109-1-0a ༄༅། །བདེ་བར་གཤེགས་པའི་བཀའ་འགྱུར་གྱི་དཀར་ཆག་བཞུགས་སོ། ། 大藏經目錄 109-1-0b ༄༅། །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་དཀར་ཆག་ཐུབ་པ་དགྱེས་བྱེད་ཅེས་བྱ་བ་བཞུགས་སོ། ། 109-1-1a 二法王六祖法師 大寶法王九祖法師 109-1-1b སངས་རྒྱས་ཤཱཀྱའི་དབང་པོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གང་དང་ཡང་དག་ལྡན་པས་འདི་གསུངས་ཕྱིར། །འདི་ནི་ཡེ་ཤེས་བདག་པོར་གྱུར་པའི་འབྲས་བུ་དང་། །འདི་ལས་ཉན་རང་བྱང་སེམས་སངས་རྒྱས་ འཁྲུངས་པས་ན། །རྒྱལ་བའི་གསུང་འདི་འཕགས་པ་ཀུན་གྱི་རྒྱུར་ཡང་མཐོང་། །དེང་སང་བོད་གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་འདི་ལ་པོད་གྲངས་མང་ཉུང་དང་མཁས་པ་ལ་ལས་བཀའ་རུ་བཞེད་ཅིང་བཅུག་པ་ ཡང་མཁས་པ་ལ་ལས་དཔྱད་ནས་ཐེ་ཙོམ་ཡོད་ཅེས་བྲི་བ་སོགས་དུ་མའི་རྣམ་གཞག་ཡོད་ཀྱང་། ཆོས་ཀྱི་རྣམ་གྲངས་གཙོ་བོར་གང་གི་དབང་དུ་བྱས་ན། དེང་སང་སྒྲུབ་བརྒྱུད་ཀརྨའི་ཀམ་ཚང་གི་རིང་སྲོལ་བླ་ན་མེད་པ་འདིར། བཀླགས་ལུང་གི་ཕྲེང་བ་ཇི་ལྟར་ཡོད་པའི་གསན་ཡིག་ལ་གཙོ་བོར་དབང་པོ་ཚད་མ་ཉིད་དུ་བྱས་པ་སྟེ། དེ་ཡང་བཀའ་འགྱུར་གྱི་ཕྱི་མོ་མང་ཡང་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་དུས་དང་བདག་པོའི་སྒོ་ནས་མིང་བཏགས་པ་ཚལ་པ་ བཀའ་འགྱུར་ཞེས་ཡོངས་སུ་གྲགས་པ་གཞོན་ནུ་ཤཱཀྱ་རྒྱལ་མཚན་དང་། རྒྱལ་བའི་དབང་པོ་ཀརྨ་པ་ཞྭ་དམར་ནག་རིམ་པར་བྱོན་པ་རྣམས་དང་། གཞན་ཡང་སྐྱེས་བུ་དམ་པ་དུ་མའི་ལྗགས་ཞུས་མཆན་བཏབ་བརྟགས་ཤིང་དཔྱོད་ པར་མཛད་དེ། དེང་སང་བོད་གངས་ཅན་འདི་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་ཡིན་ལ། འདི་ཉིད་ཀྱི་པོད་གྲངས་བཞུགས་ཚུལ་གྱི་དབང་དུ་བྱས་ན། ཐེག་པ་རིམ་འཇུག་གི་དབང་དུ་བྱེད་པ་ལ། བཀའ་དང་པོ་བདེན་བཞིའི་ ཆོས་འཁོར་གྱི་ཁོངསུ་གཏོགས་པ། དམ་པའི་ཆོས་ཐམས་ཅད་ཀྱི་རྩ་བ་འདུལ་བ་ལུང་སྡེ་བཞི་ལས་དང་པོ་འདུལ་བ། ཀ་པར། འདུལ་བ་ལུང་གཞི་ལ་བམ་པོ་བརྒྱ་དང་དགུ་ལས་བམ་པོ་ཉི་ཤུ་རྩ་བཞི་པ་ཡན་བཞུགས། ཁ་པར། འདུལ་བ་ལུང་གཞིའི་བམ་པོ་ཉི་ཤུ་རྩ་ལྔ་པ་ནས་ལྔ་བཅུ་རྩ་བཞི་པ་ཡན་ཆད་བཞུགས། ག་པར། འདུལ་བ་ལུང་གཞིའི་བམ་པོ་ལྔ་བཅུ་རྩ་ལྔ་པ་ནས་བརྒྱད་བཅུ་རྩ་གཉིས་པ་ཡན་བཞུགས། ང་པར། འདུལ་ 109-1-2a བ་ལུང་གཞིའི་བམ་པོ་གྱ་གསུམ་པ་ནས་བམ་པོ་བརྒྱ་དང་དགུའི་བར་བཞུགས། ཅ་པར། དགེ་སློང་ཕའི་སོ་མཐར་གྱི་མདོ་བམ་པོ་གཉིས་དང་ཕའི་རྣམ་འབྱེད་བམ་པོ་ཉེར་གཅིག་པ་ཡན་བཞུགས། ཆ་པར། འདུལ་བ་རྣམ་འབྱེད་ བམ་པོ་ཉི་ཤུ་རྩ་གཉིས་པ་ནས་བམ་པོ་བཞི་བཅུ་གཉིས་པ་ཡན་བཞུགས། ཇ་པར། འདུལ་བ་ལུང་རྣམ་འབྱེད་བམ་པོ་ཞེ་གསུམ་པ་ནས་རེ་གཉིས་པ་ཡན་བཞུགས། ཉ་པར། འདུལ་བ་རྣམ་འབྱེད་བམ་པོ་རེ་གསུམ་པ་ནས་གྱ་གསུམ་ པའི་བར་བཞུགས། ཏ་པར། དགེ་སློང་མའི་སོ་མཐར་གྱི་མདོ་བམ་པོ་གཉིས། མའི་རྣམ་འབྱེད་བམ་པོ་ཉེར་བརྒྱད་བཞུགས། ཐ་པར། འདུལ་བ་ལུང་ཕྲན་ཚེགས་བམ་པོ་ཉི་ཤུ་རྩ་བདུན་པ་ཡན་བཞུགས། ད་པར། འདུལ་བ་ལུང་ཕྲན་ཚེགས་ བམ་པོ་ཉི་ཤུ་རྩ་བརྒྱད་པ་ནས་བམ་པོ་ལྔ་བཅུ་རྩ་དགུའི་བར་བཞུགས། ན་པར། འདུལ་བ་ལུང་གཞུང་ཕྱི་མ་འམ་གཞུང་བླ་མ་ལ་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་དང་། ཞུ་བ་རྫོགས་པ་བམ་པོ་ལྔ་བཅུ་རྩ་གསུམ་ཡོད་པ་ལས། བམ་ པོ་ཉེར་གཉིས་པ་ཡན་བཞུགས། པ་པར། འདུལ་བ་ལུང་གཞུང་ཕྱི་མ་འམ་གཞུང་བླ་མའི་བམ་པོ་ཉེར་གསུམ་པ་ནས་བམ་པོ་ལྔ་བཅུ་རྩ་གསུམ་གྱི་བར་བཞུགས། འདི་ལ་གཞུང་དམ་པ་ཞེས་ཀྱང་གྲགས་སོ། །འདུལ་བའི་དཀར་ཆགས་རྫོགས་སོ།། ༒ །། བཀའ་བར་པ་མཚན་ཉིད་མེད་པ་ཤེར་ཕྱིན་གྱི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཀ་པ་ལ། བམ་པོ་བཅུ་བདུན་བཞུགས། ཁ་པ་ལ། བམ་པོ་བཅྭོ་བརྒྱད་བཞུགས། ག་པ་ལ། བམ་པོ་བཅུ་ དགུ་བཞུགས། ང་པ་ལ། བམ་པོ་བཅུ་དགུ་བཞུགས། ཅ་པ་ལ། བམ་པོ་བཅྭོ་བརྒྱད་བཞུགས། ཆ་པ་ལ་བམ་པོ་ཉི་ཤུ་བཞུགས། ཇ་པ་ལ་བམ་པོ་ཉི་ཤུ་བཞུགས། ཉ་པ་ལ། བམ་པོ་བཅུ་དགུ་བཞུགས། ཏ་པ་ལ། བམ་པོ་བཅུ་དྲུག་བཞུགས། ཐ་པ་ལ། བམ་པོ་བཅུ་དགུ་བཞུགས། ད་པ་ལ། བམ་པོ་བཅུ་དགུ་བཞུགས། ན་པ་ལ། བམ་པོ་ཉི་ཤུ་བཞུགྶ། 109-1-2b པ་པ་ལ། བམ་པོ་ཉི་ཤུ་བཞུགས། ཕ་པ་ལ་བམ་པོ་བཅུ་དགུ་བཞུགས། བ་པ་ལ་བམ་པོ་བཅྭོ་བརྒྱད་བཞུགས། ཨ་པ་ལ་བམ་པོ་བཅུ་དགུ་བཞུགས་སོ།། །།ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལ། ཀ་པ་ལ་བམ་པོ་ཉེར་གཉིས་ཡན་བཞུགས། ཁ་པ་ལ་བམ་པོ་ཉེར་གསུམ་པ་ནས་བཞི་བཅུ་པའི་བར་བཞུགས། ག་པ་ལ་བམ་པོ་ཉེ་གཅིག་པ་ནས་ལྔ་བཅུ་རྩ་དགུ་པའི་ པར་བཞུགས། ང་པ་ལ་བམ་པོ་དྲུག་བཅུ་པ་ནས་བདུན་བཅུ་རྩ་བརྒྱད་པའི་བར་བཞུགས། ཉི་ཁྲི་ལྔ་སྟོང་པ་འདི་ལ་ལེའུ་བདུན་བཅུ་རྩ་དྲུག་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་བ་ ཀ་པ་ལ། བམ་པོ་ཉེར་གཉིས་པ་ཡན་བཞུགས། ཁ་པ་ལ། བམ་པོ་ཉེར་གསུམ་པ་ནས་བམ་པོ་བཞི་བཅུ་རྩ་བཞི་པ་ཡན་བཞུགས། ག་པ་ལ། བམ་པོ་བཞི་བཅུ་རྩ་ལྔ་པ་ནས་དྲུག་བཅུ་པའི་བར་བཞུགས། ཁྲི་ བརྒྱད་སྟོང་པ་འདི་ལ་ལེའུ་བརྒྱད་བཅུ་རྩ་བདུན་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཁྲི་པ་བམ་པོ་བརྒྱད་པ་ཡན་བཞུགས། ང་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཁྲི་པ་བམ་ པོ་དགུ་པ་ནས་བམ་པོ་སུམ་བཅུ་རྩ་བཞི་པ་ཡན་བཞུགས་སོ། །ཤེས་རབ་ཁྲི་པ་འདི་ལ་ལེའུ་སུམ་བཅུ་རྩ་གསུམ་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པ་བརྒྱད་སྟོང་པ་པུསྟི་གཅིག་ ལ་བམ་པོ་ཉི་ཤུ་རྩ་བཞི་དང་ལེའུ་སུམ་བཅུ་རྩ་གཉིས་ན་པས་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་སྣ་ཚོགས་དང་། མདོ་གསར་འགྱུར་གྱི་བསྐོར་པུསྟི་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྡུད་པ་ཚིགས་སུ་བཅད་པ་བམ་པོ་ཕྱེད་དང་གཉིས་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ་བམ་པོ་བདུན་དང་ལེའུ་བདུན། ཤེར་ཕྱིན་བདུན་བརྒྱ་པ། ཤེར་ཕྱིན་ལྔ་བརྒྱ་པ། རྡོ་རྗེ་གཅོད་པ་བམ་པོ་གཅིག་ 109-1-3a པ། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཡི་གེ་གཅིག་པ། ཤེར་ཕྱིན་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན། རྡ་གསར་འགྱུར་གྱི་མདོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། སྐྱེས་རབས་ཀྱི་གླེང་གཞི། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་ མདོ། བསྒྲུབ་པ་ལྔའི་ཕན་ཡོན་གྱི་མདོ། རིའི་ཀུན་དགའ་བོའི་མདོ། ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་བཏུལ་བའི་མདོ། འོད་སྲུང་ཆེན་པོའི་མདོ། ཉི་མའི་མདོ། ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ་རྣམས་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་གྱི་དཀར་ཆག་རྫོགས་སོ།། །། ༄༅། ། མདོ་མང་ལ་ཐེག་པ་ཆེ་ཆུང་གི་མདོ་རྣམ་པ་གཉིས་ཡོད་པ་ལས། ཐེག་ཆེན་གྱི་མདོ་མང་། ཀ་པར། འཕགས་པ་བསྐལ་པ་བཟང་པོའི་མདོ་བམ་པོ་ཉེར་དྲུག །ཁ་པར། འཕགས་པ་རྒྱ་ཆེན་རོལ་པ་བམ་པོ་བཅོ་བརྒྱད་ལེའུ་ཉེར་འདུན། འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་བམ་པོ་གཉིས། འཕགས་ པ་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་བམ་པོ་གཅིག་དང་ཤློ་ཀ་གོ་བཞི། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་བརླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་སྟོན་པའི་མདོ་རྣམས་བཞུགས་སོ། ། 109-1-3b ག་པར། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བའི་མདོ་བམ་པོ་ཉི་ཤུ་ལྔ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་ བྱ་བའི་མདོ་བམ་པོ་གསུམ་དང་ཤློ་ཀ་ལྔ་བཅུ་རྣམས་བཞུགས་སོ། །ང་པར། དགེ་བའི་རྩ་བ་ཡོངསུ་འཛིན་པའི་མདོ་བམ་པོ་བཅྭ་བརྒྱད་དང་ལེའུ་བཅོ་ལྔ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བམ་པོ་བཞི། འཕགས་པ་ཁྱེའུ་སྣང་བ་བསཾ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། འཕགས་པ་དཀྱིལ་འཁོར་བརྒྱད་ པའི་ཆོས་གྱི་རྣམ་གྲངས་རྣམས་བཞུགས་སོ། །ཅ་པར། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་མདོ་ལེའུ་བཅུ། འཕགས་པ་ལང་ཀར་གཤེགས་པ་རྒྱ་གར་ཀྱི་འགྱུར་བམ་པོ་དགུ་དང་ལེའུ་བརྒྱད། འཕགས་པ་ལང་ཀར་གཤེགས་པ་རྒྱ་ནག་གི་འགྱུར་བམ་པོ་བརྒྱད། འཕགས་པ་ག་ཡ་གཽ་རཱའི་མདོ་རྣམས་བཞུགས་སོ། །ཆ་པར། འཕགས་པ་བརྒྱན་སྟུག་པོ་བཀོད་པ་བམ་པོ་བཞི་དང་ལེའུ་དགུ། འཕགས་པ་སྙིང་རྗེ་ཆེན་པོ་ པདྨ་དཀར་པོ་བམ་པོ་དྲུག་དང་ལེའུ་བཅུ་གསུམ། འཕགས་པ་སྙིང་རྗེ་པད་དཀར་ཞེས་བྱ་བ་བམ་པོ་བཅྭ་ལྔ་དང་ལེའུ་དྲུག་པ་རྣམས་བཞུགས་སོ། །ཇ་པར། དམ་པའི་ཆོས་པདྨ་དཀར་པོ་བམ་པོ་བཅུ་གསུམ་ལེའུ་ཉེར་བདུན། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་མདོ། བདེ་བ་ཅན་གྱི་བཀོད་པ། ཟ་མ་ཏོག་བཀོད་པ་བམ་པོ་ཕྱེད་དང་ལྔ་ལེའུ་གཉིས། དཀོན་མཆོག་གི་ཟ་མ་ཏོག་བམ་པོ་བཞི། རིན་པོ་ཆེའི་མཐའི་མདོ་ རྣམས་བཞུགས་སོ། །ཉ་པར། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྒྱ་ནག་གི་འགྱུར་བམ་པོ་ཉི་ཤུ་རྩ་བརྒྱད་ལེའུ་དགུ་རྣམས་བཞུགསོ། །ཏ་པར། འཕགས་པ་མྱ་ངན་ལས་འདས་པའི་མདོ་བམ་པོ་ཉི་ཤུ་དགུ་ 109-1-4a པ་ནས་བམ་པོ་ལྔ་བཅུ་རྩ་དྲུག་དང་ལེའུ་བཅོ་ལྔ་པའི་བར་རྣམས་བཞུགས། ཐ་པར། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་སུམ་བཅུ་དང་ལེའུ་ལྔ། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ འདའ་ཀ་ཡེ་ཤེས། འཕགས་པ་སངས་རྒྱས་ཆོས་ཀྱི་མཛོད་བམ་པོ་བཞི་ལེའུ་བཅུ་གཅིག །འཕགས་པ་དཀོན་མཆོག་འབྱུང་གནས་བམ་པོ་བདུན། འཕགས་པ་གསེར་ཀྱི་མདོ། འཕགས་པ་གསེར་གྱི་བྱེ་ མ་ལྟ་བུའི་མདོ་རྣམས་བཞུགསོ། །ད་པར། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་བམ་པོ་བཅོ་ལྔ་དང་ལེའུ་སོ་དགུ། འཕགས་པ་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བའི་མདོ། འཕགས་པ་རབ་ཏུ་ཞི་བ་རྣམ་ པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གསུམ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་ཕྱེད་དང་གཉིས་པ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་ མདོ་བམ་པོ་གཉིས། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་ལྔ་པ་རྣམས་བཞུགས་སོ། །ན་པར། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་ བདུན་དང་ལེའུ་ཉེར་ལྔ། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་བཞི་དང་ལེའུ་གཉིས། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་བམ་པོ་གཉིས་དང་ལེའུ་དགུ། འཕགས་ པ་ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གསུམ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པའི་མདོ་བམ་པོ་གཅིག་པ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཆེན་པོའི་ཏོག་བམ་པོ་བརྒྱད་དང་ལེའུ་བཅུ་གསུམ། འཕགས་པ་རྡོ་རྗེ་སྙིང་པོའི་མདོ་གཟུངས་བམ་པོ་གཅིག་པ། འཕགས་པ་སྒོ་མཐའ་ཡས་པའི་མདོ་གཟུངས། འཕགས་པ་སྒོ་དྲུག་པའི་མདོ་གཟུངས་རྣམས་བཞུགས་སོ། །པ་པར། འཕགས་པ་རྣམ་ 109-1-4b པར་མི་རྟོགས་པར་འཇུག་པའི་གཟུངས། ཚིགསུ་བཅད་པ་གཉིས་པའི་གཟུངས། འཕགས་པ་ཐེག་པ་ཆེན་པོ་ལ་དང་བ་རབ་ཏུ་སྒོམས་པའི་མདོ་བམ་པོ་གཉིས་དང་ལེའུ་བཞི། འཕགས་མ་བྱང་ཆུབ་སེམས་དཔའི་ སྤྱོད་ཡུལ་གྱི་ཐབས་ཀྱི་ཡུམ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བའི་མདོ་ལེའུ་བཅུ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱའི་མདོ་བམ་པོ་བདུན། འཕགས་པ་ནམ་མཁའ་ མཛོད་ཀྱིས་ཞུས་པའི་མདོ་བམ་པོ་བརྒྱད། འཕགས་པ་བྱམས་པས་ཞུས་པའི་མདོ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་བམ་པོ་ གཅིག་པ་རྣམས་བཞུགས་སོ། །ཕ་པར། འཕགས་པ་བློ་གྲོས་རྒྱས་མཚོས་ཞུས་པའི་མདོ་བམ་པོ་བཅུ་དང་ལེའུ་བཅུ་གཉིས། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་རྒྱས་པ་བམ་པོ་བདུན་ལེའུ་བཅུ། འཕགྶ་ པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་འབྲིང་པོ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་བསྡུས་པ། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ ཞུས་པའི་མདོ་བམ་པོ་ལྔ་པ་རྣམ་བཞུགས་སོ། །བ་པར། འཕགས་པ་ཚངས་པས་ཞུས་པའི་མདོ། འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་ མདོ་བམ་པོ་དྲུག །འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་བམ་པོ་གསུམ། འཕགས་པ་དཔལ་དབྱིག་གིས་ཞུས་པའི་མདོ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པའི་མདོ། འཕགས་ པ་རིན་ཆེན་ཟླ་བས་ཞུས་པའི་མདོ། འཕགས་པ་བདེ་བྱེད་ཀྱིས་ཞུས་པའི་མདོ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ། འཕགས་པ་ 109-1-5a ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་བམ་པོ་བཞི། འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་བམ་པོ་བཞི། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པའི་མདོ། འཕགས་པ་ བགྲེས་མོས་ཞུས་པའི་མདོ་རྣམས་བཞུགས་སོ། །མ་པར། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ་བམ་པོ་གཅིག་པ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་ པ་ཞེས་བྱ་བའི་མདོ་བམ་པོ་བཞི་དང་ལེའུ་བཅུ་གཉིས། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་བདུན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་དྲུག་དང་ ལེའུ་བཅུ་གཉིས། འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བའི་མདོ། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པར་ཞེས་བྱ་བའི་མདོ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བའི་མདོ་ བམ་པོ་གཉིས། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གསུམ་རྣམས་བཞུགས་སོ། །ཙ་པར། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་དྲུག་ དང་ལེའུ་ཉེར་བཞི། འཕགས་པ་སྦྱིན་པའི་ཕར་ཕྱིན་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གཉིས། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ཞེས་བྱ་བའི་མདོ། འཕགས་པ་བྱང་ཆུབ་སེམས་པའི་སྤྱོད་པ་བསྟན་པ་ ཞེས་བྱ་བའི་མདོ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་བམ་པོ་གསུམ། འཕགས་པ་སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འཕྲུལ་བསྟན་ པའི་མདོ། འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པས་བསྟན་པའི་མདོ་བམ་པོ་གསུམ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བའི་མདོ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་ 109-1-5b པའི་མདོ། འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པའི་མདོ་བམ་པོ་གཉིས། འཕགས་པ་བུ་མོ་ཟླ་འཇོག་ལུང་བསྟན་པའི་མདོ་བམ་པོ་གཉིས། འཕགས་པ་བདེ་ལྡན་མ་ལུང་བསྟན་པའི་མདོ། འཕགས་ པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ། འཕགས་པ་རྒྱལ་བའི་བློ་གྲོས་ཤེས་བྱ་བའི་མདོ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ། འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ། འཕགས་པ་ བདུད་རྩི་བརྗོད་པ་ཞེས་བྱ་བའི་མདོ། འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བའི་མདོ། འཕགས་པ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པའི་མདོ་རྣམས་བཞུགས་སོ། །ཚ་པར། འཕགས་པ་དད་པའི་སྟོབས་ སྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་མདོ་བམ་པོ་ལྔ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ། འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བའི་མདོ། འཕགས་པ་ཟས་ཀྱིས་འཚོ་བ་རྣམ་པར་དག་པ་ཞེས་བྱ་བའི་མདོ། འཕགས་པ་གླང་པོའི་རྩལ་ཞེས་བྱ་བའི་མདོ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ། འཕགས་པ་སཱ་ལུ་ལྗངས་པའི་མདོ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་ པའི་མདོ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་བམ་པོ་བདུན། འཕགས་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ། འཕགས་པ་ བད་སའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བམ་པོ་ལྔ། འཕགས་པ་དཔལ་སྦས་གྱི་མདོ་བམ་པོ་གཅིག་པ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་ 109-1-6a པར་དག་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། འཕགས་པ་ལས་སྒྲིབ་རྒྱུན་གཅོད་པ་ཞེས་བྱ་བའི་མདོ་རྣམས་བཞུགས་སོ། །ཛ་པར། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ་ཞེས་ བྱ་བའི་མདོ་བམ་པོ་བདུན་དང་ལེའུ་དགུ། འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བའི་མདོ། འཕགས་པ་རྔ་བོ་ཆེའི་མདོ་བམ་པོ་ལྔ། འཕགས་པ་སུམ་བཅུ་རྩ་གསུམ་པ་ཞེས་བྱ་བའི་མདོ་བམ་པོ་གསུམ། འཕགས་པ་ལྷག་པའི་བསམ་པ་བརྟན་པ་ཞེས་བྱ་བའི་མདོ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བའི་མདོ། འཕགས་པ་སྲེད་པ་འཕོ་པ་ཞེས་བྱ་བའི་མདོ། འཕགས་པ་རྣམ་པར་འཐག་པ་ ཐམས་ཅད་བསྡུས་པ་ཞེས་བྱ་བའི་མདོ། འཕགས་པ་སངྱས་འགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ། དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ། དེ་བཞིན་གཤེགས་པའི་ དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་རྣམས་བཞུགསོ། །ཝ་པར། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་བམ་པོ་བདུན། འཕགས་པ་སྤྲིན་ཆེན་པོའི་མདོ་བམ་པོ་བཅུ་དང་ལེའུ་སོ་ དྲུག །འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ལ་རྩེ་བའི་ལེའུ་སྤྲིན་ཆེན་པོའི་ལེའུ་སོ་བདུན་པ། སྤྲིན་ཆེན་པོ་ལས་ཆར་འབབ་པའི་ རླུང་གི་དཀྱིལ་འཁོར་གྱི་ལེའུ་སྤྲིན་ཆེན་པོའི་ལེའུ་དྲུག་བཅུ་རྩ་བཞི་པ། འཕགས་པ་གཙུག་གཏོར་ཆེན་པོའི་ལེའུ་བཅུ། བམ་པོ་གཉིས། གཙུག་གཏོར་བམ་དགུ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་རྣམས་ བཞུགས་སོ། །ཞ་པར། འཕགས་པ་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མདོ་བམ་པོ་བདུན་དང་ལེའུ་བཅུ་གཉིས། སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བའི་མདོ་ལེའུ་བརྒྱད་པ། འཕགས་པ་ཕྱིར་ 109-1-6b མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་མདོ་བམ་པོ་དྲུག །འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བའི་མདོ། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བའི་མདོ་རྣམས་བཞུགས་སོ། །ཟ་པར། དམ་པའི་ཆོས་ཀྱི་རྒྱལ་པོ་བམ་པོ་ གཅིག །ཆོས་ཀྱི་ཚུལ་ཞེས་བྱ་བའི་མདོ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་མདོ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་མདོ། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ཆོས་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ། ཆོས་བཞི་པའི་མདོ། འཕགས་པ་ཆོས་བཞི་པ་ཞེས་བྱ་བའི་མདོ། འཕགས་པ་བཞི་པ་བསྒྲུབ་པ་ ཞེས་བྱ་བའི་མདོ། ཆོས་གསུམ་པ་ཞེས་བྱ་བའི་མདོ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ། ཆོས་རྒྱ་མཚོའི་མདོ། ཆོས་ཀྱི་རྒྱ་མོ་བམ་པོ་གཉིས། འཕགས་པ་ཉི་མའི་སྙིང་པོ་བམ་པོ་བཅུ་གསུམ་དང་ལེའུ་བཅུ་ གཉིས་པ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ། འཕགས་པ་ཐབས་མཁས་པ་ཞེས་བྱ་བའི་མདོ་བམ་པོ་ གཉིས་པ་རྣམས་བཞུགས་སོ། །འ་པར། སངས་རྒྱས་ཀྱི་མཚན་ལྔ་སྟོང་གཞི་བརྒྱ་དང་ང་གསུམ་པ་བམ་པོ་བརྒྱད། འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བམ་པོ་བཅུ་གཅིག་དང་ལེའུ་བཅུ་གཉིས་ པ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་མཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་བསྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། འཕགས་པ་རྟོགས་པ་ཆེན་པོ་ཡོངསུ་རྒྱས་པའི་མདོ། འཕགས་ པ་མེ་ཏོག་གི་ཚོགས་ཞེས་བྱ་བའི་མདོ། བམ་པོ་གསུམ་རྣམས་བཞུགས་སོ། །ཡ་པར། དཔང་སྐོང་ཕྱག་བརྒྱ་པ། འཕགས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་མདོ། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ 109-1-7a ཞེས་བྱ་བའི་མདོ། སངས་རྒྱས་བདུན་པ་ཞེས་བྱ་བའི་མདོ། སངས་རྒྱས་བརྒྱད་པ་ཞེས་བྱ་བའི་མདོ། སངས་རྒྱས་བཅུ་པ་ཞེས་བྱ་བའི་མདོ། སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བའི་མདོ། སངས་རྒྱས་ ཀྱི་དབུ་རྒྱན་ཞེས་བྱ་བའི་མདོ། སངས་རྒྱས་ཀྱི་ས་ཞེས་བྱ་བའི་མདོ། སངས་རྒྱས་མི་སྤང་བ་ཞེས་བྱ་བའི་མདོ། དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ། བཀྲ་ཤིས་བརྒྱད་པ་ཞེས་བྱ་བའི་མདོ། དཀོན་མཆོག་ གསུམ་རྗེས་སུ་དྲན་པའི་མདོ། བསླབ་པ་གསུམ་པ་ཞེས་བྱ་བའི་མདོ། སྐུ་གསུམ་པ་ཞེས་བྱ་བའི་མདོ། ཕུང་པོ་གསུམ་པ་ཞེས་བྱ་བའི་མདོ། ཐེག་ཆེན་གྱི་མདོ་མང་གི་དཀར་ཆག་རྣམས་རྫོགས་སོ།། །། ཐེག་དམན་ གྱི་མདོ་མང་ལ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ། འཕགས་པ་དྲན་པ་ཉེ་བར་བཞག་པ་བམ་པོ་ཉི་ཤུ་པ་ཡན་བཞུགས་སོ། ། ར་པར། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་བམ་པོ་ཉེར་གཅིག་པ་ནས་བམ་པོ་བཞི་བཅུ་རྩ་ལྔ་པ་ཡན་ཆད་བཞུགས་སོ། །ལ་པར། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་བམ་པོ་ཞེ་དྲུག་༼དྲན་པ་ཉེར་བཞག་གི་མདོ་འདི་ཐེག་ཆེན་ཡིན། ༽ པ་ནས་ཞེ་དགུ་པའི་བར་དང་། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལས་རྟག་ཏུ་བདེ་བའི་ས་བརྒྱད་པའི་སྐབས་ཡན་བཞུགས་སོ། །ཤ་པར། འཕགས་པ་དམ་པའི་ཆོས་དྲན་པ་ཉེར་བཞག་གི་མཇུག་དང་། མདོ་ཆེན་པོ་ སྒྱུ་མའི་དྲ་བ་མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ། མདོ་ཆེན་པོ་སྟོང་པ་ཉིད། མདོ་ཆེན་པོ་སྟོང་ཉིད་ཆེན་པོ། མདོ་ཆེན་པོ་རྒྱལ་མཚན་མཆོག །མདོ་ཆེན་པོ་རྒྱལ་མཚན་དམ་པ། མདོ་ཆེན་པོ་ལྔ་གསུམ་ པ། འཕགས་པ་རྡོ་འཕངས་པའི་མདོ་བམ་པོ་གཉིས། གཞོན་ནུ་དཔེའི་མདོ། གཎྜིའི་མདོ། གཎྜིའི་དུས་ཀྱི་མདོ། དགེ་བའི་བཤེས་གཉེན་བསྟེན་པའི་མདོ་རྣམས་བཞུགས་སོ། ། 109-1-7b ས་པར། མངོན་པར་བྱུང་བའི་མདོ། དགེ་སློང་ལ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟག་པའི་མདོའོ། །མཆོག་ཏུ་གདགས་པའི་མདོ། རྣམ་གྲོལ་གྱི་སྦྱངས་ པའི་ཡོན་ཏན་བསྟན་པའི་མདོ། ཚེའི་མཐའི་མདོ། མཆི་འཕོ་བ་ཇི་ལྟར་བསྟན་པའི་མདོ། མི་རྟག་པ་ཉིད་ཀྱི་མདོ། ཡང་མི་རྟག་པ་ཉིད་ཀྱི་མདོ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། འཕགས་པ་ཡངྶ་པའི་གྲོང་ ཁྱེར་དུ་འཇུག་པའི་མདོ་ཆེན་པོ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། ཕ་མའི་མདོ། འཕགས་པ་བདེན་པ་བཞིའི་མདོ། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་ བའི་ཆོས་ཀྱི་རྣམ་གྲངས། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཆེད་དུ་རྗོད་པའི་ཚོམས་ བམ་པོ་བཞི་དང་ཚོམས་སུམ་བཅུ་རྩ་གསུམ། འཕགས་པ་སྐྱེས་བུ་དམ་པའི་མདོ། དགའ་བོ་རབ་ཏུ་བྱུང་བའི་མདོ། ལྷའི་མདོ། ལྷའི་མདོ་ཉུང་ངུ་། ཟླ་བའི་མདོ། ཁང་བུ་བརྩེགས་པའི་མདོ། གནས་འཇོག་ གི་མདོ། འཕགས་པ་དགའ་བ་ཅན་གྱི་མདོ། འཕགས་པ་ཁར་སིལ་གྱི་མདོ། ཁར་སིལ་འཆང་བའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། ལས་རྣམ་འབྱེད་བམ་པོ་གཉིས། ལས་ཀྱི་རྣམ་པར་འགྱུར་བ་བམ་པོ་གཅིག་པ་ རྣམས་བཞུགས་སོ། །ཧ་པར། ལས་བརྒྱ་པའི་བམ་པོ་ཉེར་དྲུག་ཡན་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་ཡོད་པ་ལས་ཚིགས་སུ་བཅད་པ་བདུན་པའི་གཏམ་བརྒྱུད་དང་པོ་ཡན་རྣམས་བཞུགས་སོ། །ཨ་པར། ལས་བརྒྱ་པའི་བམ་ 109-1-8a པོ་ཉེ་བདུན་པ་ནས། སོ་བདུན་པའི་བར་དང་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་གཏམ་བརྒྱུད་གཉིས་པ་ནས་བཅུ་པའི་བར་དང་། འཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་རྣམས་ བཞུགས་སོ། །ཨྃ་པར། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་ཉི་ཤུ་རྩ་གཉིས་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པའི་བར་དང་། སངས་རྒྱས་གྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་དང་། ཕག་མོའི་ རྟོགས་པ་བརྗོད་པ། མ་ག་དྷ་བཟང་མོའི་རྟོགས་བརྗོད་རྣམས་བཞུགས་སོ། །ཨ༔ རྣམ་བཅད་ཅན་ལ། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་བམ་པོ་གཉིས། ཟླ་འོད་ཀྱི་རྟོགས་བརྗོད། དཔལ་གྱི་སྡེའི་རྟོགས་ བརྗོད། གསེར་མདོག་གི་སྔོན་གྱི་སྦྱོར་བ། འཕགས་པ་རྒྱལ་བུ་དོན་འགྲུབ་ཀྱི་མདོ་བམ་པོ་གཅིག་པ། ཚངས་པའི་དྲ་བའི་མདོ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་བམ་པོ་བདུན་དང་ལེའུ་དགུ། འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་བྱ་བའི་མདོ། དགེ་མི་དགེའི་ལས་ཀྱི་རྣམ་སྨིན་བསྟན་པའི་མདོ་བམ་པོ་གཅིག་པ། འཕགས་པ་ཟླ་བའི་སྙིང་པོས་ཞུས་པ་བསྟན་པ་གནས་པ་དང་། འཇིག་པའི་ ཚུལ་ལུང་བསྟན་པ་ཞེས་བྱ་བའི་མདོ། འཕགས་པ་གླང་རུ་ལུང་བསྟན་པའི་མདོ་བམ་པོ་གཅིག་པ། འཕགས་པ་སྟག་རྣའི་མདོ། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་རྣམས་བཞུགས་སོ། །ཐེག་པ་ཆེ་ཆུང་གི་མདོ་མང་ གི་དཀར་ཆག་རྫོགས་སོ།། །། ༄༅། །བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་གཙོ་བོ་སངས་རྒྱས་ཕལ་པོ་ཆེ། ཀ་པ་ལ། བམ་པོ་བཅུ་དགུ་དང་ལེའུ་བཅུ་དགུ་པ་ཡན་བཞུགས། ཁ་པ་ལ། བམ་པོ་ ཉི་ཤུ་དང་ལེའུ་ཉི་ཤུ་པ་ནས་ལེའུ་སུམ་ཅུ་པའི་སྟོད་ཡན་བཞུགས། ག་པ་ལ། བམ་པོ་ཉི་ཤུ་དང་ལེའུ་སུམ་ཅུ་པའི་མཇུག་ནས་སོ་བརྒྱད་པ་ཡན་བཞུགས། ང་པ་ལ། བམ་པོ་ཉི་ཤུ་དང་ལེའུ་སོ་དགུ་པ་ནས་ཞེ་བཞི་པའི་སྟོད་ 109-1-8b ཡན་བཞུགས། ཅ་པ་ལ། བམ་པོ་བཅྭ་བརྒྱད་དང་ལེའུ་ཞེ་བཞི་པའི་མཇུག་ནས་ཞེ་ལྔ་པའི་སྟོད་ཡན་བཞུགས། ཆ་པ་ལ། བམ་པོ་བཅུ་དྲུག་དང་ལེའུ་ཞེ་ལྔ་པའི་མཇུག་རྣམས་བཞུགས་སོ།། ༈ །། འཕགས་པ་དཀོན་མཆོག་ བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ། ཀ་པར། སྡོམ་པ་གསུམ་བསྟན་པའི་ལེའུ་ལ་བམ་པོ་གསུམ། སྒོ་མཐའ་ཡས་པ་རྣམ་པར་སྤྱོད་པའི་ལེའུ་ལ་བམ་པོ་བཞི། གསང་བ་བསམ་གྱིས་མི་ཁྱབ་པ་ བསྟན་པའི་ལེའུ་ལ་བམ་པོ་བཅུ་དང་ལེའུ་ཉེར་ལྔ། རྨི་ལམ་བསྟན་པའི་ལེའུ་ལ་བམ་པོ་གསུམ། འོད་དཔག་མེད་ཀྱི་བཀོད་པའི་ལེའུ་ལ་བམ་པོ་གསུམ་པ་རྣམས་བཞུགས་སོ། །ཁ་པར། དེ་བཞིན་གཤེགས་པ་མི་ འཁྲུགས་པའི་བཀོད་པའི་ལེའུ་ལ་བམ་པོ་ལྔ་དང་ལེའུ་ལྔ། གོ་ཆའི་བཀོད་པ་བསྟན་པའི་ལེའུ་ལ་བམ་པོ་དྲུག །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལ་བམ་པོ་གཉིས། འཕགས་པ་ཆོས་བཅུ་ པའི་ལེའུ་ལ་བམ་པོ་གཉིས། འཕགས་པ་ཀུན་ནས་སྒོའི་ལེའུ་ལ་བམ་པོ་གཅིག །འོད་ཟེར་ཀུན་ནས་བཀྱེ་བའི་ལེའུ་ལ་བམ་པོ་ལྔ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་ལེའུ་བམ་པོ་གསུམ་པ་ཡན་དང་ལེའུ་བཞི་ པའི་སྟོད་ཡན་བཞུགས་སོ། །ག་པར། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་ལེའུའི་བམ་པོ་བཞི་པ་ནས་ཉི་ཤུ་པ་ཡན་དང་ལེའུ་བཞི་པའི་སྨད་ནས་བཅུ་གཅིག་པའི་བར་དང་། འཕགས་པ་དགའ་བོ་ལ་ མངལ་ན་གནས་པ་བསྟན་པའི་ལེའུ་ལ་བམ་པོ་གསུམ། འཕགས་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པའི་ལེའུ་བམ་པོ་གཅིག །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་ལེའུ་ལ་ བམ་པོ་བཞི་རྣམས་བཞུགས་སོ། །ང་པར། ཡབ་སྲས་མཇལ་བ་དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་ལ་བམ་པོ་བཅྭ་ལྔ་ལེའུ་ཉེར་དྲུག །འཕགས་པ་གང་པོས་ཞུས་པའི་ལེའུ་ལ་བམ་པོ་དྲུག་དང་ལེའུ་བརྒྱད། ཡུལ་འཁོར་ 109-1-9a སྐྱོང་གིས་ཞུས་པའི་ལེའུ་ལ་བམ་པོ་གསུམ་དང་ལེའུ་གཉིས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་ལ་བམ་པོ་གསུམ་རྣམས་བཞུགས་སོ། །ཅ་པར། གློག་ཐོབ་ཀྱིས་ཞུས་པའི་ལེའུ་ལ་བམ་པོ་ གཉིས། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་ལེའུ་ལ་བམ་པོ་གཅིག །འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ལེའུ་ལ་བམ་པོ་གསུམ། འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་བསྟན་པའི་ལེའུ་ ལ་བམ་པོ་བཞི། འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བ་འཁོར་གྱིས་ཞུས་པའི་ལེའུ་ལ་བམ་པོ་གཉིས། ལྷག་པའི་བསམ་པ་བསྐུལ་བའི་ལེའུ་ལ་བམ་པོ་གཉིས། འཕགས་པ་ལག་བཟང་གིས་ཞུས་ པའི་ལེའུ་ལ་བམ་པོ་གཉིས། ངེས་པས་ཞུས་པའི་ལེའུ་ལ་བམ་པོ་གཅིག །ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་ལེའུ་ལ་བམ་པོ་གཅིག །བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་ལེའུ་ལ་བམ་པོ་ གཅིག །བུ་མོ་བློ་གྲོས་བཟང་མོས་ཞུས་པའི་ལེའུ་ལ་བམ་པོ་ཕྱེད། གདྒཱའི་མཆོག་གིས་ཞུས་པའི་ལེའུ། མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་ལུང་བསྟན་པའི་ལེའུ་ལ་བམ་པོ་གཅིག །དྲི་མ་མེད་ཀྱིས་བྱིན་པས་ ཞུས་པའི་ལེའུ་ལ་བམ་པོ་གཉིས། མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པའི་ལེའུ་ལ་བམ་པོ་ཕྱེད། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ལ་བམ་པོ་གཉིས། བློ་གྲོས་རབ་གནས་ཀྱིས་ཞུས་ པའི་ལེའུའི་བམ་པོ་གཉིས་པ་ཡན་བཞུགས་སོ། །ཆ་པར། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུའི་བམ་པོ་གསུམ་པ་དང་བཞི་པ། སེང་གེས་ཞུས་པའི་ལེའུ། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པའི་ལེའུ་ལ་བམ་པོ་བཞི། འཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་ལེའུ་ལ་བམ་པོ་གཉིས། བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལ་བམ་པོ་གཅིག ། 109-1-9b བྱམས་པས་ཞུས་པའི་ལེའུ་ལ་བམ་པོ་གཅིག །བྱམས་པས་ཆོས་བརྒྱད་ཞུས་པའི་ལེའུ་ལ་བམ་པོ་ཕྱེད། འོད་སྲུང་གིས་ཞུས་པའི་ལེའུ་ལ་བམ་པོ་གསུམ། རིན་པོ་ཆེའི་ཕུང་པོ་ལུང་བསྟན་པའི་ལེའུ་ལ་བམ་པོ་གཉིས་དང་ལེའུ་བདུན། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་ལེའུ་ལ་བམ་པོ་གཅིག །འཕགས་པ་ཤེར་ཕྱིན་བདུན་བརྒྱ་པ་ལུང་བསྟན་པའི་ལེའུ་ལ་བམ་པོ་གཉིས། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ་ལ་བམ་པོ་གསུམ། འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་བསྟན་པའི་ལེའུ་ལ་བམ་པོ་གཉིས། དྲང་སྲོང་རྒྱས་པས་ཞུས་པའི་ལེའུ་ལ་བམ་པོ་གཉིས་རྣམས་བཞུགས་སོ། །ཕལ་པོ་ཆེ་དང་དཀོན་བརྩེགས་སྐོར་གྱི་དཀར་ཆགས་རྣམས་ རྫོགས་སོ།། །། ༄༅། །དཔལ་གཉིས་སུ་མེད་པ་གསུང་པ་ལ་ཕྱག་འཚལ་ལོ། །གསང་སྔགས་རྒྱུད་འབུམ་གྱི་སྐོར་ལ། ཀ་པར། འཕགས་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། དབང་ མདོར་བསྟན། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་བསྡུས་བརྒྱུད་ལ་ལེའུ་ལྔ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ། དབང་གི་རབ་ཏུ་བྱེད་པ། དཔལ་སངས་རྒྱས་ཐམས་ ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་བླ་མ་ཞེས་བྱ་བ་ལ་རྟོགས་པ་ཉི་ཤུ་རྩ་གཉིས། ཀྱཻ་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ་གཅིག །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་ རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ་བཞི། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལི་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་ལ་ལེའུ་ཉི་ཤུ་རྩ་བདུན། ཁ་པར། དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་ 109-1-10a རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་ཞེས་བྱ་བ་ལེའུ་བཞི། དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བ་ལེའུ་སུམ་བཅུ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བའི་ རྣལ་འབྱོར་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། རྒྱུད་ཀྱི་རྒྱལ་པོ་དཔལ་བདེ་མཆོག་ཉུང་ངུ་ཞེས་བྱ་བ་ལེའུ་ལྔ་བཅུ་རྩ་གཅིག །མངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ་ལེའུ་དྲུག་བཅུ་རྩ་དགུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་ རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་རྣམ་པར་ཕྱེ་བའི་ལེའུ་ལྔ་བཅུ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ་ལེའུ་བཞི་རྣམས་བཞུགས་སོ། །ག་པར། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་ བཅུ་རྩ་གཅིག ། དཔལ་བདེ་མཆོག་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་རིམ་པར་ཕྱེ་བ་སོ་གསུམ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ལ་ལེའུ་བཞི་བཅུ་རྩ་བཞི། ཕག་མོ་མངོན་པར་བརྗོད་པ་ བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ལ་ལེའུ་བཅུ་བདུན། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ་ལེའུ་དྲུག །རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཤེས་བྱ་བ། ཡང་ དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ་རྣམས་བཞུགས་སོ། །ང་པར། དཔལ་གསང་བ་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཞི། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་ གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་གྱི་རྒྱལ་པོ། དཔལ་ནམ་མཁའ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཞི། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ། 109-1-10b དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་གྲུབ་པ་འདྲ་བའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་གསུམ། དཔལ་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་ བྱུང་བ། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ། དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་གསུམ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་ རྩ་བའི་རྒྱུད། བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་ལ་ལེའུ་བཅུ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མ་རྫོགས་ རིམ་བསྟན་པའི་ལེའུ་གཉིས། དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ་བཞི། དཔལ་ སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ། རྀ་ཥི་ཨ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་ལྔ། དཔལ་གདན་བཞི་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། དཔལ་གདན་བཞི་པའི་བཤད་པའི་རྒྱུད་ཀྱི་རྒྱལ་པོ་སྔགས་ 109-1-11a ཀྱི་ཆ་ཞེས་བྱ་བ། དཔལ་གདན་བཞི་པའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ། རྒྱུད་འདིའི་ལེའུ་སིལ་བུ་རྣམས་ཕྱོགས་གཅིག་ཏུ་སྡོམ་ན་ལེའུ་བརྒྱ་དང་བཞི། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་ པོ་དཔའ་བོ་གཅིག་པ་ཞེས་བྱ་བ་ལ་ལུས་ཀྱི་རང་བཞིན་གྱི་རིམ་པར་ཕྱེ་བ་ལ་སོགས་པ་རབ་ཏུ་ཕྱེ་བ་ཉི་ཤུ་རྩ་བཞི་རྣམས་བཞུགས་སོ། །ཅ་པར། འཕགས་པ་མི་གཡོ་བའི་རྟོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་ལྔ། རྡོ་རྗེ་བདུད་ རྩིའི་རྒྱུད་ལ་ལེའུ་བཅུ་གཅིག །རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ལ་ལེའུ་གསུམ། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོགས་པའི་རྒྱུད། སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་ཕན་ཡོན་དང་ བཅས་པ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཞི་བཅུ་རྩ་བཞི། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་ལེའུ་ལྔ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ལ་ལེའུ་བཅུ་བདུན། གསང་བ་འདུས་པའི་རྒྱུད་ཕྱི་མ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་ལ་ལེའུ་དྲུག་བཅུ་རྩ་བརྒྱད། དགོངས་པ་ལུང་ བསྟན་པ་ཞེས་བྱ་བའི་རྒྱུད་ལ་ལེའུ་བཅུ་གཉིས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་ལེའུ་གཉིས། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལ་ལེའུ་བཞི། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལ་ལེའུ་བཅུ་དྲུག །དཔལ་ཡེ་ཤེས་ རྡོ་རྗེ་ཀུན་ལས་བཏུས་པ་ལ་རབ་བྱེད་བཞི་བཅུ་རྩ་གཅིག་རྣམས་བཞུགས་སོ། །ཆ་པར། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་ལེའུ་ཉི་ཤུ་རྩ་གཉིས། དཔལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་བཅུ་རྩ་བདུན། འཕགས་པ་ 109-1-11b ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད། གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལ་ལེའུ་གསུམ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བེ་ཅོན་ གྱི་རྒྱུད་ལ་ལེའུ་བཅྭོ་ལྔ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་ལེའུ་གཅིག །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་དཔལ་གཏུམ་ པོ་ཞེས་བྱ་བ་ལ་ལེའུ་ཉི་ཤུ་རྩ་བཞི། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལ་ལེའུ་བཅུ་བཞི། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལ་ལེའུ་བརྒྱད་རྣམས་བཞུགས་སོ། ། ཇ་པར། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོའི་རྡོ་རྗེ་མེ་ལྕེའི་རྒྱུད་ལ་ལེའུ་བཅྭ་ལྔ། དཔལ་ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལ་ལེའུ་བདུན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ ཀྱི་རྒྱལ་པོ་ལ་ལེའུ་ཉི་ཤུ་རྩ་གཅིག །རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས། རྡོ་རྗེ་བདེ་ཁྲོས་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ་བདུན། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་ལེའུ་བཅུ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད་ལ་ལེའུ་བཅྭ་བརྒྱད། གཤིན་རྗེའི་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིག་བྱེད་ ཆེན་པོའི་རྒྱུད་ལ་ལེའུ་བདུན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཞི། དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོགས་པ་གསུམ་པ། གཏམ་རྒྱུད་ཀྱི་རྟོགས་པ། དཔལ་གཤིན་རྗེའི་ གཤེད་དམར་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་བཅུ་དགུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་བརྟག་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཟླ་གསང་ཐིག་ལེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་རྣམས་བཞུགས་སོ། ། 109-1-12a ཉ་པར། དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའི་རྒྱུད་རྣམས་བཞུགས་སོ། །ཏ་པར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོགས་པའི་རྒྱལ་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བ་ལ་བམ་པོ་གསུམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ ཅད་ཡོངས་སུ་སྤྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། དཔལ་མཆོག་དང་པོའི་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོགས་པའི་རྒྱལ་པོ། དཔལ་མཆོག་དང་པོའི་ སྔགས་ཀྱི་རྟོགས་པའི་དུམ་བུ་ཞེས་བྱ་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ལྔ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་ བཞུགས་སོ།། ཐ་པར། དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་མདོ། འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་ མདོ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བའི་ སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་མདོ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ་ལ་ལེའུ་བཅུ་གསུམ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་ཅེས་བྱ་བའི་ ལེའུ་བདུན་རྣམས་བཞུགས་སོ། །ན་པར། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་གྱི་གཟུངས། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས། འཕགས་ 109-1-12b པ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། འཕགས་པ་རྒྱལ་བའི་བླ་མའི་གཟུངས། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ གཟུངས། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས་སྔགས། ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་ སུ་དྲན་པ། སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་གྱི་མཚན་རྗེས་སུ་དྲན་པ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ ཆེན་པོའི་མདོ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བམ་པོ་གཅིག །སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལ་ལེའུ་སུམ་བཅུ་རྩ་དྲུག་རྣམས་བཞུགས་སོ། །པ་པར། དཔལ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་ལེའུ་གསུམ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ། འཇམ་དཔལ་དབྱངས་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱི་དམོད་གཙུག་པ་ཞེས་བྱ་བའི་ གཟུངས། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས། འཇམ་དཔལ་གྱི་མཚན་གཟུངས། འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བའི་གཟུངས། འཇམ་དཔལ་གྱི་ཡིག་འབྲུ་གཅིག་པའི་གཟུངས། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་ 109-1-13a ཞེས་བྱ་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་ལ་བམ་པོ་བཅུ་ལེའུ་སོ་གཅིག །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་ རྒྱལ་པོ་ཞེས་བྱ་བའི་མདོ་བམ་པོ་བཅུ་ལེའུ་ཉེར་དགུ་རྣམས་བཞུགས་སོ། །ཕ་པར། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ་བམ་པོ་ལྔ་དང་ལེའུ་ཉི་ཤུ་རྩ་གཅིག །སྟོང་ཆེན་པོ་རབ་ཏུ་འཇོམས་པ་ ཞེས་བྱ་བའི་མདོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། བསིལ་བའི་ཚལ་ཀྱི་མདོ་ཆེན་པོ། གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོ། འཕགས་མ་འོད་ཟེར་ཅན་ཞེས་ བྱ་བའི་གཟུངས། འཕགས་པ་པརྞ་ཤ་བ་རིའི་མདོ། འཕགས་མ་རི་ཁྲོད་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོགས་པ་ལེའུ་བཞི། འཕགས་པ་ལྷ་མོ་བསྐུལ་བྱེད་མ་ཞེས་བྱ་བའི་གཟུངས། འཕགས་པ་དུག་སེལ་ཞེས་བྱ་བའི་རིག་སྔགས། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་གྲགས་ལྡན་མའི་གཟུངས། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་པོ་རྒྱལ་བ་ཅན་ཞེས་བྱ་བ། འཕགས་པ་ རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་གི་གཟུངས། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོགས་པ་དང་བཅས་པ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྤྱོང་བ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་མའི་གཟུངས། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོགས་པ་དང་བཅས་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 109-1-13b གཙུག་གཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་གཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ ཐུབ་པ་ཕྱིན་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་གཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ གཟུངས། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིམས་ནད་ཞི་བའི་གཟུངས། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་ མདོ། འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། ཤེས་པས་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ ཆོ་གའི་གཟུངས། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཞེས་བྱ་བ། རིན་པོ་ཆེ་བདར་བའི་གཟུངས། གཙུག་གཏོར་འབར་བ་ཞེས་ བྱ་བའི་གཟུངས། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱི་གདབ་པ། བསྐོར་བའི་གཟུངས། ཡོན་ཡོངས་སུ་སྤྱོང་བའི་གཟུངས། ཐོས་པ་འཛིན་པའི་གཟུངས། ཡང་ཐོས་པ་འཛིན་པའི་གཟུངས། ཤེས་རབ་བསྐྱེད་ པ་ཞེས་བྱ་བའི་གཟུངས། ཡང་ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས། ཤློ་ཀ་བརྒྱ་ལོབས་པའི་གཟུངས། ཤོ་ལོ་ཀ་སྟོང་ལོབས་པའི་གཟུངས། ཤློ་ཀ་སུམ་སྟོང་ལོབས་པའི་གཟུངས། མི་བརྗེད་པའི་གཟུངས། 109-1-14a ཕྱག་བྱ་བའི་གཟུངས། གོས་བརྒྱ་ཐོབ་པའི་གཟུངས། མི་དགའ་བར་བྱེད་པའི་གཟུངས། འཕགས་པ་པདྨའི་སྤྱན་ཞེས་བྱ་བའི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྤྱོང་བ་ཞེས་བྱ་བའི་གཟུངས། སྐྲན་ཞི་བའི་གཟུངས། མ་ཞུ་བའི་ནད་འབྱང་བའི་གཟུངས། འཕགས་པ་སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། ཁྲོ་བ་ཞི་བར་བྱེད་པའི་གཟུངས། ཁྲོས་པ་ཞི་བའི་གཟུངས། ཚིག་བཙན་པའི་གཟུངས། བདག་བསྲུང་བའི་གཟུངས། ཡིད་དུ་འོང་བའི་གཟུངས། མགྲིན་པ་སྙན་པའི་གཟུངས། དོན་ཐམས་ཅད་འགྲུབ་པའི་གཟུངས། ལས་འགྲུབ་པའི་གཟུངས། དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས། བཅིངས་པ་ལས་གྲོལ་བའི་གཟུངས། བདུད་ཐམས་ཅད་སྐྲག་པར་བྱེད་པའི་གཟུངས། རྨ་འབྱོར་བར་བྱེད་པའི་གཟུངས། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། འཁྲིས་པའི་ནད་སེལ་བའི་གཟུངས། བད་ཀན་གྱི་ནད་སེལ་བའི་གཟུངས། ཀྵ་ཡའི་ནད་སེལ་བའི་གཟུངས། འཕགས་པ་རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས། སྟོང་ཆེན་མོ་ནས་ཕྱུང་བ་ སྨན་ལ་སྔགས་ཀྱི་གདབ་པ་ཞེས་བྱ་བ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱི་གདབ་པ། མཆོག་ཐོབ་པའི་རིག་སྔགས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས། འཕགས་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་བཟུང་བར་འགྱུར་བའི་ གཟུངས། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་པ་བཞི་ཐོབ་པར་འགྱུར་བའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཕལ་པོ་ཆེ་ 109-1-14b གཟུང་བར་འགྱུར་བའི་གཟུངས། འཕགས་པ་སྡོང་པོ་བཀོད་པའི་སྙིང་པོ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་བཟུང་བར་འགྱུར་བའི་གཟུངས། འཕགས་པ་རྨ་བྱ་ཆེན་པོའི་སྙིང་པོའི་གཟུངས། འཕགས་མ་ སོ་སོར་འབྲང་མ་ཆེན་མོ་བཟུང་བར་འགྱུར་བའི་གཟུངས། འཕགས་པ་ལང་ཀར་གཤེགས་པའི་མདོ། ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་རྣམས་བཞུགས་སོ། །བ་པར། མཆོད་པའི་སྤྲིན་གྱི་གཟུངས། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། ཕྱིར་མི་ཟློག་པ་སྟོབས་ཅན་ཞེས་བྱ་བ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ། ཕྱིར་ཟློག་པ་འཕགས་པ་རྣམ་པར་ རྒྱལ་བ་ཅན་ཞེས་བྱ་བ། འཕགས་པ་མདངས་ཕྱིར་འཕྲོག་མའི་མདོ། གཞན་གྱིས་མི་ཐུབ་པ་རིན་པོ་པོ་ཆེའི་ཕྲེང་བ་ཞེས་བྱ་བ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ། ཐམས་ཅད་ལ་མི་འཇིགས་པ་ རབ་ཏུ་སྦྱིན་པའི་གཟུངས། དབང་བསྐུར་བའི་གཟུངས། མིག་རྣམ་པར་སྦྱོང་བའི་རིག་སྔགས། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། བར་གཅོད་ཐམས་ཅད་རྣམ་པར་སེལ་བའི་གཟུངས། འགྲོ་ལྡིང་བའི་ རིག་སྔགས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས། སའི་དབང་པོ་ཞེས་བྱ་བའི་གཟུངས། བེ་ཅོན་ཆེན་པོའི་གཟུངས། སྒོ་བཟང་པོའི་གཟུངས། ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། ཚིགས་སུ་བཅད་ པ་གཉིས་པའི་གཟུངས། སྒོ་དྲུག་པའི་གཟུངས། ཡི་གེ་དྲུག་པའི་རིག་སྔགས། གསེར་ཅན་གྱི་གཟུངས། སྙིང་རྗེ་མཆོག་གི་གཟུངས། མེ་ཏོག་བརྩེགས་པ། གཟུངས་ཆེན་པོ། མི་གཡོ་བའི་གཟུངས་ལ་ལེའུ་བརྒྱད། རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོགས་པ་བསྡུས་པའི་རྒྱུད་ལ་ལེའུ་བཅུ། སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། 109-1-15a ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཀུན་དུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་ སྔགས་དང་བཅས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ། འཕགས་པ་སྤྲིན་ཆེན་པོའི་མདོ། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ལ་ལེའུ་བཅྭ་ལྔ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ། འཕགས་པ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་གཉིས། ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། ནོར་རྒྱུན་མའི་གཟུངས་ཀྱི་རྟོགས་པ། དཔལ་ནག་པོ་ཆེན་པོའི་རྒྱུད་ལ་ ལེའུ་བདུན། དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། ལྷ་མོ་ནག་མོ་ཆེན་མོའི་གཟུངས། དཔལ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ། དཔལ་ལྷ་མོ་ནག་མོའི་བསྟོད་པའི་རྒྱལ་པོའི་ རྒྱུད། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་རོ་ལངས་བདུན་པ། སུ་རུ་པ་ཞེས་བྱ་བའི་གཟུངས། ཡེ་ཤེས་སྐར་མདའི་སྙིང་པོ། བདུད་རྩི་འབྱུང་བའི་གཟུངས། ཡི་དགས་ཁའ་འབར་མ་དབུགས་ 109-1-15b དབྱུང་བའི་གཏོར་མའི་ཆོ་ག །ཡི་དགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས། འཇུར་བགེགས་བྱ་བའི་གཟུངས། ལུས་ཀྱི་ཟག་པ་མཆིལ་མ་ལུད་པ་སྣབས་དྲི་མ་དྲི་ཆེན་དྲི་ཆུ་རྣམས་སྦྱིན་པར་བཏང་བའི་ གཟུངས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ། སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་པདྨ་དྲ་བ་རྣམས་བཞུགས་སོ། །མ་པར། འཕགས་པ་དོན་ཡོད་ ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བ་ལ་བམ་པོ་ཉི་ཤུ་རྩ་བཞི། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་མདོ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས། འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་ སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེྃས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་བམ་པོ་གསུམ་རྣམས་བཞུགས་སོ། །ཙ་པར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་ མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས་ལ་ལེའུ་དྲུག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་གཉིས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། འཕགས་པ་ཞལ་བཅུ་ གཅིག་པའི་རིགས་སྔགས་ཀྱི་སྙིང་པོ། པདྨ་ཅོད་པན་གྱི་གཟུངས་ལ་ལེའུ་བཅུ་གཅིག །འཇིག་རྟེན་དབང་ཕྱུག་གི་རྟོགས་པ། ཀུན་ཏུ་བཟང་པོའི་གཟུངས། འཕགས་པ་ནཱི་ལ་ཀཎྛ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཧ་ཡ་གྲྀ་བའི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་ནོར་འཛིན་ཆུ་དབང་སྙིང་རྗེ་ 109-1-16a ཅན་གྱི་གཟུངས། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བའི་རྒྱལ་མོ། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། སེང་གེ་སྒྲའི་རྒྱུད། འཕགས་པ་སྤྱན་ རས་གཟིགས་དབང་ཕྱུང་སེང་གེ་སྒྲའི་གཟུངས། སེང་གེ་སྒྲའི་གཟུངས། རྙིང་རྗེ་མི་བཤོལ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་ རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ། རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལྷ་མོ་ཆེན་པོ་དཔལ་ལུང་བསྟན་པ། དཔལ་ཆེན་པོའི་མདོ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། རིག་པ་མཆོག་གི་ རྒྱུད་ཆེན་པོ་རྣམས་བཞུགས་སོ། །ཚ་པར། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་ལེའུ་ཉི་ཤུ་རྩ་བཞི། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་ལེའུ་བཅྭ་ལྔ། འཕགས་པ་ལག་ན་རྡོ་རྗེའི་མཚན་ བརྒྱ་རྩ་བརྒྱད་པ་གསང་སྔགས་དང་བཅས་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་ བྱ་བའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་སྟོབས་པོ་ཆེ་ ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་ 109-1-16b སྔགས། འཕགས་པ་བགེགས་སེལ་བའི་གཟུངས། འཕགས་པ་ནོར་བུ་བཟང་པོའི་གཟུངས་དང་རྟོགས་པ། གར་མཁན་མཆོག་གི་བརྟག་པ་སྔ་ཕྱི། གནོད་སྦྱིན་ནོར་བུ་བཟང་པོའི་རྟོགས་པ། འཕགས་པ་གནོད་འཛིན་དཔལ་ ཞེས་བྱ་བའི་གཟུངས། འཕགས་པ་གནོད་གནས་དབང་པོ་ཅི་ལྟར་འབྱུང་བའི་རྟོགས་པ་ཞེས་བྱ་བ། འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས། འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད་ལ་ལེའུ་བཅུ་གཅིག །དཀྱིལ་ འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད། བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་ དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས་ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུའི་རྟོགས་པ་ལས་སྨོན་ལམ་འབྱུང་བ། སྨོན་ལམ་ཚིགས་བཅད་སྔགས་དང་བཅས་པ། སྦྱིན་པས་རབ་ཏུ་འབྱུང་བའི་སྨོན་ལམ། སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ ཚིག །བདེ་ལེགས་ཀྱི་ཚིགས་སུ་བཅད་པ་བཀྲ་ཤིས་མང་པོའི་ཐ་རྟེན་དང་བཅས་པ་རྣམས་བཞུགས་སོ། །ཛ་པར། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ལེའུ་བརྒྱད་བཅུ་རྩ་བཞི་དང་མདོ་ལུང་ བརྒྱད་བཅུ་རྩ་བཞི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་ བཀོད་པ་ཞེས་བྱ་བའི་མདོ་ལ་བམ་པོ་བཅུ་དང་ལེའུ་བདུན་བཅུ་རྩ་ལྔ། འདི་ལ་དབུ་ཞབས་སུ་བྱུང་ཚུལ་བཅུ་གཉིས་པ་ཤོ་ལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསང་བའི་མཛོད་ཆེན་པོ་མི་ཟད་པ་ 109-1-17a གཏེར་གྱི་སྒྲོན་མ། བརྟུལ་ཞུགས་ཆེན་པོ་བསྒྲུབ་པའི་རྒྱུད། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལ་ལེའུ་བཅུ་བདུན་རྣམས་བཞགས་སོ། །ཝ་པར། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ལ་ལེའུ་སུམ་བཅུ་རྩ་གསུམ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ཞེས་བྱ་བ་ལ་ལེའུ་ ཉི་ཤུ་རྩ་གཅིག །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་དཔལ་གསང་བ་མེ་ལོང་གི་རྒྱུད་ལ་ལེའུ་སུམ་བཅུ་རྩ་གསུམ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ལ་ལེའུ་བརྒྱད་བཅུ། འཕགས་པ་ཐབས་ཀྱི་ཞགས་པ་ བད་མོའི་ཕྲེང་བ་ཞེས་བྱ་བ་ལ་ལེའུ་བཞི་བཅུ་རྣམས་བཞུགས་སོ། །ཞ་པར། ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད་ལ་ལེའུ་བཅུ་གཉིས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོ་ལ་ལེའུ་བཅུ་གསུམ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལ་ལེའུ་བཅུ་བཞི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ་ལ་ལེའུ་སུམ་བཅུ། དཔལ་ཧེ་རུ་ཀ་ སྙིང་རྗེ་རོལ་པའི་རྒྱུད་གསང་བ་ཟབ་མོའི་མཆོག་ཅེས་བྱ་བ་ལ་ལེའུ་བཅུ་བདུན། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་གི་བམ་པོ་ཆེན་པོ་དང་པོ། བདུད་རྩི་ཆེན་པོ་མཆོག་གི་ལུང་གི་སྡེ་ལས་ སྨན་ར་ས་ཡ་ན་བསྒྲུབ་པའི་ལུང་འབུམ་སྡེ་ལས་བཏུས་པ་བམ་པོ་ཆེན་པོ་གཉིས་པ། ཨ་མྲྀ་ཏ་གྲུབ་པའི་ལུང་སྡེ་ལས་བམ་པོ་ཆེན་པོ་གསུམ་པ། ལུང་ཨ་ནུ་ཡོ་གའི་སྤྱོད་པ་བླ་ན་མེད་པ་བསྟན་པ་སྟེ་བམ་པོ་ཆེན་པོ་བཞི་པ། བསྒྲུབ་ ཐབས་བདུད་རྩི་ཆེན་པོ་འབུམ་སྡེ་ལས་བཏུས་པ་བམ་པོ་ཆེན་པོ་ལྔ་པ། འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ལུང་ངེས་པ་དང་དེ་བསྒྲལ་ནས་སྨན་དུ་སྦྱར་བའི་ཐབས་བསྟན་པའི་བདུད་རྩི་ཆེན་པོ་ས་མ་ཡ་འབུམ་སྡེ་ལས་བམ་པོ་ཆེན་པོ་དྲུག་པ། 109-1-17b བདུད་རྩི་བུམ་པའི་ལུང་གི་བམ་པོ་བདུད་རྩི་འབུམ་སྡེ་ལས་འབྱུང་བའི་དོན་བམ་པོ་ཆེན་པོ་བདུན་པ། བདུད་རྩི་ཆེན་པོ་མཆོག་གི་ལུང་གི་རྒྱལ་པོ་ཆེན་པོ་རྟོགས་པའི་ཆོ་ག་ལས་འཁོར་ལོ་བསྐོར་བའི་ནང་ནས་ལུང་གི་བམ་པོ་ཆེན་པོ་བརྒྱད་པའི་འགྲེལ་ བ་ཆེན་པོའི་དོན་བམ་པོ་ཆེན་པོ་བརྒྱད་པ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་གཉིས། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་ལ་ལེའུ་བཅུ་གཅིག །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་ བ་ལ་ལེའུ་བཅུ་གཅིག་རྣམས་བཞུགས་སོ། །ཟ་པར། རྒྱུད་སྡེ་བཞིའི་གཟུངས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་གཟུངས་འདུས་ཀྱི་བསྐོར་བཞུགས་སོ། །འ་པར། སྤྱན་འདྲེན་གྱི་རྒྱུད་གསུམ་པ། འཕགས་ པ་དཀོན་མཆོག་ཏ་ལླའི་གཟུངས། འཕགས་པ་ཡེ་ཤེས་ཏ་ལ་ལའི་གཟུངས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས། འཕགས་པ་ ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ གཟུངས་ཀྱིས་ཆོས་ཀྱི་རྣམ་གྲངས། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་ཙན་དན་གྱི་ཡན་ལག་ཅེས་བྱ་ བའི་གཟུངས། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོལ་མ་མཆོག་གི་གཟུངས། འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས། འཕགས་པ་རྣམ་པར་སྣང་མཛད་ ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པ་སྨན་གྱི་བླའི་སྙིང་པོའི་གཟུངས། བྱང་ཆུབ་སེམས་དཔའ་རྒྱལ་བའི་བླ་མའི་གཟུངས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས། དེ་བཞིན་གཤེགས་པ་ 109-1-18a རྣམ་པར་སྣང་མཛད་ཀྱི་གཟུངས། འཕགས་པ་པད་མའི་སྤྱན་ཞེས་བྱ་བའི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་བཞིན་གཤེགས་པ་སྤྱིའི་ སྙིང་པོ་རྗེས་སུ་དྲན་པའི་གཟུངས། འཕགས་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་གྱི་མཚན་རྗེས་སུ་དྲན་པའི་གཟུངས། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་ གཟུངས། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུང་སྔགས་དང་བཅས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་ དང་བཅས་པ། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་སྒྲིབ་པ་རྣམ་སེལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་སའི་སྙིང་པོའི་མཚན་ བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས། ཤེས་པས་ ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། འཕགས་པ་ནོར་བུ་ཆེན་པོའི་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པས་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་ལ་ ལེའུ་བདུན། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས། འཕགས་པ་སའི་དབང་པོ་ཞེས་བྱ་བའི་གཟུངས། འཕགས་གཟུངས་ཆེན་པོ་བདེ་ལྡན་གྱི་སྙིང་པོ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་ 109-1-18b གཟུངས། འཕགས་པ་སྒྲིབ་པ་རྣམ་པར་སེལ་བའི་གཟུངས། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས། འཇམ་དཔལ་གྱི་དམོད་གཙུག་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱི་མཚན་གཟུངས། འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱི་སྔགས་ཡིག་འབྲུ་གཅིག་པ། སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་ རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ལ་བམ་པོ་གསུམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་ལ་ལེའུ་དྲུག །འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་མདོ། ས་བཅུ་པའི་གཟུངས། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། འཕགས་པ་ནཱི་ལ་ཀཎྛ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཧ་ཡ་གྲྀ་བའི་གཟུངས། འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས། སྙིང་རྗེ་མི་བཤོལ་བ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་ གཟིགས་ཀྱི་སྙིང་པོ། སེང་གེ་སྒྲའི་དམ་བཅས་པའི་གཟུངས། སྙིང་རྗེ་མཆོག་ཅེས་བྱ་བའི་གཟུངས། འཕགས་པ་སྒོ་མཐའ་ཡས་པས་སྒྲུབ་པ་ཞེས་བྱ་བའི་གཟུངས། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས། འཕགས་པ་ སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས་ཚིགསུ་བཅད་པ་གཉིས་པའི་གཟུངས། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། རྒྱན་འབུམ་གྱི་གཟུངས། མཆོད་རྟེན་གཅིག་ 109-1-19a བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་གཟུངས། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས། འཕགས་པ་གསེར་ཅན་ཞེས་བྱ་བའི་ གཟུངས། འཕགས་པ་ཐམས་ཅད་ལ་མི་འཇིགས་པར་རབ་ཏུ་སྦྱིན་པ་ཞེས་བྱ་བའི་གཟུངས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། འཕགས་ པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས། འཕགས་པ་གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གཟུངས། སྟོང་འགྱུར་ཞེས་བྱ་བའི་གཟུངས། འཕགས་པ་འཇིགས་པ་བརྒྱད་ལས་ སྒྲོལ་བ་ཞེས་བྱ་བའི་གཟུངས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བརྒྱད་སྟོང་པའི་གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་བའི་གཟུངས། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་པ་བཞི་ཐོབ་པར་འགྱུར་བའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོང་ཕྲག་བརྒྱ་པ་བཟུང་བར་འགྱུར་བའི་གཟུངས། འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་སྡོང་པོ་བཀོད་པའི་སྙིང་པོ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་རྨ་བྱ་ཆེན་པོའི་སྙིང་པོ། འཕགས་མ་སོ་སོར་འབྲང་མ་ཆེན་པོ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་སྔགས་རྣམས་བཞུགས་སོ། ། ཡ་པར། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོ་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། རྡོ་རྗེ་རྣམ་པར་ 109-1-19b འཇོམས་པ་ཞེས་བྱ་བའི་གཟུངས། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པོ་གསང་སྔགས་དང་བཅས་པ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས། ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོའི་གཟུངས། འཕགས་པ་ རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། འཕགས་པ་བེ་ཅོན་ ཆེན་པོའི་གཟུངས། འཕགས་པ་བགེགས་སེལ་བའི་གཟུངས། འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བའི་གཟུངས། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། འཕགས་པ་གཙུག་གཏོར་འབར་བ་ཞེས་བྱ་ བའི་གཟུངས། འཕགས་པ་ཁྲོ་བོ་མི་གཡོ་བ་ཞེས་བྱ་བའི་གཟུངས། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག་ཆོ་ག་དང་བཅས་པ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་མཆུ་ནག་པོའི་གཟུངས། འཕགས་པ་ མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་གཟུངས། ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ། འཕགས་པ་ནོར་བུ་བཟང་པོའི་གཟུངས། འཕགས་པ་གནོད་འཛིན་ཆུ་དབང་ སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཕགས་པ་གནོད་འཛིན་དཔལ་ཞེས་བྱ་བའི་གཟུངས། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། འཕགས་པ་ཆོས་ཀྱི་རྒྱ་མཚོ་ ཞེས་བྱ་བའི་གཟུངས། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་ གའི་གཟུངས། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་གཏོར་དྲི་མ་མེད་པར་སྣང་བ་ 109-1-20a དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས། འཕགས་པ་ངན་འགྲོ་ཐམས་ཅད་སྦྱོང་བ་ཡོངས་སུ་སྦྱོང་བ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། འཕགས་པ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ། འཕགས་མ་དེ་བཞིན་གཤེགས་པའི་གཙུག་གཏོར་ནས་བྱུང་བའི་གདུགས་ དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས། དཔལ་ལྷ་མོ་གཙུག་གཏོར་རོལ་པའི་ཏན་ཏྲ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། འཕགས་པ་ལྷ་མོ་བསྐུལ་བྱེད་མ་ཞེས་བྱ་བའི་གཟུངས། འཕགས་པ་དུག་སེལ་ ཞེས་བྱ་བའི་རིག་སྔགས། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་གྲགས་ལྡན་མའི་གཟུངས། འཕགས་པ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ། འཕགས་པ་པརྞ་ཤ་བ་རིའི་མདོ། འཕགས་མ་ རི་ཁྲོད་ལོ་མ་གྱོན་མའི་གཟུངས། འཕགས་མ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་པ་ལྷ་མོ་ བརྒྱད་ཀྱི་གཟུངས། རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། འཕགས་མ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྒྱལ་བ་ཅན་ཞེས་བྱ་བ། འཕགས་པ་དཔལ་ཆེན་ པོའི་མདོ། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིགས་སྔགས། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་ བྱ་བའི་གཟུངས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་སྔགས། ཡོན་ཡོངས་སུ་སྦྱོང་བ་ཞེས་བྱ་བ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་ 109-1-20b བྱེད་པ་ཞེས་བྱ་བའི་གཟུངས། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིམས་ནད་ཞི་བའི་གཟུངས། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། མ་ཞུ་བའི་ནད་འབྱང་བའི་གཟུངས། འཕགས་པ་སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། ཁྲོ་བ་ཞི་བར་བྱེད་པའི་གཟུངས། འཕགས་པ་ཁྲོས་པ་ཞི་བར་བྱེད་པའི་གཟུངས། ཚིག་བཙན་པའི་གཟུངས། བདག་བསྲུང་བའི་གཟུངས། གོས་བརྒྱ་ཐོབ་པའི་གཟུངས། ཡིད་དུ་འོང་བའི་གཟུངས། བཅིངས་པ་ལས་གྲོལ་བའི་གཟུངས། མཆོག་ཐོབ་པའི་རིག་སྔགས་ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ཤེས་རབ་སྐྱེད་པའི་གཟུངས། ཐོས་པ་འཛིན་པའི་གཟུངས། ཤློ་ཀ་བརྒྱ་ལོབས་པའི་གཟུངས། ཤློ་ཀ་སྟོང་ལོབས་པའི་གཟུངས། ཤློ་ཀ་སུམ་སྟོང་ལོབས་ པའི་གཟུངས། ཕྱག་བྱ་བའི་གཟུངས། དུག་ཞི་བའི་གཟུངས། བདུད་སྐྲག་པར་བྱེད་པའི་གཟུངས། རྨ་འབྱོར་བར་བྱེད་པའི་གཟུངས། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། མཁྲིས་པའི་ནད་སེལ་བའི་སྔགས། བད་ཀན་གྱི་ནད་ སེལ་བའི་གཟུངས་སྔགས། ཀྵ་ཡའི་ནད་སེལ་བའི་གཟུངས། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ། སྐྲན་ཞི་བའི་གཟུངས། མདོ་ཆེན་པོ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ་ཞེས་བྱ་བ། མདོ་ཆེན་པོ་ འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་བཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་བའི་གཟུངས། འཕགས་པ་སྡོང་པོ་རྒྱན་གྱི་མཆོག་ཅེས་བྱ་བའི་གཟུངས། སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་པ་ 109-1-21a སྣང་བརྒྱད་ཅེས་བྱ་བའི་མདོ་བམ་པོ་གཅིག །མཆོད་པའི་སྤྲིན་ཞེ་བྱ་བའི་གཟུངས། ཕྱག་འཚལ་བའི་གཟུངས། བསྟོད་པའི་གཟུངས། མཆོད་པ་བྱིན་བརླབས་ཀྱི་གཟུངས། མཆོད་པའི་སྤྲིན་འབྱུང་བའི་ གཟུངས། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བསྙེན་གནས་དང་ཞབས་ལ་སྤྱི་བོས་ཕྱག་རྒྱ་བའི་གཟུངས། རིན་པོ་ཆེ་བདར་བས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་ གང་བ་འབུལ་བའི་གཟུངས། བསྐོར་བ་གཅིག་བྱས་པས་བསྐོར་བ་དཔག་ཏུ་མེད་པར་འགྱུར་བའི་གཟུངས། འཕགས་པ་དཀོན་མཆོག་གི་བརྟེན་ལ་བསྐོར་བ་བྱ་བའི་གཟུངས། ཆུ་གཏོར་གྱི་གཟུངས་ཡེ་ཤེས་སྐར་མདའི་སྙིང་པོ། སུ་རུ་པའི་ གཟུངས། ཡི་དགས་ཁ་ལ་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས། འཇུར་བགེགས་ཞེས་བྱ་བའི་གཟུངས། ལུས་ཀྱི་ཟག་པ་མཆིལ་མ་ལུད་པ་སྣབས་དྲི་མ་དྲི་ཆེན་དྲི་ཆུ་རྣམས་སྦྱིན་པར་བཏང་བའི་གཟུངས། འཕགས་ པ་རོ་ལངས་བདུན་པའི་གཟུངས། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ། དཔལ་མགོན་པོ་ནག་པོའི་གཟུངས། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟོད་པ། ནད་གྱི་ བདག་མོ་ལ་བསྟོད་པ། ལྷ་མོ་ཆེན་པོ་རེ་མ་ཏིའི་གཟུངས། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུའི་རྟོགས་པ་ལས་སྨོན་ལམ་འབྱུང་བ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་བྱམས་པའི་སྨོན་ལམ། མཆོག་གི་སྤྱོད་པའི་སྨོན་ལམ། སྟོང་ཆེན་རབ་འཇོམས་ལས་གསུངས་པའི་སྨོན་ལམ། རྨ་བྱ་ཆེན་མོ་ལས་སྨོན་དང་བདེན་ཚིག །ལྷས་ཞུས་པའི་བཀྲ་ཤིས་ ཀྱི་ཚིགས་བཅད། བདེ་ལེགས་ཀྱི་ཚིགས་བཅད་གཉིས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དྲུག་རྣམས་བཞུགས་སོ། །གསང་སྔགས་རྒྱུད་འབུམ་སྐོར་གྱི་དཀར་ཆག་རྫོགས་སོ།། །།དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་བ་དྲི་མེད་འོད་པུསྟི་གཅིག་བཞུགས། 109-1-21b བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་དཀར་ཆག་ཐུབ་པ་དགྱེས་བྱེད་ཅེས་བྱ་བ་རྫོགས་སོ།། །།སྭ་སྟི། དེ་ལྟའི་ལེགས་གསུངས་གངས་ཅན་བསྟན་པའི་རྒྱན། མ་ཚང་མེད་ཀུན་འདུས་པ་ རིན་ཆེན་ཕྲེང་། །དོན་ཡོད་དབང་གི་རྒྱལ་པོའི་ཞགས་པ་གང་། །ཚལ་པ་བཀའ་འགྱུར་ཞེས་གྲགས་རྔ་སྙན་ཅན། །ནང་དེར་ཅི་སྙེད་འཁོད་པའི་གཏམ་བཟང་འདི། །གཙུག་ལག་འཕེལ་རྒྱས་གླིང་གི་ཆོས་སྨྲ་བ། །དམ་པའི་ལམ་བཟང་སྒྲུབ་ལ་ མངོན་དགའ་བའི། །མིང་ཅན་གང་དེས་ཚུལ་བཞིན་བསྒྲིགས་ཏེ་བཀོད། །དོན་ཚན་ཆད་དང་ཟློས་པའི་སྐྱོན་བྲལ་བར། །ཞུས་ཅིང་དག་པར་བྱས་པའི་ངོ་མཚར་གཞི། །པར་དུ་སྒྲུབ་པའི་དོ་དམ་ཁུར་ཆེན་པོ། །རྒྱལ་རིགས་ཀརྨ་དཔལ་འབྱོར་ཞེས་བྱ་བའི། ། ལྷག་བསམ་དགེ་བའི་ལམ་ལས་བྱུང་བ་འདི། །ལྕགས་མོ་བྱ་ལོ་ཧོར་ཟླ་བརྒྱད་པ་ཡི། །དུས་སྦྱོར་བཟང་པོར་གྲུབ་པའི་དགེ་ལེགས་ཀྱིས། །མ་ལུས་འགྲོ་བའི་བློ་མུན་རབ་བཅོམ་ནས། །རྒྱལ་བའི་བསྟན་པ་ལུང་རྟོགས་ཟླ་ཉིའི་འོད་བཟང་པོས། ། སྐྱེ་དགུའི་ཕུན་ཚོགས་ཚལ་རབ་ཀུན་ནས་རབ་རྒྱས་ཏེ། །བཤད་སྒྲུབ་རིང་སྲོལ་རྨ་མེད་ནམ་མཁའི་མཐར་བལྟ་བས། །མི་སྲུན་ལུས་མེད་སྤོབས་པ་མཐའ་དག་ཕྱིར་བསྙིལ་ཞིང་། །གནས་འདིར་བློ་གྲོས་དཀར་བའི་ཡིག་རྐོས་མཁན་རྣམས་དང་། །དགེ་བའི་འབྲས་བུ་ཆུང་ངུ་བགྱིས་གྱུར་དེ་དག་ཀྱང་། །བདེ་སྐྱིད་ཕུན་ཚོགས་དཔལ་ལ་རབ་སྤྱོད་ཅིང་། །ཀུན་ཏུ་དམ་ཆོས་འཛིན་པའི་སྣོད་བཟང་ཉིད་གྱུར་ཅིག །གང་འདིས་ཡུལ་ཁོས་ཀུན་ཏུ་ཡང་། །ནད་དང་འཁྲུག་རྩོད་སྐལ་ངན་ཀུན། །ནམ་ཡང་ལྡང་དུ་མེད་པ་ ནས། །འཆི་མེད་དཔལ་ལ་སྤྱོད་གྱུར་ཅིག །ཤུ་བྷམསྟུ་སརྦ་ཛ་ག་ཏཱཾ།། །། 110-1-0a ༄༅། །བདེ་བར་གཤེགས་པའི་བཀའ་འགྱུར་གྱི་པར་བྱང་བཞུགས་སོ། ། 大藏經序 110-1-0b ༄༅། །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་ཚོགས་སུ་འཁོད་པའི་བྱུང་བ་ གསལ་བར་བརྗོད་པ་ལེགས་བྱས་ཀྱི་རང་གཟུགས་ཀུན་ནས་སྣང་བ་ནོར་བུ་རིན་པོ་ཆེའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། 110-1-1a 大寶法王九祖法師 二法王六祖法師 110-1-1b ༄༅། ། ཛ ཡ ཨི ནྡྲ དྷ རྨ ན བ ལ པྡྷ ཀུ ཙོ ཏཱི།། ཀླྀ བ དྷ རྨ ཁ དྒ ཀ ཊི བ ནྡ ན མོ ཙཿ།། སུ ཁ དྷ རྨ ཤོ ཀ ཨ ཏ ཀ སྭ ས ལ བྡྷོ།། ར མ ས ཏྱ དྷ རྨ ཙ ཏ ཏེ པྲ ཏི ཡ སྟོ།། ༄། རྒྱལ་བའི་དབང་པོ་ཆོས་ཀྱི་གྲུ་བརྙེས་འདམ་ལས་བརྒལ། །ཆོས་ཀྱི་རལ་གྲིས་ཉོན་མོངས་འཆིང་བ་གྲོལ་བར་བཀྲོལ། །ཆོས་ཀྱི་བདེ་བས་མྱ་ངན་མཐར་མཛད་དབུགས་དབྱུང་བརྙེས། །དེ་ཡི་ཕྱིར་ན་དམ་པའི་ཆོས་ལ་བསྔགས་པར་འདོད། ། ས ཏྡྷ རྨ ནྩཿ ཤཱ ནྟ ཏ ཏྟྭཱ ཙ ཡ སྱཿ།། ས མྦུ དྡྷོ ཏེ བཻ མ ལཱ བྷི ཀྲི བཱ རཿ།། ཏ ཏྡེ ཤོ ཏ དྷ རྨ ཙ ཀྲ སྱ ཤ པྡྷེ།། ཏ ཏྤྲ ཏཻ ཙཿ ས ཏྱ དྷ རྨ སྟུ ཡོ གྱཿ།། དམ་པའི་ཆོས་ཀྱིས་གང་ཞིག་ཞི་བ་(འགོག་བདེན་)དེ་ཉིད་དང་། །ཡང་དག་རྟོགས་པ་(ལམ་བདེན་)དྲི་མེད་མཆོག་ནི་མངོན་བྱེད་ལ། །དེ་སྟོན་པ་ནི་ཆོས་ཀྱི་འཁོར་ལོའི་སྒྲ་(ལུང་གི་ཆོས་འཁོར་)སྐད་དེ། །དེ་ཡི་ཕྱིར་ཡང་དམ་པའི་ཆོས་ནི་བསྟོད་པར་འོས། ། 110-1-2a ༄། ཛི ན སྱ མྨཱུ ལཾ དྷ རྨ དྷཱ ཏོ པྲ ཏིཥྛཿ།། སྠཱ ལཾ བྷཱུ ཏཱི ནཱ ནཱ ག ཏོ བཱི ཛི ཛི ནྱཿ།། བྲྀ དྡྷཱ དྱཱ བ ཤྱཿ ཨཱ རྱ ས དྒྷཿ ཧ ཝ སྟིཿ།། ཏ ཏྟཱ ཐཱ ཡཱ ཐཿ ས ཏྱ དྷ རྨ སྠི ན མྱཿ།། ༄། རྒྱལ་བའི་ས་བོན་ཆོས་ཀྱི་གཞི་ལ་རབ་གནས་ཏེ། །མངོན་དུ་གྱུར་ལས་རྒྱལ་བའི་མྱུ་གུ་མི་ལྡོག་པར། །འཕེལ་བ་འདི་ནི་འཕགས་པའི་དགེ་འདུན་ཡིན་མཐོང་སྟེ། །དེ་ལྟ་ན་ཡང་དམ་པའི་ཆོས་ནི་ཕྱག་གི་གནས། ། ཡ སྠཱ ན དྷ རྨ བ ཙ ཏ ཏྶུ ཙ ས དྒྷ ནཱ མེ།། དྷ རྨ སྠ ནོ ཙ ར ཎ གཱ ནྟ པ རི ཏྱ བུ དྡྷཿ།། ཏ ཏྤྲ ཏྱ བྷ ཀྟི ཀྲྀ ཡ བུ དྡྷ ཙ ཨཱ རྱ ས ངྒྷཾ།། ཏཽ སརྦ སཏྦྷ ཤི ཏ དྷ རྨ ཙ ན མྱ ཀྲྀ ཏྟོ།། ཆོས་ལ་གང་གནས་དེ་ནི་དགེ་འདུན་ཞེས་བརྗོད་དེ། །ཆོས་གནས་སྤྱོད་པ་ཡོངས་སུ་མཐར་ཕྱིན་སངས་རྒྱས་ཉིད། །དེ་ཡི་སླད་དུ་སངས་རྒྱས་དགེ་འདུན་ལ་དང་བ། །དེ་དག་རྣམས་ཀྱང་དམ་པའི་ཆོས་ལ་ཕྱག་བྱོས་ཤིག ། 110-1-2b འཁོར་བའི་རྒྱ་མཚོ་སྨྲེ་སྔགས་དུག་ཅན་འཇིགས་སུ་རུང་། །སེམས་དམྱལ་ཡི་དྭགས་དུད་འགྲོའི་དབའ་རླབས་མི་བཟད་གཡོ། །སྐྱེ་དང་རྒ་དང་ན་དང་འཆི་བའི་ཆུ་སྲིན་གྲོང་། །གཏིང་མཐའ་མེད་དེར་ཐོག་མེད་དུས་ནས་འགྲོ་འདི་གཡེངས། །དེད་དཔོན་ མཁས་དང་བྲལ་བའི་ཚོང་པ་བླུན་པོ་ནི། །རབ་ཏུ་མང་པོ་གྲུ་གཟིངས་ཞིག་ནས་སྐྱབས་མེད་པར། །བ་ཚྭ་ཅན་དུ་ཉམས་ཉེས་སྡུག་བསྔལ་འཕྱན་པ་ལྟར། །མ་རྣམས་བཤེས་བྲལ་འགྲོ་བ་དྲུག་ན་རྣམ་པར་འཁོར། །ཀྱེ་ཀྱེ་དཔུང་གཉེན་མེད་པ་ཁྱེད་ཅག་ཚུར་ གཤེགས་དང་། །ཆོས་ཀྱི་གྲུ་ཆེན་ཕན་བདེའི་བ་དན་དཀར་པོ་ཅན། །མཐུན་པར་བརྩོན་པའི་རླུང་གི་ཤུགས་ཀྱིས་དོགས་མེད་པར། །ཐར་པའི་རིན་ཆེན་གླིང་དུ་འདྲེན་འདིར་མྱུར་བར་ཞུགས། །དེ་ཐོབ་པ་ལས་ངེས་ལེགས་ནོར་བུའི་ཕུལ་རྙེད་ནས། །སེམས་ཅན་ ཁམས་ལ་དགོས་འདོད་དགའ་སྟོན་འགྱེད་འགྱུར་བས། །འགྲོ་བ་ཁྱེད་རྣམས་ཡོན་ཏན་མཐོང་ནས་དགའ་བ་དང་། །མགུ་དད་རངས་པར་ཆོས་ལ་བརྟེན་པ་ཉིད་དུ་བྱོས། །གལ་ཏེ་དེ་སྟོན་པ་ཡང་ཚད་མར་གང་ལས་ཤེས། །ཇི་ལྟར་བསྟན་ལ་བསྟན་པའི་ཆོས་ཀྱང་ ཇི་ལྟ་བུ། །དེ་བསྟེན་པ་ལས་འབྲས་བུ་ཇི་ལྟར་འགྱུར་རོ་ཞེས། །སྙམ་པ་དེ་ལ་འདིར་ནི་ཕྱོགས་ཙམ་བརྗོད་པར་བྱ། ། ཨ པ ར མི ཏ བྷྲ མ དུཿ ཁ ས ཏྭ ཙཿ །། མ མ ད ཡ ཀཱ རུ ཎ དེ ཤ པཱུ རྦ ཡཱཾ །། སུ ཛ ཡ མ ཧཱ མུ ནི སཱ ཀྱ ཨཱ ད ཡེ །། པྲ ཏི བ ར བོ དྷི སུ ཙི ཏྟ ཛཱ ཏ ཡོ །། སེམས་ཅན་དཔག་མེད་འཁོར་བར་སྡུག་བསྔལ་གྱུར་འདི་ལ། །བརྩེ་བའི་ཐུགས་རྗེས་སྔོན་ཚེ་བདག་གི་སྟོན་པ་འདིས། །ཤཱཀྱ་ཐུབ་པ་ཆེན་པོ་ལ་སོགས་རྒྱལ་བའི་དྲུང་། །དང་པོ་ཁོ་ནར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །དམ་བཅས་བཞིན་དུ་དེ་ནས་བསྐལ་པ་དུ་མའི་བར། ། 110-1-3a མགོ་དང་མིག་དང་ཡན་ལག་གཞན་དང་རྒྱལ་སྲིད་དང་། །བུ་དང་བུ་མོ་ཆུང་མ་གླང་པོ་ཤིང་རྟ་རྟ། །ཟས་ནོར་གོས་སོགས་ཅི་འདོད་སྦྱིན་པ་དཔག་མེད་བྱིན། །སྲོག་གཅོད་བརྐུ་དང་འདོད་ལོག་ལུས་ཀྱི་ཉེས་སྤྱད་དང་། །བརྫུན་ཚིག་ཕྲ་མ་རྩུབ་མོ་ཀྱལ་པ་དག་གི་ སྐྱོན། །བརྣབ་སེམས་གནོད་སེམས་ལོག་པར་བལྟ་བ་སེམས་ཀྱི་དྲི། །རབ་ཏུ་སྤངས་ནས་དགེ་བཅུའི་ཚུལ་ཁྲིམས་སྲོག་བཞིན་བསྲུངས། །གཞན་གྱི་གནོད་པས་དབང་པོ་འཁྲུགས་ཤིང་བཞིན་འགྱུར་བ། །སྨད་པའི་ཚུལ་ཡིན་བརྩེ་ལྡན་མཁས་ལ་ཇི་ལྟར་འོས། ། བདག་གི་ལུས་འདི་དུམ་བུར་གཏུབས་ཀྱང་དགྲ་བོ་ལ། །ཁྲོ་བ་མེད་པར་བཟོད་པའི་གོ་ཆ་རྟག་ཏུ་མནབས། །ཐེག་པ་མཆོག་ཞུགས་དམན་པའི་ལེ་ལོ་རྣམ་པར་སྤངས། །རྟག་ཏུ་ལྷུར་བྱེད་སྙོམས་ལས་ལེ་ལོ་རིང་དུ་དོར། །སྲོག་གི་ཕྱིར་ཡང་བྱང་ཆུབ་སྤྱོད་ལས་ཉམས་ མིན་ན། །བྱ་བ་གཞན་གྱིས་བརྩོན་པ་གཏོང་བར་ཅི་སྟེ་འགྱུར། །གང་གི་ཐུགས་ནི་འདུ་འཛིའི་ཆོས་ལ་མི་དམིགས་ཏེ། །ཉེ་བར་མ་ཞི་རྣམ་པར་གཡེངས་ལས་ངེས་པར་བྱུང་། །རབ་ཏུ་དབེན་ཞིང་རྙོག་པ་མེད་ལ་མཉམ་པར་བཞག །འཁྲུངས་རབས་དེ་དེར་ བསམ་གཏན་བསྒོམས་པ་བསམ་མི་ཁྱབ། །ཤེས་རབ་སླད་དུ་གང་གིས་བཤེས་གཉེན་བསྟེན་པ་དང་། །ཉན་དང་འཛིན་དང་ཀློག་དང་ཁ་ཏོན་ཡིད་ལ་བྱེད། །བསྒོམ་པའི་རིམ་པས་སྤྱན་དང་མངོན་ཤེས་ཤེས་རབ་སྟོབས། །བསྐྱེད་པའི་གྲངས་ནི་བསྐལ་པར་བརྗོད་ཀྱང་ གཏུགས་མི་འགྱུར། །མང་དུ་ཅི་དགོས་བདག་ཅག་རྣམས་ཀྱི་སྟོན་པ་འདིས། །སྐྱེ་བ་སྐྱེ་བར་བྱང་ཆུབ་སྤྱོད་པ་སྤྱད་པའི་ཚུལ། །ཆ་ཤས་ཙམ་ཞིག་རྟོགས་པར་འདོད་ན་མདོ་སྡེ་དང་། །རྟོགས་པ་བརྗོད་པ་སྙན་པ་སྙན་པ་དག་ལ་ལྟོས། །མཐོང་ནས་དེ་ཡིས་དེ་ལྟར་བྱ་ དཀའ་སྔོན་སྤྱད་པ། །རང་ཉིད་ཚངས་དང་འཁོར་ལོས་བསྒྱུར་སོགས་ཐོབ་ཕྱིར་མིན། །སེམས་ཅན་སྡུག་བསྔལ་བདག་ཅག་སྒྲོལ་བ་ཁོ་ནའི་ཕྱིར། །དེ་ལྟར་མཛད་ལ་བཀའ་དྲིན་རྟག་ཏུ་དྲན་པར་གྱིས། སྦྱིན་པ་ལ་སོགས་ཐབས་ཚུལ་རྒྱ་ཆེན་བསོད་ནམས་དང་། །བརྩོན་ དང་བསམ་གཏན་ཤེས་རབ་ཡེ་ཤེས་ཚོགས་གཉིས་པོ། །ཡོངས་སུ་རྫོགས་ནས་རང་དོན་ཞི་སྐུའི་ངང་ཉིད་ལས། །འོག་མིན་གནས་སུ་གཞན་དོན་ལོངས་སྤྱོད་རྫོགས་སྐུར་སྣང་། །ལྷ་རྣམས་གདུལ་ཕྱིར་དགའ་ལྡན་ལྷ་གནས་དམ་པ་དེར། །ལྷ་རིགས་གཞོན་ནུ་རྒྱལ་སྲས་དམ་ 110-1-3b པ་དེར། །ལྷ་རིགས་གཞོན་ནུ་རྒྱལ་སྲས་དམ་པ་ཏོག་¹དཀར་པོའི། །རྣམ་པར་རོལ་པས་རིང་མོའི་བར་དུ་ལྷ་རྣམས་ལ། །བདུད་རྩི་དེ་ལས་མཆོག་ཏུ་གྱུར་པའི་བདུད་རྩི་བསྟན། །རེ་ཞིག་ཚེ་ན་སྤྲུལ་པས་གདུལ་བའི་སེམས་ཅན་ཁམས། །²འདི་ཡུམ་སྒྱུ་མའི་ལྷུམས་སུ་ཞུགས་པ་དེ་ རྒྱུན་མཐའི་བྱང་ཆུབ་སེམས་དཔར་མ་གསུངས་སམ་ཤེ་ན་ཐེག་པ་ཐུན་མོང་ལྟར་ན་དེ་ལྟར་བཤད་མོད་ཀྱི་ཐེག་ཆེན་ལུགས་ལ་བསྐལ་པ་མང་པོའི་སྔ་རོལ་དུ་སངས་རྒྱས་པར་ཡང་འཇོག་པ་ཡིན་ནོ། །མཆན། དག་དང་མ་དག་འདྲེན་མར་གྱུར་ལ་ཐུགས་བརྩེ་ཞིང་། །ཕྱོགས་བཅུའི་རྒྱལ་བས་ཡང་ཡང་བསྐུལ་བར་གྱུར་པ་ལས། ། ས་སྟེང་དག་ན་མཆོག་གི་སྤྲུལ་སྐུ་སྟོན་པར་དགོངས། །འཛམ་བུས་མཚན་པའི་ནོར་འཛིན་ཐིག་ལེ་སེར་སྐྱའི་ཡུལ། །ཉི་མའི་གདུང་རབས་ཤཱཀྱ་རྒྱལ་པོ་དགེ་བའི་རིགས། །ཡབ་ཀྱི་གནས་སུ་མི་ཡི་བདག་པོ་ཟས་གཙང་ལྷ། །སྒྱུ་འཕྲུལ་ལྷ་མོ་ཡུམ་ལ་གཟིགས་པ་རྣམ་བཞི་ དང་། །གཞན་དུ་རྩོད་ལྡན་གདུལ་བའི་དུས་ལའང་མངོན་དགོངས་ནས། །ལྷ་ཡི་གནས་སུ་བྱམས་པར་རྒྱལ་ཚབ་ཅོད་པན་བཅིངས། །འཁོར་རྣམས་ལ་ཡང་བག་ཡོད་གྱིས་ཞེས་གདམས་ནས་ཀྱང་། །མཆེ་བ་དྲུག་ལྡན་ཐལ་ཀར་གླང་པོའི་རྣམ་པས་གཤེགས། ། སྒྱུ་འཕྲུལ་ཆེན་པོ་ལྷ་མོ་དེ་ཡི་ལྷུམས་ཞུགས་ནས། །རིན་ཆེན་རང་བཞིན་ཙནྡན་ནོར་བུའི་གཞལ་མེད་ཁང་། །མངལ་གྱི་དྲི་མེད་མཆོག་ཏུ་དག་པའི་སྙིང་པོ་དེར། །ཟླ་བ་བཅུ་ཞིག་མཉམ་པར་བཞག་ཅིང་བདེ་བར་གཞེས། །ལུམྦི་ནི་ལྡན་བསྐལ་བཟང་ནགས་ཚལ་ མཛེས་པ་དེར། །པླ་ཀྴ་ཡི་ཡལ་ག་བཟང་མོའི་དཔུང་པ་ལ། །འགྲན་པ་ལྟ་བུར་མཉེན་ལྕུག་ངོམ་དེར་རིན་ཆེན་གྱི། །གདུབ་བུ་བཞིན་དུ་ལྷ་མོའི་ལག་པ་གཡས་པས་བཅངས། ། 110-1-4a ཀུ ཀྵཱི པྲོ རྦཱི ཏ ཏྥ ལ སཱུ རེ དི བ བ ནྠེ །། བུཥྚ སྟཱ ནོ ཀེ ལ ཤ པྲཱྀ ཐཱུ བྷི ཏ ཙེ ནཿ །། སུ རྱ ཏཱ མཽ སཱུ ད ཡ ཀོ མཱ ར སུ དེ བཿ །། ཤྭེ ཏེ མ གྷཿ བཻ ཡ སུ རོ ཙེ ར དྷི བ སྟྲཿ །། རྩིབས་ལོགས་རབ་ཡངས་ལྷ་ཡི་ལྷ་དེའི་ལམ་བཟང་ནས། །ནུ་མའི་གངས་རི་ལྷུན་སྟུག་རྒྱས་པ་དེ་ཡི་ཕག །གཞོན་ནུ་ཉི་མ་མུན་པ་མེད་པར་ཤར་བ་ནི། །ལྷ་ཡི་གོས་ཟུང་སྤྲིན་དཀར་བླ་ན་རྣམ་པར་མཛེས། ། འཆི་མེད་བདུད་རྩི་བསིལ་ཞིང་གཙང་བས་ཁྲུས་མཛད་དེ། །རབ་ཏུ་ཞི་ཡང་འཇིགས་པ་མེད་པའི་ལྟ་སྟངས་ཀྱིས། །ཕྱོགས་དང་གཞན་དུ་ཆུ་སྐྱེས་རྐང་རྟེན་རྡུལ་བྲལ་ལ། །དགྱེས་པར་གཤེགས་ནས་བསྙེངས་པ་མེད་པའི་དམ་བཅའ་མཛད། །དེ་ཚེ་དྲང་སྲོང་རིག་བྱེད་ལ་ མཁས་ཤེས་པ་ཅན། །དྲུང་དུ་འོངས་དེས་གཞོན་ནུ་མིག་གི་བདུད་རྩི་མཐོང་། །མཚན་འདི་དག་དང་གླང་པོ་ལྟ་བུར་འཕོས་ལ་སོགས། །རྒྱུ་རྣམས་ཀུན་གྱིས་དགྲ་ཐུལ་རྒྱལ་བར་འགྱུར་བར་ངེས། །འདི་ནི་ཁྱིམ་གནས་འཁོར་ལོས་བསྒྱུར་བའི་དཔལ་འཛིན་ཡང་། ། ངེས་པར་རབ་འབྱུང་དེ་ནས་མངོན་པར་སངས་རྒྱས་ཏེ། །ཆོས་སྟོན་དེ་ཚེ་དྲང་སྲོང་རྒན་པོ་མི་རྟག་ཅེས། །བདུད་རྩིའི་བགོ་སྐལ་མ་རྙེད་དེ་ལ་ཡིད་འབྱུང་བྱེད། །གང་ཚེ་གཞོན་ནུ་བལྟམས་པ་དེ་ཚེ་གྲོང་ཁྱེར་དང་། །རྒྱལ་པོའི་དཔལ་སྣང་སེར་སྐྱའི་ཡུལ་བཞིན་ས་ཆེན་པོ། ། ཕྱེ་མ་མེད་པར་སྐལ་ལྡན་དོན་གྲུབ་གྱུར་དེས་ན། །གཞོན་ནུའི་མཚན་ནི་དོན་གྲུབ་ཅེས་བྱ་སྙན་པར་གྲགས། །རིན་ཆེན་དག་ནི་སྦྱངས་པས་ཡོན་ཏན་འབྱིན་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་ཡི་གེ་བཟོ་གནས་སྒྱུ་རྩལ་ལ། །བྱང་བའི་མཆོག་གྱུར་ཤཱཀྱ་གྲགས་ཤིང་གྲགས་ རྣམས་སོགས། །འགྲན་ཟླ་སྤངས་པས་ཤཱཀྱ་ཐུབ་པ་ཞེས་བྱར་ཤེས། །ཡབ་ཀྱི་དགོངས་པ་གཞོན་ནུ་ཁྱིམ་དུ་གནས་གྱུར་ན། །མཐའ་བཞི་ལས་རྒྱལ་འཁོར་ལོས་བསྒྱུར་བའི་དཔལ་གཟིགས་པར། །འགྱུར་བར་མཁྱེན་ནས་གཞོན་ནུ་ཅི་དགྱེས་ཁབ་བཞེས་ལ། ། 