན་རྒྱུ་དང་ལས་དང་བྱ་བ་དང་། འགལ་བ་མེད་པ་ཡང་དག་པར་ མཐོང་བ་ཡོངས་སུ་བསྔོ་བ་ལ་མཁས་པ། ངོ་བོ་ཉིད་ཀྱི་ཆོས་ཀྱི་ཚུལ་དང་ལས་རྣམ་པར་སྨྱིན་པ་མངོན་པར་བསྒྲུབ་པའི། ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ལ་རྣམ་པར་ལྟ་ཞིང་རྣམ་པར་དཔྱོད་པའི་ ཡེ་ཤེས་དང་ལྡན་པ། ཡོངས་སུ་བསྔོ་བའི་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་ལ་ཤིན་ཏུ་རིག་པའི་དགེ་བའི་རྩ་བ་དང་ལྡན་པ། མངོན་པར་འདུ་བྱ་བ་མེད་པར་སྤྱོད་པའི་སེམས་དགེ་བའི་རྩ་བ་དང་ལྡན་པ་དེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཅི་ནས་ཀྱང་འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བ་དང་། སངས་རྒྱས་ཀྱི་རིགས་བདུད་ཀྱི་ལས་དང་བྲལ་བ། ལས་ཀྱི་རྣམ་པར་ཡོངས་སུ་བྱང་བའི་བདག་ཉིད་ཅན་ཐམས་ཅད་ མཁྱེན་པ་ཉིད་དུ་མོས་ཤིང་རྗེས་སུ་སོང་བའི་སེམས་དང་ལྡན་པར་འགྱུར་བར་ཡོངས་སུ་བསྔོའོ། །བསྔོ་བ་དེ་ཡང་ཚད་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡང་དག་པར་མཐོང་བར་བྱེད་དེ། དགེ་ 73-1-153a བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཡུལ་དང་བྲལ་བ་ཉོན་མོངས་པ་ཐམས་ཅད་དང་རྣམ་པར་བྲལ་བར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་བྱང་བར་བྱ་བའི་ཕྱིར་ཡང་ཡོངས་སུ་བསྔོ་སྟེ། ཡེ་ཤེས་རྣམ་པར་དག་པའི་མཐར་ཐུག་པར་ཟབ་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་འཁོར་བའི་ཆོས་ཀྱིས་མི་བསྐྱོད་ཅིང་སངས་རྒྱས་ཀྱི་དགེ་བའི་རྩ་བ་མངོན་པར་འབྱུང་བར་སེམས་བསྐྱེད་པ་དང་ ལྡན་པར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བའི་ཚེ་ཡང་བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་བཟློག་སྟེ། ཆོས་མཉམ་པ་ཉིད་ཀྱི་རྒྱ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱི་རྗེས་སུ་སོང་ བ་ལས་རྒྱས་འདེབས་པར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཡང་ཆོས་ཐམས་ཅད་འཇིག་རྟེན་ལས་འདས་པར་ཁོང་དུ་ཆུད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ནི་ཐམས་ཅད་མཁྱེན་པའི་ཐེག་པའི་དཀྱིལ་འཁོར་ཡོངས་སུ་གྲུབ་པས་འགྱོད་པ་མེད་པའི་དགེ་བའི་རྩ་བ་དང་ལྡན་པ་ཡིན་ཏེ། ཀྱེ་ རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་སྟེ་གཉིས་པའོ། །ཡོངས་སུ་བསྔོ་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ ཐམས་ཅད་ཡོངས་སུ་བསྔོ་ཞིང་། སངས་རྒྱས་གྲངས་མེད་པ་མངོན་སུམ་དུ་བྱ་བ་ཐོབ་པར་འགྱུར་རོ། །ཆོས་བརྗོད་དུ་མེད་པ་ཡོངས་སུ་དག་པ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། སེམས་ཅན་ཐམས་ཅད་མཉམ་ པ་ཉིད་ཀྱང་ཁོང་དུ་ཆུད་པར་བྱེད་དོ། །ཆོས་ཐམས་ཅད་ལ་འཇུག་པ་རྨོངས་པ་མེད་པ་ལ་ཡང་རབ་ཏུ་འཇུག་གོ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་བདུད་ཀྱི་ལས་ཐམས་ཅད་རབ་ཏུ་འཇོམས་པ་ཡང་ 73-1-153b ཡོངས་སུ་བསྒྲུབ་བོ། །མངོན་པར་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཡོངས་སུ་རྫོགས་པར་འགྲུབ་པར་འགྱུར་རོ། །ཆགས་པ་མྱེད་པ་ལ་རབ་ཏུ་འཇུག་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ལ་ཡང་དག་པར་ འགྲུབ་པོ། །ཆོས་ཐམས་ཅད་ཀྱི་དོན་མཐོང་བ་ཡང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྗེས་སུ་སོང་བའི་འདུ་ཤེས་ཀྱི་གནས་ཀྱང་རབ་ཏུ་རྟོགས་པར་བྱེད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྣང་ བར་བྱ་བའི་ཡོངས་སུ་དག་པའང་ཡོངས་སུ་བསྒྲུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་སྨྲས་སོ། །དེ་དག་ཡིད་ཀྱིས་དབྱེ་བ་མེད་བསྒྱུར་ཅིང་། །ཇི་སྙེད་ལས་རྣམས་ཡང་དག་བརྩོན་བྱེད་ཀུན། །ཅི་ནས་རྒྱལ་བ་མངོན་པར་མཉེས་འགྱུར་བ། །དེ་ལྟར་འཇིག་རྟེན་མཁས་ལ་ཡོངས་སུ་ བསྔོ་བར་བྱེད། །སངས་རྒྱས་བསམ་དུ་མེད་པ་བསྙེན་བཀུར་ཅིང་། །སྦྱིན་དུལ་སྡོམ་པ་མཆོག་གི་ཚུལ་ཁྲིམས་རྣམས། །ཅི་ནས་འགྲོ་ཀུན་རྣམ་པར་དག་འགྱུར་བ། །དེ་ལྟར་འཇིག་རྟེན་ཕན་ཕྱིར་ཡོངས་སུ་བསྔོ། ། ཇི་སྙེད་འདི་ན་སྤོས་ཀྱི་གཞལ་མེད་ཁང་། །མེ་ཏོག་རྣམ་པ་ན་བཟའི་རྣམ་པ་དང་། །ལྷབ་ལྷུབ་རྣམ་པ་གདུགས་ཀྱི་རྣམ་པ་དག །དེས་ནི་ཡེ་ཤེས་མཁས་ལ་བསྙེན་བཀུར་བྱེད། །དེ་ལྟར་སྐྱེས་བུ་སེང་གེ་དྲང་ སྲོང་རྣམས། །བསྐལ་པ་བསམ་ཡས་བསྙེན་ཅིང་བཀུར་བྱས་ཀྱང་། །རྒྱལ་བ་སྐྱེས་བུ་འདུལ་བ་མཆོད་བྱས་པས། །ནམ་ཡང་ངོམས་པར་ཚོར་བར་མི་འགྱུར་རོ། །དེ་དག་རྒྱལ་བ་ཀུན་ལ་མོས་བྱེད་ཅིང་། ། ཕྱོགས་རྣམས་ཀུན་ཀྱི་འཇིག་རྟེན་སྒྲོན་མ་རྣམས། །མི་ཡི་སེང་གེ་མཚུངས་མྱེད་ཇི་སྙེད་པ། །འཇིག་རྟེན་ཕྱོགས་བཅུ་དག་ན་བཞུགས་པར་མཐོང་། །བསྐལ་པ་བསམ་གྱིས་མི་ཁྱབ་རྣམ་མང་དུ། ། 73-1-154a མི་ངོམས་ཡིད་ཀྱིས་སྦྱིན་པ་གཏོང་བྱེད་ཅིང་། །དགེ་བ་དེ་ལ་རྗེས་སུ་སེམས་བྱེད་པས། །བསྐལ་པ་བརྒྱར་ཡང་ངོམས་པར་མི་ཚོར་རོ། །འགྲོ་བའི་འདུ་ཤེས་རྣམ་རྟོག་རབ་ཤེས་ཀྱང་། །དེ་ལ་དེ་ནི་ མི་རྟོག་རྣམ་མྱི་རྟོག །དེ་དག་འགྲོ་བའི་དབང་པོ་མ་ལུས་ཤེས། །དེ་དག་ཕན་ཕྱིར་རྟག་ཏུ་འཇུག་པར་བྱེད། །དེ་དག་དགའ་ཞིང་མཉམ་པར་གཞག་པ་སེམས། །དད་པ་འདི་བསྩལ་སྲིད་ཞུ་ལྡན་པ་རྣམས། ། བསམ་ཡས་བསྐལ་པར་འཇིག་རྟེན་འགྲོ་ཕན་ཕྱིར། །ཡོངས་སུ་དགྲོལ་བའི་སེམས་ཀྱིས་སྤྲོ་བར་བྱེད། །དེ་དག་བདེ་གཤེགས་མྱ་ངན་འདས་པ་ལས། །སྣ་ཚོགས་རྣམ་པ་ཐ་དད་ཡིད་འོང་བའི། །མཆོད་ རྟེན་བསམ་གྱིས་མྱི་ཁྱབ་རྩིག་བྱེད་ཅིང་། །མཆོད་པ་བྱེད་ཀྱང་ནམ་ཡང་ཚིམ་པ་མྱེད། །མཚུངས་མེད་དེ་དག་སྐུ་གཟུགས་རྣམ་དག་པ། །རབ་ཏུ་འོད་འབར་གསེར་གྱི་སྙིང་པོ་ཅན། །རྒྱལ་བའི་སྐུ་ གཟུགས་རི་རབ་མཉམ་པ་དག །བྱེ་བ་བརྒྱ་ཕྲག་མཐའ་ཡས་རབ་ཏུ་བྱེད། །ཟིལ་ནོན་དམ་པ་རྙེད་པ་དེ་དག་ནི། །བསོད་ནམས་ཡངས་པའི་སྟོབས་དེ་གྲུབ་པ་ན། །དེ་དག་ཡོངས་བསྔོ་ཤེས་པ་རབ་རྟོགས་ཤིང་། ། དངོས་དང་དངོས་མེད་ཐམས་ཅད་རབ་ཏུ་བསྒོམ། །འདི་འདྲའི་ཡེ་ཤེས་ཚུལ་ལ་ཡོངས་བསྔོས་པས། །དེ་ཕྱིར་འཁོར་བས་ཟད་པར་མི་འགྱུར་ཏེ། །ཆོས་ཉིད་ཡེ་ཤེས་མཆོག་དང་དམ་པ་དག །དེ་ལ་ཆོས་རྣམས་ སྐྱེ་བ་གང་ཡང་མྱེད། །དེས་ནི་འཇིག་རྟེན་མཁྱེན་པ་རྣམ་དག་ལྟར། །སེམས་ཀྱང་རབ་ཏུ་རྣམ་པར་དག་པར་འགྱུར། །དེས་ནི་མི་ཟད་མཐར་ཕྱིན་ཚུལ་རྟོགས་པ། །འདུས་བྱས་བསོད་ནམས་ཟད་པར་འགྱུར་ བ་མྱེད། །གང་རྣམས་བྱང་ཆུབ་སེམས་དང་ལྡན་འགྱུར་ཅིང་། །འཇིག་རྟེན་ཀུན་ལ་གནས་པ་མེད་པ་དག །འགྲོ་བ་ཀུན་ལ་ཆགས་པ་མེད་པ་ཡིན། །ཕྱོགས་རྣམས་ཀུན་ཏུ་འང་མཐའ་ཡས་རབ་ཏུ་ 73-1-154b འགྲོ། །གང་གིས་མི་ཡི་དབང་པོ་ཀུན་འབྱུང་བ། །དེ་འདྲ་ཡོངས་སུ་བསྔོ་བ་བྱེད་པར་འགྱུར། །འགྲོ་བ་ཐམས་ཅད་སེམས་དང་མཉམ་རྟོགས་ཀྱང་། །འགྲོ་བ་ཀུན་ཏུ་སེམས་ནི་དམྱིགས་པ་མྱེད། །དེ་དག་དངོས་པོ་ ཐམས་ཅད་མ་ལུས་པར། །ཆོས་རྣམས་དངོས་མེད་ཇི་བཞིན་འཇུག་པ་མེད། །ཅི་ནས་འཇིག་རྟེན་ལམ་དུ་ཉམས་མེད་པར། །རྣམ་དག་མྱིག་ཅན་ཡོངས་སུ་བསྔོ་བ་བྱེད། །དེས་ནི་སྲིད་རྣམས་ཡོངས་སུ་དག་པར་ བསྔོ། །དངོས་སུ་སྲིད་པ་རྟོག་པར་མི་བྱེད་དེ། །དངོས་དང་དངོས་མེད་ཚུལ་ནི་ཤེས་བྱེད་ཅིང་། །འོད་གསལ་དང་བས་སེམས་ཀྱང་ཚིམ་པར་བྱེད། །སངས་རྒྱས་ཞིང་གཅིག་གནས་པར་མི་བྱེད་དེ། །ཞིང་རྣམས་མ་ ལུས་ཀུན་ལའང་གནས་མི་འཆའ། །འདུས་བྱས་ཆོས་ཀྱིས་སྙེམས་པར་མི་བྱེད་དེ། །དེ་དག་རང་བཞིན་ལ་འང་མྱི་གནས་སོ། །ཅི་ནས་རྒྱལ་བ་ཀུན་ཀྱི་ཀུན་མཁྱེན་པ། །ཅི་ནས་བླ་མེད་སངས་རྒྱས་རྒྱན་ཐོབ་ ཅིང་། །ཅི་ནས་རྒྱལ་བ་ཐམས་ཅད་མཉེས་འགྱུར་བ། །དེ་ལྟར་དེ་དག་ལས་ནི་ཡོངས་སུ་བསྔོ། །ཡེ་ཤེས་དམ་པའི་རྣམ་པ་ཚུལ་ཤེས་པ། །དེ་དག་རྐང་གཉིས་དམ་པ་དྲན་བྱེད་ཅིང་། །དེ་འདྲའི་ཆོས་རྣམས་ གནས་མེད་རབ་ཤེས་པས། །དེ་འདྲའི་བསོད་ནམས་གནས་པ་མེད་པར་འགྱུར། །དེ་དག་འགྲོ་བ་ཀུན་ཀྱི་སྐྱབས་ཡིན་ཏེ། །ལས་ཀྱི་མཐའ་རྣམས་ཐམས་ཅད་རྣམ་པར་སྦྱངས། །འགྲོ་བ་ཀུན་ལ་ཕན་དང་ བདེ་སེམས་ཀྱིས། །འཇིག་རྟེན་ཡོངས་སུ་སྤང་བ་གང་ཡང་མེད། །ཆོས་དང་བར་དུ་མྱ་ངན་འདའ་བ་དག །གང་ཕྱིར་གཞན་མྱིན་འགྲངས་པའི་ས་ལ་སྲུང་། །གང་གིས་རྒྱལ་འགྱུར་སངས་རྒྱས་གྱུར་པའི་ རྣམས། །དེ་ལྟར་དགེ་བ་དེ་དག་ཡོངས་སུ་བསྔོ། །འཇིག་རྟེན་འགྲོ་བའི་རྒྱུད་ལ་རློམ་སེམས་མེད། །འདུས་བྱས་རྣམས་ལའང་དེ་དག་ཆགས་པ་མེད། །ཚིག་གི་ལམ་ལ་དེ་དག་གནས་པ་མྱེད། ། 73-1-155a ཚིག་མེད་ལམ་ལའང་ནམས་ཀྱང་མྱི་གནས་སོ། །ཆོས་རྣམས་ཐམས་ཅད་མ་ལུས་བསྡུ་མཛད་དེ། །མི་ཡི་དམ་པ་སངས་རྒྱས་ཇི་སྙེད་པས། །འགྲོ་རྒྱུད་ཐམས་ཅད་རྣམ་པར་ཕྱེ་བས་མཁྱེན། ། ཐུགས་ཀྱིས་རྣམ་པར་དབྱེ་དང་རྟོག་མི་མངའ། །རྒྱན་ཅིག་ལས་ནི་རྒྱན་རྣམས་ཀུན་འབྱིན་ཀྱང་། །རྣམ་པར་རྟོག་པའི་ཆོས་སུ་མྱི་བྱེད་དེ། །དེ་དག་ཐམས་ཅད་དངོས་མེད་སྤྱོད་མྱེད་པར། །འཇིག་རྟེན་རྟོག་ པ་མེད་པར་རབ་ཏུ་ཤེས། །མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་གཉིས་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ བཅུ་གཉིས་པ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་ གསུམ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལ་ཡང་རྗེས་སུ་སློབ་བོ། །མ་བྱོན་ པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལའང་རྗེས་སུ་སློབ་བོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་ལའང་རྗེས་སུ་སློབ་པོ། །དེ་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མི་འཐུན་པ་མ་ཡིན་ཞིང་ཡིད་དུ་འོང་བའམ། མི་འཐུན་པ་མ་ཡིན་ཞིང་ཡིད་དུ་འོང་བར་རེག་པའམ། མི་འཐུན་པ་མ་ཡིན་ཞིང་ཡིད་དུ་འོང་བའི་ཆོས་སམ། མི་འཐུན་པ་མ་ ཡིན་ཞིང་ཁ་ན་མ་ཐོ་བ་མྱེད་པ་རྣམ་པར་དག་པ། དགེ་བ་ཡངས་པ། འོད་གསལ་བ། གང་གིས་ཡིད་དགའ་བ་སྐྱེ་ཞིང་བདེ་བར་འགྱུར་བ། དང་བ་སྐྱེ་བ། དགའ་བ་སྐྱེ་བ། རབ་ཏུ་དགའ་བར་གནས་པ། སྤྲོ་བ་ 73-1-155b རབ་ཏུ་འབྱུང་བ་ཡིད་མི་བདེ་བ་རྣམ་པར་བཟློག་པ། སེམས་བདེ་བར་འགྱུར་བའམ། ཉམས་དགའ་བར་འགྱུར་བ། བསམ་པ་འཇམ་པར་འགྱུར་བའམ། དབང་པོ་སིམ་པར་གྱུར་བའི་གཟུགས་གང་ཇི་ སྙེད་ཡོད་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏེ། དེ་བདེ་བའི་གཟུགས་དེ་དག་མཐོང་བའི་ཚེ། འདི་ལྟར་ཡོངས་སུ་བསྔོ་སྟེ། དེ་དག་གི་བདེ་བ་ཡོངས་སུ་བསྔོ་བ་འདིས་སངས་རྒྱས་བཅོམ་ལྡན་འདས་ དེ་དག་སངས་རྒྱས་ཀྱི་རྣམ་པར་སྤྱོད་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་དང་། ཕྱི་ཕྱིར་ཞིང་ཡང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་མཚུངས་པ་མྱེད་པས་ཡང་དག་པར་གཟུང་ བར་གྱུར་ཅིག །སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་བདེ་བ་མཐའ་ཡས་པ་ཕྱིར་ཞིང་ཡང་ཤིན་ཏུ་བརྟན་པར་གྱུར་ཅིག །སངས་རྒྱས་ཀྱི་རྣམ་པར་ཐར་པའི་བདེ་བ་ཚད་མེད་པ་དང་ཡང་དག་པར་ལྡན་ པར་གྱུར་ཅིག །སངས་རྒྱས་ཀྱི་ཆོ་འཕྲུལ་ཚད་མྱེད་པས་ཤིན་ཏུ་གཟུང་བར་གྱུར་ཅིག །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བའི་བདེ་བ་རྙེད་པར་དཀའ་བས་ཤིན་ཏུ་ཁྱབ་པར་གྱུར་ཅིག ། སངས་རྒྱས་ཀྱི་སྟོབས་ཀྱི་བདེ་བ་ཚད་མྱེད་པས་ཤིན་ཏུ་བདེ་བར་གྱུར་ཅིག །ཚོར་བ་ཐམས་ཅད་ཞི་ཞིང་སྐྱེ་བ་མེད་པའི་བདེ་བས་འགྱུར་བ་མེད་པར་གྱུར་ཅིག །ཆགས་པ་མེད་པར་གནས་པ་རྟག་ཏུ་ མཉམ་པར་གཞག་པའི་དེ་བཞིན་གཤེགས་པའི་བདེ་བ་གཉིས་སུ་མེད་ཅིང་ཡང་དག་པར་སྤྱོད་པས་འཁྲུག་པ་མྱེད་པ་བདེ་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དགེ་བའི་རྩ་བ་དེ་དག་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་བསྔོས་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོ་བ་བྱེད་དེ། འདི་ལྟར་བསམ་པ་ཡོངས་སུ་མ་རྫོགས་པ་རྣམས་ཀྱི་ 73-1-156a བསམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །ལྷག་པའི་བསམ་པ་ཡོངས་སུ་མ་དག་པ་རྣམས་ཡོངས་སུ་དག་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་ཤིན་ཏུ་བརྟན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་གོ་ཅ་ཕྱིར་མི་ལྡོག་པ་རྒྱུན་མི་འཆད་པར་བྱ་བ་དང་། བྱང་ཆུབ་ཏུ་ གཞོལ་བའི་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྲུང་བ་དང་། འགྲོ་བ་ཐམས་ཅད་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་ པར་སྤྱོད་པ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དབང་པོ་ཐམས་ཅད་ཀྱི་མངོན་པར་ཤེས་པ་ཤིན་ཏུ་རྣོ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཐུག་ པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་དགེ་བའི་རྩ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་ཡོངས་སུ་བསྔོའོ། །དེ་ཡང་དགེ་བའི་རྩ་བ་ཆུང་ངུ་ན་སེ་གོལ་ཏོག་པ་རྩམ་དུ་ སངས་རྒྱས་ཞི་བའི་སྒྲ་ཐོས་སམ། ཆོས་ཉན་ཏམ། འཕགས་པའི་དགེ་འདུན་བསྙེན་བཀུར་བྱེད་དམ། གང་ཅི་ཡང་རུང་སྟེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་བར་ཆད་མེད་པར་ཡོངས་ སུ་བསྔོའོ། །སངས་རྒྱས་རྗེས་སུ་དྲན་པ་ཡོངས་སུ་རྫོགས་པར་ཡོངས་སུ་བསྔོའོ། །ཆོས་རྗེས་སུ་དྲན་པ་རབ་ཏུ་སྦྱོར་བར་ཡོངས་སུ་བསྔོའོ། །འཕགས་པའི་དགེ་འདུན་རིམ་གྲོར་བྱ་བར་ཡོངས་སུ་ བསྔོའོ། །སངས་རྒྱས་མཐོང་བ་དང་མི་འབྲལ་བར་ཡོངས་སུ་བསྔོའོ། །སེམས་རྣམ་པར་དག་པར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་ཡོངས་སུ་བསྔོའོ། །ཚད་མྱེད་ 73-1-156b པའི་ཡོན་ཏན་ལ་རབ་ཏུ་འཇུག་པའི་ཕྱིར་ཡོངས་སུ་བསྔོའོ། །མངོན་པར་ཤེས་པ་དང་དགེ་བའི་རྩ་བ་རྣམ་པར་དག་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་ཐེ་ཙོམ་རྣམ་པར་བསྩལ་བའི་ཕྱིར་ཡོངས་སུ་བསྔོའོ། ། ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམ་པར་དག་པ་བསྟན་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཡོངས་སུ་བསྔོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་རྩ་བ་དེ་དག་ སེམས་ཅན་ཐམས་ཅད་ལའང་ཡོངས་སུ་བསྔོ་སྟེ། འདི་ལྟར་སེམས་ཅན་དམྱལ་བའི་ལམ་རྣམ་པར་བཟློག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱོལ་སོང་གི་སྐྱེ་གནས་རྒྱུན་གཅོད་པའི་ཕྱིར་ཡོངས་སུ་བསྔོའོ། ། གཤིན་རྗེའི་འཇིག་རྟེན་རྩ་བ་ནས་ཆད་པའི་ཕྱིར་ཡོངས་སུ་བསྔོའོ། །ངན་སོང་གི་རྒྱུད་ཐམས་ཅད་མ་ལུས་པར་རྒྱུན་གཅོད་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མྱེད་པའི་བྱང་ཆུབ་ དུ་མོས་ཤིང་ཕྱིར་མི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །ལྷག་པའི་བསམ་པས་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ ཐམས་ཅད་མི་སྤང་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པའི་ས་ཤིན་ཏུ་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡེ་ཤེས་མཐའ་ཡས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་གང་ཡང་རུང་སྟེ། བྱང་ཆུབ་དུ་དམྱིགས་ པ་དང་མ་བྲལ་བའི་སེམས་དང་། ཐམས་ཅད་མཁྱེན་པར་དམྱིགས་པ་ལ་བརྩོན་པའི་ཡིད་ལ་བྱེད་པ་དང་། བདག་གདུལ་བ་དང་ཕ་རོལ་གདུལ་བ་ལ་གཞོལ་བའི་ལྷག་པའི་བསམ་པ་དང་། བདག་ 73-1-157a དང་གཞན་ཡོངས་སུ་སྨྱིན་པར་སྦྱོར་བའི་ཐབས་མཁས་པ་དང་། བྱང་ཆུབ་པའི་ཚུལ་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་ཡོངས་སུ་སྨྱིན་པར་བྱེད་པའི་རྣམ་པར་ཐར་པ་དང་། སེམས་བསྐྱེད་པ་གནས་པ་ མེད་པ་དང་། འགྲོགས་པའི་མཉམ་པར་གཞག་པ་དང་། སྔོན་སྙིང་རྗེ་ཆེན་པོ་བསྐྱེད་པས་ཁྱིམ་ན་གནས་པ་དང་། བྱམས་པའི་སེམས་དང་ལྡན་པས་རང་གི་ཆུང་མའི་རྗེས་སུ་འབྲང་བ་དང་། སྦྱོར་བ་ཉམས་པ་མྱེད་ པ་དང་། བྱང་ཆུབ་སེམས་དཔའི་ལམ་ཤིན་ཏུ་རྣམ་པར་དག་པས་བརྩོན་པ་དང་། ཡང་དག་པར་བརྩོན་པ་དང་། བསྒྲུབ་པ་དང་། ཡང་དག་པར་བསྒྲུབ་པ་དང་། སྐྱེད་པ་དང་ཡང་དག་པར་བསྐྱེད་པ་དང་། དམྱིགས་པ་ཆེན་ པོས་ཡང་དག་པར་སྡུད་པ་དང་། གྲུབ་པར་བྱེད་པ་དང་། རྒྱ་ཆེར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་། ཁྱིམ་ན་གནས་པ་དང་། བུ་དང་འགྲོགས་ཤིང་གནས་པ་ན་འདི་ལྟར་ཡོངས་སུ་བསྔོ་སྟེ། བྱང་ཆུབ་སེམས་ དཔའ་ཁྱིམ་ན་གནས་པའི་ཚེ་གང་ཅི་ཡང་རུང་སྟེ། གོས་དང་ཟས་དང་མལ་སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་འགྲོ་བ་དང་འོང་བ་དང་། སྤྱོད་པ་དང་། ལྡན་པ་དང་སྟོན་པ་དང་། སྐྱེ་མཆེད་འབྱུང་བའི་ལས་དང་། སྤྱོད་ལམ་ལ་གནས་པ་དང་། སྤྱོད་ལམ་བརྟུལ་བ་དང་། ལུས་དང་ངག་གི་ལས་སྤྱོད་པ་དང་། དབང་པོ་དྲུག་བསྡམས་པ་དང་། རང་གི་ལུས་ཕྱི་བ་དང་། མཉེ་བ་དང་། ཁྲུས་བྱེད་པ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། ལྟ་བ་དང་། ཀུན་ཏུ་ལྟ་བ་དང་། ལོག་པ་དང་སད་པ་དང་། རང་གི་ལུས་བརྟན་པར་བྱ་བ་དང་། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ མཁྱེན་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པར་དམྱིགས་པ་ལ་བརྩོན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་སེམས་དཔའ། བྱང་ཆུབ་དུ་སྨོན་ལམ་ཚད་མེད་པ་བཏབ་པ་ 73-1-157b སེམས་ཚད་མྱེད་པ་དང་ལྡན་པ། དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་སྡུད་པ། འགྲོ་བ་ཐམས་ཅད་བསྐྱབ་པར་བརྩོན་པ། དགེ་བའི་རྩ་བ་ལ་རྟག་ཏུ་བརྩོན་པ། རློམ་པ་དང་བག་མྱེད་པ་རྣམ་པར་བཟློག་པ། ཐམས་ཅད་མཁྱེན་པའི་ཆོས་ཉིད་ལ་རབ་ཏུ་བརྟེན་པ། རྣམ་པར་ཤེས་པ་དང་སེམས་བསྐྱེད་པ་དང་། ཡིད་ལ་བྱེད་པ་གཞན་མེད་པ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་མངོན་པར་གནས་པ་ཉོན་མོངས་པའི་ ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་ལ་སློབ་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པའི་ལམ་ཉམས་པ་མྱེད་པ། ཡེ་ཤེས་ཀྱི་ས་ལ་རྟེན་པ། སྟོན་པའི་ས་དང་ལྡན་པ། དགེ་བའི་རྩ་བས་ཤེས་རབ་ཆེ་བ། བུང་བ་བཞིན་དུ་དགེ་བའི་རྩ་བའི་ཚོགས་ཆེན་པོ་བསྩགས་པ། འགྲོ་བ་ཐམས་ཅད་རྒྱུད་ཤིན་ཏུ་འཕགས་པ། འདུ་བྱེད་ལ་མངོན་པར་ཞེན་པ་མྱེད་ པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདམ་ངག་འཐུན་པར་འཛིན་པས། ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་པ་གང་ཡང་མེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་ན་ གནས་པའི་ཚེ། དགེ་བའི་རྩ་བ་དེ་དག་ཡང་དག་པ་བསྡུད་པ་སྒྲུབ་པ་ཡོངས་སུ་བསྔོ་སྟེ་དེ་ལྟར་དེ་ཆུང་ངུ་ན་ཁྱིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། དེ་མ་ཡིན་པའི་བྱོལ་སོང་གི་རིགས་སུ་གཏོགས་པ་ལ་ཟས་སྣ་ འགའ་འམ། ཁམ་འགའ་ཡོངས་སུ་གཏོང་བ་བྱེད་ཀྱང་དེ་ཐམས་ཅད་དེ་དག་ཉིད་ལ་ཕན་པ་དང་། དེ་དག་ཉིད་ལ་བདེ་བ་དང་། བྱོལ་སོང་གི་སྐྱེ་གནས་དེ་དག་སྡུག་བསྔལ་གྱི་རྒྱ་མཚོ་དེ་དག་དང་། སྡུག་བསྔལ་ གྱི་རྒྱུད་དེ་དག་དང་། སྡུག་བསྔལ་གྱི་ཕུང་པོ་དེ་དག་དང་། སྡུག་བསྔལ་གྱི་ཚོར་བ་དེ་དག་དང་། སྡུག་བསྔལ་གྱི་བསྩགས་པ་དེ་དག་དང་། སྡུག་བསྔལ་མངོན་པར་འདུ་བྱེད་པ་དེ་དག་དང་། དེ་སྡུག་བསྔལ་ 73-1-158a གྱི་གཏེར་དེ་དག་དང་། སྡུག་བསྔལ་གྱི་རྩ་བ་དེ་དག་དང་། སྡུག་བསྔལ་གྱི་སྐྱེ་མཆེད་དེ་དག་ནས་སེམས་ཅན་དེ་དག་ཡོངས་སུ་སྒྲོལ་ཞིང་རྣམ་པར་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལ་ དམྱིགས་པས་སེམས་ཅན་ཐམས་ཅད་མངོན་དུ་བྱེད་དོ། །དམྱིགས་པར་བྱེད་དོ། །ཡིད་ལ་བྱེད་དོ། །དགེ་བའི་རྩ་བ་དེ་དང་དེ་དག་ལ་ཡང་སྔོན་དུ་འགྲོ་བར་བྱེད་དོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་ སུ་བསྔོའོ། །བྱང་ཆུབ་དུ་སེམས་བསྐྱེད་པས་ཡོངས་སུ་འཛིན་ཏོ། །དགེ་བའི་རྩ་བ་དེ་དག་ལ་ཉེ་བར་འཇོག་གོ། །འཁོར་བའི་དགོན་པ་ལས་རྣམ་པར་བཟློག་གོ། །སངས་རྒྱས་ཀྱི་བདེ་བ་སྒྲིབ་པ་མེད་པ་ཡང་ མངོན་དུ་བྱེད་དོ། །འཁོར་བའི་རྒྱུད་ལས་འབྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ལ་བརྩོན་པའི་བྱམས་པས་ཀྱང་ཡོངས་སུ་རྒྱས་པར་བྱེད་དོ། །སྙིང་རྗེ་ཆེན་པོས་ཀྱང་དེ་དག་ལ་སྙིང་བརྩེ་བར་བྱེད་དེ། བདེ་བར་རྣམ་པར་དག་པ་ཡང་དེ་དག་ལ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་ཡང་རབ་ཏུ་འཇུག་སྟེ། དེ་དག་སངས་རྒྱས་ཀྱི་ཆོས་ལ་ཉེ་བར་སྡུད་དོ། །དེ་དག་བདུད་ཀྱི་ཡུལ་ལས་ རྣམ་པར་བཟློག་གོ། །དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་བྱེད་དོ། །དེ་དག་འཇིག་རྟེན་གྱི་རྒྱུད་ཐམས་ཅད་ལས་གྱེན་དུ་སྐྱོད་པར་བྱེད་དོ། །དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་ ཡང་དག་པར་བསྒྲུབ་པར་བྱེད་དོ། །དེ་དག་དུས་གསུམ་མཉམ་པ་ཉིད་ལ་རབ་ཏུ་གཞོག་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ། ཡང་དག་པར་བསྒྲུབས་པ་དང་། ཡང་དག་པར་ བསྒྲུབ་པར་འགྱུར་བ་དེ་དག་ཐམས་ཅད་འདི་ལྟར་ཡོངས་སུ་བསྔོ་སྟེ། འདི་སྙམ་དུ་སེམས་བསྐྱེད་དེ། ཇི་ལྟར་འདས་པའི་སངས་རྒྱས་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སངས་རྒྱས་རིམ་གྲོ་ 73-1-158b མཛད་པའི་དམྱིགས་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱི་དམྱིགས་པ་ལ་བརྩོན་པར་མཛད་པའི་ཚེ། གཟུགས་ལ་གནས་པ་མྱེད་པ་དང་། ཚོར་བ་ལ་མངོན་པར་མ་ཆགས་པ་དང་། འདུ་ཤེས་ཀྱི་རྣམ་པ་ཕྱིན་ཅི་ ལོག་མེད་པ་དང་། འདུ་བྱེད་མངོན་པར་འདུ་བྱ་བ་མྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་ཆགས་པ་མེད་པ་དང་། སྐྱེ་མཆེད་དྲུག་ལས་གྱེན་དུ་འཕགས་པ་དང་། འཇིག་རྟེན་གྱི་ཆོས་དང་མི་འགྲོགས་པ་དང་། འཇིག་རྟེན་ལས་འདས་པར་ཡོངས་སུ་བསྔོ་བ་དང་། ནམ་མཁའ་ལྟ་བུའི་ཆོས་འབྱམ་ཀླས་པ་རབ་ཏུ་མཁྱེན་པ་དང་། ཆོས་ཐམས་ཅད་གནས་མེད་པར་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་མ་སྐྱེས་ པས་འབྱུང་བ་དང་། ཆོས་ཐམས་ཅད་མ་འགགས་པས་གཟིགས་པ་དང་། མི་བདེན་པའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་ལས་གྱེན་དུ་འཕགས་པ་དང་། ཆོས་ཐམས་ཅད་མི་རྫུན་ཞིང་ བདེན་པར་གཟིགས་པ་དང་། ཆོས་ཐམས་ཅད་འཕོ་བ་མེད་པ་ལ་ཤིན་ཏུ་མོས་པ་དང་། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའ་ལ་གནས་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་ལས་ ཤིན་ཏུ་འཕགས་པ་དང་། ཆོས་དེ་ལྟ་བུའི་མཚན་ཉིད་ཅན་ཐམས་ཅད་རང་བཞིན་མྱེད་པའི་རང་བཞིན་དུ་རྟོགས་པ་དང་། སྒོ་ཀུན་ནས་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་བརྩོན་པ་དང་། དེ་བཞིན་གཤེགས་ པའི་དཀྱིལ་འཁོར་གྱིས་གཟིགས་པ་ཐམས་ཅད་ལ་ཤིན་ཏུ་གཞོལ་བས། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེ་དག་ཁོ་ན་ལ་མོས་པར་བྱས་ཏེ། ཆོས་དེ་ ལྟ་བུ་ལ་བརྩོན་པའི་སེམས་བསྐྱེད་པ། ཆོས་ཐམས་ཅད་དང་མི་འགལ་བ། སྒྱུ་མ་ལྟ་བུའི་ཆོས་ལས་བྱུང་བ། མྱིག་ཡོར་དང་ཆུ་ཟླ་ལྟ་བུའི་རྗེས་སུ་སོང་བ་དང་། མེ་ལོང་གི་དཀྱིལ་འཁོར་ 73-1-159a ལ་གདོང་གི་དཀྱིལ་འཁོར་ཡོད་པ་ལྟ་བུའི་རྒྱུད་དང་ལྡན་པའི་ལས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་སའི་མཐར་ཕྱིན་པར་ལས་ཀྱི་རྒྱུ་ཡོངས་སུ་ཤེས་པས་ཡོངས་སུ་བསྔོའོ། །ཞེས་ སེམས་བསྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་སློབ་ཅིང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། ། འདས་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་མ་བྱོན་པ་དང་། དེ་བཞིན་དུ་ད་ལྟར་བྱུང་བ་དང་། དེ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་ བའི་རྗེས་སུ་བསླབས་ཏེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཡང་འདི་ལྟར་སེམས་བསྐྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་འདི་ལྟར་ཡོངས་སུ་ བསྔོའོ། །ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་ལྟ་བུའི་བསྔོ་བ་རབ་དམ་པ་མཆོག །བླ་ན་མེད་པ་མཉམ་པ་མྱེད་པ། མི་མཉམ་པ་དང་མཉམ་པ་མེད་པ། འདྲ་བ་མྱེད་པ། མཚུངས་པ་མྱེད་པ། གཙོ་བོར་གྱུར་པ། ཐུ་བོར་གྱུར་པ། ཀུན་ཏུ་སྙོམས་པ་མི་མཉམ་པ་མྱེད་པ། བདག་ཉིད་ཆེ་བ་ཤིན་ཏུ་ཡངས་པ། དགེ་བ་རྣམ་པར་དག་པ་ཁ་ན་མ་ཐོ་བ་མྱེད་པ། བརྗོད་དུ་མེད་པ་ཡོངས་སུ་བསྔོའོ་སྙམ་དུ་སེམས་བསྐྱེད་དེ། བྱང་ཆུབ་ སེམས་དཔའ་དགེ་བའི་རྩ་བ་དེ་ལྟར་ཡོངས་སུ་བསྔོ་བ་ནི་ལུས་ཀྱི་ལས་རྣམ་པར་དག་པས་ལུས་རྣམ་པར་དག་པ་ཡིན། ངག་གི་ལས་རྣམ་པར་དག་པས་ངག་རྣམ་པར་དག་པ་ཡིན། ཡིད་ཀྱི་ལས་རྣམ་པར་དག་ པས་ཡིད་རྣམ་པར་དག་པ་ཡིན། ཁ་ན་མ་ཐོ་བ་མེད་པ་ལ་གནས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ལས་དང་ལྡན་པས་དགེ་བའི་རྩ་བ་ལ་བརྩོན་ 73-1-159b པ་ཡིན། ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་བརྩོན་པས་སེམས་ཉམས་པ་མེད་པ་ཡིན། ཆོས་ཐམས་ཅད་བྱེད་པ་མེད་པ་ལ་ཞུགས་པས་ཤིན་ཏུ་ཆེ་བ་ལ་གནས་པ་ཡིན། འཇིག་རྟེན་གྱི་ཆོས་ཀྱིས་མ་ གོས་པས་འཇིག་རྟེན་ལས་འདས་པའི་ཆོས་དང་འབྱོར་པ་ཡིན། ཡེ་ཤེས་དང་ལྡན་པའི་མངོན་པར་ཤེས་པའི་ལས་དང་ལྡན་པས་ལས་འབྱམ་ཀླས་པ་དང་དབུས་མེད་པ་ཐམས་ཅད་རབ་ཏུ་ཤེས་པ་ཡིན། གནས་པ་ཐམས་ཅད་ཡང་དག་པར་བཅོམ་པས་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་ པ་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་སྟེ་བསྔོ་བ་དེ་ལ་གནས་པའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་ཕྲིན་ ལས་ཀྱི་ཟིལ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ལ་ཞུགས་པ་ཡིན། ཡེ་ཤེས་ཀྱི་ཡུལ་ལ་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའི་ལས་དང་མ་བྲལ་བ་ཡིན། ཐབས་མཁས་ པ་རྣམ་པར་དཔྱོད་པ་ལ་མཁས་པ་ཡིན། ཆོས་ཀྱི་དབྱིངས་ལ་རབ་ཏུ་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨྱིན་པར་བྱ་བའི་མཚམས་སྦྱོར་བ་ལ་མཁས་པ་དང་ལྡན་པ་ཡིན། དེ་བཞིན་ གཤེགས་པ་ཐམས་ཅད་དང་རིགས་དང་རྒྱུད་དུ་ཆུད་པ་ཡིན། ཆོས་ཐམས་ཅད་ཀྱི་རྒྱུས་མཐའ་དང་དབུས་མེད་པ་ལ་མཁས་པས་རབ་ཏུ་དབྱེ་བར་ཁོང་དུ་ཆུད་པ་ཡིན། འཇིག་རྟེན་དུ་སྐྱེ་བར་སད་ཡང་འཇིག་རྟེན་གྱི་ ཆོས་ཀྱིས་མི་བརྗོད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་ 73-1-160a བཅད་པ་འདི་དག་སྨྲས་སོ། །དེ་དག་བསྔོ་བ་བསླབ་པ་བསླབས་པ་སྟེ། །སྐྱེས་བུའི་གཙོ་བོ་ཇི་སྙེད་འདས་པ་དང་། །གང་དག་མ་བྱོན་གང་དག་བཞུགས་པ་རྣམས། །དེ་དག་སྤྱོད་པ་རྗེས་སུ་དཔའ་བ་ སློབ། །བདེ་བ་ཇི་སྙེད་གང་དག་རྒྱུ་བ་དང་། །སྐྱེས་བུའི་གཙོ་བོས་གང་དག་རབ་བསྔགས་པ། །མྱིག་དུ་འོང་ཞིང་དག་པ་རྒྱ་ཆེན་རྣམས། །འཇིག་རྟེན་མཁྱེན་པ་རྣམས་ལ་ཡོངས་སུ་བསྔོ། །ལུས་ཀྱི་བདེ་ བ་གང་དག་ཤེས་པ་དང་། །མྱིག་བདེ་དེ་བཞིན་རྣ་བའི་བདེ་བ་དང་། །སྣ་དང་ལྕེ་ཡི་བདེ་བ་མཐའ་ཡས་པ། །དེ་དག་རྒྱལ་བ་ཀུན་ལ་ཡོངས་སུ་བསྔོ། །འགྲོ་བ་ཀུན་ན་དགེ་བ་གང་ཡོད་པ། །སྐྱེས་བུ་འདུལ་ བས་ཐུགས་སུ་ཆུད་པ་རྣམས། །དེ་དག་ཐམས་ཅད་མ་ལུས་བསྡུ་བྱས་ཏེ། །འཇིག་རྟེན་ཕན་ཕྱིར་དེ་ལ་རྗེས་སུ་དགའ། །འཇིག་རྟེན་མཁྱེན་པའི་དེ་ལ་དགར་བྱས་ནས། །སྐྱེས་བུའི་སེང་གེའི་བདེ་བ་ གང་མངའ་བ། །དེ་འདྲའི་བདེ་དང་འགྲོ་བ་ལྡན་འགྱུར་ཞེས། །འགྲོ་བ་ཀུན་ལ་དེ་དག་བསྔོ་བ་བྱེད། །འཇིག་རྟེན་དག་ན་བདེན་འགྱུར་གང་ཡོད་པ། །སྐྱེས་བུ་འདུལ་བས་ཐུགས་སུ་ཆུད་པ་རྣམས། །དེ་དག་ ཐམས་ཅད་མ་ལུས་བསྡུ་བྱས་ཏེ།། །འཇིག་རྟེན་སྒྲོན་མ་བཞིན་དུ་ཀུན་གྱུར་ཅིག །བདེ་བ་དེ་དག་ཡོངས་སུ་བསྔོ་བྱེད་ཀྱང་། །མཚུངས་མེད་རྟག་ཏུ་འགྲོ་ཕན་བྱེད་པ་དག །སེམས་ཅན་ཕན་པར་རྟག་ཏུ་ ཞུགས་པ་རྣམས། །ཡོངས་སུ་བསྔོ་བས་རློམ་སེམས་ནམ་ཡང་མྱེད། །དེ་ལྟར་དེ་དག་ཡོངས་སུ་བསྔོ་བ་ན། །ཚེ་རབས་སྐྱེས་བུ་སེང་གེ་ཅི་འདྲ་བ། །དེ་འདྲའི་དམ་པར་བསོད་ནམས་འདི་གྱུར་ཅིག ། སྙིང་རྗེ་ཆེན་པོས་སེམས་ཀྱང་ཡོངས་སུ་བསྐྱེད། །འཇིག་རྟེན་འདི་ན་བྱང་ཆུབ་སྤྱད་སྤྱོད་ཅིང་། །འགྲོ་བ་དག་དུ་ཇི་ལྟར་ལས་བསྒྲུབ་པས། །རྒྱལ་བས་ཇི་སྙེད་མཁྱེན་མཚུངས་མེད་པ་ཡི། །བདེ་བ་ཀུན་དང་ 73-1-160b འབྲལ་བར་མ་གྱུར་ཅིག །གང་ཡང་འགྲོ་བ་ཀུན་ན་གང་ཡོད་པའི། །སྐྱེ་མཆེད་བསྡམས་པ་ཡང་དག་སྐྱེས་པ་རྣམས། །ཡེ་ཤེས་ངང་གིས་བསླབ་བྱ་བསླབས་པ་དག །སྐྱེས་དགུ་ཀུན་ལ་ཕན་ཕྱིར་ ཡོངས་སུ་བསྔོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམས། །གང་ཡང་རུང་བའི་ལམ་ལ་ཡོད་པ་དག །ཡེ་ཤེས་ངང་གིས་བསླབ་བྱ་བསླབས་པ་རྣམས། །གཏི་མུག་མྱེད་པས་ཡོངས་སུ་བསྔོ་བ་བྱེད། ། ཇི་སྙེད་དེ་དག་རབ་ཏུ་སྤྱོད་པ་རྣམས། །རྒྱལ་སྲས་རྣམས་ཀྱི་ཡང་དག་བསྡུ་བྱ་བ། །དེ་ནི་མཚུངས་མེད་རྒྱལ་བའི་རྗེས་སུ་བྱུང་། །དེ་དག་ཞི་བའི་ཡིད་ཕྱིར་ཡོངས་སུ་བསྔོ། །འཇིག་རྟེན་ཐམས་ཅད་ མ་ལུས་བསྡུ་བྱས་ཏེ། །འགྲོ་ཡངས་འདི་ན་ཇི་སྙེད་དགེ་ཡོད་པ། །བདེ་བ་དེ་དང་ཡོངས་སུ་ལྡན་པའི་ཕྱིར། །དེ་ལ་དེ་དག་ཡོངས་སུ་བསྔོ་བ་བྱེད། །བདག་ལ་བདེ་བ་ནམ་ཡང་མི་ཚོལ་ཏེ། །བདེ་བ་ཀུན་ལའང་ རྟག་པར་རབ་ཏུ་ཞུགས། །སྤྲོས་པ་རྣམས་ལ་ནམ་ཡང་མོས་པ་མྱེད། །བདག་མེད་ཆོས་ལའང་རྟག་པར་འཇུག་པ་ཡིན། །རྒྱལ་བ་ཀུན་གྱིས་ཇི་སྙེད་གཟིགས་པ་ཡི། །རྒྱལ་སྲས་ཇི་སྙེད་ཡོད་པ་དེ་དག་ ཕྱིར། །མྱུར་དུ་མ་ལུས་སངས་རྒྱས་གྱུར་ཅིག་ཅེས། །བསོད་ནམས་དེ་དག་ཡོངས་སུ་བསྔོ་བ་བྱེད། །བདག་གིས་ལེགས་བསྩགས་ལས་ནི་གང་ཡོད་པ། །དེ་ཡིས་འཇིག་རྟེན་མ་ལུས་ཐམས་ཅད་ཀྱི། ། ལམ་རྒྱུད་འགྲོ་བར་གཏོགས་པའི་སེམས་ཅན་རྣམས། །དེ་དག་མ་ལུས་མི་ཡི་གཙོར་གྱུར་ཅིག །སྨོན་ལམ་མང་པོ་ཇི་སྙེད་གང་ཡོད་པ། །མཚུངས་པ་མེད་པའི་རྒྱལ་བས་བསྟན་པ་རྣམས། །རྒྱལ་སྲས་ བསམ་པ་ཡོངས་སུ་གྲུབ་གྱུར་ཏེ། །སྨོན་ལམ་དེ་དག་རྣམ་པར་དག་གྱུར་ཅིག །འཇིག་རྟེན་ཇི་སྙེད་ལས་ཀྱིས་རྣམ་བྲིས་པ། །ཕྱོགས་ན་ཡོད་པ་ཐམས་ཅད་མཐོང་ནས་ཀྱང་། །དེ་དག་ཡོངས་བཙལ་བསླབ་བྱ་ 73-1-161a བསླབས་པའི་རྣམས། །མ་ལུས་བསོད་ནམས་ཐམས་ཅད་ཡོངས་སུ་བསྔོ། །གཉིས་ཀྱི་ཆོས་ཀྱིས་འཇལ་བར་མི་བྱེད་དེ། །གཉིས་མེད་ཆོས་ནི་དེ་དག་མངོན་པར་ཤེས། །གཉིས་སུ་མྱེད་དང་ གཉིས་སུ་མྱེད་པ་ལ། །རྒྱལ་སྲས་དེ་དག་བསམ་པ་མི་རྟོན་ཏོ། །འགྲོ་བའི་འདུ་ཤེས་རྒྱུ་བ་ཇི་སྙེད་པའི། །མ་ལུས་འཇིག་རྟེན་འདུ་ཤེས་འཇུག་བྱེད་ཀྱང་། །འགྲོ་བའི་འདུ་ཤེས་རྒྱུ་བ་རབ་རྟོགས་པས། འདུ་ཤེས་ཡོད་མྱིན་འདུ་ཤེས་མེད་མི་འགྱུར། །དེ་དག་ལུས་ཀྱིས་ཡོངས་སུ་དག་གྱུར་ཅིག །དེ་དག་ཡིད་ཀྱང་ཡོངས་སུ་དག་པ་ཡིན། །དེ་དག་ངག་གིས་ཤིན་ཏུ་བསྡམས་བྱས་ཤིང་། །དེ་དག་ཡིད་ཀྱིས་ཡོངས་སུ་ དག་པ་ཡིན། །དེ་དག་བདེ་གཤེགས་མྱ་ངན་འདས་པ་དྲན། །མ་བྱོན་སངས་རྒྱས་དེ་དག་རྗེས་སུ་སེམས། །ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་ཀྱང་། །དེ་དག་རྗེས་སློབ་ཆོས་རྣམས་སྟོན་པ་བྱེད། ། དུས་གསུམ་རྒྱལ་བ་ཡེ་ཤེས་མཁས་པ་རྣམས། །ཆགས་པ་མེད་པའི་ཐུགས་ཀྱིས་ཇི་ལྟ་བུར། །བྱང་ཆུབ་དོན་ཕྱིར་ཕྲིན་ལས་བསྒྲུབ་མཛད་པ། །དེ་དག་འཇིག་རྟེན་ཕན་ཕྱིར་ཡོངས་སུ་བསྔོ། །མཆོག་གི་ བློ་དང་ཚུལ་ཁྲིམས་ལྡན་པའི་བློ། །བདེན་པའི་བློ་དང་གཞན་དུ་མི་འགྱུར་བློ། །ཡང་དག་བློ་དང་རྣམ་པར་དག་པའི་བློ། །དེ་འདྲའི་བློ་ཡི་དམ་པས་ཡོངས་སུ་བསྔོ། །སངས་རྒྱས་ཐམས་ཅད་ལ་ཡང་དག་ པར་བསྐྱེད་པ་ཞེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་གསུམ་པའོ།། །།ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་བཞི་པ་ཐམས་ཅད་དུ་རྗེས་སུ་སོང་ བ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ལ་བརྩོན་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། 73-1-161b འདི་ལྟར་ཡང་དག་པའི་མཐའ་ཐམས་ཅད་རྗེས་སུ་སོང་ཞིང་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། སེམས་ཅན་གྱི་རྗེས་སུ་སོང་བ་དང་། ཞིང་ཐམས་ཅད་ཀྱི་ རྗེས་སུ་སོང་བ་དང་། ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ནམ་མཁའ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། དུས་གསུམ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འདུས་བྱས་དང་། འདུས་མ་བྱས་ཐམས་ ཅད་ཀྱི་རྗེས་སུ་སོང་བ་དང་། སྤྱོད་པའི་སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་འདི་ཡང་དུས་གསུམ་གྱི་སངས་རྒྱས་སྐྱེ་བ་ཐམས་ཅད་དུ་རྒྱས་པར་ཁྱབ་པར་གྱུར་ཅིག །འདས་པའི་དུས་ཀྱི་ སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བའི་རྒྱུར་གྱུར་ཅིག །མ་འོངས་པའི་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག །ད་ལྟར་བྱུང་བའི་དུས་ཀྱི་འཇིག་རྟེན་ ཁམས་ནམ་མཁའི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ། ལྷ་རྫས་དང་། ལྷ་རྫས་མ་ཡིན་པའི་རིམ་གྲོ་འབྱམ་ཀླས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་མངོན་དུ་ གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་རྣམ་པར་བཀོད་པའི་རྒྱུར་གྱུར་ཅིག །བློ་བདག་ཉིད་ཆེ་བ་ལ་མོས་ཤིང་ཤིན་ཏུ་ཡངས་པའི་ དོན་དུ་སྒྲིབ་པ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་རྒྱ་ཆེར་ཡོངས་སུ་བསྔོ་བའི་ཕྱིར། འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པ་ཐམས་ཅད་སེམས་བསྐྱེད་པས་རྒྱས་པར་གྱུར་ཅིག ། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་དབྱིངས་འབྱམ་ཀླས་པ་ལ་རབ་ཏུ་གནས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ 73-1-162a དང་། ལས་གཞན་དང་གཞན་གྱིས་ཤིན་ཏུ་བསྒྲུབས་པའི་ཕྱོགས་འབྱམ་ཀླས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་རྣམ་པར་རྒྱུ་བའི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ ཞིང་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་མཐའ་ཡས་པ། སངས་རྒྱས་ཀྱི་དམྱིགས་པ་ལ་གནས་པའི་འཇིག་རྟེན་གྱི་ཁམས་དུ་མ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་འབྱམ་ཀླས་པ་དང་། ས་མཚམས་མྱེད་པའི་འཇིག་རྟེན་གྱི་འཁོར་དང་སྣྲེལ་བཞིར་རྒྱུ་བའི་འཇིག་རྟེན་གྱི་ཁམས་མངོན་པར་གྲུབ་པ་དང་། སྤྱིའུ་ཚུགས་སུ་རྒྱུ་བའི་ཕྱོགས་ཀྱི་འཁོར་གྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དང་། སེམས་ཀྱི་འཁོར་མཐའ་དང་དབུས་མེད་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཤིན་ཏུ་བསྟན་པ་ཐམས་ཅད་མ་ལུས་པ་དེ་དག་ན་བཞུགས་ཤིང་འཚོ་བ་དང་། སངས་རྒྱས་ཀྱི་འཕྲུལ་པ་དང་། ཆོ་འཕྲུལ་ ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཆོས་ཀྱི་དབྱིངས་མ་ལུས་པ་དང་། ནམ་མཁའི་དབྱིངས་སུ་རྩ་བ་མ་རྙེད་པ། འགྲོ་བ་ཐམས་ཅད་ཡོངས་སུ་གཟུང་བར་བསྒྲུབ་པའི་དེ་བཞིན་གཤེགས་ པའི་བྱིན་གྱིས་བརླབས་ཡང་དག་པར་སྟོན་པ་དང་། སངས་རྒྱས་ཀྱི་གཟིགས་པ་ཡེ་ཤེས་འབྱམ་ཀླས་པའི་མངོན་པར་ཤེས་པས་ཐུགས་སུ་ཆུད་པ། རབ་ཏུ་བརྗོད་པ་རྣམ་པར་འཕྲུལ་པ་མཐའ་དང་ དབུས་མེད་པས་རབ་ཏུ་བྱུང་བ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་སོང་བ་ཐ་མི་དད་པའི་ཆོས་ཀྱི་དབྱིངས་གཞི་མཉམ་པ་ལ་རབ་ཏུ་ཞུགས་པ། དེ་བཞིན་གཤེགས་པའི་སྙིང་པོའི་ལུས་ སུ་གཅིག་པ། ཆོས་ཐམས་ཅད་ཀྱིས་རབ་ཏུ་ཞུགས་པ་མེད་པ། འགྲོ་བ་ཐམས་ཅད་ཡང་དག་པར་སྟོན་པས་ན་ཕྱིར་ལོག་པ་མེད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་བསྒྲུབ་པ་ལ་མཁས་ 73-1-162b པ་ཐུགས་སུ་ཆུད་པས་ཐམས་ཅད་མངོན་པར་མཁྱེན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་ཤིན་ཏུ་འཕགས་པ། སྒྲིབ་པ་མེད་པའི་བྱིན་གྱིས་རླབས་ཀྱིས་ཕྱིར་མི་ལྡོག་པ། སངས་རྒྱས་ཀྱི་དགེ་བའི་རྩ་ བས་ཡང་དག་པར་བྱུང་བའི་ཕྱིར་ཆགས་པ་མེད་པར་གཟིགས་པའི་བདག་ཉིད་ཆེ་བ་ཅན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་མེ་ཏོག་གམ། སྤོས་སམ། ཕྲེང་བ་འམ། བྱུག་པ་འམ། གདུགས་སམ། རྒྱལ་མཚན་ནམ། བ་དན་ནམ། རིན་པོ་ཆེ་འམ། མེ་མར་གྱིས་དེ་བཞིན་གཤེགས་པའི་སྐུ་འམ། མཆོད་ རྟེན་ཡང་རུང་སྟེ། དམྱིགས་པ་ཚད་མེད་པས་སྦྱར་བའི་དགེ་བའི་རྩ་བས་ཚོགས་ཐམས་ཅད་ཀྱིས་དགེ་བའི་རྩ་བ་གང་དང་གང་བསྐྱེད་ཀྱང་རུང་སྟེ། འཁྲུག་པ་མེད་པའི་སེམས་དང་རྩེ་གཅིག་ཏུ་གྱུར་པ་མེད་པའི་ སེམས་དང་། གཡོ་བ་མེད་པའི་སེམས་དང་། རྨོངས་པ་མེད་པའི་སེམས་དང་། མྱི་སྒུལ་བའི་སེམས་དང་། གནས་མེད་པའི་སེམས་དང་། མྱི་གནས་པའི་སེམས་དང་། སྲོག་མེད་པའི་སེམས་དང་། མྱི་གཡེང་བའི་སེམས་དང་། ཞི་བའི་སེམས་སུ་བྱ་བ་དང་། འདི་ལྟར་ཡོངས་སུ་བསྔོ་ཞིང་། འདི་སྙམ་དུ་དགེ་བའི་རྩ་བ་འདི་ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པས་འདུས་པའི་སངས་རྒྱས་ཐམས་ཅད་མཁྱེན་ པའི་བྱང་ཆུབ་ཀྱིས་འདུས་པའི་མྱིང་མང་པོ་དང་། ཚིག་དང་ངེས་པའི་ངག་མཐའ་ཡས་པ་དང་། དུས་ཐ་དད་པར་མངོན་པར་འཚང་རྒྱ་བའི་དེ་བཞིན་གཤེགས་པ་དང་། ཕྱི་མའི་མཐར་ཐུག་པའི་བསྐལ་ པར་བྱིན་གྱིས་རླབས་པའི་སྐུ་ཚེའི་ཚད་དང་། མཐའ་དང་དབུས་མེད་པར་ཤིན་ཏུ་བསྟན་པའི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ 73-1-163a སངས་རྒྱས་པ་དང་། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རྒྱན་གྱིས་བརྒྱན་པའི་སངས་རྒྱས་ཀྱི་ཞིང་དང་། ཆོས་ཀྱི་དབྱིངས་ཡོངས་སུ་གང་བའི་ འཁོར་གྱི་དཀྱིལ་འཁོར་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པའི་སངས་རྒྱས་འབྱུང་བའི་དེ་བཞིན་གཤེགས་པ་དེ་དག་གི་སྤོས་ཀྱི་གདུགས་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ རྒྱལ་མཚན་ཚད་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་བ་དན་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་གཞལ་མེད་ཁང་ཚད་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་དྲི་ཚད་ མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་སྐུ་གཟུགས་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་འོད་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་འོད་གཟེར་ཚད་མྱེད་པ་ཡོངས་ སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་སྤྲིན་ཚད་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་གདན་ཚད་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་འཆག་ས་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ ཅིག །སྤོས་ཀྱི་གཙུག་ལག་ཁང་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་རི་རབ་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ རྒྱ་མཚོ་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ཆུ་ཀླུང་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ཤིང་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ན་བཟའ་ཚད་མེད་པ་ ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་པད་མོ་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །སྤོས་ཀྱི་ཕོ་བྲང་ཚད་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །མེ་ཏོག་གི་གདུགས་དཔག་ཏུ་མེད་པ་ཡོངས་སུ་ 73-1-163b འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། ཚུལ་དེ་བཞིན་དུ་མེ་ཏོག་གི་ཕོ་བྲང་གི་བར་དུ་དཔག་ཏུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །ཕྲེང་བའི་གདུགས་གྲངས་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་ བ་ནས། ཕྲེང་བའི་ཕོ་བྲང་གི་བར་དུ་གྲངས་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །བྱུག་པའི་གདུགས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། བྱུག་པའི་ཕོ་བྲང་གི་བར་ དུ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འབྱུང་བར་གྱུར་ཅིག །ཕྱེ་མའི་གདུགས་མཚུངས་པ་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། ཕྱེ་མའི་ཕོ་བྲང་གི་བར་དུ་མཚུངས་པ་མེད་པར་ཡོངས་སུ་ འབྱུང་བར་གྱུར་ཅིག །ན་བཟའི་གདུགས་ཀུན་ཏུ་མཐའ་ཡས་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། ན་བཟའི་ཕོ་བྲང་གི་བར་དུ་ཀུན་ཏུ་མཐའ་ཡས་པ་ཡོངས་སུ་འབྱུང་བར་གྱུར་ཅིག །རིན་པོ་ ཆེའི་གདུགས་ཀུན་ཏུ་མུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། རིན་པོ་ཆེའི་ཕོ་བྲང་གི་བར་དུ་ཀུན་ཏུ་མཐའ་མྱེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །མར་མེ་སྣང་བའི་གདུགས་གཞལ་དུ་མྱེད་ པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། མར་མེ་སྣང་བའི་ཕོ་བྲང་གི་བར་དུ་གཞལ་དུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །ལྷབ་ལྷུབ་གྱི་གདུགས་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ ཅིག་ཅེས་བྱ་བ་ནས། ལྷབ་ལྷུབ་གྱི་ཕོ་བྲང་གི་བར་དུ་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །ནོར་བུ་རིན་པོ་ཆེའི་གདུགས་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་ནས། ནོར་བུ་རིན་པོ་ཆེའི་ཕོ་བྲང་གི་བར་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བར་གྱུར་ཅིག །དེ་བཞིན་དུ་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེའི་བ་དན་དང་། 73-1-164a ནོར་བུ་རིན་པོ་ཆེའི་བླ་རེ་དང་། ནོར་བུ་རིན་པོ་ཆེའི་དྲ་བ་དང་། ནོར་བུ་རིན་པོ་ཆེའི་སྐུ་གཟུགས་དང་། ནོར་བུ་རིན་པོ་ཆེའི་འོད་དང་། ནོར་བུ་རིན་པོ་ཆེའི་འོད་གཟེར་དང་། ནོར་བུ་རིན་པོ་ཆེའི་སྤྲིན་དང་། ནོར་བུ་རིན་པོ་ཆེའི་གདན་དང་། ནོར་བུ་རིན་པོ་ཆེའི་འཆག་ས་དང་། ནོར་བུ་རིན་པོ་ཆེའི་གཙུག་ལག་ཁང་དང་། ནོར་བུ་རིན་པོ་ཆེའི་ཞིང་དང་། ནོར་བུ་རིན་པོ་ཆེའི་རི་རབ་དང་། ནོར་བུ་རིན་པོ་ཆེའི་རྒྱ་མཚོ་དང་། ནོར་ བུ་རིན་པོ་ཆེའི་ཆུ་ཀླུང་དང་། ནོར་བུ་རིན་པོ་ཆེའི་ཤིང་དང་། ནོར་བུ་རིན་པོ་ཆེའི་ན་བཟའ་དང་། ནོར་བུ་རིན་པོ་ཆེའི་པད་མོ་དང་། ནོར་བུ་རིན་པོ་ཆེའི་ཕོ་བྲང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་ ཀུན་ནས་གནས་པར་གྱུར་ཅིག །དམྱིགས་པ་རེ་རེ་ལ་ཡང་གྲངས་མེད་པའི་རྒྱན་རྣམས་ཆ་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པའི་གཙུག་ལག་ཁང་དག་ཀུན་ནས་གནས་པར་གྱུར་ཅིག །གྲངས་ མེད་པའི་ཁང་པ་བརྩེགས་པ་དག་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པའི་རྟ་བབས་དག་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པའི་ཟླ་གམ་དག་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་ པའི་ནོར་བུ་རིན་པོ་ཆེའི་པུ་ཤུ་དག་ཀྱང་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པའི་རིན་པོ་ཆེའི་སྐར་ཀུང་རྣམ་པ་ཐ་དད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་ཁ་དོག་རྣམ་པར་དག་པ་གྲངས་མེད་པ་ ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པའི་རྒྱན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཐམས་ཅད་དང་། དཔེ་མེད་པ་དག་ཀུན་ནས་གནས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ ལུས་པར་སངས་རྒྱས་ཀྱི་རིམ་གྲོ་དང་། རྒྱན་རྣམ་པ་འདི་ལྟ་བུས་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མ་ལུས་པར་སྟོབས་བཅུའི་སར་འབྱུང་བར་གྱུར་ཅིག །སེམས་ཅན་ 73-1-164b ཐམས་ཅད་ཤེས་པར་བསྟན་པའི་ཕྱིར། ཆོས་ཐམས་ཅད་མ་ལུས་པ་ལ་ཆོས་ཀྱི་སྣང་བ་སྒྲིབ་པ་མེད་པ་སྐྱེ་བར་གྱུར་ཅིག །འགྲོ་བ་ཐམས་ཅད་གདུལ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་མ་ལུས་པར་ཡོངས་སུ་ བསྔོ་བར་གྱུར་ཅིག །འཕོ་བ་མེད་པའི་ཆོས་ཉིད་དུ་དུས་ཐམས་ཅད་མ་ལུས་པ་ལ་འཇུག་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་མ་ལུས་པ་ཐམས་ཅད་དང་འདྲ་བའི་སེམས་ཚད་མེད་པས་ཞིང་ཐམས་ཅད་ ཡོངས་སུ་རྒྱས་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་རབ་ཏུ་འབུལ་བར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱིས་ཐེག་པ་ ཆེན་པོ་ཤིན་ཏུ་གྲུབ་པ་དང་། ཆོས་ཐམས་ཅད་མ་ལུས་པ་ལ་མངོན་པར་ཆགས་པ་མེད་པར་བྱ་བའི་དགེ་བའི་རྩ་བ་མ་ལུས་པ་ལ་གནས་པས། ཀུན་ནས་གནས་པར་གྱུར་ཅིག །སྤྱོད་པ་མཐའ་ཡས་པ་བྱིན་གྱིས་ བརླབ་པ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ལ་ཡོངས་སུ་སྤྱོད་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་ པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འགྱུར་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་འདི་དག་མ་ལུས་པའི་ རྐྱེན་དུ་འགྱུར་བར་ཤོག་ཤིག །ཅི་ནས་ཀྱང་བདག་མེད་པའི་ཆོས་ཀྱི་དབྱིངས་ལས་ཆོས་ཐམས་ཅད་འདའ་བར་མི་འགྱུར་བའི་དགེ་བའི་རྩ་བ་འདི་དག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ ཅད་བསྙེན་བཀུར་བར་ཡོངས་སུ་སྤྱོད་པས་ཡང་དག་པར་ཟིན་པར་གྱུར་ཅིག །ཆགས་པ་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པར་ཟིན་པར་གྱུར་ཅིག ། 73-1-165a བྱང་ཆུབ་སེམས་དཔའ་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་ཀྱི་གྲོགས་གཅིག་དུ་འཐུན་པ་ཡང་དག་པར་ཟིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྨོན་ལམ་ཡོངས་སུ་ རྫོགས་པས་ཡང་དག་པར་ཟིན་པར་གྱུར་ཅིག་སྒྲིབ་པ་མེད་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཆོས་སྣང་བ་ཐམས་ཅད་ཡང་དག་པར་ཟིན་པར་གྱུར་ཅིག་མཐའ་དང་དབུས་ མྱེད་པ་ལ་མཁས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཚད་མེད་པས་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར་སངས་རྒྱས་ ཐམས་ཅད་ཀྱི་སྟོབས་དང་མི་བསྙེངས་པས་ཡང་དག་པར་ཟིན་པར་གྱུར་ཅིག །མི་གཉིས་པའི་སྣང་བ་གྲུབ་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་སྤོབས་པ་དང་། གཟུངས་ཀྱི་སྒོར་འཇུག་པས་ ཡང་དག་པར་ཟིན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཤིན་ཏུ་བསྟན་པ་སྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ལ་མཁས་ པས་ཡང་དག་པར་ཟིན་པར་གྱུར་ཅིག །སྐྱེ་བ་དང་རྣམ་པར་འཚང་རྒྱ་བ་དང་། འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་དང་། ཉེ་བར་གཤེགས་པ་བསྟན་པ་དང་། མཆོད་པ་དང་རིམ་གྲོ་དང་། སེམས་ཅན་གདུལ་བ་ལ་འཇུག་པའི་ཕྱིར། དེ་བཞིན་གཤེགས་པ་དུས་གསུམ་དུ་བྱོན་པ་མཐའ་དང་དབུས་མེད་པ་ཐམས་ཅད་མ་ལུས་པར་སྐྱེ་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་དུ་མངོན་པར་འཚང་རྒྱ་ བས་ཡང་དག་པར་ཟིན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་བླ་ན་མྱེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པས་ཟིན་པར་གྱུར་ཅིག །བསྐལ་པ་འབྱམ་ཀླས་པ་མཐའ་དང་ 73-1-165b དབུས་མེད་པ་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་འབྲེལ་བ་རྒྱུན་མི་འཆད་པས་ཡང་དག་པར་ཟིན་པར་གྱུར་ཅིག །འཇིག་རྟེན་དུ་སྐྱེ་བའི་ལུས་ཐམས་ཅད་མ་ཡུལ་པར་ཐམས་ཅད་དུ་སྐྱེ་བ་ ཤིན་ཏུ་བསྟན་པས་ཡང་དག་པར་ཟིན་པར་གྱུར་ཅིག་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོའི་སྤྱོད་པས་ཡོངས་སུ་སྨྱིན་པར་བྱ་བས་ཡང་དག་པར་ཟིན་པར་ གྱུར་ཅིག །སེམས་ཅན་གྱི་ཉོན་མོངས་པ་དང་། བག་ལ་ཉལ་བ་དང་། བག་ཆགས་ཐམས་ཅད་མ་ལུས་པ་རྙོག་པ་མེད་པའི་ཚུལ་གྱིས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཅན་གྱི་དབང་པོ་ འབྱམ་ཀླས་པ་ཐམས་ཅད་མ་ལུས་པར་མཐའ་དང་དབུས་མེད་པ་ལ་འཇུག་པས་ཡང་དག་པར་ཟིན་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱི་མོས་པ་དང་། ལྷག་པའི་བསམ་པ་ཐམས་ཅད་མ་ལུས་པར་ཉོན་ མོངས་པ་མེད་ཅིང་ཡོངས་སུ་དག་པས་ཡང་དག་པར་ཟིན་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། འདུལ་བ་ཐམས་ཅད་མ་ལུས་པར་དུས་ལ་ཇི་ལྟར་འབབ་པ་བཞིན་དུ་ཀུན་ཏུ་བསྟན་ པས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མ་ལུས་པར་འགྲོ་བ་ཐམས་ཅད་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པས་ཡང་དག་པར་ཟིན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རིགས་ ཐམས་ཅད་མ་ལུས་པར་སངས་རྒྱས་བྱུང་བ་ཐམས་ཅད་ཀྱི་བསྟན་པ་གཟུང་ཞིང་བསྲུང་བས་ཡང་དག་པར་ཟིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་ཅིང་། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དགེ་བའི་རྩ་བ་དེ་དག་དམྱིགས་པ་མེད་པའི་ཚུལ་གྱི་ཡོངས་སུ་བསྔོ་སྟེ། ལས་ཀྱི་ནི་རྣམ་པར་སྨྱིན་པ་ལ་ཡོངས་སུ་རྟོག་པར་མི་བྱེད། རྣམ་པར་སྨྱིན་པས་ནི་ལས་ལ་ཡོངས་སུ་རྟོག་པར་མི་བྱེད་དེ། 73-1-166a ཆོས་ཀྱི་དབྱིངས་རྟོག་པ་མེད་པ་ལ་ཡང་དག་པར་འཇུག་གོ། །དགེ་བའི་རྩ་བ་བྱེད་པ་མེད་པས་གནས་པ་ཡིན་ནོ། །ཆོས་ཉིད་གཡེང་བ་མེད་པ་ལའང་རབ་ཏུ་བརྩོན་པ་ཡིན་ནོ། །དེ་ནི་ཆོས་ཐམས་ ཅད་ལ་ཡང་དད་པས་ཡང་དག་པར་འཇུག་སྟེ། ཆོས་གང་རང་བཞིན་གྱིས་ཡོངས་སུ་གྲུབ་པར་བྱེད་པའམ། རྣམ་པར་བྱེད་པ་དེ་དག་གང་ཡང་མི་མཐོང་ངོ་། །ཆོས་ཉིད་དབང་པོ་མེད་པའི་མཐར་ཐུག་པ་ལ་ ཡང་ཡང་དག་པར་འཇུག་སྟེ། ཆོས་ཀྱི་དབྱིངས་ལྟ་བ་པོ་མེད་པར་ཡང་རབ་ཏུ་ཤེས་ཤིང་ཆོས་ཐམས་ཅད་ཤེས་པ་པོ་མེད་པར་ཡང་རབ་ཏུ་རྟོགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་ཀྱི་དཀྱིལ་འཁོར་ཚད་མེད་པ་རབ་ཏུ་ཤེས་པ། ཆོས་ཐམས་ཅད་ཀྱི་རྐྱེན་གྱི་གནས་ཁོང་དུ་ཆུད་པ། ཆོས་ཐམས་ཅད་ལུས་པ་མེད་པར་རབ་ཏུ་མཐོང་བ། ཆོས་ཐམས་ཅད་འདོད་ཆགས་དང་ བྲལ་བའི་མཐར་ཕྱིན་པར་རྗེས་སུ་ལྟ་བ། འཇིག་རྟེན་འགྱུར་བ་ཐམས་ཅད་སྤྲུལ་པ་ལྟ་བུར་རྗེས་སུ་རྟོགས་པ། ཆོས་གཅིག་ལ་སེམས་ཅན་ཐམས་ཅད་དུ་རྗེས་སུ་མཐོང་བ། ཆོས་ཀྱི་དབྱིངས་མྱི་ གཉིས་པར་རབ་ཏུ་རིག་པ་ལས་ཀྱི་དམྱིགས་པ་དང་ཉེ་བར་ལེན་པ་ལ་མཁས་པས་མ་བཏང་བ་འདུས་བྱས་ཀྱི་ཁམས་འདུས་མ་བྱས་སུ་མངོན་པར་བསྒྲུབ་པས་ཞིག་པར་མི་བྱེད་པ། འདུས་མ་བྱས་ ཀྱི་ཁམས་འདུས་བྱས་སུ་སྒྲོ་གདགས་པ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པ། ཆོས་ཐམས་ཅད་རབ་ཏུ་ཞི་བ་ལ་གཞོལ་བ། དགེ་བའི་རྩ་བ་མངོན་པར་བསྒྲུབ་པ། ཐམས་ཅད་མངོན་པར་བསྒྲུབ་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པར་བྱ་བའི་སེམས་དང་ལྡན་པ། ཆོས་རྒྱ་མཚོ་ཐམས་ཅད་མངོན་པར་ཤེས་པ་རྨོངས་པ་མེད་པར་ཆོས་ཉིད་ལ་བརྩོན་པ། དགེ་བའི་རྩ་བ་ནམ་མཁའ་ལྟ་བུར་ 73-1-166b ཐམས་ཅད་ཡོངས་སུ་བསྔོ་བ། བསོད་ནམས་ཀྱིས་རྒྱས་པར་འགྲོ་བས་འཇིག་རྟེན་ལས་འདས་པའི་ལམ་དུ་ཞུགས་པ། འཇིག་རྟེན་གྱི་ཆོས་ཀུན་ནས་མི་རྒྱུ་བ། མྱིག་ལ་རབ་རིབ་མེད་པ། ཡེ་ཤེས་ ཀྱི་སྣང་བ་རབ་ཏུ་ཐོབ་པ། ཐབས་མཁས་པས་ཡོངས་སུ་བསྔོ་བའི་ངང་ཚུལ་ཅན་དེ་ནི་ཅི་ནས་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། ཅི་ནས་ཀྱང་ཞིང་ཐམས་ཅད་ཡོངས་སུ་དག་ པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་འགྱུར་བ་དང་། ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉེ་བར་བླང་བར་འགྱུར་བ་དང་། ཅི་ནས་ཀྱང་འཇིག་རྟེན་ཐམས་ཅད་ དུ་བསོད་ནམས་ཀྱི་ཞིང་དམ་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དེད་དཔོན་དུ་ཐོག་མར་འགྲོ་བ་དང་། ཅི་ནས་ཀྱང་སྣང་བའི་དཀྱིལ་འཁོར་སྐྱེ་དགུ་ཐམས་ཅད་ལ་འཆར་བར་འགྱུར་ བ་དང་། ཅི་ནས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགྱུར་བ་དང་། ཅི་ནས་ཀྱང་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། ཅི་ནས་ཀྱང་ཡོན་ཏན་ཐམས་ཅད་ཀྱིས་ སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་བ། དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་སངས་རྒྱས་ཀྱི་རིགས་ཡང་དག་པར་འཛིན་པ་ཡིན། སེམས་ཅན་གྱི་རིགས་ཡོངས་སུ་སྨྱིན་པར་བྱེད་པ་ཡིན། ཞིང་གི་རིགས་རྣམ་པར་སྤྱོད་པ་ཡིན། ཆོས་ཀྱི་རིགས་འགལ་བར་མི་བྱེད་པ་ཡིན། ལས་ཀྱི་རིགས་ཡོངས་སུ་ཤེས་པ་ཡིན། མྱི་གཉིས་པའི་ རིགས་མཉམ་པར་བྱེད་པ་ཡིན། ཕྱོགས་ཀྱི་རིགས་སུ་ཁྱབ་པར་འགྲོ་བ་ཡིན། འདོད་ཆགས་དང་བྲལ་བའི་རིགས་ལ་ཡང་དག་པར་རྟོག་པ་ཡིན། ཤིན་ཏུ་མོས་པའི་རིགས་རབ་ཏུ་བསྒྲུབ་པ་ཡིན། 73-1-167a དབང་པོའི་རིགས་ཤིན་ཏུ་སྣང་བར་བྱེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་བཞི་པ་སྟེ། ཐམས་ཅད་དུ་རྗེས་སུ་ སོང་བ་ཞེས་བྱ་བའོ། །དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བར་བྱེད་དེ། དེ་དེ་ལྟར་བསྔོ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཐམས་ཅད་དུ་རྗེས་སུ་སོང་བའི་ལུས་ཀྱི་ལས་རབ་ཏུ་ཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྣམ་པར་བསྟན་པ་སྒྲིབ་པ་མེད་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་ སོང་བའི་ངག་གི་ལས་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་ཅིང་གཟུང་བའི་ཕྱིར་ཐམས་ཅད་དུ་རྗེས་སུ་སོང་བའི་ཡིད་ཀྱི་ལས་རབ་ཏུ་འཐོབ་བོ། །སེམས་ཅན་ཐམས་ཅད་རྗེས་སུ་ འབྲང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་ཡང་དག་པར་འཇུག་པར་བྱ་བའི་ཕྱིར་ཐམས་ཅད་དུ་རྗེས་སུ་སོང་བའི་ ཆོས་ཁོང་དུ་ཆུད་པ་རབ་ཏུ་འཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའི་གཟུངས་དང་སྤོབས་པ་ཐོབ་པར་བྱ་བ་རབ་ཏུ་འཐོབ་བོ། ། སྤུའི་སྦུབས་གཅིག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུང་བར་བྱ་བའི་ཕྱིར་ཐམས་ཅད་དུ་རྗེས་སུ་སོང་བའི་ཆོས་ཀྱི་དབྱིངས་ལ་འཇུག་པ་རབ་ཏུ་འཐོབ་བོ། །སེམས་ཅན་གཅིག་གི་ལུས་སུ་ སེམས་ཅན་ཐམས་ཅད་ཀྱི་ལུས་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ལུས་ལ་འཇུག་པ་རབ་ཏུ་འཐོབ་བོ། །བསྐལ་པ་ཐམས་ཅད་དུ་དེ་བཞིན་གཤེགས་ 73-1-167b པ་མཐོང་བ་དང་མི་འབྲལ་བ་ལ་འཇུག་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བསྐལ་པའི་གྲངས་ལ་འཇུག་པ་རབ་ཏུ་འཐོབ་བོ། །སྐད་ཅིག་གཅིག་གིས་དེ་བཞིན་གཤེགས་པ་འབྱུང་བ་ཐམས་ཅད་ མངོན་སུམ་དུ་བསྟན་པའི་ཕྱིར། ཐམས་ཅད་རྗེས་སུ་སོང་བའི་སྐད་ཅིག་ལ་འཇུག་པ་རབ་ཏུ་འཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་མཐའ་དང་དབུས་མེད་གང་ལ་ཡང་། །དེ་དག་གནས་འཆའ་གང་ཡང་ཡོད་པ་མྱིན། །སེམས་ཅན་ ཕན་པའི་དོན་ལས་ཕྱིར་མི་ལྡོག །མི་རབས་དེ་དག་ཡེ་ཤེས་འདི་འདྲའོ། །ཞིང་རྣམས་ལ་ཡང་གནས་པར་མི་བྱེད་དེ། །ཕྱོགས་རྣམས་ལ་ཡང་དེ་དག་གནས་མི་འཆའ། །ཆོས་དང་ཆོས་ཀྱིས་ རློམ་སེམས་མི་བྱེད་དེ། །འཇིག་རྟེན་དག་ན་རྣམ་པར་རྟོག་མི་བྱེད། །ཕྱོགས་བཅུའི་འཇིག་རྟེན་དག་ན་ཇི་ཡོད་པའི། །འགྲོ་བ་དེ་དག་མ་ལུས་ཀུན་བསྡུས་ཤིང་། །དངོས་པོ་དངོས་མེད་ཆོས་ ལ་དབང་བསྒྱུར་འཇུག །དེ་དག་ཐམས་ཅད་མ་ལུས་དུས་སུ་བསྔོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་བླངས་ཤིང་། །འཇིག་རྟེན་འདི་ལ་རྣམ་པར་རྟོག་མི་བྱེད། །ཇི་ལྟར་འཇིག་རྟེན་ ཆོས་རྣམས་རྣམ་དག་ཏེ། །དེ་ལྟར་འཇིག་རྟེན་སྒྲོན་མ་རྣམ་པར་དག །ཇི་སྙེད་ལས་རྣམས་ཡང་དག་རྩོམ་པ་གང་། །རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས། །དེ་དག་ཕྱོགས་བཅུའི་འཇིག་རྟེན་ མཁྱེན་པ་རྣམས། །ཇི་སྙེད་བཞུགས་ལ་ཡོངས་སུ་བསྔོ་བ་བྱེད། །དེ་དག་ཡོངས་སུ་བསྔོ་བའི་མཐར་ཕྱིན་པ། །སངས་རྒྱས་མཆོག་གི་རྗེས་སུ་བསླབས་པ་རྣམས། །ཡེ་ཤེས་དམ་པ་རྗེས་སུ་ 73-1-168a སེམས་བྱེད་ཅིང་། །མི་ཡི་དམ་པ་མཆོག་རྣམས་རབ་ཏུ་འཐོབ། །སེམས་ཅན་ཕན་པའི་དོན་དུ་རྟག་ཞུགས་ཤིང་། །འགྲོ་བ་ཀུན་ཏུ་འཇིག་རྟེན་སྒྲོན་མ་བཞིན། །ཕྱོགས་རྣམས་ཀུན་ཏུ་མ་ ལུས་གྱུར་ཅིག་ཅེས། །དགེ་བ་དེ་དག་ཡོངས་སུ་བསྔོ་བ་བྱེད། །དེ་དག་སེམས་ཅན་རྣམ་པར་རྟོག་མི་བྱེད། །ཆོས་ལའང་རྣམ་པར་རྟོག་པ་མི་བྱེད་དེ། །འཇིག་རྟེན་གྱིས་ཀྱང་རློམ་སེམས་མྱེད་པ་ཡིན། ། འགྲོ་བ་ཀུན་ནས་ཕྱིར་ཡང་མི་ལྡོག་གོ། བརྟན་པ་དེ་དག་ཞི་རབ་ཏུ་རྟག་ཞིང་། །དེ་དག་མྱ་ངན་འདས་པའི་སྤྱོད་ཡུལ་ཐོབ། །སེམས་ཅན་རྒྱུད་ན་འང་མི་སྤྱོད་མ་ཡིན་ཏེ། །འདི་འདྲའི་ཡེ་ཤེས་དམ་པ་ཁོང་ ཆུད་པ། །དེ་དག་ནམ་ཡང་རྟོག་དང་རྣམ་རྟོག་མེད། །རྣམ་པར་སྨྱིན་པའང་དེ་དག་གནས་མི་འཆའ། །འཇིག་རྟེན་ཐམས་ཅད་རྒྱུ་དང་བཅས་པས་ན། །ཆོས་རྣམས་རྒྱུ་མེད་པར་ཡང་ལྟ་མ་ཡིན། །དེ་དག་སྤྱོད་ ཡུལ་འདི་འདྲ་ཐོབ་པ་སྟེ། །དེ་ལ་རྟོག་དང་རྣམ་པར་རྟོག་པ་མྱེད། །བློ་མཆོག་དེ་དག་འགྲོ་ཀུན་ཁ་ལོ་བསྒྱུར། །ཡེ་ཤེས་ཚུལ་ལ་མཁས་པས་ཡོངས་སུ་བསྔོ། །ཐམས་ཅད་རྗེས་སུ་སོང་བ་ཞེས་བྱ་སྟེ། ཡོངས་སུ་བསྔོ་བ་བཞི་པའོ།། །།སངས་རྒྱས་རྨད་ག་བཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ་བསོད་ནམས་མྱི་ཟད་པའི་མཛོད་ཅེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྒྲིབ་ པའི་ལས་ཐམས་ཅད་ཡོངས་སུ་བྱང་བའི་ཕྱིར་བཤགས་པ་དང་འབྲེལ་བའི་དགེ་བའི་རྩ་བའམ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ 73-1-168b ལྡན་འདས་ཐམས་ཅད་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་གྱི་ཁམས་ཐམས་ཅད་དུས་གསུམ་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བ་དང་འབྲེལ་བའི་ དགེ་བའི་རྩ་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ནན་ཏན་དུ་བྱས་པས་ཕྱག་བྱ་བ་དང་། འབྲེལ་བའི་དགེ་བའི་རྩ་བའམ། སངས་རྒྱས་ ཀྱི་ཆོས་ཐམས་ཅད་ལ་བརྩོན་པས་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། འབྲེལ་བའི་དགེ་བའི་རྩ་བའམ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་དགེ་བའི་རྩ་བ་མི་ཟད་པ་གང་ལ། བྱང་ཆུབ་སེམས་དཔས་བརྩོན་པར་བྱ་བའི་དགེ་བའི་རྩ་བ་འབྱམ་ཀླས་པ་བསམ་གྱིས་མི་ཁྱབ་པ་དེ་དག་ལ་ཡང་དག་པར་འཇུག་པར་བྱེད་པའམ། གང་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་། དེ་དགེ་བའི་ རྩ་བ་དེ་དག་ལ་གནས་པར་བྱེད་པ་འམ། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་མཐའ་དང་ དབུས་མེད་པ་དུལ་བར་གྱུར་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པས་ཁོང་དུ་ཆུད་པར་བྱེད་པ་འམ། གང་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་དང་པོ་ཐུགས་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཡང་དག་པར་བྱུང་བར་གྱུར་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ 73-1-169a འཚང་རྒྱ་བར་གྱུར་པ་དང་། མྱ་ངན་ལས་འདས་པ་ཡང་དག་པར་བསྟན་པའི་བར་གྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་དུ་གྱུར་པའི་ཡེ་ཤེས་ཀྱི་བྱིན་ གྱིས་བརླབས་ཀྱིས་རྗེས་སུ་ཡི་རང་བའམ། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ཡང་དག་པར་གཟུང་བ་ནས་ཉེ་བར་བཟུང་སྟེ། ཆོས་ཐམས་ཅད་ཀྱི་མཐར་ ཐུག་པའི་བར་དུ་དགེ་བའི་རྩ་བ་ཇི་སྙེད་ཡང་དག་པར་བསྒྲུབ་པར་འགྱུར་བའམ། སངས་རྒྱས་ལ་དམྱིག་པའི་བསམ་པ་འབྱམ་ཀླས་པ་བརྗོད་དུ་མེད་པ་དང་། རང་གི་དམྱིགས་པ་ལ་དགེ་བའི་རྩ་བ་གང་ བསྩགས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྒྲིབ་པ་མྱེད་པར་དམྱིགས་པར་མཐར་ཕྱིན་པར་བྱེད་པར་ཡང་རུང་སྟེ། དགེ་བའི་རྩ་བ་རྣམ་པར་ཕྱེ་བ་ཚད་མེད་ཅིང་འབྱམ་ཀླས་པ། དམྱིགས་པ་རྒྱ་ཆེན་པོ་གྲངས་མེད་པས་བརྩམས་པ་དེ་དག་ཐམས་ཅད་འདི་ལྟར་ཡོངས་སུ་སྔོ་སྟེ། དགེ་བའི་རྩ་བ་གང་ཡང་དག་པར་བསྒྲུབས་པ་དང་། གང་མོས་པར་བྱ་བ་དང་། གང་རྗེས་སུ་ཡི་རང་བ་ དང་། གང་ཡོངས་སུ་རྫོགས་པར་བྱས་པ་དང་། གང་ཡོངས་སུ་གྲུབ་པར་བྱས་པ་དང་། གང་སྤྱད་པ་དང་། གང་ཐོབ་པར་བྱས་པ་དང་། གང་སེམས་དཔའ་དང་། གང་བརྩོན་པ་དང་། གང་མཐུ་དང་ལྡན་ པར་བྱེད་པའི་དགེ་བའི་རྩ་བ་དེ་དག་གིས་གང་ཇི་སྙེད་དུ་མངོན་གྱི་འདས་པའི་དུས་ཐམས་ཅད་འབྱམ་ཀླས་པའི་དུས་ལ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་ཤིན་ཏུ་བསྟན་པ་གྲངས་ལས་འདས་པ་ ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་གི་རྒྱན་བྱུང་བ་དང་། གང་ཇི་སྙེད་དུ་དེ་བཞིན་ཉིད་ཀྱི་གོ་སྐབས་ཐམས་ཅད་ཀྱི་སྔོན་གྱི་མུའི་བསྐལ་པའི་མཐར་གྱུར་པ། ས་མཚམས་མྱེད་པའི་སངས་རྒྱས་ཀྱི་ 73-1-169b རིགས་མཐའ་ཡས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ། བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་ཤེས་པ་གང་ཡང་སྤྱོད་པ་ལས་ཡང་དག་པར་འབྱུང་ བའམ། གང་ཡང་སེམས་ཅན་བསྲེལ་བར་བྱ་བའི་ཚོགས་རྣམ་པར་བསྟན་པའམ། གང་ཡང་ཤིན་ཏུ་བསྟན་པའམ། གང་ཡང་ཤིན་ཏུ་མོས་པ་རྣམ་པར་དག་པར་འམ། གང་ཡང་དེ་བཞིན་གཤེགས་ པའི་བྱིན་གྱིས་རླབས་ཀྱིས་ཤེས་པར་བྱ་བའམ། གང་ཡང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ཡང་དག་པར་བསྟན་པའམ། གང་ཡང་བྱང་ཆུབ་སེམས་དཔའི་ས་རྣམས་སུ་རྣམ་པར་རིག་པའམ། གང་ཡང་དེ་བཞིན་གཤེགས་པའི་ཕྲིན་ལས་འཇིག་རྟེན་ལས་འདས་པས་བྱུང་བའམ། གང་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འབྱམ་ཀླས་པས་འབྱུང་བའམ། གང་ཡང་ མངོན་པར་འཚང་རྒྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་འབྱུང་བ་འམ། ཕྱི་མའི་མཐའི་བསྐལ་པར་འཚང་རྒྱ་བ་རྒྱུན་ཆད་པ་མེད་པའི་འཇིག་རྟེན་གྱི་ཁམས་ཚུལ་ཐམས་ཅད་ཤིན་ ཏུ་བསྟན་པ། ནམ་མཁའི་དབྱིངས་ཀྱིས་ཀླས་པ་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་འབྱམ་ཀླས་པ་མ་འོངས་པའི་དུས་མཐའ་ཡས་པའི་རིགས་སུ་ བསྟན་པ་མ་འོངས་པའི་ལས་ཀྱི་རྒྱུད་རྣམ་པ་ཐ་དད་པ་གྲངས་མེད་པ་བརྗོད་པ། མ་འོངས་པའི་དུས་རྒྱུན་ཆད་པ་མེད་ཅིང་ས་མཚམས་མེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མངོན་ པར་བསྒྲུབ་པས་ཐུགས་སུ་ཆུད་པ། མ་འོངས་པའི་དུས་ཀྱི་སྐད་ཅིག་རྒྱུན་ཆད་པ་མེད་པ། ཆོས་ཀྱི་དབྱིངས་དང་། འཇིག་རྟེན་གྱི་ཁམས་དང་། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ 73-1-170a ཐམས་ཅད་མཐའ་ཡས་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཀྱིས་མངོན་པར་འཚང་རྒྱ་བ་མེད་པ་དང་། མ་འོངས་པའི་དུས་ས་འཚམས་མེད་ཅིང་རིགས་སུ་མི་ཆོད་པ་ དག་ཏུ་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་ ཡོངས་སུ་དག་པ། རིན་པོ་ཆེའི་རྒྱན་རྣམ་པར་བྲེས་པ་དུ་མ་དང་། སྤོས་ཀྱི་རྒྱན་ཡིད་དུ་འོང་བ་དང་། ལྡན་པ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་ཀྱི་རྒྱན་གྱི་ཆར་རབ་ཏུ་འབབ་པ་དང་། ན་བཟའ་ཐམས་ཅད་ཀྱི་རྒྱན་གྱི་ སྤྲིན་སྣ་ཚོགས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། རྣམ་པ་ཐ་དད་པའི་མཛོད་དེ་བཞིན་གཤེགས་པའི་རྒྱན་བྱིན་གྱིས་རླབས་ཀྱིས་རྣམ་པར་བྲེས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱན་རབ་ཏུ་ བརྒྱན་པར་བྱ་བ། རྣམ་པ་སྣ་ཚོགས་པ་ཐ་དད་པ་བརྗོད་དུ་མེད་པས་རབ་ཏུ་བརྒྱན་ཅིང་གྲུབ་པ། གྲོགས་བསམ་གྱིས་མི་ཁྱབ་པ་རྣམ་པར་དག་པས་ཡོངས་སུ་བསྒྲུབས་པ། དེ་བཞིན་གཤེགས་པ་མངོན་ པར་འཚང་རྒྱ་བའི་བྱིན་གྱིས་རླབས་ཀྱིས་རྒྱན་གྱི་རྣམ་པར་དག་པ་རྣམས་འབྱུང་བར་འགྱུར་བ་དང་། གང་ཡང་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའི་མིག་འཇིག་རྟེན་ལས་འདས་པ་ཐུན་མོང་མ་ཡིན་པས་རྣམ་པར་མཐོང་བ། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོའི་དགེ་བའི་རྩ་བ་རབ་ཏུ་མྱོང་བར་འགྱུར་ བ་ཆོས་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་ཁོང་དུ་ཆུད་པ། ཆོས་ཐམས་ཅད་ཀྱི་མཐུ་སྤྲུལ་པ་ལྟ་བུས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ལས་འབྱམ་ཀླས་པ། མཉམ་པ་ཉིད་ 73-1-170b ཀྱི་རྗེས་སུ་སོང་བས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་། ཏིང་ངེ་འཛིན་གྱི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ། ཡང་དག་པར་རྒྱུ་བ། སངས་རྒྱས་ཀྱི་འོད་བླ་ན་མེད་པས་སྣང་བར་བྱས་པ། རྒྱ་ཆེ་བ་སྣ་ཚོགས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་རྣམས་ཡང་དག་པར་གནས་པར་འགྱུར་བ་དང་། མ་བྱོན་ པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་བཞིན་དུ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་རབ་ཏུ་བྱུང་བ་ ཤིན་ཏུ་གྲུབ་པ་རྣམ་པར་དག་པ། རྣམ་པ་སྣ་ཚོགས་པ་ཐ་དད་པ་ཀུན་ནས་ཡོན་ཏན་ཅན་བསྔགས་པར་བྱ་བ། ཚད་མེད་པ་དྲི་ཞིམ་པོ་བསམ་གྱིས་མི་ཁྱབ་པ། མཐའ་ཡས་ཤིང་། ཚད་མྱེད་ པ་དང་ལྡན་པ། རྒྱན་གྲངས་མེད་པ་ཅན། གཙུག་ལག་ཁང་གྲངས་མེད་པ་དང་ལྡན་པ། ཡིད་དུ་འོང་བའི་སྒྲ་གྲངས་མེད་པ་ཡོད་པ། མཐའ་ཡས་པར་ཡང་དག་པར་སྟོན་པ། རྗེས་སུ་སྤྱོད་ པའི་གྲོགས་ཚད་མེད་པ་དང་ལྡན་པ། ཡོན་ཏན་སྣ་ཚོགས་ཟད་མི་ཤེས་པ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤོས་ཐམས་ཅད་ཀྱིས་བརྒྱན་པ། ཕྲེང་བ་ཐམས་ཅད་ཀྱིས་བརྒྱན་པ། ཕྱེ་མ་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་ཐམས་ཅད་ཀྱིས་བརྒྱན་པ། རྒྱལ་མཚན་ཐམས་ཅད་ཀྱིས་བརྒྱན་པ། བ་དན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྣམ་བུ་ཀུན་ཏུ་ བཏིང་བས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་སྟེགས་བུས་བརྒྱན་པ། གསེར་གྱི་དྲ་བ་གྲངས་མེད་པས་ཀུན་ཏུ་གཡོག་པར་བརྒྱན་པ། ཆུ་ཀླུང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གྲངས་མྱེད་པའི་ 73-1-171a སྤྲིན་གྱི་ཆར་རབ་ཏུ་འབབ་པ། རོལ་མོ་བརྡུང་བ་དང་དཀྲོལ་བའི་ཚོགས་གྲངས་མེད་པས་ཡིད་དུ་འོང་བ་རྣམ་པར་དག་པ་དེ་དག་དང་། དེ་བཞིན་དུ་མ་ལུས་པ་ཐམས་ཅད་རབ་ཏུ་བཟུང་སྟེ། སངས་ རྒྱས་ཀྱི་ཞིང་གི་ཡོན་ཏན་དང་བརྒྱན་ཡོངས་སུ་དག་པ་གང་ཇི་སྙེད་པ། གང་དང་གང་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་མཁྱེན་པ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཞིང་གི་གནས་སུ་གྱུར་པ་ཐམས་ཅད་ཕྱོགས་ཀྱི་འཁོར་མཐའ་ཡས་པར་བསྟན་པས་ཕྱོགས་བཅུར་རྣམ་པར་བཀོད་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལས་ རྣམ་པ་སྣ་ཚོགས་མངོན་པར་འདུས་བྱས་པ། ནམ་མཁའི་ཁམས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཡོངས་སུ་བསྡུས་པ། འཇིག་རྟེན་གྱི་ཁམས་ཕྱོགས་གཞན་དང་གཞན་གྱི་རྗེསུ་སོང་བར་རབ་ཏུ་གནས་ པ། ལས་རྣམ་པ་ཐ་དད་པས་ཤིན་ཏུ་བྱུང་བའི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་ཤིན་ཏུ་བསྟན་པ། འཇིག་རྟེན་གྱི་ཁམས་འབྱུང་གནས་ནམ་མཁའི་གོས་གཏོགས་པ། ཞིང་གི་རྒྱུད་རྣམ་པ་ ཐ་དད་པ་བརྗོད་དུ་མེད་པ་འཇིག་རྟེན་གྱི་ཁམས་མཐའ་དབུས་མེད་པའི་ཆོས་ཀྱི་དབྱིངས་ཀྱིས་ཤིན་ཏུ་བསྟན་པ། དེ་ལྟར་མ་ལུས་པ་ཐམས་ཅད་ཡོངས་སུ་བཟུང་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་བརྒྱན་ལ་འཇུག་པར་རྒྱན་རྣམ་པར་དག་པ་ཐམས་ཅད་དང་ལྡན་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ཇི་སྐད་དུ་བཤད་པ་དང་། ཇི་སྐད་དུ་བསྟན་པ་ ཡིན། ཇི་སྐད་དུ་བརྗོད་པ་ཡིན། ཇི་སྐད་དུ་གསལ་བར་བྱས་པ་དང་། ཇི་སྐད་དུ་སྨོས་པ་དང་། ཇི་སྐད་དུ་སྨྲས་པ་དང་། ཇི་སྐད་དུ་བསླབས་པ་དང་། ཇི་སྐད་དུ་དཀྲོལ་བ་དང་། ཇི་ལྟ་བུར་བརྟགས་པ་དང་། 73-1-171b ཇི་ལྟ་བུར་རྣམ་པར་བཀོད་པ་དེ་དང་དེ་དག་དུ་དེ་བཞིན་གཤེགས་པ་སྐྱེས་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་མཉམ་པ་ཉིད་དང་། སངས་ རྒྱས་ཀྱི་ཞིང་དགེ་བ་དང་། སངས་རྒྱས་ཀྱི་ཞིང་བདག་ཉིད་ཆེ་བ་དང་། སངས་རྒྱས་ཀྱི་ཞིང་ཡངས་པ་དང་། སངས་རྒྱས་ཀྱི་ཞིང་བདེ་བར་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཟིལ་གྱིས་མི་ནོན་པ་དང་། སངས་ རྒྱས་ཀྱི་ཞིང་ཟད་མི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཆེ་བ་དང་། སངས་རྒྱས་ཀྱི་ཞིང་མྱི་འཕྲོགས་པ་དང་། སངས་རྒྱས་ཀྱི་ཞིང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཞིང་འོད་གསལ་བ་དང་། སངས་རྒྱས་ཀྱི་ཞིང་ཡིད་དུ་འོང་བ་དང་། སངས་རྒྱས་ཀྱི་ཞིང་མི་འཐུན་པ་མྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བ་དང་། སངས་རྒྱས་ཀྱི་ཞིང་རབ་ཏུ་སྣང་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་ བརྒྱན་པ་དང་། སངས་རྒྱས་ཀྱི་ཞིང་རབ་ཏུ་བརྒྱན་པ་དང་། སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་ཕྱེ་བ་དང་། སངས་རྒྱས་ཀྱི་ཞིང་མཆོག་དང་། སངས་རྒྱས་ཀྱི་ཞིང་གཙོ་བོ་དང་། སངས་རྒྱས་ཀྱི་ཞིང་རབ་དང་། སངས་ རྒྱས་ཀྱི་ཞིང་ཕུལ་དང་། སངས་རྒྱས་ཀྱི་ཞིང་དམ་པ་དང་། སངས་རྒྱས་ཀྱི་ཞིང་གྱ་ནོམ་པ་དང་། སངས་རྒྱས་ཀྱི་ཞིང་རྨད་དུ་བྱུང་བ་དང་། སངས་རྒྱས་ཀྱི་ཞིང་བླ་ན་མེད་པ་དང་། སངས་རྒྱས་ཀྱི་ཞིང་མཉམ་པ་ མེད་པ་དང་། སངས་རྒྱས་ཀྱི་ཞིང་འདྲ་བ་མེད་པ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དང་། ད་ལྟར་ཡོངས་སུ་བསྔོ་སྟེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ གྱི་ཞིང་གི་རྣམ་པར་དག་པ་གང་ཇི་སྙེད་པའི་རྒྱན་རྣམ་པར་དག་པ་དང་། དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་འདི་ལྟ་བུའི་རྣམ་ 73-1-172a པར་དག་པ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་རེ་རེར་ཀྱང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཇི་སྙེད་པ་དེ་དག་ཐམས་ཅད་ཡང་དག་པར་གནས་ པར་གྱུར་ཅིག །གྲུབ་པར་གྱུར་ཅིག །རྣམ་པར་དག་པར་གྱུར་ཅིག །ཡོངས་སུ་དག་པར་གྱུར་ཅིག །ཡང་དག་པར་གྲུབ་པར་གྱུར་ཅིག །རབ་ཏུ་བྱུང་བར་གྱུར་ཅིག །རབ་ཏུ་བརྒྱན་པར་གྱུར་ཅིག །ཀུན་ཏུ་བརྒྱན་པར་ གྱུར་ཅིག །བྱང་བར་གྱུར་ཅིག །བྱིན་གྱིས་རླབས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་ལུས་པར་བཟུང་སྟེ། སངས་རྒྱས་ཀྱི་ཞིང་ཆོས་ཀྱི་ དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐའ་གཏུགས་པ་ཐམས་ཅད་མ་ལུས་པར་དེ་སྙེད་ཀྱི་རྒྱན་གྱིས་ཡོངས་སུ་བརྒྱན་པར་གནས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་པར་ དུས་གསུམ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཡོན་ཏན་རྣམ་པར་ཕྱེ་བ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་སངས་རྒྱས་ཀྱི་ཞིང་གི་བདག་ཉིད་ཆེ་བ་དང་། སངས་རྒྱས་ཀྱི་ཞིང་བལྟ་ན་མྱི་ངོམས་པ་དང་། སངས་རྒྱས་ ཀྱི་ཞིང་ཚད་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཡངས་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་དང་། སངས་རྒྱས་ཀྱི་ཞིང་བསམ་གྱིས་མྱི་ཁྱབ་པ་དང་། སངས་རྒྱས་ཀྱི་ཞིང་མཚུངས་པ་མེད་པ་དང་། སངས་རྒྱས་ ཀྱི་ཞིང་མཐའ་ཡས་པ་དང་། ཇི་སྙེད་པ་དེ་དག་གི་བརྒྱན་གྱིས་རྣམ་པར་དག་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡོངས་སུ་རྫོགས་པ་རྗེས་སུ་འཇུག་པ། འཇིག་རྟེན་གྱི་ཁམས་ ལ་རབ་ཏུ་འཇུག་པ། ཀུན་ཏུ་སྤྱོད་པ་མངའ་བ་སེམས་ཅན་གྱི་ཁམས་རྟོགས་པ་ཁོང་དུ་ཆུད་པ། ཆོས་ཀྱི་དབྱིངས་ལ་འཇུག་པ་རབ་ཏུ་རྟོགས་པ། ནམཁའི་དབྱིངས་ལ་འཇུག་པ་རྨོངས་པ་མྱེད་པ། 73-1-172b སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ། བསམ་གྱིས་མྱི་ཁྱབ་པའི་ཆོས་རྗེས་སུ་དྲན་པའི་ཚུལ་ཅན་ཚད་མྱེད་པའི་དགེ་འདུན་རྗེས་སུ་དྲན་པ་ལ་རབ་ཏུ་ཞུགས་པ། གཏོང་བ་ལ་ཤིན་ཏུ་མོས་པ། གཏོང་བའི་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ། ཡེ་ཤེས་ཀྱི་འོད་གཟེར་དང་། ལྡན་པའི་ཆོས་ཀྱི་ཉི་མའི་དཀྱིལ་འཁོར་ཅན། ཆགས་པ་མྱེད་པར་ལྟ་བ་དམྱིགསུ་མེད་པ་ལས་རབ་ཏུ་བྱུང་བ། སངས་རྒྱས་ ཀྱི་ཆོས་གནས་སུ་གྱུར་པ། དགེ་བའི་རྩ་བ་དམ་པས་ཐོག་མར་འགྲོ་བ་དང་དགེ་བའི་རྩ་བའི་དབང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བྱུང་བ། དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་སོང་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་གྱི་འོད་གཟེར་རབ་ཏུ་འགྱེད་པ། བདུད་ཀྱི་ལས་ཐམས་ཅད་རྣམ་པར་སྦྱངས་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་ཆུད་པ། ཕྱིན་ཅི་ལོག་མྱེད་ པས་ཡང་དག་པར་བྱུང་བ། དགེ་བའི་རྩ་བ་དང་སྨོན་ལམ་ལ་གཏི་མུག་མྱེད་པ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཚུལ་ཅན་དེ་ལྟ་བུའི་སྤྱོད་པ་ལ་ཞུགས་པ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ། དགེ་བའི་རྩ་བ་མཚུངས་པ་མྱེད་པ་ཅན་རྟག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་ལ་གཞོལ་བ། སངས་རྒྱས་ཀྱི་བྱང་ཆུབ་སྣང་བ་རབ་ཏུ་ཐོབ་པ། མུན་པ་མྱེད་པའི་ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལུས་གཅིག་གིས་ཁྱབ་པར་བྱེད་པའི་རྣམ་པར་འཕྲུལ་པ་ཆེན་པོ་ཡང་དག་པར་སྟོན་པ། ཡེ་ཤེས་ཆེན་པོ་ཁོང་དུ་ཆུད་པས་ཐམས་ཅད་མཁྱེན་པ་ཉིད་ ཀྱི་སྤྱོད་ཡུལ་དང་ལྡན་པ། ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཚིག་རབ་ཏུ་དབྱེ་བ། མངོན་པར་བསྒྲུབ་པ་ལ་མཁས་པ། ཞིང་ཐམས་ཅད་ཀྱི་རྗེས་སུ་སོང་བར་གནས་པར་སངས་རྒྱས་ཀྱི་ཞིང་ཐམས་ 73-1-173a ཅད་ན་གནས་པ། ནམ་མཁའི་དབྱིངས་སུ་མོས་པས་མྱི་གནས་པའི་ཡིད་དང་ལྡན་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྣམ་པར་ཕྱེ་བའི་བསམ་པ་ཅན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ ཁྱབ་པ་ལ་མཉམ་པར་གཞོལ་བ་ལ་མཁས་པ། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཀྱི་སངས་རྒྱས་ཀྱི་ཞིང་ལ་གནས་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཤེས་པར་བྱ་བ་ལ་མཁས་པ། ཆོས་གྲངས་ མྱེད་པ་བསྟན་ཅིང་བཤད་པ་ལ་འཇིགས་པ་མྱེད་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྗེས་སུ་སོང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ ལ་གནས་པ། སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་ཡོངས་སུ་འཛིན་པ། སྒྲ་བསམ་གྱིས་མྱི་ཁྱབ་པ་རྣམ་པར་དབྱེ་ཞིང་མངོན་པར་བསྒྲུབ་པ་ལ་མཁས་པ། གྲངས་མྱེད་པའི་སྐད་རྣམ་པ་ཐ་དད་པ་ཤེས་པ། བླ་ན་མྱེད་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ས་ཁོང་དུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཆགས་པ་མྱེད་པར་སྤྱོད་པ། ཉོན་མོངས་པ་མྱེད་པའི་ཆོས་ཀྱི་ཚུལ་ལ་ཆོས་སུ་རྟོག་ པས་གནས་པ་མྱེད་པ། སེམས་བསྐྱེད་པ་ཡངས་པ་ཤིན་ཏུ་རྣམ་པར་བསྒོམས་པ་རབ་ཏུ་ཐོབ་པ། ཡེ་ཤེས་གཅིག་ནས་གཅིག་ཏུ་རྒྱུད་པའི་བརྒྱུད་ལ་མཁས་པ། དོན་གཅིག་ནས་གཅིག་དུ་བསྟན་པ་རབ་ཏུ་གྲུབ་ པ། དེ་ལྟ་བུ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཡོངས་སུ་བརྒྱན་པར་གྱུར་ཅིག །ཡོངས་སུ་གང་བར་གྱུར་ཅིག །རྣམ་པར་མཛེས་པར་གྱུར་ཅིག །རྗེས་སུ་དོང་བར་གྱུར་ཅིག །ཀུན་ཏུ་གནས་ པར་གྱུར་ཅིག །བསྒོམས་པར་གྱུར་ཅིག །ཤིན་ཏུ་བསྒོམས་པར་གྱུར་ཅིག །སྦྱངས་པར་གྱུར་ཅིག །ཤིན་ཏུ་སྦྱངས་པར་གྱུར་ཅིག །ཞི་བར་བྱེད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་རེ་རེའི་ཕྱོགས་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་ 73-1-173b ཚད་མྱེད་གྲངས་མྱེད་པ་བསམ་གྱིས་མྱི་ཁྱབ་པ། གཞལ་དུ་མྱེད་པ། མུ་མྱེད་པ། ས་མཚམས་མྱེད་པ། དཔག་ཏུ་མྱེད་པ། བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པས་ཡོངས་སུ་རྒྱས་པར་གྱུར་ཅིག །ཕྱོགས་གཅིག་ཇི་ལྟ་བ་ བཞིན་དུ་སངས་རྒྱས་ཀྱི་ཞིང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ། མ་ལུས་པ་ལུས་པ་མྱེད་པ། ལྷག་མ་མྱེད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་ཚུལ་ཅན་གྱིས་ཡོངས་ སུ་རྒྱས་ཤིང་ཡོངས་སུ་གང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། ཚུལ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ཚུལ་དེ་ ལྟ་བུས་འབྱུང་བ་ཐམས་ཅད་དང་། ཚུལ་དེ་ལྟ་བུས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་དང་། ཚུལ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་དང་། ཚུལ་དེ་ལྟ་བུས་སྨོན་ལམ་ ཐམས་ཅད་དང་། ཚུལ་དེ་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་སྐྱེས་པ་མཐོང་བ་དང་མྱི་འབྲལ་བ་དང་། ཚུལ་དེ་ལྟ་བུས་དེ་བཞིན་གཤེགས་པའི་སྐུ་ཚེ་ཚད་མྱེད་པ་དང་། ཚུལ་དེ་ ལྟ་བུས་ཐོགས་པ་མྱེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཕྱིར་མྱི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ ཀྱི་ཞིང་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་སྐྱེ་བ་ཐམས་ ཅད་ཀྱིས་མ་ལུས་པར་གང་བར་བྱས་པའི་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་པར་ཤིན་ཏུ་བྱུང་བའི་དེ་བཞིན་གཤེགས་པའི་སྐུ་དང་། ཐམས་ཅད་མཁྱེན་པ་ 73-1-174a འབྱུང་བར་མགོ་བསྐལ་པ་ཚད་མེད་པར་ཡོངས་སུ་བསྔོས་པ་དང་། ནམ་མཁའི་ཁམས་ཚད་མྱེད་པའི་རྗེས་སུ་སོང་བའི་སེམས་ཀྱི་ས་དང་། ཡོངས་སུ་བསྔོ་བའི་ཚད་བསམ་གྱིས་མྱི་ཁྱབ་པའི་རྗེས་ སུ་ཞུགས་པ་དང་། ཡོངས་སུ་བསྔོ་བའི་ཚུལ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རྗེས་སུ་སོང་བས་ཡོངས་སུ་བསྔོ་བའི་ཚེ་བདག་ལ་མྱི་རྟོག་གོ། །བདག་གི་ལུས་ལ་རྣམ་པར་མྱི་རྟོག་གོ། །སངས་རྒྱས་ཀྱི་ ཆོས་ལ་རྣམ་པར་མྱི་རྟོག་གོ། །ཞིང་ལ་མྱི་རྟོག་གོ། །ཞིང་གི་ཡང་དག་པར་སྤྱད་པས་རྣམ་པར་དག་པ་ལ་རྣམ་པར་མྱི་རྟོག་གོ། །སེམས་ཅན་ལ་རྣམ་པར་མྱི་རྟོག་གོ། །སེམས་ཅན་གདུལ་བ་ལ་རྣམ་པར་མྱི་རྟོག་གོ་ལས་ ལ་མྱི་རྟོག་གོ་ལས་ཀྱི་རྣམ་པར་སྨྱིན་པ་ལ་རྣམ་པར་མྱི་རྟོག་གོ། །སེམས་དཔའ་ལ་ཆགས་པར་མྱི་བྱེད་དོ། །བསམ་པས་ཀྱང་མངོན་པར་ཆགས་པར་མྱི་བྱེད་དོ། །རྒྱུ་ཆུད་གཟོན་པར་མྱི་བྱེད་དོ། །རྒྱུ་དང་འབྲས་བུ་ ཆུད་གཟོན་པར་མྱི་བྱེད་དོ། །དངོས་པོ་ཉེ་བར་ལེན་པར་མྱི་བྱེད་དོ། །དངོས་པོའི་ཆོས་ལ་ཆགས་པར་ཡང་མྱི་བྱེད་དོ། །འཁོར་བའི་རྣམ་པ་ཐ་དད་པ་གཅིག་དུ་མྱི་བྱེད་དོ། །ཞི་བའི་རྣམ་པར་བརྟགས་པ་མྱེད་ པས་རློམ་སེམས་མྱི་བསྐྱེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡུལ་ཀྱིས་སྙེམས་པར་མྱི་བྱེད་དོ། །ཆོས་གང་གིས་ཀྱང་ཆོས་ལ་གནས་པར་མྱི་བྱེད་དེ། །དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཉེ་བར་སྟོབས་སོ། །ཁོང་དུ་ཆུད་པར་བྱེད་དོ། །ཡོངས་སུ་བསྔོའོ། །ཡོངས་སུ་སྨྱིན་པར་བྱེད་དོ། །མཉམ་པར་བྱེད་དོ། །བསྒྲུབ་བོ། །མཚན་མར་མྱི་བྱེད་དོ། ། དམྱིགས་པར་མྱི་བྱེད་དོ། །མྱི་འཇལ་ལོ། །མྱི་རྟོག་གོ། །རྣམ་པར་མྱི་རྟོག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་ཡོངས་སུ་བསྔོ་བ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་ 73-1-174b བའི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་དག་པར་འཇུག་པས། དགེ་བའི་རྩ་བ་ཐམས་ཅད་མྱི་ཟད་པ་ཡིན། ཞིང་རྣམ་ པར་དག་པས་ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། སེམས་ཅན་གྱི་ཁམས་རྣམ་པར་དག་པ་ལ་རྣམ་པར་དཔྱོད་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། ཆོས་ཀྱི་དབྱིངས་སུ་འཇུག་པ་ལ་ ཞུགས་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། ནམ་མཁའི་ཁམས་ལྟར་ཚད་མྱེད་པའི་སེམས་ལ་ཡོངས་སུ་སྒོམ་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ཤིན་ཏུ་མོས་ པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ལ་བརྩོན་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། དུས་སུམ་རྣམ་པར་འབྱེད་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན་ཏེ། དེ་ནི་ སེམས་ཅན་གྱི་ཁམས་ཐམས་ཅད་ལ་སེམས་ཅན་མྱེད་པར་རབ་ཏུ་རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་སྲོག་མྱེད་པར་ཁོང་དུ་ཆུད་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་འབྱེད་པ་ མྱེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ལ་གང་ཟག་མྱེད་པར་སེམས་ཤིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཉོན་མོངས་པ་མྱེད་པར་རབ་ཏུ་ རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཀྱི་རྟེན་པ་ཡང་དག་པར་མཐོང་ཤིང་ཡོངས་སུ་བསྔོའོ། །དངོས་པོ་ཐམས་ཅད་ལ་མྱི་གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངསུ་བསྔོའོ། ། ཞིང་ཐམས་ཅད་ལ་ཡང་དག་པར་མྱི་གནས་པ་ཉིད་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མྱི་གནས་པ་ཉིད་དུ་ལྟ་ཞིང་ཡོངས་སུ་བསྔོའོ། །དམྱིགས་པ་ཐམས་ཅད་ 73-1-175a ལ་དམྱིགས་སུ་མྱེད་པ་ཉིད་དུ་ཤེས་པས་མཐོང་ཞིང་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོའོ། །ས་ཞིང་གང་ཡང་ཀུན་ནས་ཉོན་མོངས་པ་དང་བཅས་པར་མྱིག་ལམ་དུ་སྣང་བར་མི་འགྱུར་རོ། ། ཀུན་ཏུ་ལྟ་ཡང་སེམས་ཅན་གང་ཡང་མྱི་འཐུན་པ་མཐོང་བར་མྱི་འགྱུར་རོ། །སྤྱོད་པའི་ཚེ་ཆོས་གང་ཡང་ཡང་དག་པར་མྱི་མཐོང་ངོ་། །ཡེ་ཤེས་ཀྱི་འཇུག་པས་གང་ལ་ཡང་འཇུག་པ་མྱེད་དོ། །ནམ་མཁའི་ དབྱིངས་ཐམས་ཅད་ལ་ཡང་རབ་ཏུ་གནས་ཏེ། དེ་ཡང་ཤིན་ཏུ་ཤེས་སོ། །བསོད་ནམས་ཀྱི་སྟོབས་ཚད་མྱེད་པས་དེ་བཞིན་གཤེགས་པའི་སྐུས་ཆོས་ཐམས་ཅད་གང་བར་ཤིན་ཏུ་ཤེས་སོ། །སེམས་ཅན་ ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་དུ་འགྲོ་བ་ལ་ཡང་དག་པར་སྤྱོད་དོ། །དེའི་སེམས་བསྐྱེད་པ་རེ་རེ་ཞིང་ཡང་སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་སྟོབས་བཅུའི་སར་ ཡང་དག་པར་འགྲུབ་བོ། །དེས་སེམས་ཅན་ཐམས་ཅད་བསོད་ནམས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ཞིང་ཐོབ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་རྣམ་པར་དག་པ་བསོད་ནམས་ཐམས་ཅད་ཀྱི་འབྱུང་ གནས་དང་ལྡན་པ། ཐམས་ཅད་རབ་ཏུ་སྒྲུབ་བོ། །དེ་ཡོ་བྱད་ཅི་འདོད་པ་ཕུན་སུམ་ཚོགས་པས། བསོད་ནམས་ཀྱི་མཛོད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་དག་གང་དང་གང་དུ་འགྲོ་བ་དེ་དག་ཏུ་ ཞིང་ཐམས་ཅད་རྣམ་པར་སྦྱོང་ཞིང་འགྲོའོ། །དེ་གང་དང་གང་དུ་སྤྱོད་པ་དེ་དང་དེ་དག་དུ་སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རྣམ་པར་དག་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་སྟོབས་ཀྱིས་ཡོངས་སུ་ གཟུང་བ་ལ་རབ་ཏུ་གཞོག་ཅིང་། ཡང་དག་པར་སྤྱོད་དོ། །དེ་ལྟར་ཡོངས་སུ་བསྔོ་བ་དེ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་འཐུན་པས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཟུགས་མྱེད་པ་ཡིན། འཇིག་རྟེན་ 73-1-175b ཐམས་ཅད་ཀྱིས་ཟིལ་གྱིས་མྱི་ནོན་པའི་བསོད་ནམས་ཅན་ཡིན། བདུད་ཐམས་ཅད་ཀྱིས་གཟི་བརྗིད་མྱི་ཟད་པ་ཡིན། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མྱི་འཕྲོགས་པ་ཡིན། ཐམས་ཅད་མཁྱེན་པའི་ ཡིད་ཡང་དག་པར་རྟོག་པ་དང་ལྡན་པས། སྨོན་ལམ་ཤིན་ཏུ་ཆེ་བ་དང་། སེམས་རབ་ཏུ་ཡངས་པ་ཡིན། སེམས་བསྐྱེད་པ་ཅིག་གིས་སངས་རྒྱས་ཀྱི་ཞིང་ཚད་མྱེད་པར་འགྲོ་བ་ཡིན། ཡེ་ཤེས་ཀྱི་སྟོབས་ མཐའ་ཡས་པས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡོངས་སུ་ཤེས་པ་ཡིན། སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་དད་པ་ཡིན། ཡེ་ཤེས་མཐའ་ཡས་པར་ཤིན་ཏུ་འཇུག་པ་ལ་རབ་ཏུ་གནས་པ་ ཡིན། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་བྱང་ཆུབ་ཀྱི་སེམས་མངོན་པར་བསྒྲུབ་པའི་མཐུས་ནམ་མཁའི་དབྱིངས་ཀྱིས་ཀླས་པར་ཆོས་ཀྱི་དབྱིངས་ཤིན་ཏུ་ཡངས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ། བསོད་ནམས་མྱི་ཟད་པའི་མཛོད་ཅེས་བྱ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མྱི་ཟད་པའི་མཛོད་བཅུ་རབ་ ཏུ་ཐོབ་བོ། །བཅུ་གང་ཞེ་ན། སྐྲའི་སྦུབས་གཅིག་དུ་སངས་རྒྱས་གྲངས་མྱེད་པ་འབྱུང་བ་ལ་འཇུག་པའི་ཕྱིར། སངས་རྒྱས་ལྟ་བའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །ཆོས་ཐམས་ཅད་གཅིག་ཏུ་ རབ་ཏུ་གཞོལ་བའི་དེ་བཞིན་གཤེགས་པའི་སྟོབས་དང་། ཡེ་ཤེས་ལ་འཇུག་པའི་ཕྱིར། ཆོས་ལ་འཇུག་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་བསྟན་ པ་ཡོངས་སུ་གཟུང་ཞིང་ཆུད་ཟོས་པར་མྱི་བྱ་བའི་ཕྱིར། དྲན་པས་གཟུང་བའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་དང་། དགོངས་པ་ཤིན་ཏུ་ 73-1-176a བསྟན་པ་ལ་མཁས་པར་བྱ་བའི་ཕྱིར། བློ་གྲོས་རྣམ་པར་ངེས་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །ཆོས་ཀྱི་ཚུལ་རྣམ་པར་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར། རིགས་པས་འཛིན་ པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །ནམ་མཁའི་དབྱིངས་དང་མཉམ་པའི་བློས་དུས་གསུམ་ཐམས་ཅད་ཁྱབ་པར་བྱ་བའི་ཕྱིར། བློ་ཚད་མྱེད་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །སེམས་ ཅན་ཐམས་ཅད་ཚིམ་པར་བྱ་བས་མྱི་ཟད་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་མུན་པ་དང་། རབ་རིབ་དང་། ལིང་ཏོག་དང་། གཏི་ མུག་དང་། མ་རིག་པའི་མུན་པ་རྣམ་པར་བསལ་བའི་ཕྱིར། ཡེ་ཤེས་དང་དགའ་བ་དང་། བློའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ཐ་མྱི་དད་པ་ཉིད་རབ་ཏུ་བསྟན་ པས། སེམས་ཅན་ཐམས་ཅད་ཤེས་པར་བྱ་བའི་ཕྱིར། སྤོབས་པ་རྣམ་པར་ངེས་པའི་གཏེར་རབ་ཏུ་འཐོབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་སྤྱད་པ་རྒྱུན་མྱི་འཆད་པ། ཐམས་ཅད་མཁྱེན་པ་ཉིད་ཆགས་ པ་མྱེད་པའི་ཐབས་སྐྱོན་མྱེད་པའི་དབང་བསྐུར་བའི་ཕྱིར། སྟོབས་བཅུ་དང་། མྱི་འཇིགས་པའི་གཏེར་མྱི་ཟད་པ་རབ་ཏུ་འཐོབ་སྟེ། གཏེར་མྱི་ཟད་པའི་མཛོད་བཅུ་པོ་འདི་དག་རབ་ཏུ་འཐོབ་བོ། །དེ་ནས་བྱང་ ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསམ་པས་མཐུ་སྟོབས་ རྙེད་པ་གང་དག་ནི། །མཐའ་ཡས་ཆོས་ལ་ཀུན་ཏུ་དབང་སྒྱུར་ཅིང་། །བསོད་ནམས་གཏེར་ལ་རྗེས་སུ་ཡིད་རང་བ། །དེ་དག་ཆགས་མྱེད་ཚུལ་གྱིས་ཡོངས་སུ་བསྔོ། །དུས་གསུམ་རྒྱལ་བ་སུ་དག་ཇི་ 73-1-176b སྙེད་པས། །རྣམ་དག་ཞིང་རྣམས་འཇིག་རྟེན་རྣམ་སྦྱངས་པ། །ཡོན་ཏན་ཀུན་དང་ལྡན་ཞིང་འཕགས་པ་རྣམས། །དེ་འདྲའི་རྣམ་དག་ཞིང་དུ་ཡོངས་སུ་བསྔོ། །དུས་གསུམ་རྒྱལ་བ་ཇི་སྙེད་བཞུགས་པ་ཡི། ། ཚུལ་རྣམས་ཀུན་ལ་རྗེས་སུ་སེམས་བྱེད་ཅིང་། །ཐམས་ཅད་ལུས་པ་མྱེད་པར་ངེས་བཟུང་སྟེ། །དེ་འདྲའི་ཞིང་ནི་བརྟན་པ་རྣམས་ཀྱིས་བརྒྱན། །དུས་གསུམ་བསྐལ་པ་ཇི་སྙེད་ཡོད་པ་ཡི། །ཞིང་གཅིག་དེ་དག་ཡོན་ ཏན་བླང་བྱས་ཀྱང་། །བསྐལ་པ་ཇི་སྙེད་དེ་དག་ཟད་འགྱུར་གྱི། །ཞིང་གི་ཡོན་ཏན་བསྔགས་པ་ཟད་མྱི་འགྱུར། །འདི་འདྲའི་ཞིང་རྣམས་ཐམས་ཅད་མ་ལུས་པར། །མྱི་ཡི་མཆོག་གིས་ཇི་སྙེད་མཐོང་གྱུར་ པ། །ཐམས་ཅད་མ་ལུས་ཞིང་གི་ཡོན་ཏན་གྱིས། །ཇི་སྙེད་འཇིག་རྟེན་དེ་དག་བརྒྱན་པར་སྣང་། །དེ་དག་ཀུན་ཀྱང་རྣམ་དག་ཡིད་དང་ལྡན། །དེ་དག་རྒྱལ་བའི་གསུང་སྐྱེས་སྲས་ཡིན་ཏེ། །ཡོན་ཏན་ཀུན་ གྱིས་བརྒྱན་པའི་སེམས་དང་ལྡན། །ཞིང་གི་ཕྱོགས་རྣམས་རབ་ཏུ་རྒྱས་པར་བྱེད། །དེ་དག་ལུས་ནི་མཚན་གྱིས་ཤིན་ཏུ་བརྒྱན། །དེ་དག་དཔེ་བྱད་བཟང་པོས་ལུས་ཀྱང་མཛེས། །དེ་དག་མཐའ་ཡས་ཡང་ དག་སོ་སོར་ཤེས། །འགྲོ་བའི་རྒྱལ་མཚན་མྱི་ཟད་ཅི་བཞིན་ནོ། །དེ་དག་སྤྱོད་ཡུལ་དག་དང་ཡང་དག་ལྡན། །ཏིང་འཛིན་ཀུན་ལ་གནས་པ་རྗེས་སུ་ཐོབ། །མཚུངས་མྱེད་ཤིན་ཏུ་རྣམ་པར་དག་པའི་ཡིད། ། ཐམས་ཅད་ཕྱོགས་རྣམས་སུ་ནི་འོད་ཀྱང་འགྱེད། །འདི་འདྲའི་ཞིང་རྣམས་མ་ལུས་གཟུང་བྱ་སྟེ། །ཉན་ཐོས་སྤྱོད་ཡུལ་དག་ལ་དད་མྱེད་པ། །རང་རྒྱལ་ཐམས་ཅད་ཤིན་ཏུ་སྤངས་གྱུར་ཏེ། །མྱི་ཡི་དམ་པས་ཤིན་ ཏུ་གང་གྱུར་ཅིག །དེ་དག་དེ་འདྲའི་ཡོངས་བསྔོ་སེམས་ལྡན་པ། །གང་གིས་མ་ལུས་འཇིག་རྟེན་བྱང་ཆུབ་དུ། །དུས་གསུམ་རྒྱལ་བས་མངོན་པར་སངས་རྒྱས་པ། །དེ་དང་ལྡན་པར་ཡོངས་སུ་བསྔོ་བ་བྱེད། ། 73-1-177a ཕྱོགས་བཅུ་ཀུན་ན་ཇི་སྙེད་ཡོད་པ་ཡི། །བདུད་དང་ཉོན་མོངས་དེ་དག་རབ་ཏུ་འཇོམས། །དཔལ་ལྡན་མཐུ་ཅན་གཞན་གྱིས་ཕན་མྱི་ནུས། །རྣམ་པར་ངེས་པའི་ཆོས་ཀྱི་དམ་པ་སྤྱོད། །དེ་དག་སྨོན་ལམ་ མཐུ་སྟོབས་ཡངས་པ་ཡི། །ཡོངས་སུ་བསྔོ་བ་ཆགས་པ་མྱེད་ཅིང་དག །བསོད་ནམས་ཟད་མྱེད་དེ་དག་མཛོད་དུ་ཞུགས། །དེ་ནི་དུས་གསུམ་ཀུན་ཏུ་ཟད་མྱི་འགྱུར། །དེ་དག་སྤྱོད་པས་ཆོས་ལ་འཇལ་བར་ བྱེད། །དེ་དག་བྱེད་པ་མྱེད་པའི་ཆོས་ལ་ཞུགས། །གཡོ་མྱེད་ཆོས་ཀྱང་དེ་དག་རབ་ཏུ་ཤེས། །ལས་ཀྱི་རྣམ་པས་ཡོངས་སུ་མྱི་སེམས་སོ། །གཟུགས་ནི་མ་ཡིན་འོན་ཀྱང་གཟུགས་མྱེད་མྱིན། །འདུ་ཤེས་ ཡོད་མྱིན་འདུ་ཤེས་མྱེད་པ་མྱིན། །དངོས་པོ་མ་ཡིན་དངོས་པོ་མྱེད་པ་མྱིན། །དངོས་པོ་ཐམས་ཅད་རང་བཞིན་ཁོང་དུ་ཆུད། །ཡོད་པ་མ་ཡིན་མྱེད་པ་འང་མ་ཡིན་ཏེ། །རྒྱུ་ཡི་རྒྱུད་ལ་མངོན་པར་ཆགས་མྱི་བྱེད། ། རྐྱེན་ལ་འཇུག་པར་དེ་དག་མྱི་བྱེད་དེ། །ནམ་ཡང་དེ་དག་ཆགས་པར་མྱི་བྱེད་དོ། །འགྲོ་བ་འདི་ན་སྨྲ་ཚུལ་ཇི་སྙེད་པ། །དེ་ལ་ནམ་ཡང་ཆགས་པར་མྱི་བྱེད་དེ། །འདུ་ཤེས་བསམ་པ་བརྡ་ཡང་རབ་ཏུ་ཤེས། །བདག་མྱེད་ ཆོས་ཀྱང་སོ་སོར་ཤིན་ཏུ་རྟོགས། །དེ་དག་སེམས་ཅན་མྱི་འབྲལ་ཅིས་འགྱུར་བ། །དེ་འདྲའི་ཆོས་ཉིད་མཉམ་པ་རབ་ཏུ་རྟོགས། །དེ་འདྲའི་ཞིང་དང་དེ་བཞིན་ལས་ཀྱི་རྣམས། །དུས་གསུམ་ཐམས་ཅད་མ་ལུས་བཟུང་ བྱས་ཤིང་། །ཤེས་པས་དེ་དག་དེ་བཞིན་ཡོངས་སུ་བསྔོ། །ལས་ཀྱི་རྣམ་པ་གང་གིས་སྐྱེས་ལྡན་ཞིང་། །རང་བཞིན་གང་དང་མཚན་ཉིད་གང་ཡིན་པ། །དེ་ན་ཅི་འདྲའི་ཆོས་ཉིད་ཡོད་པ་དག །དེ་བཞིན་དེ་དག་དག་ པར་ཡོངས་སུ་བསྔོ། །གང་གི་ཡིད་ཀྱིས་ངོ་བོ་ཉིད་འཇལ་བ། །འགྲོ་བ་དེ་དག་མྱི་གནས་ལེན་པ་མྱེད། །འགྲོ་བ་ཀུན་ཕྱིར་ཡོངས་སུ་བསྔོ་བར་གཞོལ། །སྤྱོད་ཡུལ་ཐམས་ཅད་མ་ལུས་གཟུང་བྱས་ཤིང་། ། 73-1-177b འོད་གསལ་ཐམས་ཅད་རྗེས་སུ་སེམས་པར་བྱེད། །མ་ལུས་དེ་བཞིན་ཉིད་ཀྱང་དེ་དག་ཤེས། །གང་གིས་ལྟ་བ་ཐམས་ཅད་མ་ལུས་ཤིང་། །བསམ་པའི་སྐྱོན་བོར་རྣམ་པར་སྤངས་པ་རྣམས། །རྟག་ཏུ་དེ་དག་དྲི་མེད་ ཀུན་གདུང་མྱེད། །ཆགས་མྱེད་ཀུན་ཀྱི་ཚུལ་ཡང་རྗེས་སུ་རྟོགས། །དེ་དག་གིས་ནི་ཆོས་རྣམས་མ་བཤིག་སྟེ། །ནམས་ཀྱང་ཆོས་ཉིད་ཞིག་པར་འགྱུར་བ་མྱེད། །ཆོས་ལ་ཆགས་པར་དེ་དག་མྱི་བྱེད་དེ། །དེ་དག་འཇིག་ རྟེན་སྒྲ་བརྙན་འདྲ་བ་ཡིས། །གང་གིས་དུས་གསུམ་འཇིག་རྟེན་སྐྱེས་པ་ཡི། །འགྲོ་བའི་རྐྱེན་འགྱུར་ཆོས་ཀྱང་རབ་ཏུ་ཤེས། །བསམ་པ་དག་དང་བག་ཆགས་ཁོང་དུ་ཆུད། །ཐམས་ཅད་འཇིག་པར་བྱེད་པ་གང་ཡང་མྱེད། ། དེ་དག་ལས་དང་ལས་སྨིན་རབ་ཏུ་ཤེས། །ལས་དང་རྣམ་པར་འགལ་བར་མྱི་བྱེད་དེ། །ལས་ཀྱི་རྣམ་པར་སྨྱིན་པ་ཆུད་མྱི་གཟོན། །རྒྱུད་ལས་འབྱུང་བའི་ཆོས་ཀྱང་ཤིན་ཏུ་སྟོན། །འདི་ན་སེམས་ཅན་གང་ཡང་འཁོར་བ་ མྱེད། །སེམས་ཅན་འབྱུང་བར་དེ་དག་མྱི་བྱེད་དེ། །སེམས་ཅན་རྣམས་ལ་གནས་པ་མྱེད་པར་སྨྲས། །སེམས་ཅན་རྒྱུད་ཀྱི་བརྡ་ཡང་རབ་ཏུ་རྟོགས། །བསོད་ནམས་མྱི་ཟད་པ་ཡི་མཛོད་ཅེས་བྱ་བ་ཡོངས་སུ་བསྔོ་བ་ ལྔ་པའོ།། །།ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོར་གྱུར་ཏེ། སྲིད་ཆེན་པོ་ཐོབ་ནས་འཚེ་བ་དང་ཕྱིར་རྒོལ་བཅོམ་སྟེ། རྒྱལ་པོ་ཆེན་པོར་གྲགས་པ་དང་། སྲིད་ཆེན་པོའི་ ཁམས་ལ་གནས་ཤིང་། སྲིད་ཡངས་པ་ལ་དབང་བར་གྱུར་ནས། མཁོན་མྱེད་ཅིང་ལྷོད་པ་མྱེད་པར་སྲིད་ལ་གནས་པ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་བྱེད་པ། ཆོས་དང་འཐུན་པས་ཆོས་ཀྱི་རྗེས་སུ་སྙེགས་ 73-1-178a པ། ཕུན་སུམ་ཚོགས་པའི་སྲིད་ཆེན་པོ་ཐོབ་པ། ས་ཆེན་པོ་ལ་གདུགས་གཅིག་དུ་གྱུར་པ། འཁོར་ལོ་ཐོགས་པ་མེད་པས་སྐྱོང་བ། དྲི་མ་མྱེད་པའི་ཐབས་ཐོབ་པ། སྲིད་ལ་ཕ་རོལ་གྱི་སྡེས་ གཙེ་བ་མྱེད་པ་དང་། ཆོས་དང་ལྡན་པ་དབྱིག་པ་མྱེད་པ་དང་། མཚོན་ཆ་མྱེད་པས་འགྲོ་བ་རྣམས་ཤིན་ཏུ་སྐྱོང་བ། ཆོས་ཀྱི་དབྱིངས་སུ་ཞུགས་ཤིང་བསྡུ་བའི་དངོས་པོ་བཞིས་འགྲོ་བ་སྡུད་པ། འཁོར་ལོས་ བསྒྱུར་བའི་རྒྱལ་པོར་གྱུར་པ། འགྲོ་བ་ཐམས་ཅད་ལ་མཛོད་ཀྱིས་ཤིན་ཏུ་སྟོབ་པ་དེ་དབང་ཕྱུག་དེ་ལྟ་བུ་ལ་གནས་ཤིང་དེ་ལྟ་བུའི་ཆོས་ལ་གནས་པ། གཡོག་དང་འཁོར་མང་པོ་ཤིན་ཏུ་འདུས་པ་གཟུགས་དང་ ལྡན་པ། འགྲོ་བ་ཐམས་ཅད་ཀྱི་ལྟ་བས་མྱི་ངོམས་པ། ཡིད་ལ་ཁ་ན་མ་ཐོ་བ་མྱེད་པ། བསོད་ནམས་རྣམ་པར་དག་པ་དང་ལྡན་པ། ཟིལ་གྱིས་མི་ནོན་པའི་མཚན་དང་ལྡན་པ། ལུས་ཤིན་ཏུ་རྣམ་པར་ཕྱེ་བ་མཛེས་ པ་དང་ལྡན་པ། བལྟ་ན་བཟང་བ་ཚུལ་དང་འཐུན་པའི་ལུས་དང་ལྡན་པ། སྟོབས་དང་ལྡན་པ། ཐུབ་པ་མྱེད་པའི་ལུས་དང་ལྡན་པ། སྟོབས་ཆེན་པོ་དང་ལྡན་པ། མཐུ་བོ་ཆེའི་ལུས་ཀྱིས་གཟུང་བ། རྣམ་པར་ དག་པའི་ལས་དང་ལྡན་པ། སྒྲིབ་པ་མྱེད་པའི་ལས་རྣམ་པར་དག་པ་དང་ལྡན་པ་དེ། ཟས་ཡོངས་སུ་གཏོང་བ་འམ། བཏུང་བ་འམ། རོའམ་བཞོན་པ་འམ། གོས་སམ། མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པ་འམ། མལ་ཆ་འམ། གནས་སམ་རྒྱབ་རྟེན་ནམ། མར་མེ་འམ། སྒྲོན་མ་འམ། ནད་ཀྱི་རྐྱེན་སྨན་ནམ་ཡོ་བྱད་རྣམས་སྦྱིན་པ་འམ། རིན་པོ་ཆེས་གཞལ་བའི་སྣོད་སྣ་ཚོགས་བཀང་ཞིང་ཡོངས་སུ་གཏོང་བ་དང་། ཤིང་རྟ་སྣ་ཚོགས་དང་། ཤིང་རྟ་དུ་མ་བཀང་ཞིང་ཚད་མྱེད་པའི་རིན་པོ་ཆེ་དང་ནོར་ཡོངས་སུ་གཏོང་བ་དང་། གླང་པོ་ཅང་ཤེས་སམ། རྟ་ཅང་ཤེས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཏོང་བ་དང་། སློང་བ་རྣམས་ལ་ཅི་ 73-1-178b རིགས་སུ་རྒྱལ་པོའི་སྟན་བཟང་པོ་གཏོང་བ་འམ། གདུགས་གཏོང་བ་འམ། རྒྱལ་མཚན་དང་བ་དན་གཏོང་བ་འམ། རིན་པོ་ཆེ་གཏོང་ཞིང་སྦྱིན་པ་འམ། རྒྱན་དང་ལྷབ་ལྷུབ་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་འམ། ཅོད་པན་ ནམ། གཙུག་གི་ནོར་བུ་དག་དབང་ཕྱུག་ལ་སྤྱི་བོ་ནས་དབང་བསྐུར་བས་མཚོན་ཆས་བཅིངས་ཤིང་བརྩོན་ར་ན་འདུག་པའི་སེམས་ཅན་རྣམས་མཐོང་ནས། ནོར་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཡོག་དང་བདག་ཏུ་ བཅས་ཏེ་བྱིན་ནས། བཙོན་ར་དེ་དག་ནས་སེམས་ཅན་རྣམས་ཡོངས་སུ་ཐར་བར་བྱེད་པ་གསད་པར་ཁྲིད་པ་མཐོང་ནས། བདག་གི་ལུས་དང་སྲོག་ཡོངས་སུ་བཏང་སྟེ། གསད་པ་དེ་བླུ་བར་བྱེད་པ། གཙུག་ཕུད་དང་ ཐོར་ཅོག་དུ་བཅས་པའི་མགོ་དག་ཀྱང་སློང་བས་བསླངས་ན། གཏོང་བ་མྱེད་པའི་སེམས་ཀྱིས་གཏོང་བ་མྱིག་གཉིས་ཡོངས་སུ་གཏོང་བ་འམ། རྣ་བ་དང་། སྣ་ཡོངས་སུ་གཏོང་བ་འམ། སོ་དང་ལྕེ་ཡོངས་སུ་གཏོང་ བའམ། མགོ་ཡོངས་སུ་གཏོང་བ་འམ། རྐང་ལག་ཡོངས་སུ་གཏོང་བ་འམ། རང་གི་ལུས་ཀྱང་དྲལ་ཅིང་སློང་བ་ལ་ཁྲག་ཡོངས་སུ་གཏོང་བ་འམ། ཤ་དང་རྐང་ཡོངས་སུ་གཏོང་བ་འམ། སློང་བ་ལ་རང་གི་ལུས་ལས་ སྙིང་ཕྱུང་སྟེ། ཡོངས་སུ་གཏོང་བའམ། སློང་ཞིང་ལེན་པ་སྣ་ཚོགས་ལ་རྒྱུ་མ་དང་འཚེར་པ་དང་། མཁལ་མ་དང་། ཕོ་བ་རྣམས་ཡོངས་སུ་གཏོང་བ་འམ། རང་གི་ལུས་ལ་ཡན་ལག་དང་། ཉིང་ལག་དང་རུས་པ་བསླངས་ པ་ན་དད་པའི་སེམས་ཀྱིས་ཡོངས་སུ་གཏོང་བ་འམ། སློང་བ་ལ་མོས་པར་ལྟ་བས་པགས་པ་དང་མདོག་ཡོངས་སུ་གཏོང་བ་འམ། རྐང་ལག་ལས་སོར་མོ་ཡོངས་སུ་གཏོང་བ་འམ། ཆོས་འདོད་པའི་ཕྱིར་རང་གི་ ཤ་དང་སེན་མོ་ཡོངསུ་གཏོང་བ་འམ། ཆོས་ཤིན་ཏུ་དཀོན་པ། ཚུལ་ཞིང་མྱེས་གང་བའི་འོབས་མྱི་འགྲེང་ལག་ཏག་བདུན་དུ་མཆོང་བར་བྱེད་པ་འམ། ཆོས་བསྲུང་བའི་ཕྱིར་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱང་ 73-1-179a རང་གི་ལུས་བཟོད་པར་བྱེད་པ་འམ། ཆོས་ཚོལ་ཞིང་ཆོས་ཀྱི་ཚིག་དང་། ཡི་གེ་འབྲུ་གཅིག་གི་ཕྱིར་ཡང་རྒྱ་མཚོ་མཐར་ཐུག་པའི་ས་ཆེན་པོ་ཡོངས་སུ་གཏོང་བ་འམ། ཆོས་ཐམས་ཅད་ཀྱི་དབང་ ཕྱུག་བྱེད་པའམ། མྱི་དགེ་བའི་ཆོས་ལས་སེམས་ཅན་རྣམས་བཟློག་ཏེ། དགེ་བའི་ཆོས་ལ་རབ་ཏུ་སྦྱོར་བའམ། སྐྱེས་བུའི་མཚན་གཅོད་པ་མཐོང་ནས། སྡིག་པའི་ལས་དེ་དག་ལས་སེམས་ཅན་རྣམ་པར་ བཟློག་པར་བྱེད་པ་འམ། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པར་འཇིག་རྟེན་ཐམས་ཅད་དུ་སྒྲོག་ཅིང་གཙུག་ལག་ཁང་དང་ཕོ་བྲང་གི་ལོངས་སྤྱོད་ཀྱི་ཕྱིར་ས་དང་ཁམས་ཡོངས་སུ་གཏོང་བའམ། རིམ་གྲོ་བྱ་བའི་ཕྱིར་བྲན་དང་ལས་བྱེད་པའི་མྱི་རྣམས་གཏོང་བའམ། སློང་བ་ལ་རིམ་གྲོ་བྱ་བའི་ཕྱིར་བདག་ཉིད་འབུལ་བ་འམ། ཆོས་ལ་དད་པས་དགའ་ཞིང་མགུ་བའི་སེམས་རྙེད་ནས། རང་གི་ལུས་ཀྱིས་ དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པའམ། བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་བའམ། སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱ་བའི་ཕྱིར་རྒྱལ་སྲིད་ཡོངས་སུ་གཏོང་བའམ། སློང་བ་རྣམས་ལ་ཅི་རིགས་ སུ་ཡུལ་དང་མྱིར་བཅས་པའམ། གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་ངམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡོངས་སུ་གཏོང་བའམ། སློང་བ་ལ་བུ་དང་བུ་མོ་དང་ཆུང་མ་དག་ཡོངས་སུ་གཏོང་བའམ། སློང་བ་ རྣམས་ལ་ཅི་རིགས་སུ་ཁྱིམ་ཐམས་ཅད་ཡོངས་སུ་སྦྱིན་ཞིང་གཏོང་བའམ། བཟའ་ཤིང་གི་ར་བ་སྦྱིན་པའམ། སློང་བ་སྣ་ཚོགས་དང་ལེན་པ་སྣ་ཚོགས་དང་། སེམས་ཅན་སྣ་ཚོགས་དང་། གང་ཟག་སྣ་ཚོགས་ དང་། སེམས་ཅན་སྣ་ཚོགས་དང་ལྡན་པ་ལ་ཕྱོགས་ཐ་དད་པ་ནས་འོངས་པ་ཚད་ལས་འདས་པའི་མྱི་དང་། མྱི་སྣ་ཚོགས་དང་སྦྱིན་པའི་གནས་སྣ་ཚོགས་ལ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གྲངས་ 73-1-179b མྱེད་པ་རྣམས་བྱེད་ཅིང་ཡོངས་སུ་གཏོང་བའམ། དེ་སྦྱིན་པའི་དམིགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡོངས་སུ་བསྔོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། གཟུགས་ཤིན་ཏུ་ བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། ཚོར་བ་ཤིན་ཏུ་བཟུང་བ་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེསུ་སོང་བས། འདུ་ཤེས་ཤིན་ཏུ་གཟུང་བ། དགེ་བའི་རྩ་བ་ཐམས་ཅད་ ཀྱི་སྙིང་པོའི་རྗེས་སུ་སོང་བས། འདུ་བྱེད་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། རྣམ་པར་ཤེས་པ་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་ སུ་སོང་བས། སྲིད་པ་ཐམས་ཅད་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས་འཁོར་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས་ ལོངས་སྤྱོད་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས་སྦྱིན་པ་ཤིན་ཏུ་བཟུང་སྟེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་སྔོ་བ་སྟེ། བླ་ན་མྱེད་པར་དམྱིགས་ནས་ བཟའ་བ་དང་བཏུང་བ་འདི་དག་འདི་ལྟར་བཏང་བ་དང་། འདི་ལྟར་བྱིན་པ་དང་། འདི་ལྟར་ཆགས་པ་མྱེད་པ་དང་། འདི་ལྟར་བཅིངས་པ་མྱེད་པ་དང་། འདི་ལྟར་ཉེ་བར་བཏང་བ་དང་། འདི་ལྟར་མ་བཟུང་བ་དང་ འདི་ལྟར་ལྷག་པའི་བསམ་པ་དང་། འདི་ལྟར་དངོས་པོ་ཡོངས་སུ་བཏང་བ་དང་། འདི་ལྟར་དམྱིགས་པ་ལ་མྱི་གནས་པ་དང་། འདི་ལྟར་གཏོང་བ་དང་ལྡན་པས་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཁ་ ཟས་དང་ལྡན་པ་དང་། ཆགས་པ་མྱེད་པ་ལ་བརྩོན་པ་སེམས་ཀྱི་ཟས་ཡོངས་སུ་ཤེས་པ་དང་། ཆགས་པ་མྱེད་པའི་ཟས་དང་། དགའ་བའི་ཟས་དང་། ཟང་ཟིང་མྱེད་པའི་ཟས་དང་ཡེ་ཤེས་ཀྱིས་ 73-1-180a འཚོ་བ་དང་། ཆོས་ཀྱིས་བརྟན་པ་དང་། དགེ་བའི་རྩ་བས་ཡོངས་སུ་བཟུང་བའི་ཆོས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་ལ་ཡང་དག་པར་སྤྱོད་པ་དང་། སྦྱིན་པའི་གནས་དང་སྙིང་བརྩེ་བའི་ཁ་ཟས་ རབ་ཏུ་ལེན་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་སྦྱིན་པ་དེ་དག་ཡོངས་སུ་སྔོའོ། །བྱང་ཆུབ་སེམས་དཔའི་བཏུང་བ་གཏོང་བའི་ཚེ་འདི་ལྟར་ཡོངས་སུ་སྔོ་སྟེ། དགེ་བའི་ རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་ཀྱི་བཏུང་བ་འཐུང་བ་ལ་བརྩོན་པ་དང་། བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པ། འཇིག་རྟེན་པའི་སྐོམ་པ་རྒྱུན་ཆད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ སྐོམ་པ་ལས་མྱི་ལྡོག་པ་དང་། འདོད་པའི་ཡུལ་གྱིས་སྐོམ་པ་ལས་མྱི་ལྡོག་པ་དང་། ཆོས་ཀྱིས་ཚིམ་པའི་དགའ་བ་རབ་ཏུ་འཐོབ་པ་དང་། ཆོས་ཀྱི་སྐུ་ཤིན་ཏུ་ཚིམ་པ་དང་། ཏིང་ངེ་འཛིན་གྱིས་ཚིམ་པར་ བྱེད་པའི་སེམས་དང་ལྡན་པ་དང་། ཤེས་རབ་རྒྱ་མཚོ་ལ་ཞུགས་པ་དང་། ཆོས་ཀྱི་རི་རབ་དང་ལྡན་པ་དང་། ཆོས་ཀྱི་བཏུང་བས་ངོམས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བཏུང་བའི་སྦྱིན་པ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་བྲོ་བའི་སྦྱིན་པའི་སྐྱོན་ཐམས་ཅད་བསྩལ་ན་རྣམ་པར་དག་པ་སྐྱུར་བ་དང་། དངར་བ་དང་ཁ་བ་དང་བྲོ་བ་དང་། ཚ་བ་དང་། བསྐ་བ་སྣ་ ཚོགས་ཀྱི་རོ་མཆོག་དང་ལྡན་པ་ཤིན་ཏུ་འཇམ་པའི་རོ་མཆོག་གི་རྣམ་པ་དང་ལྡན་པ། རོ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བསྩགས་པ་དང་ལྡན་པ་དང་། ཁམས་རྣམས་མཉམ་ཞིང་འཁྲུག་པ་ མྱེད་པར་གཞོག་པས་ལས་ཀྱི་སྟོབས་རྟོན་པར་བྱེད་པ། སེམས་དགའ་བ་དང་དད་ཅིང་མོས་པ་དང་། སྤྲོ་བ་དང་གསལ་བ་བསྐྱེད་པ། ཞིམ་ཞིང་ཚུལ་དང་ལྡན་པའི་རོའི་དམ་པར་གྱུར་པ། ནང་གི་ 73-1-180b དབང་པོ་རྣམ་པར་འབྱེད་པ། ལྟོ་ལ་བདེ་བས་ཡང་དག་པར་སྟོན་པ། སྙོམ་པ་ཐམས་ཅད་སེལ་བར་བྱེད་པ། ནད་ཐམས་ཅད་ཞི་བར་བྱེད་པ། ནད་མྱེད་པར་བྱེད་པ། རྣམ་པ་འདི་ལྟ་བུའི་རོ་དམ་པ་སྣ་ ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་སློང་ཞིང་ལེན་པ་སྣ་ཚོགས་ལ་སྦྱིན་ཞིང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལ་རོ་ཡོངས་སུ་སྔོ་སྟེ། སེམས་ཅན་ཐམས་ཅད་བདུད་རྩིའི་ རོས་བརྟེན་པའི་སེམས་ཀྱི་རོ་བྲོ་བའི་མཆོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ཟས་ཀྱི་རོ་ཐམས་ཅད་ཀྱི་ལས་ཡོངས་སུ་ཤེས་ཤིང་། ཆོས་ཀྱི་རོའི་ཡེ་ཤེས་ལ་རབ་ཏུ་གནས་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་གནས་པའི་མཐའ་ཆོས་ཀྱི་གྲོང་ཁྱེར་དུ་ཕྱིན་ཏེ། ཆོས་ཀྱི་རོ་དུ་མའི་ཆོས་དབྱིངས་རབ་ཏུ་རྟོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ རྒྱས་པར་བྱེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱེད་པ་དང་། གདུལ་བ་ལ་ཞུགས་ཞིང་ཆོས་ཀྱི་སྤྲིན་གྱི་ཆར་འབེབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཆོས་ཀྱི་དགའ་བས་ རྒྱུད་ཚིམ་པར་གྱུར་ཏེ། ཡེ་ཤེས་མཆོག་གི་རོ་ལ་སེམས་རྣམ་པར་གཞོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རོ་ཐམས་ཅད་ཀྱི་མཚན་མ་ལ་མྱི་འཛིན་པས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ ལ་བརྩོན་པའི་སེམས་དང་ལྡན་ཞིང་རོའི་མཆོག་ཐམས་ཅད་ལ་ཆགས་པ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་རབ་ཏུ་འཇུག་པས་འབྱུང་བས་ཆོས་ཀྱི་ རོ་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད། ཐམས་ཅད་མཁྱེན་པའི་ཐེག་པ་ལས་ཕྱིར་མྱི་ལྡོག་ཅིང་རོ་མཆོག་གི་ངོ་བོ་ཉིད་ལ་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དབང་ 73-1-181a པོ་ཐམས་ཅད་དབྱེ་བའི་ཡེ་ཤེས་ལ་མངོན་པར་མཁས་པས་སངས་རྒྱས་ཀྱི་ཆོས་ཀྱི་རོ་ཐ་དད་པ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྒྲིབ་པ་མྱེད་པའི་སངས་རྒྱས་ཀྱི་ཆོས་ཚིམ་ པར་སྤྱོད་ཅིང་། ཆོས་ཀྱིས་རོས་ཡིད་རྒྱས་པར་གྱུར་ཅིག་ཅེས། དེ་ལྟར་རོའི་སྦྱིན་པའི་ཚོགས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ཀྱི་ཡེ་ ཤེས་ཆགས་པ་མྱེད་པའི་ཕུང་པོ་སྣ་ཚོགས་བསྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་བཞོན་པའི་སྦྱིན་པ་གཏོང་བའི་ཚེ། དགེ་བའི་རྩ་བ་རྣམས་ཡོངས་ སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་ཞོན་པར་གྱུར་ཅིག །ཐེག་པ་ཆེན་པོ་རབ་ཏུ་ཐོབ་པར་རྣམ་པར་ཞིག་པ་མྱེད་པའི་ཐེག་པ་དང་། མཆོག་གི་ཐེག་ པ་དང་། དམ་པའི་ཐེག་པ་དང་། མགྱོགས་པའི་ཐེག་པ་དང་། སྟོབས་ཆེན་པོའི་ཐེག་པ་དང་། བསོད་ནམས་དང་ལྡན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། མཐའ་ཡས་པའི་ཐེག་པས་བྱུང་སྟེ། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བཞོན་པའི་སྦྱིན་པར་གཏོགས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་གོས་ཀྱི་སྦྱིན་པ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱིས་རབ་ཏུ་གཞོག་པའི་ཕྱིར་ཡོངས་སུ་བསྔོའོ། །ཆ་བྱད་ངན་པ་ཐམས་ཅད་རྣམ་པར་བཟློག་པར་ 73-1-181b བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ལུས་སྦ་བའི་ཕྱིར་ཡོངས་སུ་བསྔོའོ། །ལུས་ཀྱིས་ཁྱུད་ནས་ལུས་ལ་བདེ་བར་རེག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཁ་དོག་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། ཁ་དོག་འཇམ་པར་བྱ་བའི་ཕྱིར་ཡོངས་སུ་སྔོའོ། །མདོག་ཤིན་ཏུ་འཇམ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བདེ་བར་འགྲོ་བ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་བདེ་ བར་བསྙེན་བཀུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བླ་ན་མྱེད་པའི་ཐམས་ཅད་མཁྱེན་པ་ཉིད་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་ བསྔོ་བར་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་སྦྱིན་པ་བྱེད་པའི་ཚེ། དྲི་སྣ་ཚོགས་ཀྱི་མེ་ཏོག་དང་། ཁ་དོག་རྣམ་པ་ཐ་དད་པའི་མེ་ཏོག་དང་། ཡིད་དུ་འོང་བའི་མེ་ཏོག་དང་། མྱིག་ཡིད་དུ་འོང་བའི་མེ་ཏོག་དང་། མྱི་འཐུན་པ་མྱེད་པའི་མེ་ཏོག་དང་། དུས་ཐམས་ཅད་ན་ཡོད་པའི་མེ་ཏོག་དང་། ལྷ་རྫས་དང་མྱིའི་མེ་ཏོག་དང་། འོད་མཛེས་པའི་མེ་ཏོག་དང་། ཤིན་ཏུ་དྲི་ཆེ་ཞིང་ཡིད་དུ་འོང་བའི་ མཛེས་པའི་མེ་ཏོག་དང་། འདི་ལྟ་བུའི་མེ་ཏོག་རྣམས་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་རྣམས་ལ་འབུལ་བ་དང་། ཆོས་དཀོན་མཆོག་ལ་མཆོད་པ་བྱེད་པ་དང་། དགེ་འདུན་དཀོན་མཆོག་ལ་འབུལ་བ་དང་། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ལ་འབུལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཕ་དང་མ་ རྣམས་ལ་སྦྱིན་པ་བྱེད་པའི་ཚེ་ཆུང་ངུ་ན་བདག་གི་ལུས་དང་དེ་མ་ཡིན་པའི་གཞན་བཀྲེས་པ་འཕོངས་པ་དང་། སློང་ཞིང་ལེན་པ་སྣ་ཚོགས་ལ་དེ་དང་དེ་དག་སྦྱིན་པར་བྱ་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ 73-1-182a ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་མེ་ཏོག་རྒྱས་པའི་སེམས་དང་ལྡན་པས་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་མེ་ཏོག་རྒྱས་པ་རབ་ཏུ་མཐོང་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ལ་དགའ་བ་རབ་ཏུ་རྙེད་ནས་བལྟ་ན་མྱི་ངོམས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་ཀུན་ཀྱི་སེམས་མི་འཁྲུག་པས་བལྟ་ན་ཡིད་དུ་འོང་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་དགེ་བའི་ལས་ལ་ལྟ་ཞིང་ཉེ་བར་སྤྱོད་པས་ལྟ་བ་ཡངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་ཐམས་ཅད་ལ་ལྟ་བ་དང་སེམས་མ་ཉམས་པས་རྗེས་སུ་ལྟ་བའི་དྲན་པ་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཀྱི་ཉོན་མོངས་པའི་དུག་སྲེག་པའི་ཕྱིར་དུག་སྨན་བཟང་པོ་ཉམས་སུ་མྱོང་བ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོ་ ལ་འགྲོ་བ་ཐམས་ཅད་འགོད་པས་སྨོན་ལམ་ཆེན་པོ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀུན་ཀྱི་རབ་རིབ་དང་། ལིང་ཏོག་དང་། མུན་པ་བསྩལ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་ བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཟླ་འོད་དགེ་བ་རྣམ་པར་སྤེལ་བའི་ཕྱིར་ཟླ་བ་ལྟ་བུ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་གཤེས་གཉེན་མཐོང་ཞིང་ཆོས་ཀྱི་རྣམ་ པའི་དགེ་བའི་རྩ་བ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་རྒྱ་མཚོའི་རིན་པོ་ཆེའི་གླིང་དུ་འཇུག་པ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་བསྒྲིབ་པ་མེད་པའི་ ཡེ་ཤེས་མཐོང་བའི་རྣམ་པར་དག་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་མེ་ཏོག་ཡོངས་སུ་གཏོང་བར་གཏོགས་པའི་དགེ་བའི་རྩ་བ་དེ་དག་དེ་ལྟར་ཡོངས་སུ་བསྔོའོ། ། 73-1-182b བྱང་ཆུབ་སེམས་དཔའ་ཕྲེང་བའི་སྦྱིན་པ་བྱེད་པས་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་བལྟ་ན་མཛེས་པའི་ཕྱིར་ཡོངས་སུ་བསྔོའོ། །ལྟ་ན་ཡིད་དུ་འོང་བའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་བཟང་བའི་ཕྱིར་ ཡོངས་སུ་བསྔོའོ། །བལྟ་ན་སྡུག་པའི་ཕྱིར་ཡོངསུ་བསྔོའོ། །ལྟ་ན་མངོན་པར་དགའ་བའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་མྱ་ངན་མྱེད་པའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་རབ་ཏུ་དགའ་བའི་ཕྱིར་ ཡོངས་སུ་བསྔོའོ། །བལྟ་ན་ཡིད་མྱི་བདེ་བ་མྱེད་པ་སངས་རྒྱས་མཐོང་བ་དང་ལྡན་པའི་ཕྱིར་ཡོངསུ་བསྔོའོ། །བླ་ན་མྱེད་པའི་ཐམས་ཅད་མཁྱེན་པ་མཐོང་བ་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་ སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྲེང་བའི་སྦྱིན་པ་བྱེད་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་སྦྱིན་ པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་བསྔོ་སྟེ། སྤོས་ཡོངས་སུ་གཏང་བས་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་སྤོས་དང་ ལྡན་པར་གྱུར་ཅིག །མ་ཉམས་པའི་ཚུལ་ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མྱེད་པའི་ཚུལ་ཁྲིམས་དང་། འགྱོད་པ་མྱེད་པའི་ཚུལ་ཁྲིམས་དང་། ཀུན་ནས་འཁོར་བ་མྱེད་པའི་ ཚུལ་ཁྲིམས་དང་། ཡོངས་སུ་གདུང་བ་མྱེད་པའི་ཚུལ་ཁྲིམས་དང་། ལོག་པར་མ་ཞུགས་པའི་ཚུལ་ཁྲིམས་དང་། མཐའ་ཡས་པའི་ཚུལ་ཁྲིམས་དང་། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་གང་དང་། སངས་རྒྱས་ཐམས་ཅད་དང་ལྡན་པ་དེའི་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སེམས་ཅན་ 73-1-183a ཐམས་ཅད་ལྡན་པར་གྱུར་ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། །།སངས་རྒྱས་རྨད་ག་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། བྱང་ཆུབ་སེམས་དཔའ་བྱུག་པའི་སྦྱིན་པ་བྱེད་ པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། བྱུག་པ་སྦྱིན་པས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བཏང་བ་ཐམས་ཅད་ཡོངས་སུ་གཏོང་ཞིང་། སྦྱིན་པས་བསྒོས་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱིས་ཤིན་ཏུ་རྣམ་པར་དག་ཅིང་ཚུལ་ཁྲིམས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མྱེད་པའི་བསམ་ པ་རབ་ཏུ་ཐོབ་ཅིང་བཟོད་པས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཤིང་། བརྩོན་འགྲུས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ད་ལྟར་བྱུང་བའི་ སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པས་བསམ་གཏན་གྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་རྒྱལ་པོ་ལ་སྐད་གཅིག་གིས་རྣམ་པར་དག་ཅིང་ ཤེས་རབ་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཆོས་ཀྱི་འཇིགས་པ་མྱེད་པ་རབ་ཏུ་ཐོབ་ཅིང་ཆོས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོན་ཏན་ཐམས་ ཅད་ཀྱི་ཡེ་ཤེས་རབ་ཏུ་ཐོབ་ཅིང་ཡོན་ཏན་གྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་ 73-1-183b ཐམས་ཅད་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྤངས་ཤིང་ཆོས་དཀར་པོས་བསྒོས་པར་གྱུར་ཅིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བྱུག་པའི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་མལ་ཆའི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ ཅད་ཤེས་རབ་དང་ཡེ་ཤེས་ཆེན་པོ་ཐོབ་པའི་ཕྱིར། ལྷ་རྫས་ཀྱི་མལ་ཆ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོ་སོའི་སྐྱེ་བོ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་གོས་བགོ་བའི་ཕྱིར་འཕགས་པའི་ མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བདེ་བའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ ཐམས་ཅད་རྣམ་པར་རོལ་བའི་ཆོ་འཕྲུལ་ཡང་དག་པར་མཐོང་བའི་རིན་པོ་ཆེ་ལྟ་བུའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལེགས་པར་བཀོད་པའི་གོས་བགོ་བའི་ཕྱིར་ མཉམ་པ་མྱེད་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཟིལ་ཀྱིས་མ་ནོན་པ་རྣམ་པར་དག་པས་རྒྱ་ཆེན་པོའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཆོས་ཀྱི་བདེན་པ་དང་ལྡན་པས་དགེ་བའི་རྩ་བའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དམྱིགས་པ་ལ་བརྩོན་པས་ཤིན་ཏུ་དག་པའི་མལ་ རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་གཤེས་གཉེན་གྱིས་བསྐྱབ་པ་དང་ལྡན་པས་ཤིན་ཏུ་བསྟན་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་ 73-1-184a རྒྱས་གཟིམས་པ་ལྟ་བུ་གློ་གཡས་པས་འབབ་པ་དང་ལྡན་པས་སེང་གེའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་དྲན་པ་དང་ཤེས་བཞིན་གྱིས་ཤིན་ཏུ་བསམ་པའི་དབང་པོ་ཡང་དག་ པར་རྒྱུ་བ་དང་ལྡན་པ་མལ་ཆ་ཡི་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཀྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་གནས་ལ་བརྩོན་ཞིང་། ཏིང་ངེ་འཛིན་གྱི་གནས་སྤྱོད་ཡུལ་དུ་གྱུར་པ་དང་གནས་མྱེད་ཅིང་རྟེན་པ་མྱེད་པའི་ གནས་ནས་མི་གཡོ་བ་དང་། གནས་ཐམས་ཅད་རྣམ་པར་བསྒོམ་པ་དང་། འཇིག་རྟེན་གྱི་གནས་ལས་རྣམ་པར་འདས་པ་དང་། ཐམས་ཅད་མཁྱེན་པའི་གནས་ལ་གནས་པ་དང་། སངས་རྒྱས་ཀྱི་གནས་ ཡོངས་སུ་ཟིན་པ་དང་། བླ་ན་མྱེད་པའི་གནས་ཀྱི་མཐར་ཕྱིན་པ་དང་། བདེ་བའི་གནས་ལ་བརྩོན་པ་དང་། དགེ་བའི་རྩ་བའི་གནས་ལ་ཤིན་ཏུ་གནས་པ་དང་། བླ་ན་མྱེད་པའི་སངས་རྒྱས་ཀྱི་གནས་དང་མྱི་ འབྲལ་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གནས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བར་སེམས་པ། སེམས་ཅན་ ཐམས་ཅད་ལ་ཡོངས་སུ་བསྔོ་བས་ཡོངས་སུ་སྐྱོབ་པ་ལ་གནས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་དེ་ལྟར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་རྒྱབ་ རྟེན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་ཕན་པ་དང་། བདེ་བའི་སེམས་ཀྱིས་ཡེ་ཤེས་ཀྱི་རྟེན་ཆེན་པོ་ལ་སྤྱོད་པ་དང་། 73-1-184b དགེ་བའི་བཤེས་གཉེན་གྱི་རྟེན་ལ་སྤྱོད་པ་དང་། བླ་མའི་རྟེན་ལ་སྤྱོད་པ་དང་། ལེགས་པའི་སྤྱོད་པའི་རྟེན་ལ་སྤྱོད་པ་དང་། བྱམས་པ་ཆེན་པོའི་རྟེན་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོའི་རྟེན་ལ་སྤྱོད་པ་དང་། ཕ་རོལ་ཏུ་ ཕྱིན་པ་དྲུག་གི་རྟེན་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཡངས་པའི་རྟེན་ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་གྱི་རྟེན་ལ་སྤྱོད་ཅིང་། སངས་རྒྱས་ཐམས་ཅད་ཀྱི་རྟེན་ལ་ སྤྱོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱབ་རྟེན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཡོན་ཏན་ཐམས་ཅད་རྣམ་པར་དག་པར་ གྱུར་བ་དང་། ཤིན་ཏུ་དག་པར་འགྱུར་བ་དང་། ཡེ་ཤེས་རྣམ་པར་དག་པར་འགྱུར་བ་དང་། ལམ་རྣམ་པར་དག་པར་འགྱུར་བ་དང་། ཆོས་རྣམ་པར་དག་པར་འགྱུར་བ་དང་། བསམ་པ་རྣམ་པར་དག་ པར་འགྱུར་བ་དང་། མོས་པ་རྣམ་པར་དག་པར་འགྱུར་བ་དང་། སྨོན་ལམ་རྣམ་པར་དག་པར་འགྱུར་བ་དང་། མངོན་པར་ཤེས་པའི་ཡོན་ཏན་དང་། ཡེ་ཤེས་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། ཏིལ་མར་གྱི་མར་མེ་འམ། མར་གྱི་མར་མེ་འམ། རིན་པོ་ཆེའི་མར་མེ་འམ། ནོར་བུའི་མར་མེ་འམ། རོའི་མར་མེ་འམ། མར་མེ་ཆེན་པོ་འམ། ཨ་ག་རུའི་མར་མེ་འམ། ཙན་དན་གྱི་མར་མེ་འམ། སྤོས་ཀྱི་རོ་ཐམས་ཅད་ཀྱི་མར་མེའམ། ཁ་དོག་མཐའ་ཡས་པར་སྣང་བའི་མར་མེ་འམ། རྣམ་པ་དེ་ལྟ་བུའི་མར་མེ་དག་དེ་ ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པ་ན། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་བདེ་བ་དང་། འགྲོ་བ་ཐམས་ཅད་བསྡུ་བའི་ཕྱིར་འདི་ལྟར་ཡོངས་སུ་བསྔོ་སྟེ། མར་མེའི་སྦྱིན་པས་ཡོངས་སུ་བསྡུས་ 73-1-185a པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་སྣང་བ་མཐའ་ཡས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཤིན་ཏུ་ཕྲ་བ་དམྱིགས་པར་ བྱ་བའི་ཕྱིར་སྣང་བ་ཤིན་ཏུ་གསལ་ཞིང་དང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་མྱེད་པའི་ཁམས་ཡོངས་སུ་ཤིས་ཤིང་སྣང་བ་རབ་རིབ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ འོད་འགྱེད་པའི་ལུས་སུ་མངོན་དུ་བྱུང་ཞིང་སྣང་བ་མཐའ་ཡས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་མྱི་ལྡོག་པར་སེམས་དང་ལྡན་ཞིང་འོད་ཀུན་ཏུ་སྣང་བ་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད་པ་དང་ལྡན་ཞིང་སངས་རྒྱས་ཀྱི་འོད་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ ཐམས་ཅད་འོད་གཅིག་གིས་རྒྱས་པར་བྱེད་ཅིང་། ཐོགས་པ་མྱེད་པའི་སྣང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་གྱིས་མྱི་ཁྱབ་པའི་ཞིང་དུ་འོད་ཟེར་རབ་ཏུ་འགྱེད་ཅིང་སྣང་བ་ དཔག་དུ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྐར་མདས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པའི་འོད་དང་ལྡན་ཞིང་འོད་སྣང་བའི་སྐར་མདའི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཞིང་ཀུན་དུ་འོད་འགྱེད་པའི་རྣམ་པར་འཕྲུལ་པས་བྱུང་ཞིང་སྣང་བ་ཁ་དོག་མཐའ་ཡས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མར་མེའི་སྦྱིན་པ་རབ་ཏུ་ གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ 73-1-185b ཡོངས་སུ་འཛིན་ཏོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཡང་དག་པར་བཟུང་བས་ཡང་དག་པར་འཛིན་ཏོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བས་སྐལ་བས་བགོ་བཤའ་བྱེད་དོ། །སེམས་ ཅན་ཐམས་ཅད་ལ་དགེ་བའི་རྩ་བས་སྙིང་བརྩེ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བའི་སྐལ་བ་སྦྱིན་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་རབ་ཏུ་བཟུང་བས་རབ་ཏུ་ འཛིན་ཏོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་སྦྱིན་པས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་དབྱིགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་ བ་མཉམ་པ་ཉིད་ཀྱིས་མཉམ་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་རྣམ་པར་དཔྱོད་དོ། དེ་ལྟར་མར་མེའི་སྦྱིན་པས་བསྡུས་པའི་དགེ་བའི་རྩ་བ་དེ་ཅི་ནས་ཀྱང་སེམས་ཅན་ཐམས་ ཅད་ལ་དགེ་བའི་རྩ་བ་རྣམས་རབ་ཏུ་དགོད་པའི་ཕྱིར། ཡོངས་སུ་བསྔོ་བ་ཐོགས་པ་མྱེད་པར་འགྲོ་བས་དེ་ལྟ་དེ་ལྟར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནད་ཀྱི་རྐྱེན་ སྨན་དང་ཡོ་བྱད་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་དམྱིགས་པ་ཀུན་ལས་ཤིན་ཏུ་ལངས་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་ཅིང་ལུས་ནད་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱི་དགེ་བའི་ནད་ཐམས་ཅད་སོས་པར་གྱུར་ཏེ། སྨན་ལྟ་བུར་གྱུར་ཅིག ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པའི་ས་ལ་རབ་ཏུ་གནས་པའི་ཚུལ་གྱིས་སྨན། ཨ་ག་རུ་དེ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་མོངས་པའི་དུག་ 73-1-186a བསལ་ཤིང་འབྱིན་ཅིང་སངས་རྒྱས་ཀྱི་སྨན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་རྣམ་པར་སྦྱོང་བའི་སྤྱོད་པ་དང་ལྡན་ཞིང་ཉེ་བར་བགྲོད་པའི་ངང་ཚུལ་ཅན་དུ་གྱུར་ཅིག ། སེམས་ཅན་ཐམས་ཅད་ཤིན་ཏུ་མི་འཁྲུག་པའི་ཆོས་དང་ལྡན་ཞིང་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་གསོ་བ་ལ་ཞུགས་ཤིང་སྨན་གྱི་སྡོང་པོ་ལྟ་བུར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་སྣང་བ་རབ་ཏུ་ཐོབ་ཅིང་ནད་ཐམས་ཅད་བྱང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་གྱི་སྦྱོར་བ་ལ་བརྩོན་པས་འགྲོ་ བ་ཐམས་ཅད་ཀྱི་སྨན་ལ་མཁས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སྨན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཤིན་ཏུ་གསོ་བའི་ཕྱིར་ཡོངས་ སུ་བསྔོའོ། །ཤིན་ཏུ་བདེ་ཞིང་དགའ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ སྙུན་མྱི་མངའ་བ་ལྟ་བུར་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ནད་ཀྱི་ཟུག་རྔུ་ཐམས་ཅད་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ ཀྱི་ལུས་ཉམས་པ་མྱེད་ཅིང་བརྟན་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རྡོ་རྗེའི་རི་ཁོར་ཡུག་ལྟ་བུར་གཞོམ་དུ་མྱི་ཆོམས་པ་དང་སྟོབས་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་སྟོབས་ཐམས་ཅད་ཀྱིས་བརྟན་ཅིང་བསམ་པ་ཤིན་ཏུ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ 73-1-186b ཀྱི་བདེ་བའི་རྣམ་པ་ཟིལ་ཀྱིས་མྱི་ནོན་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཀྱིས་བརྟན་ པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣོད་སྣ་ཚོགས་དང་། བྲེ་དང་ལྔ་བྲེ་སྦྱིན་པ་བྱེད་པ་འདི་ལྟ་སྟེ། གསེར་གྱི་སྣོད་དང་། གསེར་ གྱི་བྲེ་དང་ལྔ་བྲེ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་དངུལ་གྱི་སྣོད་དང་། དངུལ་གྱི་བྲེ་དང་། ལྔ་བྲེ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་བཻ་ཌཱུརྱའི་སྣོད་དང་། བཻ་ཌཱུརྱའི་བྲེ་དང་ལྔ་བྲེ་རིན་པོ་ཆེ་རྣམ་པ་ཐ་དད་པས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཤེལ་གྱི་སྣོད་དང་། ཤེལ་གྱི་བྲེ་དང་། ལྔ་བྲེ་རིན་པོ་ཆེའི་རྒྱན་རྣམ་པ་ཐ་དད་པས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་མུ་ས་ར་གལ་པའི་སྣོད་དང་། མུ་ས་ལ་གལ་པའི་བྲེ་དང་། ལྔ་བྲེ་མུ་ཏིག་དམར་པོས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཨ་སྨ་ར་གར་བའི་སྣོད་དང་། ཨ་སྨ་ར་གར་བའི་བྲེ་དང་། ལྔ་བྲེ་ རིན་པོ་ཆེའི་བྱི་རུ་དང་། ནོར་བུ་རིན་པོ་ཆེའི་འོད་ཟེར་སྣང་བས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་རིན་པོ་ཆེ་ཤིང་ས་ལའི་སྣོད་དང་། རིན་པོ་ཆེ་ཤིང་ས་ལའི་བྲེ་དང་། ལྔ་བྲེ་ཁ་ཟས་ཞིམ་པོ་རོ་ མཆོག་སྣ་ཚོགས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཙན་དན་གྱི་སྣོད་དང་། ཙན་དན་གྱི་བྲེ་དང་། ལྔ་བྲེ་ལྷ་རྫས་ལྟ་བུའི་གོས་ཕྲུགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་རྡོ་རྗེའི་སྣོད་ དང་། རྡོ་རྗེའི་བྲེ་དང་། ལྔ་བྲེ་སྤོས་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་སྣོད་སྣ་ཚོགས་དངོས་པོའི་རྣམ་པ་ཐ་དད་པའི་ཚོགས་ཀྱིས་བཀང་བ་དང་། 73-1-187a བྲེ་དང་ལྔ་བྲེ་དུ་མ་སྣ་ཚོགས་བསྩགས་པར་བྱ་བ་ཚད་མྱེད་པ་ནོར་གྱི་དབྱིག་དང་། དངུལ་དང་གསེར་ཕྱེས་ཡོངས་སུ་བཀང་བ་དེ་དག་ཡོན་ཏན་གྱི་གནས་བསམ་གྱིས་མྱི་ཁྱབ་པར་མོས་པའི་སེམས་ དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་རྣམ་ལ་འབུལ་ལམ། དགེ་བའི་བཤེས་གཉེན་ཏུ་དཀོན་པར་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའ་དཀོན་མཆོག་ཐམས་ཅད་ལ་འབུལ་ལམ། སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་བསྟན་པའི་ཕྱིར་འཕགས་པའི་དགེ་འདུན་ལ་འབུལ་ལམ། འཕགས་པའི་སྐྱེ་བོ་ལ་ཤིན་ཏུ་མོས་པའི་སེམས་ཀྱིས་གང་ཟག་གི་རྣམ་པ་དེ་ཉན་ཐོས་དང་། རང་སངས་རྒྱས་ལ་འབུལ་ ལམ། བླ་མ་བསྙེན་བཀུར་ཞིང་བཤེས་གཉེན་ལ་རིམ་གྲོ་བྱ་བའི་སེམས་ཀྱིས་ཕ་དང་མ་དག་ལ་སྦྱིན་པར་བྱེད་དམ་དེ་དང་དེ་དག་ཏུ་ཡོན་ཏན་གྱི་ཚོགས་བསགས་པ་དང་། གདམས་ངག་དང་། བསླབ་པ་དང་། འཕགས་པའི་བསྟན་པ་ལ་གནས་པར་བརྩོན་པས་སློབ་དཔོན་དང་། བླ་མ་དང་སྦྱིན་པའི་གནས་ལ་འབུལ་ལམ། སེམས་ཅན་ཐམས་ཅད་ལ་ཞེ་མྱི་སྡང་བའི་མྱིག་གིས་བྱམས་ པ་ཡོངས་སུ་བསྒོམས་ཤིང་གཏོང་བའི་སེམས་ཀྱིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་ངེས་ པར་ཞུགས་པའི་སེམས་ཀྱིས་སྦྱིན་པ་ཐམས་ཅད་རྩོམ་ཞིང་ཚོགས་ཆེན་པོ་གྲངས་མྱེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་མྱི་གཏང་ཞིང་མྱི་སྤང་བའི་སེམས་ལ་ཤིན་ཏུ་གནས་ཏེ། སྦྱིན་པའི་དངོས་པོ་ ཐམས་ཅད་ལ་མངོན་པར་མ་ཆགས་པ་དང་། ཡོན་ཏན་གྱི་གནས་ཐམས་ཅད་རབ་ཏུ་བཟུང་བའི་སེམས་ལ་གནས་པས་བཀྲེས་པ་དང་། ཕོངས་པའི་སློང་བ་རྣམས་ལ་སྣོད་སྣ་ཚོགས་དང་བྲེ་དང་ལྔ་ 73-1-187b བྲེ་ཡོ་བྱད་ཀྱི་ཚོགས་ཐ་དད་པས་ཡོངས་སུ་བཀང་བ་སྦྱིན་པ་དང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་དྲན་པའི་དབང་ པོ་ནམ་མཁའི་དབྱིངས་ལྟར་ཡངས་པ་དང་ལྡན་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྐད་ཐམས་ཅད་གཟུང་བ་དང་། བླང་བ་དང་། ཡིད་ལ་བྱ་བའི་དྲན་པ་རྨོངས་པ་མྱེད་ཅིང་། སྣོད་ཚད་མྱེད་པའི་སྙིང་པོ་ཅན་དུ་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཟབ་མོ་རྒྱུན་འཆད་པ་མྱེད་པའི་སྙིང་པོ་ཅན་དུ་གྱུར་ཏེ། སྣོད་བཟང་པོ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་འོངས་པ་ དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཐམས་ཅད་ཆོས་ཡང་དག་པར་འཛིན་པའི་ཆོས་ཅན་དུ་གྱུར་ཏེ། བླ་ན་མྱེད་པའི་སྣོད་རིན་པོ་ཆེ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་ བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་དབྱེར་མྱེད་པ་ལ་མོས་པས་ཡང་དག་པར་གཟུང་ཞིང་སངས་རྒྱས་ཀྱི་ཆོས་ཡངས་པའི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྒྱ་ ཆེ་ཞིང་མཐུ་ཆེ་བ་ལ་ཡང་དག་པར་གཞོལ་བས་རིན་པོ་ཆེའི་སྣོད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཤིན་ཏུ་བརྒྱན་པ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དང་ དབུས་མྱེད་ཚད་མེད་པ་ལ་མོས་པ་རྣམ་པར་དག་ཅིང་ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འབྱུང་གནས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབ་པ་མྱེད་པས་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཀྱི་མཐའ་གཏུགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁོངས་སུ་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་ཐམས་ཅད་མཁྱེན་པའི་ 73-1-188a སྟོབས་ལ་རབ་ཏུ་གཞག་པའི་ཕྱིར་ཕྱི་མའི་མཐའ་སྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡན་ལག་གིས་ཆོས་བསྟན་པ་ཡང་དག་ པར་འཛིན་པའི་སེམས་དང་ལྡན་པར་གྱུར་ཅིག །ཡོན་ཏན་གྱི་མཆོག་ཐམས་ཅད་དང་དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་ཀྱི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ ཀྱི་འཁོར་ལོ་བསྐོར་བ་ལ་གསོལ་བ་འདེབས་པ་དང་ཆོས་ཡོངས་སུ་འདྲི་བ་ལ་སྨྲ་བའི་སྔོན་དུ་འགྲོ་བའི་སྐྱེས་བུར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་ ནམ་མཁའི་མཐས་གཏུགས་པ་གང་བར་བྱེད་པ་ཤོང་བའི་སྣོད་དུ་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཇི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པའི་སྣོད་དུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིང་རྟ་སྣ་ཚོགས་དང་། ཤིང་རྟ་དུ་མ་དང་། རིན་པོ་ཆེ་ སྣ་ཚོགས་ཀྱི་ཤིང་རྟ་ཚད་མྱེད་པ་དག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཅིག་ནས་གཅིག་དུ་བརྒྱུད་པ་དང་། བླ་མ་དང་སྟོན་པ་དང་། དགེ་བའི་བཤེས་གཉེན་དང་། དགེ་འདུན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སྦྱིན་པའི་གནས་སྣ་ཚོགས་སློང་ཞིང་ལེན་པ་དང་། ཕྱོགས་གཞན་ནས་འོངས་པའི་གང་ཟག་སྣ་ཚོགས་དང་འཕོངས་པ་དང་བཀྲེས་པ་སློང་བ་དཔག་ཏུ་མྱེད་པ་དང་། བྱང་ཆུབ་ སེམས་དཔའི་སྒྲ་ཐོས་ཏེ་འོངས་པ་དང་། བྱང་ཆུབ་སེམས་དཔའ་ཡིད་ཆེས་པས་སྐབས་ཕྱེ་སྟེ་འོངས་པ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་དང་སྦྱིན་པའི་སྒྲ་ཐོས་ཏེ་འོངས་པ་དང་། 73-1-188b བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སེམས་ཀྱིས་བོས་ཤིང་བསྟབས་པ་དེ་དག་ལས་སྦྱིན་ཞིང་གཏོང་བ་འདི་ལྟ་སྟེ། ནོར་བུའི་ཤིང་རྟ་ལ་རྒྱན་གྱིས་ཤིན་ཏུ་མཛེས་པར་བྱས་པ་སྦྱིན་པའམ། གསེར་གྱི་ ཤིང་རྟ་ལ་དྲིལ་བུའི་དྲ་བ་རབ་ཏུ་འཁོར་བའི་རྒྱན་རིན་པོ་ཆེའི་སྲད་བུའི་ལྡ་ལྡི་བཀྱེ་བ་སྦྱིན་པ་འམ། བཻ་ཌཱུརྱའི་ཤིང་རྟ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་སྤྲས་པ་སྦྱིན་པ་ འམ། དངུལ་གྱི་ཤིང་རྟ་ལ་ཤིན་ཏུ་དག་པའི་གསེར་རབ་ཏུ་བཟང་པོ་སྦྱིན་པས་གཡོགས་ཤིང་རྟ་ཅང་ཤེས་ལ་བཅས་པ་རིན་པོ་ཆེའི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བརྒྱན་ཅིང་ཀླུབས་ཤིང་སྦྱིན་པའམ་ གསེར་གྱི་ཤིང་རྟ་ལ་རིན་པོ་ཆེའི་དྲ་བ་དང་བརྒྱན་ཐམས་ཅད་ཕུན་སུམ་ཚོགས་པས་བརྒྱན་ཅིང་གླང་པོ་ཅང་ཤེས་པ་དང་བཅས་པ་སྦྱིན་པའམ། ཙན་དན་གྱི་ཤིང་རྟ་རིན་པོ་ཆེའི་དམ་པ་སྣ་ཚོགས་གྱིས་ཤིན་ཏུ་ སྤྲས་ཏེ་རིན་པོ་ཆེའི་སེང་གེའི་ཁྲིས་བརྒྱན་པ། ན་ཅུང་བརྒྱ་ཕྲག་སྟོང་ཞོན་པ། བརྒྱན་ཐམས་ཅད་དང་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་གདུགས་ཕུན་སུམ་ཚོགས་པ་སྐྱེས་བུ་ཅང་ཤེས་བརྒྱ་སྟོང་དུ་ མས་དྲང་བ་སྦྱིན་པའམ། ཤེལ་གྱི་ཤིང་རྟ་ལ་རིན་པོ་ཆེ་དུ་མས་ཁ་དོག་རྣམ་པར་འབྱེས་པས་ཤིན་ཏུ་མཛེས་པར་བྱས་ཤིང་། ན་ཅུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པས་ཡོངས་སུ་གང་བ་རིན་ པོ་ཆེའི་བླ་རེས་གཡོགས་པར་བྲེས་པ། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ཕྱོགས་བཞི་ནས་བརྒྱན་པ་སྦྱིན་པའམ། ཨ་སྨ་གར་བྷའི་ཤིང་རྟ་ལ་རིན་པོ་ཆེ་སྣ་ཚོགས་དུ་མས་ཤིན་ཏུ་མཛེས་ པར་བྱས་ཏེ། སྤོས་སྣ་ཚོགས་དྲི་ཞིམ་པོས་བདུགས་པ། སྤོས་གྱི་དམ་པ་ཐམས་ཅད་བྱུག་པས་རབ་ཏུ་བྱུག་པ་རབ་ཏུ་བྱུང་བ་མེ་ཏོག་གི་རྒྱན་ཐམས་ཅད་ཀྱིས་ཆལ་པར་བཀང་བ། བུ་མོ་བརྒྱ་ 73-1-189a ཕྲག་སྟོང་གིས་རིན་པོ་ཆེའི་སྲས་བུ་ཐོགས་ཏེ། འཁྲུལ་བ་མྱེད་པར་དྲང་བ་སྦྱིན་པའམ། དྲི་ཞིམ་པོ་སྣ་ཚོགས་ཀྱི་ཤིང་རྟ་ལ་རས་དང་གོས་སྣ་ཚོགས་ཀྱི་བླ་རེ་བྲེས་པ་རིན་པོ་ཆེའི་དྲ་བས་ གཡོགས་པར་ཁེབས་པ། སྤོས་ཞིམ་པོ་ཡིད་དུ་འོང་བ་རྣམ་པར་དག་པ། མྱི་འཐུན་པ་མྱེད་པ་ཚོར་ན་དགའ་བ་ཤིན་ཏུ་འཐུལ་བ་མཚམས་ཀྱི་ལྷའི་དྲ་བ་རབ་ཏུ་འཁོར་ལོ་རིན་པོ་ཆེ་ཐམས་ཅད་ཀྱིས་ཤིན་ ཏུ་བརྒྱན་ཅིང་མཛེས་པར་བྱས་པ་སྦྱིན་པའམ། རིན་པོ་ཆེ་ཐམས་ཅད་ཚོགས་པའི་འོད་འབྱུང་བའི་ཤིང་རྟ་ལ་ཁ་དོག་རྣམ་པ་སྣ་ཚོགས་སུ་སྣང་བའི་རིན་པོ་ཆེ་རྣམ་པ་དུ་མའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་སྣ་ ཚོགས་ཀྱི་དྲ་བའི་བླ་རེ་བྲེས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་མཐའ་ཡས་པ་ཀུན་ནས་སྦྱངས་པ། བུ་དང་བུ་མོ་བསྐྱོན་པ་སྤོས་སྣ་ཚོགས་ཀྱི་ཕྱེ་མས་མཐའ་འཁོར་ཤིན་ཏུ་སྦྱངས་པ་སྦྱིན་པ་བྱེད་པ་ན་དེ་ དག་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཡོན་ཚད་མྱེད་པ་འབུལ་བར་དད་ ཅིང་སྦྱིན་པའི་གནས་ཀྱི་དམ་པ་ལ་ཤིན་ཏུ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་མཐའ་ཡས་པ་རྣམ་པར་དག་པས་སངས་རྒྱས་ལ་རབ་ཏུ་རྟེན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་གཏོང་བ་རྒྱ་ཆེན་པོ་ཡོངས་སུ་གྲུབ་པས་སངས་རྒྱས་ཐམས་ཅད་ལ་ཡོངས་སུ་གཏོང་བར་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མྱེད་པ་རབ་ ཏུ་ཐོབ་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ལམ་དང་བྲལ་ཏེ། སངས་རྒྱས་ལ་བསྐྱེད་པའི་ཡོན་ཏན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐའ་ 73-1-189b ཡས་པའི་ཡེ་ཤེས་ལ་ཤིན་ཏུ་མོས་ཤིང་སངས་རྒྱས་ལ་ཡོན་གསོལ་བ་ཟད་མྱི་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་རྒྱལ་པོས་རྣམ་པར་དག་ཅིང་ཡེ་ཤེས་ཀྱི་མཆོག་ ལ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་དུ་འགྲོ་བ་སྟེ། གང་དུ་དགའ་བར་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་མཐའ་ཡས་པའི་འབྱུང་ བ་ལ་རབ་ཏུ་འཁོད་པའི་འགྲུབ་པའི་ཕྱིར་ཡེ་ཤེས་ཆེན་པོ་ལ་རབ་ཏུ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞིང་རྣམ་ལས་པར་སྐྱེ་བའི་ཆོས་ཅན་དུ་གྱུར་ཏེ་བསོད་ནམས་ཀྱི་ ཞིང་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་སངས་རྒྱས་ཐམས་ཅད་ལ་དམྱིགས་པའི་སེམས་སུ་གྱུར་ཅིག །སེམས་ཅན་ ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ངལ་བ་མྱེད་པར་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལྷུན་གྱིས་གྲུབ་པར་འགྲུབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་སྐྱེ་བ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་ ལུས་ལ་རབ་ཏུ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནས་དཔེ་མྱེད་པའི་ལུས་རབ་ཏུ་ཐོབ་པས་ངལ་ཞིང་དུབ་པ་མྱེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ཡིད་ཀྱིས་འགྲོ་བ་དང་ལྡན་ཞིང་ལུས་གྱི་མགྱོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཀྱི་སྐད་ཅིག་གིས་ 73-1-190a བསམ་པ་དང་། ཁམས་ཁྱབ་པར་བྱེད་པས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་སྟོན་པའི་སྣང་བ་དང་ལྡན་ཞིང་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་ དང་། ཁྱུ་མཆོག་གི་མཐུ་འབྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་འགྲོ་བ་ལ་བདེ་བར་འགྲོ་བས་རབ་ ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཡེ་ཤེས་ཐམས་ཅད་མ་ལུས་པའི་མཐར་ཐུག་པའི་འགྲོ་བ་ཐོབ་པས་ཤིན་ཏུ་མྱུར་དུ་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ ཅད་ཆོས་ཀྱི་དབྱིངས་ཐམས་ཅད་ཐ་མྱི་དད་པར་འཇུག་པ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱིར་མྱི་ལྡོག་ པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཚུལ་ཤེས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོང་དུ་ཆུད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་འདོང་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཆོས་ཉིད་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཆོས་ཇི་ལྟ་བ་བཞིན་དུ་མཐོང་བས་དྲན་པ་མྱེད་པའི་ཡེ་ཤེས་ཀྱི་ཚུལ་ཐོབ་པར་གྱུར་ཅིག །ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་མངོན་དུ་གྱུར་པའམ། དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཐེག་པ་སྒྲིབ་པ་མྱེད་པར་འབྱུང་བའི་མཐར་ཕྱིན་པར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་ 73-1-190b གཉེན་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱམས་པའི་དྲིན་མྱི་གཏོང་བའི་ཕྱིར། དགེ་བའི་བཤེས་གཉེན་མྱི་གཏོང་བའི་སེམས་སྟོར་བ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐལ་པ་མཉམ་པའི་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་ཕྱིར་དགེ་བའི་བཤེས་གཉེན་དང་ དོན་འཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཏོང་བ་དང་ཡོངས་སུ་གཏོང་བ་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་ལ་ཕན་འདོགས་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བླ་མའི་རིམ་ གྲོས་ཆེར་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དང་ཉེ་བར་བྱས་ཏེ། སྤྱོད་པ་བསྒྲུབ་པའི་ཕྱིར་བསམ་པ་དགེ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་དགེ་བའི་བཤེས་གཉེན་དང་འཐུམ་པའི་བསྙེན་བསྐུར་ལ་ནན་ཏན་བྱེད་པས། དགེ་བའི་བཤེས་གཉེན་མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་འཁྲུལ་ པ་མྱེད་ཅིང་ཉམས་པ་མྱེད་པ་དང་། འདྲེས་པ་མྱེད་ཅིང་རྙོག་པ་མྱེད་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་གྲོལ་བའི་བསམ་པ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོ་བྱད་ཅི་འདོད་པ་རབ་ཏུ་ བསྒྲུབ་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་ལུས་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱམས་པ་དང་ལྡན་ཞིང་ཁོན་མྱེད་པར་རིམ་གྲོ་བྱེད་པའི་ཕྱིར་དགེ་བའི་བཤེས་གཉེན་ གྱིས་ཡོངས་སུ་བཟུང་ཞིང་རབ་ཏུ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀུན་དུ་འཐུན་པ་ཡང་དག་པར་ཉན་པའི་ཕྱིར་དགེ་བའི་བཤེས་གཉེན་དང་འཐུན་པར་གྱུར་ 73-1-191a ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་གཅིག་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་བྱུང་བ་དང་། སྟོབས་ཀྱི་མཐར་གཏུགས་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་དགེ་བའི་རྩ་བ་དང་ ལས་ཀྱི་རྣམ་པར་སྨྱིན་པ་ཡོངས་སུ་དག་པ་དང་འཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པའི་ཡེ་ཤེས་མངོན་པར་ཤེས་པས་ཤེས་རབ་བཟང་ པོས་ཆོས་ཀྱི་བརྩོན་འགྲུས་ལ་ཤིན་ཏུ་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་བཟུང་བའི་ཕ་རོལ་ཏུ་ཕྱིན་པའི་མཐས་གཏུགས་པར་ཁོང་དུ་ཆུད་པས་རིགས་པའི་ཕ་རོལ་ཏུ་ ཕྱིན་པར་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐོགས་པ་མྱེད་པའི་ཐེག་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་གཏུགས་ཏེ་ཐེག་པ་ཆེན་པོས་མངོན་པར་སྤྱོད་ཅིང་ཡང་དག་པར་གནས་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བའི་ཕྱོགས་ལས་ཕྱིར་མྱི་ལྡོག་པའི་ཡིད་དང་ལྡན་ཞིང་འགྲོ་བ་ཐམས་ཅད་ཤེས་པའི་ཡེ་ཤེས་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ ཆོས་ལ་ཇི་ལྟར་ཐོས་པ་བཞིན་དུ་རྨོངས་པ་མྱེད་པས་ཆོས་ཐམས་ཅད་ལ་རབ་ཏུ་གཞོལ་ཞིང་ཇི་ལྟ་བ་བཞིན་དུ་རྟོགས་པའི་མངོན་པར་ཤེས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ སྒྲིབ་པ་མྱེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལས་འབྱུང་བའི་མཐར་ཐུག་སྟེ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཡིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ ཉམས་པ་མྱེད་པའི་རྫུ་འཕྲུལ་གྱི་རྐང་པ་དཔེ་མྱེད་པར་རབ་ཏུ་ཐོབ་པས་མགྱོགས་པ་དམ་པའི་ཕ་རོལ་ཏུ་ཕྱིན་པས་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་ 73-1-191b པར་བྱ་བ་དང་། ཐེག་པ་ཆེན་པོས་འདུལ་བ་ལ་རབ་ཏུ་ཞུགས་པས་འགྲོ་ཞིང་འོང་བ་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཤིང་རྟས་འགྲོ་བའི་མཐར་ཐུག་པས་གཏི་མུག་ མྱེད་པར་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྒྲིབ་པ་མྱེད་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་འགྲོ་བའི་ཚུལ་ཤེས་ཤིང་ཆགས་པ་མྱེད་པའི་ཤིང་རྟ་བཞོན་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་ལ་ཤིང་རྟ་འབུལ་བ་དང་ཡོངས་སུ་གཏོང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཚུལ་གྱི་རྒྱུད་གཅིག་དུ་གྱུར་པས་བསྙེན་ཅིང་བཀུར་བའི་ཡོངས་སུ་བསྒྲུབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྦྱིན་པ་ཐམས་ཅད་ལ་ཤིན་ཏུ་བསླབས་པའི་སེམས་དང་ལྡན་པ་ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པའི་བསམ་པ་ཅན། ཡོན་ཏན་གྱིས་རྣམ་པར་དག་པའི་ཡིད་དང་ལྡན་པ། འཐུན་པར་ཡོངས་སུ་གཏོང་བའི་བསམ་པ་ཅན། དགེ་འདུན་རིན་པོ་ཆེ་ཤིན་ཏུ་དཀོན་པའི་སེམས་དང་ལྡན་པ། ཚོགས་རིན་པོ་ཆེ་ལ་ཤིན་ཏུ་མོས་པའི་བསམ་པ་ཅན། བསྟན་པ་རབ་ཏུ་བཟུང་ བའི་ཡིད་དང་ལྡན་པ། ལྷག་པའི་བསམ་པ་ཤིན་ཏུ་བརྟན་པའི་བསམ་པ་ཅན། རིམ་གྲོ་བྱེད་པ་དང་ལྡན་པ། མཆོད་སྦྱིན་ཆེན་པོའི་མཆོད་སྦྱིན་ཤིན་ཏུ་བྱས་པ། བསྟན་པའི་ཡོན་ཏན་ཆེན་ པོ་བརྗོད་པ། སངས་རྒྱས་ཀྱི་བསྟན་པ་ཡོན་ཏན་ཐ་མྱི་དད་པས་འོད་གསལ་ཞིང་རྙོག་པ་མྱེད་པར་དག་པ་སྟེ། དེ་བཞིན་གཤེགས་པའི་དགེ་འདུན་དཀོན་མཆོག་ལ་ཤིང་རྟ་འབུལ་བའི་ཚེ། 73-1-192a དགེ་འདུན་དཀོན་མཆོག་ལ་ཤིང་རྟ་ཕུལ་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོའོ། །དེ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ ཀྱི་བསྟན་པ་ལ་ཡང་དག་པར་གཞོལ་བས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པའི་སྐྱེ་མཆེད་ལས་ཆོས་གཞན་མྱེད་པར་ཤིན་ཏུ་གྲུབ་པས། སེམས་ནང་དུ་གཞོལ་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་གཅིག་ནས་ཅིག་དུ། བརྒྱུད་པས་ཡང་དག་པར་བཟུང་བས་འཕགས་པར་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱི་ཤེས་པས་ཡིད་ ཆེས་པར་བྱ་བས་གྲངས་སུ་བགྲང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་མྱི་གཉིས་པའི་རང་བཞིན་ཤིས་པ་ཁོང་དུ་ཆུད་པས་ཆགས་པ་མྱེད་པའི་དབྱིངས་ལ་ཡང་དག་པར་ གཞོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་ཡང་དག་པར་བྱུང་བས་ཅང་ཤེས་ཀྱིས་ཀུན་ནས་བསྐོར་བར་གྱུར་ཅིག །སེམས་ཅན་ཐམས་ ཅད་ཉེ་བའི་ཉོན་མོངས་པའི་རྡུལ་ཐམས་ཅད་དང་བྲལ་བར་ཉོན་མོངས་པ་མྱེད་པའི་ཆོས་ལ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པའི་དགེ་འདུན་སོ་སོའི་སྐྱེ་བོ་མྱེད་པའི་སས་བླ་ན་ མེད་པའི་དགེ་འདུན་དཀོན་མཆོག་རབ་ཏུ་བརྗོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མྱེད་པར་གྱུར་པའི་ཡེ་ཤེས་ལ་ཤིན་ཏུ་བརྩོན་པའི་ཆོས་ཅན་དུ་གྱུར་ཏེ། འཕགས་པའི་ཆོས་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ཀྱིས་གོས་པ་མྱེད་པའི་སེམས་དང་ལྡན་ཞིང་ཚོགས་ཀྱི་རྒྱལ་པོ་དམ་པར་གྱུར་ཅིག །སེམས་ཅན་ཐམས་ 73-1-192b ཅད་ཡེ་ཤེས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་མཁས་པས་ལེགས་པར་བཅས་པའི་ཡེ་ཤེས་ཀྱི་བཞོན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པར་ ཤིན་ཏུ་འགྲོ་བའི་འགྲོས་ལ་མཁས་པས་སེམས་སྐད་གཅིག་གི། རྫུ་འཕྲུལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མྱེད་པའི་ཡེ་ཤེས་ དང་ལྡན་ཞིང་ནམ་མཁའ་ལྟ་བུའི་ལུས་ཀྱི་ཤིང་རྟ་གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པར་ཁྱབ་པར་ བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་ པར་གང་དུ་དགའ་བར་འགྲོ་ཞིང་རྒྱུ་བ་དང་ལྡན་པས་ལུས་ཡང་བའི་ཁྱད་པར་རྗེས་སུ་རྟོགས་པར་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ ཡང་དག་པར་སྟོན་པའི་ཕྱིར། རྫུ་འཕྲུལ་གྱི་འཁོར་མཐའ་ཡས་པ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་འཕོས་པ་མྱེད་པར་འགྲོ་བ་ཡང་དག་པར་ སྟོན་པའི་ཕྱིར། རྫུ་འཕྲུལ་ཆེན་པོའི་ཁྱུ་མཆོག་གི་མཐུ་ཕྱུང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱིག་ཡོར་ལྟ་བུའི་རྫུ་འཕྲུལ་གྱིས་འགྲོ་བར་བསྒྲུབ་པའི་ཡེ་ཤེས་ རབ་ཏུ་ཐོབ་པས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མྱི་གནས་པའི་ལུས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུས་ལ་ཇི་ལྟར་འབབ་པར་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་ 73-1-193a ཅིང་། འདུལ་བ་མྱི་གཏོང་བའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་རྫུ་འཕྲུལ་གྱིས་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡང་དག་པར་སྟོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐད་གཅིག་ ཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཆགས་པ་མྱེད་ཅིང་བསྒྲིབ་པ་མྱེད་པའི་ཚུལ་གྱིས་སེམས་སྐད་ཅིག་གིས་ཕྱོགས་ཐམས་ཅད་དུ་འགྲོ་བའི་རྫུ་འཕྲུལ་ལ་མངོན་པར་མཁས་པར་ གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་ལ་ཤིང་རྟ་འབུལ་ཞིང་ཡོངས་སུ་གཏོང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་དང་། དེ་ལྟར་སེམས་ ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་ཤིང་རྟ་ལ་གནས་པ་རྣམ་པར་དག་པར་འགྱུར་བ་དང་། ཆོས་ཀྱི་འཁོར་ལོ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་ བསྐོར་བར་གྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་གནས་ཀྱི་འདུ་ཤེས་ཉེ་བར་གཞག་པའི་སེམས་དང་ལྡན་པ། རིམ་གྲོ་ཅན་ཞེ་ས་ དང་ལྡན་པ། བདག་ཉིད་ཆེ་བའི་ཡོན་ཏན་རྒྱ་མཚོ་གངས་ཆེན་མཚོའི་ཚུལ་ལ་མཁས་པ། ཡོན་ཏན་དང་ཡེ་ཤེས་ཀྱི་འབྱུང་གནས་ཀྱི་རིགས་དང་ལྡན་པ། དེ་བཞིན་གཤེགས་པའི་ ཡོན་ཏན་ལ་རྣམ་པར་སེམས་པ། མཐུ་ཆེན་པོར་སྐྱེས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དུས་ བརྗོད་དུ་མྱེད་པ་ཐམས་ཅད་དུ་སྤྱོད་པ་རྣམ་པར་སྦྱངས་པ་ལ་རབ་ཏུ་ཞུགས་པ། བདུད་ཀྱིས་བཅིངས་པ་ཐམས་ཅད་ལས་སེམས་རབ་ཏུ་གྲོལ་བ། བདུད་དུ་མའི་སྡེ་དང་བདུད་ཐམས་ཅད་ 73-1-193b ཀྱི་ཤེས་པའི་སྟོབས་རབ་ཏུ་འཇོམས་པའི་སེམས་དང་ལྡན་པ་གཞལ་དུ་མྱེད་པའི་ཆོས་ལ་མཁས་པས། སྣང་བར་གྱུར་པ་དེ་ཉན་ཐོས་སམ། རང་སངས་རྒྱས་ལ་ནི་ཤིང་རྟ་འབུལ་བའི་ཚེ། ཤིང་རྟ་ཡོངས་སུ་གཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་སྦྱིན་པ་ཡོངས་སུ་སྨྱིན་པས་གྲུབ་པ་སྦྱིན་པའི་གནས་ ཀྱི་དམ་པར་ཡིད་ཆེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཅིག་དུ་སྤྱོད་ཅིང་མྱི་གཉིས་པར་ཡང་དག་པར་སྤྱོད་པས་འདུ་འཛི་མྱེད་པ་ལ་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ ཐམས་ཅད་བསོད་ནམས་ཀྱིས་ཡང་དག་པར་བསྡུ་བ་ལ་བརྩོན་པས་སྦྱིན་པ་རྣམ་པར་དག་པར་བྱེད་པའི་མཆོག་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་གྲངས་མྱེད་པའི་འབྲས་བུ་རབ་ཏུ་ གཏོང་བས་ཡེ་ཤེས་ཀྱི་མུ་སྟེགས་ལས་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་དཀྱིལ་འཁོར་མཆོག་གིས་རྣམ་པར་དག་པས་སྒྲིབ་པ་མྱེད་པར་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་བྱེད་པ་མྱེད་པར་ཁོང་དུ་ཆུད་པས་ཉོན་མོངས་པ་མྱེད་པའི་ཆོས་ལ་རྣམ་པར་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསོད་ནམས་ ཀྱི་ཞིང་སྦྱིན་པའི་གནས་འགྲོ་བ་ཐམས་ཅད་དགའ་བར་བྱས་པས་བསོད་ནམས་ཚད་མྱེད་པ་ཤིན་ཏུ་བསྩགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་སུ་བྱས་ཏེ། ཕན་འདོགས་ པ་རྣམ་པར་དག་པས་ཆོ་འཕྲུལ་མཐའ་ཡས་པས་རྣམ་པར་དག་པར་སྟོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཐེག་པ་མཆོག་གི་འབྲས་བུ་ཡོངས་སུ་སྟོབས་པས་སྦྱིན་པའི་ 73-1-194a གནས་ཡོན་ཏན་ཟད་མི་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་མྱི་ཟད་པས་ཐམས་ཅད་མཁྱེན་པའི་མཐར་ཐུག་པར་གྱུར་ཏེ། སྦྱིན་པའི་གནས་དོན་ ཡོད་པའི་འབྲས་བུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མ་ཐོས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཚིག་དང་ཡི་གེ་འཛིན་ཅིང་སྡིག་པའི་ཆོས་རབ་ཏུ་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ ཅད་སངས་རྒྱས་ཀྱི་སྒྲ་དོན་ཡོད་པ་ཡེ་ཤེས་ཀྱིས་རྣམ་པར་རིགས་པས་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མཉན་པ་ལ་མོས་ཤིང་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་ རྒྱས་ཐམས་ཅད་ལས་ཐོས་པ་རྗེས་སུ་བསྒྲགས་པའི་ཆོས་ཅན་དུ་གྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞགས་པ་ཐུབ་ པ་དགུ་བཅུ་རྩ་དྲུག་གི་ལྟ་བ་ལས་རྣམ་པར་འདས་ཏེ་བསྟན་པ་ལ་གནས་པའི་བྱ་བ་ལ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་མཆོག་རྣམ་པར་སྤེལ་བར་བྱེད་ཅིང་འཕགས་པ་ མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པ་མཐོང་ཞིང་འགྲོགས་པའི་བདེ་བ་དང་ལྡན་ཞིང་ཡེ་ཤེས་ཀྱིས་སྤྱོད་པའི་གང་ཟག་ལ་མོས་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་ལྟ་བ་རྗེས་སུ་ཐོས་པ་ལས་བྱུང་བས། ཐོས་པ་དོན་ཡོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྟན་པ་ལ་རབ་ཏུ་གཟུང་བ་དང་ཡོངས་སུ་བསྲུང་བ་ལ་ཞུགས་ པས་སངས་རྒྱས་ཀྱི་བསྟན་པ་ལ་ཡེ་ཤེས་ཀྱི་མཁས་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱ་བའི་སྣང་བ་རབ་ཏུ་ཐོབ་པས་ཆོས་ 73-1-194b ཐམས་ཅད་ཐོས་པ་ཤིན་ཏུ་འཛིན་པ་ལ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་མཛོད་ཀྱིས་དགའ་བར་སྤྱོད་ཅིང་གཏོང་བ་ཤིན་ཏུ་བྱེད་པ་དང་། མཆོད་སྦྱིན་ཤིན་ཏུ་བྱས་པས་ སངས་རྒྱས་ཀྱི་བསྟན་པ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ལ་ཤིང་རྟ་ འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་རྣམ་པར་དག་པ་མཆོག་དམ་པ་ཕུལ་རབ་ཏུ་འཐོབ་ཅིང་ཅི་ནས་ཀྱང་མྱི་འཇིགས་པ་དང་ཐམས་ཅད་ མཁྱེན་པའི་སྟོབས་དང་མྱི་འཇིགས་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་གནས་དང་ལེན་པ་སྣ་ཚོགས་ ཕྱོགས་གཞན་དང་གཞན་ནས་འོངས་པའི་གང་ཟག་དང་། སློང་བ་འཕོངས་པ་དང་བཀྲེན་པ་མང་པོ་ཚད་མྱེད་པ་བྱང་ཆུབ་སེམས་དཔའི་སྒྲ་ཐོས་ཏེ་འོངས་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ དང་། སེམས་བསྐྱེད་པས་མོས་ཤིང་བསྟབས་པ་ཐམས་ཅད་གཏོང་བས་ཤིན་ཏུ་རེ་བའི་ཡིད་ཅན་དེ་དག་འོངས་པ་མཐོང་ནས། སློང་བ་ལ་རིམ་གྲོ་བྱ་བས་མྱི་ངོམས་པའི་སེམས་ཀྱིས་སློང་བ་ འོངས་པ་རྣམས་ལ་བཟོད་པ་གསོལ་བའི་སེམས་བསྐྱེད་དེ། འདི་ལྟར་བདག་ཉིད་ཕྱོགས་དེར་ཁྱོད་ཀྱི་དྲུང་དུ་སོང་སྟེ་རིམ་གྲོ་བྱ་བ་ཞིག་ན། དེ་འདི་ལྟར་ཁྱོད་འདིར་ཕྱིན་ཏེ་ཤིན་ཏུ་ངལ་བར་གྱུར་ཏོ། ། ཞེས་སྤྱི་བོས་བཏུད་དེ་བཟོད་པ་གསོལ་བས་སློང་བ་ཐམས་ཅད་བཟོད་པར་བྱས་རིམ་གྲོར་བྱས། ངལ་བ་བསྲིས་ནས་ཅི་འདོད་པ་སྦྱིན་པ་དེ་དག་གིས་ཤིན་ཏུ་རིམ་གྲོར་བྱེད་དེ། འདི་ལྟར་ནོར་བུའི་ 73-1-195a ཤིང་རྟ་འཛམ་བུའི་གླིང་གི་ན་ཆུང་བཟང་མོ་རིན་པོ་ཆེས་ཡོངས་སུ་གང་བ་དང་། འདི་ལྟ་སྟེ་གསེར་གྱི་ཤིང་རྟ་ཡུལ་གྱི་ན་ཆུང་རིན་པོ་ཆེ་ཤིན་ཏུ་རྣམ་པར་དག་པས་ཡོངས་སུ་བཀང་བ་དང་ འདི་ལྟ་སྟེ་བཻ་ཌཱུརྱའི་ཤིང་རྟ་ཆུང་མའི་འཁོར་དང་གླུ་དང་རོལ་མོ་བརྡུང་ཞིང་དཀྲོལ་བ་དང་ལྡན་པས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་དངུལ་གྱི་ཤིང་རྟ་ཤིན་ཏུ་མཛེས་པ་བུད་མྱེད་གཞོན་ནུ་ལྷའི་བུ་མོ་ ལྟ་བུས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པའི་རྒྱན་གྱིས་བརྒྱན་པའི་ཤིང་རྟ་བུད་མྱེད་ཅང་ཤེས་རིན་པོ་ཆེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཚུལ་ མཁས་པས་ཡོངས་སུ་གང་བ་དང་། འདི་ལྟ་སྟེ་ཙན་དན་གྱི་ཤིང་རྟ་བྱང་ཆུབ་སེམས་དཔའ་ཞོན་པར་འོས་པ་དང་། འདི་ལྟ་སྟེ་ཤེལ་གྱི་ཤིང་རྟ་བུད་མེད་བཟང་མོ་བཞིན་བཟང་པོ་ཆ་བྱད་སྡུག་གུ་ཤིན་ ཏུ་བརྒྱན་པ་གཟུགས་མཛེས་པ་ལྟ་ན་སྡུག་ཅིང་མྱི་འཐུན་པ་མྱེད་པས། ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཨ་སྨ་གར་བའི་ཤིང་རྟ་དབང་བསྐུར་བས་ཡོངས་སུ་གང་བ་དང་། འདི་ལྟ་སྟེ་སྤོས་ དམ་པའི་ཤིང་རྟ་བུ་མོས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་རིན་པོ་ཆེའི་ཚོགས་ཐམས་ཅད་ཀྱིས་བརྒྱན་པའི་ཤིང་རྟ་ནང་གི་བཤེས་གཉེན་དབྱེར་མི་ཕྱེད་པས་ཡོངས་སུ་བཀང་བ་དང་། དེ་རྣམ་པ་ འདི་ལྟ་བུའི་ཤིང་རྟ་གྲངས་མྱེད་པ་རྣམ་པ་སྣ་ཚོགས་སློང་མོ་པ་ཐམས་ཅད་ལ་སྦྱིན་ཞིང་ཡོངས་སུ་གཏོང་བས་སློང་བ་འདོད་པར་བྱ་བའི་དངོས་པོ་རབ་ཏུ་ཐོབ་པས་ཡིད་ལ་བསམ་པ་ཤིན་ཏུ་རྫོགས་ནས་ སློང་བ་དེ་དག་ཐམས་ཅད་སྦྱིན་པ་ཐམས་ཅད་སྦྱིན་པའི་ཚུལ་གྱིས་ཡང་དག་པར་བཟུང་སྟེ། ཤིན་ཏུ་ཚིམ་པར་བྱས་ཤིང་བསམ་པ་རྫོགས་པར་བྱས་དགའ་བ་དང་མགུ་བ་དང་རངས་པ་དང་ཡིད་བདེ་བ་ 73-1-195b སྐྱེས་པར་བྱས་ཏེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དྲུང་དུ་བསམ་གྱིས་མི་ཁྱབ་ཅིང་ཐོགས་པ་མྱེད་པའི་ཤིང་རྟའི་འཁོར་ལོ་ཕྱིར་མྱི་ལྡོག་ པས་འགྲོ་བ་དང་ལྡན་ཏེ། ཐེག་པ་ཆེན་པོའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་སྤྱོད་ཅིང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ ཕྱིར་མྱི་ལྡོག་པར་ཆོས་ཀྱི་ཤིང་རྟ་ཅང་ཤེས་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པའི་རློམ་སེམས་མྱེད་ཅིང་ཐམས་ཅད་མཁྱེན་པའི་རིགས་ཀྱི་ལམ་ ལ་བརྩོན་པས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐོགས་པ་མྱེད་པའི་རྫུ་འཕྲུལ་གྱིས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ བ་ལ་བརྩོན་པས་ཀུན་ཏུ་འགྲོ་བ་དྲི་མ་མྱེད་པའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་དགའ་བས་མོས་ཤིང་ཡང་དག་པར་འགྲོ་བ་ལ་ བརྩོན་པས་ཐམས་ཅད་མཁྱེན་པའི་ཐེག་པའི་ཤིང་རྟ་རྗེས་སུ་འཐུན་པ་ལ་རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་འབྱུང་བའི་ལམ་བཅུ་དང་། བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་དགའ་བའི་ཡིད་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚུལ་དང་འབྲལ་ བའི་ཡུལ་ན་གནས་པ་དང་ལྡན་པ་དང་། སྐྱེས་བུ་དམ་པ་ལ་རྟེན་པ་ཐོས་པས། སྔོན་བྱས་པའི་བསོད་ནམས་ཤིན་ཏུ་བསྩགས་པ་དང་། ཡང་དག་པའི་སྨོན་ལམ་ལ་ཤིན་ཏུ་བརྩོན་པ་དང་། བྱང་ཆུབ་ 73-1-196a སེམས་དཔའི་ཚངས་པར་སྤྱོད་པ་རྣམ་པར་དག་པ་ཡོངས་སུ་རྫོགས་པར་ཕུན་སུམ་ཚོགས་པས་འཁོར་ལོ་བཞི་པའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པ་ལ་མ་ལུས་པའི་སྟོབས་དང་ཡེ་ཤེས་ལ་བརྩོན་པས་ཕྱོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཆོས་ཀྱི་སྣང་བ་གཏོང་བ་ལ་བསླབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་ ཤིང་རྟས་འབྱུང་བའི་ཕ་རོལ་དུ་ཕྱིན་པ་ཐོབ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱོགས་ཐམས་ཅད་དུ་ལེགས་པ་དང་བདེ་བ་ཡང་དག་པར་སྟོན་ པས་བསོད་ནམས་ཐམས་ཅད་དགེ་བའི་རྩ་བ་ཚད་མྱེད་པ་དང་། ཆོས་བསམ་གྱིས་མི་ཁྱབ་པའི་ཤིང་རྟ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇུངས་པའི་དྲི་མ་རབ་ཏུ་བྱང་ཏེ་སྦྱིན་པ་ གཏོང་བས་བྱུང་བའི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་མ་ལུས་པས་ཚུལ་ཁྲིམས་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ཡེ་ཤེས་རྣམ་པར་དག་པའི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་འཁྲུགས་པ་མྱེད་པར་གནས་པས་འགྲོ་བ་ཐམས་ཅད་ཀྱི་བསམ་པ་འཁྲུགས་ པ་མྱེད་ཅིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འབྱུང་བའི་ཤིང་རྟས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བར་སྤྱོད་པའི་གོ་ཆ་བགོས་ པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་མགྱོགས་པའི་ཤིང་རྟས་སྙིང་པོ་བྱང་ཆུབ་དུ་བྱུང་སྟེ། བསམ་གཏན་ 73-1-196b གྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཤིང་རྟ་ལ་ཤིན་ཏུ་ཞོན་ཞིང་སངས་རྒྱས་ཀྱི་ཡུལ་སྤྲུལ་པས་རྒྱས་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཡོངས་སུ་གཏོང་བ་ལ་འཇིགས་པ་མྱེད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་སྦྱིན་པ་གཏོང་བའི་ཕྱིར་ ཆོས་ཀྱི་རྒྱལ་པོའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་མཚན་ཉིད་དང་རང་བཞིན་གྱི་ཕྱོགས་ཐམས་ཅད་ལ་རབ་ཏུ་འཇུག་པ་རྨོངས་པ་མྱེད་པའི་ཕྱིར་སྨོན་ལམ་ལ་ མྱི་གནས་པའི་ཡེ་ཤེས་ཀྱི་ཤིང་རྟ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་མ་ནོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་ཞིང་ལུས་ཡང་དག་པར་བསྟན་པའི་ཕྱིར་ སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་སྐྱོ་བ་མྱེད་པར་ཡོངས་སུ་རྫོགས་པར་བྱ་བ་ཡོངས་སུ་ རྫོགས་པར་བྱེད་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཤིང་རིན་པོ་ཆེའི་ཤིང་རྟ་ལ་ཞོན་པར་གྱུར་ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་གནས་དང་ལེན་པ་དང་སློང་ བ་སྣ་ཚོགས་ཤིང་རྟ་ལ་དགའ་བ་དང་། རབ་ཏུ་དགའ་བ་དང་མོས་པ་དང་སྤྲོ་བའི་ཡིད་ཀྱི་རྣམ་པར་རྟོག་པས་བྱིན་པས་ཡོངས་སུ་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཐམས་ ཅད་མཁྱེན་པའི་ཐེག་པ་ལ་བཞོན་པ་ཤིན་ཏུ་བསྒྲུབ་པས་ཡེ་ཤེས་དང་སེམས་ཀྱི་རྣམ་པ་མཐའ་ཡས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། 73-1-197a སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭོ་ལྔ་པ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཅང་ཤེས་ ཡན་ལག་བདུན་ཤིན་ཏུ་གནས་པ་ལོ་དྲུག་བཅུ་ལོན་པ་མཆེ་བ་དྲུག་དང་ལྡན་པ། ཁ་དོག་པད་མོ་ལྟ་བུ་གདོང་རྣམ་པར་དག་པ། དཀར་ཞིང་དྲི་མ་མྱེད་པ། གསེར་གྱི་རྒྱལ་མཚན་ཅན་གསེར་ཀྱི་ རྒྱན་དང་ལྡན་པ། གསེར་ཀྱི་དྲ་བས་ལུས་ཀུན་ནས་གཡོག་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བའི་རྒྱན་དུ་བཅུག་པ། གསེར་ལྟར་ལྟ་ན་མཛེས་པ་དཔག་ཚད་སྟོང་གི་ཁྱོན་དུ་ངལ་བ་མྱེད་ པར་འགྲོ་བ་སྦྱིན་ཞིང་གཏོང་བའམ། རྟ་ཅང་ཤེས་གོམ་པ་ཟོ་མདོག་བདེ་བར་འདོར་ཞིང་འདེག་པ་དང་། བྱ་ལྟར་མགྱོགས་པ་དང་ལྡན་པ། རྔོག་མ་ལྕང་ལོར་འཁྲིལ་བ། ནམ་ཙོང་དང་རྨིག་ པར་ལྡན་པ། རྨྱིག་པའི་དབྱིབས་མཐོ་ཞིང་སྐྱོན་མྱེད་པ་གསེར་གྱི་དྲིལ་བུའི་དྲ་བས་བརྒྱན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཉི་མའི་དཀྱིལ་འཁོར་དང་། ཟླ་བ་དང་ལྡན་པ་གློ་ཀུན་ནས་བརྒྱན་པ་རིན་པོ་ཆེ་སྣ་ཚོགས་ ཀྱི་གདོང་རྒྱན་གྱིས་རྣམ་པར་བརྒྱན་པ་ཞོན་ན་བདེ་བ་ལུས་ལ་བྱམས་པ་ཤིན་ཏུ་མགྱོགས་པ་ཕྱོགས་བཞིར་ཡིད་ལྟར་མགྱོགས་པའི་ཤུགས་དང་ལྡན་པ། ལྷ་རྫས་ལྟ་བུའི་ལྷབ་ལྷུབ་ཐམས་ ཅད་དང་ལྡན་པ་དེ་ལྟ་བུའི་བླ་མ་སྐྱེ་བོ་དང་། བླ་མར་བྱས་པ་དང་། དགེ་བའི་བཤེས་གཉེན་དང་། ཕ་དང་མ་དང་ཕོང་པ་དང་། བཀྲེན་པ་དང་། སློང་བ་དང་ལེན་པའི་འགྲོ་བ་ཐམས་ཅད་ལ་སྦྱིན་ཞིང་ ཡོངས་སུ་གཏོང་བ་དང་། སེམས་ཡངས་པ་སྦྱིན་པ་དང་། སེམས་ལ་ཆགས་པ་མྱེད་པར་གཏོང་བ་དང་། རྗེས་སུ་འགྱོད་པ་མྱེད་པས་ཡིད་མགུ་བར་བྱེད་པ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་ 73-1-197b རྒྱས་པའི་བསམ་པས་གཏོང་བ་ཆེན་པོ་རབ་ཏུ་གཏོང་ཞིང་། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ལ་རབ་ཏུ་བརྩོན་པ་དང་། བྱང་ཆུབ་སེམས་དཔའི་རིགས་སུ་མངོན་པར་སྐྱེས་པའི་བསམ་པ་ ཡོངས་སུ་སྦྱོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་བརྒྱན་གྱིས་བྱུང་སྟེ། ཅང་ཤེས་ཀྱི་ཐེག་པ་ལ་ རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཆོས་ཀྱི་ཐེག་པས་བྱུང་སྟེ། ཐེག་པ་བཟང་པོའི་བཞོན་པ་ལ་མངོན་པར་ཞོན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་སྒྲིབ་པ་མྱེད་པའི་ཡེ་ཤེས་ཀྱི་ཐེག་པས་སྣང་བར་གྱུར་ཅིག །ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་སྨོན་ལམ་ཐམས་ཅད་སྒྲོལ་བ་ལ་རབ་ཏུ་ཞུགས་པས་བརྩམ་པ་ཆེན་པོའི་ཐེག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཉམ་པར་བསྒྲུབ་པ་ཡོངས་སུ་ རྫོགས་པར་བྱ་བ་རབ་ཏུ་འཐོབ་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མཉམ་པ་ཉིད་ཀྱིས་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་རིན་པོ་ཆེས་སངས་རྒྱས་ཐམས་ཅད་ ཀྱི་ཆོས་ལ་ཤིན་ཏུ་འབྱུང་བའི་ཆོས་ཅན་དུ་གྱུར་ཏེ། ཐེག་པ་རིན་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་མེ་ ཏོག་རྒྱས་པའི་སེམས་དང་རྒྱུད་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱན་རྣམ་པར་བསགས་པའི་ཐེག་པས་ཤིན་ཏུ་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐའ་ཡས་ 73-1-198a པའི་ཐེག་པ་མྱུར་བ་ལ་མངོན་པར་བརྩོན་པའི་ཡེ་ཤེས་ཀྱི་ཆོས་ཅན་དུ་གྱུར་ཏེ། བསྐལ་པ་གྲངས་མྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་བསམ་པ་རྗེས་སུ་སེམས་ཤིང་རྣམ་ པར་སྦྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་བསྒྲུབ་པ་ལ་མཁས་པས་ལོངས་སྤྱོད་ཀྱི་མཆོག་ཐམས་ཅད་དང་ཅང་ཤེས་ཀྱི་ཐེག་པ་ཆེན་པོའི་སྦྱིན་ པ་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་མཐར་གཏུགས་པར་མངོན་པར་གཟུང་བར་བྱ་བའི་ཕྱིར་ཐེག་པ་ཤིན་ཏུ་གཟུང་བར་བྱ་བའི་ཕྱིར་ཐེག་ པ་ཤིན་ཏུ་མཐོ་བར་གནས་ཤིང་རབ་ཏུ་བརྟན་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཅང་ཤེས་དང་རྟ་ཅང་ཤེས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ གྲངས་མྱེད་པའི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཆགས་པ་མྱེད་པའི་ཐེག་པ་ལ་མངོན་པར་བསྐྱོན་ཞིང་ཡེ་ཤེས་ཀྱི་གཞོན་པ། ཡོངས་སུ་གྲུབ་པ་དང་ དེ་བཞིན་གཤེགས་པའི་ཐེག་པ་སྒྲིབ་པ་མེད་པས་འབྱུང་བའི་མཐར་ཐུག་པར་ཡོངས་སུ་བསྔོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ ཆོས་ཀྱི་དབང་བྱེད་པ། བསྟན་གྱི་སྦྱིན་པ་བྱེད་ཅིང་རྒྱལ་པོར་ཞུགས་པའི་ཁྲི་སྟན་བཟང་པོ་བཻ་ཌཱུརྱའི་རྐང་པ་ཅན་སེང་གེའི་ཁྲི་ལ་གནས་པ། གསེར་ཀྱི་རྒྱུད་དང་རིན་པོ་ཆེའི་དྲ་བས་བླས་པ། སྟན་རེག་ན་བདེ་བ་གྲངས་མྱེད་པ་དུ་མ་བཏིང་བ། ཉེ་ཀོར་སྤོས་ཀྱི་དམ་པ་ཐམས་ཅད་ཀྱིས་ཤིན་ཏུ་དྲི་ཞིམ་པར་བྱས་པ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་བསྒྲེང་བ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་ 73-1-198b བརྒྱ་སྟོང་དུ་མའི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲ་བའི་བླ་རེ་བྲས་པ། གསེར་གྱི་དྲིལ་བུའི་དྲ་བ་ཁྲོལ་བའི་སྒྲ་ཡིད་དུ་འོང་བའི་དབྱངས་འབྱུང་བ། རིན་པོ་ཆེའི་འབྲུ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་ཏེ་རྣམ་པར་ཕྱེ་བས་ཤིན་ཏུ་འཕགས་ཤིང་བལྟ་ན་མཛེས་པ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པས་ཀུན་ནས་བལྟ་བ། གདུགས་གབ་ གཅིག་གིས་ས་ཆེན་པོ་ཐམས་ཅད་སྐྱོང་བར་དབང་བསྒྱུར་བ། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བའི་སྟན་དུ་བྱ་བ་དེ་ལ་འདུག་ཅིང་འཁོར་ལོ་ཐོགས་པ་མེད་པས་བསྐྱང་བ་དང་། ཅི་བྱ་བ་ལ་ རྒྱལ་པོའི་བཀའ་ཐམས་ཅད་ཉམས་པ་མེད་པར་ཉན་པ། དཔལ་རྣམ་པར་སྣང་བ་དང་། ཨིན་དྲ་ནཱི་ལ་དང་། ནོར་བུ་རིན་པོ་ཆེའི་སྙིང་པོས་སྤྲས་པ། ཉི་མ་དང་ཟླ་བ་དང་སྐར་མ་ཆེ་ཕྲ་ལྟ་བུར་རབ་ ཏུ་བརྒྱན་པ། རྒྱན་རྣམ་པ་སྣ་ཚོགས་རྨད་དུ་བྱུང་བས་བརྒྱན་པ་རིན་པོ་ཆེ་ཁྱད་པར་དུ་འཕགས་པ་རྒྱ་མཚོས་སྤྲས་པ། རྒྱ་མཚོ་དང་། རྒྱལ་མཚན་དང་། བཀྲ་ཤིས་དང་། བུམ་པ་སྣ་ཚོགས་ཡོངས་ སུ་གང་བ་དང་། དགའ་བ་འཁྱིལ་པའི་རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། འཛམ་བུའི་ཆུ་ཀླུང་གི་གསེར་གྱི་གྱིམ་བག་དྲི་མ་མྱེད་ཅིང་རྡུལ་དང་བྲལ་བས་བཀང་པ་དེ་ལ་འཛམ་བུའི་གླིང་ཐམས་ཅད་ཀྱི་བདག་ པོ་སྤྱི་བོ་ནས་དབང་བསྐུར་བས་མངོན་པར་དབང་བསྐུར་བའི་བསོད་ནམས་ཀྱི་སྟོབས་དང་ལྡན་པ། བྱམས་པས་དབང་བསྒྱུར་བ། ཕ་རོལ་གྱི་འཁོར་བཅོམ་པ་དང་ལྡན་པ་བཀའ་ལ་ཟློག་པ་མེད་པ་ འདུག་ན་དགའ་བ་དེ་ལྟ་བུའི་སྟན་གྱི་རྣམ་པ་དེ་འདྲ་བ་སྦྱིན་ཞིང་ཡོངས་སུ་གཏོང་བ་དང་། དེ་དག་གི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ལ་ཁྲི་བསྟན་བཟང་པོའི་རྣམས་པ་དེ་ལྟ་ 73-1-199a བུའི་སྦྱིན་པ་བྱེད་ཅིང་ཡོངས་སུ་གཏོང་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཀྱི་དམ་པ་ལ་གསོལ་བའམ། སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་ནམ། འཕགས་ པའི་དགེ་འདུན་དཀོན་མཆོག་གམ། ཆོས་སྨྲ་བའམ། ཆོས་ལ་དགའ་བའི་ཕྱིར་ཡོངས་སུ་གཡོག་པའི་སེམས་ཀྱིས་སམ། ཕ་དང་མ་དང་བླ་མའི་སྐྱེ་བོའམ། ཉན་ཐོས་དང་རང་རྒྱལ་བའི་སྦྱིན་པའི་ གནས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཐམས་ཅད་དམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་རྟེན་མཆོད་པའི་ཕྱིར་རམ། འཕོངས་པ་འམ། བཀྲེས་ པ་སློང་བ་དཔག་ཏུ་མྱེད་པ་དག་གམ། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ཡང་རུང་སྟེ། སྦྱིན་ཞིང་ཡོངས་སུ་གཏོང་བ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་འཚང་རྒྱ་བའི་ཡེ་ཤེས་དང་ལྡན་ཞིང་ཤིན་ཏུ་བྱང་ཆུབ་པའི་སྟན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་བདུད་ཀྱི་དཀྲུགས་མ་དང་དཔུང་རབ་ཏུ་གཞོམ་པའི་ཕྱིར། ཆོས་ཀྱིས་དབང་ཕྱུག་ཐམས་ཅད་ཀྱི་རྡོ་རྗེའི་རི་རྣམ་པ་ཐམས་ཅད་དུ་ཐུབ་པ་མྱེད་པའི་ལུས་དང་ལྡན་ཞིང་འགྲོ་བ་ཐམས་ཅད་ དབང་བའི་སྟན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་བལྟ་བར་འོས་ཤིང་སངས་རྒྱས་རྣམ་པར་རོལ་པའི་སེང་གེའི་གདན་རབ་ཏུ་འཐོབ་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་ཆོས་ཀྱི་དབང་ཕྱུག་གིས་སྐྱོང་བའི་ཕྱིར་སྟན་གྱི་རྒྱན་དང་འཁོར་རྣམ་པར་དག་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ 73-1-199b ཐམས་ཅད་དགེ་བའི་རྩ་བ་ཚོགས་ཆེན་པོ་རྣམ་པར་དག་པ། ཁམས་གསུམ་པས་ཟིལ་གྱིས་མྱི་ནོན་པའི་སྟན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྐལ་པ་གྲངས་མྱེད་ པར་སངས་རྒྱས་ཀྱི་གདན་གྱི་ཡོན་ཏན་བསྔགས་པ་མཐར་ཐུག་པ་མྱེད་པ་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་སྟན་གྱིས་རྒྱས་པར་བྱེད་པའི་བྱིན་གྱི་རླབས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་ལུས་ཀྱིས་རྒྱས་པར་བྱེད་པའི་ཕྱིར་གཏེར་ཆེན་པོའི་ཚོགས་ཀྱི་སྟན་ལ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཇི་ལྟར་དམ་བཅས་པའི་ སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་རིམ་གྲོ་བྱ་བའི་ཕྱིར། རྒྱན་གྱི་རྣམ་པ་བསམ་གྱིས་མྱི་ཁྱབ་པ་སྣ་ཚོགས་དང་ལྡན་པའི་སྟན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡང་དག་པར་སྟོན་པའི་ཕྱིར་དགེ་བའི་སྟན་ལ་རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་རྣམ་པར་འཚང་རྒྱ་ཞིང་དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་ཐམས་ཅད་དང་། ཁྱུ་མཆོག་གི་མཐུ་བྱུང་བ་ཡང་དག་པར་སྟོན་པའི་ཕྱིར། རིན་པོ་ཆེ་ཐམས་ ཅད་ཀྱི་སྟན་དང་སྤོས་ཐམས་ཅད་ཀྱི་སྟན་དང་། མེ་ཏོག་ཐམས་ཅད་ཀྱི་སྟན་དང་། གོས་ཐམས་ཅད་ཀྱི་སྟན་དང་། ཕྲེང་བ་ཐམས་ཅད་ཀྱི་སྟན་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་སྟན་དང་། བཻ་ཌཱུརྱ་སྣ་ཚོགས་བསམ་གྱིས་མི་ཁྱབ་པའི་སྟན་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་ལྟར་ཚད་མྱེད་པའི་སྟན་དང་འགྲོ་བ་ཐམས་ཅད་མ་ལུས་པར་བརྒྱན་གྱིས་རྣམ་ 73-1-200a པར་དག་པའི་སྟན་དང་། རྡོ་རྗེའི་གདན་ཐམས་ཅད་ལ་འཁོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སྟན་གྱི་སྦྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པའི་བྱང་ཆུབ་ཀྱི་སྟན་རབ་ཏུ་འཐོབ་ཅིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་འཚང་རྒྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གདུགས་ཀྱི་སྦྱིན་པ་བྱེད་ཅིང་དབང་ཕྱུག་གི་ལུས་ལ་དགའ་བའི་གདུགས་རིན་པོ་ཆེའི་རྒྱན་ཆེན་པོ་ཤིན་ཏུ་བརྒྱན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཁྱད་པར་དུ་འཕགས་ཤིང་དབང་ཆེ་བའི་ ཡོ་བྱད་དུ་བྱ་བ། རིན་པོ་ཆེའི་རྩ་བ་ཅན་དྲིལ་བུའི་དྲ་བས་ཀུན་ནས་བསྐོར་བ། རིན་པོ་ཆེའི་སྲད་བུས་གསེར་གྱི་དྲིལ་བུ་སྦྱངས་པའི་སྒྲ་འབྱུང་བ། རིན་པོ་ཆེའི་བཻ་ཌཱུརྱའི་ཕྲེང་བ་རབ་ཏུ་སྦྱངས་པ། ཉེན་ཀོར་ ནས་རྔའི་སྒྲ་དབྱངས་ཡིད་དུ་འོང་བ་འབྱུང་བ། གསེར་གྱི་དྲ་བ་རྣམ་པར་དག་པས་གཡོགས་ཤིང་བརྒྱན་པ། རིན་པོ་ཆེའི་དྲ་བ་བརྒྱ་ཕྲག་སྟོང་གི་བླ་རེ་བྲེས་པ་ནོར་བུ་རིན་པོ་ཆེའི་འབྲུ་གྲངས་མྱེད་པས་ སྤྲས་པ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་སྣ་ཚོགས་སུ་བྲེས་ཤིང་བརྒྱན་པ། ཨ་ག་རུ་དང་། ཙན་དན་དང་། སྤོས་ཀྱི་དམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས། ཉེན་ཀོར་ དྲི་ཞིམ་པར་བགོས་ཤིང་གཏུགས་པ། འཛམ་བུ་ཆུ་ཀླུང་གི་གསེར་ལྟར་འོད་གསལ་ཞིང་དག་པ་རྒྱན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐའ་ཡས་པས་བརྒྱན་པ་དེ་བས་ཀྱང་ཆེས་ལྷག་པའི་གདུགས་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་དག་ཁ་ན་མ་ཐོ་བ་མྱེད་པའི་སེམས་ཀྱིས་སྦྱིན་པ་བྱེད་ཅིང་སེམས་ཅན་གྱི་གཙོ་བོ་མངོན་དུ་གྱུར་པའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ 73-1-200b མཆོད་རྟེན་བརྒྱན་པའི་ཕྱིར་རམ། ཆོས་བཙལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་ནམ། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བསུ་བར་བྱ་བ་དག་གམ། ཕ་དང་ མ་འམ་དགེ་འདུན་དཀོན་མཆོག་གམ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འམ། སྦྱིན་པའི་གནས་ཀྱི་གང་ཟག་སྣ་ཚོགས་སམ། སློབ་དཔོན་དང་བླ་མ་དང་། བྱང་ཆུབ་ཀྱི་ཐེག་པ་གྲུབ་པ་ འམ། དེ་ལ་ཞུགས་པ་དག་གམ། ཕོངས་པ་དང་། བཀྲེན་པ་སློང་བ་དང་། ལེན་པ་དག་ལ་འབུལ་བ་དང་། ཡོངས་སུ་གཏོང་བ་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་ སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གཡོག་པ་རབ་ཏུ་ཐོབ་སྟེ། དགེ་བའི་རྩ་བས་ཡང་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་འདས་ཏེ། ཡོན་ཏན་དང་ཡེ་ཤེས་ཀྱིས་མངོན་པར་བཀབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་རྡུལ་དང་མུན་པ་དང་ཡོངས་སུ་གདུང་ བ་ཐམས་ཅད་ལས་རྣམ་པར་འདས་ཏེ་ལུས་ཤིན་ཏུ་བཀབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་སྡུག་ཅིང་སངས་རྒྱས་ཐམས་ཅད་ལ་མངའ་བའི་ཡེ་ཤེས་ཀྱི་ སྙིང་པོ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལོག་པ་མྱེད་པར་འཇུག་པར་བརྩོན་པས་མ་འཁྲུགས་པའི་ཆོས་དཀར་པོས་ཤིན་ཏུ་བཀབ་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཆོས་ལུས་ཀྱིས་སངས་རྒྱས་ཀྱི་སྐུའི་མཐར་གཏུགས་ཏེ་མངོན་པར་བཀབ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་ལ་སྟོབས་བཅུའི་ 73-1-201a ཡེ་ཤེས་ཀྱི་བླ་རེས་སྐྱོབ་པས་གདུགས་སུ་ནོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ལས་ཤིན་ཏུ་འཕགས་ཤིང་ཆགས་པ་མྱེད་པའི་ཡེ་ཤེས་ཀྱི་སྙིང་པོ་ དང་ལྡན་པས་ཡེ་ཤེས་ཀྱིས་རྣམ་པར་སྣང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་དམ་པ་ལ་བསོད་ནམས་ཐམས་ཅད་ཀྱིས་མཆོད་པའི་ཕྱིར་གདུགས་འོས་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་གདུགས་ཀྱི་རྣམ་པར་སངས་རྒྱས་པས་གདུགས་ཀྱི་དམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གདུགས་ཀྱི་སྦྱིན་ པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཆོས་ལ་དབང་བའི་གདུགས་ཡང་དག་པར་བཟུང་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གདུགས་གཅིག་གིས་ ནམ་མཁའི་ཁམས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱིས་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་ མཐུ་ཕྱུང་བ་ཡང་དག་པར་བསྟན་པ་ལས་ཕྱིར་མྱི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཐམས་ཅད་གདུགས་གཅིག་གིས་བརྒྱན་ཏེ། དེ་བཞིན་གཤེགས་པ་མཆོད་པར་ བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གདུགས་དང་རྒྱལ་མཚན་དང་བ་དན་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མངོན་པར་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་ རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་པར་གདུགས་ཀྱི་རྒྱན་གྱིས་ཀུན་ཏུ་གཡོག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་མཚན་ལ་མོས་པའི་སེམས་ཅན་ཐམས་ཅད་དང་ 73-1-201b འགྲོ་བ་ཐམས་ཅད་གདུགས་ཐམས་ཅད་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་སྣ་ཚོགས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་སངས་རྒྱས་གཅིག་ལ་ཕུལ་བས་ སངས་རྒྱས་ཐམས་ཅད་ལ་བརྗོད་དུ་མྱེད་པ་ཕུལ་བར་སེམས་ཤིང་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་བྱང་ཆུབ་པས་འཕགས་པའི་གདུགས་ཀྱིས་སངས་རྒྱས་ ཐམས་ཅད་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་སྐུ་ཇི་སྙེད་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན་བཞུགས་ པ་ཐམས་ཅད་ལ་གདུགས་ཀྱིས་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གདུགས་དང་རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་བརྒྱུས་ཤིང་ཀླུབས་པ་དང་། སྤོས་ཐམས་ཅད་ཀྱི་མཆོག་གི་དྲི་ཞིམ་པོའི་ངད་འབྱུང་བའི་གདུགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པའི་གདུགས་དང་། རྒྱན་མཛེས་ཤིང་རྣམ་པར་དག་པའི་གདུགས་དང་། རྒྱན་ཚད་ མྱེད་པར་ཡངས་ཤིང་རྒྱ་ཆེ་བ་དང་། གསེར་ཀྱི་དྲ་བས་ཀུན་ནས་གཡོག་པར་བརྒྱན་པ། དྲིལ་བུའི་དྲ་བ་ཀུན་ནས་སྦྱངས་པའི་སྒྲ་ཡིད་དུ་འོང་ཞིང་སྙན་པ་འབྱུང་བའི་གདུགས་དང་། ཡེ་ཤེས་སྒྲིབ་པ་མྱེད་ཅིང་ཆགས་པ་མྱེད་པའི་གདུགས་དང་། སངས་རྒྱས་ཐམས་ཅད་ལ་མངོན་པར་དགབ་པའི་གདུགས་ཡོངས་སུ་བཏང་བའི་ཕྱིར་ཡོངས་སུ་བསྔོའོ། དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གདུགས་ཀྱི་སྦྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་མཆོག་གི་གདུགས་ཀྱིས་མངོན་པར་དགབ་པའི་ཕྱིར་ 73-1-202a ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་ཀུན་ནས་གཡོགས་ཤིང་རབ་ཏུ་བརྒྱན་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་དང་དགོངས་ པ་དམ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་རིན་པོ་ཆེ་མཐའ་ཡས་པ་ལ་དབང་སྒྱུར་བ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་ཡེ་ཤེས་ ཀྱིས་དབང་སྒྱུར་བ་ཀུན་ཏུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱིས་མངོན་པར་གཡོགས་པར་ཡོངས་སུ་བསྔོ་བའི་དོན་དུ་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ ཅད་ཀྱི་ཡེ་ཤེས་མཆོག་གི་གདུགས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་སྟོབས་བཅུའི་བླ་རེར་བྲེས་པའི་གདུགས་སུ་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །ཆོས་ཀྱི་དབྱིངས་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་གིས་གཡོག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་དབང་ཕྱུག་དུ་དབང་སྒྱུར་བའི་དབང་ཐོབ་པར་བྱ་བའི་ ཕྱིར་ཡོངས་སུ་བསྔོའོ། །མཐུ་ཆེན་པོ་དང་དབང་ཆེན་པོའི་སེམས་ཀྱི་རྒྱུད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བློ་ཡངས་པ་དང་སེམས་རྒྱ་ཆེ་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། ཡོན་ཏན་ཚད་མྱེད་པས་འགྲོ་བ་ཐམས་ཅད་མངོན་པར་དགའ་བའི་ཕྱིར་ཡོངས་སུ་བསྔོའོ། །ཡོན་ཏན་ཐམས་ཅད་ཀྱིས་སེམས་མངོན་པར་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ ཐམས་ཅད་ཀྱིས་འགྲོ་བ་ཐམས་ཅད་མངོན་པར་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །ཡེ་ཤེས་ཆེན་པོས་མཉམ་པར་དགབ་པ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ 73-1-202b ཅད་ཀྱིས་བསྔོ་བའི་ཚུལ་མ་ལུས་པར་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་དང་བསམ་པ་རྣམ་པར་དག་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །བསམ་པ་དགེ་བ་དང་ཡིད་ཀྱི་དབང་ པོ་རྣམ་པར་དག་པ་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ཆེན་པོས་མངོན་པར་དགབ་ཅིང་ཡང་དག་པར་བསྔོ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་མཚན་དང་བ་དན་རིན་པོ་ཆེ་སྣ་ཚོགས་རྣམ་པ་ཐ་དད་པའི་ཡུ་བ་ཅན། རིན་པོ་ཆེའི་དྲིལ་བུའི་དྲ་བ་འཁྲོལ་བའི་སྒྲ་ཡིད་དུ་འོང་བ་འབྱུང་བ་སྣམ་བུ་རིན་པོ་ཆེ་ རྣམ་པ་སྣ་ཚོགས་སྤྱངས་པ། ཁ་དོག་དང་ཚོན་སྣ་ཚོགས་ཀྱི་སྣམ་བུས་བརྒྱན་ཅིང་བསྒྲེང་བ། གསེར་གྱི་དྲ་བས་ཀུན་ནས་སྤྱངས་ཤིང་ཀླུབས་པ། གསེར་གྱི་དྲིལ་བུའི་སྒྲ་འབྱུང་བ་དྲིལ་བུ་གཡེར་ ཀའི་དྲ་བས་ཤིན་ཏུ་བརྒྱན་པའི་རྒྱལ་མཚན་དང་། བ་དན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཁ་དོག་ཐ་དད་པ་ཚོན་ཐ་དད་པ་ཤིན་ཏུ་མཐོ་བ་རིན་པོ་ཆེས་རྣམ་པ་སྣ་ཚོགས་སུ་བརྒྱན་པ། རྒྱལ་མཚན་གྱི་རྩེ་མོ་ ཟླ་ཁམ་གྱིས་མཛེས་པར་བརྒྱན་པ། འཛམ་བུའི་ཆུ་ཀླུང་གི་གསེར་གྱི་ཉི་མའི་དཀྱིལ་འཁོར་བཙུག་པ། འོད་གཟེར་རྣམ་པ་སྣ་ཚོགས་འབྱུང་བ། རྒྱལ་མཚན་གྱི་བརྒྱན་གྱིས་ཐམས་ཅད་ ཀུན་ཏུ་གཡོགས་པ། རྒྱལ་མཚན་གྱི་རྒྱན་རྣམ་པ་དུ་མ་འོད་དང་ལྡན་པས་རབ་ཏུ་བརྒྱན་པའི་རྒྱལ་མཚན་རྣམ་པ་སྣ་ཚོགས་སྒྲེང་བའི་རྒྱན་དེ་ལྟ་བུ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལས་ ཀྱི་རྣམ་པར་སྨྱིན་པ་ལ་མོས་པའི་རྒྱལ་མཚན་གྱི་རྒྱན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཐམས་ཅད་འབྱམ་ཀླས་པ། སངས་རྒྱས་ཀྱི་ཞིང་ནམ་མཁའི་ 73-1-203a དབྱིངས་ཐམས་ཅད་འཇམ་ཀླས་པ་ལ་གནས་པ། ཡངས་པ་ཀུན་ཏུ་རྒྱལ་མཚན་གྱི་སྦྱིན་པ་ཡོངས་སུ་གཏང་བར་མོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་དང་མོས་པའི་ཁྱད་པར་རྣམ་པར་དག་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་ལ་འབུལ་བ་འམ། དེ་བཞིན་གཤེགས་པ་ཡོངས་ སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ནམ། ཆོས་དཀོན་མཆོག་མཆོད་པ་འམ། དགེ་འདུན་དཀོན་མཆོག་ལ་འབུལ་བ་འམ། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་རྣམས་སམ། ཉན་ཐོས་དང་། རང་སངས་རྒྱས་རྣམས་སམ། འཁོར་གྱི་ཚོགས་སུ་གྱུར་པ་འམ། གང་ཟག་གི་རྣམ་པ་གཞན་སུའང་རུང་སྟེ། སློང་བ་ཐམས་ཅད་ལ་རིམ་གྲོ་བྱ་བའི་ཕྱིར་སྦྱིན་ཞིང་ཡོངས་སུ་ གཏོང་བ་ན། རྒྱལ་མཚན་དང་བ་དན་སྦྱིན་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཡེ་ཤེས་རྒྱལ་མཚན་དང་། བ་དན་ ལ་ཐོགས་པ་མེད་པས་དགེ་བའི་རྩ་བ་དང་། བསོད་ནམས་ཐམས་ཅད་ཡང་དག་པར་བསྒྲེང་བའི་རྒྱལ་མཚན་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་གོ་ཕང་བྲིས་པ་སྦེད་པའི་ ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རྒྱལ་མཚན་སྒྲེང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཆོས་ཡང་དག་པར་འཛིན་པའི་ཆོས་ཅན་དུ་གྱུར་ཏེ། རིན་པོ་ཆེའི་གཞི་ལ་སངས་རྒྱས་ཀྱི་ཆོས་བྲིས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་མར་མེ་སྣང་བར་གྱུར་ཏེ། རྒྱལ་མཚན་ཤིན་ཏུ་འཕགས་པར་གྱུར་ཅིག །སེམས་ཅན་ 73-1-203b ཐམས་ཅད་བདུད་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར། ཐུབ་པ་མྱེད་པའི་རྒྱལ་མཚན་དང་བ་དན་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་བདུད་ཐམས་ཅད་ཀྱིས་མྱི་ཐུབ་པའི་ཆོས་ཅན་དུ་གྱུར་ཏེ་ ཡེ་ཤེས་དང་སྟོབས་ཀྱི་རྒྱལ་མཚན་རབ་ཏུ་བསྒྲེང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་རྒྱལ་མཚན་ཐམས་ཅད་མི་ལྟུང་བའི་སྣང་བ་ཅན་དུ་གྱུར་ཏེ། ཡེ་ཤེས་མཐུ་བོ་ཆེའི་རྒྱལ་མཚན་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་དག་པར་གྱུར་ཏེ། ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་འོད་རབ་ཏུ་འགྱེད་པའི་རྒྱལ་མཚན་དང་ལྡན་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མཆོད་པ་ལ་བརྩོན་ཞིང་རྒྱལ་མཚན་སྣ་ཚོགས་རབ་ཏུ་བསྒྲེང་བས་སངས་རྒྱས་ཐམས་ཅད་ཀྱི་ཞིང་བརྗོད་དུ་མྱེད་པ་རྒྱས་པར་འགེངས་པའི་ཕྱིར་ རིན་པོ་ཆེའི་རྒྱལ་མཚན་གྱི་རྒྱན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞགས་པ་ཐུབ་པ་དགུ་བཅུ་རྩ་དྲུག་གི་རྒྱལ་མཚན་གྱིས་དབེན་ཞིང་སེམས་འདོད་ཆགས་དང་བྲལ་བར་གྱུར་ཏེ། སངས་ རྒྱས་ཀྱི་རྒྱལ་མཚན་རབ་ཏུ་འཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་མཚན་དང་། བ་དན་གྱི་སྦྱིན་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་ཞིང་ཡངས་པ་དང་། ཟབ་མོ་ཐམས་ཅད་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དང་རྣམ་པར་འཕྲུལ་པ་དང་། འབྱུང་བའི་རྒྱལ་མཚན་དང་ཞིང་ཐ་དད་པ་ཡང་དག་པར་ཤེས་པ་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རིན་པོ་ཆེ་ཐམས་ཅད་གཏོང་བ་ལ་མོས་པ་དང་སེམས་ཅན་ཐམས་ཅད་ནོར་གྱིས་ཕྱུག་པར་བྱེད་པ་དང་། རིན་པོ་ཆེའི་མཛོད་ཐམས་ཅད་འབྱེད་པ་དང་། རིན་པོ་ཆེའི་གཏེར་ཐམས་ཅད་གཏོང་བ་དང་། 73-1-204a རིན་པོ་ཆེའི་འབྱུང་གནས་ཐམས་ཅད་ཡོངས་སུ་གཏོང་བ་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་སྦྱིན་པ་བྱེད་པ་དང་། རིན་པོ་ཆེ་ཀུན་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པ་དང་ རིན་པོ་ཆེའི་ཚོགས་ཐམས་ཅད་ཕངས་པར་མི་སེམས་པའི་ཡིད་ཀྱིས་གཏོང་བ་དང་། རིན་པོ་ཆེའི་ཚོགས་ཐམས་ཅད་འཐོར་བའམ། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏང་བར་སེམས་པའི་ཚེ་ སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་ལ་རིན་པོ་ཆེ་བྱིན་པས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་དྲན་པའི་རྒྱུད་རྨོངས་ པ་མྱེད་ཅིང་། སངས་རྒྱས་མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་འཛིན་པས་ཆོས་དཀོན་མཆོག་གི་སྣང་བ་རབ་ཏུ་ཐོབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པ་དང་ཡོངས་སུ་གཏོང་བ་ཤིན་ཏུ་བརྟན་པས་དགེ་འདུན་དཀོན་མཆོག་ཡོངས་སུ་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱིར་མྱི་ལྡོག་ པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རིན་པོ་ཆེ་རབ་ཏུ་འཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྨོངས་པ་ མྱེད་པར་གཞོལ་བས་ཡེ་ཤེས་རིན་པོ་ཆེ་ལ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་རིན་པོ་ཆེ་ཚད་མྱེད་པ་ཡང་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོན་ཏན་རིན་པོ་ ཆེ་གྲངས་མྱེད་པ་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེ་མངོན་པར་འཚང་རྒྱ་བ་ལ་བརྩོན་པས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པའི་ 73-1-204b བསྔགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་རིན་པོ་ཆེ་ཤིན་ཏུ་ཡངས་པའི་མཐར་ཐུག་པས་ཡེ་ཤེས་རིན་པོ་ཆེ་བཅུ་དྲུག་གི་སྙོམས་པར་འཇུག་པ་རབ་ཏུ་ཐོབ་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ལ་རྣམ་པར་སངས་རྒྱས་པས་རིན་པོ་ཆེའི་དམ་པས་སྦྱིན་པའི་གནས་ཀྱི་མཆོག་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་ པ་ཡང་དག་པར་ཤེས་པ་མྱི་ཟད་པའི་མཛོད་ཀྱི་ཆོས་རིན་པོ་ཆེ་རབ་ཏུ་སྟོན་པ་ལ་བརྩོན་པས་རིན་པོ་ཆེའི་དབང་པོ་དམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ པོ་ཆེ་དེ་དག་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པའི་ཚེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྤྱན་རིན་པོ་ཆེ་རྣམ་པར་དག་ཅིང་ཉམས་པ་མྱེད་པས། ཡེ་ཤེས་དམ་པ་རིན་པོ་ཆེ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང་ཡན་ལག་དང་། ཉིང་ལག་ཐམས་ཅད་རྒྱན་གྱིས་ཤིན་ཏུ་བརྒྱན་པ། ལུས་བལྟ་ན་ སྡུག་པ། རྣམ་པར་དག་ཅིང་མྱི་འཐུན་པ་མྱེད་པའི་རྒྱན་ཀྱིས་ལུས་ཤིན་ཏུ་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་རྣམ་པ་ཐ་དད་པ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་གིས་ཤིན་ཏུ་བརྒྱན་པ། སེམས་ཅན་ཐམས་ཅད་ཀྱི་ལུས། རྒྱན་གྱིས་བརྒྱན་པར་བརྩོན་པ། སེམས་ཅན་ཐམས་ཅད་ལ་བུའི་འདུ་ཤེས་ཀྱིས་འཇིག་རྟེན་གྱི་བདེ་ བ་དང་། སངས་རྒྱས་ཀྱི་བདེ་བ་ཐམས་ཅད་སྟོབ་པའི། དགའ་བ་སྣ་ཚོགས་ཀྱིས་སེམས་ཅན་རབ་ཏུ་དགའ་བ་བྱེད་པ་དེ་རྒྱན་སྣ་ཚོགས་རྣམ་པ་ཐ་དད་པ་དག །སེམས་ཅན་ 73-1-205a ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་དགོད་པའི་ཕྱིར་སྦྱིན་ཞིང་ཡོངས་སུ་གཏོང་བའི་ཚེ། རྒྱན་ཡོངས་སུ་བཏང་བས་ ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱན་རྣམ་པར་དག་པས། ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱན་དུ་ རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་རྒྱུད་ཀྱི་མཚན་རྣམ་པར་དག་པ་དང་ལྡན་ཞིང་། མཚན་གྱིས་ལུས་ཤིན་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་བསོད་ནམས་བརྒྱའི་མཚན་དང་ལྡན་པའི་ལུས་ཅན་དུ་རེད་དེ། ལུས་མཚན་གྱིས་ཤིན་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ཀྱི་ཡན་ལག་མཚན་ཀུན་གྱིས་ བརྒྱན་པ་དང་ལྡན་ཞིང་ལུས་མཚན་གྱིས་ཤིན་ཏུ་བརྒྱན་པར་བྲིས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་པ་ཡང་དག་པར་ཤེས་པ། མྱི་ཟད་པའི་ མཛོད་དང་ལྡན་ཞིང་ཚིག་གི་རྒྱན་གྱིས་ཤིན་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དབྱངས་ཀྱི་ཡན་ལག་ཡིད་དུ་འོང་ཞིང་། རྣམ་པར་དག་པ་དང་ལྡན་ཞིང་ཡོན་ཏན་གྱིས་བརྒྱན་ པའི་དབྱངས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་ཚིག་གི་ཚུལ་རྣམ་པར་དག་པས། འགྲོ་བ་ཀུན་མགུ་བར་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཀྱིས་ཚིག་ཡིད་དུ་འོང་བར་བརྒྱན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀུན་ལ་ལྟ་བས་སྙོམས་པར་འཇུག་ཅིང་། སེམས་ཀྱི་རྒྱན་གྱིས་བརྒྱན་པར་གྱུར་ཅིག ། 73-1-205b སེམས་ཅན་ཐམས་ཅད་ཆོས་སྣང་བ་ཐམས་ཅད་ཀྱིས། སངས་རྒྱས་ཀྱི་ཆོས་རབ་ཏུ་ཐོབ་ཅིང་། གཟུངས་ཐམས་ཅད་ཀྱི་རྒྱན་གྱིས་རབ་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྒྱུད་ཤིན་ཏུ་བརྒྱན་པས། སེམས་ཡེ་ཤེས་ཀྱིས་ཡང་དག་པར་བརྒྱན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱི་ རྒྱན་དེ་དག་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་ཐམས་ཅད་ཀྱི་ཡོན་ཏན་དང་། ཡེ་ཤེས་ཀྱི་རྒྱན་ཡོངས་སུ་རྫོགས་ཏེ་ སེམས་ཅན་ཐམས་ཅད་ཀྱི་རིགས་ན་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་མྱེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ ཕྱུག་ལ་སྤྱི་བོ་ནས་དབང་བསྐུར་བ། མངོན་པར་དབང་བསྐུར་བ། ཅོད་པན་དང་གཙུག་གི་རིན་པོ་ཆེའི་སྦྱིན་པ་བྱེད་ཅིང་ཡོངས་སུ་གཏོང་བ་དང་། མངོན་པར་སྟོབས་པ་དང་། སེམས་ཅན་ཐམས་ཅད་ལ་ ཕན་འདོགས་པ་དང་། ལྟོས་པ་མྱེད་པར་ཡོངས་སུ་གཏོང་བའི་སེམས་རྣམ་པར་འཕེལ་བ་དང་། སྦྱིན་པས་བསྒོས་པའི་རྒྱུད་ཡོངས་སུ་སྒོམ་པ་དང་། སྦྱིན་པ་ལ་དབང་བསྒྱུར་བ་རབ་ཏུ་འཇུག་ པ་དང་། སྦྱིན་པའི་ཡེ་ཤེས་ལ་རབ་ཏུ་འཇུག་པ་དང་། སྦྱིན་པ་གཏོང་བའི་དབང་པོ་ཡོངས་སུ་བསྐྱེད་པ་དང་། སྦྱིན་པ་གཏོང་བའི་བློ་རྒྱ་ཆེར་བྱེད་པའི་ཚེ། ཅོད་པན་དང་། གཙུག་གི་རིན་པོ་ཆེ་ཡོངས་ སུ་བཏང་བས། ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ། སངས་རྒྱས་ཀྱི་ཆོས་ 73-1-206a ཐམས་ཅད་ཀྱི་སྤྱི་བོ་ནས་དབང་བསྐུར་བས། དབང་པོ་ཐམས་ཅད་ལ་ཤིན་ཏུ་དབང་བསྐུར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་གཙུག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ ཅིག སྤྱི་བོ་གཙུག་ཏོར་ཅན་གྱི་མགོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་ཡོན་ཏན་གྱི་སྤྱི་བོའི་མཐར་ཕྱིན་པས། ཡེ་ཤེས་རིན་པོ་ཆེ་མཆོག་གིས་ སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་སྤྱི་བོས་ཕྱག་བྱ་བར་འོས་ཤིང་། ཡེ་ཤེས་རིན་པོ་ཆེ་མཆོག་ལ་ཡང་དག་པར་གནས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཆོས་ཀྱི་སྐྱིད་པ་ལ་དབང་བསྒྱུར་བ་རབ་ཏུ་ཐོབ་སྟེ། ཡེ་ཤེས་ཀྱི་ཅོད་པན་ཤིན་ཏུ་བཅིངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱིས་བལྟ་བར་མྱི་ནུས་པའི་ ཆོས་ཅན་དུ་གྱུར་ཏེ། ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེས་མགོ་རབ་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྤྱི་བོར་གྱུར་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་བལྟ་བའི་ ཆོས་ཅན་དུ་གྱུར་ཏེ། སྤྱི་བོ་ཤིན་ཏུ་བཙུན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་རིན་པོ་ཆེ་རྒྱ་མཚོའི་སྙིང་པོ་རྣམ་པར་དག་པ་དང་ལྡན་ཞིང་སྟོབས་བཅུའི་རྒྱན་ཅོད་པན་ གྱི་མགོ་རབ་ཏུ་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདོད་པའི་ཁམས་ཀྱི་དང་པོ་ནས་བདུད་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར། སའི་དམ་པ་ལ་གནས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སྟོབས་བཅུའི་མཐར་ཐུག་སྟེ། ཆོས་ཀྱི་ཡེ་ཤེས་ཀྱི་སྤྱི་བོ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་དབུ་ཟིལ་ཀྱིས་མྱི་ནོན་པའི་སྣང་ 73-1-206b བ་རབ་ཏུ་ཐོབ་སྟེ། རྒྱལ་པོའི་མཆོག་དམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅོད་པན་དང་གཙུག་གི་རིན་པོ་ཆེ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་ དེས་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་མཆོག་གི་འབྱུང་གནས་རྣམ་པར་དག་པ་དང་། ཡེ་ཤེས་ཀྱི་ཅོད་པན་དང་། ནོར་བུ་རིན་པོ་ཆེ་རབ་ཏུ་ཐོབ་པའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཙོན་རར་བཅུག་ཅིང་བཙོན་ཆས་བཅིངས་པའི་སེམས་ཅན་སྡུག་བསྔལ་བ། སྡུག་བསྔལ་གྱི་ཁྱིམ་གྱིས་བསྐོར་བ། ཤིང་སྒྲོག་དང་ལྕགས་སྒྲོག་ དང་། ལྟུང་ཤིང་གི་བཅིངས་པས་བཅིངས་པ། ལུས་ལྕགས་ཐག་གིས་བཏགས་པ། བསྡམས་པ་ཤིན་ཏུ་རྒྱུ་བའི་ལུས་ཅན་མི་བདེ་བས་ལུས་ཤིན་ཏུ་མནར་བ། སྐྱབས་མྱེད་པར་ལྟུང་བ། བཀྲེས་པ་དང་སྐོམ་པས་ཉེན་པ། གོས་མྱེད་པ་མུན་པས་གཡོག་ཅིང་ཁེབས་པ། ཤིན་ཏུ་རྐེ་བ། བརླ་ལྕགས་སྒྲོག་གིས་བསྒྲོགས་པ་དེ་ལྟ་བུ་དག་མཐོང་ནས། བྱང་ཆུབ་སེམས་དཔའ་སྙིང་ རྗེ་ཅན་དང་། རྒྱལ་པོ་མྱིག་བཟངས་ཀྱིས་ཇི་ལྟར་བྱས་པ་བཞིན་དུ་བདག་དང་། འཁོར་དུ་བཅས་ནོར་ཐམས་ཅད་དང་བཅས་པར་ཡོངས་སུ་བཏང་སྟེ། བྱིན་ནས་བཙོན་ར་དེ་ནས་སེམས་ ཅན་དེ་དག་ཡོངས་སུ་ཐར་བར་བྱེད་དོ། །དེས་བརྩོན་ར་དེ་ནས་སེམས་ཅན་དེ་དག་ཐར་བར་བྱས་ནས་ཀྱང་ནོར་གྱི་སྦྱིན་པ་ཐམས་ཅད་མངོན་པར་བྱིན་ནས་སྨན་དང་། སྨན་པ་དང་སྔགས་ཀྱི་རྣམ་པས་ལུས་ ནད་མེད་པར་བྱས་ཏེ། བདེ་བ་དང་ཡིད་དགའ་བ་ལ་རབ་ཏུ་དཀོད་ནས། ཆོས་རིན་པོ་ཆེ་ཐོས་པར་བྱས་ཏེ། དགའ་བའི་གཏམ་གྱིས་དགེ་བའི་རྩ་བ་ལ་བཀོད་ནས། སངས་རྒྱས་ཀྱི་ 73-1-207a བསྟན་པ་ལས་མྱི་ཉམས་པར་བྱེད་དོ། །དེ་དེ་ལྟར་སེམས་ཅན་བཙོན་ར་ནས་བཀྱེ་བས། ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོའོ། །དགེ་བའི་ རྩ་བ་འདིས་སེམས་ཅན་ཐམས་ཅད་སྲེད་པའི་བཅིངས་པ་དང་། ཞགས་པ་ལས་ཤིན་ཏུ་གྲོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་ཅིང་འཁོར་བའི་རྒྱུད་ཤིན་ ཏུ་རིང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བག་ལ་ཉལ་བ་ཤིན་ཏུ་བཅོམ་སྟེ། ཀུན་ནས་འཁོར་བ་དང་། རྣམ་པར་བྲལ་བས་མ་རིག་པའི་མུན་པ་དང་རབ་རིབ་དང་། ལིང་ཏོག་རྣམ་པར་བསྩལ་ ཅིང་། རབ་རིབ་མྱེད་པའི་ཡེ་ཤེས་ཡང་དག་པར་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གདོན་པར་བྱ་བའི་ཡེ་ཤེས་ཀྱི་མཐར་ཐུག་པར་གྱུར་ཏེ། ཁམས་གསུམ་པའི་བཅིངས་པ་ ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་མོངས་པ་མྱེད་པའི་སར་ཡེ་ཤེས་སྒྲིབ་པ་མྱེད་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཉོན་མོངས་པའི་བཅིངས་པ་ཐམས་ཅད་ ཤིན་ཏུ་ཤིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རློམ་སེམས་ཀྱི་གཡོ་བ་རྣམ་པར་རྒྱུ་བ་ཐམས་ཅད་ཡང་དག་པར་གཞོམ་པའི་ཕྱིར་གཡོ་བ་མྱེད་པའི་ཡེ་ཤེས་ལ་ཡང་དག་པར་གཞོལ་ཞིང་ གཡོ་བ་དང་རློམ་སེམས་ཀྱིས་བཅིངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ཏུ་ཆགས་པ་མྱེད་པར་གནས་ཤིང་འདོད་པའི་དྲི་མ་ཐམས་ཅད་དང་བྲལ་ ཏེ། འདོད་པའི་བཅིངས་པ་ཐམས་ཅད་རྣམ་པར་སྤངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་པ་སངས་རྒྱས་ཐམས་ཅད་ལ་གཏོང་བས་ལྷག་པའི་བསམ་པ་ཤིན་ཏུ་གྲོལ་ 73-1-207b བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་དུ་སེམས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། འདུལ་བ་དང་། ཐེག་པ་ཆེན་པོ་ལ་དགོད་བའི་ཕྱིར་རྣམ་པར་རྒྱུ་ཞིང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་ པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་བཙོན་ར་དང་། བརྩོན་ཅས་བཀྱེ་བས་ ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཤིན་ཏུ་གྲོལ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ས་ལ་གནས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། ། འདི་ལྟར་ཡང་སེམས་ཅན་ལ་ལ་ཞིག་སྲོག་དང་བྲལ་བའི་ཕྱིར་གསད་དུ་ཁྲིད་པ་སྡུག་བསྔལ་གྱི་རྣམ་པ་གཞན་དང་། གཞན་གྱིས་མྱི་བཟད་ཅིང་འདར་བ་བཅིང་བ་ལྔས་བཅིངས་པ། སྐྱེ་བོ་བརྒྱ་ཕྲག་སྟོང་གིས་ཀུན་ནས་བསྐོར་ཅིང་འཛམ་བུའི་གླིང་དུ་གཏོགས་པ་སྣ་ཚོགས་ནས། བཤལ་ཞིང་བཀྲིད་པ་གཉེན་བཤེས་ཀྱི་རྒྱུད་དང་། མཛ་བོའི་རྒྱུད་ཐམས་ཅད་དང་བྲལ་ བར་གྱུར་པ། རལ་གྲིས་གཙབས་ཤིང་གཤེགས་པ། གསལ་ཤིང་བསྒྲེང་བ་ལ་བསྐྱོན་པ། ལུས་ཐམས་ཅད་ཀུན་ནས་ཀླག་སྟེ། མེ་འབར་བའི་ནང་དུ་དོར་བ་འམ། སྡུག་བསྔལ་ གྱི་རྣམ་པ་མྱི་བདེ་བ་ཐམས་ཅད་ཀྱིས་མྱི་བདེ་བར་བྱ་བ། གཙེ་བ་རྣམ་པ་སྣ་ཚོགས་ཐམས་ཅད་དུ་བསྒྲང་བ་ཞིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་བར་གྱུར་ 73-1-208a ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གསད་པར་བྱ་བ་དེའི་དོན་དུ་ལུས་ཡོངས་སུ་གཏོང་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་མྱི་ཕམ་པ་དང་། རྒྱལ་པོ་ཁྱབ་པར་ འགྲོ་བས་ཇི་ལྟར་བྱས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱང་སེམས་ཅན་གསད་པ་བསླུ་བའི་དོན་དུ་ལུས་གཏོང་ཞིང་། སྡུག་བསྔལ་གྱི་ཚོར་ བ་ཐམས་ཅད་ཉམས་སུ་ལེན་པ་དེ་བཞིན་དུ་ལུས་རབ་ཏུ་གཏོང་བ་བྱེད་ཅིང་ཚིག་འདི་སྐད་སྨྲའོ། །ཁྱེད་ཀྱིས་མྱི་བདེ་བ་འདི་དག་བདག་ལ་གྱིས་ཤིག །ལུས་འདི་ཡོངས་སུ་གཏོང་གིས་ངའི་སྲོག་གཅད་ པར་གྱིས་ཤིག །ང་ལ་ནི་ཅི་བྱས་སོ་ཅོག་ཀྱང་མི་ཉན་པ་མྱེད་ཀྱིས། ཁྱེད་ཀྱིས་མྱི་འདི་ལ་ཇི་བྱ་བར་འདོད་པ་དེ་ལས་གྲངས་མྱེད་པའི་འགྱུར་དུ་སྡུག་བསྔལ་གྱི་རྣམ་པས་གཙེ་བ་ཐམས་ཅད་ ཀྱིས་མྱི་བདེ་བ་སྣ་ཚོགས་སུ་གྱིས་ཤིག་ཅེས་ཏེ། འདི་ལྟར་བདག་གིས་གསད་པར་བཀྲི་བ་མཐོང་ཡང་བདག་གིས་ལུས་དང་སྲོག་གིས་མྱི་བསླུ་བ་ནི། བདག་ལ་ཚུལ་དང་མི་འདྲའོ། ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ལ་དམྱིགས་ཏེ། འགྲོ་བ་ཐམས་ཅད་བསྲུང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་དོ། །སྙམ་ནས་བདག་གི་ལུས་དང་སྲོག་ ཡོངས་སུ་བཏང་སྟེ། གསད་པར་བྱ་བ་དེ་བསླུས་ནས་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་གཞན་གྱིས་གཙེ་བའི་སྡུག་བསྔལ་ཉེ་བར་བྱུང་ བས་ལུས་དང་སྲོག་ཤིན་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལས་ཐམས་ཅད་མཁྱེན་པའི་བྱང་ཆུབ་སྟོབས་བཅུར་ལུང་བསྟན་པའི་གནས་ 73-1-208b རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ངན་སོང་ཐམས་ཅད་ཀྱི་ལམ་ལས་ཡོངས་སུ་འདས་ཏེ། འཇིགས་པ་ཐམས་ཅད་ལས་རབ་ཏུ་ཐར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ འཆི་བ་མྱེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་ཞུགས་པས་འཚོ་བ་ཐམས་ཅད་ཀྱི་སྐབས་རབ་ཏུ་རྙེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པས་ཡོངས་ སུ་བཟུང་བས། དགྲས་འཇིགས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མྱེད་པའི་ལས་དགེ་བ་ཐམས་ཅད་སྤྱོད་པས་རལ་གྲིས་གཅད་པ་ལྟ་བུའི་མྱི་བདེ་ བ་ཐམས་ཅད་ལས་འདས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་དུ་ཕྱིན་ཅིང་། འཇིགས་པ་མྱེད་པ་བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་ཐར་བས་བག་ཚ་ བ་དང་། འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཆོས་ཀྱི་འཇིགས་པ་མྱེད་པས་རྣམ་པར་དག་ཅིང་ཁྱུ་མཆོག་དང་། སེང་གེའི་ང་རོ་ འབྱིན་པས་འཁོར་གྱི་འཇིགས་པ་དང་། བག་ཚ་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མྱེད་པའི་ལས་ལ་ཡང་དག་པར་སྤྱོད་ཅིང་། འགྲོ་བ་ཐམས་ཅད་ ཀྱི་ནང་ན་སྒྲིབ་པ་མྱེད་པའི་ཡེ་ཤེས་དང་ལྡན་པའི་སེང་གེར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེ་བོ་ཀུན་ཡོངས་སུ་སྐྱོང་བའི་སེམས་དང་ལྡན་ཞིང་། འགྲོ་བ་ཀུན་ཏུ་འཇིགས་པ་མྱེད་པའི་ཁང་པར་ཞུགས་པར་ གྱུར་ཅིག་ཅེས། དེ་ལྟར་གསད་པར་གྱུར་པ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་ལུས་དང་། སྲོག་བཏང་སྟེ། བསླུས་ནས། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ 73-1-209a ཅད་ཀྱི་འཁོར་བའི་བཙོན་རའི་སྡུག་བསྔལ་ཀུན་སྤང་བ་དང་སངས་རྒྱས་ཐམས་ཅད་ཀྱི་བདེ་བ་མྱི་སྤང་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལ་མགོ་ལས་གཙུག་ཕུད་དང་། ཐོར་པག་དུ་བཅས་པ་བསླངས་ན། རྒྱལ་པོ་གཙུག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་ཡན་ལག་དམ་པ་ཤིན་ཏུ་འཕགས་པ་དང་། དེ་མ་ཡིན་ པའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཇི་ལྟར་བྱིན་པ་དེ་བཞིན་དུ། དེས་སློང་བ་དེ་དག་མཐོང་ནས། གཏོང་བར་མོས་པའི་ཚིག་དགེ་བས་ཐོར་པག་དང་། གཙུག་ཕུད་བཅས་ཏེ་ཁྱེར་ ཅིག་ཅེས་སྟོབས་ཤིང་། ཀྱེ་ཚུར་ཤེག་བདག་གིས་མགོ་ལས་གཙུག་ཕུད་དང་། ཐོར་པག་དུ་བཅས་པ་ལོང་ཤིག་ཅེས་ནས། བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ན་བཙུན་པ་མྱིའི་དམ་ པ་དེས། ཡིད་རྩེ་ཅིག་ཏུ་བྱས་ཏེ། ཡིད་མ་འཁྲུགས་པ་དང་། ཡིད་མ་འདྲེས་པ་དང་། ལས་གཞན་ལ་མྱི་སེམས་པའི་ཡིད་དང་། འཇིག་རྟེན་ཐམས་ཅད་ལ་འཕགས་པའི་ཡིད་དང་། རབ་ཏུ་ཞི་བའི་ཡིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡིད་དང་། དག་པའི་ཡིད་དང་། དྲང་བའི་ཡིད་དང་། རིགས་པ་ལ་བརྩོན་པའི་ཡིད་ཀྱིས་གཙུག་ཕུད་དང་། ཐོར་པག་དུ་བཅས་པ་དེ་སློང་བ་ལ་གཏོང་བའི་ ཚེ། གཙུག་ཕུད་དང་། ཐོར་པག་ཏུ་བཅས་པར་མཚོན་གྱིས་ཕོག་སྟེ། མགོ་ལས་ཕབ་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། རིམ་གྲོ་དང་བཅས་པའི་ལུས་ཀྱིས་སོར་ མོ་བཅུའི་ཐལ་མོ་སྦྱར་ནས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རྗེས་སུ་དྲན་པའི་སེམས་བསྐྱེད་པ་དང་། དགའ་བ་རྣམ་པར་ 73-1-209b འཕེལ་བའི་ལྷག་པའི་བསམ་པ་དང་། ཆོས་ཀྱིས་ཡོངས་སུ་རྒྱས་པའི་ཡིད་ཀྱི་དབང་པོ་དང་། སྡུག་བསྔལ་གྱི་ཚོར་བས་དེངས་པར་མྱི་འགྱུར་བའི་ཡིད་ཀྱི་དབང་པོ་དང་། སྡུག་བསྔལ་གྱི་ཚོར་བ་སྐྱེ་བའི་ མཚན་ཉིད་དང་། ཐ་དད་པར་ཁོང་དུ་ཆུད་པ་དང་། ཚོར་བ་གཅིག་ནས་ཅིག་ཏུ་རྒྱུད་པ་དེ་དག་ཐམས་ཅད་མྱི་རྟོག་གོ། །ཞེས་བྱ་བར་རབ་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་ དང་། ད་ལྟར་བྱུང་བ་ཐམས་ཅད་དང་། རྒྱུད་ཀྱི་ཚུལ་གཅིག་དུ་གྱུར་པའི་གཏོང་བའི་སེམས་དང་། སེམས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་བསྐྱེད་པ་ལས་ཕྱིར་མྱི་ལྡོག་པ་དང་། བྱང་ཆུབ་ སེམས་དཔའི་སྤྱོད་པ་ལྷག་པའི་བསམ་པའི་རྣམ་པར་ཐོབ་པས། གཞན་གྱི་དྲིང་མྱི་འཇོག་པས། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཚུལ་ལ་གནས་ཏེ། གཙུག་ཕུད་དང་། ཐོར་པག་ཏུ་ བཅས་པ་མགོ་ལས་ཕོག་སྟེ། ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་གཙུག་གི་མཆོད་རྟེན་དུ་གྱུར་ཏེ། གཙུག་གཏོར་ བལྟར་མྱི་སྣང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྲ་ཤིན་ཏུ་ཕྲ་བ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་བསྩལ་ཅིང་། སྐྲ་རྡོ་རྗེ་ནག་པོའི་དམ་པ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ སྐྲ་སྟུག་ཅིང་སྐྲ་མཚམས་ལེགས་པ་དང་། སྐྲ་སྣུམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མགོ་ལེགས་པ་ལས་ཤིན་ཏུ་ལེགས་པར་སྐྱེས་པའི་སྐྲ་རབ་ཏུ་འཇམ་པ་དང་ལྡན་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་སྐྲ་འཇམ་པ་འཁྱིལ་པ་ལྟར་གཡས་ཕྱོགས་སུ་འཁྱིལ་ཅིང་དཔལ་གྱི་བེའུ་དང་། བཀྲ་ཤིས་ཀྱི་སྐྲ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལས་རྣམ་པར་ 73-1-210a འདས་ཤིང་སངས་རྒྱས་ཀྱི་མཚན་དང་ལྡན་པའི་སྐྲ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་དུ་འགྲོ་བ་ཐམས་ཅད། རྒྱས་པར་རང་གི་སྐྲ་ལས་འོད་གཟེར་རབ་ཏུ་ འགྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དབུ་ཤིན་ཏུ་རྣམ་པར་དག་པ་ལྟར་སྐྲ་ཤིན་ཏུ་མཛེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་མཉམས་ཤིང་། སངས་རྒྱས་ཀྱི་དབུ་ སྐྲ་ལྟ་བུར་མཛེས་པ་དང་ལྡན་པས་སྤྱི་བོ་ལ་གཞག་པའི་མཆོད་རྟེན་དུ་འོས་པའི་སྐྲ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དབུ་ལྟར་ཆགས་པ་མྱེད་པའི་སྐྲ་མཛེས་པར་སྐྱེས་ པས། མུན་པ་དང་། རྡུལ་མྱི་ཆགས་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ཕུད་དང་། ཐོར་པག་ཏུ་བཅས་པ་ཡོངས་སུ་བཏང་བས་ཡང་ དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ས་ལྟ་བུར་ཤིན་ཏུ་ཞི་བའི་སེམས་ཡོངས་སུ་རྫོགས་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སྟོབས་བཅུའི་མཐས་ གཏུགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློང་བ་རྣམས་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགའ་བ་བྱེད་པ་དང་། རྒྱལ་པོ་ཟླ་ འོད་དང་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཚད་མྱེད་པ་གཞན་དག་གིས་གཏོང་བའི་མྱིག་ཡོངས་སུ་སྦྱངས་པའི་སེམས་དང་། ཡེ་ཤེས་ཀྱི་མྱིག་ཡོངས་སུ་སྦྱངས་པའི་བློ་དང་། ཆོས་ཀྱི་སྣང་བ་ རབ་ཏུ་ཐོབ་པའི་ཡིད་ཀྱི་གནས་དང་། བླ་ན་མྱེད་པའི་སངས་རྒྱས་མངོན་དུ་གྱུར་པའི་ཡིད་ཀྱི་རྣམ་པ་དང་། མངོན་པར་ཤེས་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡོངས་སུ་བསྔོ་བ་དང་། ཡེ་ཤེས་ཀྱི་སྐྱེ་ 73-1-210b མཆེད་ལ་ཡང་དག་པར་བཏང་བའི་སེམས་དང་། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་། མཉམ་པར་བྱས་པའི་སྦྱིན་པ་དང་། གཏོང་བའི་སེམས་དང་། ཞེ་སྡང་བ་མྱེད་པའི་མྱིག་གིས་དད་པ་མྱི་ཟློག་པའི་ དབང་དང་། སློང་བ་རྣམས་ལ་ཕན་འདོགས་པའི་སེམས་དང་། སངས་རྒྱས་ཀྱི་སྤྱན་ལ་གཞོལ་བས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་དང་། བྱམས་པ་དང་། སྙིང་རྗེ་ཡོངས་སུ་བསྒོམས་པ་དང་ དབང་པོ་དྲུག་ཤིན་ཏུ་བསྡམས་པས་སློང་བ་རྣམས་ལ་མྱིག་སྦྱིན་པ་དེ་བཞིན་དུ་དེ་ཡང་མྱིག་ཡོངས་སུ་གཏོང་ཞིང་ཆོས་དེ་ལྟ་བུ་ལ་ཞུགས་པའི་སེམས་ཀྱིས་སློང་བ་དང་། འདོད་པ་དག་ལ་སྦྱིན་པ་བྱེད་ཅིང་མཆོད་ སྦྱིན་གྱི་དོན་ལ་འཇུག་པ་དང་། ཆོས་ཀྱི་མཐུ་ཤིན་ཏུ་བསྐྱེད་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་དགའ་བར་བལྟ་བ་དང་། བག་མྱེད་པའི་སྲིད་པ་རྣམ་པར་བཟློག་པར་བྱེད་པ་དང་། འཇིག་རྟེན་གྱི་ དགའ་བ་དང་། འདོད་པ་སྣ་ཚོགས་མཐོང་བས་རང་གི་དགའ་བ་ཁོང་དུ་ཆུད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་དགའ་བ་མྱོང་བར་བྱེད་པ་དང་། ཅི་བསླངས་པའི་དངོས་པོས་ཁ་མྱི་སྟོང་ པར་བྱེད་པ་དང་། མྱི་གཉིས་པའི་སྦྱིན་པ་རྗེས་སུ་སྲུང་བ་དང་། རློམ་སེམས་མྱེད་པས་ཤིན་ཏུ་སྦྱིན་པ་ཡོངས་སུ་གཏོང་བ་དང་། སློང་བ་རྣམས་ཀྱིས་དངོས་པོ་ཅི་བསླངས་པ་སྦྱིན་པར་བྱེད་པའི་ ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱི་མྱིག་དུ་གྱུར་ཏེ། མྱིག་གི་དམ་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་ཡེ་ཤེས་ཀྱི་མཛོད་ཤིན་ཏུ་ཡངས་པས་ཉམས་པ་མྱེད་པའི་མྱིག་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སྣང་བ་མྱི་འཕྲོགས་པ་དང་ལྡན་ཞིང་ཤའི་མྱིག་རྣམ་པར་དག་པ་ཡོངས་སུ་ 73-1-211a གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤི་འཕོ་དང་། སྐྱེ་བ་ཤེས་ཤིང་ལྷའི་མྱིག་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ རྗེས་སུ་འདོང་ཞིང་ཆོས་ཀྱི་མྱིག་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བཏོང་བ་ཐམས་ཅད་རྣམ་པར་སྟོན་པས་ཤེས་རབ་ཀྱི་མྱིག་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ ཐམས་ཅད་མངོན་པར་འཚང་རྒྱ་བའི་ཕྱིར། སངས་རྒྱས་ཀྱིས་སྤྱན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མྱེད་པའི་མྱིག་གི་མཐར་ཐུག་སྟེ། ཀུན་ཏུ་ལྟ་བའི་མྱིག་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་གྱི་ཁམས་ཡོངས་སུ་ཤེས་ཤིང་། རབ་རིབ་མྱེད་པའི་མྱིག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུ་མངའ་བའི་ དེ་བཞིན་གཤེགས་པར་ཕྱིན་པ་སྒྲིབ་པ་མྱེད་པའི་མྱིག་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་ཡོངས་སུ་གཏོང་བ་ན། ཐམས་ཅད་མཁྱེན་པའི་ཚད་ཀྱི་ མྱིག་གི་ཆོས་སེམས་ཅན་ཐམས་ཅད་ཡོངས་སུ་བསྔོ་བ་ལ་ཉེ་བར་འགོད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། འདི་ལྟར་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་རྒྱལ་པོ་ཁྱད་པར་དུ་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་མདུད་པ་མྱེད་པ་སྤྱི་གཙུག་ཡོངས་སུ་བཏང་བ་བཞིན་དུ་སློང་བ་ཉེ་བར་འོངས་ པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་བླང་བའི་སེམས་དང་། དེ་བཞིན་གཤེགས་པའི་རིགས་དང་ལྡན་པར་བྱུང་བས། སངས་རྒྱས་ཀྱི་རིགས་སུ་བྱུང་བའི་སྦྱིན་པའི་སེམས་དང་། 73-1-211b བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པའི་སྤྱོད་པ་ལ་བརྩོན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཏུ་མཐུན་པར་སྐྱེས་པ་དང་། དབང་པོ་དང་། ཡེ་ཤེས་དང་། ཡོན་ཏན་གྱིས་ཤིན་ཏུ་བརྩོན་པ་དང་ ཁམས་གསུམ་མ་དག་ཅིང་སྙིང་པོ་མྱེད་པ་ལ་སྙིང་པོར་རབ་ཏུ་རྟོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བལྟ་བ་རབ་ཏུ་ཐོབ་པས། རང་གི་ལུས་ལ་ཆགས་པ་མྱེད་པའི་སེམས་དང་། གནས་མེད་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་དྲན་པར་གནས་པ་དང་། དུལ་བ་དང་ཞི་བའི་སེམས་དང་། དབང་པོའི་རྒྱུ་བ་ཤིན་ཏུ་ཞི་བ་དང་། འགྲོ་བ་མྱ་ངན་ཐམས་ཅད་ནས་སེམས་ཅན་གདོན་ པར་སེམས་དཔའི་ཡེ་ཤེས་འབྱུང་བའི་ཤེས་རབ་དང་། བསོད་ནམས་ཀྱི་འབྱུང་གནས་དང་། རྒྱུད་ཆེད་དུ་བརྗོད་པ་རྒྱ་མཚོ་གཏོང་བའི་སེམས་ཡངས་པར་བྱས་པ་དང་། དོན་ལ་རྣམ་པར་ངེས་ པའི་ཆོས་དང་། མགོན་པོ་ཐམས་ཅད་ཀྱི་ལམ་དུ་འཇུག་པ་དང་། ཆོས་ཀྱི་དབང་ཕྱུག་ལ་ཡེ་ཤེས་ཀྱིས་དཔྱོད་པ་དང་། རང་གི་ལུས་སྙིང་པོ་མྱེད་པ་ལས་སྙིང་པོ་བླང་བའི་བློས་ཡོངས་སུ་གཏོང་ བའི་ཚེ། རྣ་བ་དང་། སྣ་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྒྲ་རྣམ་པར་རིག་ པར་བྱ་བ་ལ་ཆགས་པ་མྱེད་པའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་སྒྲ་ཐམས་ཅད་སྐད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་སྒྲིབ་པ་མྱེད་པའི་རྣ་བ་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙན་དང་ལྡན་པས་ཐོགས་པ་མྱེད་པའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྣ་བའི་སྐྱེ་མཆེད་ཤིན་ཏུ་བསྒོམས་པས་རྣ་བ་རྣམ་པར་དག་ 73-1-212a པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྣམ་པར་ཤེས་པ་ཞི་བ་སྐྱེ་བའི་ཕྱིར་བསྒྲིབ་པ་མྱེད་པའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ གསུང་ཁོང་དུ་ཆུད་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་གཞོལ་བའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྒྲིབ་པ་མྱེད་པའི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་གནས་མྱེད་པའི་རྣ་བ་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱིར་རྒོལ་བ་འཇིག་པར་བྱེད་པ་ཤེས་པ་ལ་མྱི་ཕྱེད་པའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྣ་བ་ཤིན་ཏུ་དག་པ་ལ་དབང་ བསྒྱུར་བའི་ས་ཀུན་ཏུ་འཇུག་པའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙན་རབ་ཏུ་ཐོབ་པར་བྱ་བ་ཐོབ་པས་ལྷའི་རྣ་བ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི། རྣ་བ་རྣམ་པར་དག་པའི་ཕྱིར་ཡོངས་ སུ་བསྔོས་ནས། སྣ་རྣམ་པར་དག་པར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ལེགས་པར་མཐོང་བའི་སྣ་དང་། དཔེ་བྱད་བཟང་པོའི་སྣ་དང་། མཚན་བཟང་པོའི་སྣ་དང་། ཤིན་ཏུ་ཡིད་དུ་འོང་བའི་སྣ་དང་། རྣམ་པར་དག་པའི་སྣ་དང་། རིམ་གྱིས་གཞོལ་བའི་སྣ་དང་། མཛེས་པ་འཕགས་པའི་སྣ་དང་། དགྲ་ཐམས་ཅད་རབ་ཏུ་འདུལ་བའི་སྣ་དང་། བལྟ་ ན་སྡུག་པའི་སྣ་དང་། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཤངས་རབ་ཏུ་འཐོབ་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ངོ་ལ་མྱི་སྡུག་པ་མེད་པ་དང་ཆོས་ཐམས་ 73-1-212b ཅད་ལ་ཆགས་པ་མྱེད་པའི་ངོ་དང་། ལྟ་ན་སྡུག་པའི་ངོ་དང་། མྱི་མཐུན་པ་མྱེད་པའི་ངོ་དང་། ཤིན་ཏུ་རྣམ་པར་དག་པའི་ངོ་དང་། ཁ་ན་མ་ཐོ་བ་མྱེད་པའི་ངོ་དང་། དེ་བཞིན་གཤེགས་པའི་ཞལ་གྱི་ དཀྱིལ་འཁོར་ལྟ་བུའི་ངོ་དང་། ཀུན་ནས་ལྟ་བའི་ངོ་དང་། ཡིད་དུ་འོང་ཞིང་ཚད་མྱེད་པའི་ངོ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བ་དང་། སྣ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལ་རབ་ཏུ་འཇུག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་འདུས་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཤེས་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་འཇུག་པར་འགྱུར་བ་དང་། ཅི་ནས་ ཀྱང་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཤིན་ཏུ་མཐོང་བར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྒོ་ཁོང་དུ་ཆུད་པར་འགྱུར་ བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་ཟིལ་གྱིས་མྱི་ནོན་པའི་ཡོངས་སུ་དག་པ་ཐོབ་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལ་སྣང་བ་རབ་ཏུ་འཐོབ་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ 73-1-213a ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ལུས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྐྱེད་པ་ཟིལ་གྱིས་མྱི་ནོན་པའི་ས་ལ་གནས་ཏེ། ཨུ་དུམ་བ་ར་ལྟར་ཤིན་ཏུ་དཀོན་པར་སེམས་པའི་སེམས་རྣམ་པར་དག་པ་དང་། གཏོང་བ་མྱི་ཟད་ཅིང་འབྱམ་ཀླས་ པ་། དད་ཅིང་ཀླུང་སྤྲུགས་ཏེ་གཏང་བའི་སེམས་དང་། ཡོངས་སུ་གཏོང་བའི་བློ་མཐའ་ཡས་པ་དང་། དུལ་བ་དང་། ཡོངས་སུ་དུལ་བའི་ཡིད་ཀྱིས་གཏོང་བའི་དབང་པོ་དང་། གཏོང་བ་ཐམས་ཅད་ ཡོངས་སུ་གཏོང་བ་མཐར་ཐུག་པའི་ཐམས་ཅད་མཁྱེན་པའི་སྨོན་ལམ་དང་འགྲོ་བ་ཐམས་ཅད་བདེ་བར་བྱེད་པའི་གཏོང་བའི་འབྲས་བུ་དང་། གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་དང་། རབ་ཏུ་ གཏོང་བ་དང་། མཆོག་ཏུ་གཏོང་བའི་སེམས་ཀྱིས་རང་གི་ལུས་དང་། ཡན་ལག་དང་། གདོང་གིས་ཀྱང་ཕན་འདོགས་པ་དང་། མྱི་སྨད་པར་གཏོང་བའི་སེམས་ཀྱིས་རྣམ་པ་དེ་ལྟ་བུའི་ཆོས་ལ་ རབ་ཏུ་གནས་ཏེ་ཇི་ལྟར་རྒྱལ་པོ་མེ་ཏོག་སོ་དང་། གླང་པོའི་རྒྱལ་པོ་མཆེ་བ་དྲུག་པས་སོ་ཇི་ལྟར་བྱིན་པ་དེ་བཞིན་དུ་རང་གི་ལུས་དང་། ཁ་ནས་སོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་རྟེན་དུ་མཆོད་པར་འོས་པར་གྱུར་ཏེ། མཆེ་བ་དཀར་ཞིང་རྣོ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་སངས་རྒྱས་ཀྱི་མཚན་རབ་ཏུ་ཐོབ་པས་སོ་མཉམ་ཞིང་ཐག་བཟང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ལ་ལེགས་པར་ཞུགས་ཤིང་། 73-1-213b དུལ་བའི་སེམས་ཀྱིས་ཉེ་བར་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གདོང་གི་དཀྱིལ་འཁོར་ལྟ་ན་སྡུག་ཅིང་ཁའི་ནད་དང་སོ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ནས་ སོ་དཔེ་མྱེད་པ་རྣམ་པར་དག་ཅིང་། བཞིན་དྲན་པའི་རྒྱན་གྱིས་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོ་བཟང་པོའི་གསེབ་ནས་སྤོས་ཞིམ་པོ་མཆོག་གྲངས་མྱེད་པ་ཡིད་དུ་འོང་བའི་ དགའ་བ་བསྐྱེད་པའི་ངད་འབྱུང་བས་ཡོངས་སུ་དག་ཅིང་སོ་བཞི་བཅུ་ཚང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་དུལ་བའི་སོ་རབ་ཏུ་ཐོབ་ཅིང་བཀྲ་ཤིས་དང་། དགའ་བ་ འཁྱིལ་པ་དང་། པད་མོ་སྣ་ཚོགས་ཀྱིས་མཛེས་པར་བྲིས་པའི་སོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གདོང་གི་དཀྱིལ་འཁོར་ནས་ཚད་མྱེད་པའི་འོད་གཟེར་སྣང་བ་བྱུང་བས་ འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐའ་ཡས་པ་རབ་ཏུ་འབྱུང་བའི་སོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ཟས་ལ་མ་ཆགས་པ། མ་ཞེན་ཅིང་ཁ་ན་མ་ཐོ་བ་མྱེད་པར་སྤྱོད་ པས་སྦྱིན་པའི་གནས་དམ་པའི་མཐར་ཐུག་པར་གྱུར་ཏེ། སོའི་ཐགས་ལེགས་ཤིང་འབྲས་ཅན་ཁ་ཕྱེ་བ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་དམ་པ་ལུང་སྟོན་ ཅིང་སོའི་གསེབ་ཀུན་ནས་འོད་འཕྲོ་བ་ཁ་དོག་མཐའ་ཡས་པའི་སྣང་བ་འབྱུང་བ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའི་སོའི་སྦྱིན་པས་ཡང་དག་པར་བསྡུས་པའི་དགེ་ བའི་རྩ་བ་དེ་དག་སེམས་ཅན་མ་ལུས་པར་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་བསྐྱེད་པ་དང་། ཆགས་པ་མྱེད་པའི་རྒྱན་གྱིས་ཆོས་ཐམས་ཅད་ཤེས་པ་རྣམ་པར་དག་པར་བྱ་བའི་ 73-1-214a ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལྕེ་བསླངས་ན་ཇི་ལྟར་རྒྱལ་པོ་བཞིན་བཟངས་དང་། བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པ་ དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་སྐྱེ་བའི་སྐྱེ་མཆེད་རྣམ་པ་སྣ་ཚོགས་དག་ལ་གནས་ཤིང་ཚེ་རབ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་དེ་དག་ཏུ་ཡོངས་སུ་བཏང་བར་གྱུར་པ་ དེ་བཞིན་དུ་དེས་ཀྱང་སློང་བ་དེ་དག་རྒྱལ་པོ་ལ་འོས་པའི་སེང་གེའི་གདན་དག་ལ་བཀོད་ཅིང་སློང་བས་མོས་པའི་སེམས་ཀྱི་ཡིད་དུ་འོང་ཞིང་འཇམ་པའི་ངག་དང་། བྱམས་པ་ལ་སྤྱོད་པའི་སེམས་ཀྱིས་ རང་གི་ལྕེ་གཏོང་བའི་ཚེ། གཤེ་བའི་སེམས་དང་། རྨ་མྱེད་པའི་སེམས་དང་། ཉམས་པ་མྱེད་པའི་སེམས་དང་། རིགས་ཆེན་པོའི་རིགས་དང་ལྡན་པའི་སེམས་དང་། སངས་རྒྱས་ཀྱི་རིགས་ སུ་འབྱུང་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་ལ་དགོད་ཅིང་གཞག་པའི་སེམས་དང་། རྒྱུད་འཁྲུག་པ་མྱེད་པའི་སེམས་དང་། མཐུ་སྟོབས་ཆེན་པོའི་ཤུགས་ཀྱི་སེམས་དང་། ལུས་ལ་མ་ཆགས་པའི་སེམས་དང་། ཚིགས་སུ་བརྗོད་པ་ལ་ཆགས་པ་མྱེད་པའི་སེམས་སུ་བྱ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཤིང་བདག་གི་ཁ་ནས་ལྕེ་ཕྱུང་སྟེ། ལུས་ཐམས་ ཅད་ལ་སློང་བ་དབང་བྱེད་དུ་བཅུག་ནས། ཚིག་མཉེན་ཞིང་འཇམ་པ་དང་། ཡིད་དུ་འོང་བ་དང་། བྱམས་པར་སྤྱོད་པས་ཚིག་ཏུ་བརྗོད་ཅིང་། ཅི་ནས་ཀྱང་ཁྱེད་དགའ་ཞིང་ཡིད་བདེ་བ་དང་། མགུ་ཞིང་རངས་ པར་བདག་གི་ལྕེ་ལོང་ལ་གང་དུ་དགོས་པ་དེའི་དགོས་པར་བསྒྲུབ་ཤིག་ཅེས་ནས། དེ་ལྕེ་སྦྱིན་ཞིང་ཡོངས་སུ་གཏོང་བའི་ཚེ། ལྕེ་ཡོངས་སུ་གཏང་བས། ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་ 73-1-214b དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཚིགས་གི་ཚུལ་ཐམས་ཅད་ཀྱིས་ཤེས་པར་བྱེད་པའི་ཕྱིར་ལྕེ་ཤིན་ཏུ་ཡངས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བདེན་པ་གཉིས་སུ་བྱ་བ་མྱེད་པ་དང་ལྡན་པར་གྱུར་ཏེ། གདོང་གི་དཀྱིལ་འཁོར་ཁེབས་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ ཀྱི་ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རོ་བྲོ་བའི་མཆོག་ཤིན་ ཏུ་རྣམ་པར་དག་པ་དང་། ལྡན་ཞིང་ཤིན་ཏུ་སྲབ་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་ཚིག་ཤེས་པས་ཐེ་ཙོམ་གཅོད་པའི་ཕྱིར་ངེས་པའི་ཚིག་གི་དབྱངས་ མཐའ་ཡས་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྕེའི་མཛོད་ནས་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་འགྱེད་པའི་ཕྱིར་སྣང་བ་མཐའ་ཡས་པ་བྱུང་ བའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་རྣམ་པར་ངེས་པའི་སྤོབས་པའི་ཚོགས་མྱི་ཟད་པས་སྟོན་ཅིང་བརྗོད་པས་ཚིག་ཤིན་ཏུ་ངེས་པར་བརྗོད་པའི་ལྕེ་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྤྱོད་པ་ཀུན་བརྗོད་པ་ཚད་མྱེད་པའི་མཛོད་ཀྱི་ལྕེ་དང་ལྡན་ཞིང་འདུལ་བའི་མཐའ་དང་མཉམ་པར་སེམས་ཅན་ཀུན་ཀྱི་ཚིག་ཐམས་ཅད་དང་། སྨྲ་བ་ཐམས་ཅད་རྣམ་པར་འགྲེལ་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྤྱོད་པ་རྗེས་སུ་བརྗོད་པའི་ཚིག་གིས་རྒྱ་མཚོ་ཐམས་ཅད་ལ་རབ་ཏུ་ཞུགས་པས་དབྱངས་ཀྱི་ 73-1-215a ཚོགས་དང་། ཚིག་གི་རྣམ་པར་ཤེས་པའི་ལྕེ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྤྱོད་པ་མངོན་པར་བརྗོད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཆོས་ཐམས་ཅད་ཀྱི་ ཚིག་ཐམས་ཅད་ཤིན་ཏུ་སྟོན་པའི་ལྕེ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པའི་སྨོན་ལམ་ལ་རབ་ཏུ་བརྩོན་པ་དེ་ལྕེ་ ཡོངས་སུ་བཏང་བས། ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་མྱེད་པའི་ཡེ་ཤེས་ཆགས་པ་མྱེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དམ་པ། མགོ་ལྟ་བུའི་ཡེ་ཤེས་ལ་འཇུག་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་མགོ་བྱང་ཆུབ་ཁོང་དུ་ཆུད་ པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་མཆོག་ཚུལ་གྱི་མགོ་དང་ལྡན་པར་བྱ་བའི་ཕྱིར་ཡང་དག་པར་ལྟ་བ་དང་། ཡེ་ཤེས་རྣམ་པར་དག་པའི་མགོ་ལ་ཡང་དག་པར་ལྟ་བ་དང་། སྒྲིབ་པ་མྱེད་པའི་མགོ་ ཡོངས་སུ་བསྒྲུབ་པ་དང་། ས་དམ་པའི་མགོ་རྗེས་སུ་ལྟ་བ་དང་། འགྲོ་བ་ཐམས་ཅད་ཀྱི་ཡེ་ཤེས་དམ་པ་མགོ་ལྟ་བུ་ལ་འདོད་ཅིང་ཚོལ་བ་དང་། ཁམས་གསུམ་པ་ཐམས་ཅད་ཀྱིས་བལྟར་མེད་པའི་ཡེ་ ཤེས་ཀྱི་མགོའི་དམ་པ་ཡང་དག་པར་བསྒྲུབ་པ་དང་། ཕྱོགས་ཐམས་ཅད་དུ་ཕྱིན་པའི་ཡེ་ཤེས་ཀྱི་རྒྱལ་པོའི་མགོ་ལ་མངོན་པར་མོས་པར་བྱེད་པ་དང་ཆོས་ཐམས་ཅད་ལ་དབང་བྱེད་པ་ཟིལ་གྱིས་མྱི་ནོན་པའི་ མགོ་ཡོངས་སུ་གྲུབ་པར་བྱེད་ཅིང་། དེ་ལྟ་བུའི་ཆོས་ལ་སྤྱོད་པར་བཅོན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱི་ཡོངས་སུ་གཏོང་བའི་ཚུལ་ལ་བརླབས་པ། སངས་རྒྱས་ལ་ 73-1-215b མོས་པ་སྐྱེས་པའི་དགེ་བའི་རྩ་བ་རབ་ཏུ་ཐོབ་པ། སློང་བ་མཐའ་ཡས་པས་དགའ་བས་ཡོངས་སུ་རྒྱས་པའི་སེམས་དང་ལྡན་པ་ཡིད་ཀྱི་དབང་པོ་ཤིན་ཏུ་གསལ་བ། རྒྱུད་རབ་ཏུ་དང་ཞིང་སེམས་དང་ཡིད་ཤིན་ཏུ་དང་ བས། སངས་རྒྱས་ཀྱི་ཆོས་ལ་དགའ་བའི་སྣང་བ་ཐོབ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཤིན་ཏུ་རྒྱ་ཆེ་བ། རྒྱུན་མྱི་འཆད་པར་སེམས་པ། གཏོང་བ་ཆེན་པོ་གཏོང་བ་ཤིན་ཏུ་གཏོང་བ། གཏོང་ བའི་ཡིད་དང་ལྡན་པས་དབང་པོ་ཤིན་ཏུ་དགའ་བས་ཉེ་བར་བརྟན་པའི་ཆོས་ཅན་ལྷག་པའི་བསམ་པ་ཡངས་ཤིང་དགེ་ལ་རྒྱ་ཆེ་བས་སྦྱིན་པ་གཏོང་བར་མངོན་པར་འདོད་པ། ཇི་ལྟར་བྱང་ཆུབ་སེམས་ དཔའ་ཡེ་ཤེས་མཆོག་དང་། སྐྱེས་བུ་དམ་པ་ཀ་ཤིའི་རྒྱལ་པོ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མྱེད་པ་དག་ཀྱང་མགོ་ཡོངས་སུ་གཏོང་བར་གྱུར་པ། དེ་ལྟར་མགོ་གཏོང་བའི་ཚེ། མགོ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་དབུ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །སྤྱི་གཙུག་ལྟར་མྱི་སྣང་བ་དང་། སྐྱེ་མཆེད་ཟིལ་གྱིས་མི་ནོན་པ་དང་། ཞིང་ཐམས་ཅད་དུ་མངོན་པར་འཕགས་པ་དང་། བུམ་པ་རྒྱས་པ་དང་། དགའ་བ་འཁྱིལ་པ་དང་། སྐྲ་དང་མགོའི་འོད་དང་འོད་གཟེར་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ་དང་། འཇིག་རྟེན་ཐམས་ཅད་རྨད་དུ་བྱུང་བ་དང་། དཔལ་གྱི་བེའུས་བརྒྱན་པ་དང་། སངས་རྒྱས་ཀྱི་དབུ་དང་ལྡན་པ་དང་། ཡེ་ཤེས་ཀྱི་མགོ་རྟོགས་པར་བྱ་བ་དང་། འགྲོ་བ་ཐམས་ཅད་ཀྱི་མཆོག་ཏུ་ཕྱིན་པའི་མགོ་དང་ལྡན་པ་དང་། མགོ་རྣམ་པར་དག་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་མགོ་ཡོངས་སུ་རྫོགས་ 73-1-216a པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མགོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་འགྲོ་བ་ཐམས་ཅད་ཀྱིས་ ཆོས་ཀྱི་མཆོག་ཡོངས་སུ་རྫོགས་པ་དང་། ཡེ་ཤེས་ཀྱི་ཡན་ལག་དམ་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློང་བ་ རྣམས་ལ་དང་བའི་ལག་པ་ཐོག་མར་འགྲོ་བ་དང་། ཕན་འདོགས་པའི་ཚུལ་དང་། ཆོས་སྤྱོད་པ་ལ་བརྩོན་པར་འགྲོ་ཞིང་ལྡོག་པ་དང་། རིན་པོ་ཆེའི་ལག་པ་ཐོག་མར་འགྲོ་བས་ལག་པ་གཏོང་བ་ དང་། སྤྱོད་པ་དོན་ཡོད་པར་བྱང་ཆུབ་སེམས་དཔའ་ལམ་ལ་སྤྱོད་པ་དང་། ལག་པ་ཤིན་ཏུ་བརྐྱང་ཞིང་གཏོང་བའི་སེམས་མ་འཁུམས་པ་དང་། རིམ་པར་སྤྱོད་པའི་ཚུལ་ཤིན་ཏུ་ངེས་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་སྤྱོད་ཅིང་ལག་པ་ཡངས་པ། གཏོང་བ་ལ་མོས་པས་ལག་པ་ཡོངས་སུ་གཏོང་བ་དང་། ཚུལ་གྱི་གཞི་ཆེན་པོ་རབ་ཏུ་བརྟན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཡིད་དང་བ་དང་། ཚོར་བས་མ་ཉམས་པའི་བློ་དང་བ་དང་། འགྲོ་བ་མ་ཡིན་པར་འགྲོ་བ་ལས་ཕྱིར་ལོག་པའི་འགྲོ་བས་བྱང་ཆུབ་ཏུ་འབྱུང་བས་དེ་ལྟར་བྱང་ཆུབ་ཏུ་འབྱུང་ བས་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་དང་། རྒྱལ་པོ་དགའ་བ་ལྡན་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཚད་མྱེད་པ་དག་ཀྱང་སྐྱེ་བའི་ སྐྱེ་གནས་སྣ་ཚོགས་དག་ན་གནས་ཤིང་ལག་པ་ཡོངས་སུ་གཏོང་བར་གྱུར་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་དང་ལྡན་པ། སངས་རྒྱས་རྒྱ་མཚོ་ 73-1-216b མཐོང་བར་གྱུར་པ། ཆོས་ཀྱི་རྒྱུད་གྱི་སྒོ་རྣམ་པར་ཕྱེ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བཏོང་བའི་ལག་པ་དང་ལྡན་པ། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཡང་དག་པར་འཛིན་ པའི་སྨོན་ལམ་ཅན། སེམས་བསྐྱེད་པ་རྡུལ་མེད་པ་དང་འགྲོགས་པས་ཀུན་ནས་བསྐོར་བ་མྱེད་པ། ཡེ་ཤེས་དང་ཆོས་ཀྱི་ལུས་རྒྱུན་མྱི་འཆད་པ། མྱི་ཤིགས་མྱི་ཆོད་པའི་ལུས་དང་ལྡན་པ། བདུད་ཀྱི་ལས་ཐམས་ཅད་ཀྱིས་མྱི་སྒུལ་བ། དགེ་བའི་བཤེས་གཉེན་གྱིས་ཉེ་བར་བརྟན་པས་སེམས་སྤེལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྱོད་པ་དང་གཅིག་ཏུ་གྱུར་པའི་གཏོང་བས་ བྱུང་བ་དེ་སློང་བ་ལ་རྐང་ལག་གི་སྦྱིན་པ་བྱེད་ཅིང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། རྐང་ལག་ཡོངས་སུ་བཏང་བ་ཡོངས་སུ་བྱིན་པ་འདི་ལ་དགེ་བའི་རྩ་བ་ཅི་ཡོད་པ་དེ་དག་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་རྫུ་འཕྲུལ་ གྱི་རྐང་པ་ཐོབ་ཅིང་རིན་པོ་ཆེའི་ལག་པ་དང་ལྡན་པར་གྱུར་ཅིག །དེ་དག་རིན་པོ་ཆེའི་ལག་པ་དེས་སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་འདུ་ཤེས་རབ་ཏུ་ཐོབ་སྟེ། ཕན་ཚུན་གྱི་ལུས་ལ་རིན་པོ་ཆེས་ འཐོར་བར་གྱུར་ཅིག །མངོན་པར་འཐོར་བར་གྱུར་ཅིག །རབ་ཏུ་འཐོར་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱི་སྤྲིན་གྱིས་སངས་རྒྱས་ཐམས་ཅད་ མཆོད་པར་གྱུར་ཅིག །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཕན་ཚུན་དུ་ཞེ་སྡང་བ་མྱེད་པའི་སེམས་དང་ལྡན་ཞིང་ཕན་ཚུན་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ 73-1-217a ཅད་ཀྱི་རྗེས་སུ་དོང་ཞིང་འཇིགས་པ་མྱེད་པ་ལ་གནས་ཏེ། མངོན་པར་འདུ་བྱ་བ་མྱེད་པའི་ཕྱིར་ཐམས་ཅད་ལག་ན་རིན་པོ་ཆེ་ཐོགས་པ་དང་། ལག་ན་སྤོས་ཐོགས་པ་དང་ལག་ན་གོས་ ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་ཕྲེང་བ་ཐོགས་པ་དང་། ལག་ན་མེ་ཏོག་ཐོགས་པ་དང་། ལག་ན་ཕྱེ་མ་ཐོགས་པ་དང་། ལག་ན་ལྷབ་ལྷུབ་ཐོགས་པ་དང་། ལག་ན་མེ་ཏོག་མཐའ་ཡས་ཐོགས་པར་གྱུར་ཏེ། ཀུན་ནས་སྒོ་དང་ལྡན་པའི་ཐབས་ལ་གནས་ཤིང་། སངས་རྒྱས་ཐམས་ཅད་ལ་མཆོད་པར་བརྩོན་པའི་སེམས་དང་། སངས་རྒྱས་ཀྱི་ཞིང་ཀུན་ཏུ་ འགྲོ་བའི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མྱེད་པའི་ལག་པ་དང་། འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་ལག་པ་མཚན་བཟང་པོ་དང་ ལྡན་པའི་ལག་པ་དང་། འོད་གཟེར་གྱི་མཛོད་མཐའ་ཡས་པའི་དཀྱིལ་འཁོར་རབ་ཏུ་གཏོང་བའི་ལག་པ་དང་། འགྲོ་བ་ཐམས་ཅད་ལག་མཐིལ་གཅིག་གིས་གཡོག་པར་བྱེད་པའི་ལག་པ་དང་། དྲ་བར་འབྲེལ་ཅིང་སེན་མོ་ཟངས་ལྟར་འདུག་པའི་ལག་པ་དང་། སངས་རྒྱས་ཀྱི་ཕྱག་ཤིན་ཏུ་ཡངས་པ་དང་ལྡན་པས། སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱེད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རྒྱ་མཚོ་ཐམས་ཅད་ལ་རབ་ཏུ་ཞུགས་པའི་སེམས་བསྐྱེད་པ་དང་། ཁས་ལེན་པའི་ངང་ཚུལ་དང་། སློང་བ་ཐམས་ཅད་ལ་མངོན་པར་མོས་ཤིང་འདོད་ པས་དགའ་བ་དང་། སྤྲོ་བ་དང་དང་བ་ཆེན་པོ་རབ་ཏུ་ཐོབ་པ་དང་། སློང་བ་འབོད་པར་སྟོན་པ་དང་། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ 73-1-217b ཐམས་ཅད་དང་། རྒྱུད་ཀྱི་ཚུལ་ཅིག་ཏུ་གྱུར་པས་རྐང་ལག་ཡོངས་སུ་གཏོང་བ་བྱེད་ཅིང་འགྲོ་བ་ཐམས་ཅད་ཀྱི་བྱང་ཆུབ་ཚོལ་བའི་རྐང་ལག་ཡོངས་སུ་གཏོང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་ བ་དེ་དག་འདི་ལྟར་ཐམས་ཅད་གཏོང་བའི་དོན་དུ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་བསམ་པ་དང་། སེམས་དང་ཡིད་དུ་ལྡན་པ་ བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་དགའ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་དད་པའི་སེམས་དང་ལྡན་པ། ཚོར་བས་དེངས་པར་མྱི་འགྱུར་བའི་སེམས་དང་ལྡན་པ། སློང་བ་ཐམས་ ཅད་ལ་མངོན་པར་མོས་པའི་སེམས་དང་ལྡན་པ། ལེན་པ་ཐམས་ཅད་ལ་ཞེ་མྱི་སྡང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཏོང་བའི་ལམ་ལ་རབ་ཏུ་ཞུགས་པའི་ སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཏོང་བས་སྦྱིན་པར་བྱ་བའི་རྗེས་སུ་སྲུང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྦྱིན་པ་རྒྱ་ཆེན་པོས་བཏང་བ་ཤིན་ཏུ་ གཏོང་བའི་སེམས་དང་ལྡན་པ། ཕྱིར་མྱི་ལྡོག་པའི་སེམས་རྒྱུན་མྱི་ཆད་པ་དང་ལྡན་པ། བདག་གི་ལུས་ལ་ཕངས་པར་མྱི་ལྟ་བའི་སེམས་དང་ལྡན་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ འབྱུང་གནས་དང་། རྒྱལ་པོ་ཡིད་བདེ་བར་སེམས་པ་དང་། དེ་མ་ཡིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མྱེད་པ་དག་ཀྱང་སྐྱེ་བའི་སྐྱེ་གནས་དེ་དང་དེ་དག་ལ་ གནས་ཤིང་ཁྲག་ཡོངས་སུ་གཏོང་བར་གྱུར་པ་དེ་ལྟར་སློང་བ་རྣམས་ལ་རང་གི་ལུས་ཀྱི་ཁྲག་གཏོང་བའི་ཚེ། ཁྲག་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ 73-1-218a ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་དང་ཡེ་ཤེས་ཀྱི་ལུས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་ལུས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་དང་འདྲ་བར་དགེ་སྦྱོང་གི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ཉམས་པ་མྱེད་ཅིང་དག་པ་དང་ལྡན་ཏེ་ལུས་ལ་རྨ་མྱེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱིས་མྱི་འཕྲོགས་པའི་སེམས་དང་ལྡན་ཞིང་སྤྲུལ་པ་ལྟ་བུའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་དང་བའི་ལུས་ཉམས་པ་མྱེད་པ་ དང་ལྡན་ཞིང་ཡིད་དུ་འོང་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་མི་གནས་པ་དང་ལྡན་ཞིང་ཆོས་ཀྱི་དབྱིངས་སུ་མངོན་པར་སྐྱེས་པའི་ལུས་དང་ལྡན་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་གཞན་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ལུས་དང་ལྡན་ཞིང་། རིན་པོ་ཆེ་ལྟ་བུའི་འོད་ཡོད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཆི་བ་ མྱེད་པའི་དབྱིངས་སུ་ཆོས་ཀྱི་སྐྱིད་པ་ལ་དབང་སྒྱུར་བའི་ལུས་དང་ལྡན་ཞིང་། ཡེ་ཤེས་དམ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཀྱིས་བལྟ་ན་དོན་ཡོད་པར་ སྐྱེས་པས་རིན་པོ་ཆེ་རྒྱ་མཚོ་ལྟ་བུའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱི་གཙེ་བས་གོས་པ་མྱེད་ཅིང་བར་སྣང་གི་རང་བཞིན་གྱི་ལུས་དང་ལྡན་པར་གྱུར་ཅིག་ ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལ་ཁྲག་གི་སྦྱིན་པར་བྱེད་པའི་ཚེ། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་ 73-1-218b བ་དེ་ཡོངས་སུ་བསྔོའོ། །དགེ་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །ཡངས་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །དག་པའི་ཡིད་ཀྱིས་ཡོངསུ་བསྔོའོ། །དགའ་བའི་ཡིད་ཀྱིས་ཡོངསུ་བསྔོའོ། །རངས་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། ། སྤྲོ་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །ཞུམ་པ་མྱེད་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །བདེ་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །དང་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །མགུ་བའི་ཡིད་དང་རབ་ ཏུ་དགའ་བའི་ཡིད་དང་། ཡིད་བདེ་ཞིང་རངས་པ་སྐྱེས་པས། དགེ་བའི་རྩ་བ་དེ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བའི་སེམས་གཞལ་དུ་ མྱེད་པའི་དགའ་བ་རྣམ་པར་འཕེལ་བ་དང་། བྱང་ཆུབ་སེམས་དཔའ་དང་མཁས་པའི་སྐྱེ་བོས་བསྟེན་པའི་ཟླ་མྱེད་པའི་དགེ་བའི་རྩ་བ་དང་། ལྷག་པའི་བསམ་པ་དམ་པའི་འཇིག་རྟེན་གྱི་དྲི་མ་བསྩལ་ བ་དང་། སློང་བ་ཐམས་ཅད་ཀྱིས་ཟད་པར་མྱི་ནུས་པའི་ནང་གི་ལུས་ཉེ་བར་བླངས་པའི་ཡོངས་སུ་གཏོང་བ་དང་། ཡོན་ཏན་རིན་པོ་ཆེས་ཡང་དག་པར་བླངས་པའི་དགེ་བ་འབྱམ་ཀླས་པ་དང་། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་ཡིད་དམ་གྱིས་ཉེ་བར་བླངས་པའི་སྦྱིན་པའི་ཚོགས་ཆེན་པོ་དང་། སློང་བ་ཐམས་ཅད་ཀྱིས་འདོད་པར་བསམ་པ་བཏང་ཡང་འགྱོད་པ་མྱེད་པའི་སེམས་དང་སྦྱིན་པ་ལ་དམྱིགས་ པའི་དངོས་པོས་ཤིན་ཏུ་རྟགས་པའི་ལས་ཀྱི་རྣམ་པར་སྨྱིན་པའི་རྟེན་དང་། ལེན་པ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བའི་སེམས་ཉམས་པ་མྱེད་པ་དང་། སངས་རྒྱས་ཐམས་ཅད་མངོན་དུ་གྱུར་པ་ ལྟ་བུའི་འདུ་ཤེས་སུ་མངོན་པར་འཇིག་རྟེན་པ་དང་། འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལ་གནས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ 73-1-219a མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་ མངོན་དུ་གྱུར་པའི་སྤོབས་པ་རྣམ་པར་དཔྱོད་པ་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་གྱུར་པའི་དགེ་བའི་རྩ་བ་འཐུན་པར་ཡོངས་སུ་རྫོགས་པར་ བྱ་བ་དང་། མྱི་འཇིགས་པ་ཐམས་ཅད་མངོན་དུ་གྱུར་པའི་ཁྱུ་མཆོག་དང་། སིང་གེའི་ང་རོ་བསྒྲགས་པ་དང་། དུས་གསུམ་མངོན་དུ་གྱུར་པའི་དུས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དུས་ གསུམ་ཐམས་ཅད་མངོན་དུ་གྱུར་པའི་ཕྱི་མའི་མཐའི་བསྐལ་པར་ཐུག་པར་ཞེ་ནོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཡོངས་སུ་ཡི་ཆད་པ་མྱེད་པས་མངོན་དུ་གྱུར་པའི་སེམས་བསྐྱེད་པ། གྲངས་མྱེད་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཕན་པ་ཚོལ་བ་དང་། རྒྱལ་པོ་ཐམས་ཅད་གཏོང་བ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མྱེད་པ་ དག་ཀྱང་སྐྱེ་མཆེད་སྣ་ཚོགས་དག་ན་གནས་ཤིང་ཤ་དང་རྐང་ཡོངས་སུ་གཏོང་བ་དེ་ལྟར་སློང་བ་རྣམས་ལ་ལུས་ལས་ཤ་དང་རྐང་ཡོངས་སུ་གཏོང་བའི་ཚེ། ཤ་དང་རྐང་ཡོངས་སུ་གཏང་བས་ཡང་དག་ པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་ལྟར་འཁྲེགས་པའི་ཡན་ལག་དང་ལྡན་ ཞིང་མྱི་ཤིགས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གོས་པ་མྱེད་པའི་ལུས་རབ་ཏུ་ཐོབ་པས་གཡོག་པ་མ་ཡིན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ 73-1-219b ཐམས་ཅད་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པར་དག་པ་དང་ལྡན་ཞིང་སངས་རྒྱས་ཀྱིས་བརྒྱན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཚན་སུམ་བཅུ་རྩ་གཉིས་ཀྱི་ལུས་ཤིན་ཏུ་གྲུབ་ པས་བསོད་ནམས་བརྒྱ་པའི་མཚན་གྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐ་མྱི་དད་ཅིང་མ་ཉམས་པ་དང་ལྡན་ཏེ་དཔེ་བྱད་བཟང་པོ་བརྒྱད་ བཅུས་རྣམ་པར་བྲིས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པས་མཐའ་ལས་འདས་པ་ཚད་མྱེད་པའི་ལུས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བདུད་ཐམས་ཅད་ཀྱི་དཀྲུགས་མ་རབ་ཏུ་འཇོམས་པས་ཀུན་ཏུ་ཁྱབ་པའི་སྤྱོད་ལམ་དང་ལྡན་ཞིང་ཐུབ་པ་མྱེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ལུས་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཀུན་ཏུ་ཆོས་ཀྱི་སྐུས་ཁྱབ་པར་བྱེད་པའི་ ཆགས་པ་མྱེད་པའི་ལུས་མངོན་པར་གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཤོང་བའི་ལུས་དང་ལྡན་ཞིང་བྱང་ཆུབ་ཀྱི་ལས་དམ་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་དམྱིགས་པའི་སེམས་དང་ལྡན་པ། སློང་བ་ལ་ཤ་དང་རྐང་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་དེ་དག་སེམས་ ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྐུ་མཐའ་ལས་འདས་པ་དང་། ཚད་མྱེད་པའི་རྣམ་པར་དག་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ 73-1-220a སེམས་དཔའ་ཆེན་པོ་སྦྱིན་པའི་རྒྱུད་ལ་བསླབས་པའི་སེམས་དང་ལྡན་པ་སྦྱིན་པ་ཐམས་ཅད་བྱིན་པས་སྤྱོད་པའི་སེམས་དང་ལྡན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཐོབ་པའི་ སེམས་དང་ལྡན་པ། ཕ་རོལ་ཏུ་འགྲོ་བའི་སྦྱིན་པའི་གྲུབ་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་པའི་རྗེས་སུ་བསླབས་པའི་སེམས་དང་ལྡན་པ་སྦྱིན་པ་དང་། ཡོངས་སུ་ གཏོང་བ་ཐམས་ཅད་ཀྱིས་ཟད་མི་ཤེས་པའི་སེམས་དང་ལྡན་པ། སྦྱིན་པའི་གནས་ཐམས་ཅད་ལ་ཤིན་ཏུ་གནས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྦྱིན་པའི་ལས་ ལ་རབ་ཏུ་གནས་པའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བའི་མངོན་དུ་གྱུར་པའི་གཏོང་བའི་སེམས་དང་ལྡན་པ། སློང་བ་ཐམས་ཅད་རྒྱུན་མྱི་ཆད་པར་རྒྱུ་བ་རབ་ཏུ་མཆོད་ པའི་སེམས་དང་ལྡན་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བ་མྱེད་པ་དང་། རྒྱལ་པོ་གཡོ་བ་མྱེད་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ གྲངས་མྱེད་པ་དག་གིས་ཀྱང་སྙིང་ཡོངས་སུ་བཏང་བར་གྱུར་པ། དེ་ལྟར་ཀུན་ནས་འོངས་པ་རྣམས་གྱིས་བསླངས་ཤིང་། རང་གི་ལུས་ལས་སྙིང་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པ་དང་། སྤོང་བ་དང་། ཐོབ་པ་མྱེད་པ་དང་། ལྷག་པའི་བསམ་པ་རྣམ་པར་སྤྱོད་པ་དང་། འགྲོ་བ་ཐམས་ཅད་རབ་ཏུ་དཀྲོལ་བའི་ཕྱིར་སྟོབས་བཅུའི་བྱང་ཆུབ་ལ་དམྱིགས་པར་བྱེད་པ་དང་། སྨོན་ལམ་ཆེན་ པོས་ནན་ཏན་དུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པ་དང་། སྨོན་ལམ་ཡོངས་སུ་མྱི་གཏོང་བས། སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ 73-1-220b ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་རྡོ་རྗེའི་རང་བཞིན་ལྟ་བུས་ཡོངས་སུ་བཟུང་བའི་སྙིང་དཔལ་གྱི་བེའུས་བརྒྱན་པ་དང་ལྡན་ཞིང་རྡོ་རྗེའི་རི་ཡི་འཁོར་ཡུག་ཐམས་ཅད་ལྟར་མྱི་ ཤིགས་ཤིང་རྡོ་རྗེའི་སྙིང་པོ་ལྟ་བུའི་སྙིང་དང་ལྡན་པ་དང་། བག་ཚ་བ་མྱེད་པའི་སྙིང་དང་ཐུབ་པར་དཀའ་བའི་སྙིང་དང་། འཇིག་རྟེན་ཐམས་ཅད་ཀྱིས་མི་འཕྲོག་པའི་སྙིང་དང་། དཔའ་བའི་རྒྱལ་མཚན་ ཡེ་ཤེས་ཀྱི་སྙིང་པོ་ཅན་གྱི་སྙིང་དང་། མཐུ་བོ་ཆེན་པོ་དམ་པའི་སེམས་ཀྱི་རྒྱལ་མཚན་གྱི་སྙིང་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ལྟ་བུར་མྱི་འཕྲོགས་པའི་སྙིང་དང་། མཐུ་བོ་ཆེ་ལྟར་མྱི་ཤིགས་ པའི་སྙིང་པོ་ཅན་གྱི་སྙིང་དང་། བདུད་ཀྱི་ལས་དང་བདུད་ཀྱི་དཔུང་དང་བདུད་ཀྱི་སྡེ་རྣམ་པར་འཇོམ་པའི་སྙིང་དང་། བརྟན་པའི་སྙིང་དང་། གཟེར་མཐོང་བའི་སྙིང་དང་། དཔའ་བའི་སྙིང་དང་། བརྟུལ་ཕོད་ པའི་སྙིང་དང་། མྱི་འཇིགས་མྱི་སྐྲག་དངང་བར་མྱི་འགྱུར་བའི་སྙིང་དང་། རྡོ་རྗེའི་གོ་ཆ་ཆེན་པོ་ཡང་དག་པར་བགོས་པའི་སྙིང་དང་། ཤིན་ཏུ་བཙུན་པའི་བྱང་ཆུབ་སེམས་དཔའི་སྙིང་དང་། སངས་རྒྱས་ ཀྱི་ཆོས་ཡོངས་སུ་རྫོགས་པས་བྱང་ཆུབ་སྣང་བར་གྱུར་པའི་སྙིང་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་རྨོངས་པ་མྱེད་པར་ཐམས་ཅད་མཁྱེན་ པ་ཉིད་མངོན་པར་འཚང་རྒྱ་བའི་སྙིང་དང་། སྟོབས་བཅུ་མངོན་པར་བྱང་ཆུབ་པ་རབ་ཏུ་འཐོབ་པའི་སྙིང་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་གི་ སྦྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་གོས་པ་མྱེད་པའི་སྟོབས་བཅུ་མངའ་བའི་ཐུགས་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་ 73-1-221a དང་ལྡན་པར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློང་བ་མངོན་པར་དད་པར་བྱེད་པའི་ལྟ་བ་དང་གསལ་ཞིང་དགའ་བར་བྱེད་པའི་མྱིག་དང་བྱང་ཆུབ་དང་ མཉམ་པར་བྱ་བའི་བྱམས་པ་དང་། ཅི་འདོད་པས་སློང་བ་ཕུ་དུད་དུ་བྱ་བའི་སྦྱིན་པ་དང་། རྒྱུན་མྱི་འཆད་པར་ཡིད་ལ་བྱེད་པའི་གཏོང་བ་དང་། ལུས་ལ་སྙིང་པོ་མྱེད་པར་རྟོགས་པས་སྙིང་པོ་སློང་བའི་ སེམས་དང་། དང་བར་འགྱུར་བའི་ལུས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། སྤྱང་ཀི་དང་། ཝ་དང་། ཁྱིས་ཟ་བར་འགྱུར་བའི་ལུས་སུ་རབ་ཏུ་རྟོགས་པ་དང་། གཞན་ལ་རག་ལུས་ཤིང་ལུས་ མྱི་རྟག་པར་ཡིད་ལ་བྱེད་པ་དང་། ལུས་ཀྱི་རྒྱུད་ཐམས་ཅད་ཁོང་དུ་ཆུད་པ་དང་། གཞན་ལ་དད་པའི་སེམས་དང་དེ་ལྟ་བུའི་ཆོས་དེ་དག་ཡིད་ལ་བྱ་བ་བརྩོན་པ་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལེགས་པར་ བྱིན་པ་དང་། རྒྱལ་པོ་སྡིག་པ་བསྩལ་བ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མྱེད་པ་དག་གིས་ཀྱང་སློང་བ་རྣམས་ལ་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་། གློ་བ་ཡོངས་སུ་བཏང་བར་གྱུར་པ་དེ་ལྟར་རྒྱུ་མ་དང་མཆིན་པ་དང་མཁལ་མ་དང་། གློ་བ་ཡོངས་སུ་བཏང་བའི་ཚེ། བྱང་ཆུབ་སེམས་དཔས་སློང་བ་དེ་དག་ལ་མྱི་འགེབས་པའི་མྱིག་ གིས་ལྟ་ཞིང་འདི་ལྟར་སེམས་བསྐྱེད་དེ། འདི་ལྟར་བདག་གི་ལུས་མྱི་རྟག་ཅིང་འདི་ལྟར་མྱི་གཙང་ན་འོན་ཀྱང་རྒྱུ་མ་དང་མཆིན་པ་དང་མཁལ་མ་དང་། གློ་བ་ལྟ་བུ་དག་ཀྱང་སློང་བ་དག་ལ་དགོས་པ་ ལྟས་སྦྱིན་པར་བྱའོ་ཞེས་དེ་ལྟ་བུར་ཡིད་ལ་བྱེད་ཅིང་དགའ་བའི་རྒྱུད་དང་། དེ་ལྟར་ཆོས་ཉིད་ཤེས་པའི་བསམ་པ་དང་། སློང་བ་མཐོང་བ་དེ་དགེ་བའི་བཤེས་སུ་འདུ་ཤེས་པའི་བྱིན་གྱིས་རླབས་ 73-1-221b ཀྱིས་ལུས་སྙིང་པོ་མྱེད་པ་དེ་ལས་སྙིང་པོ་སླང་བར་འདོད་དེ། དེ་ལྟ་བུའི་ཡིད་ལ་བྱེད་ཅིང་རབ་ཏུ་རྟོགས་པ་དང་ལྡན་པའི་སེམས་ཀྱིས་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་གློ་བ་དེ་དག་ཡོངས་སུ་གཏང་བའི་ དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རྒྱུ་མ་དང་མཆིན་པ་དང་མཁལ་མ་དང་གློ་བ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོའི་ལུས་དང་ལྡན་ཞིང་ལུས་ཀྱི་ཕྱི་ནང་ཤིན་ཏུ་གཙང་ཞིང་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སྨོན་ལམ་ཡང་དག་པར་འཛིན་པའི་ཕྱིར་ཡེ་ ཤེས་ཀྱི་ལྟོ་དང་ཡང་དག་པར་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནང་སྤོས་ཞིམ་པོའི་མཆོག་ཐམས་ཅད་དང་ལྡན་ཞིང་ཕྱི་རོལ་ཏུ་འོད་གཟེར་རབ་ཏུ་འགྱེད་པས། ལྟ་ན་བཟང་བའི་ལུས་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རིམས་གྱིས་གཞོལ་ཞིང་མཉམ་པའི་ལུས་ཀྱི་ཡན་ལག་དང་ལྡན་ཏེ། གཞུ་ལྟ་བུའི་ལྟོ་དང་ལྡན་པའི་ལུས་སུ་གྱུར་ཅིག །སེམས་ཅན་ ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་དགའ་བས་ལུས་ཤིན་ཏུ་བསྐྱེད་པས་ལུས་ཆོས་ཀྱི་ཟས་དང་ཡེ་ཤེས་ཀྱིས་གསོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགའ་བའི་ལུས་དང་ཆོས་ཀྱི་ ལུས་ཀྱིས་ཡང་དག་པར་སྤྱོད་པས་ཟད་མྱི་ཤེས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་པ་ཡང་དག་པར་ཤེས་པའི་ཆོས་སྣང་བ་དང་ལྡན་པས་གཟུངས་ཀྱི་སྙིང་ པོས་ལུས་ཀྱི་ནང་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནང་གིས་བསམ་པའི་རྒྱུད་ཤིན་ཏུ་སྦྱངས་པས་ལུས་ཡོངས་སུ་དག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ 73-1-222a ཐམས་ཅད་ཡེ་ཤེས་ཀྱིས་ངོམས་པར་བྱེད་པའི་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་རྣལ་འབྱོར་ཁོང་དུ་ཆུད་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་ཕྱི་རོལ་གྱི་ལུས་འགྲོ་བ་ཐམས་ཅད་ལ་ཡེ་ཤེས་ཀྱི་རྒྱལ་མཚན་མཛེས་ཤིང་སྣང་བར་གྱུར་པས་ནང་གི་ལུས་དག་ཅིང་ཞི་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་། གློ་བ་དེ་དག་རང་གི་ལུས་ལས་སློང་བ་རྣམས་ལ་ཡོངསུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ལུས་ཕྱི་ནང་ཡོངས་སུ་དག་ཅིང་ སྒྲིབ་པ་མྱེད་པའི་ཡེ་ཤེས་ལ་རབ་ཏུ་འཁོད་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་ གནས་དང་། རྒྱལ་པོ་སྐར་མའི་འོད་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་ཀྱང་ཡན་ལག་དང་ཉིང་ལག་དང་། རུས་པ་སློང་བ་རྣམས་ལ་ཡོངས་སུ་ གཏང་བར་གྱུར་པ་དེ་ལྟར་ཡན་ལག་དང་། ཉིང་ལག་དང་། རུས་པ་སླངས་པ་ན། སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། སློང་བ་མཐོང་བ་ཐག་ཏུ་སེམས་དགའ་བ་དང་། སེམས་མོས་པ་ དང་། སེམས་དད་པ་དང་། སེམས་རབ་ཏུ་སྤྲོ་བ་དང་། སེམས་འཐར་བ་དང་། བྱམས་པའི་སེམས་དང་། ཆགས་པ་མྱེད་པའི་སེམས་དང་། དག་པའི་སེམས་དང་། སློང་བ་རྣམ་ལ་ རིམ་འགྲོ་བྱ་བའི་སེམས་རབ་ཏུ་འཐོབ་སྟེ། ཡན་ལག་དང་ཉིང་ལག་དང་། རུས་པ་དེ་དག་བསླངས་པས་སློང་བ་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ 73-1-222b ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་དང་། རུས་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ རུས་པ་དང་ཤ་དང་། ཁྲག་མྱེད་པའི་ལུས་དང་ལྡན་ཞིང་སྤྲུལ་པ་ལྟ་བུའི་ལུས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ལ་ཐུབ་པ་མྱེད་ཅིང་ཟིལ་གྱིས་མྱི་ནོན་པས་རྡོ་རྗེ་ལྟ་བུའི་སྟོབས་ཀྱི་ ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མྱེད་ཅིང་གྲོལ་བ་དང་། བཅིངས་པ་མྱེད་པའི་ཡེ་ཤེས་ཀྱི་ལུས་ཀྱིས་བྱུང་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོབས་དང་། ཆོས་སུ་ལྡན་པའི་ལུས་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དབང་པོ་ཐ་མྱི་དད་ཅིང་གཅད་དུ་མྱེད་པ་རབ་ཏུ་ཐོབ་པས་ཡེ་ཤེས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྟོབས་དང་དབང་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཆོས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ཤིག་ཤིག་པོ་མྱེད་པས་ ཡན་ལག་ཤིན་ཏུ་བརྟན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཡོངས་སུ་སྨྱིན་པར་བྱེད་ཅིང་འདུལ་བ་ལ་ཞུགས་པས་འགྲོ་བ་ཐམས་ཅད་ཇི་ལྟར་མོས་པའི་ལུས་ དང་ཡན་ལག་གི་བྱིན་གྱི་བརླབ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐུ་བོ་ཆེའི་ཡན་ལག་དང་ཉིང་ལག་ཡང་དག་པར་ཟིན་པར་སྟོབས་ཆེན་པོ་དང་ལྡན་ཞིང་ཡེ་ཤེས་ལ་གནས་པའི་ ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆད་ཅིང་དུབ་པ་མྱེད་པའི་ལུས་རབ་ཏུ་ཐོབ་པས་ཤིན་ཏུ་བརྟན་པར་ལུས་ཀྱི་རྒྱུད་འབྲེལ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ 73-1-223a ཐམས་ཅད་མཐུ་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པའི་ལུས་ཀྱིས་ཤིན་ཏུ་བརྟན་ཞིང་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐའ་ཡས་པའི་ཡེ་ཤེས་ཀྱི་ཁྱུ་མཆོག་ གི་མཐུ་འབྱིན་པའི་ལུས་དང་ལྡན་ཞིང་ཆོས་ཀྱི་ལུས་ཀྱིས་འགྲོ་བ་ཐམས་ཅད་དུ་རྣམ་པར་བརྒྱན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མྱེད་ཅིང་བལྟ་ན་དོན་ཡོད་པ་དང་ ལྡན་ཏེ། བསོད་ནམས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནས་མྱེད་པའི་ཡེ་ཤེས་ཀྱི་མཐར་ཐུག་སྟེ། གནས་པའི་ལུས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱིས་བསམ་པ་བྱིན་གྱིས་བརླབས་དང་ལྡན་ཞིང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ དུ་འགྲོ་བའི་ལམ་གྱི་ལུས་ཀྱི་རྗེས་སུ་སོང་བའི་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་ཕྱོགས་པ་ མྱེད་ཅིང་མངོན་པར་ལྟ་བའི་སྣང་བས་སྒོ་ཀུན་ནས་བལྟ་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་སྤྱོད་པ་བརྩམས་པ་མཐར་ཕྱིན་པར་བྱ་བ་ ལ་བརྩོན་པའི་བརྩོན་འགྲུས་དང་ལྡན་པའི་ལུས་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་བརྟན་པར་གནས་པ་ཐོབ་པས་ང་རྒྱལ་དང་རློམ་པ་དང་། དྲེགས་པ་ཐམས་ ཅད་རྒྱུན་ཆད་ཅིང་རྣམ་པར་དག་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ལུས་གྲུབ་པར་གྱུར་པས་བརྟུལ་ 73-1-223b ཞུགས་དམ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་དུ་སྐྱེས་པའི་ལུས་ཐམས་ཅད་ལས་རྣམ་པར་འདས་ཤིང་དེ་བཞིན་གཤེགས་པའི་དགེ་བས་བྱུང་བའི་ལུས་སུ་ གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡན་ལག་དང་ཉིང་ལག་དང་རུས་པ་དེ་དག་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་པར་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལས་ སློང་བ་དག་གིས་མདོག་དང་ལྡན་པའི་པགས་པ་བསླངས་པའི་ཚེ། མཚོན་ཆ་ཐོགས་པའི་སློང་བ་མཐོང་ཡང་དགའ་བར་བྱེད་པའི་དབང་པོས་སློང་བ་ལ་ལྟ་ཞིང་སློང་བ་རྣམས་ལ་དྲིན་དུ་གཟོ་བའི་ འདུ་ཤེས་ཉེ་བར་བཞག་ནས་ལེགས་པར་གཏིང་བའི་སྟན་ལ་སློང་བ་རྣམས་བཀོད་དེ། སློང་བ་རྣམས་ལ་རིམ་གྲོའི་འདུ་ཤེས་ཉེ་བར་གཞོག་པ་དང་། ལེན་པ་རྣམས་ལ་ཤིན་ཏུ་དཀོན་པའི་ འདུ་ཤེས་ཡང་དག་པར་སྐྱེད་པ་དང་། ཐམས་ཅད་མཁྱེན་པའི་གཞིར་གྱུར་པ་སྨོན་པར་བྱ་བ་ཡང་དག་པར་མཐོང་བར་སེམས་ཤིང་སློང་བ་རྣམས་ལ་ཕན་འདོགས་པའི་སེམས་ཀྱིས་རྟོག་ ཅིང་འཛུམ་པ་དང་ལྡན་པར་ལྟ་བས་སློང་བ་རྣམས་ལ་ལྟ་ཞིང་ཚུར་ཤེག །ལོང་ཤིག་ཅེས་བྱ་བའི་ཚིག་བརྗོད་པ་དང་། སློང་བ་རྣམས་ལ་བདག་ཉིད་ཇི་ལྟར་དགའ་བར་བྱ་བ་གཏོང་བ་དེ་ཇི་ལྟར་བྱང་ ཆུབ་སེམས་དཔའ་དག་པའི་སྙིང་པོ་དང་། རི་དགས་ཀྱི་རྒྱལ་པོ་གསེར་གྱི་རྩིབ་ལོགས་ལྟར་མདོག་དང་ལྡན་པར་པགས་པ་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ 73-1-224a སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་མྱི་ངོམས་ཤིང་རྣམ་པར་དག་པས་ཤིན་ཏུ་འཇམ་པའི་མདོག་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྡོ་རྗེའི་མདོག་ཐུབ་པར་དཀའ་བའི་ཁ་དོག་དང་ལྡན་ཞིང་མ་འདྲེས་པའི་ཁ་དོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཛམ་བུ་ཆུ་ཀླང་གི་ གསེར་གྱི་སྙིང་པོ་ལྟར་དག་ཅིང་གསེར་གྱི་མདོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་རྣམ་པར་སྦྱང་བས་དག་ཅིང་ཁ་དོག་མཐའ་ཡས་པའི་མདོག་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་སྦྱོང་དེ་བཞིན་གཤེགས་པ་ཤིན་ཏུ་གཞོན་པའི་ཁ་དོག་གིས་རྣམ་པར་དག་ཅིང་རྙོག་པ་མྱེད་ཅིང་དང་བའི་ཁ་དོག་དང་། མདོག་གི་མཆོག་དང་ལྡན་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཁ་དོག་རྣམ་པར་དག་ཅིང་ཁ་དོག་དང་མདོག་གི་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་བཟང་པོས་ རྣམ་པར་བྲིས་ཤིང་སངས་རྒྱས་ཀྱི་ཁ་དོག་རྣམ་པར་དག་པས་མདོག་དང་ཁ་དོག་ཤིན་ཏུ་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་དོག་དང་མདོག་བཟང་པོ་ཕུན་སུམ་ཚོགས་ཤིང་འགྲོ་བ་ ཀུན་ཏུ་མདོག་གི་སྣང་བ་རབ་ཏུ་འགྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་གྱི་དཀྱིལ་འཁོར་བརྗོད་དུ་མྱེད་པ་རྣམ་པར་འགྱེད་པའི་རྒྱལ་མཚན་དང་ ལྡན་ཞིང་མདོག་འོད་གཟེར་གྱི་དྲ་བ་ཅན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཟུགས་ཐམས་ཅད་ཀྱི་ཁ་དོག་རྣམ་པར་དག་སྟེ། མདོག་དང་ཁ་དོག་ཤིན་ཏུ་བསྣུམ་པ་དང་ལྡན་པར་ 73-1-224b གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལས་མདོག་དང་ལྡན་པའི་པགས་པ་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་སངས་ རྒྱས་ཀྱི་ཞིང་རྣམ་པར་དག་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེམས་ལ་ཕྱིན་ཅི་ལོག་མྱེད་པ། བཞིན་འཛུམ་པ་ཅན་ཡིད་བདེ་བ་ཐོབ་པ། ཐེག་པ་ཆེན་པོ་ལ་ལེགས་པར་གནས་པ། གྲགས་པ་འདོད་པ་མྱེད་པའི་སྦྱིན་པ་ཅན། སྙིང་ཐག་པ་ནས་སྦྱིན་ པ་ལ་གནས་པ། གཏོང་བ་དང་། གཏོང་བ་ཆེན་པོའི་ཡིད་ལ་ཞུགས་པ། འཇུངས་པའི་དྲི་མ་ལ་མྱི་གནས་པའི་སེམས་དང་ལྡན་པ། ཕྲག་དོག་དང་འཇུངས་པའི་དྲི་མ་དང་བྲལ་བ། དེ་བཞིན་ གཤེགས་པའི་གསུང་ལ་རབ་ཏུ་ཞུགས་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལྟ་བའི་བརྩོན་འགྲུས་དང་འཛམ་བུའི་གླིང་གི་བདག་པོ་གསེར་གྱི་འོད་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ ཚད་མྱེད་པ་གཞན་དེ་དག་གིས་ཀྱང་སོར་མོ་རྣམས་ཡོངས་སུ་བཏང་བར་གྱུར་པ་ལྟར་སློང་བ་ལ་རྐང་ལག་གི་སོར་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ ལྟར་བསྔོ་སྟེ། སོར་མོ་བྱིན་པ་དང་། ཅི་བླངས་པའི་དངོས་པོ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སོར་མོ་ཐོབ་པར་གྱུར་ཏེ། སོར་མོ་རིང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་རིམ་གྱིས་གཞོལ་བར་ལེགས་པར་གྲུབ་པས་སོར་མོ་ཟླུམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོ་གང་ 73-1-225a བའི་སོར་མོ་རྣམ་པར་དག་པ་དང་ལྡན་ཞིང་སེན་མོ་ཟངས་ཀྱི་ཁ་དོག་ལྟ་བུའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འཛིན་པར་བརྩོན་པའི་སོར་ མོ་དཔེ་བྱད་བཟང་པོ་དང་ལྡན་ཞིང་སྐྱེས་བུ་དཔའ་བོ་ཐམས་ཅད་མཁྱེན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་དང་ལྡན་པར་གྱུར་ཅིག ། དཔེ་བྱད་བཟང་པོས་གྲུབ་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་སྦྱངས་པའི་སོར་མོ་ཚུལ་དང་འཐུན་པར་སྐྱེས་པས་སོར་མོའི་དམ་པ་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སོར་མོའི་ཆོས་ཉིད་ཀྱི་ཡན་ལག་དང་བུམ་པ་གང་བ་དང་། བཀྲ་ཤིས་ཀྱིས་རྣམ་པར་མཛེས་པ་དང་ལྡན་ཞིང་སོར་མོའི་རྩེ་མོ་ལ་འཁོར་ལོ་ཡོད་པའི་སོར་མོ་དང་ལྡན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་འཕྲིན་ལས་ཀྱི་རྣམ་པར་སྨྱིན་པའི་རྒྱུ་མཐུན་པས་བྱུང་བ་ལྟ་བུ་དང་ལྡན་ཞིང་པད་མོ་བཟང་པོ་དང་། དགའ་བ་འཁྱིལ་པས་སོར་མོ་ཐམས་ ཅད་ཀྱི་ཚིགས་དང་ཡན་ལག་ཤིན་ཏུ་བརྒྱན་ཅིང་དཔེ་བྱད་བཟང་པོས་མཛེས་པར་རྣམ་པར་ཕྱེ་བའི་རྒྱན་གྱིས་བརྒྱན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་སྣང་བར་བྱ་བ་ལ་བརྩོན་ཞིང་འོད་གཟེར་གྱི་དྲ་བའི་མཛོད་རབ་ཏུ་འགྱེད་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་ ཤིན་ཏུ་མཛེས་པ་དྲ་བས་ལེགས་པར་འབྲེལ་པ་དང་ལྡན་ཞིང་སོར་མོ་ལེགས་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོར་མོ་སློང་བ་རྣམས་ 73-1-225b ལ་སོར་མོ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་རྣམས་ལ་ཡོངས་སུ་བསྔོའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་ལ་ལ་ཞིག་གིས་ཆོས་ཐོས་པར་བྱ་བར་སེམས་ཏེ། དེས་འདི་སྐད་དུ་གལ་ཏེ་ཁྱོད་ཀྱི་ཤ་དང་བཅས་པའི་ སེན་མོ་ང་ལ་བྱིན་ན་ནི། ངས་ཁྱོད་ལ་ཆོས་བསྟན་པར་བྱའོ། །ཟེར་བ་ཞིག་ཡོད་ན། དེ་ལ་འདི་སྐད་དུ་སྨྲས་ཏེ། བདག་གི་ཤ་དང་བཅས་པའི་སེན་མོ་ཅི་བདེར་ཁྱེར་ལ་བདག་ལ་ཆོས་ བསྟན་པར་མཛོད་ཅིག་ཅེས་ནས། ཇི་ལྟར་རྒྱལ་པོ་དབང་ཕྱུག་དུ་གྱུར་པ་ལེགས་པར་བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཟད་མྱི་ཤེས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གཞན་ཚད་མྱེད་པ་ཆོས་ཀྱི་ཆོས་བཟང་པོ་ཉིད་ལ་བརྩོན་པ། འགྲོ་བ་ཀུན་ཏུ་ཆོས་ཀྱི་ལོ་ཤིན་ཏུ་ལེགས་པ་ཡང་དག་པར་བསྟན་པའི་ཕྱིར་ཤ་དང་། བཅས་ པའི་སེན་མོ་ཡོངས་སུ་བཏང་བར་གྱུར་པ་དེ་ལྟར་སློང་བ་རྣམས་ལ་རང་གི་ཤ་དང་བཅས་པའི་སེན་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་ བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སེན་རབ་ཏུ་གྲུབ་ཅིང་ཟངས་ཀྱི་ཁ་དོག་ལྟ་བུའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དཔེ་བྱད་བཟང་པོ་ སེན་མོ་རབ་ཏུ་ཐོབ་ཅིང་མདོག་སྣུམ་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོའི་དམ་པ་དང་ལྡན་ཞིང་འོད་འཚེར་བའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ 73-1-226a ཐམས་ཅད་སེན་མོ་བཟང་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན་པའི་ཕྱག་སེམ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་ཤིང་ མཚུངས་པ་མྱེད་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བ་ལ་བརྩོན་ཞིང་ཤིན་ཏུ་བརྒྱན་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་ཉམས་པ་མྱེད་ཅིང་རྣམ་པར་དག་པའི་སེན་མོ་གང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཆེ་ཞིང་ཡངས་པ་རྣམ་པར་དག་པ་དང་ལྡན་ཞིང་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཀྱི་རྗེས་སུ་སོང་བའི་མཚན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ལས་རྣམ་པར་སྨྱིན་པས་རྣམ་པར་དག་ཅིང་མཛེས་པར་སྐྱེས་པའི་སེན་ མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་གཟེར་ཁ་དོག་མཐའ་ཡས་པ་རབ་ཏུ་འགྱེད་པའི་མཛོད་དང་ལྡན་ཞིང་མགོན་པོ་ཐམས་ཅད་མཁྱེན་པའི་ཕྱག་སེན་དང་ལྡན་པར་གྱུར་ ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པའི་ཕྱིར་སེན་མོ་དང་ཤར་བཅས་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཐམས་ཅད་ ཀྱི་སྐུ་དང་ཕྱག་སེན་གྱི་རྒྱན་ཡོངས་སུ་རྫོགས་པར་བྱ་བ་དང་། ཐོགས་པ་མྱེད་པའི་སྟོབས་ཀྱི་མཐར་ཕྱིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ 73-1-226b ཆེན་པོ་ཆོས་ཀྱི་དོན་དུ་ཆོས་ཚོལ་བ་ལྷུར་ལེན་པ་ཤིན་ཏུ་དཀོན་པའི་ཆོས་ཚོལ་བ་ལ་ཞུགས་པ་ལ། ཆོས་གཏོང་བའི་གང་ཟག་ལ་མེའི་རླུབས་སུ་ལུས་ཞུགས་པར་བྱས་ཏེ། འདི་སྐད་དུ་གལ་ཏེ་ཁྱོད་མྱི་འདྲེང་བདུན་དུ་བརྐོས་པའི་མེའི་རླུམས་སུ་འཆོང་ཕོད་ན། ངས་ཁྱོད་ལ་ཆོས་ཀྱི་སྦྱིན་པ་བྱའོ་ཞེས་ནས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྒྲ་དེ་ཐོས་ནས། ཤིན་ཏུ་དགའ་ཞིང་ཡིད་བདེ་བ་དང་རབ་ཏུ་འཐུན་པའི་ཡིད་སྐྱེས་ནས་འདི་སྙམ་དུ་སེམས་ཏེ། ངན་སོང་ཐམས་ཅད་མནར་མྱེད་པའི་སྡུག་བསྔལ་ ཉམས་སུ་བླང་བ་དང་། ཡང་བསྔོ་ཞིང་བདག་གི་དམ་པའི་ཆོས་བཙལ་དགོས་ན། འདི་ལྟར་མེའི་རླུམས་སུ་མཆོང་བ་ཙམ་གྱིས་དམ་པའི་ཆོས་རྙེད་པར་འགྱུར་ན་ལྟ། ཀྱེ་མ་དེ་ལྟར་དཀོན་པའི་སངས་རྒྱས་ཀྱི་ཆོས་དེ་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་བུ་མྱེད་པར་མྱིའི་རླུབས་ཙམ་དུ་མཐོང་བས་རྙེད་པ་འདི་ནི་ངོ་མཚར་ཆེའོ་སྙམ་ནས། འདི་ལྟར་བདག་གིས་མྱི་འདྲེང་བདུན་དུ་བརྐོས་པའི་མྱེའི་རླུབས་སུ་མཆོང་བར་གྱིས། ཁྱོད་ཀྱི་བདག་ལ་སངས་རྒྱས་ཀྱི་ཆོས་བཤད་དུ་གསོལ་ཞེས་ནས་དེ་ཇི་ལྟར་རྒྱལ་ པོ་ལེགས་པར་བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཞན་གྲངས་མྱེད་པ་དག་ཀྱང་མེའི་རླུབས་སུ་མཆོང་བར་བྱས་པ་དེ་ལྟར་ཆོས་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་དང་སྔོ་ 73-1-227a བའི་ལུས་ཀྱིས་མེའི་རླུབས་སུ་མཆོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ཤིན་ཏུ་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཏེ། ཐམས་ཅད་མཁྱེན་པའི་གནས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ཐམས་ཅད་མྱོང་བར་གྱུར་ཏེ། གཡང་ས་ཐམས་ཅད་ལས་ཕྱིར་ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་ཞིང་བག་ཚ་བ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་བདེ་བ་དང་ཡིད་བདེ་བ་དང་། ཆོས་ཐམས་ཅད་ཀྱི་རྒྱན་རབ་ཏུ་ཐོབ་ཅིང་ཆོས་ཚོལ་བ་ལ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མེ་གསུམ་རབ་ཏུ་ཞི་བས་གནས་པའི་སེམས་དང་ལྡན་ཞིང་ངན་སོང་ གི་ལམ་ཐམས་ཅད་དང་ཤིན་ཏུ་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་རྣམ་པ་རབ་ཏུ་ཐོབ་སྟེ། ཡིད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ མེ་གསུམ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཐོང་བའི་དགའ་བས་ཡང་དག་པར་སྤྱོད་ ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་བདེ་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་མེད་པ་ལ་རབ་ཏུ་གཞོལ་ཞིང་ཤིན་ཏུ་ཐོབ་པའི་ཆོས་ ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་སོང་བའི་ཆོས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་རོལ་པའི་བདེ་བ་རབ་ཏུ་ཐོབ་པར་ 73-1-227b གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཚོལ་ཞིང་མེའི་རླུངས་སུ་འཆོངས་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པའི་ལས་དང་ སྤྱོད་པའི་མཐར་ཕྱིན་ཅིང་ཡེ་ཤེས་ཀྱི་མེ་ཤིན་ཏུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་ཚོར་བ་ཐམས་ ཅད་བདག་གི་ལུས་ཀྱིས་བཟོད་པར་བྱེད་ཅིང་དམ་པའི་ཆོས་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་ལམ་སྟོན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་གསལ་བར་བྱེད་པ་དང་། བླ་ན་ མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ཚོགས་ཡང་དག་པར་སྩོགས་པ་དང་། སྟོབས་བཅུ་ལ་བརྩོན་པར་བྱེད་ཅིང་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ཡངས་པར་བྱེད་པ་དང་། ཆགས་པ་མེད་ པའི་ཡེ་ཤེས་ཀྱི་ཕུང་པོ་ལ་བདག་མངོན་དུ་འཐུན་པར་ཡང་དག་པར་ལྟ་ཞིང་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དག་པ་དང་། རྣམ་པར་བྱང་བ་ཡང་དག་པར་སྒྲུབ་པ་དང་། བྱང་ཆུབ་སེམས་ དཔའི་སྤྱོད་ཡུལ་ཐམས་ཅད་ལ་རབ་ཏུ་འཇུག་པ་དང་། ཡེ་ཤེས་ཆེན་པོ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་བསྲུང་བའི་ཚེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་བཟང་ པོ་ཚོལ་བ་དང་། རྒྱལ་པོ་ཤུགས་ཆེན་པོ་འཛིན་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་ཚད་མེད་པ་དག་གིས་ཀྱང་ཇི་ལྟར་སྤྱད་པ་བཞིན་དུ་དེ་སྡུག་བསྔལ་གྱི་རྣམ་པ་ ཅིག་མ་ཡིན་པ་ཉམས་སུ་འབབ་པ་དང་། སྡུག་བསྔལ་ཚོར་བའི་གནོད་པ་རྣམ་པ་སྣ་ཚོགས་མྱོང་བ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་དང་ཕྲད་པ་དང་། 73-1-228a རང་གི་ལུས་ཀྱིས་ཉེ་བར་ལེན་ཅིང་བཟོད་པར་བྱེད་པ་དང་། དམ་པའི་ཆོས་སྤོང་བའི་གང་ཟག་སེམས་ཅན་གཏུམ་པ་ཅན་སྡིག་པའི་ལས་ཀྱིས་སྒྲིབ་པ། བདུད་ཀྱི་ལས་ཀྱིས་བྱིན་གྱིས་ བརླབས་པ་དག་ལས་སྡུག་བསྔལ་གྱི་གནོད་པ་དེ་དག་ཐམས་ཅད་ཉེ་བར་ལེན་ཅིང་བཟོད་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་དམ་པའི་ཆོས་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བདེ་བའི་ནན་ཏན་གྱིས་མངོན་པར་ཤེས་པ་མྱུར་བ་དང་ལྡན་ཞིང་སྡུག་བསྔལ་དང་མི་བདེ་བ་ཡོངས་སུ་སྤངས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བདེ་བའི་རྣམ་པ་ཐམས་ཅད་རབ་ཏུ་ཐོབ་པ་ལ་གནས་པ། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མིག་ཡོར་ ལྟ་བུའི་བདེ་བ་རབ་ཏུ་ཐོབ་ཅིང་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འགག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པའི་མཐར་ཕྱིན་ཏེ་སྡུག་བསྔལ་གྱི་བརྩོན་ར་ནས་ ཕྱིར་ལོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུད་དང་། གཙེ་བ་ཐམས་ཅད་ལས་ཕྱིར་ལོག་ཅིང་བདེ་བའི་ལམ་མཐོང་བར་གྱུར་ཅིག །སེམས་ཅན་ ཐམས་ཅད་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྣམ་པར་ཆད་པས་ཆོས་ཀྱི་དགའ་བ་དང་བདེ་བའི་རྣམ་པས་ཤིན་ཏུ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཞེ་ མི་སྡང་ཞིང་བྱམས་པ་རབ་ཏུ་ཐོབ་པར་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བ་ཐམས་ཅད་ན་ཡོད་པའི་སྡུག་བསྔལ་རབ་ཏུ་བྱང་ཞིང་སངས་རྒྱས་ 73-1-228b ཐམས་ཅད་ཀྱི་བདེ་བའི་དོན་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཀྱིས་ལུས་ལ་གནོད་པར་འགྱུར་བ་མེད་ཅིང་འདྲ་བ་མེད་པའི་བདེ་ བ་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་སྒྲིབ་པ་མེད་པའི་མཐར་ཕྱིན་ཏེ། བདེ་བའི་ཁྱད་པར་ཐམས་ཅད་རབ་ཏུ་ཐོབ་པར་ གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་བཟོད་པར་བྱེད་ཅིང་ཉམས་སུ་ལེན་ པའི་ཚེ། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་གཡང་ས་ལས་བསྲུང་ཞིང་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་སྒྲིབ་པ་མེད་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་སུ་བསྔོའོ། ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་བརྩལ་བ་ལ་ཤིན་ཏུ་བརྩོན་པ། ཆོས་ཀྱི་ཚིག་དང་ཡི་གེ་འཁོར་ལྔས་ཡང་དག་པར་ལེན་པ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་དང་། རྗེས་སུ་དྲན་པ་ལ་གནས་པ། ཆོས་ཀྱི་དགའ་བས་ སྤྲོ་ཞིང་མོས་པའི་སེམས་དང་ལྡན་པ། ཟང་ཟིང་མེད་པའི་ཆོས་རབ་ཏུ་བཙལ་བ་ལ་བརྩོན་པ། འཇིག་རྟེན་པའི་རྒྱལ་པོའི་སྲིད་དང་། སྐྱིད་པའི་ལྗན་ལྗིན་ཐམས་ཅད་ལས་ རྣམ་པར་འདས་པ་སངས་རྒྱས་ཀྱི་རྒྱལ་སྲིད་དང་ཆོས་ཀྱི་སྒྱིད་པ་ལ་མངོན་པར་མོས་པ། འཇིག་རྟེན་གྱི་དགའ་བ་ཐམས་ཅད་ཀྱིས་མ་གོས་པའི་ཡིད་ལ་བྱེད་པ་དང་ 73-1-229a ལྡན་པ། འཇིག་རྟེན་ལས་འདས་པའི་དགའ་བས་སེམས་ཤིན་ཏུ་སྤེལ་བ། འཇིག་རྟེན་གྱི་སྐྱིད་པ་ཟང་ཟིང་དང་བྲལ་བའི་ཡིད་དང་ལྡན་པ། སྤྲོས་པ་མྱེད་པའི་སངས་རྒྱས་ཀྱི་ཆོས་ལ་གནས་པ། རབ་ཏུ་འཐོབ་པར་མངོན་པར་ཞུགས་པ་དེས་རྒྱ་མཚོའི་མཐར་ཐུག་པའི་ས་ཆེན་པོ་གྲོང་རྡལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། ཡུལ་དང་ཡུལ་གྲུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་སྐྱེ་བོ་དུ་མས་ཡོངས་སུ་གང་ བ། བདེ་བའི་རྣམ་པ་ཐམས་ཅད་དང་། སྐྱེ་བོས་རྒྱས་པའི་ཁྱིམ་གྱིས་གང་བ། བཟའ་ཤིང་གི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྩེ་ཞིང་དགའ་བར་བྱེད་པའི་གཞི་དང་ལྡན་པ། ཆུ་ཀླུང་ཡིད་དུ་ འོང་བ་སྣ་ཚོགས་དང་། གྲིབ་ཤིང་དང་བཟའ་ཤིང་མདངས་དགའ་བས་ཤིན་ཏུ་བརྒྱན་པ་འཁྲུག་ལོང་མེད་ཅིང་ཤིན་ཏུ་བདེ་བ། གཞན་གྱི་ཁམས་ཤིན་ཏུ་བདེ་བ། གཞན་གྱི་ཁམས་ཤིན་ ཏུ་བཅོམ་པ། བདག་གི་ཁམས་ལ་ཉམས་པ་མེད་པ། གསེར་དང་རིན་པོ་ཆེའི་མཛོད་དང་བང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བརྒྱན་པ། བུ་དང་བུ་མོ་དང་ཆུང་མ་དང་འཁོར་ སྣ་ཚོགས་དང་། ཆུང་མའི་འཁོར་སྣ་ཚོགས་ཡོད་པ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཕོ་བྲང་ཆེན་པོ་ཡོད་པ་དེ་ལྟ་བུ་ཆོས་ཀྱི་དོན་ཡོད་ པ་དེ་ལྟ་བུ་ཆོས་ཀྱི་དོན་དང་ཆོས་བཙལ་བའི་ཕྱིར་ཚིག་དང་། ཡི་གེའི་འབྲུ་གཅིག་གི་དོན་དུ་ཡང་རྒྱལ་པོའི་སྲིད་སྙིང་པོ་མེད་པ་ལས་སྙིང་པོ་བསྐྱེད་ཅིང་ཆོས་ལ་དཀོན་པའི་འདུ་ཤེས་རབ་ཏུ་ བསྐྱེད་ནས། འགྲོ་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དང་། སྒྲིབ་པ་མྱེད་པ་དང་། ཐམས་ཅད་མཁྱེན་པའི་ལམ་རྣམ་པར་དག་པ་ཚོལ་ཞིང་ཇི་ལྟར་ 73-1-229b བྱང་ཆུབ་སེམས་དཔའ་མཐུ་ཆེན་དཔལ་དང་། རྒྱལ་པོ་ཁྱད་པར་དཔལ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་ཀྱང་ཇི་ལྟར་སྤྱད་པར་གྱུར་པ་དེ་བཞིན་ དུ་ཡོངས་སུ་གཏང་བར་བྱ་བའི་ཚེ། ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་པ་ཡོངས་སུ་བཏང་སྟེ་ཆོས་བཙལ་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ལག་ཤིན་ཏུ་ཆེ་བར་གཏོང་བ་ལ་མངོན་པར་མོས་ཤིང་ཤིན་ཏུ་ཡངས་པའི་གཏོང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྱོད་པ་ མེད་པར་སྦྱིན་པའི་བདག་པོར་གྱུར་ཏེ། གཏང་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་དང་སྲོག་དང་ཡོ་བྱད་ལ་མྱི་ལྟ་བས་ཆོས་ཚོལ་བ་ལ་ཤིན་ཏུ་ བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པས་ཚིམ་པར་བྱ་བ་ལ་བརྩོན་ཅིང་ཆོས་ཐོབ་པར་བྱ་བས་ཤིན་ཏུ་དགའ་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་ཡིད་དགའ་བ་རབ་ཏུ་ཐོབ་ཅིང་ཆོས་ལ་མངོན་པར་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཚོལ་བའི་སེམས་ཆེན་པོས་སྤྱོད་པ་དང་། བྱང་ཆུབ་ཚད་མེད་ པ་རྙེད་པས་ལུས་དང་སྲོག་དང་འཇིག་རྟེན་གྱི་སྐྱིད་པ་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་དང་སྲོག་ལ་མྱི་ལྟ་ཞིང་ཆོས་ཀྱིས་དགའ་བའི་མཐར་ཐུག་པ་ ཆོས་ཀྱི་རིམ་གྲོ་དང་སྲི་ཞུ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཤིན་ཏུ་དཀོན་པ་མཉན་པ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བསྟན་ 73-1-230a པ་ཡང་དག་པར་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་གྱི་དྲིང་མི་འཇོག་པའི་མཐར་ཕྱིན་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྣང་བ་རབ་ཏུ་ཐོབ་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་རབ་ཏུ་ཤེས་པའི་ཡིད་ཀྱིས་ཐེ་ཙོམ་གྱི་ཟུག་རྔུ་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་རྟོགས་པ་མང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་བརྩལ་བ་དང་། ཆོས་ཐམས་ཅད་ཀྱི་དོན་དང་བདེ་བའི་ལམ་གྱི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབང་ཕྱུག་བྱེད་ཅིང་སྲོག་གཅོད་པ་སྤང་བ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། འཛམ་བུའི་གླིང་གི་གྲོང་དང་། གྲོང་ ཁྱེར་དང་། ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་ཐམས་ཅད་ཀྱི་ཤན་པ་དང་། གསད་པའི་གནས་ཐམས་ཅད་རྣམ་པར་གཅོད་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རི་དགས་མང་པོ་ལ་མི་འཇིགས་པའི་སྦྱིན་པ་བྱེད་པ་དང་། ལྟོས་པ་མྱེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཁོན་མེད་པའི་སེམས་ཀྱིས་རྒྱལ་པོའི་སྲིད་ཐམས་ཅད་ལ་ གནས་པ་དང་། སེམས་ཅན་མི་བདེ་བ་དང་། སྡུག་བསྔལ་ཐམས་ཅད་སེལ་བ་དང་། འགྲོ་བ་ཐམས་ཅད་ལ་བདེ་བར་བྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ནི་རིན་པོ་ཆེ་དང་འདྲ་བའི་ བསམ་པ་རིན་པོ་ཆེ་རབ་ཏུ་བསྒྲུབ་པ་དང་། སྡོམ་པ་གསུམ་རྣམ་པར་དག་པ་ལ་བདག་གནས་ཤིང་གཞན་རབ་ཏུ་འཇོག་པའི་ཚེ། སྲོག་གཅོད་པ་སྤངས་པ་དང་། བསླབ་པ་ལྔ་ལ་སེམས་ཅན་ 73-1-230b རབ་ཏུ་གཞག་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་སོ་སོར་ཐོབ་ཅིང་སྲོག་ གི་དབང་པོ་བཅད་དུ་མེད་པ་དང་། ཚེ་རིང་ཞིང་ཤེས་རབ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ཆ་དང་ལྡན་ཞིང་ཚེ་དཔག་ཏུ་མྱེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་གཞན་གྱི་གནོད་པས་སྲོག་འགག་པར་མི་འགྱུར་ཞིང་རྒ་ཤི་མྱེད་པའི་ཆོས་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེ་ཇི་སྲིད་འདོད་ཅིང་བསམས་པར་གནས་པ་ལ་ མཁས་ཤིང་ནད་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱི་མའི་མཐའི་བསྐལ་པ་བྱེ་བ་བརྒྱར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཡོངས་སུ་ སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་ཏེ། ཚེ་འགག་པ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་དགེ་བའི་རྩ་བ་ཡང་དག་པར་བསྩགས་པའི་འབྱུང་གནས་སུ་གྱུར་ཅིང་ཚེའི་ དངོས་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེའི་ཚད་འགག་པ་མྱེད་པའི་དགེ་བའི་རྩ་བ་དང་། སྨོན་ལམ་ཡོངས་སུ་རྫོགས་པས་དགེ་བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཚེའི་ཚད་ཟད་མི་ཤེས་པའི་དགེ་བའི་རྩ་བ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་མཐོང་བ་དང་མཉེས་པར་བྱ་བའི་དུས་དང་མཉམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པའི་ ཆོས་ལ་དགའ་བ་རབ་ཏུ་ཐོབ་ཅིང་སྲོག་གི་དབང་པོ་མེད་པ་དང་། འཕགས་པའི་སྐྱེ་མཆེད་ལ་བསླབ་པར་བྱ་བ་ཤིན་ཏུ་བསླབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐུ་སྟོབས་དང་། བརྩོན་ 73-1-231a འགྲུས་ཟད་མྱི་ཤེས་པ་རབ་ཏུ་ཐོབ་སྟེ། སངས་རྒྱས་ཀྱིས་ཡེ་ཤེས་ཀྱིས་དབང་བསྒྱུར་བ་ལ་རབ་ཏུ་འཇོག་པ་དང་། རྒ་བ་དང་ན་བ་མྱེད་པའི་ཚེ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས། དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡེ་ཤེས་ཤིན་ཏུ་རྫོགས་པར་འགྱུར་བའི་ཕྱིར་སྲོག་གཅོད་པ་སྤངས་བ་དང་། སྡོམ་ པ་གསུམ་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་རྐང་བཞི་པ་དང་། མྱིར་འགྱུར་བ་རྣམས་ཀྱི་ཕོ་མཚན་གཅད་ པར་གྱུར་ཅིང་སྐྱེས་པའི་རང་བཞིན་དང་བྲལ་བར་གྱུར་པ། སྐྱེས་བུའི་དངོས་པོ་གཞིག་པར་གྱུར་པ། རྙུག་རུམ་གྱི་དངོས་པོ་ལ་གཞག་པར་གྱུར་པ། ལུས་ལ་གནོད་པ་ཤིན་ཏུ་མི་ཟད་པར་གྱུར་པ། མཐོང་བར་གྱུར་ པའི་དངོས་པོ་ལས་བཟློག་པར་གྱུར་པ། ཕོ་མོས་གཉིས་ཀ་མ་ཡིན་པའི་སྐྱེ་གནས་སུ་གཞག་པར་གྱུར་པ། སྡུག་བསྔལ་གྱི་ཚོར་བས་མནར་བར་གྱུར་པ། ལུས་མི་བདེ་བས་ཤིན་ཏུ་གཟིར་བར་གྱུར་པ་སྐྱེས་པའི་ ཚུལ་གྱིས་དཔག་པ་ཙམ་དུ་གྱུར་པ་རྟེན་པའི་ལུས་འགག་པར་གྱུར་པ་དང་། སེམས་ཅན་རྣམས་ཀྱི་གནོད་པའི་རྣམ་པ་དེ་ལྟ་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་ན། བྱམས་པ་ཆེན་པོས་ སེམས་ཅན་རྣམས་ཡོངས་སུ་སྐྱོབ་ཅིང་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། འགྲོ་བ་ཐམས་ཅད་ལ་ཕན་འདོགས་པས་འཛམ་བུའི་གླིང་གི་སྐྱེས་པ་ལས་ཉམས་པར་འགྱུར་བ་ཐམས་ཅད་རྣམ་པར་བཟློག་གོ། །རབ་ཏུ་ རྒྱུན་གཅོད་དོ། །ཡོངས་སུ་སྐྱོབ་བོ། །རྣམ་པར་ཆད་པར་བྱེད་དོ། །ཆོས་དང་མཐུན་པའི་མཛོད་དང་། བདེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་གཏོང་ཞིང་ཚིག་འདི་སྐད་དུ་བརྗོད་དོ། ཁྱེད་ཀྱིས་གང་གི་ཕྱིར་སྡིག་ 73-1-231b པའི་ལས་རྣམ་པ་འདི་ལྟ་བུ་བྱ་བར་གྱུར་པ་དེའི་བདེ་བ་དང་། ཕན་པའི་རྣམ་པ་ཐམས་ཅད་ངས་སྦྱར་གྱིས། སྡིག་པའི་ལས་ཀྱི་རྣམ་པ་འདི་ལྟ་བུ་དག་ཚུལ་བཞིན་མ་ཡིན་པ་ལ་འཇུག་པར་སེམས་བསྐྱེད་པས་བདེ་ བ་མྱོང་བའི་དོན་དུ་ཁྱེད་མ་བྱེད་ཅིག །དེ་ལྟར་ཕ་རོལ་ལ་སྡིག་པའི་ལས་འདི་ལྟ་བུ་དག་བྱས་ཤིང་བདག་གིས་བདེ་བའི་ཚོར་བ་མྱོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ། དེའི་གནས་མེད་དོ། །འདི་ལྟར་སྡིག་པའི་རྣམ་པ་འདི་ ལྟ་བུ་ལ་སྤྱོད་པ་འདི་སངས་རྒྱས་ཐམས་ཅད་ཀྱིས་སྨད་པའོ་ཞེས་ནས། དེ་མ་ཡིན་པའི་མི་དགེ་བའི་ཆོས་གཞན་དག་བྱེད་པ་མཐོང་ན་ཡང་རྣམ་པར་བཟློག་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་སྦྱིན་པ་ཐམས་ཅད་ཡོངས་སུ་གཏང་ བས་ཡང་དག་པར་སྡུད་དོ། །ཡོ་བྱད་ཐམས་ཅད་ཀྱིས་ཀྱང་མངོན་པར་བསྡུད་པར་བྱེད་དོ། །འདི་ལྟ་སྟེ་དབེན་པའི་ཆོས་ལ་ཡིད་ཆེས་པར་བྱེད་པ་དང་། དགེ་བའི་ལས་ཤིན་ཏུ་བསྩགས་པ་དང་། མི་དགེ་བའི་ལས་ ཕན་ཚུན་དུ་བྱམས་པའི་སེམས་ཀྱིས་སྤྱད་པ་དང་། ཕན་ཚུན་དུ་མི་གནོད་ཅིང་མི་འཚེ་བའི་ཕྱིར་ལེགས་པར་བཤད་པས་ཀྱང་ཤིན་ཏུ་མོས་པར་བྱེད་དོ། །སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཚིག་ ཐོས་ནས་སྡིག་པའི་ལས་དེ་ལས་ལྡང་ངོ་། །རྣམ་པར་ལྡོག་གོ། མྱི་སྤྱོད་དོ། །དེས་དེ་ལྟར་སྒྲིབ་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མཚན་གསང་བ་སྦུགས་ནས་ འདུག་པ་དང་ལྡན་ཞིང་སྐྱེས་བུའི་མཚན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བརྩོན་འགྲུས་དང་ལྷག་པའི་བསམ་པ་དང་། ཚངས་པའི་སྤྱོད་པ་རྣམ་པར་དག་པས་སྤྱོད་ཅིང་སྐྱེས་བུའི་ མཚན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མེད་པའི་ཡེ་ཤེས་ལ་ཡང་དག་པར་གནས་པ་ལས་མི་ལྡོག་ཅིང་ཤིན་ཏུ་བརྟན་པས་དབང་བསྒྱུར་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ 73-1-232a ཐམས་ཅད་འདོད་པའི་དགའ་བས་མི་བཟློགས་མི་འཆགས་པ་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨད་པ་མེད་པར་ཐམས་ཅད་མཁྱེན་པར་འབྱུང་བའི་ཡེ་ཤེས་བཟང་པོ་དང་ལྡན་ ཞིང་སྐྱེས་བུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་བྱུང་བའི་དགེ་བའི་རྩ་བ་དང་ལྡན་ཞིང་སྐྱེས་བུ་ཆེན་པོའི་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྨད་དུ་བྱུང་བའི་ཚོགས་ལ་ གནས་པ་རབ་ཏུ་ཐོབ་ཅིང་དུས་ཐམས་ཅད་དུ་སྐྱེས་བུའི་དབང་པོ་ཉམས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བས་དབང་སྒྱུར་ཞིང་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་གནས་པ་དང་། འདོད་པ་ལྔའི་ཡོན་ཏན་གྱི་དགའ་བ་ལ་མ་ཆགས་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཀྱི་ཤེས་ཤིང་ཡིད་ཆེས་པའི་དུལ་ བ་དང་ལྡན་ཞིང་སྐྱེས་བུ་མཁས་པའི་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་དམ་པ་སངས་རྒྱས་ཀྱི་མཁྱེན་པ་ལ་ཞུགས་པའི་ཡེ་ཤེས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མཐུ་རྩལ་དང་ལྡན་པར་གྱུར་ ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ཡོངས་སུ་བསྲུང་བ་ལ་ཞུགས་པ་སྐལ་བ་དང་ལྡན་པ་འཕགས་པའི་སྐྱེ་གནས་སུ་སྐྱེས་པ་དང་། འཐོབ་པའི་ཡེ་ཤེས་ཀྱི་སྐྱེ་གནས་ དང་། རིགས་ལ་ཡང་དག་པར་བརྩོན་པ་སྐྱེས་བུ་ཁྱད་པར་དུ་འཕགས་པའི་ཚུལ་ཤེས་པས་ཡང་དག་པར་སྤྱོད་པ། སྐྱེས་བུའི་ཚུལ་བདུན་ཡང་དག་པར་མཐོང་ཞིང་རྟོགས་པ། སྐྱེས་བུ་ཆེན་པོའི་མཐུ་རྩལ་ དམ་པ་དང་། སྐྱེས་བུའི་མཐུ་རྩལ་མ་ནོར་བ་དང་། སངས་རྒྱས་ཀྱི་བསྟན་པའི་སྐྱེས་བུའི་མཐུ་རྩལ་དང་། དཔའ་བའི་སྐྱེས་བུའི་མཐུ་རྩལ་དང་། བརྟན་པའི་སྐྱེས་བུའི་མཐུ་རྩལ་གྱིས་ཡང་དག་པར་བཟུང་བ་དེ་ 73-1-232b སྐྱེས་བུའི་དབང་པོ་གཅད་པ་མྱེད་པར་བྱས་པ་དང་། སྐྱེས་བུའི་དབང་པོ་བརྟན་པར་བྱས་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་གང་གིས་དེ་བཞིན་ གཤེགས་པའི་རབ་ཀྱི་མཐུ་རྩལ་ཡོངས་སུ་དག་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། མཁྱེན་པ་དང་ལྡན་པའི་སྐྱེས་བུར་གྲུབ་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པར་བྱེད་པ་དང་། ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་། །ཀྱེ་མ་སངས་ རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས། སངས་རྒྱས་ཀྱི་སྒྲ་སྒྲོག་ཅིང་། སངས་རྒྱས་ཀྱི་དབྱངས་ཀུན་ཏུ་གྲགས་པར་བྱེད་པ་དང་། སེམས་ཅན་གྱི་ང་རྒྱལ་དང་། བག་མེད་པ་དང་། སྤྲོས་པ་ ཐམས་ཅད་རྣམ་པར་བཟློག་པ་དང་། སངས་རྒྱས་མཐོང་བར་སེམས་ཅན་རྣམས་ཡང་དག་པར་སྟོབ་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། སེམས་ཅན་ ཐམས་ཅད་སངས་རྒྱས་ལ་གཞོལ་བར་བྱེད་པ་དང་། སངས་རྒྱས་དམྱིགས་པ་ལ་བརྩོན་པའི་སེམས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་རིམ་འགྲོ་བྱེད་པ་དང་། སངས་རྒྱས་ རྣམ་པར་རྟོགས་པའི་སེམས་ཅན་རྣམས་ལ་སྟོན་པ་དང་། སངས་རྒྱས་ལ་གཞོལ་བར་བྱེད་པ་དང་། སངས་རྒྱས་བརྗོད་པ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་དང་། བསྐལ་པ་བྱེ་བར་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེ་བ་ནི་ཤིན་ཏུ་དཀོན་ནོ་ཞེས་བྱ་བའི་ཚིག་སེམས་ཅན་རྣམས་ལ་བརྗོད་པ་དང་། སེམས་ཅན་དེ་དག་གིས་ཀྱང་དེའི་ཕྱིར། སངས་རྒྱས་མཐོང་བར་གྱུར་པ་དང་། 73-1-233a སངས་རྒྱས་ལ་རིམ་འགྲོ་དང་ཞེ་ས་བྱེད་པ་དང་། དགའ་བ་དང་སྤྲོ་བ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉན་པ་དང་། སངས་རྒྱས་གྲངས་མྱེད་པ་ལ་ཤིན་ཏུ་བསྐྱེད་ པའི་དགེ་བའི་རྩ་བ་སྩོགས་པ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པའི་སངས་རྒྱས་ཀྱི་གཏེར་རྣམ་པར་སྤྱོད་པ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་དེ་བཞིན་གཤེགས་པ་ རྣམས་ཀྱི་དྲུང་དུ་ཡོངས་སུ་སྨྱིན་པར་བྱེད་པ་དང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དམ་པ་རབ་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་ཆོས་ལ་ གནས་པར་གྱུར་པ་དང་། འཇིག་རྟེན་ཐམས་ཅད་དུ་བསྐལ་པ་གྲངས་མྱེད་པར་བསྐྱེད་ཅིང་སྤེལ་བའི་དགེ་བའི་རྩ་བས་སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་པར་བསྒྲག་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་ བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་མཉེས་པར་བྱས་ཏེ། མྱི་མཉེས་པར་མི་བྱེད་པ་དང་། སངས་རྒྱས་ལྟ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ ཅད་སངས་རྒྱས་ལྟ་བ་ཡིད་ལ་བྱ་བ་དང་། མ་བྲལ་ཞིང་སངས་རྒྱས་བལྟ་བར་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གསུང་དང་། ཆོས་ཀྱི་མཛོད་ཡང་དག་པར་འཛིན་ཅིང་ ཡེ་ཤེས་སྒོམ་པ་ཤིན་ཏུ་མང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཉན་པ་དང་མི་འབྲལ་ཞིང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ ཀྱི་སྒྲ་འབྱིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་འབྱུང་བ་ཐམས་ཅད་མཐོང་ཞིང་ཡེ་ཤེས་ཡང་དག་པར་གཟུང་བའི་ཕྱིར། དྲན་པ་ཉེ་བར་གཞག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ 73-1-233b ཡིད་ལ་བྱ་བ་དང་། མཐོང་བའི་མཐུ་ལ་བརྩོན་ཞིང་ཡིད་ལ་བྱ་བ་ལས་གཞན་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཀུན་ཏུ་སངས་རྒྱས་མཐོང་བའི་འབྱུང་གནས་ལ་ཞུགས་ཤིང་། ཕྱོགས་ཀུན་ ཏུ་སངས་རྒྱས་མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀུན་ཏུ་སངས་རྒྱས་བྱུང་བ་བརྗོད་པ་ལ་བརྩོན་ཞིང་། སངས་རྒྱས་ཀྱི་སྐུས་བྱིན་གྱིས་བརླབས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་མོས་པ་དང་། དད་པ་མྱི་ཤིགས་པ་དང་། སྙིང་ཐག་པ་བསམ་པས་སངས་རྒྱས་ཐམས་ཅད་དང་འགྲོགས་པར་གྱུར་ཏེ། དགེ་བའི་བཤེས་གཉེན་གྱིས་སངས་རྒྱས་ཀྱི་ཆོས་རྫོགས་པར་ཐོབ་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་སྐྱེ་བ་དོན་ཡོད་པས་འགྲོ་བ་ཐམས་ཅད་རྣམ་པར་སྦྱོང་བའི་ཕྱིར་སངས་རྒྱས་སྐྱེ་བ་ཐམས་ཅད་རབ་ཏུ་བརྗོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་སྐྱེ་བ་བརྗོད་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མཐོང་བ་དང་། མཉེས་པར་བྱེད་པ་དང་མི་མཉེས་པར་མྱི་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་བླ་ན་ མྱེད་པ་ཐམས་ཅད་ཡོངས་སུ་དག་པའི་མཐར་ཕྱིན་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕོ་བྲང་གི་ལོངས་སྤྱོད་དམ། བྱང་ཆུབ་སེམས་ དཔའ་དགེ་བའི་བཤེས་གཉེན་རྣམས་ཅི་དགའ་བའི་ལོངས་སྤྱོད་དམ། འཕགས་པའི་དགེ་འདུན་གྱི་གཙུག་ལག་ཁང་གི་ལོངས་སྤྱོད་དམ། ཕ་མ་གནས་པའི་གནས་སམ། ཉན་ཐོས་དང་རང་སངས་རྒྱས་སམ། གང་ཟག་ གི་རྣམ་པ་སྦྱིན་པའི་གནས་དག་གམ། དེ་མ་ཡིན་པའི་ཕོངས་པ་དང་། བཀྲེན་པ་སློང་ཞིང་ལེན་པ་དག་གམ། འཁོར་བཞི་ཕོངས་པ་མྱེད་པར་གནས་པས་གནས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པའི་གནས་ 73-1-234a སམ། ཡོ་བྱད་སྣ་ཚོགས་གཞག་པའི་གནས་ཅི་འདོད་པའི་ལོངས་སྤྱོད་དུ་བྱ་བ་འམ། འཇིགས་པ་དང་དོགས་པ་མྱེད་ཅིང་དགྲ་དང་བྲལ་བ་སྐྱི་གཡའ་བ་མྱེད་པའི་གནས་ཀྱི་ས་དག་འབུལ་བའི་ཚེ། སའི་སྦྱིན་པ་ཡོངས་ སུ་བཏང་བས་ཡུལ་ཅི་འདོད་པར་བྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཕ་རོལ་ཏུ་ ཕྱིན་པ་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འཛིན་པ་ལ་དྲན་པའི་དབང་པོ་རྨོངས་པ་མྱེད་པས་ས་ལྟ་བུར་དག་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་ཞུགས་ཤིང་ཡང་དག་པར་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཞེ་སྡང་བ་མྱེད་ཅིང་དགེ་བའི་རྩ་བ་བསམ་པ་རྣམ་པར་སྦྱང་བ་ལ་ བརྩོན་པས་སེམས་དང་མཉམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་མཁས་ཤིང་སངས་རྒྱས་ ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པ་ལ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་རྣམ་པར་དག་པའི་ལམ་ལ་ཞུགས་ཏེ་གནས་སུ་རེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྟོབས་ལ་རབ་ཏུ་དགོད་པར་བརྩོན་ཞིང་སངས་རྒྱས་ལྟ་བུར་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དགའ་བ་བླ་ན་མེད་པར་ འགྲོ་བ་ཐམས་ཅད་ཀྱི་དགའ་བར་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྟོབས་དང་། མྱི་འཇིགས་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་ཏེ། རབ་ཏུ་འགོད་པ་ལ་མཁས་པར་གྱུར་ཅིག ། 73-1-234b སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱིས་རྣམ་པར་བརྩེ་ཞིང་ཡོངས་སུ་སྤྱོད་པ་ཐོབ་སྟེ། ས་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སའི་ སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ས་ཡོངས་སུ་དག་པས་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སེམས་ ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་བྱུང་བ་རྣམས་ལ་རིམ་འགྲོའི་དོན་དུ་བདག་གི་བྲན་དང་ལས་བྱེད་པ་རྣམས་འབུལ་བ་འམ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྤེལ་བའི་བརྩོན་པ་རྣམས་སམ། འཕགས་པའི་དགེ་འདུན་དཀོན་མཆོག་གམ། ཕ་དང་མ་དང་། སློབ་དཔོན་དང་། བླ་མའི་སྦྱིན་པའི་གནས་ལ་བྲན་དང་། ལས་བྱེད་པའི་མི་འབུལ་བ་དང་། སེམས་ཅན་ནད་པ་རྣམས་ལ་རིམ་གྲོ་བྱེད་པ་མེད་པས་འཆི་བར་མི་འགྱུར་བའི་རིམ་གྲོ་བྱ་བའི་ཕྱིར་བྲན་དང་། ལས་བྱེད་པའི་མི་སྦྱིན་པའམ། དེ་མ་ཡིན་པའི་སེམས་ཅན་གཡོག་མེད་པ་ལ་བྲན་དང་ལས་བྱེད་པའི་མི་གཏོང་བའམ། ཕོངས་པ་དང་བཀྲེན་པ་སློང་ཞིང་ལེན་པ་གཞན་དང་། གཞན་དག་ལ་བྲན་དང་ལས་བྱེད་པའི་མི་གཏོང་བ་འམ། དེ་བཞིན་ གཤེགས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་མཆོད་རྟེན་བསྲུང་བའི་ཕྱིར་འབུལ་བ་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཕྱིར་ཡི་གེ་དང་གྲངས་ལ་ཤིན་ཏུ་བསླབས་པའི་མི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་ པོ་འབུལ་བ་བྱེད་ཅིང་རིམ་གྲོ་བྱེད་པ་དེ་དག་ཀྱང་མཁས་པ། ཚུལ་ཤེས་པ། ཅང་ཤེས་པ། བརྩོན་པ་ལེ་ལོ་མེད་པ་དྲན་པ། དྲང་པོ་དང་ལྡན་པ། ཕན་པར་སེམས་པ། བདེ་བར་སེམས་པ། བྱམས་པར་ 73-1-235a སེམས་པ། རིམ་གྲོ་བྱེད་པའི་ངང་ཚུལ་ཅན། ཁོན་མེད་པ། གཙུགས་མེད་པར་ཡོངས་སུ་སྤྱོད་པ། བཟོ་དང་སྒྱུ་རྩལ་སྣ་ཚོགས་དང་། གྲངས་ལ་ཤིན་ཏུ་བསླབས་པའི་ཤེས་པ་གསལ་བ་ཅན། རིམ་པའི་ཚུལ་ཤེས་པ། དགའ་བར་བྱེད་ཅིང་རིམ་གྲོ་བྱེད་པ་ལ་བརྩོན་ཞིང་སྟོང་བ། བྱང་ཆུབ་སེམས་དཔའི་ལས་ལས་བྱུང་བ། ཡིད་དུ་འཐད་པ། རིམ་གྲོ་བྱེད་པ། སེམས་ཤིན་ཏུ་དང་བ། དེ་ལྟ་བུའི་རིམ་གྲོ་པ་དག་གནས་གང་འོས་པ་དང་། ཅི་རིགས་པའི་དང་། ཕན་འདོག་པ་དེ་དང་དེ་དག་ལ་འབུལ་ཞིང་ཡོངས་སུ་གཏོང་བ་དང་། སྦྱིན་པ་བྱེད་པའི་ཚེ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རིམ་གྲོ་པ་ཡང་དག་པར་གཏོང་བ་དང་ ལྡན་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་དང་རིམ་གྲོ་བྱ་བ་ལ་མཁས་ཤིང་བརྩོན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་སངས་རྒྱས་ཐམས་ཅད་ཀྱི་བཀའ་ཡང་དག་པར་ལེན་ཅིང་སངས་རྒྱས་ཐམས་ཅད་དང་འཐུན་པའི་རིམ་གྲོ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་ལ་བྱ་བ་དང་བསམ་པ་དང་རྣམ་པར་རྟོག་པ་གཞན་མེད་ཅིང་ སངས་རྒྱས་ཐམས་ཅད་ལ་རྟག་དུ་སྐབས་ཕྱེ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་ཀྱི་རིགས་ལས་མི་ཉམ་པ་དང་། སངས་རྒྱས་ ཀྱི་རྗེས་སུ་སྙེག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དོན་ཡོད་པར་དུས་ཐམས་ཅད་དུ་འཕྲད་ཅིང་སངས་རྒྱས་ཐམས་ཅད་ལ་དུས་དང་འཐུན་པར་རིམ་གྲོ་དང་བསྙེན་བཀུར་བྱེད་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་ཡི་གེ། རྣམ་པར་དག་པས་མི་འཇིགས་པས་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་ཀྱི་དོན་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་ལུས་དང་སྲོག་ཕུལ་ཞིང་། 73-1-235b སངས་རྒྱས་ཐམས་ཅད་ལ་ངོམས་མི་ཤེས་པར་ལྟ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་གནས་ཐམས་ཅད་ཡང་དག་པར་འཇོམས་པས། སངས་རྒྱས་ཐམས་ཅད་ལྟ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་ངོ་མཚར་དུ་འཛིན་པ་དང་། དེ་མ་ཡིན་པའི་གནས་གཞན་མེད་ཅིང་སངས་རྒྱས་ཐམས་ཅད་ལ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས། བླ་ན་མྱེད་པ་ལ་མངོན་དུ་གྱུར་ པའི་སེམས་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་རྗེས་སུ་འབྲང་བའི་བློ་གྲོས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་གྲོ་པ་ཡོངས་སུ་བཏང་བས་ཡང་དག་ པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྡུལ་མེད་ཅིང་། རྡུལ་དང་བྲལ་བ་དྲི་མ་མྱེད་པ་རྙོག་པ་མེད་པར་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་སྐུ་གཞན་ལ་རག་ ལུས་པ་མེད་པའི་རྟེན་གྱི་ཚུལ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དམའ་བར་བྱས་ཤིང་ས་ལ་འདིང་བའི་རྡོག་ལམ་ དང་འདྲ་བའི་སེམས་སུ་བྱས་ཏེ་ས་དང་འདྲ་བར་སྡུག་བསྔལ་ཐམས་ཅད་བཟོད་པ། མི་འགྱུར་བ་མི་སྐྱོ་བ། སེམས་ཅན་ཐམས་ཅད་རིམ་གྲོ་བྱེད་པས་ངལ་བ་མེད་པའི་ཡིད་དང་ལྡན་པ། སེམས་ཅན་ ཐམས་ཅད་ཀྱི་སྦྱིན་བདག་དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྟོབས་པའི་སེམས་དང་ལྡན་པ། འགྲོ་བ་བྱིས་པས་ཉེ་བར་བྱས་པ། ཉམས་སུ་ལེན་ཅིང་རྣ་ལ་གཟོན་པའི་ངང་ཚུལ་ཅན། དགེ་བ་ཤིན་ཏུ་ བརྟན་པ་ལ་བརྩོན་པ་ཡིད་ལ་བྱེད་པ། བཟང་པོས་གནས་པ་ལ་བརྩོན་པ། སེམས་ཅན་རྣམས་ཐམས་ཅད་བསྙེན་བཀུར་བའི་སེམས་ཀྱིས་བདག་ཉིད་རིམ་གྲོ་པར་འབུལ་བའི་ཚེ། དགེ་བའི་རྩ་བ་འདི་ 73-1-236a དག་འདི་ལྟར་ཡོངསུ་བསྔོ་སྟེ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་རིམ་གྲོ་བྱས་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་ དཔའི་དོན་ཉམས་པ་མྱེད་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་ལམ་དུ་ལེགས་པར་ཞུགས་པར་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་བ་དང་། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་རིགས་སུ་བདག་ཉིད་བགྲང་བར་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པའི་བདེན་པའི་ཚིག་དང་འགྲོགས་པ་རྗེས་སུ་བསྲུང་བར་འགྱུར་བ་དང་། ཅི་ནས་ ཀྱང་ཁམས་གསུམ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་ལྷག་པའི་བསམ་པས་རྟོག་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྐྱོན་མྱེད་ཅིང་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་དེ་དག་ཐམས་ཅད་ཡོན་ཏན་ཆེན་པོ་ལ་རབ་ཏུ་ཞུགས་ཏེ། ཐམས་ཅད་ མཁྱེན་པའི་མཐར་ཤིན་ཏུ་ཐུག་པར་འགྱུར་བ་དེ་ལྟར་ཡོངས་སུ་བསྔོའོ། །དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། འདི་ལྟར་ལུས་ཀྱི་རིམ་གྲོ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་གང་ བསྩགས་པ་དེས་སེམས་ཅན་ཐམས་ཅད་ཡོངས་སུ་རྟོགས་པའི་ཆོས་ཅན་རབ་ཏུ་འཛིན་པའི་ཆོས་ཅན། ཡང་དག་པར་ལེན་པའི་ཆོས་ཅན། མྱི་འཁྲུལ་པའི་ཆོས་ཅན། ཆུད་མྱི་ཟ་བའི་ཆོས་ཅན། མི་ཉམས་པའི་ཆོས་ཅན། མི་འབྲལ་བའི་ཆོས་ཅན། ཡིད་ཤིན་ཏུ་དུལ་བའི་ཆོས་ཅན། མ་དུལ་བ་དུལ་བའི་ཆོས་ཅན། ཆོས་ཀྱིས་ཉེ་བར་དུལ་བའི་ཆོས་ཅན་གྱི་རིམ་གྲོ་པ། སངས་རྒྱས་ 73-1-236b ཐམས་ཅད་ལ་ཤིན་ཏུ་ཉེ་བར་སེམས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་ནན་ཏན་དུ་བྱས་ཏེ། སེམས་ཅན་དེ་དག་ཐམས་ཅད་དགེ་བའི་རྩ་བ་ དེས་མཆོད་རྟེན་གྱི་དམ་པར་འགྱུར་བ་དང་། འགྲོ་བ་ཐམས་ཅད་བསྙེན་བཀུར་བར་འོས་པར་འགྱུར་བ་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་རྟོགས་པར་འགྱུར་བའི་ཕྱིར། སེམས་ཅན་སྦྱིན་ པའི་གནས་ཀྱི་དམ་པར་འགྱུར་བ་དང་། འགྲོ་བ་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ལེན་པའི་དམ་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་འཇུག་པའི་ཕྱིར། བསོད་ནམས་ཀྱི་དོན་དམ་པ་དང་ ལྡན་པར་འགྱུར་བ་དང་། སྦྱིན་པ་ཚད་མེད་པའི་ཕྱིར་སྲོག་གི་དམ་པ་དང་ལྡན་པ་དང་། ཁམས་གསུམ་ཐམས་ཅད་ནས་བྱང་ཆུབ་པའི་དམ་པར་འགྱུར་བ་དང་། ལམ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ སྟོན་པར་བྱ་བའི་ཕྱིར་དེད་དཔོན་དམ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བཟུང་བའི་ཕྱིར་གཟུངས་ཀྱི་དམ་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། ནམ་མཁའི་དབྱིངས་ལྟར་ཆགས་ པ་མེད་པའི་ལམ་གྱིས་འབྱུང་བའི་ཆོས་དབྱིངས་ཚད་མྱེད་པ་དམ་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་རིམ་གྲོ་བར་ཕུལ་བས་ཡང་དག་པར་བཟུང་ བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་གྱི་ཁམས་ཐམས་ཅད་ཕྱག་བྱར་འོས་པའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྡན་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དགའ་བ་དང་། དད་པ་དང་རབ་ཏུ་དགའ་ཞིང་དང་བའི་སེམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་དཀོན་མཆོག་བླ་ན་མེད་པ་ལ་མོས་པའི་བསམ་པ་དང་། 73-1-237a སངས་རྒྱས་ཐམས་ཅད་ལ་ཕར་སེམས་པའི་སེམས་བསྐྱེད་པ་དང་། ཆོས་བྱེ་བ་གྲངས་མེད་པ་ཚད་མེད་པའི་ཆོས་ཀྱི་ཁོང་དུ་ཆུད་ཅིང་ཡང་དག་པར་བཟུང་བ་དང་། ཤེས་རབ་ཆེན་པོའི་རིན་པོ་ ཆེ་ལ་ཡང་དག་པར་གཞོལ་བའི་དགེ་བའི་རྩ་བ་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་མཐའ་ཡས་པ་རྗེས་སུ་དྲན་པའི་སངས་རྒྱས་ཀྱི་ཡུལ་དང་། དོན་གྱི་རྗེས་སུ་འབྲང་བས་ དེ་བཞིན་གཤེགས་པའི་ལྡེམ་པོ་དག་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་ལས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཆར་མངོན་པར་བབ་པ་དང་། རྟུལ་ཕོད་པས་དབང་བསྒྱུར་ བ་སེམས་ཅན་ཀྱི་དཔའ་བས་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་ཐེག་པའི་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་གང་ཟག་གི་མཆོག་གི་སར་ཤིན་ཏུ་བསྟན་པ་དང་། ཆོས་ཆེན་པོ་བྱེ་བ་བརྒྱ་ སྟོང་ཚད་མེད་པས་ཤིན་ཏུ་བརྟན་པའི་དབང་པོས་བདག་གི་ལུས་འབུལ་ཞིང་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་ལྟ་བུར་ཉན་པས། དེ་བཞིན་གཤེགས་པ་ལ་དགའ་བ་ ཚད་མྱེད་པ་རྣམ་པར་འཕེལ་བའི་སེམས་དང་ལྡན་པ། ཆོས་སྤྱོད་པ་ལ་ཡང་དག་པར་གནས་པའི་སེམས་ཅན་དམ་པ་རང་གི་ཐེ་ཙོམ་ཆད་པ། གཞན་གྱི་ཐེ་ཙོམ་གཅོད་པ་ལ་རབ་ཏུ་ཞུགས་པ། རབ་ཏུ་དགའ་བའི་མཚན་མས་སེམས་ཉམས་པ་མྱེད་པ་དགེ་བའི་རྩ་བ་ཐམས་ཅད་དང་། ཡོན་ཏན་གྱི་འབྱུང་གནས་རབ་ཏུ་ཐོབ་པ། བསམ་པ་ཚད་མེད་པའི་སྤྱོད་པའི་རྗེས་སུ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སེམས་དང་ལྡན་པ། རྡོ་རྗེའི་སྙིང་པོ་ལྟ་བུའི་ཡེ་ཤེས་དམ་པའི་ཁྱད་པར་ཁོང་དུ་ཆུད་པའི་སེམས་བརྟན་ཞིང་ཤིན་ཏུ་གནས་པ་སངས་རྒྱས་ 73-1-237b ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་ཤིང་རྣམ་པར་དག་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་པ་ལས་མི་འབྲལ་བ་དེ་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དག་ལ་རབ་ཏུ་གནས་ཏེ། རང་གི་ལུས་དེ་བཞིན་ གཤེགས་པ་ལ་མངོན་པར་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཡངས་དག་པར་བཟུང་བའི་ལུས་དང་ལྡན་ཞིང་ མྱི་དམའ་བའི་ལུས་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་བལྟ་བ་དང་མི་འབྲལ་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པས་སངས་རྒྱས་ཐམས་ཅད་ལ་ཉེ་ བར་རྟེན་ཅིང་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་ཞིང་ཉམས་པ་མྱེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་ བྱ་བ་ལ་བརྩོན་ཞིང་མྱི་དམིགས་པར་ཚངས་པར་སྤྱད་པ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདག་དུ་བྱ་བ་དང་། བདག་གིར་བྱ་བ་ལས་གྱེན་དུ་འཕགས་ཤིང་བདག་གི་མྱེད་པའི་ལུས་རབ་ཏུ་ཐོབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་འཕངས་པ་མེད་པར་ལུས་ཡང་དག་པར་སྟོན་ཅིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་རྣམ་པར་བཀྲམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདག་མྱེད་ཅིང་ ཡོངས་སུ་འཛིན་པ་མྱེད་པར་འགྲོ་བས་གཞན་ལ་རག་ལས་པ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ལུས་ཀྱི་རིགས་དང་ལྡན་ཞིང་སངས་རྒྱས་ཀྱི་སྐུ་རབ་ཏུ་མངོན་པར་ སྐྱེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བཟོད་པའི་སྟོབས་ཀྱི་སེམས་ལ་ཐུག་པ་མེད་ཅིང་ཆོས་ཀྱི་སྟོབས་དང་ལྡན་པའི་ལུས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ 73-1-238a རྣམ་པར་དག་པར་ཡོངས་སུ་རྫོགས་པས་འདྲ་བ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དམྱིགས་པ་མེད་པའི་དབྱིངས་སུ་བྱུང་བས་འཇིག་རྟེན་ལས་འདས་པའི་བསོད་ནམས་ ཀྱི་ལུས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་ལ་རང་གི་ལུས་ཕུལ་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ ཅན་གྱི་ཁམས་ཐམས་ཅད་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དུ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ལ་འགྲོ་བ་ཀུན་ཀྱི་དགེ་བའི་རྩ་བ་ལྟར་ཕན་འདོགས་པ་བདག་ཉིད་ཡོངས་སུ་གཏོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཡང་དག་པར་སེམས་པ་དང་། མར་མེ་ལྟ་བུར་བདག་སེམས་ཅན་རྣམས་ལ་བསྙེན་པ་དང་། བདེ་བ་ལྟ་བུར་བདག་སེམས་ཅན་རྣམས་ལ་བྱིན་གྱིས་རློབ་པ་དང་། ཆོས་ཀྱི་གཞི་ལྟ་བུར་བདག་འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པ་དང་། སྣང་བ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་དང་། འགྲོ་བ་ཐམས་ཅད་ཀྱི་མིག་ཡོར་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་དང་། དགེ་བའི་རྩ་བའི་རྒྱུ་ལྟ་བུར་བདག་འགྲོ་ བ་ཐམས་ཅད་ལ་སྟོན་པ་དང་། དགེ་བའི་བཤེས་གཉེན་ལྟ་བུར་སེམས་ཅན་ཐམས་ཅད་ལ་སྟོབ་པ་དང་། ལམ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྟོན་པ། བླ་ན་མེད་པའི་བདེ་བའི་ རྣམ་པ་རབ་ཏུ་ཐོབ་པ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྤྱོད་པ་དང་། ཉི་མ་ལྟ་བུར་བདག་འགྲོ་བ་ཐམས་ཅད་ལ་སྙོམས་པར་བྱེད་པ་དང་། དེ་ལྟ་བུའི་ཆོས་དང་ལྡན་པར་བདག་སེམས་ 73-1-238b ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བའི་ཚེ། བདག་བཏང་བ་ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་ཡེ་ཤེས་ཀྱི་སར་རབ་ཏུ་ཕྱིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་ པའི་འཁོར་གྱི་དཀྱིལ་འཁོར་དུ་དུལ་བར་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱིར་སྤྱོད་པ་ལ་མཁས་ཤིང་སྤྱོད་པ། ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ དོན་དང་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལྡན་ཞིང་མྱ་ངན་ལས་འདའ་བའི་མཐུ་ཡོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བས་རབ་ཏུ་ཚིམ་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པས་དགོངས་པའི་དགེ་བས་མ་རིགས་པའི་བསམ་པ་སྤང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དྲུང་དུ་དགེ་བའི་རྩ་བ་དང་ལྡན་པས་ ཤིན་ཏུ་བྱུང་བར་ཅིག །སེམས་ཅན་ཐམས་ཅད་འཚེ་བའི་སེམས་བསྐྱེད་པ་དང་བྲལ་ཞིང་ཉོན་མོངས་པའི་དགྲ་ཤིན་ཏུ་ཆོམས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ ཡང་དག་པར་འཛིན་པའི་ཕྱིར་ཡོངས་སུ་བསྲུང་བ་ཐོབ་པར་གྱུར་ཅིག །ཅི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བདག་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་ པའི་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བདེ་བ་དང་ལྡན་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ 73-1-239a སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ལ་དྲིན་དུ་བཟོ་བའི་སེམས་བསྐྱེད་པས་སངས་རྒྱས་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་དང་། བུ་ལྟར་བསམ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རྣམ་པར་སྦྱང་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་འོད་སྣང་ཞིང་དང་བར་བྱིན་ཀྱིས་བརླབ་པ་དང་། འཇིག་རྟེན་གྱི་འདུ་ཤེས་ལས་བདག་ཕྱིར་ལོག་པར་བྱ་བ་དང་། བདག་གི་སངས་རྒྱས་ཀྱི་རིགས་སུ་གཏོགས་པར་བགྲང་བ་དང་། བདག་སངས་རྒྱས་ཐམས་ཅད་དང་འཐུན་པར་བཟུང་བ་དང་། བདག་བདུད་ཀྱི་ཡུལ་ལས་རིང་དུ་བྱ་བ་དང་། བདག་སངས་རྒྱས་ཀྱི་ཡུལ་ལ་མོས་པར་བྱ་བ་ དང་། བདག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་བྱིན་ཀྱིས་བརླབ་པ་དང་། དེ་ལྟ་བུའི་ཆོས་ལ་བརྩོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ ཚེ། དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དེ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་གྱུར་ཏེ། སེམས་ཉེ་བར་ བརྟན་པ་རྣམ་པར་དག་པར་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡིག་ཏོའི་ལས་ཐམས་ཅད་ལ་ཞེ་སྡང་ཞིང་ཅང་ཤེས་དང་ཡང་དག་པར་འགྲོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ ཏུ་འཐུན་བའི་ཆོས་ཅན་དུ་གྱུར་ཏེ། མི་ཕྱེད་པའི་གཡོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དབང་བསྐུར་བའི་བྱང་ཆུབ་སེམས་དཔའི་ས་ཐོབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སློབ་ མར་གྱུར་ཅིག །སེམས་ཅན་ཐམས་ཅད་མི་དགེ་བ་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ 73-1-239b ཆོས་སྐྱོན་མེད་པ་ལ་ཡང་དག་པར་སྤྱོད་ཅིང་། སངས་རྒྱས་ཐམས་ཅད་དང་འཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་ལ་དམྱིགས་ པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་སངས་རྒྱས་ཐམས་ཅད་ལ་རག་ལུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལན་མེད་པའི་ལས་ མངོན་པར་འདུ་བྱེད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉེ་བར་བཟུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ལ་བརྩོན་ཞིང་ སངས་རྒྱས་ཐམས་ཅད་ལ། བསྙེན་བཀུར་བྱེད་པའི་དམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་རིམ་གྲོ་བྱེད་པས། ཡང་དག་པར་ བཟུང་བའི་དགེ་བའི་རྩ་བ། དེ་དག་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་དུ་གྱུར་པས་ཡོངས་སུ་བསྔོའོ། །འཇིག་རྟེན་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཁམས་ གསུམ་པ་ཐམས་ཅད་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །གནོད་པ་མེད་པའི་རྒྱུད་ཀྱི་ཡོངས་སུ་བསྔོའོ། །ཚད་མེད་པའི་བྱང་ཆུབ་ཡངས་པ་ཐོབ་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ ཀྱིས་སྣང་བར་བྱས་པའི་ཤེས་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་བཟུང་བས་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་མོས་པས་ཡོངས་སུ་བསྔོའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། དགེ་བའི་རྩ་བ་གཅིག་ 73-1-240a ཏུ་བྱས་ཏེ་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འགྱོད་པ་མེད་པའི་ཕྱིར་སེམས་ཤིན་ཏུ་རྫོགས་པར་འགྱུར་བ་དགེ་བའི་རྩ་བ་དེ་དག་ཡོངས་སུ་ བསྔོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅོ་བརྒྱད་པ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་ སུ་འཛིན་པ་ཐམས་ཅད་ལས་རྣམ་པར་འདས་པ། རྒྱལ་པོའི་སྲིད་ལ་ཞེན་པའི་བསམ་པ་མེད་པ། མ་ཆགས་པའི་སེམས་དང་ལྡན་པ། སྐྱིད་པས་མ་བཅིངས་པ། རྒྱལ་པོ་སྲིད་ལ་ཡོངས་སུ་འཛིན་ པ་མེད་པ་ཡོངས་སུ་བཟུང་བ་ལ་མི་གནས་པ། མ་བཏང་བ་གཏོང་བ། དབང་ཕྱུག་ལ་མ་ཆགས་པ། གནོད་པ་མེད་པའི་ལས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་སེམས་པ་དེ་ རྒྱལ་པོའི་སྲིད་ཡོངས་སུ་གཏོང་བའི་ཚེ། རྒྱལ་པོའི་སྲིད་བྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་ལས་ཀྱི་རྣམ་པར་སྨྱིན་པ་ལ་ཡེ་རྔམ་པ་མྱེད་པར་ དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་འཇིག་རྟེན་གྱི་ཆོས་ལ་དགའ་བ་མི་སྐྱེ་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སྲིད་པར་སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་ ཞེན་པར་བྱེད་པ་མེད་པར་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་འཇིག་རྟེན་གྱིས་ཁམས་ཐམས་ཅད་ཀྱི་གནས་ལ་གནས་ཀྱི་འདུ་ཤེས་མི་བསྐྱེད་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ ཡོངས་སུ་བསྔོའོ། །ཅི་ནས་ཀྱང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་མེད་པ་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་ཕྱི་ནང་གི་ཆོས་ཐམས་ཅད་དུ་ 73-1-240b ལུས་ལ་གནས་པའི་སེམས་མི་སྐྱེ་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོའོ། །ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་རྨོངས་པར་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོའོ། །ཅི་ནས་ཀྱང་དགེ་བའི་བཤེས་གཉེན་ཐམས་ཅད་ དང་རིང་དུ་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོའོ། །ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོའྀ་སྨོན་ལམ་ཉམས་པར་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོའོ། །ཅི་ནས་ཀྱང་དགེ་བའི་བཤེས་གཉེན་ཐམས་ ཅད་མངོན་པར་མཉེས་པར་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོའོ། །གཞན་ཡང་འདི་ལྟར་ཡོངསུ་བསྔོའོ། རྒྱལ་པོའི་སྲིད་བྱིན་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་ཆོས་ཀྱི་དབང་ཕྱུག་ གི་དམ་པ་ཐོབ་སྟེ། ཆོས་ཀྱི་རྒྱལ་པོའི་སྲིད་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྒྱལ་པོའི་བཀྲུག་མ་དང་དགྲ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་སྲིད་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་རབ་ཏུ་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་རྒྱལ་སྲིད་ཆེན་པོ་ལ་རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ པར་བསྐོར་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཀྱི་རྒྱལ་སྲིད་ལ་རབ་ཏུ་གཞོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབང་ཕྱུག་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་ཡང་དག་པར་འཛིན་པའི་ཚུལ་དུ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་དགེ་བའི་རྩ་བས་མངོན་པར་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཚད་མེད་པ་ཡང་དག་པར་སྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་སྲིད་ཡངས་ཤིང་ཚད་མེད་པ་རྗེས་སུ་སྐྱོང་བར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་འབྱུང་བ་རྒྱུན་མ་ཆད་པ་དང་ལྡན་ཞིང་ཆོས་ཀྱི་དབྱིངས་ལ་ངེས་པའི་རྒྱལ་སྲིད་དང་ལྡན་པར་གྱུར་གྱུར་ཅིག །སེམས་ཅན་ཐམས་ཅད་ 73-1-241a འགྲོ་བ་ཀུན་གདུལ་བ་ཐོག་པ་མེད་པར་ཞུགས་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ ཐེག་པ་ཆེན་པོ་ལ་རབ་ཏུ་གཞོག་པའི་ཚུལ་གྱིས་འཇིག་རྟེན་ཀྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པ་ཐམས་ཅད་དུ་ཆོས་ཀྱི་སྦྱིན་བདག་དུ་གྱུར་ཅིག །སེམས་ཅན་ ཐམས་ཅད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། དགེ་བའི་རྩ་བ་རྒྱུད་ཀྱི་ཚུལ་གཅིག་དུ་བསྒྱུར་ཏེ། ལྟོད་པ་མེད་པའི་རྒྱལ་སྲིད་རབ་ཏུ་ཐོབ་པར་གྱུར་ཅིག ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་སྲིད་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་འགྲོ་བ་ཐམས་ཅད་དུ་ཤིན་ཏུ་བདེ་བ་དང་། ལེགས་པ་ འབྱུང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་མ་འཁྲུགས་པ་དང་། བྱང་ཆུབ་སེམས་ དཔའི་སེམས་རྩེ་གཅིག་པ་དང་། སྨོན་ལམ་ཚད་མེད་པ་བྱས་ཏེ། སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱམས་པ་ཆེན་པོའི་སྟོབས་ཉེ་བར་བཞག་སྟེ། བསམ་པ་ཤིན་ཏུ་ཚིམ་པར་བྱས་ནས། སེམས་ཅན་ཀྱི་དོན་ ལ་བདག་རབ་ཏུ་བཞག་སྟེ། ཡེ་ཤེས་ཆེན་པོ་ལ་ཤིན་ཏུ་མོས་པར་བྱས་ནས། སངས་རྒྱས་ཀྱི་ཆོས་ལ་མཉམ་པའི་སེམས་སུ་བྱས་ཏེ། དགེ་བའི་ཆོས་ཉིད་ལ་རྣམ་པར་དཔྱོད་ཅིང་ཐམས་ཅད་མཁྱེན་ པའི་རྒྱལ་སྲིད་རབ་ཏུ་གཞོལ་བར་སེམས་བསྐྱེད་པ་དང་། ཆོས་ཀྱི་དབང་ཕྱུག་ལ་ཤིན་ཏུ་བརྩོན་པའི་བསམ་པ་དང་། ཡེ་ཤེས་ལ་དབང་བསྒྱུར་བ་ཐོབ་པའི་ཡིད་ཀྱི་དབང་པོ་དང་། ཡོན་ཏན་ཐམས་ཅད་ 73-1-241b རྣམ་པར་སྤྱོད་པའི་རབ་ཏུ་འཇུག་པ་དང་། བློ་བརྟན་པ་དང་ལྡན་པའི་བསམ་པ་ཡངས་པ་དང་། ཚོགས་སུ་གྱུར་པའི་དགེ་བའི་རྩ་བ་ཐམས་ཅད་བརྩམ་པར་སྐབས་ཕྱེ་བ་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྨོན་ལམ་དང་ གཞན་ལ་རག་ལས་པ་མེད་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་དང་། ཤིན་ཏུ་བརྟན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་དང་། བརྩམས་པ་ཐམས་ཅད་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱི་སྤྱོད་པའི་སྨོན་ལམ་གྱིས་མི་དང་ཡུལ་དུ་བཅས་པ་དང་། གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་འཁོར་རྒྱན་ཐམས་ཅད་ཀྱི་རྣམ་པར་རྒྱན་པ་ཐམས་ཅད་བཏང་བར་ཡོངས་སུ་བརྩོན་པས་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། ཡུལ་དང་། མིར་བཅས་པ་དང་། གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཡུལ་དང་མིར་བཅས་ པ་དང་། གྲོ་ཁྱེར་དང་རྒྱལ་པོའི་གནས་རབ་ཏུ་བྱིན་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱངས་ཏེ། སངས་རྒྱས་ཐམས་ཅད་བཞུགས་ཤིང་། སྤྱོད་པའི་ཕྱིར་སངས་ རྒྱས་ཐམས་ཅད་ལ་འབུལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞི་བའི་གནས་རབ་ཏུ་ཐོབ་ཅིང་། དགོན་པ་ཤིན་ཏུ་དབེན་པ་ལ་མངོན་པར་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་དབེན་པའི་ མཐར་ཐུག་པར་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་དང་། རྒྱལ་པོའི་གནས་ལ་གནས་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྨད་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། འདུ་འཛི་མེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་འགྱོད་པ་མེད་པའི་སྦྱིན་བདག་དུ་གྱུར་ཏེ། གཏོང་བའི་སེམས་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་གནས་མེད་པའི་བསམ་པ་རབ་ཏུ་ཐོབ་ཅིང་ཁྱིམ་གྱི་གནས་དང་རབ་ཏུ་བྲལ་བར་གྱུར་ཅིག །སེམས་ཅན་ 73-1-242a ཐམས་ཅད་གཏོང་བ་ཤིན་ཏུ་གཏོང་བའི་སེམས་དང་ལྡན་ཞིང་བཏང་བར་བྱ་བ་ལ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁྱིམ་གྱི་གནས་ལ་ཆགས་པ་ལས་རྣམ་པར་འདས་ཏེ་གནས་པ་ཆུད་ཟ་བ་ མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནོད་པ་དང་། འཚེ་བ་དང་། འཇིགས་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། གཙེས་པ་ཐམས་ཅད་ཀྱིས་ཡོངས་སུ་གཏང་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཞིང་འབུལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྤྱོད་པར་གྱུར་ཅིག །ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་དང་མིར་བཅས་པ་ དང་། གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་འཁོར་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཞིང་གི་གནས་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་དང་། འཁོར་ལ་དགའ་བའི་མཚན་མར་འཛིན་པ་མེད་ཅིང་ལྟོས་པ་མེད་པའི་སེམས་དང་ལྡན་པ། འཁོར་ཐམས་ཅད་ལ་ཞེན་པ་མེད་ པའི་རྒྱུད་ཅིང་འདོད་པའི་དགའ་བ་ཐམས་ཅད་ཀྱིས་སེམས་བཅིངས་པ་མེད་པ། གཟུགས་ཀྱི་རྣམ་པ་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སེམས་དང་ལྡན་པ། འདོད་པའི་དགའ་བ་ཐམས་ཅད་ ལ་སེམས་མི་སྐམས་པ། འདོད་པའི་དགའ་བ་སྣ་ཚོགས་སུ་ཡོངས་སུ་སྤྱོད་པ་ལ་རྟོག་པ་མེད་པར་གནས་པ། འདོད་པའི་སྦྱོར་བ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་དང་ལྡན་པ། བུད་མེད་ཀྱི་ དགའ་བ་དང་། རྩེད་མོའི་དགའ་བ་ཡོངས་སུ་སྤྱོད་པ་ཐམས་ཅད་ལ་མཚན་མར་མི་འཛིན་པ། བུད་མེད་རིན་པོ་ཆེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་མ་ཆགས་པ། འཇིག་རྟེན་གྱི་ཕུན་སུམ་ 73-1-242b ཚོགས་པ་ཐམས་ཅད་ལས་ཕྱིར་ལོག་པས་གཡོག་འཁོར་དང་། ཆུང་མའི་འཁོར་དང་། རོལ་མོར་བཅས་པའི་གླུ་དང་། གར་དང་རྔ་དང་རོལ་མོ་བཀྲོལ་བ་མེད་ཅིང་སྤྱོད་པ་བསྙེན་བཀུར་ཞིང་རིམ་གྲོ་བྱ་བ་ ཤིན་ཏུ་མཁས་པར་གྱུར་པ། བཟོ་དང་སྒྱུ་རྩལ་ཤིན་ཏུ་བསླབས་པ། འཇིག་རྟེན་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། དགའ་བར་བྱེད་པ་ཡིད་དུ་འོང་བའི་རིམ་གྲོ་རྩེ་བར་བྱེད་པ། བཀུར་སྟིའི་ཚུལ་ལ་མཁས་ པ། རོལ་མོ་བརྡུང་བའི་སྒྲ་ཡིད་དུ་འོང་བ་ཤིན་ཏུ་ཕྱུང་བ་དང་། རོལ་མོ་བཀྲོལ་བ་དང་། གླུའི་སྒྲ་མི་འཐུན་པ་མེད་པ་དང་། གར་གྱིས་ཉེ་བར་སྤྱོད་པ་དང་ལྡན་པ། བུད་མེད་ཅང་ཤེས་ཀྱི་ཚོགས་ཀྱིས་ཀུན་ནས་ བསྐོར་བ། བཞིན་སྡུགུ་དང་ཆ་བྱད་སྡུགུའི་བུ་མོ་རིན་པོ་ཆེ་དང་ལྡན་པ་ཕྲེང་བ་དང་། སྤོས་དང་གདུགས་དང་། རྒྱན་གྱི་རིམ་གྲོར་བྱེད་པ། གཞད་གད་དང་། རོལ་མོས་དགའ་བར་བྱེད་པ་བརྩེ་ཞིང་བཀུར་སྟི་ རྣམ་པ་སྣ་ཚོགས་ཡིད་དུ་འོང་བར་སྟོན་པའི་བུད་མེད་རིན་པོ་ཆེ་འགྲོགས་པ། ངག་ཉན་ཅིང་འཐུན་པར་འཛིན་པ་ངེས་པའི་ཚིག་གིས་དགའ་བར་བྱེད་ཅིང་རིམ་གྲོར་བྱེད་པ་རྒྱན་བཟང་པོ་རབ་ཏུ་མང་བས་བལྟ་ན་ ཡིད་དུ་འོང་བར་བརྒྱན་པས་ཤིན་ཏུ་རྣམ་པར་དག་པ། རོལ་མོ་བརྡུང་བ་དང་། དཀྲོལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལས་ཀྱི་དགེ་བའི་རྩ་བ་དང་། རྒྱུ་མཐུན་པར་བྱུང་བ། ཅང་ཤེས་ཤིང་བྱང་ཆུབ་སེམས་དཔའི་དབང་གིས་རྗེས་སུ་འབྲང་བ། སེམས་དགའ་བར་བྱེད་པ་དེ་ལྟ་བུའི་གཡོག་འཁོར་དང་། ཆུང་མའི་འཁོར་དང་། རོལ་མོའི་བཅས་པ་ཤིན་ཏུ་ཤེས་པ་དེ་དག་ཐམས་ཅད་ ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ནས་འབྱུང་བའི་སེམས་ཀྱི་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ལ་བདག་དགའ་བ་རབ་ཏུ་ཐོབ་པས་ཡོངས་སུ་བསྔོའོ། །སྙིང་པོ་ 73-1-243a བླངས་པའི་སེམས་ཀྱི་ཡོངས་སུ་བསྔོའོ། །ཡེ་ཤེས་རྡོ་རྗེའི་དབྱིངས་མི་ཤིགས་པའི་སེམས་ཀྱི་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་རབ་ཏུ་ཐོབ་པས་ཡོངས་སུ་བསྔོའོ། །སྙིང་པོ་ལེན་ པར་བྱས་ཏེ་ཡོངས་སུ་བསྔོའོ། །བླ་ན་མེད་པའི་སེམས་དང་ལྡན་པས་ཡོངས་སུ་བསྔོའོ། །ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་སེམས་དང་ལྡན་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་རེད་པར་ བྱས་ཏེ་ཡོངས་སུ་བསྔོའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་མི་འགལ་བར་བྱས་ཏེ་ཡོངས་སུ་བསྔོའོ། །དེ་ལྟ་བུའི་ཆོས་ལ་རྣམ་པར་དཔྱོད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་བཞིན་གཤེགས་པའི་རིགས་དང་ལྡན་པའི་རིགས་ཀྱི་རྒྱུད་དུ་བྱུང་བ། སངས་རྒྱས་ཀྱི་རིགས་རྣམ་པར་དག་པས་རབ་ཏུ་སྐྱེས་པ། ཐམས་ཅད་མཁྱེན་པའི་ལམ་དུ་སེམས་མངོན་པར་སྐྱེས་ པ། བྱང་ཆུབ་སེམས་དཔའི་ལས་དང་ཡེ་ཤེས་འབྱམ་ཀླས་པ་ལ་ཞུགས་པ། འཇིག་རྟེན་གྱི་དྲི་མ་ཐམས་ཅད་རབ་ཏུ་སྦྱོང་བ། སྦྱིན་པ་བྱེད་པ། སྦྱིན་པའི་སེམས་དང་ལྡན་པ། ཡོན་ཏན་ཆེན་པོ་འདི་ འཁོར་གྱི་སྦྱིན་པའི་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་གནས་དང་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ཡང་དག་པར་ཞུགས་པ། དགེ་བའི་རྩ་བ་ ཐམས་ཅད་གཟུང་བ་ལ་ཡང་དག་པར་བརྩོན་པ་དེ་འཁོར་ཐམས་ཅད་ཡོངསུ་བཏང་བར་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ ཏིང་ངེ་འཛིན་མི་འཕྲོགས་པ་རབ་ཏུ་ཐོབ་སྟེ། ཏིང་ངེ་འཛིན་ཚད་མེད་པའི་འཁོར་གྱིས་བསྐོར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་མངོན་པར་སྤྲོ་བ་དང་དགའ་བ་རབ་ཏུ་ཐོབ་སྟེ། སངས་རྒྱས་ 73-1-243b ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ལ་མཉམ་པར་གཞོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚད་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་རྣམ་པར་ བརྩེ་ཞིང་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ལ་འཁྲུག་པ་མེད་ཅིང་ཆོས་དང་འཐུན་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བསྒྱུར་ ཞིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཟབ་མོ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་བྲལ་བའི་ཡིད་རབ་ཏུ་ཐོབ་སྟེ། ཏིང་ངེ་འཛིན་གྱི་འཁོར་དང་ལྡན་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་མཚན་མ་འཛིན་པ་ཤིན་ཏུ་ཐོབ་སྟེ། ཏིང་ངེ་འཛིན་སྣ་ཚོགས་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་བསྒོམ་པ་ལ་གནས་ཤིང་ཏིང་ངེ་ འཛིན་གྱི་ཁྱབ་པར་ཤེས་པར་གྱུར་ཅིག་ཅེས། །སེམས་ཅན་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པའི་སེམས་ཀྱིས་མི་གཉིས་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྤྱོད་ཅིང་ཆགས་པ་མེད་པའི་ཏིང་ངེ་ འཛིན་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཐམས་ཅད་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ ཀྱི་འཁོར་གཞན་གྱིས་མི་ཕྱེད་ཅིང་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་ རྣམ་པར་དག་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང་། 73-1-244a ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོབས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བསྐལ་པ་མཉམ་པའི་སེམས་དང་འགྲོགས་པ་དང་འཐུན་པའི་ གཡོག་འཁོར་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཁ་ན་མ་ཐོ་བ་མེད་པའི་དགེ་བའི་རྩ་བ་རབ་ཏུ་འགྲུབ་པ་དང་། ཐམས་ཅད་མཁྱེན་པའི་བསོད་ནམས་ཡོངས་སུ་ རྫོགས་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་སྐུ་རྣམ་པར་དག་པ་འཐོབ་པ་དང་གཡོག་དེས་པ་དང་ལྡན་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་ བསྔོའོ། །སངས་རྒྱས་ཀྱི་ཆོས་མི་ཟད་པ་ཐམས་ཅད་ཀྱི་མཛོད་ཤིན་ཏུ་རིག་པ་ལ་ཞུགས་པས་རབ་ཏུ་སྟོན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པ་ཅིག་ནས་ཅིག་ཏུ་བརྒྱུད་པ་ཐམས་ཅད་འཐོབ་པར་བྱ་ བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་རྣམ་པར་འདས་པ་དང་། སེམས་ཅན་ཐམས་ཅད་གྲོགས་སུ་འགྱུར་བའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །རྣམ་པར་དག་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཁ་ན་མ་ཐོ་བ་མེད་པའི་ལས་ཡོངས་སུ་རྫོགས་པར་བྱ་བའི་ ཕྱིར། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཆོས་སྣང་བ་ཐམས་ཅད་ཀྱི་རྒྱན་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྫོགས་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ ཅད་ལ་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུ་དང་བུ་མོ་དང་། ཆུང་མ་ཡོངས་སུ་གཏོང་ཞིང་ཇི་ལྟར་གཞོན་ནུ་ཤིན་ཏུ་སྦྱོང་བ་དང་། རྒྱལ་པོ་རྒྱན་ཐམས་ཅད་སྟོན་ 73-1-244b པ་དང་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ཀྱང་ཐམས་ཅད་མཁྱེན་པའི་ལམ་ལ་མངོན་པར་གནས་པ་གཏོང་བ་དང་། ཡོངས་སུ་བཏང་བ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པ་ དང་། བྱང་ཆུབ་སེམས་དཔའི་གཏོང་བའི་ལམ་རྣམ་པར་སྤྱོད་པ། ཕྱིས་འགྱོད་པ་མེད་པར་གཏོང་བའི་རྣམ་པར་སྤྱོད་པ། གཏོང་བ་རིན་པོ་ཆེ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ལ་མཉམ་ པར་གཞོག་པ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱེད་པའི་ལྷག་པའི་བསམ་པ་རབ་ཏུ་བསྒྲུབ་པ། ལྷག་པའི་བསམ་པས་དག་པའི་བྱང་ཆུབ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལམ་གྱིས་བདག་མངོན་པར་བསྐྱབ་པར་ཡང་དག་པར་ལྟ་བ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་སེམས་མངོན་དུ་གྱུར་པར་བྱིན་གྱིས་བརློབ་པ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རིགས་ལ་གནས་པའི་སེམས་བསྐྱེད་པ། ཡོངས་སུ་བསྒྱུར་བ་རྣམས་ཀྱིས་བུ་དང་བུ་མོ་དང་ཆུང་མ་ཡོངས་སུ་བཏང་བ་དེ་ལྟ་བུ་དང་། བུ་མོ་དང་། ཆུང་མ་དེ་དག་བསམ་པ་སྟོབས་དང་ལྡན་པར་བྱས་ཏེ་ གཏོང་བ་དང་། བདག་དེ་བཞིན་ཉིད་དུ་མོས་པར་བྱས་ཏེ། གཏོང་བ་དང་། བདག་དེ་བཞིན་ཉིད་དུ་མོས་པར་བྱས་ཏེ་སྦྱིན་པར་བྱེད་པ་དང་། བདག་ཉིད་འཇིག་རྟེན་ཐམས་ཅད་ཀྱིས་ཅི་འདོད་པར་སྤྱོད་པར་ཡང་དག་ པར་ལྟ་བ་དང་། བདག་སེམས་ཅན་ཐམས་ཅད་སྦྱིན་པ་ཀུན་ཀྱི་འབྱུང་གནས་སུ་གྱུར་པར་བྱིན་གྱིས་རློབ་པ་དང་། གང་གིས་སེམས་ཅན་དམའ་བར་གྱུར་པ་དེ་དག་གིས་ཡོངས་སུ་རྒྱས་པར་བྱེད་པ་དང་། དེ་ལྟ་བུའི་ཚུལ་གྱི་བདག་ཡང་དག་པར་འཛིན་པ་དང་། མཆོད་རྟེན་དམ་པར་འགྱུར་རོ་ཞེས་འགྲོ་བ་ཐམས་ཅད་དུ་བདག་སྤྲོ་བར་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཉིད་འགྲོ་བ་ཐམས་ཅད་དུ་ཤིན་ 73-1-245a ཏུ་སྒྲུབ་པ་དང་། བདག་འགྲོ་བ་ཐམས་ཅད་ལ་ཕན་པའི་མུ་སྟེགས་སུ་ལྟ་བ་དང་། བདག་འཇིག་རྟེན་ཐམས་ཅད་ཀྱི་འབབས་པ་བདེ་བར་རབ་ཏུ་རྟོགས་པ་དང་། བདག་འགྲོ་བ་ཐམས་ཅད་ཀྱི་སྦྱིན་ བདག་དུ་མོས་པར་བྱེད་པ་དང་། བདག་ཡེ་ཤེས་ཀྱི་ཡིད་དང་ལྡན་པར་བྱས་ཤིང་། བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་པར་ཡང་དག་པར་ཤེས་པ་དང་། བདག་ཇི་ལྟར་སྨྲས་པ་དེ་ ལྟར་བྱེད་པ་ལ་སྦྱོར་བ་དང་། བདག་གིས་ཐམས་ཅད་མཁྱེན་པའི་གོ་ཅ་བགོས་པར་རབ་ཏུ་རྟོག་ཅིང་ཡེ་ཤེས་དང་བསོད་ནམས་ཀྱི་ཞིང་ཚོལ་བ་དང་། འགྲོ་བ་ཐམས་ཅད་ལ་དམ་བཅས་པའི་སེམས་རྗེས་ སུ་བསྲུང་བ་དང་། རབ་ཏུ་ནན་ཏན་བྱེད་པ་ལ་བདག་ཤིན་དུ་གཞོག་པ་དང་། འགྲོ་བ་ཐམས་ཅད་དུ་སྣང་བའི་ཡེ་ཤེས་ཡང་དག་པར་སྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཏོང་བའི་སེམས་ ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱེད་པའི་ཚེ། ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ ཀྱི་དོན་དུ་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པ་དེ་དགེ་བའི་རྩ་བ་འདི་ལྟར་ཡོངས་སུ་བསྔོའོ། བུ་དང་བུ་མོ་དང་ཆུང་མ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་ སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པའི་ཆོས་ཀྱི་འཁོར་ལོ་ཕྱིར་མི་ལྡོག་པ་ཡང་དག་པར་བསྐོར་བས་སངས་རྒྱས་ཀྱི་བྱང་ཆུབ་ལ་གཞོག་པར་བྱེད་ཅིང་། བདག་ལུས་ཀྱི་སྤྲུལ་པ་རབ་ཏུ་འགྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྨོན་ལམ་གྱི་འདོང་ཞིང་ལུས་ལ་མངོན་པར་ཆགས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ 73-1-245b ཅད་ཀྱི་ཆགས་པ་དང་། ཁོང་ཁྲོ་སྤངས་ཤིང་སྡུག་པ་དང་། མི་སྡུག་པའི་སེམས་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སྤྱོད་ཅིང་དེ་བཞིན་གཤེགས་པའི་སྲས་སུ་ རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་པ་མེད་པའི་སེམས་ཀྱིས་བྱུང་ཞིང་། སངས་རྒྱས་ཐམས་ཅད་ལ་རབ་ཏུ་འདུ་ཤེས་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ ཀྱི་ཆོས་ཀྱི་སྐུ་ལས་བྱུང་བ། གསུང་ལས་སྐྱེ་བར་གྱུར་ཏེ། ངེས་པར་སངས་རྒྱས་ཀྱི་སྲས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། གོ་སྐབས་ རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་བྲལ་བའི་མཐར་ཕྱིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་གཏང་བ་ལ་བརྩོན་ ཞིང་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་འགོད་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྐྱེན་ཐམས་ཅད་ཀྱིས་ཟད་པར་མི་ནུས་ཤིང་ཤིན་ཏུ་རྟོགས་པར་གཞག་པའི་སེམས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྣམ་པའི་མཆོག་ཐམས་ཅད་ལྡན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་རྣམ་པར་སངས་རྒྱས་ཏེ། ཆོས་ལས་སྐྱེས་པ་དང་། ཆོས་ལས་བྱུང་ བའི་བུ་དང་། བུ་མོ་དང་ཆུང་མ་རབ་ཏུ་འཕྲོ་བར་བྱེད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་བཏང་བ་ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་ སྒྲིབ་པ་མེད་པའི་ཡེ་ཤེས་རབ་ཏུ་ཐོབ་པ་དང་། ཁམས་གསུམ་པ་ཐམས་ཅད་ལ་ཆགས་པ་མེད་པའི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་ 73-1-246a དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་དངོས་པོ་ལ་ཆགས་པར་གནས་པའི་རྣམ་པ་ལ་མོས་པ་མེད་པ། ཁྱིམ་གྱི་རྣམ་པར་རྟོག་པས་ཡོངས་སུ་རྟོག་པ་མེད་པ་ཁྱིམ་གྱི་ཡོ་བྱད་ཐམས་ཅད་ལ་དོན་དུ་གཉེར་བ་ མེད་པ། ཁྱིམ་གྱི་ཆགས་པ་ཐམས་ཅད་ཀྱིས་འདོད་པར་གྱུར་པ་མེད་པ། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་ལ་རོ་མྱོང་བར་ལྟ་བ་མེད་པ། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་ཁོང་དུ་ཆུད་པའི་སེམས་དང་ལྡན་པ། ཁྱིམ་གྱི་དངོས་ པོ་ལ་མངོན་པར་ཆགས་པ་ཐམས་ཅད་ལས་གྱེན་དུ་འཕགས་པའི་སེམས་དང་ལྡན་པ། ཁྱིམ་དང་གནས་ལ་རྟེན་པ་ཐམས་ཅད་མངོན་པར་མོས་པ་མེད་པར་གྱུར་པ་ཁྱིམ་དང་། གནས་ལ་རྟེན་པ་ཐམས་ཅད་ཡུད་ ཙམ་གྱི་འདུ་ཤེས་ཀྱི་བྱིན་ཀྱིས་བརླབ་པ། སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་འབྱུང་བའི་བསམ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ལ་ཞུགས་པའི་སེམས་དང་ལྡན་པ། སངས་རྒྱས་ ཀྱི་ཆོས་ཐམས་ཅད་ཀྱིས་བརྒྱན་པའི་སེམས་དང་ལྡན་པ། གཅིག་ནས་གཅིག་ཏུ་རྗེས་སུ་འགྱོད་པ་མེད་པར་གཏོང་བ། དམིགས་པ་མེད་པའི་དངོས་པོ་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱིས་ ཡང་དག་པར་བསྔགས་པ་འགྱོད་པ་མེད་པའི་གཏོང་བའི་སེམས་དང་ལྡན་པ། ཁྱིམ་ཡོངས་སུ་གཟུང་བ་ཤིན་ཏུ་བཏང་བ་ལ་མངོན་པར་ཆགས་པ་མེད་པའི་ཡིད་དང་ལྡན་པ། ཕྱོགས་དང་ཡུལ་ཐམས་ཅད་ལ་ གནས་པ་མེད་པར་གནས་པ། ཁྱིམ་དང་གནས་ལ་ཆགས་པས་བརྩོམ་པ་མེད་པ་ཡོངས་སུ་བཟུང་བ་ཐམས་ཅད་སྦྱིན་པར་ཤིན་ཏུ་གཏོང་བས་གཏོང་བ། སློང་བ་ཐམས་ཅད་མཐོང་ན་རབ་ཏུ་དགའ་བ་དང་། སྤྲོ་བ་དང་། ཡིད་དགའ་བ་སྐྱེ་བས་སློང་བ་རྣམས་ལ་ཚུལ་དང་ལྡན་པའི་སེམས་ཀྱིས་ཁྱིམ་དང་ཁྱིམ་གྱི་ཡོ་བྱད་དང་། རྒྱན་ཐམས་ཅད་ཡོངས་སུ་བཏང་བའི་ཚེ། ཁྱིམ་སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་ 73-1-246b པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་དཀོན་མཆོག་དམ་པར་འབྱུང་བ་ལ་མངོན་པར་མོས་ཤིང་བུ་དང་། བུ་མོ་ཤིན་ཏུ་བཏང་བར་གྱུར་ཅིག །སེམས་ཅན་ཐམས་ ཅད་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ཁྱིམ་ལས་རྣམ་པར་གྲོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཚངས་པའི་སྤྱད་པ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་སེམས་ཀྱིས་ འཇུངས་པ་མེད་པར་གནས་ཤིང་ཐམས་ཅད་ཡོངས་སུ་གཏོང་བ་ལ་མངོན་པར་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྩོགས་པ་མེད་ཅིང་ཆོག་ཤེས་པ་ལ་བརྩོན་པ། ཁྱིམ་ཀྱི་ཆོས་དང་རབ་ཏུ་བྲལ་བར་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕོ་བྲང་དང་གནས་ལ་ཡང་དག་པར་གནས་ཤིང་ཁྱིམ་དང་། གནས་ལ་གནས་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བར་དུ་གཅོད་པའི་ནན་ཏན་ཐམས་ ཅད་འགག་པར་གྱུར་ཏེ། སྒྲིབ་པའི་ཆོས་ཐམས་ཅད་ཤིན་ཏུ་སྤངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་གོས་པ་མེད་པའི་སེམས་ཀྱིས་གནས་ལ་རྟེན་པས་ལྗན་ལྗིན་མེད་པའི་ཁྱིམ་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཁྱིམ་ན་གནས་པས་མངོན་པར་རྫོགས་པར་སངས་རྒྱས་པ་མཐོང་བའི་ཡེ་ཤེས་དང་ལྡན་ཞིང་ཡོངས་སུ་སྨྱིན་པར་བྱ་བ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ གནས་ཀྱི་རྗེས་སུ་སོང་བའི། སེམས་ཀྱི་ཡེ་ཤེས་དང་ལྡན་ཞིང་། ཁྱིམ་གྱི་གནས་རྣམ་པར་རིག་པ་རབ་ཏུ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁྱིམ་གྱིས་སངས་རྒྱས་གྱི་རྣམ་པར་སྤྱོད་པ་རབ་ཏུ་ མཐོང་ཞིང་། སེམས་ཅན་མཐའ་ཡས་པ་ཚིམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་སྦྱིན་པ་ཡོངས་སུ་བཏང་བས། ཡང་དག་པར་བསྡུས་པའི་དགེ་བའི་རྩ་ 73-1-247a བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་དང་། རྣམ་པར་འཕྲུལ་པ་སྣ་ཚོགས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བ་དགའ་བ་དང་རྩ་བ་ལོངས་སྤྱོད་མང་པོ་སྣ་ཚོགས་ཀྱིས་གནས་ཡོངས་སུ་སྦྱོང་ཞིང་སྦྱིན་པ་དང་། སྟོབ་པ་དང་བདག་སེམས་ཅན་ཐམས་ཅད་བཟའ་ཤིང་གི་ར་བར་གྱུར་པ་ཞེས་ ཡང་དག་པར་བལྟ་བ་དང་། བདག་ཆོས་ཀྱི་དཔའ་བར་གྱུར་པར་འཇིག་རྟེན་ཐམས་ཅད་ལ་ཡོངས་སུ་སྟོན་པ་དང་། བདག་སེམས་ཅན་ཐམས་ཅད་ལ་ཡིད་བདེ་བ་དང་། ཕན་པ་བྱེད་པར་བྱིན་གྱིས་རློབ་པ་དང་། བདག་འགྲོ་བ་ ཐམས་ཅད་དུ་དགའ་བ་མཐའ་ཡས་པ་ཡང་དག་པར་སྐྱེས་པར་ཤིན་ཏུ་སྟོན་པ་དང་། བདག་ཁམས་གསུམ་ཐམས་ཅད་ན་ཆོས་དཀར་པོ་སྐྱེ་བའི་སྒོར་གྱུར་པར་ཡང་དག་པར་འཛིན་པ་དང་། བདག་འགྲོ་བ་ཐམས་ཅད་ཀྱི་སེམས་ དགའ་བ་རྟག་ཏུ་སྐྱེ་བར་བྱེད་པར་འཇིག་རྟེན་ཐམས་ཅད་དུ་གནས་པར་བྱེད་པ་དང་། བདག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་སྟོབ་པར་སྨོན་ལམ་འདེབས་པ་དང་། བདག་སྐྱེ་དགུ་ཐམས་ཅད་ཀྱི་ཕ་དང་ འདྲ་བར་ནན་ཏན་བྱེད་པ། བདག་ཁམས་གསུམ་ཐམས་ཅད་ན་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པར་རབ་ཏུ་རྟོག་པ་དང་། བདག་སེམས་ཅན་ཀྱི་ཁམས་ཐམས་ཅད་ན་ཡོ་བྱད་གྱིས་མི་འབྲེལ་བར་བྱེད་པ་རབ་ཏུ་ གཞོག་པ་དང་། བདག་སྨོན་ལམ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ན་མ་དང་འདྲ་བར་སྐྱེད་པར་ཡང་དག་པར་སྐྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སྐྱོན་གྱི་སྐྱོ་བ་མེད་པར་ ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་གནས་པས་འཁྲུལ་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འཇིག་རྟེན་གྱི་གནས་དྲིན་མི་བཟོ་བས་ཡོངས་སུ་བཏང་བས་ཡོངས་སུ་ཡི་ཆད་པ་མེད་པར་ 73-1-247b ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལས་འཐོབ་པར་བྱ་བ་ལ་རེ་བ་མེད་པས་ཡོངས་སུ་བསྔོའོ། །འཇིག་རྟེན་ཐམས་ཅད་ལ་སྨོན་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འཇིག་རྟེན་ཐམས་ཅད་ཀྱི་ སྡུག་བསྔལ་སྩལ་བའི་སེམས་ཀྱིས་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བར་སྣང་དང་མཉམ་པའི་སེམས་ཀྱིས་འགྲོ་བ་ཐམས་ཅད་གོས་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ ཐམས་ཅད་སྔོན་དུ་འགྲོ་བའི་སེམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བཟློག་པར་གོ་ཆ་བགོས་པའི་སེམས་སྐྱེ་དགུ་ཐམས་ ཅད་ལ་ཡོངས་སུ་བསྔོའོ། །ལྟ་བའི་རྣམ་པ་ཐམས་ཅད་ཤིན་ཏུ་བཟློག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་དང་སྨོན་ལམ་མཉམ་པ་མེད་པ་ལ་རབ་ཏུ་བརྩོན་པ་དང་། ཐེག་པ་ཆེན་པོའི་སྨོན་ལམ་གྱིས་ སྐྱོ་བ་མེད་པར་ཡོངས་སུ་བསྔོའོ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡིད་ ལ་བྱེད་པས་རབ་ཏུ་རྟོག་པའི་སེམས་དང་ལྡན་པར་བྱས་ཤིང་འདི་ལྟར་ཡང་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཀྱིས་གོང་ནས་གོང་དུ་ཡེ་ཤེས་ཀྱི་བཟའ་ཤིང་གི་ར་བ་རབ་ཏུ་ཐོབ་ཏེ། དགེ་བའི་རྩ་བ་ གསར་པ་དང་། གསར་པ་ཡང་དག་པར་འབྱུང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་ལྟ་ཞིང་བསྙེན་བཀུར་བ་དང་། རིམ་གྲོ་བྱེད་པའི་ཕྱིར་འཁྲུག་པ་མེད་པའི་ཆོས་ཅན་ དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཤིང་གི་ར་བ་ལ་དགའ་བ་རབ་ཏུ་ཐོབ་སྟེ། ཆོས་ལ་ཡོངས་སུ་དགའ་བས་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མངོན་པར་དགའ་བའི་བཟའ་ 73-1-248a ཤིང་གི་ར་བར་སངས་རྒྱས་ཀྱི་ཆོ་འཕྲུལ་ཡང་དག་པར་མཐོང་བའི་ཕྱིར་དགའ་བའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཡུལ་ལ་རྣམ་པར་རྩེ་ཞིང་། སྤྱོད་པས་སངས་རྒྱས་ཀྱི་དགྱེས་པ་ དང་། རོལ་པ་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་འདུལ་བར་འདོད་པས་དགའ་བ་དང་། རྩེ་བ་དང་ལོངས་སྤྱོད་ ལ་རབ་ཏུ་བརྩོན་པར་གྱི་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་ཕྱི་མའི་མཐར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་མི་སྐྱོ་བའི་སེམས་ཀྱི་གནས་ པའི་བྱང་ཆུབ་སེམས་དཔའི་རྩེ་བ་དང་ལོངས་སྤྱོད་དང་། དགའ་བ་ལ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བཟའ་ཤིང་གི་ར་བ་སེམས་ཆེན་པོ་བསྐྱེད་པས་དགའ་བ་ལ་སྟེན་ཅིང་ཆོས་ཀྱི་དབྱིངས་ ཐམས་ཅད། སངས་རྒྱས་ཀྱི་གང་བར་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སངས་རྒྱས་མཆོད་པ་དང་རིམ་གྲོ་བྱ་བ་ལ་དགའ་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་ བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་བརྒྱན་པར་བྱ་བ་ལ་རྣམ་པར་དག་པར་འགྱུར་བའི་ཕྱིར་དགའ་ཞིང་མོས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བར་རྩེ་བ་དང་། དགའ་བ་དང་། ལོངས་སྤྱོད་ཀྱི་གནས་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ སངས་རྒྱས་ཐམས་ཅད་ཀྱི་བཟའ་ཤིང་གི་ར་བ་ལ་རོལ་པའི་གནས་སུ་འདོང་ཞིང་སངས་རྒྱས་ཐམས་ཅད་མཐོང་བར་འགྲུབ་པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ 73-1-248b སེམས་དཔའ་ཆེན་པོ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དུ་མ་རུང་བ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། སེམས་ཅན་ཐམས་ཅད་ལ་མི་འཚེ་བར་གཞོལ་བ། འགྲོ་བ་ཐམས་ཅད་རྣམ་པར་ དག་པར་བྱ་བ་ལ་བརྩོན་པ། གཏན་པ་མེད་པའི་ལས་ཀྱི་ལམ་གསུམ་ཤིན་ཏུ་དག་པ་ཡེ་ཤེས་ཀྱིས་གྲུབ་པའི་མཆོད་སྦྱིན་ཡོ་བྱད་གྲངས་མེད་པར་བསྩོགས་པ་དམིགས་པ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་ མེད་པས་རྣམ་པར་དག་པ། སྦྱིན་པ་རྣམ་པ་ཐ་དད་པའི་ཚུལ་གྱིས་ཡང་དག་པར་བཟུང་བ། ཡོ་བྱད་ཀྱི་རྣམ་པ་དུ་མ་དང་ལྡན་པ་སྦྱིན་པའི་ཚོགས་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཅན་གྱི་ མཆོད་སྦྱིན་དུ་བྱེད་པའི་ཚེ། མཆོད་སྦྱིན་བྱས་པའི་སྦྱིན་པ་ཆེན་པོས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཀྱི་སེམས་དཀོན་པ་སྦྱིན་པའི་ཚོགས་ཚད་མེད་པས་སེམས་ཅན་ཐམས་ཅད་རྣམ་ པར་དག་པ་ལ་ཞུགས་པ། དགེ་བ་བརྩམས་པ་ཐོག་མ་དང་། བར་མ་ཐ་མར་རྣམ་པར་དག་པས་སྣ་ཚོགས་དང་ལྡན་པ། མོས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཅན། སེམས་ཅན་གྲངས་མེད་པ་ མངོན་པར་མགུ་བར་བྱེད་པ། བྱམས་པ་ཚད་མེད་པ། བསྒོམ་པ་དང་། ཡང་དག་སྤྱོད་པས་ཉེ་བར་གནས་པ། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བསྐྱབ་པ་ཤིན་ཏུ་གྲུབ་པ། འདས་པ་དང་མ་ བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་མངོན་པར་མཉེས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་རྗེས་སུ་འགྱོད་པ་མེད་པར་གཏོང་བའི་སེམས་དང་ལྡན་པ། ཕྱིར་མྱ་ངན་དུ་བྱ་བ་མེད་པར་ ཡང་དག་པར་སྤྱོད་པས་ཁྱད་པར་རྣམ་པར་འཕེལ་བར་བྱེད་པ། དད་པའི་དབང་པོ་སེམས་སྐད་ཅིག་གིས་ཚད་མེད་པར་རྣམ་པར་འཕེལ་བར་བྱེད་པས། གཏོང་བ་དང་ལྡན་པའི་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཐེག་ པ་ཆེན་པོས་སེམས་བསྐྱེད་པས་གྲུབ་པའི་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་དང་། རབ་དུ་གཏོང་བ་དང་། མཆོག་དུ་གཏོང་བ་དང་། གྱ་ནོམ་པར་ 73-1-249a གཏོང་བ་དང་ཕུལ་དུ་གཏོང་བ་དང་། བླ་ན་མེད་པར་གཏོང་བ་དང་། མཉམ་པ་མེད་པར་གཏོང་བ་དང་། འཇིག་རྟེན་ཐམས་ཅད་ལས་འཕགས་པའི་གཏོང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་ཆོས་ གཏོང་བ་དང་ལྡན་ཞིང་སྦྱིན་བདག་གི་དམ་པ་སེམས་ཅན་གྱི་ཁམས་ཐམས་ཅད་ངན་སོང་ནས་འདོན་པ་ཡེ་ཤེས་ཀྱི་ལམ་ལ་རབ་ཏུ་གཞོག་པའི་སྨོན་ལམ་མཉམ་པ་མེད་པ་དང་ལྡན་པ། དགེ་བའི་རྩ་བ་ནོར་བ་མེད་པ་ དང་ལྡན་པ། བདག་མཉམ་པ་མེད་པའི་ཡེ་ཤེས་རྗེས་སུ་སངས་རྒྱས་པ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ཞི་བའི་ཡེ་ཤེས་ལ་རབ་ཏུ་གཞོག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་ཉམས་ པ་མེད་པས་འགྲོ་བ་ཐམས་ཅད་ཤིན་ཏུ་མཁས་པར་བྱས་པ། ཡེ་ཤེས་ཀྱི་ས་དང་སངས་རྒྱས་ཀྱི་ཆོས་ལ་གཞོལ་བ། སངས་རྒྱས་ཐམས་ཅད་ཀྱི་རྒྱན་གྱིས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཕྱིར་མི་ལྡོག་པས་རྒྱུན་ཆད་པ་མེད་པར་གྱུར་ཏེ། མཆོད་སྦྱིན་ཤིན་ཏུ་བྱས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་རིམ་གྲོ་བྱེད་ཅིང་བླ་ན་མེད་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་ རྒྱུན་ཆད་པ་མེད་པས་ཕྱིར་མི་ལྡོག་པའི་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚད་མེད་མཐའ་ཡས་པའི་བསོད་ནམས་བསྩགས་པའི་ཕ་རོལ་ཏུ་ཕྱིན་ཅིང་དགེ་བའི་རྩ་བ་ལེགས་པ་སྐྱེད་པ་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་དཀྱིལ་འཁོར་གྱི་ཆོས་ཀྱི་དབྱིངས་ཚད་མེད་པར་བླ་ན་མེད་པར་སྣང་བའི་བདེ་བ་ཡོངས་སུ་གཏོང་ཞིང་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་ པར་འགྲོ་བ་ཐམས་ཅད་ཀྱི་སྦྱིན་བདག་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་གྱི་ཁམས་སུ་སྙོམས་པར་དགེ་བའི་རྩ་བས་ཡང་དག་པར་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་མཉམ་པའི་ 73-1-249b སེམས་ཀྱི་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐེག་པའི་མཆོག་ལ་འགྲོ་བ་ཐམས་ཅད་རབ་ཏུ་འགོད་པར་བརྩོན་ཞིང་མཆོད་སྦྱིན་གྱི་དམ་པ་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུས་ མ་ཡིན་པ་ཐམས་ཅད་ལས་འདས་ཤིང་དུས་ཐམས་ཅད་ལ་བབ་པའི་མཆོད་སྦྱིན་གྱི་མཐར་ཕྱིན་པར་འགྲོ་བ་ཐམས་ཅད་མཚན་ཉིད་ཅིག་ཏུ་གྱུར་པའི་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་སྐྱེས་བུ་དམ་པའི་མཆོད་སྦྱིན་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཞིང་མཆོད་སྦྱིན་ལེགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བསྟན་ ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཕྱིན་པ་ལ་བཀོད་དེ་མཆོད་སྦྱིན་གྱི་རྒྱན་མཐའ་ལས་རྒལ་བ་རྣམ་པ་སྣ་ཚོགས་ཀྱིས་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ ཚད་མེད་པར་བསོད་ནམས་ཀྱི་མཆོད་སྦྱིན་བྱེད་པའི་མཐའ་དང་དབུས་མེད་པའི་བསོད་ནམས་བསྩགས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབ་ཅིང་ཐམས་ཅད་མཁྱེན་པའི་རྣམ་པར་ དག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་སྒྲལ་ཞིང་དེ་བཞིན་གཤེགས་པའི་གནས་སུ་གཞོག་པས་འགྲོ་བ་ཀུན་གྱི་མཆོད་སྦྱིན་བདག་ པོར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཆོད་སྦྱིན་བྱས་པའི་བསོད་ནམས་ཆེན་པོ་བྱིན་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ ཐམས་ཅད་ཀྱིས་མཆོད་སྦྱིན་ལེགས་པར་བྱས་པར་འགྱུར་བ་དང་། མཆོད་སྦྱིན་ཆུད་མི་ཟ་བར་གྱུར་བ་དང་། སངས་རྒྱས་ཐམས་ཅད་མངོན་པར་མཉེས་པའི་མཆོད་སྦྱིན་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ 73-1-250a ཐམས་ཅད་ལ་ཞེ་སྡང་མེད་པའི་མིག་གིས་མཆོད་སྦྱིན་དུ་འགྱུར་བ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཆོད་སྦྱིན་དུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གྲུབ་པའི་ མཆོད་སྦྱིན་བྱས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལྟ་བ་དང་མི་འབྲལ་བའི་མཆོད་སྦྱིན་དུ་འགྱུར་བ་དང་། ཆོ་ག་ཤིན་ཏུ་ལྡན་པའི་མཆོད་སྦྱིན་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ ཅད་ཀྱིས་ཡོངས་སུ་གྲུབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོད་སྦྱིན་དུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་མཆོད་སྦྱིན་བྱེད་ཅིང་དེ་བཞིན་གཤེགས་པའི་མཆོད་སྦྱིན་གྱི་མཐར་ ཐུག་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོ་བྱད་ཀྱི་ཚོགས་དང་། དངོས་པོ་ལ་ཆགས་པ་མེད་པའི་སེམས་དང་ལྡན་པ། མངོན་པར་ མ་ཆགས་པའི་སེམས་དང་ལྡན་པ། རྣམ་པར་སྨྱིན་པ་ལ་མི་རེ་བའི་སེམས་དང་ལྡན་པ། འཇིག་རྟེན་ཕུན་སུམ་ཚོགས་པ་ཐམས་ཅད་རེ་ཞིང་འདོད་པ་མེད་པའི་སེམས་དང་། སྐྱོན་མེད་པའི་སེམས་དང་། རྨོངས་པ་མེད་པའི་ སེམས་དང་། ཆོས་ལ་རྟོག་པ་ཤིན་ཏུ་བསྩལ་བའི་སེམས་དང་། སེམས་ཅན་ཐམས་ཅད་དོན་ལ་གཞག་པར་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་རྟོག་པའི་སེམས་དང་ལྡན་པ། ལོངས་སྤྱོད་མཐའ་ཡས་པ་སྣ་ཚོགས་ཐམས་ཅད་ལ་དམིགས་པ་ཚད་མེད་པའི་རིམ་གྲོ་བྱེད་པའི་ཚུལ་ཅན་སེམས་ཅན་ལ་ཕན་པ་རྣམ་པ་ཐ་དད་པས་རྣམ་པ་སྣ་ཚོགས་ དུ་མར་ཡང་དག་པར་སྤྱོད་པ། དངོས་པོའྀ་རྣམ་པ་ཚད་མེད་པ་བརྗོད་དུ་མེད་པ་དང་། མངོན་པར་འདུ་བྱ་བའི་རྒྱན་མཚན་ཉིད་སྣ་ཚོགས་ཅན་ཐམས་ཅད་སྦྱིན་པའི་ཚོགས་ལ་རབ་ཏུ་བརྩོན་པ། གཏང་བར་ 73-1-250b བྱ་བ་མཐའ་ཡས་པ་སྟོབ་པས་གཏོང་བ་ཐམས་ཅད་ཡང་དག་པར་གཏོང་བ་ལ་གཞོལ་བ། ཕྱི་ནང་གི་ཡུལ་ཟད་མི་ཤེས་པའི་དམིགས་པ་ཐམས་ཅད་ཤིན་ཏུ་སྟོན་པས་དེ་དག་གཏོང་ བ་དང་། ཡོངས་སུ་གཏང་བ་དང་། སྟོབ་པ་དང་། སྦྱིན་པར་བྱེད་པ་དང་། འབུལ་བ་དང་། བསམ་པའི་སྟོབས་རྣམ་པར་འཕེལ་བར་བྱེད་པ་དང་། འགྲོ་བ་ཐམས་ཅད་དུ་ཡོན་ཏན་ཆེན་པོ་ཐོབ་པ་སེམས་རིན་པོ་ཆེ་དང་། འགྲོགས་ པ་དང་། ལན་ལ་རེ་བ་མེད་པར་འགྲོ་བ་ཐམས་ཅད་སྙིང་རྗེས་རྗེས་སུ་སྐྱོང་བ་དང་། འགྲོ་བ་རིན་པོ་ཆེ་ཐམས་ཅད་ཀྱི་བསམ་པ་རིན་པོ་ཆེ་ཤིན་ཏུ་བསྒྲུབ་པ་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་ སངས་རྒྱས་ཐམས་ཅད་དང་། ཅིག་ཏུ་བགྲང་བའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་བར་བྱེད་པའི་ཚེ། ཡོ་བྱད་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་གཏང་བས་ཡང་དག་པར་བསྡུས་པའི་ དགེ་བའི་རྩ་བ་དེ་དག་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡོངས་སུ་སྨྱིན་པར་བྱ་བ་དང་། འདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཞིང་ཐམས་ཅད་ མ་ལུས་པར་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉེ་བའི་ཉོན་མོངས་པ་མེད་ཅིང་རྒྱན་རྣམ་པར་དག་པས་རྣམ་པར་བྱེ་བ་དང་། རབ་ཏུ་བརྒྱན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ ཐམས་ཅད་མ་ལུས་པར་སེམས་གཅིག་གིས་རྒྱས་པར་འགེངས་པའི་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ནམ་མཁའི་ཁམས་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་ཡོངས་སུ་རྒྱས་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དུས་མཐའ་དང་དབུས་མེད་པ་ཐམས་ཅད་མ་ལུས་པ་ལ་འཇུག་ཅིང་ཐམས་ཅད་མཁྱེན་པས་འདུལ་བས་དུས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་ཡོངས་སུ་ 73-1-251a བསྔོའོ། །ཡེ་ཤེས་ཀྱི་བྱིན་བརླབས་ཐམས་ཅད་མ་ལུས་པ་ལ་མཁས་པའི་ཡང་དག་པར་བསྟན་པའི་འགྲོ་བ་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་ མ་ལུས་པར་མངོན་པར་འཚང་རྒྱ་བར་བྱ་བས། ཕྱི་མའི་མཐའི་མུར་ཐུག་པའི་སྐལ་བར་བསྟན་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་རྒྱུན་མི་འཆད་པས་སེམས་ཅན་ཀུན་ཀྱི་སངས་རྒྱས་ཀྱི་ཆོས་ཤེས་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བསྐལ་པའི་གྲངས་ཐམས་ཅད་མ་ལུས་པ་བྱང་ཆུབ་སེམས་དཔའི་སྤྱོད་པས་རྒྱས་པར་དགང་བའི་ཕྱིར་ཡོངསུ་བསྔོའོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དང་འཇིག་རྟེན་གྱི་ཁམས་ འབྱམ་ཀླས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཆེ་བ་དང་ཆུང་བ་དང་། ཕྲ་བ་དང་ཡངས་པ་དང་། སྣྲེལ་གཞིའི་རྒྱུ་དང་། སྤྱིའུ་ཚུགས་སུ་བསྟན་པ་དང་། རྒྱན་གཅིག་པ་དང་། རྒྱན་ཐ་དད་པ་དང་། འཇིག་རྟེན་ གྱི་ཁམས་སྣ་ཚོགས་སུ་བགྲང་ཞིང་བསྟན་པ་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་རྒྱས་པར་གང་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མ་ལུས་པ་ལ་ དུས་གསུམ་དུ་བརྩོན་པས་སེམས་སྐད་ཅིག་རེ་རེ་ཞིང་ཐམས་ཅད་མཁྱེན་པར་འདུལ་བ་དང་། རབ་ཏུ་འགོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ གྱི་ཁམས་གྲངས་མེད་པ་ཐམས་ཅད་གཟུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ལམ་གྱི་རྒྱུན་མི་འཆད་པ་ལ་ཞུགས་པ་སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་ཅིང་བྱམས་པ་ཆེན་པོ་ཚད་མེད་པ་ལ་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་སློབ་པར་ཞུགས་པ། དེ་བཞིན་གཤེགས་པའི་གདམས་ངག་ཐམས་ཅད་ཀྱི་ཚུལ་ལ་གནས་པ། སངས་རྒྱས་ཐམས་ཅད་ལ་དགེ་བའི་རྩ་བ་རྒྱུན་མི་འཆད་ 73-1-251b པར་སྐྱེས་པས། དུས་ཐམས་ཅད་དུ་སློང་བ་ལ་སྐྱོ་བ་མེད་པར་རིམ་འགྲོར་བྱེད་པའི་སེམས་དང་ལྡན་པ། སྦྱིན་པ་བཏང་བ་ཐམས་ཅད་བཏང་བས་འགྱོད་པ་མེད་པའི་སེམས་དང་ལྡན་པ་བསྩགས་པ་ཐམས་ཅད་ཐམས་ཅད་ མཁྱེན་པར་ཡོངས་སུ་བསྔོ་བ་ལ་བརྩོན་པ་དེས་སློང་བ་དེ་དང་དེ་དག་འོངས་ཤིང་ཡོ་བྱད་ཀྱི་དངོས་པོ་མཐའ་ཡས་པ་སློང་བ་དང་སློང་བ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་ པས་དུས་གཞན་དང་གཞན་དུ་སློང་བ་འོངས་པ་དང་། སློང་བ་དེ་དང་དེ་དག་ཡུལ་དེར་འོངས་ཤིང་དུས་གཞན་དང་གཞན་དུ་ཕྱིན་པ། དམིགས་པའི་དངོས་པོ་རྣམ་པ་ཐ་དད་པ་སློང་བ་དང་སློང་བའི་སེམས་ཅན་སྣ་ཚོགས། བསམ་པ་འཐུན་པས་གདོང་དུ་ལྟ་བ་དང་། སེམས་ཅན་སློང་བ་གྲངས་མེད་པར་འདུས་ཤིང་། བྱང་ཆུབ་སེམས་དཔས་སྐབས་ཕྱེ་བ་ལ་གནས་པ་དང་། སྦྱིན་པ་ཐོབ་པ་ལ་སྡོད་པའི་སློང་བ་སྣ་ཚོགས་དང་། ལེན་པ་སྣ་ཚོགས་ དང་། སེམས་ཅན་སྣ་ཚོགས་དང་། གང་ཟག་གཞན་དང་གཞན་སེམས་སྣ་ཚོགས་དང་ལྡན་པ་ཕྱོགས་གཞན་དང་གཞན་ནས་འོངས་པའི་མི་རྣམ་པ་ཐ་དད་པ་གཞན་དང་གཞན་དུ་གྱུར་པ། ས་གནས་ཐ་དད་པས་ ཟིན་པའི་སྦྱིན་པའི་གནས་གཞན་དང་གཞན་དུ་གྱུར་པ། དེ་ལྟ་བུའི་སློང་བའི་ཚོགས་ཆེན་པོ་སྲོགས་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཀུན་ནས་འདུས་པ་མཐོང་ན་སློང་བ་དེ་དག་ཐམས་ཅད་ལ་སེམས་ དགའ་བ་དང་། སེམས་དད་པ་དང་། སློང་བ་ལ་བྱམས་པ་དང་། དགེ་བའི་བཤེས་གཉེན་མཐོང་བའི་འདུ་ཤེས་ཀྱི་སྙིང་རྗེ་ཆེན་པོས་རིམ་གྲོ་བྱེད་པའི་སེམས་དང་། ཡིད་རབ་ཏུ་སྤྲོ་བ་དང་། སེམས་ཤིན་ཏུ་ཚིམ་ པ་རབ་ཏུ་ཐོབ་སྟེ། ཕྱིར་མི་ལྡོག་པའི་དད་པས་གཏོང་བ་རྒྱུན་མི་འཆད་པར་བྱ་བའི་སེམས་དང་། སྐྱོ་བ་མེད་ཅིང་ཁྱད་པར་དུ་འཕེལ་བར་གཏང་བའི་སེམས་ཀྱིས་སློང་བ་རྣམས་འོངས་པ་དང་། དངོས་པོ་ཇི་སློང་བ་ 73-1-252a དེ་དག་ཡོངས་སུ་ཚིམ་པ་དང་། ཡོངས་སུ་རྒྱས་པ་དང་། ལག་གང་བ་དང་། སྣོད་གང་བ་དང་། བསམ་པ་གང་བ་དང་། ཅི་འདོད་པའི་དངོས་པོ་ཐོབ་པ་དང་། ཡིད་བདེ་བ་མཐའ་ཡས་པས་རྒྱས་པ་དང་། དབུལ་བོར་ བ་དང་། ནོར་དང་ཡོ་བྱད་ཐམས་ཅད་བསྡུད་པས་བསྟན་པ་དང་། དངོས་པོ་ཡོངས་སུ་གཏང་བ་ཐམས་ཅད་ཀྱིས་ཤིན་ཏུ་བསྟན་པ་དང་། ཅི་སླངས་པའི་དངོས་པོ་ཐམས་ཅད་ཐོབ་པས་ཡིད་བདེ་སྟེ། སྒྲ་ཆེ་ཞིང་མཐོང་བ་ འབྱིན་པ་དང་། ཇི་བདེར་འདོང་ཞིང་སྤྱོད་པ་དང་། བསམ་པ་ཇི་བཞིན་དུ་ཚིམ་པ་དང་། ཉོན་མོངས་པ་མེད་པར་སྦྱིན་པ་ཐོབ་པ་དང་། ཆད་ཅིང་དུབ་པ་མེད་པའི་སེམས་དང་ལྡན་པར་བྱེད་དེ། སློང་བ་དེ་དག་མཐོང་ བ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དགའ་བར་འགྱུར་གྱི། བརྒྱ་བྱིན་གྱི་སྟན་ལ་འདུག་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་ནི་མ་ཡིན་ནོ། །རབ་མཚེ་མའི་ དབང་ཕྱུག་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་གནས་པས་མ་ཡིན་ནོ། །དགའ་ལྡན་དུ་སྐྱེས་ཏེ་སྐྱེ་བ་དང་། འཆི་འཕོ་ལས་རྣམ་པར་འདས་པས་མ་ཡིན་ནོ། །རབ་འཕྲུལ་དགའི་དབང་ ཕྱུག་ལ་བསྐལ་པ་གྲངས་མེད་པར་བདེ་བའི་རྣམ་པ་ཐོབ་པས་མ་ཡིན་ནོ། །དབང་སྒྱུར་བའི་དབང་གིས་བསྐལ་པ་བསམ་གྱིས་མི་ཁྱབ་པར་ཡིད་དུ་འོང་བའི་བུད་མེད་གྱི་བདེ་བ་ལ་གནས་པས་མ་ཡིན་ནོ། །ཚངས་པའི་ བསྟན་ལ་གནས་པས་བསྐལ་པ་བརྗོད་དུ་མེད་པར་ཚངས་པའི་བདེ་བ་ལ་གནས་པས་སྤྱོད་པ་མ་ཡིན་ནོ། །མིར་གྱུར་ཅིང་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་སྟོང་གསུམ་གྱི་མཐར་ཐུག་པའི་བདེ་བའི་རྣམ་པས་ བསྐལ་པ་ས་མཚམས་མེད་ཅིང་ཚད་མེད་པར་དགའ་བ་དང་། རྩེ་བ་དང་ལོངས་སྤྱོད་ཐོབ་པར་གྱུར་པས་ནི་མ་ཡིན་ནོ། །དགེ་རྒྱས་ཀྱི་ལྷའི་བདེ་བ་ལ་བསྐལ་པ་མཚུངས་པ་མེད་པར་བདེ་བའི་རྣམ་པ་ཟད་མི་ 73-1-252b ཤེས་པ་དང་། འགྲོགས་པས་མ་ཡིན་ནོ། །གནས་གརྩང་མའི་གནས་ན་གནས་པས་བསྐལ་པ་མེད་པར་བདེ་བ་དང་། འགྲོགས་པ་གྱུར་པས་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སློང་བ་སྣ་ཚོགས་མཐོང་ན་དགའ་བར་འགྱུར་རོ། །སྤྲོ་བ་སྐྱེའོ། །མོས་པར་འབྱུང་ངོ་། །རབ་ཏུ་དགའ་བ་འགྲུབ་པོ། །དད་པ་འཕེལ་ལོ། །བསམ་པ་འབྱུང་ངོ་། །དབང་པོ་ལས་སུ་རུང་བར་འགྱུར་རོ། ། དགའ་བའི་སེམས་ཡོངས་སུ་རྫོགས་པར་འགྱུར་རོ། །མོས་པ་ཆེན་པོས་བསྐྱེད་པའི་སེམས་ཀྱིས་ཤུགས་རྣམ་པར་འཕེལ་ལོ། །སངས་རྒྱས་ཀྱི་བྱང་ཆུབ་རྩ་བ་བརྟན་ཞིང་རྣམ་པར་འཕེལ་ལོ། ། དེ་དགེ་བའི་རྩ་བ་དེ་དག་སློང་བ་དེ་དག་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོའོ། །བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །དོན་གྱི་ཕྱིར་ཡོངས་སུ་བསྔོའོ། །རྣམ་པར་དག་པའི་ཕྱིར་ཡོངས་སུ་ བསྔོའོ། བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོའོ། །མཉམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །ཡིད་བཟང་པོའི་འབྱུང་གནས་སུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །ཐེག་པ་ཆེན་པོའི་བཟང་ བ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །བརྩམས་པ་བཟང་པོ་ཐམས་ཅད་ཤེས་པ་དང་འབྱོར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡོངས་སུ་རྫོགས་ པས་སྟོབས་བཅུའི་ཡེ་ཤེས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ཡང་སེམས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ལུས་ཀྱི་ལས་ཀྱི་ཕྱིར་ཡོངས་སུ་བསྔོའོ། ། སེམས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ངག་གི་ལས་ཡོངས་སུ་བསྔོའོ། །སེམས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ཡིད་ཀྱི་ལས་ཀྱི་ཕྱིར་ཡོངས་སུ་བསྔོའོ། །དེ་ཡང་སེམས་ 73-1-253a ཅན་ཀྱི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མ་ཡིན། གཞུང་དེ་བཞིན་དུ་སྲོག་གི་འདུ་ཤེས་ཀྱིས་མ་ཡིན། གང་ཟག་གི་འདུ་ཤེས་ཀྱིས་མ་ཡིན། ཤེད་ལས་སྐྱེས་པའི་འདུ་ཤེས་ཀྱིས་མ་ཡིན། ཤེད་བདག་གི་ འདུ་ཤེས་ཀྱི་མ་ཡིན། སྐྱེ་བ་པོའི་འདུ་ཤེས་ཀྱིས་མ་ཡིན། བྱེད་པ་པོའི་འདུ་ཤེས་ཀྱིས་མ་ཡིན། ཚོར་བ་པོའི་འདུ་ཤེས་ཀྱིས་མ་ཡིན། ཡོད་པ་དང་མེད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མ་ཡིན། འཇིག་རྟེན་གྱི་འདུ་ཤེས་ཀྱིས་མ་ཡིན། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་ཀྱིས་མ་ཡིན། ཤི་འཕོ་བའི་འདུ་ཤེས་ཀྱིས་མ་ཡིན། སྐྱེ་བའི་འདུ་ཤེས་ཀྱིས་མ་ཡིན། རྟག་པའི་འདུ་ཤེས་ཀྱིས་མ་ཡིན། མི་རྟག་པའི་ འདུ་ཤེས་ཀྱིས་མ་ཡིན། སྲེད་པའི་འདུ་ཤེས་ཀྱིས་མ་ཡིན། སྲིད་པ་མེད་པའི་འདུ་ཤེས་ཀྱིས་མ་ཡིན། འདུ་ཤེས་མེད་པས་ཡོངས་སུ་བསྔོའ་བ་མ་ཡིན། འདུ་ཤེས་མེད་པ་མ་ཡིན་པས་ཡོངས་སུ་བསྔོའ་བ་མ་ཡིན། དེ་ཆགས་པ་མེད་པའི་སེམས་གྱིས་ཡོངས་སུ་བསྔོའོ། །བཅིངས་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །གྲོལ་བ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོ་སྟེ། དེ་ནི་ལས་ཡོངས་སུ་མི་བསྔོའོ། །རྣམ་པར་ སྨིན་པ་ཡོངས་སུ་མི་བསྔོའོ། །རྟོག་པ་ཡོངས་སུ་མི་བསྔོའོ། །རྣམ་པར་རྟོག་པ་ཡོངས་སུ་མི་བསྔོའོ། །སེམས་དཔའ་ཡོངས་སུ་མི་བསྔོའོ། །བསམ་པ་ཡོངས་སུ་མི་བསྔོའོ། །སེམས་ཡོངས་སུ་མི་བསྔོའོ། ། སེམས་མེད་པ་ཡོངས་སུ་མི་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ནང་ལ་མངོན་པར་ཆགས་པ་མེད་དོ། །ཕྱི་རོལ་ལ་མངོན་པར་ཆགས་པ་མེད་དོ། །རྐྱེན་ལ་མངོན་པར་ཆགས་པ་མེད་དོ། །དམིགས་པ་ལ་ མངོན་པར་ཆགས་པ་མེད་དོ། །རྒྱུ་ལ་མངོན་པར་ཆགས་པ་མེད་དོ། །རྒྱུ་འདུས་པ་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ཉིད་ལ་མངོན་པར་ཆགས་པ་མེད་དོ། །སེམས་པ་ 73-1-253b ལ་མངོན་པར་ཆགས་པ་མེད་དོ། །བསམ་པ་ལ་མངོན་པར་ཆགས་པ་མེད་དོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། གཟུགས་ལ་མངོན་པར་ཆགས་པ་མེད་དོ། །གཟུགས་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །གཟུགས་ འགོག་པ་ལ་ཆགས་པ་མེད་དོ། །ཚོར་བ་ལ་ཆགས་པ་མེད་དོ། །ཚོར་བ་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །ཚོར་བ་འགོག་པ་ལ་ཆགས་པ་མེད་དོ། །འདུ་ཤེས་ལ་ཆགས་པ་མེད་དོ། །འདུ་ཤེས་ཉེ་བར་ལེན་པ་ ལ་ཆགས་པ་མེད་དོ། །འདུ་ཤེས་འགོག་པ་ལ་ཆགས་པ་མེད་དོ། །འདུ་བྱེད་ལ་ཆགས་པ་མེད་དོ། །འདུ་བྱེད་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །འདུ་བྱེད་འགོག་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་ པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་འགོག་པ་ལ་ཆགས་པ་མེད་དོ། །གང་དེ་ལྟ་བུའི་ཆོས་ལ་ཆགས་པ་མེད་པའི་གཟུགས་ལ་ཆགས་པ་མེད་དོ། ། གཟུགས་ཀྱི་སྐྱེ་བ་ལ་བཅིངས་པ་མེད་དོ། །གཟུགས་འགོག་པ་ལ་བཅིངས་པ་མེད་དོ། །ཚོར་བ་ལ་བཅིངས་པ་མེད་དོ། །ཚོར་བའི་སྐྱེ་བ་ལ་བཅིངས་པ་མེད་དོ། །ཚོར་བའི་འགོག་པ་ལ་བཅིངས་པ་མེད་དོ། ། འདུ་ཤེས་ལ་བཅིངས་པ་མེད་དོ། །འདུ་ཤེས་ཀྱི་སྐྱེ་བ་ལ་བཅིངས་པ་མེད་དོ། །འདུ་ཤེས་ཀྱི་འགོག་པ་ལ་བཅིངས་པ་མེད་དོ། །འདུ་བྱེད་ལ་བཅིངས་པ་མེད་དོ། །འདུ་བྱེད་ཀྱི་སྐྱེ་བ་ལ་བཅིངས་པ་མེད་དོ། ། འདུ་བྱེད་ཀྱི་འགོག་པ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པ་སྐྱེ་བ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པའི་འགོག་པ་ལ་བཅིངས་པ་མེད་དོ། །གང་ཆོས་དེ་དག་ ལ་བཅིངས་པ་མེད་པ་དེ་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ལ་འཛིན་པ་འམ། ཆོས་གང་ལ་ཆོས་ཀྱིས་ཆགས་པར་འགྱུར་བའི་ཆོས་དེ་ལྟ་བུ་མཆིས་པའམ། 73-1-254a སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །དེ་ཡང་འདི་ལྟར་ཆོས་ཐམས་ཅད་ནི་འདུ་ཤེས་དང་བྲལ་བའི་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པའི་རང་བཞིན་ཏེ། གཅིག་པ་མ་ཡིན་ནོ། །གཉིས་པ་མ་ཡིན་ནོ། །མང་པོ་མ་ ཡིན་ནོ། །ཚད་མེད་པ་མ་ཡིན་ནོ། །ཆུང་ངུ་མ་ཡིན་ནོ། ཉུང་ངུ་མ་ཡིན་ནོ། །མང་པོ་མ་ཡིན་ནོ། །དམའ་བ་མ་ཡིན་ནོ། །ཡངས་པ་མ་ཡིན་ནོ། །ཟབ་པ་མ་ཡིན་ནོ། །གསྩལ་བ་མ་ཡིན་ནོ། །ཞི་བ་མ་ཡིན་ནོ། །སྤྲོས་པ་མ་ཡིན་ནོ། ། གནས་མ་ཡིན་ནོ། །གནས་མེད་པ་མ་ཡིན་ནོ། །ཆོས་མ་ཡིན་ནོ། །ཆོས་མེད་པ་མ་ཡིན་ནོ། །བསྒོམ་པ་མ་ཡིན་ནོ། །སྒོམ་པ་མེད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་ནོ། །མེད་པ་མ་ཡིན་ནོ། །དེ་དེ་ལྟར་ཆོས་མེད་པའི་ ཚུལ་གྱིས་ཆོས་རྣམས་ལ་རྣམ་པར་ལྟ་སྟེ། ཆོས་ཀྱི་ཚིག་གི་ལམ་ལ་གནས་པས། ཆོས་མ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལས་ཀྱི་ལམ་ཡང་རྒྱུན་གཅོད་པར་མི་བྱེད་དོ། །བྱང་ཆུབ་ སེམས་དཔའི་སྤྱོད་པ་ཡང་རྣམ་པར་ཐོགས་པར་མི་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་གོ། །རྟེན་པའི་ལམ་སྒྱུ་མ་ལྟ་བུར་ཡང་རབ་ཏུ་ཤེས་སོ། །ཆོས་སྒྲ་བསྙན་པ་དང་འདྲ་བ་ཡང་འཇིགས་པར་ མི་བྱེད་དོ། །སེམས་ཅན་དུ་སྣང་བས་ཀྱང་རློམ་སེམས་སུ་མི་བྱེད་དོ། །ཆོས་ཐམས་ཅད་སྒྱུ་མ་དང་མཉམ་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལས་རྣམས་ཀྱི་རྒྱུའི་མཐུ་དང་འགལ་བར་མི་བྱེད་དོ། ། ལས་ལ་གཞོལ་བར་ཡང་རབ་ཏུ་འཇུག་སྟེ། ཆོས་རྣམས་མངོན་པར་འདུ་བྱ་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། མངོན་པར་འདུ་བྱ་བ་མེད་པར་ལམ་ཡང་རྒྱུན་མི་གཅོད་དོ། །དགེ་བའི་ རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། གང་གི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཐམས་ཅད་ཡོངས་སུ་བསྔོ་ཞིང་ཐམས་ཅད་ལས་ལྡོག་པར་མི་བྱེད་དོ། །ཅིའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱ་ཞེ་ན། 73-1-254b འདི་ནི་འཇིག་རྟེན་ལས་ཕ་རོལ་ཏུ་གྱུར་པས་ན་དེའི་ཕྱིར་ཕ་རོལ་ཅེས་བྱའོ། །ཕུང་པོ་ལས་གཞན་དུ་འགྱུར་བར་བྱེད་པས་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །ཚིག་ལམ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ ཡོངས་སུ་བསྔོའ་བ་ཞེས་བྱའོ། །སེམས་ཅན་གྱི་འདུ་ཤེས་སྣ་ཚོགས་ལས་ཕ་རོལ་ཏུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །འཇིག་ཚོགས་མང་པོ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་ བསྔོ་བ་ཞེས་བྱའོ། །མངོན་པར་འདུ་བྱེད་པ་ལས་གཞན་དུ་གྱུར་པས་ན། དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །སྲིད་པ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོའ་བ་ཞེས་བྱའོ། །ཉེ་བར་ལེན་ པ་ལས་གཞན་དུ་གྱུར་པས་ན། དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་ལས་གཞན་དུ་གྱུར་པས་ན། དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། ། དེ་དེ་ལྟར་ཡོངས་སུ་བསྔོ་བས་སངས་རྒྱས་ཀྱི་རྗེས་སུ་སོང་བ་ཡིན། ཆོས་ཀྱི་རྗེས་སུ་སོང་བ་ཡིན། ཡེ་ཤེས་ཀྱི་རྗེས་སུ་སོང་བ་ཡིན། བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། དོན་ཀྱི་རྗེས་སུ་སོང་བ་ཡིན། ཡོངས་སུ་བསྔོ་བའི་རྗེས་སུ་སོང་བ་ཡིན། སྤྱོད་ཡུལ་གྱི་རྗེས་སུ་སོང་བ་ཡིན། སྤྱོད་པའི་རྗེས་སུ་སོང་བ་ཡིན། རང་བཞིན་གྱི་རྗེས་སུ་སོང་བ་ཡིན། རྣམ་པར་དག་ པའི་རྗེས་སུ་སོང་བ་ཡིན་ཏེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་ཆོས་ཤེས་པར་བྱ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པ་ཡིན། སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ཡང་ཡོངས་སུ་རྫོགས་པར་བྱེད་ དེ། སངས་རྒྱས་གང་ཡང་ཐུག་འབྱུང་བར་བྱེད་པ་མེད་པ་ཡིན། ཆོས་གང་ཡང་མི་འཐུན་པར་བྱས་པ་མེད་པ་ཡིན། ཆོས་གང་ཡང་ཆུད་གཟན་པ་མེད་པ་ཡིན། ཆོས་གང་དང་ཡང་འགལ་བར་བྱེད་ 73-1-255a པ་མེད་པ་ཡིན། དངོས་པོ་གང་ཡང་ཉམས་པར་བྱེད་པ་མེད་པ་ཡིན། ཆོས་གང་ཡང་བོར་བ་མེད་པ་ཡིན། རྒྱུ་གང་ཡང་བཤིག་པ་མེད་པ་ཡིན། རྐྱེན་གང་ཡང་ཕྱི་ནང་གི་ཆོས་ཐམས་ཅད་དང་འགལ་ བར་བྱས་པ་མེད་པ་ཡིན། ལས་ཀྱི་འབྲས་བུ་ཡང་རྒྱུན་གཅོད་པར་མི་བྱེད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ། དགེ་བའི་རྩ་བ་ ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དེས་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཚད་མེད་པས་བྱིན་གྱི་བརླབས་པ་ཡིན་ནོ། ། སྙིང་པོ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཐོབ་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་བརྩོན་པ་ཡིན་ནོ། །དོན་ཀྱི་ཆོས་དང་ལྡན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་སོང་བ་ཡིན་ནོ། །དགེ་བའི་རྩ་བ་དམ་ པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་རྗེས་སུ་སོང་བ་ཡིན་ནོ། །རྡོ་རྗེ་ལྟར་མི་ཤིགས་པའི་སྙིང་པོའྀ་རྗེས་སུ་སོང་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ལ་ དབང་སྒྱུར་བ་རབ་ཏུ་ཐོབ་པ་དམ་པའི་རྗེས་སུ་སོང་བ་ཡིན་ནོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའྀ་མདོ། བམ་པོ་བཅུ་དགུ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་ཐམས་ཅད་ལས་བལྟས་ནས་ཆོས་ཀྱི་དབྱིངས་ལ་ལྟ་བ་དང་། དོན་དང་ཡི་གེ་དང་། ཚིག་ལ་འཇུག་པ་དང་། སེམས་ཅན་མཐའ་དང་དབུས་མེད་ པར་ཡངས་པ་ཡོངས་སུ་བསྒོམ་པ་དང་། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་རྒྱས་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་ཀྱི་སེམས་ཡང་དག་པར་འབྲེལ་པར་བྱ་བ་དང་། ཡོན་ཐམས་ཅད་ 73-1-255b ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ལུས་སུ་ཡང་དག་པར་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་དབྱེ་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་ཐོབ་པ་ ཡང་དག་པར་མཐོང་བ་དང་། ཆོས་ཀྱི་ལུས་ཀྱི་རྗེས་སུ་སོང་བའི་གཟུགས་ཀྱི་ལུས་ཡོངས་སུ་དག་པ་སྟོན་པ་དག་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། དེ་དག་རྒྱལ་པོའི་རིགས་དང་ལྡན་གྱུར་ཅིང་། །འགྲོ་བ་ཀུན་ན་རྒྱལ་པོ་གང་ཡོད་པ། །དེ་དག་ཟིལ་ནོན་རྒྱལ་པོ་འགྲོ་བའི་མཆོག །ཕན་པའི་དོན་དུ་རྒྱལ་པོ་མཐུ་ཆེན་འགྱུར། །དེ་དག་དང་བའི་ཡིད་དུ་རབ་ གྱུར་ཅིང་། །འགྲོ་བ་ཀུན་ལ་དབང་སྒྱུར་རབ་ཐོབ་སྟེ། །ཆོས་དང་ལྡན་པར་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །འགྲོ་བ་རྣམས་ཀྱི་བདེ་བ་རབ་ཏུ་བསྐྱེད། །དེ་དག་རྒྱལ་པོའི་རིགས་རྒྱུད་རྣམ་དག་པས། །ཆོས་དང་ལྡན་ པར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་དག་འཁྲུག་མེད་རྒྱལ་སྲིད་སྐྱོང་བ་བྱེད། །ཕྱོགས་རྣམས་ཀུན་ནས་འཁོར་ལོ་ཕྱིར་མི་ལྡོག །དེ་དག་ཡོན་ཏན་གཟུགས་དང་རབ་ཏུ་ལྡན། །མཁས་པའི་བློ་དང་ཤེས་ རབ་ཡེ་ཤེས་ལྡན། །དེ་དག་ཟིལ་ནོན་མཐུ་ལ་ལྡོག་པ་མེད། །བདུད་ཀྱི་དཀྲུགས་མ་ཐམས་ཅད་རབ་ཏུ་འཇོམས། །དེ་དག་ཚུལ་ཁྲིམས་རྣམ་པར་དག་པ་སྟེ། །བཟོད་པའི་སྟོབས་ལ་སྡོམ་པའི་སེམས་ཀྱིས་ གནས། །ཁོན་འཛིན་ཁྲོ་བ་རྣམ་དག་ཡིད་བསྩལ་བས། །རྒྱལ་བ་རྣམས་ཀྱི་ཆོས་འདིར་རྟག་ཏུ་བརྩོན། །དེ་དག་ཟས་དང་སྐོམ་དག་སྦྱིན་བྱེད་ཅིང་། །རྒྱན་དང་ཕྲེང་བ་གོས་དང་སྤོས་མང་དང་། །མལ་དང་བྱུག་ པ་རྒྱབ་རྟེན་མར་མེ་དག །རྣམ་པ་མཐའ་ཡས་ཇི་སྙེད་གཏོང་བྱེད་ཅིང་། །ཕན་པའི་སེམས་སྐྱེས་དེ་དག་སྦྱིན་བྱེད་ཚེ། །དེ་ལ་ཤིན་ཏུ་དད་པའི་སེམས་བསྒྱུར་ཅིང་། །བསམ་པ་དག་པས་དགའ་བ་ཡངས་ 73-1-256a བསྐྱེད་དེ། །འཇིག་རྟེན་བླ་མ་དག་ལ་སྦྱིན་པ་བྱེད། །དེ་དག་དངོས་པོ་ཐམས་ཅད་གཏོང་བྱེད་ཅིང་། །ཕྱི་དང་ནང་དང་གང་རྣམས་ཇི་སྙེད་པ། །ཀུན་ཀྱང་དང་བའི་ཡིད་ཀྱིས་རབ་ཏུ་གཏོང་། །ཡིད་ལ་ཞུམ་པར་ བྱེད་པ་གང་ཡང་མེད། །མགོ་ཡང་གཏོང་ཞིང་མིག་ཀྱང་རབ་ཏུ་གཏོང་། །ལག་པ་གཏོང་ཞིང་དེ་བཞིན་རྐང་པ་གཏོང་། །ཤ་དག་གཏོང་ཞིང་དེ་བཞིན་རྐང་ཡང་གཏོང་། །ཐམས་ཅད་ལུས་ཀྱང་མི་དགའ་མེད་པར་ གཏོང་། །དེ་དག་དབང་ཕྱུག་ཤིན་ཏུ་ཡངས་བསྒྱུར་ཅིང་། །རིགས་དང་རུས་ལྡན་འགྲོ་བ་མི་ཡི་རྗེ། །ཁ་ནས་ལྕེ་འང་ཤིན་ཏུ་བརྐྱང་བྱས་ཤིང་། །སློང་བ་རྣམས་ལ་མི་དགའ་མེད་པར་གཏོང་། །དེ་དག་ དབང་ཕྱུག་ཤིན་ཏུ་ཡངས་བསྒྱུར་ཅིང་། །སློང་བ་རྣམས་ལ་ལྕེ་སྦྱིན་བྱས་ནས་ཀྱང་། །འདི་ན་འགྲོ་བ་ཡོད་པ་མ་ལུས་ཀུན། །རྒྱལ་བའི་ལྗགས་ཡངས་ཇི་བཞིན་ཐོབ་འགྱུར་བསྔོ། །རབ་ཏུ་སྤྲོ་བྱས་བུ་ཡང་ སྦྱིན་པར་བྱེད། །མི་དགའ་མེད་བྱས་ཆུང་མ་སྦྱིན་པར་བྱེད། །རབ་ཏུ་དགའ་བྱས་རྒྱལ་སྲིད་སྦྱིན་པར་བྱེད། །བདག་དང་གཞན་གྱི་བྲན་དུ་སྦྱིན་པར་བྱེད། །ཅི་འདོད་གཏོང་བ་ཐམས་ཅད་གཏོང་བར་བྱེད། ། མི་སྐྱོར་གཏོང་ཞིང་དུས་སུ་གཏོང་བ་བྱེད། །ཅི་འདྲའི་དངོས་པོ་བསླངས་པར་གྱུར་པ་རྣམས། །ཐམས་ཅད་བསམ་པ་བཞིན་དུ་རབ་ཏུ་གཏོང་། །ཆོས་ཀྱི་དོན་དུ་བདག་ཀྱང་གཏོང་བར་བྱེད། །བྱང་ཆུབ་ དོན་དུ་དཀའ་བ་རབ་ཏུ་སྤྱོད། །སེམས་ཅན་དོན་དུ་ཐམས་ཅད་བཟོད་པར་བྱེད། །ཡེ་ཤེས་དོན་དུ་ཕྱིར་ལྡོག་མི་འགྱུར་རོ། །རྒྱལ་བ་རྣམས་ལས་ཆོས་རྣམས་མཉན་བྱས་ཤིང་། །མངོན་པར་གཡོག་ ཕྱིར་འབུལ་བར་བྱེད་པའི་ཚེ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱབ་སེམས་ཀྱིས། །རྒྱལ་བ་རྣམས་ལ་དགའ་བ་ཡངས་པ་བསྐྱེད། །མི་ཡི་གཙོ་བོ་འདྲེན་པ་མཐོང་ནས་ཀྱང་། །བྱམས་ལྡན་ཕན་པའི་ 73-1-256b སེམས་ཀྱིས་རིམ་གྲོ་བྱེད། །དགའ་བར་བྱེད་པའི་ཡིད་དང་ལྡན་གྱུར་ཅིང་། །སྣོད་དུ་གྱུར་ཏེ་ཆོས་རྣམས་ལེན་པར་བྱེད། །ཅི་ནས་འཇིག་རྟེན་འདི་དག་བདེར་འགྱུར་ཞིང་། །ཅི་ནས་ཐམས་ཅད་བསྐྱབས་པར་འགྱུར་བ་དང་། ། ཅི་ནས་འགྲོ་བ་ཐམས་ཅད་འགྲོལ་འགྱུར་བར། །དེ་དག་འགྲོ་བ་ཀུན་ལ་ཡོངས་སུ་བསྔོ། །གཟུགས་མཛེས་བཞིན་སྡུག་ངག་སྙན་ལྡན་པ་དག །མེ་ཏོག་སྡུག་བཏགས་སྤོས་ཞིམ་བསྐུས་པ་རྣམས། །ཕྲེང་བ་ལྷབ་ལྷུབ་ རྒྱན་དང་ལྡན་པ་ཡི། །འཁོར་དང་ལྡན་པར་དེ་དག་རབ་གྱུར་ཅིང་། །མཁས་ཤིང་ཤེས་པའི་གཡོག་འཁོར་དེ་དག་ཀྱང་། །ཕན་པར་སེམས་དཔའི་ཡིད་ཀྱིས་གཏོང་བའི་ཚེ། །བལྟོས་ཤིང་རེ་བའི་སེམས་ཀྱང་ མི་འགྱུར་བར། །སེམས་ཅན་ཕན་ཕྱིར་བྱང་ཆུབ་རབ་ཏུ་ཚོལ། །དགེ་བ་དེ་ལ་རྗེས་སུ་སེམས་བྱེད་ཅིང་། །སྣ་ཚོགས་ཡངས་ཤིང་རྒྱ་ཆེ་སྣེལ་བཞི་ལས། །འགྲོ་བ་ཀུན་ལ་བརྟན་པ་ཡོངས་སུ་བསྔོ། །ལས་ལ་ གནས་སུ་བྱེད་པ་གང་ཡང་མེད། །དེ་དག་རྒྱལ་སྲིད་ཡངས་པ་སྦྱིན་པར་བྱེད། །ཡུལ་དང་མིར་བཅས་གྲོང་ཁྱེར་དམ་པ་དང་། །རྒྱལ་པོའི་ཕོ་བྲང་གནས་སུ་གྱུར་པ་དང་། །ཁྱིམ་དང་བཟའ་ཤིང་ར་བ་སྦྱིན་པར་བྱེད། ། བསྐལ་པ་བརྒྱར་ཡང་སུས་ཀྱང་མ་བྱིན་པའི། །སྦྱིན་པ་འཇིག་རྟེན་མི་ཡི་གཙོ་ལ་འབུལ། །འཇིག་རྟེན་རྣམས་ཀྱི་ཕ་རོལ་ཕྱིན་བྱས་ཤིང་། །འགྲོ་བ་ཀུན་ལ་ཕ་རོལ་སྟོན་པར་བྱེད། །དེ་དག་ཕྱོགས་བཅུའི་སློང་བ་ མང་པོ་དག །རྣམ་པ་སྣ་ཚོགས་མཐོང་བར་གྱུར་ནས་ཀྱང་། །སློང་བ་ཐམས་ཅད་ཤིན་ཏུ་མགུར་བྱས་ཤིང་། །ཤིན་ཏུ་དགའ་འགྱུར་དེ་བཞིན་སྤྲོ་བར་བྱེད། །དུས་གསུམ་རྒྱལ་བ་ཀུན་གྱིས་ཅིར་ བསྔོས་པ། །སྐྱེས་བུ་འདུལ་བ་དེ་དག་སྤྱོད་ཡུལ་ལ། །རབ་ཏུ་བསླབས་ཏེ་ཕ་རོལ་ཕྱིན་བྱས་ཤིང་། །དེ་དག་ལས་དེ་ཡོངས་སུ་བསྔོ་བར་བྱེད། །ཆོས་རྣམས་འདི་ལ་ཀྱེ་མ་སུ་ཞིག་ཞུགས། །གང་ལ་ 73-1-257a ཞུགས་གྱུར་ཇི་ལྟར་ཞུགས་གྱུར་ཅེས། །དེ་དག་ཆོས་དངོས་འདི་ལ་རྣམ་ལྟ་ཡང་། །སྦྱིན་པའི་སེམས་ལ་རྣམ་ཐར་ཐོགས་པ་མེད། །ཆོས་རྣམས་གང་ལ་ཆོས་ཀྱིས་ཆགས་མེད་པར། །ཡེ་ཤེས་ཚུལ་ཤེས་ དེ་དག་ཡོངས་སུ་བསྔོ། །ཆོས་ཀྱི་ཚུལ་ལ་དེ་དག་ཡོངས་སུ་བསྔོ། །དོན་གྱི་ཚུལ་ཤེས་དེ་དག་ཡོངས་སུ་བསྔོ། །ལས་ལ་ནམ་ཡང་རྣམ་པར་རྟོག་པ་མེད། །རྣམ་པར་སྨྱིན་ལའང་གནས་པར་མི་བྱེད་དེ། །བྱང་ཆུབ་ རྟེན་པར་རབ་ཏུ་དེས་ཤེས་ཀྱང་། །ཆོས་ཉིད་དབྱིངས་ལས་འགལ་བར་མི་བྱེད་དོ། །ལུས་ལ་ཆགས་པར་དེ་དག་མི་བྱེད་དོ། །སེམས་ལའང་དེ་དག་གནས་པར་མི་བྱེད་དོ། །ལས་ཀྱིས་དེ་དག་བློ་འཇུག་མི་བྱེད་དོ། །ལས་ ཀྱི་ཡེ་ཤེས་རྟེན་ལའང་འཇུག་མི་བྱེད། །འདས་པའི་ཆོས་ལ་རྟོག་པར་མི་བྱེད་དེ། །མ་འོངས་ཆོས་ལའང་བློ་ནི་གཏང་མི་བྱེད། །ད་ལྟར་ཡོངས་ལའང་གནས་པར་མི་བྱེད་དེ། །དུས་གསུམ་ཀུན་ལས་རྣམ་ པར་དབེན་པར་སྐྱེས། །དེ་དག་གཟུགས་ཀྱི་ཕ་རོལ་ཕྱིན་གྱུར་ཅིང་། །ཚོར་བ་འདུ་ཤེས་འདུ་བྱེད་ཡིད་རྣམས་དང་། །འཇིག་རྟེན་ཀུན་གྱི་ཕ་རོལ་ཕྱིན་བར་ཏེ། །དགེ་བ་དེ་དག་དམའ་བའི་ཡིད་མི་འགྱུར། །ཕུང་པོ་རྣམས་ དང་ཁམས་ལ་ཡོངས་བརྩལ་ཅིང་། །སྐྱེ་མཆེད་དེ་བཞིན་ལུས་ཀྱི་རྣམ་པ་དང་། །སེམས་ཀྱི་རྣམ་པ་མ་ལུས་རྣམ་བཞིགས་ཀྱང་། །བྱང་ཆུབ་སེམས་སུ་གང་ཡང་མི་རྙེད་དོ། །རྟག་ལ་ནམ་ཡང་ཆགས་པར་མི་ བྱེད་དོ། །ཆད་པ་ལ་ཡང་དེ་དག་སེམས་མི་འཇུག །ཆོས་ཉིད་ཡོད་དང་མེད་པ་མ་ཡིན་ཏེ། །གཅིག་ནས་གཅིག་བརྒྱུད་ལས་ཀྱང་མ་ལུས་ཤེས། །སེམས་ཀྱི་རྒྱུ་ཡིས་བྱང་ཆུབ་ཐོབ་མི་བྱེད། །ཆོས་ཉིད་ལ་ འང་དེ་དག་མི་གནས་ཏེ། །ཞིང་ལའང་དེ་དག་གནས་པ་མ་ཡིན་ནོ། །དུས་གསུམ་ཆོས་རྣམས་ཀུན་ཀྱང་ཡོད་མ་ཡིན། །དེ་ལྟར་སྤྱོད་པ་ཆོས་འདི་ཀུན་རྟོག་ཅིང་། །ཇི་ལྟར་རྒྱལ་བ་ཀུན་གྱིས་བརྟག་མཛད་པ། ། 73-1-257b དེ་ལྟར་དེས་བཙལ་ནམ་ཡང་རྙེད་པ་མེད། །སྤྱོད་པ་རྣམས་ལ་མི་ཤེས་རྨོངས་པ་མེད། །བྱ་བའི་ལམ་དང་འགལ་བར་མི་བྱེད་ཅིང་། །ལས་ཀྱི་ལམ་རྣམས་ཡོངས་སུ་རྗོགས་བྱེད་པས། །སེམས་ཅན་ལམ་རྣམས་ཡོངསུ་སྤྱོད་ བྱེད་ཅིང་། །རྒྱུར་བཅས་རྐྱེན་དང་བཅས་པར་དེ་ལ་རྟོགས། །ཡེ་ཤེས་མཁས་པ་གང་རྣམས་བརྗོད་མཛད་པའི། །མཁས་པའི་ལམ་ལ་དེ་དག་སྤྱོད་བྱེད་ཅིང་། །དོན་གྱི་ཚུལ་ལ་རྗེས་སུ་སེམས་བྱེད་པས། །བྱང་ཆུབ་ ཚུལ་ལ་མི་ཡི་གཙོ་བོས་རྟོགས། །ཆོས་རྣམས་སྐྱེ་མེད་འཇིག་པ་མེད་པ་སྟེ། །འགྲོ་བ་ཀུན་ཏུ་གང་ཡང་འཕོ་བ་མེད། །ཆོས་རྣམས་སྐྱེ་དང་ཤི་འཕོ་མེད་པར་ཡང་། །རྒྱལ་བའི་ཆོས་ཀྱི་ཚུལ་རྣམས་རབ་ཏུ་རྟོགས། ། ཆོས་རྣམས་གང་གི་རང་བཞིན་རྣམ་ཤེས་པ། །དེ་ནི་རང་བཞིན་དངོས་ཡོད་མི་རྟོག་ཏེ། །དངོས་མེད་རྟོག་མེད་དེ་དག་རབ་ཏུ་ཤེས། །བདེ་གཤེགས་ཡེ་ཤེས་དེ་དག་རྣམ་པར་མཐོང་། །འགྲོ་བ་ཀུན་དང་ཆོས་ཉིད་ ཐམས་ཅད་དང་། །སེམས་ཅན་རྣམ་པ་ཞིང་གི་རྣམ་པ་དང་། །ཆོས་ཀྱི་རྣམ་པ་དུས་རྣམས་མ་ལུས་པའི། །ཆོས་རྣམས་མཁས་པས་གང་ཡང་བརྗོད་པ་མེད། །ཆོས་རྣམས་མ་ལུས་གཟུང་བར་བྱ་བ་མེད། །ཇི་སྙེད་ སེམས་ཅན་རྒྱལ་བས་སངས་རྒྱས་པ། །དེ་ཡི་ཆོས་ལའང་ཆོས་ཀྱི་དངོས་མེད་དེ། །དེ་ཡང་དུས་དང་ཆོས་སུ་བརྗོད་པ་ཡིན། །ཆོས་ཉིད་ཀུན་ཏུ་འགྲོ་བ་ཅི་འདྲ་བ། །དེ་བཞིན་དེ་དག་ཡོངས་སུ་བསྔོ་བ་བྱེད། ། དེས་ཀྱང་འགྲོ་བ་ཀུན་ནས་བསྒྱུར་བྱས་ཏེ། །དེ་ལ་ཀུན་ཏུ་དཔའ་བོ་ཡོངས་སུ་བསྔོ། །དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དྲུག་པའོ།། །། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བདུན་པ་གང་ཞེ་ན། ཀྱེ་རྒྱལ་ 73-1-258a བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་གཏོང་བའི་དམིགས་པ་ལ་བརྩོམ་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་བརྟེན་པ། ལྷག་པའི་བསམ་པས་བྱང་ཆུབ་ སེམས་དཔའ་ཡི་དམ་བརྟན་པ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ། ཐམས་ཅད་གཏོང་བའི་བཟོད་པ་དང་ལྡན་ཞིང་རྣ་བ་ལ་བཟོད་པའི་ངང་ཚུལ་ཅན། བསམ་གཏན་འབྱམ་ཀླས་པ་རྣམ་པ་ཐ་དད་པ་ལ་ མཁས་པའི་རྗེས་སུ་ཞུགས་པ། ཤེས་རབ་ཀྱི་ཚུལ་དང་ས་རྣམ་པར་དཔྱོད་པ་ལ་མཁས་པ། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱིས་རྣམ་པར་ཕྱེ་བའི་དགེ་བའི་རྩ་བ་དང་ལྡན་པ། ཡོན་ཏན་མཐའ་ཡས་པ་ ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལས་ལ་རབ་ཏུ་བརྩོན་པར་ཡིད་ལ་བྱེད་པ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱོགས་མངོན་པར་ སྐྱོབ་པ་དགེ་བའི་རྩ་བ་ཆུང་ངུ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཆེན་པོ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཡངས་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཉེ་བར་སྩོགས་ཀྱང་ རུང་། དགེ་བའི་རྩ་བ་ཚད་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་སྣ་ཚོགས་མང་པོ་རྡུལ་ཙམ་ཡན་ཅད་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གཞལ་དུ་མེད་པ་ཉེ་བར་སྩགས་ཀྱང་རུང་། དགེ་བའི་ རྩ་བ་བསམ་གྱིས་མི་ཁྱབ་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གྲངས་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་མུ་མེད་པ་ཉེ་བར་སྩོགས་ཀྱང་རུང་། སངས་རྒྱས་ལ་དམིགས་པའི་དགེ་བའི་ རྩ་བ་ཉེ་བར་སྩོགས་ཀྱང་རུང་། ཆོས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་། ཚུལ་དེ་བཞིན་དུ་དགེ་འདུན་ལ་དམིགས་པ་དང་། དགེ་བའི་བཤེས་གཉེན་ལ་དམིགས་པ་དང་། སེམས་ 73-1-258b ཅན་ཐམས་ཅད་ལ་དམིགས་པ་དང་། ཐབས་མཁས་པ་ལ་དམིགས་པ་དང་། ལེགས་པའི་དགེ་བའི་རྩ་བའི་སེམས་སྒོམ་པ་ལ་དམྱིགས་པ་དང་། ནང་ལ་དམིགས་པ་དང་། ཕྱི་རོལ་ལ་དམིགས་པ་དང་། དགེ་བའི་རྩ་ བའི་རྣམ་པ་ཐ་དད་པ་མཐའ་ཡས་པའི་ཚོགས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་སྟེ། དགེ་བའི་རྩ་བ་དེ་དག་ལ་ཡོངས་སུ་སྤྱོད་པ་དང་། ཉེ་བར་གནས་པ་དང་། འཇུག་པ་དང་། ཡང་དག་པར་བསྒྲུབ་ པ་དང་། ཉེ་བར་སྩོགས་པ་དང་། ཚོགས་སུ་བྱ་བ་དང་། མོས་པར་བྱ་བ་དང་། རྣམ་པར་སྦྱོང་བ་དང་། རྣམ་པར་སྟོན་པ་དང་། རྒྱ་ཆེར་བྱེད་པའི་ཚེ་བཟོད་པ་རབ་ཏུ་འཐོབ་པའི་སེམས་ དང་ལྡན་པ། སེམས་ཅན་དམྱལ་བའི་སྒོ་ཤིན་ཏུ་བཅད་པ་དང་། དབང་པོ་རྒྱུ་བ་ཤིན་ཏུ་བསྡམས་པ། བྱ་བའི་ཚུལ་ལ་རབ་ཏུ་ཞུགས་པ། ཕྱིན་ཅི་ལོག་མེད་པར་འགྲོ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ ཀྱི་སྣོད་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འབྱུང་བ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཤིན་ཏུ་གསོས་པ། དགེ་བའི་རྩ་བ་ཐམས་ཅད་ལས་བྱུང་བ། སངས་རྒྱས་ཀྱི་སྨོན་ལམ་གྱི་རྗེས་སུ་སོང་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་སྦྱོང་བའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་རྗེས་སུ་འབྲང་ བ། རང་གི་སེམས་ཀྱི་གོ་སྐབས་རྙེད་པ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་འདྲ་བ། སངས་རྒྱས་ཀྱི་འཁོར་ཐམས་ཅད་དུ་ཡང་དག་པར་འབྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ ཕྱག་གི་སྟོབས་གྱིས་ཕྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ཡང་དག་པར་འཕགས་པ། མཐོ་རིས་ལ་ཆགས་པ་མེད་པ། སྐྱེད་པ་ལ་ཡོངས་སུ་འཛིན་པ་མེད་པ། མངོན་པར་འདུ་བྱེད་པ་ལ་ ཆགས་པ་མེད་པ། དགེ་བའི་རྩ་བ་དངོས་པོ་ཐམས་ཅད་ཡོངས་སུ་བསྔོ་བར་བྱེད་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་གཏེར་དུ་གྱུར་པ། ཐམས་ཅད་དང་ལྡན་པའི་ནན་ཏན་ལ་རབ་ཏུ་ཞུགས་ 73-1-259a པ། འགྲོ་བ་ཐམས་ཅད་དགབ་པའི་གདུགས་སུ་གྱུར་པ། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་ལམ་གྱིས་མངོན་པར་འདོན་པ། སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་བརྟན་པར་བྱེད་པ། ཡུལ་ ཐམས་ཅད་དུ་ཡོངས་སུ་བསྔོ་བ། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་སྒོ་རྒྱུན་མི་འཆད་པར་བྱེད་པ། ཡེ་ཤེས་ཀྱིས་རྒྱལ་མཚན་ཡང་དག་པར་གཟུགས་པར་བྱེད་པ། ལམ་ཆེན་པོ་རྣམ་པར་སྤྱོད་པ་ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་དོན་ཡོད་པ་ལ་ཞུགས་པ། འཇིག་རྟེན་ཐམས་ཅད་ཀྱི་དྲི་མ་སྦྱོང་བ། རབ་ཏུ་སྦྱིན་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པའི་རིགས་སུ་རིགས་དང་ལྡན་པར་བྱུང་བ། སངས་རྒྱས་རིགས་རྣམ་པར་དག་པར་རབ་ཏུ་སྐྱེས་པ། དོན་གྱི་དཀྱིལ་འཁོར་ཆེན་པོས་སྦྱིན་པའི་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་གནས་སུ་གྱུར་པ། སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལ་ཡང་དག་པར་གཞོག་པ། དགེ་བ་ཡོངས་སུ་བསྡུ་བ་ལ་ཡང་དག་པར་བརྩོན་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱིན་གྱིས་བརླབས་དང་ལྷག་པའི་བསམ་ པ་རྡུལ་མེད་པས་ཡོངས་སུ་བཟུང་བ་དེ། དགེ་བའི་རྩ་བ་དེ་དག་སྤྱོད་པའི་ཚེ། སེམས་འདི་ལྟར་བསྐྱེད་དེ་དགེ་བའི་རྩ་བ་བྱང་ཆུབ་དུ་སེམས་བསྐྱེད་པས་ཡང་དག་པར་བཟུང་བ་དང་། བྱང་ཆུབ་ཏུ་ སེམས་བསྐྱེད་པས་བསམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་བསྟན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསམ་པ་ལས་བྱུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཕན་པ་ ལ་ཞུགས་པ་དང་། འགྲོ་བ་ཐམས་ཅད་མ་ལུས་པ་ལ་སྙིང་བརྩེ་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་ཡང་དག་པར་བསྒྲུབས་པ་དང་། སྟོབས་བཅུ་ལ་དམིགས་པར་བརྩོན་པ། 73-1-259b སྟོབས་བཅུའི་དབྱིངས་སུ་ཡང་དག་པར་བསྒྲུབས་པ་དང་། དགེ་བའི་རྩ་བའི་དབྱིངས་སུ་མངོན་པར་བསྒྲུབས་པ་དང་། དགེ་བའི་རྩ་བ་དེ་ལྟར་ཡང་དག་པར་བསྒྲུབས་པ་དང་། དེ་དག་ལས་རྣམ་པར་སྨིན་པར་གང་བྱུང་བ་དེ་ཕྱི་མའི་ མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་ཚེ། ཐམས་ཅད་ཡོངས་སུ་བཏང་བར་བྱ་བ་ཡོངས་སུ་བཏོང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། སེམས་ཅན་གྱི་ཁམས་ ཐམས་ཅད་ལས་སེམས་ཅན་ཅིག་ཀྱང་མ་ཚུད་པ་མེད་པར་བྱས་ཏེ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་མ་ལུས་པ་ལ་ཡང་ཡོངས་སུ་བསྔོ་བར་བྱེད་དེ། འདི་ལྟར་ཡོངས་སུ་བསྔོའོ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རིན་པོ་ཆེས་ཡོངས་སུ་རྒྱས་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་ཆལ་པར་གང་བ་དང་། འཇིག་རྟེན་གྱི་ཁམས་གྲང་མེད་པ་གོས་ཀྱིས་རྣམ་པར་དག་ཅིང་གོས་ཀྱིས་ཡོངས་སུ་གང་བ་དང་ འཇིག་རྟེན་གྱི་ཁམས་གྲངས་མེད་པ། སྤོས་ཐམས་ཅད་ཀྱིས་ཡིད་དུ་འོང་ཞིང་དྲི་ཞིམ་པོས་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱན་ཐམས་ཅད་ཀྱིས་རྣམ་པར་མཛེས་ཤིང་ལྷ་ལྷུབ་ཀྱིས་ ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནོར་བུ་རིན་པོ་ཆེ་མཐའ་ཡས་པ་ཁྱད་པར་དུ་འཕགས་ཞིང་ནོར་བུ་རིན་པོ་ཆེས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ མེ་ཏོག་སྣ་ཚོགས་ཀྱིས་ཁ་དོག་དུ་མ་དང་ལྡན་པར་གྱུར་ཅིང་། མེ་རྟོག་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱིས་ཁམས་གྲངས་མེད་པ་ཁ་ཟས་ཞིམ་པོ་སྣ་ཚོགས་རྣམ་པ་ཐ་དད་པ་དང་ལྡན་ ཞིང་ཁ་ཟས་ཞིམ་པོ་ཡོངས་སུ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་གསེར་དང་དངུལ་དང་ནོར་གྱི་དབྱིག་གིས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ 73-1-260a ནོར་བུ་རིན་པོ་ཆེའི་བ་དན་སྣ་ཚོགས་ཀྱིས་བརྒྱན་ཅིང་ལྷ་རྫས་ཀྱི་གོས་ཐམས་ཅད་ཀྱིས་ཀུན་ནས་གཡོགས་སྟེ། གྲགས་པས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རིན་ པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་གྱི་རྣམ་པ་སྣ་ཚོགས་སུ་བརྒྱན་ཅིང་རིན་པོ་ཆེའི་ཅོད་པན་གྱིས་ཡོངས་སུ་རྒྱས་པ་དགེ་སློང་རེ་རེ་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར། སྦྱིན་པས་ངོམས་པར་མ་གྱུར་ཅིག ། རྒྱུན་གཅོད་པར་མ་གྱུར་ཅིག །སློང་བ་ཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སློང་བ་ཐམས་ཅད་མ་ལུས་པ་ལ་ཡོངས་སུ་གཏོང་ཞིང་སློང་བ་རེ་རེ་ལ་ཡང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཤིན་ཏུ་ཚིམ་པར་ བྱེད་ཀྱང་ཡོངས་སུ་སྐྱོ་བར་མ་གྱུར་ཅིག །ཕྱིར་ལྡོག་པར་མ་གྱུར་ཅིག །དེ་ཡང་འདི་ལྟར་སྒྱུ་མ་མེད་པའི་སེམས་དང་། འདོད་ཅིང་སྲེད་པ་མེད་པའི་སེམས་དང་། གྲགས་པ་འདོད་པ་མེད་པའི་སེམས་དང་། འགྱོད་པ་མེད་པའི་སེམས་དང་། མྱ་ངན་མེད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ལམ་ལ་ཐེ་ཙོམ་མེད་པའི་སེམས་དང་། གཏོང་བ་ཤིན་ཏུ་གཏོང་བའི་སེམས་དང་སྙིང་བརྩེ་བའི་སེམས་དང་། ཡོངས་སུ་སྨྱིན་པར་བྱ་བའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་སེམས་ཀྱིས་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དགེ་བའི་རྩ་བ་དེ་དག་མ་འོངས་པའི་བསྐལ་པའི་མཐར་གཏོང་བ་དང་། འདོད་པའི་སྦྱིན་པ་གཏོང་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་ དག་སེམས་ཅན་གྱི་ཁམས་ལས་སེམས་ཅན་གཅིག་ཀྱང་མཚུང་པ་མེད་པར་བྱས་ཤིང་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངསུ་བསྔོ་སྟེ། འཇིག་རྟེན་གྱི་ཁམས་གྲང་མེད་པ་གླང་པོ་ཅང་ཤེས་ཡན་ལག་ 73-1-260b བདུན་ཤིན་ཏུ་གནས་པ། གསེར་གྱི་རྒྱལ་མཚན་དང་། གསེར་གྱི་རྒྱན་དང་། གསེར་གྱི་དྲ་བས་གཡོག་པ་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པས་ཡོངས་སུ་གང་བའི་སྦྱིན་པར་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་ པ། རྟའི་རྒྱལ་པོ་སྤྲིན་ཅེས་བྱ་བ་དང་འདྲ་བའི་རྟའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་རྒྱན་སྡུགུ་སྣ་ཚོགས་དང་ཡན་ལག་གི་རྒྱན་སྣ་ཚོགས་དང་། ཡན་ལག་གི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་ཡོངས་སུ་གང་བའི་སྦྱིན་པ་ བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་བུད་མེད་དང་རོལ་མོ་བརྡུང་བ་དང་། རོལ་མོ་དཀྲོལ་བ་ཡིད་དུ་འོང་བའི་སྒྲ་དབྱངས་དང་ལྡན་པ་དང་བཅས་པས་ཡོངས་སུ་གང་བའི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ ཁམས་གྲངས་མེད་པ་བུ་དང་བུ་མོས་གང་བ་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་སློང་བ་རེ་རེ་ལ་ཡང་ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་ གི་ལུས་ཀྱིས་ཡོངས་སུ་བཀང་བར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཤིན་ཏུ་བདོ་བའི་ཡིད་ཀྱིས་ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་གི་མགོས་ཡོངས་སུ་བསྐང་སྟེ་བག་ཡོད་པའི་སེམས་ཀྱི་ ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པར་རང་གི་ལུས་ལས་བྱུང་བའི་མིག་གིས་ཡོངས་སུ་བཀང་སྟེ། མིག་གི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཤ་དང་རྐང་གིས་ཡོངསུ་བཀང་སྟེ། སྡུག་བསྔལ་གྱི་ཉམས་པ་མེད་པའི་ཡིད་ཀྱི་དབང་པོས་ཡོངསུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་བདག་དབང་བའི་རྒྱལ་པོའི་སྲིད་སྐྱོད་པས་ཡོངས་སུ་བཀང་སྟེ། སྲིད་ཀྱི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ གྲངས་མེད་པའི་བྲན་དང་ལས་བྱེད་པའི་མིས་ཡོངསུ་བཀང་སྟེ། བཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་དང་མ་འདྲེས་པར་གཏང་བ་ཆེན་པོའི་སེམས་ལ་གནས་པས་སློང་བ་རེ་རེ་ལ་ཡང་ཡོངས་སུ་གཏོང་བར་གྱུར་གཅིག ། 73-1-261a དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡོངས་སུ་བཟུང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཅིག་ཀྱང་མ་ཆུད་པ་མེད་པར་སློང་བ་གཅིག་ལ་ཇི་ལྟར་སློང་བ་ཐམས་ཅད་ ལའང་དེ་བཞིན་དུ་སེམས་ཅན་རེ་རེ་ཞིང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཚིམ་པར་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་ཅིང་། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་ཀླས་པ། ནམ་མཁའ་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་དུ་ སྙིང་རྗེ་ཆེན་པོ་ཡངས་པས་ཡོངས་སུ་རྒྱས་པའི་སེམས་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་སེམས་ཅན་ཐམས་ཅད་ལ་རིམ་འགྲོ་བྱེད་པའི་ཚེ། དེའི་རྒྱུས་བདག་གི་སེམས་སྦྱིན་པ་ལ་ཕྱིར་ལྡོག་ པར་མ་གྱུར་ཅིག །གཏོང་བའི་སེམས་ཀྱི་སེ་གོལ་གཏོགས་པ་ཙམ་ཡང་སྐྱོ་བར་མ་གྱུར་ཅིག །དེ་ཡང་འདི་ལྟར་ཆགས་པ་མེད་པའི་སེམས་དང་ཤིན་ཏུ་གཏོང་བའི་སེམས་དང་། བདག་ཉིད་ཡངས་པའི་ སེམས་དང་། ཟབ་པའི་སེམས་དང་། ལེགས་པར་ཡོངས་སུ་སྡུད་པའི་སེམས་དང་། མངོན་པར་མ་ཞེན་པའི་སེམས་དང་། ཆོས་ལ་སྲོག་མེད་པའི་སེམས་དང་། ཡིད་ཤིན་ཏུ་ཐུལ་བའི་སེམས་ དང་། མ་འཁྲུགས་པའི་སེམས་དང་། གཡེང་བ་མེད་པའི་སེམས་དང་། རིན་པོ་ཆེའི་རིགས་སྣ་ཚོགས་ཐོབ་པའི་སེམས་དང་། ལམ་གྱི་རྣམ་པར་སྨྱིན་པའི་སེམས་ཅན་ལ་རེ་བ་མེད་པའི་སེམས་ དང་། ཆོས་ཐམས་ཅད་མ་ལུས་པ་མངོན་པར་འཚང་རྒྱ་བར་བྱ་བའི་སེམས་དང་། བསྔོ་བ་ཆེན་པོའྀ་རྗེས་སུ་འབྲང་བའི་སེམས་དང་། དོན་གྱི་ཆོས་ཤིན་ཏུ་རྟོགས་པའི་སེམས་དང་། ཡེ་ཤེས་ཆེན་པོའི་ 73-1-261b ས་རབ་ཏུ་ཐོབ་པའི་སེམས་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སེམས་དང་། ཆོས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་བསྐྱེད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ ཡེ་ཤེས་ལ་འཇུག་པ་ཡང་དག་པར་བསྒྲུབས་པའི་སེམས་ཀྱིས་སྦྱིན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཉེ་བར་བསྩགས་པའི་དགེ་བའི་རྩ་ བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་དེ་དག་ལོངས་སྤྱོད་ཀྱིས་འཕོངས་པ་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གི་བསོད་ནམས་མི་ཟད་པ་ཡང་དག་པར་བསྡུས་པའི་ ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་བདེ་བར་གཏོགས་པའི་བདེ་བ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལས་ཀྱི་ཚོགས་ཀྱི་ཕྱིར་ ཡོངས་སུ་བསྔོའོ། །དེ་དག་གིས་ཆོས་ཐམས་ཅད་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་ཐེག་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། དེ་དག་གིས་སངས་རྒྱས་ཐམས་ཅད་མཐོང་ཞིང་མཆོད་པར་ཡོངས་སུ་བསྔོའོ། །དེ་དག་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཉམས་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་སེམས་ཅན་ཐམས་ཅད་ལ་ སེམས་མཉམ་པས་རྣམ་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་སེམས་ཅན་ཐམས་ཅད་ཀྱི་མི་ཁོམ་པ་རྣམ་པར་སྤོང་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ཡིད་བདེ་ཞིང་སེམས་རབ་ཏུ་དགའ་བས་ཡོངས་སུ་བསྔོ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ 73-1-262a ཐམས་ཅད་ལ་མཉམ་པའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་བཏང་བའི་སེམས་ལས་སུ་རུང་བ་ལ་གནས་ཏེ་ ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་བཏང་བས་ཡང་དག་པར་བསྡུ་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མངོན་པར་མགུ་བར་བཏང་བའི་སེམས་ལ་ གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་དབུལ་བ་བཟློག་པའི་ཕྱིར་བཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ནོར་ཐམས་ཅད་ཀྱིས་བསྡུ་བའི་སེམས་ལ་ གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ནོར་གྲངས་མེད་པར་བཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་བཏང་བ་མཐའ་ཡས་པ་ཐམས་ཅད་ཡོངས་ སུ་བཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྒྱུན་ཆད་པ་མེད་པར་བཏང་བའི་སེམས་ལ་རྒྱུན་ཆད་པ་མེད་པར་གནས་ཏེ། སེམས་ཅན་ ཐམས་ཅད་ལ་ནོར་ཐམས་ཅད་འགྱོད་པ་མེད་པའི་སྦྱིན་པ་དང་། མཛོད་ཐམས་ཅད་སྐྱོ་བ་མེད་པར་བཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་དངོས་པོ་ ཐམས་ཅད་སྦྱིན་ཞིང་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ ཐམས་ཅད་ལ་ཕན་གདགས་པའི་ཕྱིར་གཏོང་བའི་སེམས་ལ་གནས་ཏེ། ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ནོར་མང་པོ་རྒྱ་ཆེ་བ། ཡངས་པ་གཏོང་བའི་སེམས་ལ་གནས་ 73-1-262b ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རྒྱན་དུ་མས་རིམ་གྲོ་བྱ་བའི་ཕྱིར་བཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐོག་མ་ནས་མེད་པར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་ལ་ཐ་བ་མེད་པར་གཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སྟོབས་ཆེན་པོ་ཤིན་ཏུ་བདེ་བ་རྡོ་རྗེས་གཏང་བའི་སེམས་ལ་གནས་ཏེ་ཡོངས་ སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཉི་མ་ལྟར་སྙོམས་པའི་འོད་གཟེར་གྱི་གཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པའི་ཕྱིར་བཏང་ བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པའི་དགེ་བའི་རྩ་བ་མངོན་དུ་གྱུར་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དང་བསམ་པ་ཐ་དད་པ་མེད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་ སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་ཐེ་རྩོམ་བསྩལ་ཞིང་དག་པ་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་ཡེ་ཤེས་དང་། ཡོན་ཏན་མཉམ་པས་རྣམ་པར་དག་པར་འགྱུར་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་ བ་ལ་མི་འཕྲོག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ 73-1-263a ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐ་དད་པ་མེད་པ་ལ་ཡོངས་སུ་བསྔོ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྣམ་པར་འཕྲུལ་པ་མཐའ་ཡས་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་གནས་མེད་པ། ཡང་དག་པར་སྒྲུབ་པ་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ དགེ་བའི་རྩ་བ་དམ་པ་མངོན་པར་སྐྱེས་པས་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བདུད་ཀྱི་ལས་དང་སྒྲིབ་པ་དང་། བར་དུ་གཅོད་པའི་ཆོས་ཐམས་ཅད་བསྩལ་ཅིང་ དགག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་གྱི་སྤྱོད་པ་མཐའ་ཡས་པ་མངོན་པར་སྐྱེས་པ་མཉམ་ཞིང་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རླབས་ཆེན་པོ་ཡིད་ལ་བྱ་བ་དང་མི་འབྲལ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ མཉེས་པར་བྱ་བ་ལ་བརྩོན་པའི་སེམས་དང་མི་འབྲལ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་གོ་སྐབས་རྙེད་ཅིང་དགེ་བའི་རྩ་བ་སྐྱོན་མེད་པ་དང་། ཆོས་དཀར་པོ་ཐམས་ཅད་ མཉམ་པ་ཉིད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངསུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་ཤིན་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པའི་སེམས་དང་། བསམ་པ་བརླབས་པོ་ཆེ་ 73-1-263b མཉམ་པ་ཉིད་ཀྱི་རྣམ་པར་དག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་གཏོང་བའི་སེམས་རྣམ་པར་དག་ཅིང་མཉམ་པ་ཉིད་དུ་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ ཅད་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ནན་ཏན་མཉམ་པ་ཉིད་ཀྱིས་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་བརྩོན་འགྲུས་ཆེན་པོའི་ཕུང་པོ་བརྩོན་ འགྲུས་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་གྱུར་པའི་རྒྱུད་འཚོབ་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་རབ་ཏུ་ཐོབ་པར་བྱ་བ་ལ་གནས་ཏེ་ ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བསམ་གཏན་མཐའ་ཡས་པས་རྣམ་པར་ཕྱེ་བའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཆོས་ ཀྱིས་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་མཐའ་ཡས་པ་རྣམ་པར་དག་ཅིང་མཉམ་པ་ཉིད་དུ་ ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་མངོན་པར་ཤེས་པ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་རྣམ་པར་དག་པར་ཡོངས་སུ་རྫོགས་པར་བྱ་བ་ལ་ གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྤྱོད་པ་འཐུན་པས་ཡང་དག་པར་འབྱུང་ཞིང་ཆོས་ཡང་དག་པར་བསྒྲུབ་པ་མཉམ་པ་ཉིད་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། ། སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་འདི་ལྟར་ 73-1-264a སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་ལམ་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ངག་གི་ལམ་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ ཀྱིས་ཡིད་ཀྱི་ལམ་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ལས་རྣམ་པར་སྨྱིན་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཁོང་དུ་ཆུད་པ་མཉམ་ ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཐམས་ཅད་ཀྱིས་དོན་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཡོན་ཏན་ཐམས་ཅད་ཐོབ་པའི་ཡེ་ཤེས་ཁོང་དུ་ཆུད་པ་རྣམ་པར་ དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་རྒྱུད་གཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལས་བྱུང་བར་ཡོངས་སུ་བསྔོ་བ་མཉམ་པ་ཉིད་ཀྱིས་ཡོངས་སུ་རྫོགས་ པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཞིང་རྣམ་པར་དག་པ་ཐམས་ཅད་མཐོང་བ་དང་། འཇུག་པ་དང་ཉམས་སུ་མྱོང་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ ཀྱིས་སངས་རྒྱས་ཐམས་ཅད་མཐོང་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་སྐྱོན་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་བཟང་པོ་དང་། བསོད་ནམས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཐམས་ ཅད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཡན་ལག་དྲུག་བཅུ་དང་ལྡན་པའི་དབྱངས་ཀྱི་རྐྱེན་ཕུན་སུམ་ཚོགས་པའི་གསུང་ཡན་ལག་བརྒྱ་སྟོང་ཕྲག་བརྒྱད་ཀྱིས་བརྒྱན་པ་ 73-1-264b དང་། གསུང་གི་ཚུལ་མཐའ་ཡས་པའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཀྱི་དབྱངས་ཡང་དག་པར་བསྒྲུབ་པ་དང་། ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་སྟོབས་བཅུ་རྒྱན་ཆགས་པ་མེད་ པའི་སེམས་ཀྱིས་མཉམ་པར་འགྲུབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་མི་འཕྲོགས་པ་ཐམས་ཅད་དང་། ཐ་དད་པ་ཡང་དག་པར་ཤེས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ ཅན་ཐམས་ཅད་བླ་ན་མེད་པའི་མི་འཇིགས་པས་ཁྱུ་མཆོག་དང་སེང་གེའི་ང་རོ་མཉམ་པ་ཉིད་སྒྲོག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ཅིང་ཕྱིར་མི་ལྡོག་པ་རབ་ཏུ་ སྐོར་བས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མངོན་པར་བསྒྲུབ་པར་འཇུག་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ ཐམས་ཅད་ཀྱི་དགེ་བའི་རྩ་བའི་ལས་ཐམས་ཅད་རྣམ་པར་དག་པས་དུས་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་དེད་དཔོན་ཡོངས་སུ་གྲུབ་ཅིང་རྣམ་པར་དག་ པས་མཉམ་པ་ཉིད་དུ་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་རྒྱན་གཅིག་དང་། རྒྱན་མཐའ་ཡས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྒྱན་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ ཅན་ཐམས་ཅད་ཀྱིས་དུས་ཐམས་ཅད་མཉམ་པ་ཉིད་དུས་གསུམ་གྱི་དཀྱིལ་འཁོར་གྱི་རྗེས་སུ་འགྲོ་བའི་ཡིད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ ཐམས་ཅད་དུ་འདོང་ཞིང་ཆོས་བསྟན་པ་དོན་དུ་གཉེར་བའི་སྐྱེ་མཆེད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ལ་ཕན་པའི་རིམ་གྲོ་རྟག་ཏུ་བྱེད་པའི་ 73-1-265a ཤེས་པའི་རྗེས་སུ་འདོང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྣམ་པར་མཐོང་བའི་ཡེ་ཤེས་ཀྱིས་ཐམས་ཅད་མཐོང་བ་དང་ལྡན་པའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ དང་། སེམས་ཅན་ཐམས་ཅད་ཀྱིས་མི་གཡོ་བའི་ལས་ཀྱི་ལམ་ཐམས་ཅད་ཀྱིས་རྣམ་པར་སྨྱིན་པ་སྒྲིབ་པ་མེད་པའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དབང་པོ་ཐམས་ ཅད་ལ་འཇུག་པའི་དབང་པོ་མངོན་པར་ཤེས་པ་འགྲོ་བ་ཐམས་ཅད་ཀྱི་དབང་པོ་ཤེས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དབྱེ་བ་མེད་པའི་ཡེ་ཤེས་ མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་གཅིག་ཅིང་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མི་མཐུན་པ་མེད་ཅིང་མཐུན་པ་ཐམས་ཅད་མཉམ་པ་ཉིད་དུ་ རྣམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་། ཆོ་འཕྲུལ་ཆེན་པོ་ཅན། རྫུ་འཕྲུལ་ཁོང་དུ་ཆུད་པ་རབ་ཏུ་འཐོབ་པའི་མཉམ་པ་ ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཟད་མི་ཤེས་པ་དང་ཐམས་ཅད་མཁྱེན་པའི་བསོད་ནམས་གཅིག་དུ་མཉམ་པ་ཉིད་དུ་འཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་མི་འབྲལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་དམ་ པར་གྱུར་ཏེ། དམ་པའི་ཆོས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཐུ་ཆེན་པོ་སྦྱིན་པ་རྣམ་པར་དག་ཅིང་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། 73-1-265b སེམས་ཅན་ཐམས་ཅད་ཀྱིས་ཟིལ་གྱིས་མ་ནོན་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཐུབ་པར་དཀའ་ཞིང་བལྟ་ན་དོན་ཡོད་པ་མཉམ་པ་ ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཕམ་པ་མེད་པའི་སེམས་དང་། ཡིད་དང་བསམ་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་འབྱམ་ཀླས་ པ་ཐམས་ཅད་ལ་དོགས་པ་མེད་པར་ཞུགས་ཏེ་ཁོང་དུ་ཆུད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་དང་འོད་གཟེར་གཅིག་རབ་ཏུ་བཏོང་བ་མཉམ་པ་ཉིད་ལ་འཇུག་པར་ བྱ་བ་དང་། སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་བརྩམས་པ་མཐར་ཕྱིན་པར་བྱ་བ་མཉམ་པ་ཉིད་ལ་ནན་ཏན་བྱེད་པར་བྱ་བ་དང་། སེམས་ ཅན་ཐམས་ཅད་ཀྱི་སྤྱོད་པ་གཅིག་པ་དང་། སྨོན་ལམ་འཐུན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བརྗོད་པ་གཅིག་དང་། འབྱུང་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལྷག་པའི་བསམ་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་ ཐམས་ཅད་མཐོང་ཞིང་མགུ་བར་བྱ་བ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སེམས་ཅན་གདུལ་བ་རྒྱུན་མི་འཆད་ པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཐོགས་པ་མེད་པར་ཆོས་བསྟན་པ་དབྱངས་ཀྱི་ཡན་ལགས་ཐམས་ཅད་དུ་གྲག་པ་མཉམ་པ་ཉིད་ལ་འཇུག་པ་ཡོངས་སུ་རྫོགས་ 73-1-266a པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་སེམས་དང་ཤེས་པ་ཐམས་ཅད་སེམས་དང་ཤེས་པ་གཅིག་ཏུ་ཡོངས་སུ་བསྔོ་བའི་དགེ་བའི་རྩ་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ ཅད་ཀྱིས་རྣམ་པར་བྲལ་བ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྩགས་པ་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱ་བ་དང་ལྡན་པའི་ཡེ་ཤེས་རྣམ་པར་དག་པར་བྱ་བ་དང་། སེམས་ ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་བསོད་ནམས་ཀྱི་ལྷུན་མཉམ་པ་ཉིད་རྣམ་པར་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་རྨོངས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱིས། དགེ་བའི་ རྩ་བ་བསྩགས་ཤིང་ཡོངས་སུ་བསྔོ་བ་ཤིན་ཏུ་གྲུབ་པར་འགྱུར་བའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བ་མཉམ་པ་ ཉིད་ཡོངས་སུ་འགྲུབ་ཅིང་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་འབྱུང་བ་ཐམས་ཅད་མི་མཉམ་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་འབྱུང་བ་ཐམས་ཅད་མཉམ་ པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཁོར་གཅིག་རྣམ་པར་དག་པས་འཁོར་ཐམས་ཅད་རྣམ་པར་དག་པར་བྱེད་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་བརྒྱན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་དང་། མཉམ་པ་ཉིད་དུ་མཐོང་བ་དང་ལྡན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ལྷབ་ལྷུབ་ཐམས་ཅད་དང་། ལྷབ་ལྷུབ་བརྗོད་དུ་མེད་པ་དང་། ལྷབ་ལྷུབ་མཐའ་ཡས་པ་དང་། ལྷབ་ལྷུབ་མུ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱན་པར་བྱ་བའི་ལྷབ་ལྷུབ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ 73-1-266b ཐམས་ཅད་ཀྱིས་ཆོས་ཐམས་ཅད་རྣམ་པར་རྟོགས་ཤིང་མཁས་པ་དང་། དོན་རྣམ་པར་རྟོགས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ འཕྲུལ་པ་རྣམ་པའི་མཆོག་རྣམ་པ་ཐམས་ཅད་དང་ལྡན་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐ་དད་པ་མེད་ཅིང་རྣམ་པ་ཐ་དད་པ་དང་བྲལ་ཞིང་མངོན་པར་ཤེས་པ་དང་། བསོད་ནམས་དང་ཡོན་ཏན་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཆོས་མི་མཉམ་པ་མེད་པའི་དགེ་བའི་རྩ་བ་མཉམ་པ་དང་ལྡན་པའི་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ཅིག་ཏུ་ ལེགས་པར་དབང་བསྐུར་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཚུར་ཟིལ་གྱིས་མི་ནོན་ཅིང་ཕར་ཟིལ་གྱིས་མ་ནོན་པའི་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་དང་ལུས་རྣམ་པར་ དག་པ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་བརྩེ་བ་དང་ལྡན་པ་ཕན་པར་དགའ་བ། སྙིང་རྗེ་ཆེན་པོ་ཅན་ སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ཡང་དག་པར་ཞུགས་པ། ཕྲག་དོག་མེད་པ་སེར་སྣ་མེད་པ། རིག་པ་དང་ལྡན་པ། རབ་ཏུ་དགེ་བ་ཆེ་བ་ཉིད་དང་ལྡན་པ། ཡངས་པ་ལ་མོས་པ། འཁྲུལ་པ་མེད་པ། ཁྲོ་བ་མེད་པ། རྙོག་པ་མེད་པ། རབ་རིབ་མེད་པ། ཁམས་དང་བསམ་པ་ཤིན་ཏུ་གསལ་བའི་ཡིད་དང་ལྡན་པ། དྲང་པོ་དྲང་བ་གཡོ་མེད་པ། རྨོངས་པ་མེད་པ། མཆོག་དུ་བྱ་བ་མི་བྱེད་པ། འདའ་བ་མེད་པར་སྤྱོད་ པ། ཕྱིར་མི་ལྡོག་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། ཆོས་དཀར་པོའི་སྟོབས་ཀྱི་ཤུགས་དང་ལྡན་པ། མདུད་པ་མེད་པ། ཉམས་པ་མེད་པ། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་བསྔོ་བ་ 73-1-267a ལ་མཁས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཡང་དག་པར་བརྩོན་པ་ལས་ངན་པ་ཐམས་ཅད་འགགས་པ། དཀའ་ཐུབ་དང་བརྟུལ་ཞུགས་ཆེན་པོའི་དགེ་བའི་རྩ་བ་སེམས་ ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་ལ་མཁས་པ། བརྟུལ་ཞུགས་དང་། དཀའ་ཐུབ་གྱིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཤིན་ཏུ་སྦྱོང་བ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ རང་གི་ལུས་ཀྱིས་ལེན་པ། ཡེ་ཤེས་ཆེན་པོའྀ་མིག་གིས་ཡང་དག་པར་ལྟ་བའི་དགེ་བའི་རྩ་བ་དང་ལྡན་པ་ཡེ་ཤེས་ཀྱི་འབྱུང་གནས་དགེ་བའི་རྩ་བ་རབ་ཏུ་ཉན་པ། སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཡོན་ཏན་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་དགེ་བའི་རྩ་བ་མཉམ་པར་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་མཁས་པ། དོན་གྱི་རྗེས་སུ་ སོང་བའི་ཁམས་ཀྱི་ཡོན་ཏན་མངོན་པར་ཤེས་པ་སེམས་ཅན་ཐམས་ཅད་དང་མཉམ་དུ་དགེ་བའི་རྩ་བ་རྣམ་པར་བྱང་བ་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་གི་རྣམ་པ་ལ་ཆོས་དཀར་པོའི་ ས་བོན་ལྟ་བུར་གྱུར་པ། དགེ་བའི་རྩ་བ་ཐམས་ཅད་འགྱོད་པ་མེད་པར་ཡོངས་སུ་བསྔོ་བ་དང་ལྡན་པ། སེམས་ཅན་ཀྱི་ཁམས་ཐམས་ཅད་ཐམས་ཅད་མཁྱེན་པའི་བསྐལ་བ་ཡོངས་སུ་བསྔོ་བས་ཡོངས་སུ་འཛིན་ པ་དགེ་བའི་རྩ་བ་ཐམས་ཅད་གྱི་བསྐལ་པ་དང་། ཆོས་ཀྱིས་ཆར་འབེབས་པས་དབྱར་གྱི་དུས་སུ་གྱུར་པ། ཡོངས་སུ་བསྔོ་བའི་རིགས་དང་ལྡན་པ་དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་སེམས་ཅན་ཐམས་ ཅད་ཤིན་ཏུ་བདེ་ཞིང་སྐྱིད་པ་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བར་གྱུར་བ་དང་། 73-1-267b ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་གྲོལ་བར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་ཤེས་པ་དང་ལྡན་པར་འགྱུར་བ་ དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ལ་ཤིན་ཏུ་བཀོད་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཉམས་པ་མེད་པར་དམིགས་པ་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ ཐམས་ཅད་ཤིན་ཏུ་དུལ་བའི་ཡིད་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་སྟོབས་བཅུའི་འདུལ་བ་དང་ལྡན་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་ཡོངས་སུ་བསྔོ་བ་ ཡང་ལས་གྱི་གནས་སུ་མི་བསྔོའོ། །རྣམ་པར་སྨིན་པའི་གནས་སུ་མ་ཡིན་ནོ། །ལུས་ཀྱི་གནས་སུ་མ་ཡིན་ནོ། །དངོས་པོའི་གནས་སུ་མ་ཡིན་ནོ། །ཞིང་གི་གནས་སུ་མ་ཡིན་ནོ། །ཕྱོགས་ཀྱི་གནས་སུ་མ་ ཡིན་ནོ། །སེམས་ཅན་ཐམས་ཅད་གྱི་གནས་སུ་ཡོངས་སུ་མི་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་གནས་ལས་གུད་དུ་འཕགས་པར་ཡོངས་སུ་མི་བསྔོའོ། །སེམས་ཅན་ཐམས་ཅད་ལས་གུད་དུ་འཕགས་ པར་ཡོངས་སུ་མི་བསྔོ་སྟེ། མངོན་པར་ཞེན་པའི་ཆོས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་སྟོབ་པ་ འཇིག་རྟེན་ཐམས་ཅད་ངེས་པར་བྱེད་པ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ། བསམ་པས་སེམས་ལས་སུ་རུང་བར་བྱས་པ། ཤིན་ཏུ་དག་པ། ཤིན་ཏུ་བརྟགས་པ། ཤེས་རབ་དང་། ཡེ་ཤེས་དང་ལྡན་པ། ནང་མཉམ་པར་གཞག་པ་དང་ལྡན་པ། ཕྱི་རོལ་གྱི་དམིགས་པ་ཤིན་ཏུ་རྟོགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་མཐར་ཕྱིན་པ། སངས་རྒྱས་ཀྱི་རིགས་ཤིན་ཏུ་ 73-1-268a གསལ་བ་དང་ལྡན་པ་དེ་ཇི་ལྟར་ཡོངས་སུ་བསྔོ་བ་དེས་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ཚུར་ཟིལ་གྱིས་མི་ནོན་ལ་ཕར་ཟིལ་གྱིས་ནོན་པའི་ཡོན་ཏན་མི་ཟད་པ་ཡིན། འགྲོ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ལ་བརྩོན་ པ་ཡིན། ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་ཀྱང་ཚེགས་ཆུང་ངུས་མིག་ལམ་དུ་སྣང་བར་མཐོང་བ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྣང་བ་ཡིན་ཏེ། ཚིག་ རབ་ཏུ་ཕྱེ་བ་ཐམས་ཅད་ལ་མཁས་པ་དང་ལྡན་པའི་གཟུངས་ཀྱང་རབ་ཏུ་ཐོབ་ཅིང་ཁོང་དུ་ཆུད་དོ། །ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྒྱུན་ཆད་པ་མེད་པའི་ཆོས་བསྟན་པའི་དཀྱིལ་འཁོར་གྱིས་སེམས་ཅན་ཐམས་ཅད་ དགའ་བར་བྱ་བ་ཡོངས་སུ་རྫོགས་པར་བྱེད་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཡོངས་སུ་སྦྱང་བའི་དོན་དུ་སེམས་སྐད་ཅིག་རེ་རེ་ལ་མིག་ཡོར་སྣང་བའི་ཚུལ་དུ་སྐྱེ་བ་ཡིན། འཇིག་རྟེན་ གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་བྱེད་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་རྣམ་པར་ དཔྱོད་པའི་ཡེ་ཤེས་ཀྱིས་ངོམས་མི་ཤེས་པ་ཡིན། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཉམ་པ་ཉིད་གང་ལ་བདག་ཉིད་གནས་པ་དེ་ལ་ཡོངས་སུ་རྫོགས་པར་བྱེད་པ་ཡིན། ཡོངས་སུ་བསྒྲུབ་པ་ཡིན། ཡོངས་སུ་སྦྱོང་བ་ཡིན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རབ་ཏུ་བརྩོན་པར་བྱེད་ཅིང་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན། ལས་ཇི་ལྟར་རྣམ་པར་དག་པའི་ཚུལ་བཞིན་དུ་འང་ ཡང་དག་པར་འབྱུང་བ་ཡིན། ཐོག་པ་མེད་པའི་རྣ་བ་མངོན་པར་བསྒྲུབ་པ་ཡང་རབ་ཏུ་འཐོབ་པ་ཡིན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཆོས་མཐའ་ 73-1-268b ཡས་པ་བསྟན་ཅིང་། བརྗོད་པ་ཐོས་ནས་དེ་དག་ཐམས་ཅད་འཛིན་པ་ཡིན་ཏེ། ཆོས་བསྟན་པ་དེ་ལ་རིང་བའི་འདུ་ཤེས་ཉེ་བར་མི་གཞོག་གོ། །སེམས་སྐད་ཅིག་གིས་བྱུང་བ། དངོས་པོ་མེད་པ་ལ་རབ་ཏུ་གནས་པ་དེ། རྟེན་པ་མེད་ཅིང་། མངོན་པར་འདུ་བྱ་བ་མེད་པ་དང་། གནས་པ་མེད་པའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་གནས་ཤིང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་ཕྱེ་བ་ཐམས་ཅད་དུ་འགྲོ་བར་བྱ་བ་ལ་སེ་གོལ་ཏོག་ པ་ཙམ་ཡང་དུས་གང་དུའང་ཐོགས་པ་མེད་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཡང་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་མཐོང་བ་དང་ལྡན་པ་ཡིན་ཏེ། ཡོན་ཏན་འདི་དག་དང་། གཞན་ དག་ཀྱང་རྣམ་པར་དག་ཅིང་མཐའ་དང་དབུས་མེད་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འཐུན་པ་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པར་ཟད་མི་ཤེས་པའི་ཡོན་ཏན་དང་ལེགས་པ་འཐོབ་པར་གྱུར་ ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཚེ། འདི་ལྟ་སྟེ། ཞིང་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ལུས་རྣམ་པར་དག་པ་མཉམ་པ་ཉིད་དང་། དབང་པོ་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ལས་ཀྱི་རྣམ་པར་སྨྱིན་པ་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ རྣམ་པར་དག་པ་མཉམ་པ་ཉིད་དང་། སྤྱོད་པ་ཡོངས་སུ་རྫོག་པར་བྱ་བ་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། དེ་བཞིན་གཤེགས་པ་ ཐམས་ཅད་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་རྣམ་པར་དག་པ་མཉམ་པ་ཉིད་དང་། སངས་རྒྱས་ཐམས་ཅད་ཡུལ་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པ་རྣམ་པར་དག་པ་མཉམ་པ་ཉིད་འཐོབ་པ་ལྟ་ཅི་སྨོས། 73-1-269a སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་པ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བའི་ ཚེ། ཡོན་ཏན་གྱི་རྒྱུད་གྱི་ཚུལ་རྣམ་པར་དག་པར་བྱ་བ་དང་། ཡོན་ཏན་ཐམས་ཅད་རབ་ཏུ་བརྒྱན་པར་བྱ་བ་ཡོངས་སུ་རྫོགས་པར་རབ་ཏུ་འཐོབ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བའི་ཚེ། སེམས་ ཅན་རྣམས་ཞིང་དང་འགལ་བར་མི་བྱེད་དོ། །ཞིང་རྣམས་སེམས་ཅན་དང་འགལ་བར་མི་བྱེད་དོ། །ཞིང་རྣམས་སེམས་ཅན་གྱི་ལས་དང་འགལ་བར་མི་བྱེད་དོ། །སེམས་ཅན་གྱི་ལས་རྣམས་ཞིང་དང་འགལ་བར་མི་བྱེད་དོ། །བསམ་པ་སེམས་དང་ འགལ་བར་མི་བྱེད་དོ་སེམས་བསམ་པ་དང་འགལ་བར་མི་བྱེད་དོ། །བསམ་པ་དང་སེམས་དམིགས་པ་དང་འགལ་བར་མི་བྱེད་དོ། །དམྱིགས་པ་བསམ་པ་དང་སེམས་དང་འགལ་བར་མི་བྱེད་དོ། །ལས་ཀྱི་རྣམ་པར་སྨྱིན་ པ་བརྟན་པ་དང་འགལ་བར་མི་བྱེད་དོ། །བརྟན་པ་ལས་ཀྱི་རྣམ་པར་སྨྱིན་པ་དང་འགལ་བར་མི་བྱེད་དོ། །ལས་བྱ་བ་ལམ་དང་འགལ་བར་མི་བྱེད་དོ། །ལམ་ལས་བྱ་བ་དང་འགལ་བར་མི་བྱེད་དོ། །ཆོས་ཉིད་མཚན་ཉིད་ དང་འགལ་བར་མི་བྱེད་དོ། །མཚན་ཉིད་ཆོས་ཉིད་དང་འགལ་བར་མི་བྱེད་དོ། །ཆོས་རྣམས་སྐྱེ་བའི་རང་བཞིན་དང་འགལ་བར་མི་བྱེད་དོ། །སྐྱེ་བའི་རང་བཞིན་ཆོས་རྣམས་དང་འགལ་བར་མི་བྱེད་དོ། །ཞིང་གི་ མཉམ་པ་ཉིད་སེམས་ཅན་གྱི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་གྱི་མཉམ་པ་ཉིད་ཞིང་གི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་གྱི་མཉམ་པ་ཉིད་ཆོས་ཀྱི་མཉམ་པ་ཉིད་དང་ འགལ་བར་མི་བྱེད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཆོས་ཐམས་ཅད་མཉམ་པ་ཉིད་དང་འགལ་ 73-1-269b བར་མི་བྱེད་དོ། །འདོད་ཆགས་དང་བྲལ་བའི་མཐའ་མཉམ་པ་ཉིད་སེམས་ཅན་ཐམས་ཅད་ཀྱི་གནས་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་གནས་མཉམ་པ་ཉིད་འདོད་ཆགས་དང་བྲལ་བའི་ མཐའི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །འདས་པ་མ་འོངས་པ་དང་འགལ་བར་མི་བྱེད་དོ། །མ་འོངས་པ་འདས་པ་དང་འགལ་བར་མི་བྱེད་དོ། །མ་འོངས་པ་དང་འདས་པ་ད་ལྟར་བྱུང་བ་དང་འགལ་བར་མི་བྱེད་དོ། ། ད་ལྟར་བྱུང་བ་མ་འོངས་པ་དང་འདས་པ་དང་འགལ་བར་མི་བྱེད་དོ། །དུས་མཉམ་པ་ཉིད་སངས་རྒྱས་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སངས་རྒྱས་མཉམ་པ་ཉིད་དུས་མཉམ་པ་ཉིད་དང་འགལ་བར་མི་ བྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མཁྱེན་པ་ཉིད་དང་འགལ་བར་མི་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ་བར་མི་བྱེད་དོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ ཚེ། ལས་མཉམ་པ་ཉིད་དང་ལྡན་པ་ཡིན། རྣམ་པར་སྨྱིན་པ་མཉམ་པ་ཉིད་དང་ལྡན་པ་ཡིན། ལུས་མཉམ་པ་ཉིད་དང་ལྡན་པ་ཡིན། ཚུལ་མཉམ་པ་ཉིད་དང་ལྡན་པ་ཡིན། སྨོན་ལམ་མཉམ་པ་ཉིད་དང་ལྡན་ པ་ཡིན། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། ཞིང་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། སྤྱོད་པ་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། ཡེ་ཤེས་ཐམས་ཅད་མཉམ་པ་ཉིད་ དང་ལྡན་པ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། སངས་རྒྱས་ཐམས་ཅད་མངོན་པར་མཉེས་པར་བྱེད་པ་ཡིན། བྱང་ཆུབ་སེམས་ དཔའ་ཐམས་ཅད་མངོན་པར་དགའ་བར་བྱེད་པ་ཡིན། དགེ་བའི་རྩ་བ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན། སྨོན་ལམ་མངོན་པར་འགྲུབ་པར་བྱེད་པ་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་ 73-1-270a པར་བྱ་བ་མངོན་པར་འགྲུབ་པར་བྱེད་པ་ཡིན། ལས་ཐམས་ཅད་རབ་ཏུ་རྟོགས་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། དགེ་བའི་བཤེས་གཉེན་མཐོང་ཞིང་བསྙེན་བཀུར་བྱེད་པ་མངོན་པར་འགྲུབ་ པར་བྱེད་པ་ཡིན། རྣམ་པར་དག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་ལྡན་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། ཆོས་དཀར་པོ་ཐམས་ ཅད་ཡོངས་སུ་བསྔོ་བ་རྣམ་པར་དག་པའི་དཀྱིལ་འཁོར་མངོན་པར་འགྲུབ་པར་བྱེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་འགྲོ་བ་ ཐམས་ཅད་མཉམ་པ་ཉིད་རྗེས་སུ་སོང་བ་སྟེ། བདུན་པའོ།། །།ཡོངས་སུ་བསྔོ་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་པ་ཐམས་ཅད་ཀྱི་ཚེར་མ་དང་བྲལ་ཞིང་ཕྱིར་ རྒོལ་བ་རབ་ཏུ་བཅོམ་པ་ཡིན། རྒྱུད་གྱི་ཚུལ་གཅིག་ཏུ་གྱུར་པས་ལྟོད་པ་མེད་པར་ཤིན་ཏུ་བྱུང་བ་ཡིན། ཡོན་ཏན་གྱི་རྒྱལ་སྲིད་དང་དབང་རབ་ཏུ་ཐོབ་པས་བསོད་ནམས་ཀྱིས་བསྐྱོབ་པའི་མཐུ་ཆེན་པོ་དང་ལྡན་པ་ཡིན། ཞིང་ཐམས་ཅད་དུ་འགྲོ་བ་ལ་ཞུགས་པས། ཆགས་པ་མེད་པར་སྤྱོད་པ་ཡིན། ལུས་ཐམས་ཅད་དང་ལྡན་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན། སྤྱོད་པ་དང་། སྨོན་ལམ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་ཡེ་ཤེས་ དང་ལྡན་པས་སྤྱོད་པ་ཆེན་པོ་བྱུང་བ་ཡིན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྣ་བའི་ཤེས་པ་ཐོགས་པ་མེད་པར་ཞུགས་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པ་ཡིན། ཤེས་རབ་ཀྱི་མིག་ཤིན་ཏུ་ དག་པའི་བློ་རབ་ཏུ་ཐོབ་པས། སངས་རྒྱས་ཐམས་ཅད་མཐོང་བ་དང་ལྡན་པ་ཡིན། དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱ་བ་ལ་རྒྱུན་མི་འཆད་པ་ཡིན་ནོ། ཆོས་འཐོབ་པར་བྱ་བ་ལ་ 73-1-270b ཐམས་ཅད་ཐོབ་པས་རློམ་སེམས་མེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་སྨྲས་སོ། །དེ་དག་བསོད་ནམས་རླབས་ཆེན་བྱེད་པ་དང་། །རྒྱ་ཆེ་ཟབ་མོ་ཕྲ་དང་རགས་བྱེད་ཅིང་། །སྣ་ཚོགས་ཆུང་ངུའི་རྣམ་པ་བྱེད་ཀྱང་རུང་། །ཐམས་ཅད་མཐའ་ཡས་རྣམ་པར་ཡོངས་སུ་བསྔོ། ། དེ་དག་དངོས་པོ་ཇི་སྙེད་གང་ཡོད་པ། །རྒྱ་ཆེ་ཡངས་པ་གང་དང་གང་ཡང་རུང་། །གླང་པོ་ཤིང་རྟ་རྟ་ཡི་ཤིང་རྟ་དང་། །གོས་དང་དབྱིག་དང་གསེར་དང་དངུལ་དག་གིས། །ཕྱོགས་དང་ཞིང་རྣམས་མཐའ་ཡས་ཀུན་བཀང་ཞིང་། ། དེ་དག་མགོ་དང་མིག་དང་ལག་པ་དང་། །ཤ་དང་རྐང་དང་དེ་བཞིན་རྐང་པ་དང་། །རང་གི་ལུས་ཀྱིས་ཀུན་བཀང་སྦྱིན་པར་བསྔོ། །དེ་དག་དེ་ལྟར་ཡོངས་སུ་བསྔོ་བྱས་ནས། །སེམས་ཅན་ཕན་ཕྱིར་ཡོངས་སུ་དགྲོལ་ སེམས་ཀྱིས། །མཐའ་དང་དབུས་མེད་བསྐལ་པར་སྤྱོད་པ་བྱེད། །འགྲོ་བ་ཀུན་ནས་དེ་དག་སེམས་མི་ལྡོག །དེ་དག་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །ལེགས་པ་བྱས་པའི་ལས་ཀྱི་སྲིད་གསུམ་གྱི། །འགྲོ་བ་མ་ ལུས་ཐམས་ཅད་ཅི་ནས་ཀྱང་། །བདེ་བར་འགྱུར་ཞིང་བྱང་ཆུབ་ཐོབ་པར་བསྔོ། །དེ་དག་མཉམ་ཞིང་མཚུངས་པར་ཡོངས་སུ་བསྔོ། །ལས་རྣམས་དག་ལ་ཇི་ལྟར་ཡོངས་བསྒྲུབ་པ། །དེ་དག་འགྲོ་ལ་ཕན་ཕྱིར་མཉམ་ པར་བསྔོ། །དེ་དག་སྨོན་ལམ་འཆིང་བར་འགྱུར་བ་མེད། །འགྲོ་བ་ཀུན་ཏུ་ཅི་ལའང་ཐོག་མེད་པར། །ཐམས་ཅད་རྗེས་སུ་སྨོན་ལམ་དེ་དག་སྔོ། །དེ་དག་འགྲོ་ལ་ཕན་ཕྱིར་ཀུན་ཀྱང་བསྔོ། །མཁས་པ་རྣམས་ལ་ སྤྲོ་བ་གང་ཡང་མེད། །འགྲོ་བ་ཀུན་ལ་དེ་དག་གཉིས་གྱུར་ཅིག །སྦྱིན་པས་འཕགས་ཏེ་ཚུལ་ཁྲིམས་རྣམ་དག་པ། །བརྩོན་འགྲུས་སྟོབས་ཀྱི་སེམས་ལ་བཅིངས་མེད་པ། །དེ་དག་སྨོན་ལམ་ཕྱི་ལྡོག་མེད་པ་ཡིན། 73-1-271a དེ་དག་བསྔོ་བའི་ཕ་རོལ་ཕྱིན་པ་དག །ཆོས་ཀྱི་རྒྱུད་ལ་བློ་གྲོས་གཉིས་མཉམ་པ། །དེ་དག་དོན་དེས་ཕ་རོལ་ཕྱིན་བྱ་བའི་ཕྱིར། །རྐང་གཉིས་དབང་པོའི་དྲུང་དུ་ཡེ་ཤེས་རྐང་པས་འདོང་། །དེ་དག་ཆོས་ཀྱི་རྔ་ཡི་མཐར་ཕྱིན་པས། ། རྟག་ཏུ་ཡེ་ཤེས་རྣམ་པའི་སྙིང་པོ་འཆང་། །ཚུལ་བཞིན་ཆོས་ལ་ཆགས་པ་མེད་པར་ཞུགས། །དེ་བས་དེ་དག་ཡིད་ལ་ཆགས་པ་མེད། །ཆོས་ལ་གཉིས་སུ་བྱེད་པ་མེད་པ་སྟེ། །གཉིས་སུ་མེད་པར་ཆོས་ལ་མི་བྱེད་དོ། ། གཉིས་མེད་གཉིས་ལས་ཡོངས་སུ་གྲོལ་བས་ན། །འགྲོ་བ་ཀུན་ཀྱི་ཚིག་ལམ་ཐམས་ཅད་ཤེས། །དེ་དག་འཇིག་རྟེན་མཉམ་ཉིད་ཁོང་དུ་ཆུད། །སེམས་དང་སྒྲ་དང་ལས་རྣམས་ཐམས་ཅད་ཀྱང་། །སྤྲུལ་པ་ལྟ་བུར་ འགྲོ་བ་ཀུན་ཤེས་ཏེ། །ཀུན་ཀྱང་ལས་ཀྱི་རྣམ་སྨྱིན་ཚུལ་དུ་འཇུག །འཇིག་རྟེན་ཇི་སྙེད་ཡོད་པ་ལས་རྣམས་ཀྱིས། །བྱིན་གྱིས་བརླབས་ཡིན་ཕྱོགས་རྣམས་སྒྲ་ཀུན་ཀྱང་། །ལས་ཀྱི་རྣམ་སྨྱིན་འཇིག་རྟེན་ འདི་ཤེས་ན། །ལས་རྣམས་ཐམས་ཅད་མ་ལུས་འགག་པར་འགྱུར། །དེ་དག་འགྲོ་བ་ཀུན་དང་མཉམ་ཉིད་དུ། །ལུས་དང་ངག་དང་སེམས་རྣམས་མཉམ་ཉིད་ཀྱིས། །འགྲོ་བ་ཀུན་དང་མཉམ་པ་ཉིད་ཕྱིར་བསྔོ། ། མཉམ་པ་ཉིད་ཕྱིར་གཞུང་ཚུལ་འདི་འདྲའོ། །ཡོངས་སུ་སྤྱོད་པས་འགྲོ་བ་ཐམས་ཅད་ཀྱི། །གཟུགས་རྣམས་སྦྱངས་ཤིང་དེ་ཡི་ལས་བསྔོ་བ། །སྐྱེས་བུ་འདུལ་བའི་བསོད་ནམས་ཅི་འདྲ་བ། །དེ་འདྲར་འགྲོ་ཀུན་བསོད་ ནམས་གཏེར་དུ་བསྔོ། །དེ་དག་འགྲོ་བ་ཐམས་ཅད་ཟིལ་གནོན་ཅིང་། །བརྩོན་འགྲུས་ལུས་དང་ལྡན་པར་གྱུར་པའི་རྣམས། །སྐྱེ་དགུ་ཀུན་ལ་ཕན་པར་བྱ་སེམས་ཀྱིས། །བསོད་ནམས་རྒྱ་མཚོ་ཡོངས་སུ་བསྔོ་བར་ བྱེད། །བདག་གིས་བསོད་ནམས་བསྒྲུབ་པ་གང་ཡོད་པ། །དེ་ཡིས་འགྲོ་ཀུན་རྟག་ཏུ་རྣམ་དག་གྱུར། །རྒྱལ་བ་དེ་དག་ཇི་ལྟར་རྣམ་དག་པ། །དེ་ལྟར་འཇིག་རྟེན་རྣམ་དག་ལྡན་གྱུར་ཅིག །མཁས་ཤིང་དོན་གྱི་ཚུལ་ 73-1-271b ལ་ཤེས་གྱུར་ནས། །ཡེ་ཤེས་མཁྱེན་ལྡན་ཆོས་རབ་བསྔགས་གྱུར་ཅིག །འགྲོ་ཀུན་སངས་རྒྱས་ཇི་བཞིན་གྱུར་ཅིག་ཅེས། །དགེ་བ་དེ་དག་མཉམ་པ་ཉིད་དུ་བསྔོ། །དེ་དག་ཆོས་རྣམས་གསོག་དུ་འཇལ་བྱེད་དེ། །འགྲོ་བ་ ཐམས་ཅད་སྟོང་པར་རྣམ་རིག་ནས། །བྱ་བ་མེད་ཅིང་བྱེད་པ་གང་ཡང་མེད། །འགྲོ་བ་རྣམས་ཀྱི་ལས་ཀྱང་ཆུད་མི་ཟ། །ཆོས་རྣམས་ཞི་ཞིང་འཇིག་རྟེན་མ་ཞི་བར། །རྟོག་མེད་སེམས་ཀྱི་དེ་ལྟར་འཇལ་བྱེད་ཅིང་། ། འཇིག་རྟེན་དེ་དག་རྣམ་པར་རྟོག་ཤིས་ཀྱང་། །རྣམ་པར་རྟོག་ཅིང་ཡོངས་སུ་བསྔོ་མི་བྱེད། །བདེ་གཤེགས་སྐུར་བགྲང་ལུས་དང་ལྡན་པ་རྣམས། །རྒྱལ་བ་རྣམས་ཀྱི་ཆོས་ལ་སྐྱེས་པའི་སྲས། །དེ་དག་འཇིག་རྟེན་ འདི་ལ་ཐེ་ཙོམ་མེད། །རྒྱལ་སྲས་དེ་དག་དེ་ལྟར་ཡོངས་སུ་བསྔོ། །འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་རྗེས་སུ་སོང་བ་སྟེ། ཡོངས་སུ་བསྔོ་བ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བརྒྱད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ དཀར་པོ་སྤྱོད་པ་ལ་རབ་ཏུ་བརྩོན་པའི་སེམས་དང་ལྡན་པ་སྙིང་རྗེ་ཆེན་པོ་ཤིན་ཏུ་གསལ་བ་ལ་རབ་ཏུ་ཞུགས་པ། ལྷག་པའི་བསམ་པ་ཆེན་པོ་རིན་པོ་ཆེ་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བ་ལ་བརྩོན་ པ། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་བསྔོ་བ་རྒྱུན་མི་འཆད་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལམ་གྱི་བསམ་པས་དགེ་བའི་རྩ་བ་དམ་པ་བཟང་པོ་མངོན་པར་བསྒྲུབ་པ་ལ་མཁས་པ། ཡོན་ཏན་དང་ཡེ་ ཤེས་ལ་རབ་ཏུ་བརྩོན་པའི་ཡིད་ལ་བྱེད་པ་ཅན། ཁ་ལོ་བསྒྱུར་བ་དགེ་བའི་རྩ་བ་ཐམས་ཅད་ཡེ་ཤེས་ཀྱི་ཡོངས་སུ་བསྔོ་བའི་ཚུལ་ལ་མཁས་པ། དགེ་བའི་རྩ་བ་ཐམས་ཅད་ལ་ཡང་དག་པར་སེམས་པའི་མིག་དང་ལྡན་པ། 73-1-272a ཡེ་ཤེས་དང་མངོན་པར་ཤེས་པ་ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པ། དྲན་པ་ཤེས་བཞིན་ཅན་བརྟན་ཞིང་མི་གཡོ་བའི་སེམས་དང་ལྡན་པ། རྨོངས་པ་མེད་པ་དྲན་པ་ཉེ་བར་གཞག་པ་ཁོང་ནས་སྙིང་བརྩེ་བ་ དང་ལྡན་པ། ལས་ལ་ཐུབ་པ་མེད་པ་ཡེ་ཤེས་ལ་དམིགས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པ། ཐེག་པ་ཆེན་པོའི་སེམས་ཀྱིས་དཔའ་བ། འགྲོ་བ་ཐམས་ཅད་བདེ་བར་བྱ་བའི་དགེ་བའི་རྩ་བ་རབ་ཏུ་ཐོབ་པ། དགེ་བའི་རྩ་བ་སྐྱོན་མེད་པ་ཡང་དག་པར་བསྩོགས་ཤིང་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་མཐའ་ཡས་པ་ཉེ་བར་བསྒྲུབ་པ་དང་། དམིགས་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་དག་པར་ བྱེད་པ་དང་། ནན་ཏན་དུ་བྱེད་པ་དང་། མངོན་པར་བརྩོན་པར་བྱེད་པ་དང་། ཡོངས་སུ་སྤྱོད་ཅིང་སེམས་པ་དང་། ཡང་དག་པར་སྦྱོར་བ་དང་། རབ་ཏུ་སྟོན་པའི་ཚེ་དགེ་བའི་རྩ་བ་སྒོ་རྣམ་པ་ཐ་དད་པ་གཞན་དང་གཞན་གྱི་ མཚན་ཉིད་སྣ་ཚོགས་དང་ལྡན་པ། དངོས་པོ་གཞན་དང་གཞན་ལས་བྱུང་བ། རྣམ་པ་སྣ་ཚོགས་སུ་བཀོད་པར་གྱུར་པ་ཡང་དག་པར་སྤྱོད་པ་དུ་མ་དང་། བརྗོད་པ་མཐའ་ཡས་པའི་ཚུལ་གྱིས་རྣམ་པར་བརྟགས་ པ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སུ་ཡང་དག་པར་སྤྱོད་ཅིང་། ཚད་མེད་པར་རྣམ་པར་འཕེལ་བ་ལས་བྱུང་བ། སྟོབས་བཅུར་འགྲོ་བའི་སེམས་ཀྱི་བྱིན་གྱིས་བརླབས་པ་དེ་དག་དམིགས་པ་རྣམ་པ་སྣ་ ཚོགས་ལ་རབ་ཏུ་བརྩོན་པ། གཉིས་སུ་མེད་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པས། འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྩོན་པ་ རྣམས་ཀྱི་ཆགས་པ་མེད་པའི་ལུས་ཡོངས་སུ་རྫོགས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་རྣམས་ཀྱི་ཆགས་པ་མེད་པའི་ངག་ཡོངས་སུ་དག་པར་གྱུར་ཅིག །ཐེག་པ་ཆེན་པོ་ལ་གནས་ 73-1-272b པའི་སྤྱོད་པ་ཐོབ་པར་བྱ་བའི་ཕྱིར་ཆགས་པ་མེད་པའི་སེམས་ཡོངས་སུ་གྲུབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྣམ་པར་དག་པ་སྒྲིབ་པ་མེད་པའི་སེམས་ཡོངས་སུ་རྫོགས་པར་གྱུར་ཅིག ། འགྲོ་བ་མཐའ་དང་དབུས་མེད་པ་ཐམས་ཅད་རྒྱས་པར་དགང་བའི་ཕྱིར་སྦྱིན་པ་ཆེན་པོ་མཐའ་ཡས་པའི་སེམས་བསྐྱེད་པ་རབ་ཏུ་ཐོབ་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པའི་སེམས་རབ་ཏུ་འཐོབ་པའི་ཕྱིར། ཆོས་ལ་ དབང་སྒྱུར་བའི་སེམས་ཀྱི་ཆོས་ཀྱི་སྣང་བ་ཐམས་ཅད་སྟོན་པར་གྱུར་ཅིག །བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྣང་བ་རབ་ཏུ་འཐོབ་པའི་ཕྱིར། ཡེ་ཤེས་ཀྱི་འབྱུང་གནས་དང་། མངོན་པར་ཤེས་པ་ཐམས་ཅད་ རྣམ་པར་དག་པར་གྱུར་ཅིག །སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་འཐོབ་པའི་ཕྱིར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་རྣམ་པར་དག་པར་གྱུར་ཅིག །ལྟོད་པ་ མེད་པར་ཡོངས་སུ་འབྱུང་བའི་ཕྱིར། ཁོན་མེད་པར་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོབས་བཅུའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར་འགྲོ་བ་ཐམས་ཅད་ཉེ་བར་བླངས་པས་ ཁྱབ་པར་བྱ་བ་རྒྱུན་ཆད་པ་མེད་པར་གྱུར་ཅིག །གོས་པ་མེད་པར་འཇིག་རྟེན་གྱི་ཁམས་སུ་གནས་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ མཐའ་ཡས་པ་གདུལ་བ་རྒྱུན་ཆད་པ་མེད་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པར་བྱ་བས་མི་སྐྱོ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་རབ་ཏུ་བསྒྲུབ་པའི་ཕྱིར་ བསམ་པའི་རང་བཞིན་མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱུར་ཅིག །རྣམ་པ་ཐ་དད་པའི་ཕྱོགས་སུ་ཡེ་ཤེས་ཀྱིས་འཇུག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ 73-1-273a ཐམས་ཅད་ལ། རྨོངས་པ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །ཡེ་ཤེས་དང་མངོན་པར་ཤེས་པ་ལ་དབང་སྒྱུར་བར་བྱ་བའི་ཕྱིར་སེམས་སྐད་ཅིག་གི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་ཐམས་ ཅད་ཡོངས་སུ་རྒྱས་པར་གྱུར་ཅིག །འཇིག་རྟེན་ཐམས་ཅད་མཐོང་བ་རྣམ་པར་དག་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ལ་འཇུག་པའི་རང་བཞིན་ཡོངས་སུ་རྫོགས་པར་གྱུར་ཅིག །ཐ་དད་པ་ མེད་པའི་ཡེ་ཤེས་དམ་པ་འཐོབ་པའི་ཕྱིར། ཞིང་གཅིག་ཞིང་ཐམས་ཅད་དུ་རྟོགས་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སེམས་ཅན་བརྗོད་དུ་མེད་པ་གདུལ་ཞིང་བྱིན་གྱིས་བརླབ་པའི་ཕྱིར། ཞིང་ཐམས་ཅད་ བྱིན་གྱིས་བརློབ་པའི་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་མཐོང་བ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཚད་མེད་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཚད་མེད་པ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་ མངོན་པར་མོས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡེ་ཤེས་ཀྱི་ཞིང་ཐམས་ཅད་ཡེ་ཤེས་མཐོང་བ་དམ་པ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཀྱི་བྱིན་གྱིས་རླབས་རབ་ ཏུ་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཞིང་གི་རྣམ་པའི་ཕྱིར་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །ཡེ་ཤེས་ ཀྱི་རྣམ་པར་སྤྱོད་ཅིང་བྱིན་གྱིས་རླབ་པའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་བདག་གི་ཕྱིར་ཡོངས་སུ་བསྔོ་བ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡང་ཡོངས་སུ་བསྔོ་སྟེ། འདི་ལྟར་སེམས་ཅན་དམྱལ་བའི་ངན་སོང་དགག་ པའི་ཕྱིར་ཡོངས་སུ་བསྔོའོ། །བྱོལ་སོང་གི་སྐྱེ་གནས་ཀྱི་ངན་སོང་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྒྱུན་ཆད་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་ 73-1-273b པའི་ལས་རྒྱུན་གཅོད་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགྲ་ཐམས་ཅད་དང་འཛའ་བ་ཐམས་ཅད་བདེ་བ་ཐམས་ཅད་ལ་གཟུང་བའི་ ཡེ་ཤེས་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་བསྟན་པ་རྣམ་པར་དག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་གྱི་དོན་བསམ་ གྱིས་མི་ཁྱབ་པའི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ལྷག་པའི་བསམ་པ་རྡུལ་མེད་པའི་བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་ སུ་བསྔོའོ། །སེམས་ཅན་ཐམས་ཅད་བདེ་བའི་ལམ་བསྟན་པར་མཉམ་པ་ཉིད་དུ་བསྔོ་བའི་ཕྱིར་ཡོངསུ་བསྔོའོ། །དགེ་བའི་རྩ་བའི་སེམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པར་བྱང་བའི་སྤྲིན་ཀྱི་ཆར་འབབ་པའི་ཚུལ་དང་། སེམས་ཅན་ཐམས་ཅད་ལ་བསོད་ནམས་ཀྱི་ཞིང་དུ་དམིགས་པའི་ཚུལ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ ཀྱི་ཁོངས་སུ་གཏོགས་པའི་ཡོངས་སུ་བསྔོ་བས་བསྲུང་བའི་བྱིན་གྱི་རླབས་ཀྱི་སྒྲིབ་པ་ཐམས་ཅད་དང་མི་འགྲོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སྒྲིབ་པ་མེད་པའི་དབྱིངས་ལ་གནས་པར་ཡོངས་སུ་བསྔོའོ། ། ཡེ་ཤེས་དང་མངོན་པར་ཤེས་པ་ཆགས་པ་མེད་པས་སེམས་ཅན་ཐམས་ཅད་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྗེས་སུ་འགྲོ་བའི་རྣམ་ པར་འཕྲུལ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དོན་ཡོད་པའི་དགེ་བའི་རྩ་བ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཡེ་ཤེས་ཀྱི་ཕན་འདོགས་པར་བྱ་བའི་ཕྱིར་ 73-1-274a ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པས་འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ སེམས་སྒྲིབ་པ་མེད་ཅིང་མི་སྒུལ་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡུལ་དགའ་དགའ་ལྟར་འདུག་པ་མཐོང་བ་འམ། བཟའ་ཤིང་གི་ར་བ་ དགའ་དགའ་ལྟར་འདུག་པ་མཐོང་བ་དང་། ལྗང་པ་དགའ་དགའ་ལྟར་འདུག་པ་དང་། མེ་ཏོག་དགའ་དགའ་ལྟར་འདུག་པ་དང་། སྤོས་ཡིད་དུ་འོང་བ་དང་། ཤིང་ཏོག་དགའ་དགའ་ལྟར་འདུག་པ་དང་། གོས་ཡིད་དུ་འོང་བ་ དང་རིན་པོ་ཆེ་དགའ་དགའ་ལྟར་འདུག་པ་དང་། རྒྱན་དགའ་དགའ་ལྟར་འདུག་པ་དང་། ལྡུམ་ར་དགའ་དགའ་ལྟར་འདུག་པ་དང་། གྲོ་ཁྱེར་དགའ་དགའ་ལྟར་འདུག་པ་དང་། ལྗོངས་དགའ་དགའ་ལྟར་འདུག་པ་དང་། རྒྱལ་པོའི་ ཕོ་བྲང་འཁོར་དགའ་དགའ་ལྟར་འདུག་པ་དང་། ཁམས་དགའ་དགའ་ལྟར་འདུག་པ་དང་། ཡུལ་དགའ་དགའ་ལྟར་འདུག་པ་དང་། རྒྱལ་པོའི་སྲིད་དགའ་དགའ་ལྟར་འདུག་པ་དང་། དབང་དགའ་དགའ་ལྟར་བསྒྱུར་བ་ དང་། ཕྱོགས་དགའ་དགའ་ལྟར་འདུག་པ་དང་། འཁོར་དགའ་དགའ་ལྟར་འདུག་པ་དང་། འབྲོག་དགའ་དགའ་ལྟར་འདུག་པ་དག་མཐོང་ན། བྱང་ཆུབ་སེམས་དཔའ་ཐབས་དང་ཡེ་ཤེས་ལ་བརྩོན་པ་བསོད་ནམས་དམ་ པས་བྱུང་བ། དགེ་བའི་རྩ་བ་དོན་དུ་གཉེར་བ་འགྲོ་བ་ཀུན་ཏུ་བག་ཡོད་པར་སྤྱོད་པ། ལེགས་པར་བསྟན་པའི་དགེ་བའི་རྩ་བ་ལ་བརྩོན་པ་རྒྱ་མཚོ་ལྟ་བུ་ཤིན་ཏུ་དབེན་པ། དགེ་བའི་རྩ་བ་ཟད་མི་ཤེས་པ་ཐམས་ ཅད་དང་ལྡན་པ། བསོད་ནམས་ཀྱི་འབྱུང་གནས་དང་ལྡན་པ། དགེ་བའི་རྩ་བ་ཐམས་ཅད་ཐ་མི་དད་པ་ལ་མཁས་པས་ཡོངས་སུ་བསྔོ་བ། རྣམ་པ་མཐའ་ཡས་པའི་དགེ་བའི་རྩ་བ་ཐམས་ཅད་བསྔོ་བ་མཐོང་བ་ 73-1-274b དང་། རྣམ་པར་སྤྱོད་པའི་ཡེ་ཤེས་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་སེམས་དཔས་དམིགས་པ། ཆུད་མི་ཟ་བའི་དགེ་བའི་རྩ་བ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ཚད་ཀྱིས་ཀླས་པར་རྒྱུན་མི་འཆད་ཅིང་དེ་བཞིན་ཉིད་ དང་མཉམ་པའི་དགེ་བའི་རྩ་བ་དང་ལྡན་པ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཛིན་པའི་ཆོས་ཉིད་ཀྱི་ངང་ཚུལ་ཅན་དུ་གྱུར་ཏེ། སངས་རྒྱས་མཐོང་བའི་ དགའ་བ་རབ་ཏུ་ཐོབ་ཅིང་། སེམས་ཅན་གྲངས་མེད་པ་ཐམས་ཅད་དེ་བཞིན་ཉིད་དང་། མཉམ་པ་ཉིད་རྣམ་པར་དག་པར་གྱུར་ཅིག་ཅེས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགའ་དགའ་ལྟར་འདུག་པ་ མཐོང་བ་དེ་དག་ཐམས་ཅད་ཡོངས་སུ་བསྔོས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བསྙེན་བཀུར་བ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། ཞིང་ཐམས་ཅད་ཉེ་བའི་ཉོན་མོངས་པ་མེད་ཅིང་རྣམ་པར་དག་པས་ མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྟོན་པས། མདངས་དགའ་བ་དང་། ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་བཟུང་བ་རབ་ཏུ་ཐོབ་ པས་མདངས་དགའ་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་ལ་ཞེ་སྡང་མེད་པའི་མིག་གིས་ལྟ་བས་དགའ་བ་དང་། དངོས་པོ་ཐམས་ཅད་ཡིད་དུ་འཐད་པ་མཐོང་བས་མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ ཡང་དག་པར་གཟུང་བ་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བ་ཐམས་ཅད་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་གཏོང་བའི་ སེམས་ཀྱིས་སྦྱིན་པ་བྱེད་པས་མདངས་དགའ་བ་དང་། ཆོས་ཐམས་ཅད་འཇིགས་པ་མེད་པར་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟོན་པས་མདངས་དགའ་བ་དང་། བྱང་ཆུབ་ 73-1-275a སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུངས་འཛིན་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་མཐའ་ཡས་པས་རྣམ་ པར་སྤྱོད་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་པས་མདངས་དགའ་བ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཤིན་ཏུ་ཡང་དག་པར་ བསྟན་པས་མདངས་དགའ་བ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ལ་མཁས་པས་བསྟན་པ་ཡང་དག་པར་སྟེན་པས་མདངས་དགའ་བ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པས་མདངས་དགའ་བ་དང་བྱང་ཆུབ་ཏུ་སེམས་སྐྱེ་བ་སར་པ་ གསར་པས་དབང་པོ་དགའ་བར་གྱུར་ཏེ་མདངས་དགའ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཆུད་པས་མདངས་དགའ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་རྒྱུན་མི་འཆད་པས་མདངས་དགའ་བ་དང་། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་སྤོབས་པ་མི་ཟད་པས་ཆོས་ཐམས་ཅད་རབ་ཏུ་སྟོན་ཅིང་མདངས་དགའ་བ་དང་། འཇིག་རྟེན་གྱི་ཁམས་རེ་རེར་ཡང་བརྗོད་དུ་མེད་པའི་བསྐལ་པར་གནས་པས་ཡོངས་སུ་མི་སྐྱོ་ཞིང་མདངས་དགའ་ བ་དང་། སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་ཚུལ་ལ་སྒོ་མཉམ་པས་འཇུག་པས་མདངས་དགའ་བ་དང་། རྩ་བ་མེད་པས་ཆོས་ཐམས་ཅད་ཆགས་པ་མེད་པའི་ཚུལ་ལ་རབ་ཏུ་འཇུག་པས་མདངས་དགའ་བ་དང་། འདོད་ཆགས་ མེད་པ་དང་མཉམ་པའི་ཆོས་ཐམས་ཅད་ཀྱི་སྒྲིབ་པ་ཡོངས་སུ་སྤང་བའི་ཕྱིར་མི་གཉིས་པའི་དབྱིངས་སུ་ཁོང་དུ་ཆུད་པས་མདངས་དགའ་བ་དང་། འདོད་ཆགས་དང་བྲལ་བའི་མཐའ་དང་མཉམ་པའི་ཆོས་ཐམས་ཅད་ལ་བདེན་པའི་མཐའ་ ཇི་ལྟ་བ་བཞིན་དུ་རབ་ཏུ་འཇུག་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོད་པ་མེད་པ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། བསམ་པ་རྡོ་རྗེའི་སྙིང་པོ་ 73-1-275b ལྟ་བུས་ཐམས་ཅད་མཁྱེན་པའི་བརྩོན་འགྲུས་རྣམ་པར་དག་པ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བར་དུ་གཅོད་པའི་དགྲ་རབ་ཏུ་གདུལ་བ་ཡོངས་སུ་རྫོགས་པས་མདངས་ དགའ་བ་དང་། འགྲོ་བ་ཐམས་ཅད་དུ་ཁྱབ་པའི་ཐམས་ཅད་མཁྱེན་པའི་ཚུལ་གྱིས་སྒོ་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པ་ཡོངས་སུ་རྫོགས་པས་མདངས་དགའ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ། དེ་བཞིན་གཤེགས་པའི་ཉི་མས་སེམས་ཤིན་ཏུ་སྣང་བར་བྱས་པས། རྨོངས་པ་མེད་པའི་ ཆོས་ལ་རབ་ཏུ་བརྩོན་པ། ཡེ་ཤེས་ཀྱི་ལས་ལ་ཞུགས་པ། ཡེ་ཤེས་ཀྱི་ས་ལ་ཤིན་ཏུ་བསླབས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་དགེ་བའི་རྩ་བ་རྣམ་པར་བཀྲམ་པ་ཡོངས་སུ་བསྔོ་བའི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་རྙེད་པ། ཡེ་ཤེས་ཀྱི་རིགས་དམ་པ་ལ་ཞུགས་པ་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་འབྱམ་ཀླས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་དང་ལྡན་པ་དེ་འཇིག་ རྟེན་ཐམས་ཅད་དུ་གནས་མེད་པར་འགྲོ་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཆགས་པས་མི་གནས་པའི་བསམ་པ་དང་། ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་ཡིད་ལ་བྱེད་པ་དང་། སངས་རྒྱས་ ཐམས་ཅད་ལ་ཉམས་པ་མེད་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་མི་འགལ་བའི་ཡོངས་སུ་བསྔོ་བའི་སྒོ་དགེ་བའི་རྩ་བ་ཉེ་བར་བསྩགས་ པ་དེ་དག་ཐམས་ཅད་ཀྱི་མཉམ་པ་ཉིད་དང་འགལ་བ་མེད་ཅིང་། དེ་བཞིན་གཤེགས་པའི་མཚན་ཉིད་འཁྲུག་པར་མི་འགྱུར་བ་དང་། དུས་མཉམ་པ་ཉིད་ལ་རྣམ་པར་དཔྱོད་པ་དང་། སེམས་ཅན་མེད་པར་རྟོགས་ 73-1-276a པར་བྱ་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཆེན་པོའི་རྗེས་སུ་འབྲང་བ་དང་། ཆོས་རྣམ་པར་དགོད་པ་ཡང་དག་པར་བརྗོད་པ་དང་། དོན་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང་། ཟིལ་གྱིས་གནོན་པས་ཐམས་ཅད་ཀྱི་ རྗེས་སུ་འབྲང་བ་དང་། ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་སྤྱོད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་དག་པར་སེམས་དཔའ་དང་། བསམ་པ་ཤིན་ཏུ་བརྟན་པ་ཡང་དག་པར་རྫོགས་པར་བྱ་བ་དང་། ལས་ཐམས་ ཅད་ཡང་དག་པར་བསྩགས་པ་ལ་འཇུག་པ་དང་། ཆོས་རྣམས་ཀྱི་དབེན་པ་ཉིད་ཡང་དག་པར་བལྟ་བ་དང་། ཆོས་ཐམས་ཅད་ཀྱི་སྐྱོན་མེད་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་དུ་སྤྲུལ་པའི་རྒྱུ་དང་ལྡན་པ་ལ་རབ་ཏུ་ འཇུག་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱ་བ་དང་། དོན་ཐམས་ཅད་རྣམ་པ་སྣ་ཚོགས་སུ་འབྱུང་བ་ལ་རྣམ་པར་དཔྱོད་པ་དང་། བརྗོད་པ་ཐམས་ཅད་ལ་གནས་མེད་པར་ཤིན་ ཏུ་བསྒྲུབས་པ་དང་། གནས་ཐམས་ཅད་རྐྱེན་སྣ་ཚོགས་ཀྱིས་བྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱ་བ་དང་། ཡོངས་སུ་བསྔོ་བ་རྣམ་པར་དབེན་པ་ལ་རབ་ཏུ་དཔྱོད་པ་དང་། ཆོས་ཐམས་ཅད་ཚུལ་ གཅིག་ཏུ་ཡང་དག་པར་ལྟ་བ་དང་། ཚུལ་མཐའ་ཡས་པའི་ཆོས་ཐམས་ཅད་དང་འགལ་བ་མེད་པར་བྱ་བ་དང་། ཡོངས་སུ་བསྔོ་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འགྲོགས་པས་བསྙེན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཡང་དག་པར་བཟུང་བ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ཁོང་དུ་ཆུད་པར་ བྱེད་ཅིང་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་མེད་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཚད་མེད་པའི་སེམས་ཀྱིས་ 73-1-276b སེམས་ཅན་ཐམས་ཅད་ལ་ཡོངས་སུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བདག་གིར་བྱ་བ་མེད་པའི་སེམས་ཀྱིས་ཕྱོགས་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཁྱད་པར་མེད་པའི་སེམས་ཀྱིས་འཇིག་རྟེན་ ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ་དགེ་བའི་རྩ་བ་དེ་ཡུལ་དང་སྤྱོད་ཡུལ་ཐམས་ཅད་དང་། འཇིག་རྟེན་ཐམས་ཅད་ཀྱིས་གོས་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ འཇིག་རྟེན་ལས་འདས་པའི་ཆོས་ལ་ཡང་དག་པར་སྤྱོད་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་འགྲོ་བ་ཐམས་ཅད་མི་དམྱིགས་ཤིང་། མི་གནས་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ཐམས་ཅད་ ཟིལ་གྱིས་གནོན་པའི་ནན་ཏན་བསྟན་པས་ཡང་དག་པར་བསྐྱེད་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ཆོས་ཀྱི་འབྱུང་གནས་རྣམ་པར་བརྟགས་པ་མེད་པ་མངོན་པར་བསྒྲུབ་པས་ཡོངས་སུ་བསྔོའོ། །དགེ་བའི་ རྩ་བ་དེ་དེ་བཞིན་ཉིད་ཀྱི་སྒོ་ཐམས་ཅད་དུ་འགྲོ་ཞིང་མཐའ་དང་དབུས་མེད་པར་འགྲོ་བས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རབ་ཏུ་ རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་ངང་ཚུལ་ཅན་གང་ཡིན་པ་དེའི་ངང་ཚུལ་དུ་གྱུར་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་བཞིན་དུ་དགེ་ བའི་རྩ་བ་དེ་དག་ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་མཚན་ཉིད་མེད་པའི་ཆོས་ཐམས་ཅད་མཚན་ ཉིད་ཀྱིས་ཡང་དག་པར་མི་དམིགས་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཉིད་གང་གིས་དེ་བཞིན་ཉིད་དེ་རྟོགས་པར་འགྱུར་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པའི་ཕྱིར་ཡོངས་ 73-1-277a སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ ཉིད་ཀྱི་ཡུལ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །དེ་བཞིན་ཉིད་གང་ལ་གཞོག་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ ཕྱི་མའི་མཐར་གྱུར་པའི་བསྐལ་པའི་རྗེས་སུ་འབྲང་ཞིང་རྒྱུན་འཆད་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཚད་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་སེམས། ནམ་མཁའི་དབྱིངས་ལྟར་ཚད་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱིས་གང་དུ་ཁྱབ་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱིས་ཁམས་ཐམས་ཅད་སེམས་གཅིག་གིས་ རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་སྲིད་དུ་རིང་བར་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཀྱི་ཐམས་ཅད་དགའ་བ་ཟད་མི་ཤེས་པར་གནས་པར་བྱ་བའི་ ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྗེས་སུ་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག །སངས་རྒྱས་ཀྱི་ཆོས་དཔེ་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ ཀྱི་སྙིང་པོ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྩལ་བའི་སྙིང་པོ་དང་ལྡན་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མི་ཤིགས་པ་དེ་བཞིན་དུ་དགེ་བའི་རྩ་བ་ 73-1-277b དེ་དག་འགྲོ་བ་ཐམས་ཅད་མི་འཐུན་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྣང་བ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དུ་སྣང་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟ་བ་ཐམས་ཅད་ ན་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དུ་འགྲོ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དུས་ཐམས་ཅད་ན་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དུས་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་ཡོངས་སུ་ བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་རྣམ་པར་དག་པས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ ཐམས་ཅད་ལ་ཐོགས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སྤྱོད་པ་ཐམས་ཅད་ལ་ཐོགས་པ་མེད་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་མིག་དུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་ དག་འགྲོ་བ་ཐམས་ཅད་ཀྱི་མིག་དུ་གྱུར་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དུབ་པར་འགྱུར་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་དུབ་པ་མེད་པར་ཡོངས་སུ་ བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟབ་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ཟབ་མོ་ཉིད་དུ་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དངོས་པོ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དངོས་པོ་མེད་པ་ཁོང་ དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འབྱུང་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བསྟན་དུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རབ་རིབ་མེད་པ་དེ་བཞིན་དུ་ དགེ་བའི་རྩ་བ་དེ་དག་རབ་རིབ་མེད་པའི་མིག་འཐོབ་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འདྲ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲ་བ་མེད་པར་བསྒྲུབ་ 73-1-278a པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཞི་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་རབ་ཏུ་ཞི་བ་ལ་གཞོལ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྩ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་རྩ་བ་མེད་ པའི་ཆོས་དམ་པ་ཐོབ་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མཐའ་དང་དབུས་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་མཐའ་དང་དབུས་མེད་པ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆགས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆགས་པ་མེད་པའི་མཐའ་དང་མུར་ཐུག་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་བསྒྲིབ་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་ དེ་དག་སྒྲིབ་པ་ཐམས་ཅད་རབ་ཏུ་བསྩལ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འཇིག་རྟེན་ན་རྒྱུ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཆོས་ཐམས་ཅད་རྒྱུ་བ་མེད་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འཇིག་རྟེན་དུ་མ་གཏོགས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཁོར་བ་ཐམས་ཅད་དུ་མ་གཏོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མངོན་ པར་འདུ་བྱ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་མངོན་པར་འདུ་བྱ་བ་ཐམས་ཅད་ལས་གྱེན་དུ་འཕགས་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དེ་བཞིན་ ཉིད་ལ་གནས་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་དང་འབྱོར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སྤྱོད་པ་ཐོས་པ་ལ་བརྩོན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་དང་མཉམ་པའི་སྤྱོད་པ་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ 73-1-278b ཐམས་ཅད་དང་བྲལ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་དང་ཕྱི་མའི་མཐའི་མུར་ཐུག་པར་མི་འབྲལ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་ཟད་པ་མེད་པ་དེ་ བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བསྔོ་བ་མི་ཟད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་དང་འགལ་བ་མེད་པ་དེ་བཞིན་དུ། དགེ་བའི་རྩ་བ་དེ་དག་འདས་ པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་འགལ་བ་མེད་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ ཐམས་ཅད་མ་ལུས་པའི་དགེ་བའི་རྩ་བ་ཡང་དག་པར་བསྡུ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འདས་པ་དང་མ་ བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་དུ་འགྱུར་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལས་མ་འདས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པ་ཡང་དག་པར་བསྡུ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟིལ་གྱིས་མི་ནོན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་ཡོངས་སུ་བསྔོའོ། ། དེ་བཞིན་ཉིད་ཇི་ལྟར་ཡོངས་སུ་མི་སྒུལ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བདུད་ཐམས་ཅད་ཀྱི་ལས་ཀྱིས་མི་སྒུལ་བའི་སེམས་དང་ལྡན་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མི་འཁྲུགས་པ་དེ་ བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མ་འཁྲུགས་པར་སྤྱད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་གཡོ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་གཡོ་ 73-1-279a མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟད་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་མི་ཟད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ བྱང་ཆུབ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་རྣམ་པར་འཚང་རྒྱ་བ་མཐོང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཞིག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ ཐམས་ཅད་ཀྱི་ལྷག་པའི་བསམ་པ་འཇིག་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་སྣང་བ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ རབ་ཏུ་ཐོབ་པར་བྱ་བའི་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་བརྗོད་དུ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བརྗོད་པ་ཐམས་ཅད་བརྗོད་དུ་མེད་པར་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ ཉིད་ཀྱིས་ཇི་ལྟར་འགྲོ་བ་ཐམས་ཅད་ཡང་དག་པར་བཟུང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་བཟུང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། ཇི་ལྟར་དེ་བཞིན་ཉིད་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བརྗོད་པ་དང་སྤྱོད་པ་ཐམས་ཅད་མ་ལུས་པར་ཡོངས་སུ་ཤེས་པའི་ཡི་ཤེས་ཀྱི་ཕྱིར་ཡོངས་སུ་བསྔོའོ། ། དེ་བཞིན་ཉིད་ཇི་ལྟར་ཆོས་རྣམ་པ་ཐ་དད་པ་ཐམས་ཅད་མ་ལུས་པ་ལ་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་འཚང་རྒྱ་བས་མངོན་པར་སངས་རྒྱས་ཤིང་རྣམ་པར་ འཕྲུལ་པ་ཡང་དག་པར་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྣམ་པར་རྟོགས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ཀྱིས་ཡོངས་ 73-1-279b སུ་རྟོགས་པ་རྣམ་པར་རྟོག་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ལུས་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ། དགེ་བའི་རྩ་བ་དེ་དག་ཚད་མེད་པའི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་ པར་དགང་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་སྐྱེ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སྐྱེ་བ་མེད་པས་སྐྱེ་བ་མངོན་པར་བསྒྲུབ་པ་ལ་མཁས་པ་བསྟན་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ ཉིད་ཇི་ལྟར་གང་ན་ཡང་མེད་པ་མ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དུས་གསུམ་དུ་གཏོགས་པའི་ལུས་ཐམས་ཅད་ཀྱིས་ཐམས་ཅད་དུ་རྣམ་པར་འཕྲུལ་ཞིང་སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབས་པ་ཡང་ དག་པར་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ཇི་ལྟར་དེ་བཞིན་ཉིད་མཚན་མོ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དུས་ཐམས་ཅད་དུ་བླ་ན་མེད་པའི་སྣང་བ་ཐོབ་ཅིང་། སངས་ རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཉིན་མོ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཀུན་གྱི་ཉིན་མོར་བགྲང་བ་ཐམས་ཅད་དུ་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་ཡོངས་སུ་སྟོན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོས་རབ་ཏུ་དགོད་ཅིང་འགྲོ་བ་ཐམས་ཅད་ཀྱིས་ལྟ་ན་དོན་ཡོད་པ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་ཟླ་བ་དང་ཡུན་དང་དུས་ལ་དེ་བཞིན་ཉིད་ཡོད་ པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་སྐད་གཅིག་གཅིག་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུས་ལ་འཇུག་པར་མཁས་པ་ལ་རབ་ཏུ་གནས་པར་གྱུར་ཅིག །ཇི་ལྟར་ དེ་བཞིན་ཉིད་དབྱར་གྱི་དུས་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དབང་པོ་རྣམ་པ་ཐ་དད་པ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་བསྐལ་པའི་གནས་སྣ་ཚོགས་ཐ་དད་དུ་དབང་པོ་རྣམ་པར་དག་པ་ཡོངས་སུ་རྫོགས་པར་ 73-1-280a གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འདུ་བ་དང་འཇིག་པའི་བསྐལ་པ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས། འགྲོ་བ་ཐམས་ཅད་རྣམ་པར་དག་པར་གདུལ་བའི་ཕྱིར་བསྐལ་པ་ཐམས་ཅད་རྣམ་པར་ དག་པར་རྣམ་པར་བཀོད་པས་སྐྱེ་བ་མེད་ཅིང་གོས་པ་མེད་པར་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཕྱི་མའི་མཐའ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྨོན་ལམ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཕྱིར་ ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འགྲོ་བའི་དུས་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ སེམས་ཀྱི་སྐད་ཅིག་གཅིག་དུ་ཡང་འབྲལ་བ་མེད་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་སྐད་ཅིག་གཅིག་གིས་སངས་རྒྱས་ཐམས་ཅད་མཐོང་བ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་ དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཁམས་གསུམ་ཐམས་ཅད་རྣམ་པར་དག་པར་འགྱུར་བའི་ཕྱིར་ཐམས་ཅད་ཟིལ་གྱིས་མ་ནོན་པ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་ བཞིན་ཉིད་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དངོས་པོ་མེད་པ་ཡོངས་སུ་ཤེས་པའི་ཕྱིར་དངོས་པོ་ཐམས་ཅད་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་ དེ་བཞིན་ཉིད་དག་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཚོགས་ཆེན་པོ་རྒྱུ་ཆེན་པོས་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་དག་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་འོད་དང་བ་དེ་བཞིན་ དུ་དགེ་བའི་རྩ་བ་འདིས་སེམས་ཀྱི་འོད་དང་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་དྲི་མ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དྲི་མ་མེད་ 73-1-280b པའི་སེམས་ཡོངས་སུ་རྫོགས་ཤིང་དྲི་མ་ཐམས་ཅད་བྱང་བར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བདག་གིས་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པའི་ཕྱིར་ཚད་ མེད་པ་ཡོངས་སུ་གཟུང་བར་སེམས་བསྐྱེད་པ་རྣམ་པར་དག་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་མཉམ་པ་ཉིད་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཐམས་ཅད་སྣང་ཞིང་རབ་རིབ་མེད་པས་མཉམ་པར་ ཡེ་ཤེས་ཀྱི་འབྱུང་གནས་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བགྲང་དུ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་སྤྲིན་གྱིས་རྒྱས་པར་དགང་ བའི་ཕྱིར་ཐམས་ཅད་ཉེ་བར་བླངས་པའི་ཐེག་པ་དང་། སྟོབས་ཀྱི་མཛོད་གྲངས་མེད་པ་ལ་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་གནས་སུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཉེ་བར་བླངས་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ལ་རབ་ཏུ་ཐོབ་པ་དགོད་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་སེམས་ཅན་གྱི་ཁམས་རྣམ་ པར་ཕྱེ་བ་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཐོགས་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པས་སེམས་ཅན་ཐམས་ཅད་མངོན་དུ་བྱེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཤེས་པ་དང་། བརྗོད་པ་དང་རྣམ་པར་བརྗོད་པ་དང་། བརྡ་དང་གང་ཟག་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྒྲ་གྲག་པ་ཐམས་ཅད་ཤེས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་ སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཤེས་པའི་མངོན་པར་ཤེས་པ་ཡང་དག་པར་འཛིན་པ་ལ་མཁས་པར་གྱུར་ཅིག་ཇི་ལྟར་དེ་བཞིན་ཉིད་འགྲོ་བ་ཐམས་ཅད་ལས་རྣམ་པར་འདས་ཤིང་འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་ 73-1-281a མཐར་ཐུག་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད། དགེ་བའི་རྩ་བ་ལ་རབ་ཏུ་རྟེན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་ལས་འདས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཡངས་པ་ དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཁྲུལ་བ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཤིན་ཏུ་བརྩོན་པས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་ཡང་དག་ པར་འཛིན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ནམ་ཡང་ཡལ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཡེ་ཤེས་ཆེན་པོ་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པའི་ཕྱིར། བསྐལ་པ་ཐམས་ཅད་དུ་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ལས་འབྱམ་ཀླས་པ་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆགས་པ་མེད་པའི་དྲན་པ་རྣམ་པར་དག་པས་བསོད་ནམས་ཀྱི་རྒྱུད་ འབྱམ་ཀླས་པ་གཟུང་བར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བསྔགས་པ་མཐའ་ཡས་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་པའི་ཕྱིར་ཡེ་ཤེས་བསྔག་པ་མཐའ་ཡས་པ་ཁོང་ དུ་ཆུད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཉེ་བར་ལེན་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་ཉེ་བར་བཟུང་བ་རྣམ་པར་དག་ཅིང་ཆོས་ཐམས་ཅད་ལ་ལེན་པ་མེད་པར་གྱུར་ཅིག ། ཇི་ལྟར་དེ་བཞིན་ཉིད་གཡོ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པས་མི་གཡོ་ཞིང་བརྟན་པ་དང་། ཤིན་ཏུ་གནས་ པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སངས་རྒྱས་ཀྱི་ཡུལ་དུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ཞི་བར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་ཡོངས་སུ་རྫོགས་པར་གྱུར་ 73-1-281b ཅིག །ཇི་ལྟར་དེ་བཞིན་ཉིད་མི་འཕྲོགས་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་མུ་སྟེགས་ཅན་གཞན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅོད་པའི་ཕྱིར་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་པར་གྱུར་ཅིག ། ཇི་ལྟར་དེ་བཞིན་ཉིད་བསྒོམ་པ་ཡང་མ་ཡིན། མི་བསྒོམ་པ་ཡང་མ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་སྤངས་བའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པ་ཐམས་ཅད་ལ་ རྣམ་པར་མི་རྟོག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བྱང་ཆུབ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས། བྱང་ཆུབ་ཀྱི་སེམས་ཀྱི་རྒྱན་ཐམས་ཅད་འཐོབ་པར་བརྩོན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཐོང་ བས་དམའ་བ་མེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འགྲོ་བའི་སྨྲ་བ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྐད་ལ་མཁས་པའི་རྒྱུད་ཀྱིས་ཤིན་ཏུ་འཕགས་པར་འགྱུར་བའི་ཕྱིར་སྐད་རྣམ་པར་ཕྱེ་བ་ ཤེས་པ་མངོན་པར་ཤེས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཆོས་ཐམས་ཅད་ལ་ལྟོས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་སྤྱོད་པས་བྱུང་བའི་ཕྱིར་སེམས་ ཅན་ཐམས་ཅད་ལྟོས་པ་མེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ས་ནས་སར་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་པོའི་རྒྱན་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་ཡེ་ཤེས་ ཀྱི་ས་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་གཅད་དུ་མེད་པ་དེ་བཞིན་དུ་དགེ་བ་འདིས་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་མི་འཇིགས་པ་གཅད་ དུ་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཟག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཤེས་པའི་ཚུལ་གྱི་རྣམ་པར་ཤེས་པའི་ཕྱིར་ཟག་པ་མེད་པའི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ 73-1-282a ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཀྱི་ཆོས་གང་ལ་ཡང་འགག་པ་མེད་ཅིང་ཆོས་གང་མངོན་པར་སངས་རྒྱས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཀྱི་དབྱིངས་མཐའ་ཡས་ པ་སེམས་བསྐྱེད་པས་རྒྱས་པར་དགང་བའི་ཕྱིར་ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སྔོན་གྱི་མཐས་ཟད་པར་མ་གྱུར་པ་དང་། ཕྱི་མའི་མཐས་རྒྱས་པར་འགྱུར་བ་མེད་ ཅིང་ད་ལྟར་བྱུང་བས་རྣམ་པ་ཐ་དད་པར་མ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཁོར་བ་ཐམས་ཅད་ལས་རྣམ་པར་འདས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སར་པ་གསར་པའི་སྨོན་ལམ་གྱིས་འགྲོ་བ་ ཐམས་ཅད་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་དུས་གསུམ་དུ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ད་ལྟར་བྱུང་བའི་དུས་ལ་སྐད་ཅིག་རྣམ་པར་དག་པའི་ཕྱིར། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཤིན་ ཏུ་བརྩོན་པའི་བརྩོན་འགྲུས་འཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གྲུབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ནམ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་ཤིན་ཏུ་ རྣམ་པར་དག་པར་འགྱུར་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་སྤངས་ པར་གྱུར་ཅིག་ཅེས། དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞིང་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །ཆོས་ཀྱི་འཁོར་ལོ་ཐོགས་ 73-1-282b པ་མེད་ཅིང་ཕྱིར་མི་ལྡོག་པའི་ཕྱིར་འཇིག་རྟེན་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །ཐམས་ཅད་མཁྱེན་པར་སྨོན་པས་ཤིན་ཏུ་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་འཐོབ་པོ། །དུས་གསུམ་ གྱི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །རང་བཞིན་འཁྲུག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །ཚིག་གི་ ཚུལ་ཐམས་ཅད་ལ་མཁས་པའི་རྒྱུས་ཡོངས་སུ་ཤེས་པའི་ཕྱིར་དུས་ཐམས་ཅད་མཉམ་པ་ཉིད་འཐོབ་པོ། །ཇི་ལྟར་བསྐྱེད་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་ པ་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །དུས་ཇི་ལྟ་བ་བཞིན་དུ་སྦྱོར་བའི་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་གཅོད་པའི་ཕྱིར་དུས་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པའི་དགེ་བའི་རྩ་བ་གོས་པ་མེད་པའི་མཐར་ཐུག་པའི་ཕྱིར། ལས་ཀྱི་རྣམ་པར་སྨྱིན་པ་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །འཇིག་རྟེན་ཐམས་ཅད་དང་མི་འགལ་བར་ སངས་རྒྱས་ཀྱི་མཛད་པ་ཡང་དག་པར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་བྱིན་གྱིས་རླབས་མཉམ་པ་ཉིད་ཐོབ་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་སྟེ་བརྒྱད་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ ཀྱི་ཁྱུ་མཆོག་དང་། སེང་གེའི་ང་རོ་འཇིགས་པ་མེད་པར་བསྒྲག་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་རྣམ་པར་དག་པ་མཐའ་དང་དབུས་མེད་པ་རབ་ཏུ་ཐོབ་བོ། །དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཚུལ་དུ་ 73-1-283a བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་སྨྱིན་པར་བྱ་བ་དང་གདུལ་བ་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས་རྒྱས་པར་དགང་ བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་མཐའ་དང་དབུས་མེད་པ་ཚད་མེད་པ་རབ་ཏུ་འཐོབ་པོ། །དབྱངས་གཅིག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་ཤེས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་གསུང་ མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྐྲའི་སྦུབས་གཅིག་ཏུ་ཡོངས་སུ་འདུ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ སྟོབས་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་གཅིག་ལ་རབ་ཏུ་དགོད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་མཐའ་དང་ དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་པོ། །སེམས་ཅན་གཅིག་གི་ལུས་ལ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་མངོན་པར་འཚང་རྒྱ་བ་ཡོངས་སུ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་རྣམ་པར་ ཐར་པ་མཐའ་དང་དབུས་མེད་པ་ཐམས་ཅད་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་གཅིག་ལ་ཏིང་ངེ་འཛིན་ཐམས་ཅད་མངོན་པར་བསྒྲུབ་པ་ལ་མཁས་པའི་ཕྱིར། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མཐའ་དང་ དབུས་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་པོ། །ཕྱི་མའི་མཐའི་མུར་ཐུག་པའི་ཆོས་གཅིག་གི་ཚིག་ཤིན་ཏུ་བསྟན་པས། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པ་ཟད་མི་ཤེས་པའི་ ཕྱིར། དེ་བཞིན་གཤེགས་པ་ཐ་དད་པ་ཡང་དག་པར་ཤེས་པ་མཐའ་དང་དབུས་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་པོ། །སེམས་ཅན་གྱི་ཁམས་མ་ལུས་པར་སྟོབས་བཅུའི་ཐམས་ཅད་ 73-1-283b མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་བསྟན་པའི་ཕྱིར་དེ་བཞིན་གཤིགས་པའི་དཔའ་བའི་རླབས་པོ་ཆེ་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ རྡོ་རྗེ་རྒྱལ་མཚན་གྱིས་སངས་རྒྱས་གྱི་བྱིན་གྱིས་བརླབ་ཀྱིས་ཕྱོགས་བཅུར་རྣམ་པར་བལྟ་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསམ་པ་བརྟན་པའི་སེམས་ལྡན་པ། །དྲན་པ་གསལ་བས་ རྨོངས་པ་མེད་གྱུར་ཅིང་། །རྟན་ཞིང་དེས་ལ་ཡོངས་སུ་གཟུང་མེད་པ། །མཚུངས་མེད་དེ་དག་བསོད་ནམས་ཡང་དག་སྩོགས། །དེ་དག་མི་མཐུན་མེད་པའི་ཡིད་ལྡན་ཞིང་། །བསམ་པ་ཤིན་ཏུ་རྣམ་པར་དག་པ་རྣམས། ། ཇི་སྙེད་སྣ་ཚོགས་འཇིག་རྟེན་སྐྱེ་བ་ཡི། །ལས་ཀྱི་རྣམ་པ་ཐམས་ཅད་རྨོངས་མེད་མཁས། །དེ་དག་ལས་ཀྱི་རྣམ་པ་སྣ་ཚོགས་པ། །རྣམ་པ་ཐ་དད་ཡངས་ལ་རྗེས་སུ་སེམས། །དེས་ནི་འཇིག་རྟེན་མ་ལུས་བདེ་བར་བྱེད། ། དེ་ལ་ཡིད་ཀྱིས་རྟག་ཏུ་མངོན་པར་བརྩོན། །དེ་དག་འགྲོ་བ་ཀུན་ན་འང་འགལ་མེད་ཡིད། །དགའ་བར་བྱེད་པའི་སེམས་དང་ལྡན་པ་དེ། །ལས་ཀྱི་རྣམ་པ་ཅི་འདྲ་རྣམ་ཕྱེ་བ། །དེ་དག་ཡང་དག་བསྒྲུབ་པར་མངོན་པར་ བརྩོན། །ཁ་ལོ་བསྒྱུར་སར་ཐམས་ཅད་གཟུང་སེམས་ལྡན། །ཡོངས་སུ་གདུང་མེད་ཆགས་མེད་ཡིད་དང་ལྡན། །དོན་དང་ཆོས་ཉིད་དེ་དག་རྗེས་སུ་ཐོབ། །འགྲོ་ལ་ཕན་ཕྱིར་དེ་དག་མངོན་པར་བརྩོན། ། དེ་དག་ཡིད་ཀྱིས་དགེ་བ་རྟོགས་གྱུར་ཅིང་། །གང་དག་རྣམ་པ་ཐ་དད་གྲངས་མང་ངོ་། །དེ་དག་རྒྱུ་དང་ཚུལ་ཡང་རབ་ཏུ་ཤེས། །དེ་དག་འཇིག་རྟེན་ཕན་ཕྱིར་ཡོངས་སུ་བསྔོ། །ཤིན་ཏུ་ཡངས་པའི་ཚུལ་གྱིས་ དམ་པ་འདི། །མཉམ་ཡང་ཡེ་ཤེས་རྟག་ཏུ་ཚུལ་ཤེས་པས། །གནས་རྣམས་ཐམས་ཅད་མ་ལུས་མཐོང་བྱས་ཤིང་། །དེ་བཞིན་ཉིད་ལྟར་ཡོངས་སུ་བསྔོ་བ་བྱེད། །གང་ལ་དེ་བཞིན་ཉིད་དེ་ཡོད་པ་ཡི། ། 73-1-284a རྣམ་པ་ཐམས་ཅད་འཇིག་རྟེན་བླངས་བྱས་ཤིང་། །འཇིག་རྟེན་རྒྱུད་རྣམས་ཆགས་པ་མེད་པའི་ཕྱིར། །དེ་འདྲའི་ལུས་སུ་བརྟན་པ་ཡོངས་སུ་བསྔོ། །དེ་ནི་ཀུན་ཏུ་འགྲོ་བར་རྟོགས་བྱས་ཤིང་། །དེ་བཞིན་ ཉིད་ཀྱི་ཚུལ་རྒྱུད་གང་ཡིན་དང་། །དམིགས་པ་དག་དང་འོན་ཏམ་དམིགས་མེད་པ། །དེ་ལྟར་བསོད་ནམས་ཡིད་དུ་འོང་བ་བསྔོ། །མུན་ལ་ཡོད་དང་ཉིན་ལ་ཡོད་པ་དང་། །ཡུད་དུ་ཡིན་མིན་དེ་བཞིན་ཟླ་ཡོད་དང་། །ལོ་ལ་ ཡོད་དང་བསྐལ་ལ་ཡོད་པ་འམ། །དེ་བཞིན་ཅི་བཞིན་དེ་བཞིན་ཉིད་བཞིན་བསྔོ། །དུས་ལ་ཡོད་པ་ཞིང་ལ་ཡོད་པ་དང་། །སེམས་ཅན་ཡོད་པ་འམ་ཆོས་ལ་ཡོད་པ་དང་། །ཀུན་ལ་ཡོད་དང་ཡོད་པ་མ་ཡིན་པ། ། དེ་བཞིན་བསོད་ནམས་མ་ལུས་ཡོངས་སུ་བསྔོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་བ། །རང་བཞིན་དེ་འདྲར་སེམས་ཀྱང་བསྒྱུར་བྱས་ཤིང་། །ཇི་ལྟར་དེ་བཞིན་ཉིད་དེ་རྗེས་འགྲོ་བ། །དེ་ལྟར་བསོད་ནམས་ གཅིག་མིན་ཡོངས་སུ་བསྔོ། །དེ་བཞིན་ཅི་བཞིན་དེ་བཞིན་ཉིད་ཀྱི་དངོས། །དེ་ལ་ཆོས་ཉིད་གང་ཡང་ཡོད་མེད་ཅིང་། །རང་བཞིན་མི་ལྡན་ཇི་ལྟར་དེ་བཞིན་ཉིད། །དེ་ལྟར་ལས་རྣམས་མཁས་པ་ཡོངས་ སུ་བསྔོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཅི་འདྲ་དང་། །དེ་བཞིན་ཉིད་ཀྱི་ངང་ཚུལ་ཅི་འདྲ་དང་། །དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་བ། །དེ་འདྲར་ལས་རྣམས་ཀུན་ཀྱང་ཡོངས་སུ་བསྔོ། །དེ་དག་མཐའ་ཡས་ ལས་ལ་རབ་ཞུགས་ཤིང་། །དེ་བཞིན་ཉིད་དེ་ཇི་ལྟར་མཐའ་ཡས་ཏེ། །དེ་ལ་ཆགས་དང་བཅིངས་པ་མེད་པ་ལྟར། །དེ་ལྟར་ལས་རྣམས་ཤིན་ཏུ་དག་པར་བྱེད། །དེ་ལྟར་རྒྱལ་སྲས་ཤིན་ཏུ་མཁས་པ་དག ། བསམ་པ་མི་གཡོ་ཤིན་ཏུ་བརྟན་ཐོབ་པ། །ཡེ་ཤེས་སྟོབས་ལྡན་ཚུལ་ལ་མཁས་གྱུར་པ། །དེ་དག་རྒྱལ་བའི་མཛོད་ཀྱི་ཚུལ་ལ་ཞུགས། །དེ་དག་ཚུལ་གྱི་རྒྱལ་པོའི་ཚུལ་ཤེས་པས། ། 73-1-284b དེ་ལ་ཆགས་དང་བཅིངས་པ་མེད་པའི་ཕྱིར། །ཆགས་མེད་སེམས་ནི་འཇུག་པར་མི་འགྱུར་ཏེ། །འཇུག་པར་བྱེད་པའི་དབང་ཡང་དམིགས་པ་མེད། །ཆོས་ཀྱི་ལུས་ནི་རབ་ཏུ་ཐོབ་བྱས་ཤིང་། ། འགྲོ་བ་ཀུན་ལས་མཚན་ཉིད་ཇི་བཞིན་པ། །ཆོས་ཉིད་དེ་ལ་མཚན་ཉིད་མེད་གསུངས་པ། །དེ་འདྲའི་མཚན་ཉིད་ཆོས་ལ་རབ་ཏུ་ཞུགས། །དེ་ལྟར་དེ་དག་འགྲོགས་པ་བསམ་མི་ཁྱབ། །དེ་ལ་སེམས་ ནི་ལྷག་མ་མེད་པར་བྱེད། །བསམ་ཡས་ཆོས་རྣམས་ཀུན་ལ་རབ་ཏུ་ཞུགས། །སེམས་ནི་སེམས་མིན་རྣམ་པར་དབེན་པ་ཤེས། །དེ་དག་ཆོས་དབེན་ཉིད་ལ་འཇུག་བྱེད་ཅིང་། །དེ་ལྟར་ཆོས་ ཉིད་རྗེས་སུ་སེམས་པ་བྱེད། །གཡོ་དང་བརློམ་སེམས་ཐམས་ཅད་འགགས་པ་སྟེ། །དེ་ཕྱིར་ཡོན་ཏན་རྣམ་པར་གྲགས་པ་ཡིན། །དེ་དག་རྣམ་སྨིན་ཐམས་ཅད་མ་ལུས་པར། །ཡེ་ཤེས་ རྒྱས་བཏབ་ཟད་པར་མི་འགྱུར་ཏེ། །དེ་ནི་མི་ཟད་མི་བཟད་ཉིད་ཀྱི་དངོས། །མི་ཟད་མཐའ་ཡི་ཚུལ་དང་འགལ་བ་མེད། །བསམ་པ་ལུས་ཀྱི་ཕྱི་རོལ་ཡོད་པ་མིན། །སེམས་ནི་ནང་ན་འང་ཡོད་ པ་མ་ཡིན་ཏེ། །དུས་རྣམས་གང་ན་འང་སེམས་ནི་ཡོད་པ་མིན། །བརློམ་སེམས་རློམ་ཆོས་མེད་པས་ཞི་བར་འགྱུར། །དེ་འདྲའི་སྨོན་ལམ་ལྡན་པ་རྒྱལ་སྲས་རྣམས། །ཆོས་ཀྱི་ རང་བཞིན་ཞི་བ་སྟོང་པ་སྟེ། །ཆོས་རྣམས་མ་ལུས་ཐམས་ཅད་གཡོ་བ་མེད། །བདག་ཉིད་རྒྱལ་བས་རྣམ་པར་སངས་རྒྱས་མེད། །དེ་བཞིན་ཉིད་གང་འགྲོ་བ་ཀུན་མཉམ་པའི། ། ཆོས་ཉིད་མཚན་ཉིད་རྗེས་སུ་ཤེས་བྱས་ཤིང་། །བསམ་ཡས་མཚན་ཉིད་དེ་དག་མཐོང་གྱུར་ནས། །མཚན་ཉིད་མེད་པའི་ཤེས་ལ་རྨོངས་པ་མེད། །དེ་ལྟར་ཟབ་པའི་སྤྱོད་ལ་རབ་ 73-1-285a བརྩོན་པ། །དེ་དག་བྱང་ཆུབ་རྟག་པར་བརྩོན་པ་སྟེ། །དེ་དག་སྨོན་ལམ་དེ་ཡང་བཟློག་པ་མེད། །འགྲོ་བ་ཀུན་གྱི་དོན་དུ་དེ་དག་བརྩོན། །དེ་དག་འཇིག་རྟེན་རྣམས་ལས་འདས་གྱུར་ཅིང་། །འཆི་ འཕོ་ཡོངས་སུ་རྟོག་པ་མེད་བྱས་ཏེ། །སྤྲུལ་པ་འདྲ་བར་སེམས་ཀྱང་རིག་བྱས་ནས། །དེ་དག་འགྲོ་བ་གདུལ་ཕྱིར་རབ་ཏུ་འཇུག །དེ་དག་མཐོང་དང་དྲན་པ་འདི་འདྲ་སྟེ། །ལས་ཀྱི་སྨིན་པས་འཇིག་ རྟེན་བྱུང་བ་ཡི། །ཁམས་གསུམ་པ་ཡི་སེམས་ཅན་ཐམས་ཅད་ལ། །དེ་དག་ཡོངས་སུ་བསྐྱབ་པར་མངོན་པར་བརྩོན། །འགྲོ་བ་ཀུན་ཀྱི་འདུ་ཤེས་རྒྱུ་བ་དང་། །རྣམ་པར་རྟོག་པ་ཇི་སྙེད་ཐ་དད་པའི། ། བསྐལ་པ་མི་མཉམ་དེ་དག་དེ་བཞིན་ཤེས། །ངོ་བོ་ཉིད་ལས་ནམ་ཡང་ཕྱིར་མི་ལྡོག །ཤེས་པས་མཁས་པ་ཆོས་རབ་བརྟགས་པ་རྣམས། །འགྲོ་བ་ཀུན་ལ་སྙིང་བརྩེའི་སེམས་ལྡན་པས། །ཆོས་ཀྱི་ཚུལ་ ལ་རྗེས་སུ་སེམས་བྱེད་ཅིང་། །ཚུལ་མཁས་དེ་དག་དེ་ལྟར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་བརྒྱད་པའོ།། །།