110-1-4b དགྱེས་པར་སྤྱོད་ཅེས་ནོར་བུའི་ཕུལ་དེ་ནོར་བཞིན་བསྲུངས། །གཞོན་ནུ་འདི་སྙམ་འདོད་པ་བདེ་སྟེར་མ་ཡིན་ཡང་། །རྒྱལ་རིགས་བཞག་པས་སྐུར་བ་སྤོང་ཞིང་ཡབ་ཀྱི་ཐུགས། །སྐོང་བར་དགོངས་ཏེ་གྲགས་འཛིན་ས་འཚོ་རི་དྭགས་སྐྱེས། ། དྲུག་ཁྲིའི་འཁོར་ལྡན་མཆིས་བྲང་དགའ་མའི་ཚོགས་ཀྱིས་བསྐོར། །རེ་ཞིག་ཚེ་ན་ཕོ་བྲང་འཁོར་གྱི་སྒོ་བཞི་རུ། །རྒས་ཤིང་འཁོགས་དང་ནད་ཀྱིས་མནར་དང་ཤི་བའི་རོ། །སྤྱན་སྔར་སྣང་བས་འཁོར་བའི་ཆོས་ལ་ཆག་བྲལ་ཞིང་། །རབ་བྱུང་གཟིགས་ པས་འཆི་མེད་གནས་ལ་སྤྲོ་བ་འཁྲུངས། ། ཤུ ཙི མ ན དྷྲི ན གྷོ ལྨུ ལི བོ དྷ ནཱཾ །། ན ཛ ར ཨཱ ཛྙ ཙ ཨ ཛྙ ན སཱུ ཏ ནཱཾ །། ཨ བ ནུ ག པྲ ཏི ཏོ སུ ར ཨ དྷྱ ཤཿ །། ཤུ བྷ མ ན ཙྫ བི ཛི རུ ར བྲྀ དྡྷ བྷཱུ། ། གཙང་མའི་ཐུགས་གཞིར་བྱང་ཆུབ་རྩ་བ་མ་རྨས་ཤིང་། །མ་རྙིངས་མ་འདྲུལ་དྲུང་པོ་དྲུང་པོར་འདུག་གྱུར་ལ། །ལྷ་རྣམས་སྐུལ་བྱེད་མཐུན་རྐྱེན་ཆབ་གྱིས་བཅུས་པ་ལས། །དགེ་བའི་ཐུགས་བསྐྱེད་མྱུ་གུའི་རྩལ་ནི་དྲག་ཏུ་འཕེལ། །མཁའ་སྤྱོད་སྐལ་ཅན་བསྔགས་ ལྡན་ཅང་ཤེས་མཛེས་བཅིབས་ཤིང་། །ཟུང་དང་ཟུང་གི་འཇིག་རྟེན་སྐྱོང་བས་ཉེར་བརྟེན་ཏེ། །འདུན་པ་བཞིན་དུ་འདུན་པས་ཁ་ལོ་བསྒྱུར་བ་ནས། །རྒྱལ་སྲས་ཀུན་བསིལ་ཟླ་བ་དེ་ནི་མཁལ་ལ་རྒྱུས། །རལ་པ་སྔོ་བསངས་ཁྱིམ་གྱི་ཆུ་མངལ་ཅན་བཏང་ ནས། །ཤེས་རབ་མངོན་གསལ་རྟགས་ཀྱི་མཚོན་ཅན་ཐུན་མཚམས་གོས། །ཟླུམ་པོར་བགོས་པ་འཁོར་བ་མཚན་མོའི་གསལ་བྱེད་ནི། །ལྷ་དང་བཅས་པའི་སློབ་མ་སྐར་ཚོགས་དབུས་ན་གསལ། །གང་གིས་མ་སྒོམས་སྔོན་དུ་དཀའ་བ་མ་སྤྱད་པར། ། 110-1-5a བྱང་ཆུབ་ཐོབ་པ་མི་སྲིད་དེ་དེའི་ངོར། །ནཻ་རཱཉྫ་ན་ཆུ་གླུང་མིག་སྨན་མདོག་ཅན་དྲུང་། །ལོ་དྲུག་དཀའ་སྤྱད་བསམ་གཏན་དག་ལ་མཉམ་པར་བཞག །འགའ་ཞིག་དཀའ་ཐུབ་ཁོ་ནའི་ལམ་གྱིས་གྲོལ་ལོ་ཞེས། །གདུང་བ་རྩོམ་པ་དེ་དག་རྣམས་ ལ་སྨན་པའི་ཕྱིར། །གྲོང་པའི་བུ་མོ་དད་པ་དག་གིས་ཕུལ་བ་ཡི། །འོ་མའི་བཏུང་བ་བཅུད་དང་ལྡན་པས་སྐུ་ལུས་བརྟས། །རྩྭ་ཚོང་ཁྱེའུ་བཀྲ་ཤིས་དེ་ལས་རྩྭ་བླངས་ཏེ། །བྱང་ཆུབ་སྙིང་པོར་མ་འཁྲུགས་ཀུ་ཤའི་གདན་བཏིང་བར། ། གཡོ་མེད་དམ་བཅས་བདེ་བའི་སྐྱིལ་མོ་ཀྲུང་བཀོད་ནས། །དགོངས་པ་མངོན་བཞག་ཏིང་འཛིན་རྙོག་མེད་ཡུལ་ལ་གཟིགས། །མེ་ཏོག་མདའ་ཅན་བདུད་ཀྱི་བདག་པོ་མ་བཟོད་པར། །གཏུམ་པོའི་དཔུང་ཚོགས་མི་འཁྲུགས་ཕྲག་གཅིག་འོངས་པ་ དེས། །འགྱེད་པར་བརྩམས་ཀྱང་མཚོན་རྣམས་མེ་ཏོག་སིལ་མར་བབ། །འདོད་པའི་གཡོ་སྒྱུས་བསླུ་བར་བརྩོན་པའང་འབྲས་མེད་གྱུར། །བྱང་ཆུབ་སེམས་དཔས་སྔོན་ནས་བདེན་པར་གང་སྤྱད་པ། །བདུད་ཀྱི་རྒོལ་བས་བརྫུན་པ་ཉིད་ དུ་བརྒལ་བ་ལ། །ས་ཆེན་འདི་ཡིས་མི་ཡི་དམ་པ་དེ་ལ་བཞིན། །དེ་ཡིས་ས་འདི་དབང་དུ་བཞག་པས་བསྙོན་མ་དམིགས། །རྣམ་གཡེང་མེད་པའི་བསམ་གཏན་ཞི་ཞིང་གཙང་བའི་ཆབ། །སྐྱོན་གྱི་རྙོག་པ་བརྒྱད་པོ་དག་ལས་ རབ་གྲོལ་བ། །གཡོ་མེད་ཏིང་འཛིན་དྲན་དང་བཏང་སྙོམས་ཚོར་བ་མཉམ། །གང་གི་ཐུགས་ནི་རབ་མཐའི་རྩེ་གཅིག་དགེ་བས་བརླན། ། 110-1-5b ཛྙཱ ཏུ རཱཾ བྷིཿ ཏུ རཾ བཱ ཐ ཀེ ཛཱ ཏ ཀ ། དྷ རྨ ཙཱཿ ཏ ཏྣི རོ དྷ སྟ ཧེ ཏུཿ བ ཐཱཾ །། ཀཱ རྱ ཀྲྀ ཏྟོ ཨ ནཱ ཀྲི ཏྟ ཀྵཱ ཡ པྲ ཏིཿ །། ཛྙཱ ཛ ཏོ ཏྟ ཪྼ བོ དྷཱ བྷི ས མྦུ དྷ བྷཱུ །། མྱུར་བའི་ལམ་གྱི་མངོན་པར་ཤེས་པ་མྱུར་བར་བསྐྱེད། །ཆོས་རྣམས་དག་དང་དེ་རྒྱུ་དེ་འགོག་དེ་ལམ་ལ། །བྱ་བ་བྱས་ཟིན་མ་བྱས་མེད་པས་ཟད་པ་དང་། །མི་སྐྱེ་མཁྱེན་ནས་བྱང་ཆུབ་མཆོག་ཏུ་མངོན་སངས་རྒྱས། ། གསེར་གྱི་མངལ་ཅན་ཚངས་པ་གདོང་བཞི་ལྡན་པ་དེས། །རྩིབས་སྟོང་རྒྱས་པའི་རིན་ཆེན་འཁོར་ལོ་ཕུལ་ནས་ཀྱང་། །ཆོས་ཀྱི་གསལ་བྱེད་སྒྲོན་མ་འདེགས་པར་གསོལ་བཏབ་པས། །བདེན་བཞིའི་ཆོས་འཁོར་དྲང་སྲོང་སྨྲ་བའི་ནགས་ སུ་བསྐོར། །རི་བོ་དཔལ་ལྡན་བྱ་རྒོད་སྤུངས་པ་ལ་སོགས་པར། །རྣམ་པར་ཐར་པའི་སྒོ་གསུམ་བརྗོད་བྱར་གྱུར་པ་ཡི། །ཆོས་ཀྱི་འཁོར་ལོ་མཚན་ཉིད་མེད་པའི་གཏམ་བཟང་པོ། །ཉན་ཐོས་ཆེ་དང་བྱང་ཆུབ་སེམས་དཔའི་འཁོར་ལ་བསྟན། ། མ་ངེས་པ་ཡི་གནས་དང་སྤྱོད་ཡུལ་སྣ་ཚོགས་སུ། །བདེ་བར་གཤེགས་པའི་སྙིང་པོ་བརྗོད་བྱའི་གཙོར་མཛད་ནས། །མི་ལྡོག་གཏམ་གྱི་སྣོད་དུ་གྱུར་པའི་གདུལ་བྱ་ལ། །ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་བདུད་རྩི་བསྟན། །དེ་ལྟ་བས་ན་ མཐུན་རྐྱེན་ཚོགས་གཉིས་ཡོངས་སུ་རྫོགས། །འགལ་རྐྱེན་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམ་པར་སྤངས། །འབྲས་བུ་སྐུ་གཉིས་ཡོངས་སུ་གྲུབ་པ་དེ་ཡི་ཕྱིར། །སྟོན་པ་འདི་ནི་ཚད་མར་བཟུང་འོས་ཉིད་ཡིན་ནོ། །ཚངས་པ་དབང་ཕྱུག་ལྷ་ཆེན་ཁྱབ་འཇུག་ལ་སོགས་ པ། །ཆེ་བར་གྲགས་ཀྱང་རང་ཉིད་སྲིད་མཚོ་ལས་མ་བརྒལ། །འདོད་དང་ཁྲོ་དང་གཏི་མུག་སྐྱོན་ཡང་མཐར་མ་བྱས། །དེ་ཡི་ཕྱིར་ན་ཚངས་སོགས་དེ་དག་ཚད་མ་མིན། །རྫོགས་བྱེད་ལ་སོགས་སྟོན་པ་དྲུག་ཏུ་གྲགས་པ་ཡང་། །ཁ་ཅིག་རྟག་དང་ལ་ལ་ཆད་པའི་ལམ་དུ་གོལ། ། 110-1-6a དེ་དག་རྣམས་ལ་བྱང་ཆུབ་ལམ་དང་བྱང་ཆུབ་མེད། །དེ་ལྟ་བས་ན་དེ་རྣམས་སྟོན་པ་ཚད་མ་མིན། །ཉི་མ་ཟླ་བ་སྨོན་ལམ་དབང་གིས་གསལ་བར་འཆར། །ཆུ་ལྷ་ལུས་ངན་དྲག་པོ་ལ་སོགས་མཐུ་སྟོབས་ཆེ། །ཀཱི་ལ་ཀརྟི་དྲང་སྲོང་ལྷ་རྣམས་སྨྲ་མཁས་ཀྱང་། ། སངས་རྒྱས་བཞིན་དུ་དེ་དག་འདམ་གྱི་མཐར་མ་ཕྱིན། །ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེ་གྲུལ་བུམ་ཤ་ཟ་དང་། །མི་དང་མི་མིན་འབྱུང་པོ་དེ་དག་ཐམས་ཅད་ཀྱང་། །སངས་རྒྱས་འདི་ལ་སྐྱབས་སུ་འདོང་ཞིང་ཆོས་ཉན་ཏོ། ། འདྲེན་པ་འདི་ཡིས་སྔོན་ཚེ་ཚངས་དང་བརྒྱ་བྱིན་དང་། །འཁོར་ལོས་བསྒྱུར་བའི་གོ་འཕང་གྲངས་མེད་བརྙེས་གྱུར་ཀྱང་། །དེ་དག་ཐམས་ཅད་ཆབ་རོམ་རི་བོ་ཇི་བཞིན་དུ། །འཇིག་པར་དགོངས་ནས་མ་ཆགས་བྱང་ཆུབ་འདི་བཙལ་ཏོ། ། དེ ཤ མ ཎི ནྨ ན ཀཱ ཡ ཙ བ ཙྪཿ །། པྲ ཀྲི ཏ གུ ཎྱ མ ནཱ མ ཎ མི ཏྱཱ །། ཨཱ རྱ མ ཧཱ མ ཎ དུ རྟ ཧ བ སྟིཿ །། བྷ ཀྟི ཛ ཏཱ ཀི ཙ བཱ ཤཱ བས མྨཾ །། སྟོན་པ་དཔང་གྱུར་འདི་ཡི་སྐུ་དང་གསུང་དང་ཐུགས། །ཡོན་ཏན་རང་བཞིན་མཐའ་ཡས་བསམ་གྱིས་མི་ཁྱབ་པ། །འཕགས་ཆེན་གྱིས་ཀྱང་གཞལ་བར་དཀའ་མོད་དེ་ལྟ་ནའང་། །དང་བ་བསྐྱེད་ཕྱིར་ཅུང་ཟད་བརྗོད་ལ་གུས་པར་ཉོན། །ཕྱག་དང་ཞབས་ ཟུང་བཀྲ་ཤིས་འཁོར་ལོའི་མཚན་མ་ཅན། །སོར་མོ་རྣམས་ནི་དྲ་བས་ལེགས་འབྲེལ་རུ་སྦལ་ཞབས། །རབ་ཏུ་འཇམ་མཉེན་ཡན་ལག་རྣམས་ནི་གཞོན་ཤ་ཆགས། །ཐེབ་གོང་གཉིས་སོགས་འདི་ཡི་བདུན་དག་མཐོ་བར་སྣང་། །ཆུ་ཤིང་ལྟར་དྲང་སྐུ་ཡི་བོངས་ནི་ལྷག་ པར་ཆེ། །སོར་མོ་རིང་ཞིང་ཞབས་ཀྱི་རྟིང་པ་མཆོག་ཏུ་ཡངས། །ཞབས་འབུར་མི་མངོན་བ་སྤུ་གྱེན་དུ་ཕྱོགས་པར་འཁྲུངས། །བྱིན་པ་དག་ནི་རི་དྭགས་ཨེ་ན་ཡའི་དང་མཚུངས། །གཏོང་ལ་བསྲིངས་པའི་ཕྱག་ནི་རིང་ཞིང་རབ་ཏུ་མཛེས། །གླང་པོའི་མཆོག་ 110-1-6b ལྟར་གསང་བའི་སྦ་བ་སྦུབས་སུ་ནུབ། །སྲབ་འཇམ་པགས་པ་གཙོ་སྦྱངས་གསེར་གྱི་ཁ་དོག་འདྲ། །སྤུ་རྣམས་ཀྱིས་ཀྱང་དགེ་ཕྱིར་གཡས་སུ་བསྐོར་བ་བཞིན། །མཛོད་སྤུས་ཞལ་བརྒྱན་རོ་སྟོད་མ་ཞུམ་སེང་གེ་འདྲ། །དཔུང་པ་ཟླུམ་རྒྱས་ཐལ་གོང་དག་ཀྱང་ ལེགས་པར་གང་། །རོ་མི་ཞིམ་པའང་འདི་ལ་རོ་མཆོག་ཉིད་དུ་སྣང་། །ནྱ་གྲོ་དྷ་ལྟར་འདི་ཡི་སྐུ་ནི་ཆུ་ཞེང་གབ། །གཙུག་ཏོར་དབུས་གནས་ལྗགས་རིང་པདྨ་ལྟ་བུར་མཛེས། །ཚངས་དབྱངས་གསུང་མངའ་འགྲམ་པ་རི་དྭགས་རྒྱལ་པོ་བཞིན། །ཚེམས་དཀར་ ཐགས་བཟང་མཉམ་ཞིང་བཞི་བཅུའི་གྲངས་སུ་ཚད། །སྤྱན་གཉིས་མཐོན་མཐིང་རྫི་མ་བ་ཡི་མཆོག་འདྲ་སྟེ། །མཚན་གཞི་གང་ལ་ཡོན་ཏན་གང་ཞིག་ཡོད་པ་དེས། །སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་བཟང་པོ། །སུམ་ཅུ་རྩ་གཉིས་འདི་དག་ རྣམས་དང་གཞན་དུ་ཡང་། །དཔེ་བྱད་བཟང་པོའི་མེ་ཏོག་རྣམས་ཀྱིས་སྐུ་ལུས་བརྒྱན། །སྐུ་ཡི་སྤྱོད་ལམ་མཁྱེན་བཞིན་བཞུགས་དང་མཁྱེན་བཞིན་འགྲེང་། །མཁྱེན་བཞིན་གཤེགས་དང་མཁྱེན་བཞིན་གཟིམས་པར་སྟོན་པ་ནི། །སྤྱོད་ཡུལ་རན་པར་མཐུན་པ་ མཐོང་ན་མི་མཐུན་མེད། །དད་པས་མོས་པ་དག་ལ་མངོན་པར་དགའ་བ་བསྐྱེད། ། པཱུ རྦཱ ཡུ མཱི ལོ ཏྟ ར ག མྨི ཧེ ཏོ །། ཧ སྟཱ ཙ རཱ ཎཱ ད ཡ བཱ ལ ཙ ཀྲེ །། དྷྱཱ ཏཱི ཏ པུ ཎྱ ཥྵུ བྷ རོཿ ཏ ཐཱ ཀྲི ཏྲེ །། ཡ སྱ པྲ སོ ཀཱ ཡ དི དྲྀ ཥྚ ནཱ ཀྵྱཿ །། སྔོན་ཚེ་བླ་མ་བསུ་དང་སྐྱེལ་བར་གོམས་པའི་རྒྱུས། །ཕྱག་ཞབས་བཀྲ་ཤིས་འཁོར་ལོས་སྤྲས་པར་གྱུར་ལ་སོགས། །སྔོན་གོམས་བསོད་ནམས་དགེ་ཚོགས་དག་གི་རྒྱུ་མཐུན་པ། །གང་གི་སྐུ་ནི་རབ་མཛེས་ལྟ་བས་ཆོག་མི་ཤེས། ། 110-1-7a གླང་པོ་ཕལ་སོགས་བདུན་ཅུས་བསྒྲེས་པ་སྲེད་མེད་ཀྱི། །བུ་ལ་ཡོད་པའི་ལུས་ཀྱི་སྟོབས་ནི་དཔེར་མཛད་དེ། །སྟོན་པ་འདི་ཡི་གདུང་ལས་བྱུང་བའི་སྟོབས་གང་ཡིན། །དེ་དང་འདྲར་གསུངས་རྫུ་འཕྲུལ་ཡུལ་ནི་ཚད་ལས་འདས། །ལྷ་རྣམས་ཀྱིས་བསྐོར་ མཁའ་ལ་བཞུགས་དང་འཆག་པར་སྣང་། །མི་རྣམས་ཀྱིས་བསྐོར་ས་སྟེང་དག་ན་སྤྱོད་པར་སྟོན། །འཁོར་གྱི་དབུས་ན་ཉི་མ་ལྟ་བུར་ལྷམ་མེ་བའི། །གཟི་བརྗིད་འོད་ཀྱིས་ལྷ་སོགས་མཐའ་དག་ཟིལ་གྱིས་གནོན། །ཐུབ་པའི་གཙུག་ཏོར་ནོར་བུའི་རྩེ་མོ་བལྟར་ མི་མངོན། །གང་གིས་ཀྱང་ནི་སྐུ་ཡི་ཚད་མཐའ་མི་རྟོགས་ཏེ། །བི་ཤྭ་ཀརྨས་འཇལ་བར་བརྩམས་པས་མ་དཔོག་པར། །འོད་མདངས་དགའ་བའི་འཇིག་རྟེན་ཁམས་སུ་སླེབས་པར་གྲགས། ། བི མཾ ཛུ དུ རེ ཀ ར ཏ ཏ བོ དྷི ས ཏྭ ཏོོ།། ད མོ ད མཽ ས པ རི བྷ ར ཤྲ ཝཱ ཀ ཏཽ།། ན ཙཱ ལ ཡཾ བ ས སི མུ ཁ སྠི དྷ རྨ ཙཿ།། དྭི ཙཱ ར ཎཾ སྭ མི ཤ རི རཱ ཏི བྷཻ མ ཧོ།། བྱང་ཆུབ་སེམས་དཔའ་རྩུབ་མོ་རྒྱང་བསྲིངས་དེ་དག་དང་། །ཉན་ཐོས་དུལ་བ་དུལ་བ་དག་གིས་ཡོངས་བསྐོར་ཞིང་། །ཆོས་གོས་གྲ་ཡང་གཡོ་བ་མེད་པའི་བརྟན་པ་ཅན། །རྐང་གཉིས་གཙོ་བོའི་གཟུགས་ཀྱི་སྐུ་ནི་རྨད་དུ་བྱུང་། ། གང་གིས་བསླུ་མེད་བདེན་པར་ལུང་སྟོན་བཞེད་པ་ཡིས། །འཛུམ་པ་མཛད་པའི་ཞལ་གྱི་སྒོ་ནས་སྣ་ཚོགས་པའི། །འོད་ཟེར་བཀྱེ་བས་མུན་པ་ཆེན་པོར་གནས་ལ་སོགས། །འགྲོ་བ་ཐམས་ཅད་སྣང་བར་བྱེད་ཅིང་གུས་ལ་སྦྱོར། །སྙན་ཅིང་འཇམ་ལ་ང་རོ་ངན་པ་རིང་དུ་སྤངས། ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་བཞིན་རྟག་ཏུ་སྒྲོག །སྒྲ་སྐད་མཐའ་ཡས་རྣམ་པར་དག་པའི་དབྱངས་སྙན་པ། །སྟོན་པ་འདི་ཡི་གསུང་ནི་ཚངས་པའི་གདངས་དང་ལྡན། །ཡན་ལག་དྲུག་ཅུའི་ཆ་ཤས་རྫོགས་པར་སྒྲོག་པ་དེས། །ཐོག་ཐ་བར་དུ་དགེ་ཞིང་ཞི་བའི་ཆོས་ 110-1-7b སྟོན་ལ། །ལྷ་དང་མི་དང་འགྲོ་བ་ཇི་སྙེད་དེ་སྙེད་ཀྱི། །སྒྲ་སྐད་ཉིད་དུ་ཆོས་ཀྱི་གཏམ་ནི་ཐོས་པར་འགྱུར། །གང་གིས་བསྟན་པ་འདི་མཐོང་དོན་ཡོད་དོན་མེད་མིན། །མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་བྱ་བ། །སྡུག་བསྔལ་ནད་སེལ་བདེ་བའི་མཆོག་ཏུ་ ངེས་པར་འབྱུང་། །མ་རིག་མུན་སེལ་ཆོས་ཀྱི་སྒྲོན་མ་གསལ་བ་ཉིད། །མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན་དང་ཚིགས་བཅད་སྡེ། །ཆེད་དུ་བརྗོད་དང་གླེང་གཞི་སྐྱེས་པ་རབས་ཀྱི་སྡེ། །རྟོགས་པ་བརྗོད་དང་དེ་ལྟར་བྱུང་བ་བསྟན་པའི་སྡེ། །རྨད་བྱུང་ གཏན་ལ་དབབ་དང་ཤིན་ཏུ་རྒྱས་པའི་སྡེ། །གསུང་རབ་ཡན་ལག་རྣམ་པ་བཅུ་གཉིས་འདི་དག་དང་། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་གྲངས་སམ་བཞི་སྟོང་བཅས། །གདུལ་བྱའི་ཁམས་དང་དབང་པོ་བག་ཉལ་དང་འཚམ་པར། །རྗོད་བྱེད་ཐབས་དང་བརྗོད་བྱ་ཐབས་ བྱུང་འབྲེལ་བར་སྟོན། །འཁོར་གྱི་ནང་དུ་གུས་དང་མ་གུས་བར་མ་ལ། །དགྱེས་དང་མི་དགྱེས་བར་མའི་རྣམ་རྟོག་མི་མངའ་བར། །ཆོས་སྟོན་པ་ནི་བསྙེངས་པ་མི་མངའ་བག་བརྐྱང་སྟེ། །མཉམ་པར་བཞག་བཞིན་འདྲི་བ་ཀུན་ལན་ལུང་ཡང་སྟོན། ། ཛྙཱ ཡ སྱ ས མཱ དྱ ཙ མཱ ནྶུ བྷཱ ཥེ།། ཛྙཱ ནཱ དྷི པ ཏཱི ང ཕ ལཾ ཙ བྷུྰ ཏིཿ།། ཛ དྱེ ཤྲ བི བུ དྡྷ མ བུ དྡྷ ཇི ཎྱི།། ཛྲི ཀྭཱ གི ད ཨཱ རྱ ཀི ཧེ ཏུ དྲྀ ཥྚཿ།། ཡེ་ཤེས་གང་དང་ཡང་དག་ལྡན་པས་འདི་གསུངས་ཕྱིར། །འདི་ནི་ཡེ་ཤེས་བདག་པོར་གྱུར་པའི་འབྲས་བུ་དང་། །འདི་ལས་ཉན་རང་བྱང་སེམས་སངས་རྒྱས་འཁྲུངས་པས་ན། །རྒྱལ་བའི་གསུང་འདི་འཕགས་པ་ཀུན་གྱི་རྒྱུར་ཡང་མཐོང་། ། སྔོན་གྱི་ཚུལ་གསུང་འདི་ནི་འོང་བ་སྟོན་པ་སྟེ། །ཕྱི་མའི་གནས་སུ་འགྲོ་བ་དག་ཀྱང་སྟོན་པར་མཛད། །ཐེག་པ་གསུམ་གྱི་ངེས་པར་འབྱུང་བའང་གསལ་སྟོན་ཏེ། །བདག་ཉིད་གཤེགས་ནས་སྤྱོད་པ་མཁྱེན་ཏེ་དེ་ལུང་སྟོན། །ང་ནི་སངས་རྒྱས་ང་ཡིས་སྤང་བྱ་མཐའ་དག་ 110-1-8a སྤངས། །འདི་ནི་ལམ་ཡིན་འདི་ནི་བར་དུ་གཅོད་པ་ཞེས། །འཇིགས་པ་མེད་པའི་དམ་བཅའ་རྟག་ཏུ་བསྒྲགས་པ་ལ། །མུ་སྟེགས་ལ་སོགས་རྒོལ་བ་གཞན་གྱིས་བརྒལ་བྱར་མེད། །སྐྱེ་བོ་གང་ཞིག་སངས་རྒྱས་དྲུང་དུ་ཉེར་འོངས་པ། །དེ་དག་རྣམས་ ལ་གང་དུ་གནས་བཅས་གང་ནས་འོངས། །བདེ་བར་གྱུར་ཏམ་ཅི་ཞེས་དྲི་བ་གསུམ་པོ་འདིས། །སོ་སོར་ཀུན་དགའ་བསྐྱེད་པར་མཛད་འདི་ཆོས་ཉིད་ཡིན། །དོན་གང་ཡིན་པ་ཇི་བཞིན་སྟོན་པ་རིགས་པ་དང་། །ཐག་ཐོགས་མེད་པར་ཐམས་ཅད་ནས་ནི་ཐམས་ ཅད་དུ། །ཐམས་ཅད་ལ་ཡང་གྲོལ་བའི་སྤོབས་པ་འདི་གཉིས་ཀྱི། །རྩེ་མོར་བྱོན་སླད་ཆོས་སྨྲ་བ་ལ་མཚུངས་གཞན་མེད། །ལྷ་ཡི་རྔ་འདྲ་འབྲུག་གི་སྒྲ་དང་མཚུངས་པ་སྟེ། །སྒྲ་བརྙན་དང་འདྲ་དྲི་ཟའི་གླུ་དབྱངས་སྙན་པ་འདྲ། །ཚངས་པའི་དབྱངས་འདྲ་དཔེ་ འདི་དག་གིས་རྒྱལ་བའི་གསུང་། །ཕྱོགས་ཙམ་མཚོན་གྱི་མཉམ་ཞིང་མཉམ་པ་ཡོང་ཡེ་མེད། །རྒྱལ་བའི་གསུང་ནི་ཉོན་མོངས་ནད་ཀྱི་སྨན་མཆོག་དང་། །སྡིག་པའི་དྲི་མ་ལེགས་པར་འཁྲུད་པའི་ཆབ་ཀྱི་རྒྱུན། །སྙིང་གི་མུན་པ་རྣམ་པར་སེལ་བའི་ཟླ་བ་སྟེ། ། ཀུན་སྦྱོར་ཚང་བས་གདུངས་བར་ག་ལ་གྲིབ་བསིལ་ཡིན། །གསུང་གི་ཆོ་འཕྲུལ་ཆོས་རྣམས་ཀུན་ལ་རྗེས་འགྲོ་སྟེ། །ནམ་མཁའ་སྤྲིན་དང་ལྗོན་ཤིང་རླུང་དང་རྔ་བོ་ཆེ། །བ་དན་བསྐྱོད་དང་སིལ་སྙན་སོགས་ལས་ཆོས་སྒྲ་འབྱུང་། །བྱིན་གྱིས་བརླབས་ལས་ བྱོལ་སོང་སོགས་ཀྱང་ཆོས་སྨྲའོ། །མ་ཤེས་ཤེས་དང་མངོན་སུམ་མ་བྱས་མངོན་སུམ་བྱེད། །ཐེ་ཚོམ་གཅོད་ཅིང་དགེ་བ་བཅུ་དང་བསམ་གཏན་བཞི། །ཚད་མེད་གཟུགས་མེད་འབྲས་བུ་བཞི་དང་རང་རྒྱལ་དང་། །སངས་རྒྱས་ཉིད་ཀྱང་སངས་རྒྱས་གསུང་འདིས་རབ་ཏུ་འབྱེད། ། 110-1-8b སྐཱ ནྦཱ ཏཱི ཏ བི ཛི མ ནོ བུ དྡྷེ།། དྷཱ ཏྭཱ སྠཱ ན བི ཛི ཡ ཙི ཏྟེ བྷཱུ།། བཻ ཛྙཱ ས མྐྲི ཏ ས མ ཀྲྀ ཏྨུ ཀྟིཿ།། ཙི ཏྟཱ དྷཱ ཏུ ཡ ཏ ཏ བཻ བེ ཀྟཿ།། སངས་རྒྱས་ཐུགས་ནི་རྣམ་ཤེས་ཕུང་པོ་ལས་འདས་ཤིང་། །རྣམ་པར་ཤེས་པའི་ཁམས་རྣམས་ལ་ཡང་མི་གནས་ཏེ། །རྣམ་ཤེས་སེམས་དང་སེམས་ལས་བྱུང་བ་དག་ལས་གྲོལ། །འདུས་བྱས་འདུས་མ་བྱས་པའི་ཁམས་ལས་རབ་ཏུ་དབེན། ། འདས་དང་མ་འོངས་ཆོས་ལ་ཉེ་བར་མི་འགྲོ་སྟེ། །ད་ལྟར་བྱུང་བའི་ཆོས་དེ་ལ་ཡང་གནས་པ་མེད། །རྣམ་པར་རྟོག་མེད་དམིགས་པ་མེད་ཅིང་སྤྲོས་དང་བྲལ། །མཐའ་ལ་མི་གནས་དེ་བཞིན་དབུས་ལའང་མ་ཡིན་ནོ། །གནས་དང་གནས་མིན་ལས་དང་རྣམ་པར་སྨིན་པ་དང་། ། མོས་པ་སྣ་ཚོགས་སྣ་ཚོགས་ཁམས་དང་དབང་པོ་དང་། །ཐམས་ཅད་འགྲོ་དང་བསམ་གཏན་རྣམ་ཐར་ལ་སོགས་དང་། །སྔོན་གནས་འཆི་འཕོ་ཟག་པ་ཟད་པ་མཁྱེན་སྟོབས་མངའ། །ཐོག་མ་དབུས་མཐའ་མེད་པ་དེ་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཉིད་ ཕྱིར་ལྷུན་གྱིས་གྲུབ། །སོ་སོར་རང་རིག་གཞན་གྱི་རྐྱེན་གྱིས་རྟོགས་མ་ཡིན། །རང་དོན་ཕུན་ཚོགས་ནམ་མཁའ་ལྟ་བུའི་ཡེ་ཤེས་ལྡན། །ཡེ་ཤེས་དེ་ཡིས་ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན། །མཁྱེན་ནས་གཞན་ལ་ལམ་སྟོན་ཐུགས་རྗེ་ཐུགས་བརྩེར་ལྡན། །ཕ་རོལ་ སྡུག་བསྔལ་ཉོན་མོངས་རྣམ་པར་སེལ་བར་ནུས། །གཞན་དོན་ཕུན་ཚོགས་མཁྱེན་བརྩེ་ནུས་པ་ཕུལ་དུ་བྱུང་། །མེ་ལོང་ལྟ་བུ་(མེ་ལོང་ལྟ་བུ་)གང་ལ་ཆོས་ཀུན་མངོན་སུམ་སྣང་། །སྣང་བ་དེ་ཡང་གཉིས་མེད་(མཉམ་ཉིད་)མཉམ་པ་ཉིད་དུ་གཟིགས། །གཟིགས་པ་དེ་དག་སོ་སོར་མ་(སོར་རྟོག་) 110-1-9a འདྲེས་རྟོགས་ནས་ཀྱང་། །དེ་དེར་མཚམ་པའི་གང་གང་བྱ་བ་(བྱ་སྒྲུབ་)ཐམས་ཅད་སྒྲུབ། །དེ་ལྟ་ན་ཡང་ཆོས་ཀྱི་(ཆོས་དབྱིངས་ཡེ་ཤེས་སོ། །མཆན། )དབྱིངས་ལས་མ་གཡོས་ཏེ། །ཡེ་ཤེས་ལྔ་ལྡན་གཞི་ལམ་རྣམ་པ་ཐམས་ཅད་པ། །སྐྱེ་བ་མེད་པར་ཐུགས་སུ་ཆུད་ནས་རྒྱལ་བའི་ ཡུམ། །ཤེས་རབ་ཕ་རོལ་ཕྱིན་དེས་འཕགས་རྣམས་དོན་སྒྲུབ་བྱེད། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་ཡང་། །ཐམས་ཅད་མཁྱེན་ཉིད་ཡོངས་སུ་བསྔོ་བའི་ཐབས་ མཁས་པ། །ཡོངས་སུ་རྫོགས་སླད་ཤེས་རབ་ཕ་རོལ་ཕྱིན་པས་ཟིན། །དེ་ལྟ་བས་ན་ཕ་རོལ་ཕྱིན་མཆོག་རྩེ་མོར་གཤེགས། ། སཱུ རྱཱ ག རྦཿ ཏ ཐ མ མ ལོ ཀཱཿ དཱི ཀཿ།། བཻ ཀ ལྤ ཉྩཿ པྲ བྷ ཏ ཐ ལོ ཀ ཀྲི ཏྟོ།། ས མཱུ དྡྷ ནྐཿ ཤ ཀ ལ ཛ གཱ རྠཱ ཀྲྀ ཉྩཿ།། ཀྲྀ ཏྐ རྱ ཀྲི ཏྲ བྱ ཡ མ ན ཀ ལྤྱཱ བཱ ནོཿ།། ཇི་ལྟར་ཉི་དཀྱིལ་¹བདག་གིས་འཇིག་རྟེན་སྣང་བྱ་ཞེས། །རྟོག་པ་མེད་ཀྱང་འཇིག་རྟེན་གསལ་བར་བྱེད་པ་ལྟར། །རྫོགས་སངས་རྒྱས་ཀྱིས་སེམས་ཅན་ཀུན་དོན་མཛད་ན་ཡང་། །བྱས་ཤིང་བྱ་དང་བྱེད་ཅེས་རྣམ་རྟོག་ཐུགས་མི་མངའ། ། ²ལྷའི་བུ་ཉི་མ་ལ་རྟོག་པ་ཡོད་ཀྱང་གཞལ་ཡས་ཁང་ལ་མེད་ཅིང་སྣང་བ་ནི་གཞལ་ཡས་ཁང་གི་ཡིན་པས་སོ། །མཆན། ཡེ་ཤེས་ངོ་བོ་དེ་ལྟར་རྟོག་པ་མི་མངའ་ཡང་། །གདུལ་བྱའི་སེམས་ཅན་ཡལ་བར་འདོར་བ་མ་ཡིན་ཏེ། །འདི་ཡི་ཐུགས་ནི་ཟབ་མོ་སྤྲོས་བྲལ་སྟོང་ཉིད་དང་། །རྒྱ་ཆེན་ཐབས་མཁས་སྙིང་རྗེ་ཟུང་དུ་འཇུག་ པའི་ཕྱིར། །ཉིན་དང་མཚན་མོ་ལན་དྲུག་ཏུ་ནི་འཇིག་རྟེན་ལ། །ལེགས་པར་གཟིགས་ནས་སུ་དར་སུ་གུད་རུ་ཕོངས་ལ། །སུ་ཞིག་དཔལ་དང་ལྡན་པར་གྱུར་ཞེས་སྙིང་རྗེ་ཡིས། །དམན་ལ་བརྩེ་དང་ཕན་བཞེད་བྱམས་ཆེན་རྒྱུན་མི་འཆད། ། 110-1-9b ཟིལ་གྱིས་གནོན་པའི་རྫུ་འཕྲུལ་ཆོ་འཕྲུལ་བསམ་ལས་འདས། །ལྷ་མིག་རྣ་བས་གཞལ་མེད་གཟུགས་སྒྲ་ཡུལ་དུ་བྱེད། །སྔོན་གྱི་གནས་དང་འཆི་འཕོ་སྐྱེ་བ་མཁྱེན་པ་དང་། །ཟད་ཤེས་མངོན་བྱས་མངོན་ཤེས་དྲུག་དང་ཡང་དག་ལྡན། །དེ་ལྟ་བས་ན་སྐུ་གསུང་ ཐུགས་ཀྱི་ཡོན་ཏན་ནི། །མདོ་ཙམ་སྨོས་པ་དེ་དག་ལ་སོགས་རྒྱལ་སྲས་ཀྱིས། །བསྐལ་པ་མང་པོར་སྟོང་གསུམ་གང་གའི་བྱེ་སྙེད་ཀྱི། །ལྕེ་རྩེས་བརྗོད་ཀྱང་བས་བར་འགྱུར་བ་མ་ཡིན་ཏེ། །འགྲན་པར་འདོད་པ་མུ་སྟེགས་སྟོན་པ་དྲུག་སོགས་ཀྱང་། །ཆོ་འཕྲུལ་ ཆེན་པོས་ལེགས་པར་འདུལ་བར་མཛད་པ་སྟེ། །ལོང་བའི་ཚོགས་རྣམས་དམིགས་བུ་ཚོལ་བར་བྱེད་པ་བཞིན། །རྨོངས་པའི་འགྲོ་རྣམས་རྨོངས་མེད་འདི་ལ་སྐྱབས་སོང་ཞིག །སྔག་ཀྱི་དབང་བྱས་ཚོགས་གསུམ་འཁོར་ལོ་ཡོངས་གང་ནས། །རྡོ་རྗེ་འཆང་དབང་ བདེ་སྟོང་རིས་མེད་ཆོས་སྐུའི་ངང་། །རྒྱུ་དང་འབྲས་བུའི་རྡོ་རྗེ་འཛིན་པ་དཀྱིལ་འཁོར་གཙོ། །སྒྱུ་མའི་གར་གྱིས་འདྲེན་པ་འདི་ནི་རྣམ་པར་རོལ། །སྟོན་པ་འདི་ནི་ཀུན་གྱི་མགོན་སྐྱབས་དཔུང་གཉེན་ཏེ། །རང་ཉིད་གྲོལ་ནས་གཞན་གྱི་འཆིང་བ་ཀུན་འགྲོལ་བའི། ། ཕན་མཛད་འདི་ལ་སུ་ཞིག་ཚད་མར་མི་བྱེད་དེ། །འཇིག་རྟེན་གསུམ་གྱི་དཔང་པོ་དོ་ཟླ་མེད་པ་ཡིན། །སྟོན་པའི་ཡོན་ཏན་བརྗོད་པའི་སྐབས་སོ།། །། ཏ ཏྱྡཱི ཀྶ ཏྡྷ རྨ ཀི ཏ ཐ དེ ཤོ།། དྲྀ ཥྚཱ ནྟཾ བཱ ལ ཛ རི པུ ཏི སྟཿ།། པྲ ཏྱཱ བྷོོ ཛེ ན ཛི ཝ ཀ ཏཱ ཐཱ།། ཨཱ ཏྱཱ ནཱ ཐེ ནྡྲ ས མ ཡ བྷེ དོ།། རྒྱལ་བ་དེ་ཡིས་དམ་ཆོས་ཇི་ལྟར་བསྟན་པ་ནི། །དཔེར་ན་བྱིས་པ་དར་ལ་བབ་དང་རྒན་པོ་རྣམས། །ཁ་ཟས་སོ་སོས་འཚོ་བར་འོས་པ་དེ་བཞིན་དུ། །མགོན་པོ་འདི་ཡིས་དབང་པོའི་རིམ་པ་དང་འཚམ་པར། ། 110-1-10a དང་པོའི་སྐལ་ཅན་ལས་འབྲས་བདེན་བཞིའི་འཁོར་ལོས་འདུལ། །སྣོད་དུ་སྨིན་ནས་སྟོང་ཉིད་མཚན་མེད་སྨོན་མེད་སྟོན། །སྟོང་པར་ཞེན་རྣམས་གཤེགས་སྙིང་གཏམ་གྱིས་ཟུང་འཇུག་སྦྱོར། །དེ་ལྟར་བསྟན་པས་སྐལ་བ་དང་འཚམ་སྨན་དུ་ འགྱུར། །སེར་སྣ་ཅན་དག་སྦྱིན་པའི་གཏམ་གྱིས་གྲོལ་མཛད་དེ། །སྦྱིན་པས་རློམ་ལ་ཚུལ་ཁྲིམས་བསྔགས་པ་ཆེད་དུ་གསུང་། །དེ་ལྟ་དེ་ལྟར་འཛིན་པ་དེ་དག་བཟློག་པའི་ཕྱིར། །ཐབས་ལ་མཁས་པས་གང་ལ་གང་འདུལ་ཆོས་གསུང་ངོ་། །གདུལ་ བྱ་དྲང་ཕྱིར་ཀུན་རྫོབ་དྲང་དོན་ཆོས་གསུང་སྟེ། །གྲོལ་བའི་སླད་དུ་ངེས་དོན་ཡང་དག་མཐའ་ལྡན་སྟོན། །ཡུལ་དུས་སྐབས་དོན་དེ་དེར་དགོངས་དང་ལྡེམ་པོ་དང་། །ཐ་སྙད་མ་གསལ་ཇི་བཞིན་མིན་པའི་སྒྲ་རུ་གསུང་། །ཇི་ལྟར་ནད་པའི་ནད་ཀྱི་ཁམས་དང་ ལུས་ཟུངས་དང་། །འཚམ་པ་ཉིད་དུ་སྨན་པ་མཁས་པས་སྨན་སྟོན་ཏེ། །དེ་བཞིན་གང་ཟག་བདག་མེད་ཉིད་དང་ཆོས་ཀྱི་ཕྱེད། །ཆོས་བདག་མེད་པའི་ཉན་རང་ཐེག་ཆེན་ཆོས་སྟོན་ཏོ། །མགོ་གཅིག་སྟོན་དང་རྣམ་པར་ཕྱེ་སྟེ་སྟོན་པ་དང་། ། དྲིས་ཏེ་སྟོན་དང་བཞག་པ་ཉིད་དུ་ལུང་སྟོན་པ། །དེ་དང་དེ་ཡིས་གང་གང་ཞུས་པ་དེ་ཡི་དོན། །གསལ་བར་འཆད་ཅིང་བརྗོད་པའི་སྒོ་ནས་ཆོས་གསུང་ངོ་། །རྒྱུ་ལ་མོས་པར་ཕར་ཕྱིན་རྒྱུ་ཡི་ཐེག་པ་དང་། །འབྲས་བུར་མོས་པར་འབྲས་བུ་སྔགས་ ཀྱི་ཆོས་གསུང་སྟེ། །རིགས་བཞི་གདུལ་སླད་བྱ་བ་ལ་སོགས་རྒྱུད་བཞི་དང་། །མཐའ་དྲུག་ཚུལ་བཞིས་སྦས་པའི་ཟབ་གསང་ཐེག་པ་གསུང་། །སངས་རྒྱས་ཞིང་ཁམས་དཔག་ཏུ་མེད་པ་དེ་དག་དང་། །ལྷ་མིའི་གནས་དང་ཀླུ་ཡི་གནས་ སོགས་སྣ་ཚོགས་སུ། །དམ་ཆོས་བསྟན་ཏེ་ཡུལ་དང་དུས་དང་འཁོར་ལ་སོགས། །བྱེ་བྲག་ཞིབ་ཏུ་རང་རང་སྐབས་ལས་གསལ་བ་ཡིན། །རྒྱལ་བས་བསྟན་པའི་འདུལ་བ་མདོ་སྡེ་མངོན་པ་ཡི། །སྡེ་སྣོད་གསུམ་པོ་ཉན་ཐོས་ཆེན་པོ་རྣམས་ཀྱིས་བསྡུས། ། རྒྱུད་སྡེ་རྣམས་ཀྱང་གསང་བའི་བདག་པོ་ལ་སོགས་པ། །གསང་རྒྱུད་འཛིན་པས་ལེགས་པར་བསྡུས་ཤིང་བསྟན་པ་ཡིན། །དམ་པའི་ཆོས་ཇི་ལྟར་གསུངས་པ་བརྗོད་པའི་སྐབས་སོ།། །། 110-1-10b སི ངྒྷ བ དྷཱི ནཱ ཏོོ བ ཙ པ ཏྱཱ།། ས ཏྦྷ སི བུ དྡྷཱ ཤཱ ས ན ནཱ མེ།། བཻ ཤི ཏ དྷ རྨཱ ཙ ཀྲ གུ ཎཱ ཙཿ།། ས ཏྷི ཏ བཻ བོ དྷཾ སུ ཁ མཱུ ལཾ།། སྨྲ་བའི་སེང་གེས་གསུངས་པ་དེ་དག་གཙོར་གྱུར་པའི། །དམ་པའི་ཆོས་ལ་སངས་རྒྱས་བསྟན་པ་ཞེས་བྱ་སྟེ། །ཆོས་ཀྱི་འཁོར་ལོ་རྣམ་པར་དཀར་བའི་ཡོན་ཏན་དང་། །རྣམ་བྱང་བདེན་པ་ཕན་བདེ་ཀུན་གྱི་རྩ་ལག་ཡིན། ། དམ་པའི་ཆོས་ཀྱང་རྣམ་པར་ཕྱེ་ན་གཉིས་ཡོད་དེ། །ལུང་གི་ཆོས་དང་མངོན་པར་རྟོགས་པའི་ཆོས་ཞེས་བྱ། །ལུང་གི་བསྟན་པ་ཀློག་པ་ཐོས་བསམ་གྱིས་འཛིན་ཅིང་། །རྟོགས་པའི་བསྟན་པ་སྒྲུབ་པ་ནན་ཏན་ཉིད་ཀྱིས་འཛིན། །འདོད་ཆགས་གཉེན་ པོར་འདུལ་བའི་སྡེ་སྣོད་མངོན་གསུངས་ཤིང་། །ཞེ་སྡང་གཉེན་པོར་མདོ་སྡེ་དག་དང་དེ་བཞིན་དུ། །གཏི་མུག་གཉེན་པོར་མངོན་པའི་སྡེ་སྣོད་གང་གསུངས་པའི། །མིང་ཚིག་ཡི་གེའི་ཚོགས་པར་སྣང་འདི་ལུང་ཆོས་ཡིན། །རྒྱལ་བ་ཉིད་ཀྱིས་ཞལ་ ནས་གསུངས་དང་བྱིན་གྱིས་བརླབས། །རྗེས་སུ་གནང་བའི་གསུང་རབ་དག་ལ་བཀའ་ཞེས་གྲགས། །དེ་དོན་འགྲེལ་བྱེད་སློབ་དཔོན་དག་གིས་གང་མཛད་པ། །ཚད་མར་གྱུར་རྣམས་བསྟན་བཅོས་རྣམ་པར་དག་པ་ཡིན། །གང་ཞིག་མཉན་བྱ་ རྗོད་བྱེད་སྒྲ་ཡི་ཚོགས་རྣམས་ནི། །གང་གིས་མཉན་བྱེད་ཡུལ་ཅན་ཉན་ཤེས་མ་འཁྲུལ་བས། །ཡུལ་དུ་བྱས་ནས་རྟག་པར་དགེ་བའི་བཤེས་གཉེན་ལས། །ལེགས་པར་གསུངས་རྣམས་ཐོས་པར་བྱ་ཞིང་མཉན་པར་བྱ། །བཀླག་པར་བྱ་ཞིང་བཟུང་ བར་བྱ་ལ་བཅད་པར་བྱ། །རབ་ཏུ་གདོན་བྱ་ཀུན་ནས་ཡོངས་སུ་ཆུབ་པར་བྱ། །ཁ་བཏོན་བྱ་ཞིང་མཁས་ལས་ལུང་ཡང་ནོད་པར་བྱ། །ཡོངས་སུ་དྲིས་ཏེ་ཐེ་ཚོམ་རྣམ་པར་སྤང་བར་བྱ། །ཚིག་གང་ཐོས་པ་དེ་ཡི་དོན་ལ་རྣམ་བརྟགས་ནས། ། 110-1-11a ལེགས་པར་གཞིགས་ཏེ་མཆོག་ཏུ་བསམས་ཤིང་ཡིད་ལ་བྱ། །འདི་དག་རྣམས་ལ་ཀློག་པ་ཐོས་བསམ་ཞེས་བྱ་སྟེ། །རྒྱུ་དེ་ལས་ནི་ལུང་གི་བསྟན་པ་ཤེས་པར་འགྱུར། །མངོན་པར་རྟོགས་པའང་བསླབ་པ་གསུམ་གྱིས་ བསྡུས་པ་སྟེ། །ལྷག་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་དང་ཤེས་རབ་རྣམས། །མུ་སྟེགས་ལ་སོགས་གཞན་དང་ཐུན་མོང་མ་ཡིན་ཕྱིར། །ལྷག་པ་ཅེས་བྱ་གཞན་དུ་སྒྲུབ་པའི་བསྟན་པ་མེད། ། པྲ ཐ མ དྷྲྀ ཀ བི ཡཱ གུ ཎཱ མི ཏ ཤཱི ལ ཡཾ།། སུ པྲྀ ཐི བི དྷྲྀ ཏ ཐཱ དྲྀ ཤཱ ནྟ ཐི དེ ཏུ ཧོ།། སུ ཤུ བྷ ཨ མི དྷ མོ དྭི ཥཱ ཙ ཡ ཡཾས ཀཱཿ།། ར ཏ སུ ཐོག་མར་ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གཞི་དང་རྟེན། །གནས་དང་རྒྱུ་ཡིན་དཔེར་ན་ས་གཞི་བཟང་པོ་བཞིན། །དགེ་ལེགས་ཀུན་འཛིན་ཉེས་པ་ཀུན་གྱིས་མི་གཡོ་སྟེ། །བདེ་ལེགས་ ཁ སུ ཛ གཿ ས ཀཱ ལ པ ཊོ ཥྛ བོ།། འདོད་པའི་སྐྱེ་བོ་མཁས་པ་ཀུན་གྱི་གནས། །སོ་སོ་ཐར་དང་བྱང་ཆུབ་སེམས་དང་གསང་སྔགས་ཀྱི། །ཚུལ་ཁྲིམས་རྣམ་གསུམ་གང་གི་རྒྱུད་ལ་ལྡན་གྱུར་པས། །ལེགས་བསྡམས་དེ་ནི་གསུམ་ལྡན་དམ་པར་འགྱུར་བས་ན། །དམན་དང་ངན་འགྲོའི་ 110-1-11b གདུང་བ་ཉེར་ཞི་བསིལ་¹ཐོབ་ཡིན། །ཁྱིམ་པར་གྱུར་ཀྱང་སྲོག་གཅོད་བརྐུ་དང་འདོད་ལོག་དང་། །བརྫུན་དང་ཆང་སྟེ་ཡན་ལག་ལྔ་པོ་འདི་སྤངས་ནས། །ལེགས་པར་བསྲུང་ན་དེ་ལ་དགེ་བསྙེན་ཅེས་བྱ་སྟེ། །རྟེན་གྱི་སྒོ་ནས་གཞན་ལ་དགེ་བསྙེན་མར་ ²ཤཱི་ལ་ཞེས་པའི་ངེས་ཚིག །མཆན། །བརྗོད་དོ། །ཉིན་ཞག་གཅིག་ཏུ་འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན། །ཆང་དང་དུས་མིན་ཟས་དང་མལ་སྟན་ཆེ་མཐོ་དང་། །གར་སོགས་ཕྲེང་སོགས་ལེགས་པར་སྤངས་ནས་བསྲུང་བ་འདི། །བསྙེན་གནས་ཡིན་ཏེ་ གཏན་དུ་བསྲུང་ན་གོ་མིར་གྲགས། །སྐྱབས་སུ་འགྲོ་དང་སྲོག་གཅོད་ལྟ་བུ་སྣ་གཅིག་བསྲུང་། །སྣ་འགའ་བསྲུང་དང་ཕལ་ཆེར་གཅོད་པའི་དགེ་བསྙེན་ཞེས། །ཐ་སྙད་མཛད་དེ་བྱེ་སྨྲས་དགེ་བསྙེན་དུ་མི་འདོད། །དགེ་བསྙེན་ཕ་མ་སངས་རྒྱས་འཁོར་བཞིའི་ ཡ་གྱལ་ཡིན། །རབ་ཏུ་བྱུང་ནས་རྩ་བ་ལྔ་དང་མལ་སྟན་ཟས། །གར་ཕྲེང་དག་དང་གསེར་དངུལ་ལེན་པ་བཅུ་སྤངས་ནས། །ལེགས་པར་བསྲུང་ལ་དགེ་ཚུལ་ཉིད་དུ་བརྗོད་པ་སྟེ། །བུད་མེད་ཕྱོགས་ལ་དགེ་སློབ་མ་ཞེས་ཚིགས་གཞན་ཡོད། །སྤོང་ བདུན་འཁོར་བཅས་ལུས་ངག་ཉེས་སྤྱོད་སྤོང་པ་ཡི། །སྡོམ་པ་ནོད་ནས་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། །དགེ་སློང་དེ་ནི་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི། །མཆོག་ཏུ་གྱུར་སླད་རབ་ཏུ་དང་བར་བྱ་བའི་འོས། །ཚེ་འདིའི་འཇིགས་སྐྱོབས་ཕྱི་མ་ ལྷ་ལུས་ཐོབ་ཕྱིར་སོགས། །ལེགས་སྨོན་མིན་པར་ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས། །ངེས་པར་བྱུང་ནས་མྱ་ངན་འདས་པ་ཐོབ་པའི་སླད། །ནོད་པ་དེ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན། །སོ་ཐར་ཚུལ་ཁྲིམས་རང་གི་ངོ་བོ་སྡོམ་ པ་སྟེ། །སྡོམ་དང་སྡོམ་མིན་བར་མ་རྣམ་གསུམ་རིག་མིན་གྱི། །གཟུགས་སུ་འཇོག་པར་ཐུན་མོང་འདུལ་མངོན་གཞུང་ལས་གསུངས། །ཐེག་ཆེན་ཚུལ་ཁྲིམས་སྤོང་སེམས་གཙོ་བོར་བཤད་པ་ཡིན། །སོ་ཐར་གཉིས་སོགས་རྗོད་བྱེད་ཚིག་གི་ འདུལ་བ་དང་། །བརྗོད་བྱ་ངེས་འབྱུང་ཚུལ་ཁྲིམས་ཟུང་དུ་འབྲེལ་བ་འདི། །སངས་རྒྱས་ཉིད་ཀྱིས་སྟོན་དང་བསྟན་པ་གཉིས་ཀར་གསུངས། །རྒྱལ་བསྟན་ཡོད་མེད་འདི་ཡི་རྗེས་སུ་འགྲོ་ལྡོག་ཡིན། ། 110-1-12a ཏ ཏྣི བཱ ན སུ ཁྱ ཨཱ ཏྨ ཀཾ། ར ཏཻཿ།། ཏ ཏྟ ཐཱ ཨ མི ཏ ས ཏྭ དྷཱ ཏ ཏཱཿ།། དུཿ ཁ ཏཱ ར ཀཱ རུ ཎ སྱ ཝ རྨ བཱཾ།། ཏ ཏྚ ཏཱ རྠ བ རྐྲི བོ དྷི ས ཏྭ བཱ།། མྱ་ངན་འདས་པའི་བདེ་བ་དེ་ལ་བདག་དང་བ། །ཇི་ལྟ་དེ་བཞིན་སེམས་ཅན་ཁམས་ནི་དཔག་མེད་པ། །སྡུག་བསྔལ་བསྒྲལ་ཕྱིར་བརྩེ་བའི་གོ་ཆ་བགོས་ནས་ཀྱང་། །གཞན་དོན་གཙོར་བྱས་དེ་ནི་བྱང་ཆུབ་སེམས་དཔར་བརྗོད། ། ད་ལྟ་བདག་ལ་འགྲོ་གཞན་སྒྲོལ་བའི་མཐུ་མེད་ཕྱིར། །མཐུ་དེ་ཐོབ་པ་བླ་ན་མེད་པའི་སངས་རྒྱས་ཉིད། །སེམས་ཅན་དོན་དུ་བདག་གིས་སྒྲུབ་པར་སྨོན་གྱུར་པ། །དེ་ལྟའི་སེམས་ནི་འགྲོ་བར་འདོད་མཚུངས་སྨོན་སེམས་ཡིན། །སངས་རྒྱས་ འབྲས་བུ་དགེ་བའི་རྒྱུ་ལ་རག་ལས་ཕྱིར། །སྡོམ་པའི་ཚུལ་ཁྲིམས་དགེ་ཆོས་བསྡུད་དང་དོན་བྱེད་གསུམ། །ལེགས་པར་བླངས་ནས་ཉེས་པ་མེད་པར་སྤྱོད་བྱེད་པ། །དེ་ལྟ་བུ་ནི་འགྲོ་བ་ཉིད་མཚུངས་འཇུག་སེམས་ཡིན། །འདི་ཉིད་ལ་ནི་ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། །སྡོམ་པར་བརྗོད་དེ་སོ་སོའི་སྤང་བྱ་སྤོང་བྱེད་ཅིང་། །གཏོང་དང་བསྲུང་དང་དག་པ་སྤེལ་བ་ཞེས་བྱ་བ། །ཐེག་ཆེན་གཞུང་ལས་ཇི་ལྟར་བསླབ་ཚུལ་རྒྱས་པར་བསྟན། །བྱང་ཆུབ་སེམས་འདི་གང་ལ་ ལྡན་ན་རྒྱལ་སྲས་དང་། །རྒྱལ་བའི་མྱུ་གུ་རྒྱལ་བའི་གཞི་དང་རྒྱལ་བའི་མཛོད། །རྒྱལ་བའི་གནས་ཡིན་ཉན་ཐོས་རང་རྒྱལ་ཐམས་ཅད་ལས། །བསོད་ནམས་བློ་གྲོས་ཅི་རིགས་སྒོ་ནས་ཁྱད་པར་འཕགས། །བྱང་ཆུབ་སེམས་ དཔའི་ཚུལ་ཁྲིམས་རིན་ཆེན་རིན་ཐང་མེད། །གང་ན་གནས་པ་ཐེག་ཆེན་འདུལ་བའི་རྒྱ་མཚོ་ནི། །ཟབ་ཅིང་རྒྱ་ཆེ་འདིར་ནི་ཕྱོགས་ཙམ་མཚོན་པ་སྟེ། །བློ་ལྡན་བསྐལ་བཟང་བྱང་ཆུབ་མོས་རྣམས་འདིར་གཞོལ་ཞིག ། 110-1-12b མྱུར་བ་ཁོ་ནར་བླ་མེད་སངས་རྒྱས་དོན་གཉེར་བའི། །དབང་པོ་མཆོག་གྱུར་ཐུན་མོང་མིན་པའི་དད་པས་སྨིན། །དེ་དག་རྣམས་ཀྱིས་གང་ལ་འཇུག་པར་བྱ་བ་ནི། །རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་དེ་ཡིན་ནོ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་བ་ དངོས་སུ་མཐོང་། །དེ་ལ་བརྟེན་ནས་དཀྱིལ་འཁོར་ཆེན་པོར་ལེགས་པར་ཞུགས། །སྨིན་དང་གྲོལ་བའི་དབང་བསྐུར་ལམ་གྱི་གདམས་པ་ནོད། །དེ་དང་མཐུན་པར་བརྟུལ་ཞུགས་དམ་ཚིག་སྡོམ་པ་བསྲུང་། །གང་ཞིག་བསྲུངས་པས་སྐྱེ་བ་གཅིག་ གམ་བཅུ་དྲུག་སོགས། །བདེ་བླག་ཉིད་དུ་རྡོ་རྗེ་འཛིན་པ་མངོན་བྱེད་པ། །རིགས་ལྔའི་སྡོམ་པ་རྩ་བ་ཡན་ལག་ལ་སོགས་བཅས། །ཟབ་རྒྱས་དེ་དག་སྔགས་ཀྱི་ཚུལ་ཁྲིམས་ཡིན་པར་བརྗོད། །ཚུལ་ཁྲིམས་དེ་གསུམ་ངོ་བོ་སྲུང་ཚུལ་ཐ་དད་ ཅིང་། །འདོམ་ན་གོང་གཙོ་འོག་མའི་སྐྱོན་ཡང་གོང་མ་ཡི། །ཡོན་ཏན་ཉིད་ཀྱིས་ཟིལ་གྱིས་གནོན་ཅིང་ཕན་ཡོན་ནི། །ཡར་ལྡན་ཡིན་ཅེས་དཔལ་ལྡན་དགས་པོ་བཀའ་རྒྱུད་བཞེད། །སྣ་ཚོགས་ས་བོན་ཀུན་བཟོད་གཞི་ ལ་རབ་ཏུ་བརྟེན། །རིན་ཆེན་ཇི་སྙེད་རིན་ཆེན་གནས་ལ་རྗེས་སུ་ཞུགས། །མཁའ་ལ་བརྟེན་ནས་འཇའ་ཚོན་སྤྲིན་ཚོགས་སྣང་བ་ལྟར། །མཐའ་ཡས་ཡོན་ཏན་ཚུལ་ཁྲིམས་གཞི་ལས་རྙེད་པར་འགྱུར། ། བརྗོད་པར་བྱ་བ་ཚུལ་ཁྲིམས་བསླབ་པ་རིན་ཆེན་དེ། །མདོ་དང་སྔགས་ཀྱི་འདུལ་བའི་སྡེ་སྣོད་འཇིང་ལ་བརྟེན། །སྐལ་ལྡན་གང་དག་ཡོན་ཏན་དགོས་འདོད་དོན་གཉེར་བ། །དེ་དག་ཐམས་ཅད་ཆོས་འདུལ་ཆུ་གཏེར་ཆེར་ ཞུགས་ཤིག ། 110-1-13a ༀ ཏ ཐཱ ཤུ ཙི བི ཌཱུ རྱ དྷ ཏི ཏ བྷཱུ།། དེ བ ཨི ནྡྲ དྲྀ ཤ རཱུ པ སུ ཨུད ཡཾ།། བཻ ཀུ ལཱ མ ལ ཐ སུ ཏྱ ཀྵ ཙ ཨ ཏྲཿ།། ཛྙཱ ན དཱི ཀ ནི ས མཱ དྷི མ ན དི ཤེ།། ཇི་ལྟར་དྲི་མེད་བཻ་ཌུར་ས་གཞི་གཙང་མ་ལ། །ལྷ་ཡི་དབང་པོའི་གཟུགས་བརྙན་གསལ་བར་རབ་འཆར་བ། །དེ་བཞིན་འདི་ན་རྣམ་པར་གཡེང་བའི་དྲི་མེད་པའི། །ཏིང་འཛིན་སེམས་ལ་ཡེ་ཤེས་སྣང་བ་མངོན་སུམ་གསལ། ། གང་གི་སེམས་ནི་རྟོག་པའི་དྲ་བ་བཅད་གྱུར་ཅིང་། །ཞི་བའི་ཡུལ་ལ་བཞག་པ་མིན་ཡང་གཡོ་བ་མེད། །གྲངས་ལས་མ་སྐྱེས་གཉིས་སུ་མ་གྱུར་རྩེ་གཅིག་པ། །འདི་ནི་བསམ་གཏན་གཙོ་བོའི་ཡན་ལག་ཏིང་འཛིན་ཡིན། །རྣམ་རྟོག་ཆུ་ཀླུང་གཡོ་ བ་ལ་ནི་ཆུ་ལོན་དང་། །ལྕགས་ཀྱུ་ཇི་བཞིན་སེམས་ཀྱི་གླང་པོ་ཡོངས་སུ་འཛིན། །གང་གིས་རྟག་ཏུ་བསམ་གཏན་སྤྱོད་ཡུལ་ལེགས་བསྲུང་བ། །དྲན་པ་ཞེས་བྱ་ཏིང་ངེ་འཛིན་གྱི་ཡན་ལག་ཡིན། །ཕྱི་དང་ནང་དུ་གང་ཞིག་འགྲོ་དང་འོང་བ་དང་། ། དབྱུང་དང་རྔུབ་དང་གྲངས་ཉིད་དང་ནི་ཁ་དོག་དང་། །དབྱིབས་ལ་སོགས་པ་རགས་པའི་རྣམ་པར་གང་དམིགས་པ། །རྟོག་པ་ཅེས་བྱ་འདི་ཡང་བསམ་གཏན་ཡན་ལག་ཡིན། །དེ་ལས་ཕྲ་བར་མིང་དང་རྡུལ་གྱི་ཆ་ཤས་དང་། །འཇུག་དང་ཞུགས་ དང་ལྡང་བའི་ཁྱད་པར་སོགས་དཔྱོད་པ། །བསམ་གཏན་ཡན་ལག་འདི་ལྟ་བུ་ནི་དཔྱོད་པ་ཡིན། །འབྱུང་རྔུབ་རླུང་ཡང་གནས་སྐབས་མང་པོར་རྗེས་སུ་འབྲང་། །ལུས་དང་སེམས་ལ་སྦྱངས་པའི་སིམ་མྱོང་གང་སྐྱེས་པ། །བདེ་དང་དགའ་བའི་ཚོར་ བར་གྲགས་ཏེ་བཏང་སྙོམས་གཞན། །ཡན་ལག་དེ་དག་ཅི་རིགས་ལྡན་པར་གྱུར་པ་ཡི། །བསམ་གཏན་ཚད་མེད་གཟུགས་མེད་རྣམ་ཐར་ཟད་པར་དང་། །ཟིལ་གནོན་མཐར་གནས་འདུ་ཤེས་མེད་དང་འགོག་པ་དང་། །ཐོད་བརྒལ་ལ་སོགས་ཕྲ་ 110-1-13b དང་རགས་དང་ཞིབ་དང་རྩིང་། །ཉེར་བསྡོགས་སྦྱོར་བ་དངོས་གཞིའི་ལམ་དང་མཇུག་གི་རིམ། །ཏིང་འཛིན་དབྱེ་བ་དཔག་ཏུ་མེད་པ་གསུངས་པ་ཡིན། །ཡུལ་ལ་དམིགས་མེད་སྟོང་པ་ཉིད་ཀྱི་ཏིང་འཛིན་དང་། །རྒྱུ་ལ་འཛིན་མེད་མཚན་མ་མེད་པའི་ཏིང་ ངེ་འཛིན། །འབྲས་བུ་གཉེར་མེད་སྨོན་པ་མེད་དང་མི་སྦྱོར་བ། །འདུ་མི་བྱེད་པ་ཐུན་མོང་རྣམ་ཐར་སྒོ་ཡིན་ནོ། །ཐེག་ཆེན་ཚུལ་ལ་ཏིང་འཛིན་དབྱེ་བ་མང་བཤད་པ། །གཙོ་བོའི་སྒོ་ནས་སྒྱུ་མ་ལྟ་བུ་དཔའ་བར་འགྲོ། །རྡོ་རྗེ་ལྟ་བུ་རྣམ་པ་གསུམ་དུ་ འདུས་པ་སྟེ། ཞི་གནས་ལ་བརྟེན་ལྷག་མཐོང་ཤེས་རབ་རབ་ཏུ་འབྱེད། །ཀུན་གཞིའི་མཁའ་ལ་འདུ་བྱེད་ཡིད་ཀྱི་སྤྲིན་ཚོགས་བྱུང་། །རབ་ཏུ་འཕེལ་རྒྱས་གཟུང་འཛིན་གཉིས་སྣང་བར་མེད་དཀྲིགས། །ཀུན་རྟོག་ན་བུན་འཚུབ་མར་གྱུར་ཏེ་ སྡུག་བསྔལ་གྱི། །རྫི་ཆར་གཡོ་འདི་ཞི་བའི་སླད་དུ་ཏིང་འཛིན་བསྒོམ། །ལྷག་པའི་བསླབ་པ་མཐའ་ཡས་ཏིང་ངེ་འཛིན་གྱི་སྒོ། །གྲངས་མེད་ཚད་མེད་གཞལ་དུ་མེད་ལ་རབ་ཞུགས་ནས། །ཀུན་བཟང་ཇི་བཞིན་ཆོས་དབྱིངས་ཡུལ་ལ་རྣམ་རོལ་འདོད། ། དེ་དག་ཐམས་ཅད་མདོ་སྡེའི་སྡེ་སྣོད་ཆེར་ཞུགས་ཤིག ། མུ ཧ ཀ ཨ ཏ ཀ ཨ ནྟོ ཛྙཱ ན ཨཱ དྷཱི ཏ ཤི ཀྵཿ།། པྲ བྷ ས བི པུ ལ བོ དྷིཿ པ ཀྵ ག མྦྷཱི ར དྷ རྨཿ།། པྲ ཏི བྷི ད ས ཀ ལེ བྷྱཿ ས རྦ དྷ རྨཱ ཀ རོ ཏེ།། ས མ ཏ པ ཤ ཏི ནེ ཏྲཿ བུ དྡྷ དྷ རྨ སྱ ཀཱ ཡཾ།། ཤེས་རབ་བསླབ་པ་རྨོངས་པའི་སྨག་རུམ་མཐར་བྱེད་ཅིང་། །བྱང་ཆུབ་ཕྱོགས་ཆོས་ཟབ་ཅིང་རྒྱལ་ཆེ་སྣང་བར་བྱེད། །ཆོས་རྣམས་ཐམས་ཅད་རབ་ཏུ་འབྱེད་པར་བྱེད་པ་སྟེ། །མིག་དང་མཚུངས་པར་སངས་རྒྱས་ཆོས་ཀྱི་སྐུ་མཐོང་ངོ་། ། 110-1-14a མིང་དང་མིང་དོན་དོན་གྱི་ཡུལ་ཅན་གཙོར་གྱུར་པའི། །ཐོས་དང་བསམ་དང་སྒོམ་པའི་ཤེས་རབ་རྣམ་པ་གསུམ། །ཤེས་བྱའི་ཡུལ་ནི་ཟག་པ་དང་བཅས་ཟག་པ་མེད། །རང་གི་མཚན་ཉིད་འཛིན་པའི་དོན་ཅན་ཆོས་རྣམས་སོ། །དུ་མ་ཚོགས་ཤིང་ སྤུངས་པའི་དོན་གྱི་ཕུང་པོ་ནི། །གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ལྔ། །གཟུགས་སུ་རུང་དང་མྱོང་དང་མཚན་འཛིན་འདུ་བྱེད་རིག །འདུས་བྱས་ཆོས་རྣམས་ཕལ་ཆེར་ཟག་དང་བཅས་པ་ཡིན། །སྐྱེ་བའི་སྒོ་ཞེས་ངེས་ཚིགས་ཅན་གྱི་སྐྱེ་མཆེད་རྣམས། །ཡུལ་ དང་ཡུལ་ཅན་དྲུག་ཚན་གཉིས་ཀྱིས་བསྡུས་པ་སྟེ། །རིགས་ཀྱི་དོན་ཅན་ཁམས་ཞེས་བྱ་བ་བཅོ་བརྒྱད་པོ། །དམིགས་པ་བརྟེན་དང་བརྟེན་པའི་རབ་དབྱེ་ལས་ཤེས་བྱ། །ཆོས་དེ་དག་ལས་ལམ་གྱི་བདེན་པར་གཏོགས་རྣམས་དང་། །འགོག་པ་གཉིས་དང་གཞན་དུ་ནམ་མཁའ་ཞེས་བྱ་བའི། ། འདུས་མ་བྱས་རྣམས་གསུམ་པོ་དག་ནི་ཟག་མེད་དེ། ཤེས་བྱ་ཆོས་ཀྱི་རྣམ་དབྱེ་མདོ་ཙམ་སྨོས་པའོ། །བསྟན་པ་འདི་ལ་དེ་ཚུལ་གྲུབ་པའི་མཐའ་སྨྲ་བ། །བྱེ་མདོའི་གཞུང་ལས་རྫས་དང་རྡུལ་ཕྲན་ལ་སོགས་བཤད། །སེམས་ཙམ་སྨྲ་བས་ནང་གི་ཤེས་པའི་སྣང་ཆར་འདོད། །དབུ་མའི་སྲོལ་ ལ་ཐམས་ཅད་འགག་མེད་རྟེན་འབྲེལ་བཞེད། །མ་བརྟགས་སྣང་ཆ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དང་། །དེ་ཡི་རང་བཞིན་སྤྲོས་དང་བྲལ་བའི་སྟོང་པ་ཉིད། །ཟུང་དུ་འབྲེལ་ཡང་གཉིས་སུ་མ་ཆད་གཉིས་མེད་འདི། །ཀུན་རྫོབ་དོན་དམ་བདེན་པ་གཉིས་སུ་ཐ་སྙད་བྱས། ། སྭ དྷ རྨ ཏན བྷེ དྲ ནི རཱ ཏྨ ཧྲྀ ད ཡོ།། པྲ བུ ངྒ བ དྷ ཏཱཾ ནི རཱ དྨ དྷ ར མཱི།། ཛ ཡེ ནྡྲ ཛ ག ཏཾ ཏ རཱ ཏི པ ཙ ནོ།། པྲ བྷེ ད ད ཤ ཥ ཊྲ བྲྀ ཤཱུ ནྱ ཏི ཙ ཏུཿ།། ཆོས་ཉིད་བདག་མེད་རང་གི་ངོ་བོས་དབྱེར་མེད་ཀྱང་། །ཆོས་ཅན་ཆ་ལས་གང་ཟག་ཆོས་ཀྱི་བདག་མེད་ཅེས། །འགྲོ་བ་སྒྲོལ་ཕྱིར་རྒྱལ་བའི་དབང་པོས་བཀའ་བསྩལ་ཏེ། །དེ་ལས་རབ་དབྱེ་སྟོང་ཉིད་བཞི་དང་བཅུ་དྲུག་གསུངས། ། 110-1-14b རྟེན་འབྲེལ་ཙམ་དུ་དགེ་ཆོས་སྤྱོད་པ་ཐབས་ཡིན་ཏེ། །ཕུང་སོགས་རང་བཞིན་མེད་པར་ཤེས་པ་ཤེས་རབ་ཡིན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་དེ་ལྟ་ན། །བྱང་ཆུབ་མངོན་བྱེད་གཅིག་དང་གཅིག་ཤོས་རེ་རེས་མིན། ། ཡོད་པ་མི་སྐྱེ་དེ་བཞིན་མེད་དང་གཉིས་ཀ་མིན། །བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས་མི་སྐྱེ། །ཐ་དད་མ་ཡིན་གཅིག་པ་ཉིད་ཀྱང་མ་ཡིན་ཞེས། །རྣམ་པར་དཔྱད་ནས་དངོས་པོ་སྐྱེ་བ་མེད་དོན་རྟོགས། །གཅོད་པའི་ རིགས་པས་དངོས་ལ་སྒྲོ་འདོགས་ཆོད་བྱེད་དེ། །ཆོད་པའི་ཡུལ་ལ་གནས་ཚུལ་དེ་ལྟ་ཉིད་དུ་བལྟ། །བསལ་དང་བཞག་མེད་སྤྲོས་པས་མ་བཅོས་རྣམ་པར་བསྒོམ། །མཐའ་གཉིས་བྲལ་བ་བསོད་ནམས་ཡེ་ཤེས་ ཟུང་འཇུག་སྤྱོད། །གང་གིས་དེ་ལྟར་ཐེག་ཆེན་གོ་ཆ་ཆེ་བགོས་ཏེ། །ལེགས་པར་གོམ་པས་སོ་སོ་རང་རིགས་ཡེ་ཤེས་ཀྱིས། །ཇི་སྙེད་ཆོས་རྣམས་མ་འདྲེས་གསལ་བར་མཐོང་བ་དང་། ། དེ་དག་ཆོས་ཉིད་དམིགས་སུ་མེད་པའི་དོན་རྟོགས་འགྱུར། །འཇལ་བྱེད་ཤེས་རབ་རྣམ་པར་འབྱེད་པའི་གབློ་གྲོས་དང་། །དེ་ཡིས་གཞལ་བྱ་མཐའ་ཡས་ཆོས་ཀྱི་རྣམ་དབྱེ་ནི། །རྟོགས་པར་འདོད་རྣམས་ཐེག་པ་ཆེ་ ཆུང་མངོན་པའི་གཞུང་། །མ་མོའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་རྣམས་ལ་ཞུགས། །དེ་ལྟར་བརྗོད་བྱ་ལྷག་པའི་བསླབ་པ་རྣམ་གསུམ་དང་། །རྗོད་བྱེད་འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་གསུམ། །རྟོགས་པའི་དགེ་བ་ ལམ་དང་འགོག་པའི་བདེན་པ་དང་། །ལུང་གི་དགེ་བ་བཀའ་དང་དེ་འགྲེལ་བསྟན་བཅོས་ཡིན། །གང་ཞིག་གང་གི་ཆགས་པ་བྲལ་བ་ཞི་བའི་ཆོས། །རང་བཞིན་བསམ་མེད་གཉིས་སུ་མེད་ཅིང་རྟོག་པ་མེད། །བྱེད་ལས་ སིམ་པ་དག་དང་གསལ་དང་གཉེན་པོའི་ཕྱོགས། །དམིགས་པ་ཀུན་ལ་ཆགས་སྡང་རྨོངས་པ་མཐར་བྱེད་ཡིན། །བསྟན་པའི་ཆོས་ཇི་ལྟར་ཡིན་པའི་ཚུལ་ཆ་ཤས་ཙམ་གླེང་བའི་སྐབས་སོ།། །། 110-1-15a ས ཏྡྷ རྨ བཱི ཛཱི མ དྷུ སཱ དྷུ ཏ ཉྩ ཏཱ།། སྭ བྷྱུ ཙྪ ཛཱི ཏཱི དྷ ན ཡོ རུ ཙཱི ར ཡཾ།། ཀྲཱ མཾ ཨ ཐཿ ནིཿ སུ ཕ ལཾ བི བཱ ཀ སུཿ།། སེ བཱ ཀ དྷ རྨ གུ ཎ ལ བབྡྷ ཙཱ བ རཾ།། དམ་པའི་ཆོས་ཀྱི་ས་བོན་མངར་བ་དེ་ལས་ནི། །མངོན་པར་མཐོ་བའི་མྱུ་གུ་མཛེས་པར་སྐྱེ་འགྱུར་ཏེ། །དེ་ནས་རིམ་གྱིས་ངེས་ལེགས་འབྲས་བུ་མངར་བར་སྨིན། །ཆོས་བསྟེན་པ་ལས་རྙེད་པའི་ཕན་ཡོན་ཕ་མཐའ་མེད། ། ནད་ཀྱི་སྐྱོན་ཤེས་སྨན་གྱི་ཕན་ཡོན་ངེས་འགྱུར་ཏེ། །ཉེས་དམིགས་མ་མཐོང་ཡོན་ཏན་རྗེས་སུ་ཤེས་མི་འགྱུར། །དེ་ལྟ་བས་ན་ཆོས་ལས་བཟློག་པའི་ཉེས་པ་དང་། །ཆོས་གནས་ཕན་ཡོན་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ། །མི་དགེ་བ་དང་དགེ་བའི་ལས་ལམ་རྒྱུ་ཚོགས་ ལས། །གཙོ་བོར་གྱུར་པའི་འདོད་ཁམས་སྡུག་བསྔལ་བདེ་བ་དང་། །མི་གཡོའི་ལས་ཀྱི་གོང་མའི་འབྲས་བུ་འབྱིན་པའི་ཕྱིར། །ཐོག་མར་སྲིད་པའི་རྒྱུ་འབྲས་མིང་ཙམ་བརྗོད་པར་བྱ། །ཆོས་ལས་བཟློག་སྟེ་གང་གིས་སྲོག་གཅོད་མི་དགེ་བྱས། ། དེ་ཉིད་གཙོ་གྱུར་སེམས་ཅན་དམྱལ་ཁམས་བརྒྱད་པོ་ལས། །ཡང་སོས་ཅེས་བྱ་འཇིགས་པ་ཆེན་པོར་སྐྱེ་འགྱུར་ཏེ། །དམྱལ་བ་བརྒྱད་ལས་སྡུག་བསྔལ་ཆུང་མཐའ་ཡིན་མོད་ཀྱི། །གནས་དེ་ན་ཡང་ལྕགས་ཀྱི་ར་བ་དུ་མ་དང་། །མཚོན་ཆའི་ནགས་ཚལ་ རོ་ཉེ་མི་གཙང་འབབ་ཆུ་ལྡན། །དེར་སྐྱེས་ཕན་ཚུན་གསོད་པའི་སེམས་དང་རབ་ལྡན་པས། །གཏུབ་གཤེག་མི་བཟད་སྡུག་བསྔལ་ཤི་ནས་ཡང་སོས་འགྱུར། །མི་གཙང་འདམ་དུ་སྲིན་བུས་ཟ་ཞིང་གཤེད་མས་གསོད། །ལྕགས་ཀྱི་ར་བར་མཚོན་ཆའི་ཆར་གྱིས་དུམ་བུར་གཏུབ། ། ལྕགས་ཀྱི་རྫ་ཆེན་མེ་འབར་ནང་དུ་འཚེད་པར་བྱེད། །ལ་ལ་གནོད་པ་དུ་མས་གཙེས་ཞིང་གཞན་དག་ནི། །མུན་ནག་ནང་དུ་མེ་འབར་རི་ཡིས་ཀུན་ཏུ་བཙིར། །རབ་འཇིགས་སྒྲ་སྒྲོག་སེམས་ཅན་གང་གིས་ཟ་བར་བྱེད། །བ་ཚྭ་མེ་དང་མཚོན་གྱི་ཚོར་བ་དུ་མས་ཉེན། །ནད་རྣམས་ཀྱིས་ཉེས་གཞན་དག་མཚོན་ཆས་རབ་ཏུ་དམྱལ། ། 110-1-15b གཤིན་རྗེ་རྣམས་ཀྱིས་གནོད་པ་དུ་མས་བསྣུན་པར་བྱེད། །ནོའུ་ལེ་ལྟར་ནག་མེ་འབར་ལུས་ལ་དུད་པས་ཁྱབ། །བཀྲེས་པས་གཞན་འགྱུར་སྡུག་བསྔལ་དུ་མས་རྣམ་པར་གཙོས། །པད་མ་ལྟར་གས་ལུས་ཀུན་ཁྭ་དང་བྱ་རྒོད་ཟ། །ཟངས་ཞུན་མཚེའུར་རབ་ལྷུང་ཆོ་ངེ་མི་བཟད་ འབྱིན། །མཚོན་ཆའི་ལམ་འགྲོ་ཤ་དང་རུས་པ་དུམ་བུར་བྱེད། །མཚོན་གྱི་རེག་སོགས་མི་ཡི་ལུས་ལས་བཅུ་འགྱུར་ཏེ། །དེ་སོགས་སྡུག་བསྔལ་དཔག་མེད་ཡང་སོས་སྐྱེས་དེ་དག །མི་ལོ་བྱེ་བ་འབུམ་དང་དྲུག་ཁྲི་ཉི་སྟོང་སྟེ། །རང་གི་ལོ་ནི་ལྔ་བརྒྱའི་ཚེ་ཚད་ཐུབ་པར་མནར། །དེ་ནས་གཞན་ཡང་ སྲོག་གཅོད་མ་སྦྱིན་བླངས་བའི་རྒྱུས། །ཐིག་ནག་ཅེས་བྱ་དམྱལ་བའི་འཇིག་རྟེན་ན་སྐྱེས་ཏེ། །གནས་དེ་ན་ཡང་ལྕགས་ཀྱི་ས་གཞི་མེ་འབར་སྟེང་། །བསྒྱེལ་ནས་ལས་ཀྱི་གཤེད་པོ་གཏུམ་པོས་ཐིག་བཏབ་སྟེ། །ནམ་མཁའ་ལྟ་བུར་སོག་ལེ་མེ་འབར་གྱིས་འདྲལ་ཞིང་། །སྟ་རིས་གཞོག་ཅིང་གསོར་གྱིས་ འབུགས་ལ་ཐོ་བས་བརྡུང་། །སྐྲག་ནས་བྲོས་པས་རོ་ཉེའི་འདམ་ལྷུང་རུལ་ཞིང་མྱགས། །ཕྱི་སའི་འདམ་ཚུད་སྲོག་ཆགས་མར་ཀོ་ཏ་ཡིས་ཟ། །ལ་ལ་རལ་གྲིའི་ཚལ་དུ་རྒྱུགས་པས་ལུས་ཀུན་གཏུབས། །ཤལ་མ་རི་ལ་འཛེགས་པས་ཡན་ལག་ཤ་རུས་གཅོད། །ནོར་དང་ཟས་མཐོང་རྒྱུགས་པས་ཆུ་བོ་ རབ་མེད་ལྷུང་། །ལྷུང་ནས་ལུས་མྱགས་དབང་མེད་ཀྱེ་མ་ཀྱི་ཧུད་འབོད། །སྤུ་གྲིས་ལུས་ལ་ཆར་ལྟར་འབབ་ནས་ཡིད་སློང་བྱ། །ལྕགས་ལེབ་མེ་འབར་ལུས་ལས་དཀྲིས་ནས་དྲན་པ་ཉམས། །གཤེད་པོས་བསྡིགས་ཤིང་དུམ་བུར་བྱས་ཀྱང་འཆི་མི་འགྱུར། །མེ་འབར་ཕུར་པས་ལུས་རྒྱངས་མཚོན་ཆས་གནད་ ཀུན་གཅོད། །མ་རུངས་ཁྱི་རྣམས་ཀྱིས་བཟུང་ཆམ་ཆོམ་ཟ་བ་དང་། །ཐོ་ལུམ་ཟངས་ཁུ་འབར་བ་ཁར་བླུགས་ནང་ཁྲོམ་བསྲེག །དེ་སོགས་མང་པོས་སྡུག་བསྔལ་སྔར་ལས་བཅུ་འགྱུར་ཏེ། །རང་ལོ་སྟོང་ཐུབ་མི་ལོ་བྱེ་བ་འབུམ་ཕྲག་ནི། །བཅུ་གཉིས་བྱེ་བ་དྲུག་ཁྲི་དྲུག་སྟོང་ཚེ་ཚད་ཐུབ། །སྲོག་གཅོད་བརྐུ་དང་ཁྱད་ པར་འདོད་ལོག་སྤྱོད་པའི་རྒྱུས། །བསྡུས་འཇོམས་ན་སྐྱེ་དེར་ནི་གཤིན་རྗེའི་ཚོགས་མང་པོ། །ལྷན་གཅིག་འདུས་ཏེ་ལྕགས་ཀྱི་དྲ་བས་སྟེང་ནས་གཡོགས། །ཐོ་བ་མཚོན་ཆའི་ཆར་པས་བསྣུན་ཅིང་རྡུང་བར་བྱེད། །སྔོན་ཚེ་འདོད་ལོག་གོམས་པས་ཤལ་མ་རི་ལ་ནི། །ལས་ཀྱི་བུད་མེད་བཟང་མོ་ མཐོང་ནས་དེར་འཛེགས་པས། །ལུས་ཀུན་གཏུབས་ཤིང་སྡུག་བསྔལ་དུ་མ་མྱོང་བར་འགྱུར། །གཞན་དག་གསལ་ཤིང་འབར་བས་རོ་སྨད་འབིགས་པར་བྱེད། །ཁར་ནི་ཕུར་བུས་བརྡུངས་དང་ལྕགས་ལེབ་འབར་བ་དཀྲིས། །སྡུག་པའི་བུ་ལྟར་སྣང་བས་སེམས་ལ་གདུང་བར་བྱེད། །ཟངས་ཁུ་འབར་ 110-1-16a བས་ལུས་ཀྱི་སྨད་རྣམས་རྣམ་པར་བསྲེག །ལས་ཀྱིས་དུད་འགྲོའི་ཁོང་པ་མེ་འབར་ནང་དུ་གནས། །མེ་འབར་འཇིགས་པའི་གཤིན་རྗེས་བཟུང་ནས་སྡུག་བསྔལ་མྱོང་། །དབང་པོའི་སྒོ་ཀུན་བསྲེག་ཅིང་གཅན་ཟན་རྣམས་ཀྱིས་ཟ། །ཤ་རུལ་ཇི་བཞིན་ཨ་ཙ་སྲིན་བུས་ གཡེངས་པར་འགྱུར། །ལྕགས་རི་འབར་བ་ལས་ཀྱི་ཁྭ་རྣམས་ཀྱིས་སྟོར་ནས། །ཕྱི་ནང་མེད་བསྲེགས་དབང་པོའི་སྒོ་ཀུན་སྲིན་བུས་གང་། །བསྡུས་འཇོམས་ཚེ་ཚད་རང་ལོའི་དབང་བྱས་ཉི་སྟོང་སྟེ། །མི་ལོར་བརྩི་བ་གོང་མའི་རིགས་པས་ཉིས་འགྱུར་བསྐྱེད། །དཀར་པོའི་རྐྱེན་གྱིས་བར་མ་དོར་ནི་ འཕོ་བ་ཡོད། །དེ་ལས་གཞན་ཡང་ཆང་གི་ཉེས་པས་སྐྱེ་འགྱུར་བ། །ངུ་འབོད་ཅེས་བྱ་གནས་དེར་ལྕགས་ཀྱི་ས་གཞི་ལ། །གཤིན་རྗེའི་སྐྱེས་བུས་ཟངས་ཁུ་ཁོལ་བ་ཁར་བླུགས་ནས། །ངུ་བའི་སྒྲ་འབྱིན་ནང་རོལ་བསྲེག་ཅིང་དུད་པར་འཐུལ། །ལྐོག་མར་ལྷག་ལྷག་སྒྲ་འབྱིན་གནོད་པ་གཞན་ཡང་འབྱུང་། ། ལྕགས་ཞུན་འབར་བས་འཚིག་སྟེ་ཁྲོས་བས་སླར་ཡང་བསྡུད། །གཏུན་ཤིང་གིས་བརྡེག་སྒྲ་ཆེན་ངུ་ཡང་སླར་ལ་བརྡེག །མེ་ཡི་ཆར་འབབ་སྐྲ་དང་ལུས་ཀུན་རྩ་བཞིན་བསྲེག །ནང་ཀུན་འཁྲུག་ཅིང་སྲིན་བུས་ལུས་ཀུན་ལྕིག་ལྕིག་ཟ། །ཡན་ལག་མེ་འབར་མཚོན་ཆས་དུམ་བུར་བྱེད་པ་དང་། །འབར་བའི་ཁྱི་ ཡིས་འབྲས་བུ་འབྱིན་ཞིང་ཤ་རུས་གཏོར། །འཁོར་ལོ་བསྣུན་ཅིང་ཕྱོགས་ཀུན་མུན་པས་ཁྱབ་པ་སོགས། །སྡུག་བསྔལ་དཔག་མེད་གཤེད་པོས་བསྡིགས་ཤིང་ཀྱེ་ཧུད་སྒྲོག །ངུ་འབོད་འདིར་སྐྱེས་རང་ལོ་སྟོང་ཕྲག་བཞིར་ཐུབ་སྟེ། །མི་ལོས་བསྒྲེས་པ་ཞིབ་མོ་རྣམས་ནི་འདིར་མ་བརྗོད། །ལུས་ཀྱི་ལས་གསུམ་ ཆང་དང་བརྫུན་སོགས་སྤྱོད་པའི་རྒྱུས། །ངུ་འཕོད་ཆེར་སྐྱེ་དེར་ནི་སྔར་བཤད་དེ་ཀུན་དང་། །ཁྱད་པར་ཆོས་ལ་བརྫུན་སྨྲས་འབྲས་བུ་རབ་ཚ་བ། །དྲག་ཏུ་འབར་བའི་ལྕགས་ཀྱི་གཞི་ལ་དེ་ཡི་ལྕེ། །འབར་བའི་ཕུར་བུས་རྒྱངས་པས་རྒྱང་གྲགས་འགའ་གྱུར་ཏེ། །ལྕགས་ཀྱི་ཐོང་གཤོལ་གྱིས་འདྲལ་སྲིན་བུ་དུ་ མ་དང་། །ཁྭ་དང་སྦྲུལ་གྱིས་ཟ་ཞིང་འབར་བས་ཀུན་ནས་བསྲེག །དེ་ལ་སོགས་པ་ངུ་འབོད་ཉིད་ལས་བཅུ་འགྱུར་གྱི། །སྡུག་བསྔལ་ཉམས་མྱོང་རང་ལོ་བརྒྱད་སྟོང་ཐུབ་པ་སྟེ། །དེ་ལས་གཞན་དུ་ལས་འབྲས་བཀུར་འདེབས་ལོག་ལྟ་ཡིས། །ཚ་བའི་དམྱལ་བར་སྐྱེ་བར་འགྱུར་ཏེ་ཐོག་མ་ནས། །ལས་ཀྱིས་ འཆི་ཁར་འཁྲུལ་སྣང་གནད་གཅོད་སྡུག་བསྔལ་ཆེ། །མེ་ལྕེས་བསྲེག་ཅིང་ནད་རྣམས་ཐམས་ཅད་དུས་གཅིག་ལྡང་། །ངུ་འབོད་ཆེན་པོའི་སྡུག་བསྔལ་བཅུ་འགྱུར་དུས་གཅིག་སྨིན། །འདི་ཡི་སྡུག་བསྔལ་དཔེ་བྱར་རུང་བ་མ་ཡིན་ཏེ། །ལོག་ལྟ་དྲག་པོས་འཕངས་ཕྱིར་ཚ་ལ་རྩུབ་པ་ཡིན། །འདིར་སྐྱེས་ 110-1-16b བ་ནི་རང་ལོ་ཁྲི་དང་དྲུག་སྟོང་ཐུབ། །འདི་ལས་གཞན་དུ་རབ་ཏུ་ཚ་བ་ཞེས་བྱ་བར། །ལུས་ངག་ལས་བདུན་ལོག་ལྟར་བཅས་པས་སྐྱེ་འགྱུར་ཏེ། །གནས་དེར་དཔག་ཚད་སྟོང་ཕྲག་དུ་མར་འཁྲུག་པའི་མེས། །སྤྱི་གཙུག་བསྲེགས་ནས་བྱེ་མ་གཏོར་བཞིན་ཞིག་པར་འགྱུར། །སྐམ་པས་འདྲེན་དང་ ལྕེ་ལ་ཐོང་གཤོལ་འབར་བས་རྨོ། །གཤིན་རྗེས་གནོད་ཅིང་ཟངས་ཁུ་འཐུང་ལ་བྱ་ཁྱིས་གཏོར། །ཤལ་མ་རིས་འདྲལ་མར་ཀོ་ཏ་ཡིས་ལུས་ཀུན་གཤེག །སྔར་བཤད་དམྱལ་བ་ཀུན་ལས་སྡུག་བསྔལ་བཅུ་འགྱུར་ཏེ། །ཚེ་ཡི་ཚད་ནི་རང་ལོ་སུམ་ཁྲི་ཉི་སྟོང་འཚོ། །ལུས་ངག་ཡིད་ཀྱི་མི་ དགེ་རྣམ་པ་བཅུ་པོ་དང་། །ཁྱད་པར་མཚམས་མེད་ལྔ་པོ་དག་ནི་སྤྱད་པ་ལས། །གནད་གཅོད་འཁྲུལ་སྣང་ནད་དང་རླུང་འཁྲུགས་གཟིར་བཞིན་དུ། །མནར་མེད་ཅེས་བྱའི་འཇིག་རྟེན་ཁམས་སུ་སྐྱེ་འགྱུར་ཏེ། །དེ་ཡི་སྒྲ་ཐོས་དམྱལ་བ་གཞན་གྱི་སྡུག་བསྔལ་ཀུན། །བདེ་བར་མཐོང་ཞིང་སྨོན་པ་ བཞིན་དུ་འགྱུར་བ་ཡིན། །དེར་ནི་དུག་དང་མེ་མཚོན་རྡོ་རྗེ་འབར་བ་དང་། །སེང་གེ་གླང་ཆེན་བསེ་ཁྱི་བྱ་རྒོད་ཀང་ཀ་དང་། །སྦྲུལ་ཆེན་ཁྱི་དང་མར་ཀོ་ཏ་སོགས་གདུག་པས་གང་། །དེ་ལུས་དཔག་ཚད་གཅིག་ནས་ལྔའི་བར་གཞོན་ཤ་ཅན། །གྲུབ་པར་གྱུར་ནས་མནར་མེད་བཟོད་དཀའི་སྡུག་བསྔལ་ མྱོང་། །དམྱལ་སྲུང་གཏུམ་པོ་འཇིགས་འཇིགས་རྣམས་ཀྱིས་གཟིར་ཞིང་བསྡིག །བ་ཚྭ་འབར་བས་ནང་ཁྲོལ་ཐམས་ཅད་བཞུ་ཞིང་བསྲེག །ལྕགས་འབར་དོང་བཅུག་མཚོན་རྣོན་རྣམས་ཀྱིས་སིལ་མར་གཏུབས། །ལྗོན་ཤིང་འབར་བ་གཉིས་ཀྱིས་འཐག་ཅིང་རང་ཤ་ཟ། །ཟངས་སུ་འཚེར་ཅིང་ཡན་ ལག་བསྲེགས་བཞུ་འོ་དོད་འབོད། །དེ་ལ་སོགས་པ་མནར་མེད་གནས་པའི་སྐྱེ་བོ་ཡི། །ཚོར་བའི་སྡུག་བསྔལ་དཔེ་དང་བགྲང་བར་མི་ནུས་ཏེ། །སྔར་བཤད་ཀུན་ལས་འགྱུར་ཁྱད་དུ་མས་སྡུག་བསྔལ་ཞིང་། །ཚེ་ཡི་ཚད་ཀྱང་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་དག་སོ་སོར་གནོད་པ་ལྷག་པ་བཅུ་དྲུག་ རེ། །ཡོད་པ་དེ་རབ་རྒྱུ་འབྲས་ཞིབ་མོ་ཐམས་ཅད་ནི། །དྲན་པ་ཉེར་བཞག་ཆེན་པོ་ལ་སོགས་མདོ་སྡེ་ལས། །རྒྱས་པར་བཀའ་བསྩལ་ལྟོས་ལ་མཐོང་ནས་བག་ཡོད་གྱིས། །དེ་ཡི་བྱང་ངོས་དེ་ལས་གཞན་པ་གྲངས་དམྱལ་བརྒྱད། །གྲང་བས་གཞན་ལས་གནོད་བྱས་གཙོར་གྱུར་རྒྱུ་ལས་འབྱུང་། །ཆུ་བུར་ཆུ་བུར་ རྡོལ་བ་ཅན་དང་སོ་ཐམ་པ། །ཨ་ཆུ་ཟེར་དང་ཀྱེ་ཧུད་སྨྲ་དང་པད་མ་དང་། །ཨུསྤ་ལ་དང་པད་མ་ཆེན་པོ་ལྟར་གས་པ། །འཁྱགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ་ཚེ་ཚད་ཀྱང་། །ཏིལ་ཇངས་ནང་ནས་ལོ་བརྒྱད་ཏིལ་རེ་ཕྱུང་ཟད་པ། །ཆུ་བུར་ཅན་ཡིན་གཞན་རྣམས་རིམ་པས་ཉི་ཤུར་འགྱུར། །གཞན་ཡང་ཁ་ཅིག་ 110-1-17a ཉིན་མོ་དགེ་སྤྱོད་མཚན་མོ་བཟློག །མཚན་མོ་དགེ་སྤྱོད་ཉིན་མོ་སྡིག་པ་བྱས་སོགས་ཀྱིས། །ཉི་ཚེའི་དམྱལ་བ་མུ་ཁྱུད་གླིང་བར་མུན་པ་དང་། །འཛམ་གླིང་ཁྲོད་ནའང་གནས་པར་གསུངས་ཏེ་ཚེ་མ་ངེས། །དེ་དག་སྡུག་བསྔལ་ཁ་ཅིག་ཉིན་མོ་གསོད་ཅིང་མནར། ། མཚན་མོའི་དུས་སུ་ལྷ་མོ་དང་འགྲོགས་དགའ་མགུར་རྩེ། །ཁ་ཅིག་དེ་བཟློག་ཁ་ཅིག་ཟས་ཀྱི་དུས་སུ་གཟིར། །སྔ་དྲོ་ཕྱི་ཕྲེད་དེ་ལྟར་འགྱུར་སོགས་སྣ་ཚོགས་ཡོད། །ངན་འགྲོ་གཉིས་པ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ནི། །ཕྲག་དོག་སེར་སྣ་བརྣབ་སེམས་རྒྱུ་ལས་བྱུང་བ་སྟེ། །དེ་ན་གཙོ་བོ་འདྲེས་ མའི་ལས་ཀྱི་རྒྱུས་བསྐྱེད་པའི། །གཤིན་རྗེའི་རྒྱལ་པོ་ལས་ནི་སྒྲོག་པར་བྱེད་པ་ཡོད། །འཁོར་གྱི་ཡི་དྭགས་ཁ་ཅིག་རིས་གཙིར་མེ་མདག་ཟ། །ཁ་ནི་ཁབ་འདྲ་མགྲིན་པ་ཕྲ་ཞིང་ལྟོ་ཆེ་ལྟོགས། །སྐྱུགས་པ་བླུགས་པ་བཤང་བ་གཅི་བ་ཟ་ཞིང་འཐུང་། །བཀྲེས་པས་ཉེན་ནས་མི་གཙང་ཅུང་ཟད་ ཟ་བ་དང་། །སྐོམས་པས་ཉེན་ནས་འཐུང་བར་འདོད་ཀྱང་རྒྱ་མཚོ་སྐམས། །མཆི་མ་མཆིལ་སྣབས་ལུད་པ་ཁྲུས་ཁུ་ལྷག་མ་དང་། །སྟོར་ཁུང་ནས་འབབ་དེ་ཙམ་ཟ་བའི་རིགས་ཀྱང་ཡོད། །དེ་ལ་སོགས་པ་སྣ་ཚོགས་ལས་ཀྱིས་སྡུག་བསྔལ་མྱོང་། །ཁ་ཅིག་མཐུ་དང་རྫུ་འཕྲུལ་ཆེ་བ་ཡོད་མོད་ ཀྱང་། །སྡུག་བསྔལ་གཙོ་ཆེ་སྡིག་ལ་དགའ་ཞིང་རྣམ་པར་འཚེ། །མི་ཡི་ཟླ་བར་ཞག་ཏུ་བརྩིས་པའི་ལོ་ལྔ་བརྒྱ། །ཚེ་ཚད་དུ་གསུངས་འོན་ཀྱང་འོན་ཀྱང་ས་རིང་ཐུང་སྣ་ཚོགས་ཡོད། །ངན་འགྲོ་གསུམ་པ་བྱོལ་སོང་དུད་འགྲོའི་འཇིག་རྟེན་ཁམས། །ཁ་འཐོར་བ་ནི་ལྷ་མི་ཡི་དྭགས་དམྱལ་བ་ཡི། ། གནས་དེ་བཞི་པོ་ཅི་རིགས་སུ་ཡང་ཡོད་པ་སྟེ། །དུད་འགྲོའི་འཇིག་རྟེན་གཏི་མུག་གཙོར་གྱུར་ལས་ཀྱིས་བསྐྱེད། །ཁ་འཐོར་རྣམས་ཀྱང་གཅིག་གིས་གཅིག་གསོད་ཕན་ཚུན་ཟ། །ཤ་རུས་ལྤགས་དང་རྒྱུས་པ་སྤུ་སོགས་ཕྱིར་དུ་གསོད། །ཞེ་སྡང་གིས་བསྐྱེད་བྱ་རོག་འུག་པ་བཞིན་དུ་འཐབ། །ཆགས་པས་ བསྐྱེད་པ་ཤང་ཤང་ངང་ངུར་བཞིན་དུ་བགྲོད། །བརྣབ་སེམས་ཀྱིས་བསྐྱེད་ཁྱི་དང་ཝ་བཞིན་ཟས་ལ་ཉུག །སྐྲག་པས་བསྐྱེད་པ་རི་དྭགས་རྣམས་བཞིན་ཀུན་ལ་དོགས། །ཆུ་ལ་སྲེད་པས་ཉ་སྦལ་ལ་སོགས་སྣ་ཚོགས་ཏེ། །ལས་དང་དེ་འབྲས་སྡུག་བསྔལ་དཔག་མེད་གཞན་ལས་ཤེས། །དུད་འགྲོའི་རིགས་གནས་ ཀླུ་ཞེས་བྱ་བའི་འགྲོ་བ་ནི། །སྦྱིན་པ་བཏང་ཡང་ཚུལ་ཁྲིམས་ཉམས་པའི་རྒྱུ་ཚོགས་ལས། །གཙོ་བོར་བྱུང་སྟེ་ནོར་རྒྱས་བུ་སོགས་རྒྱལ་པོ་དང་། །བྲམ་ཟེ་ལ་སོགས་ཀླུ་རིགས་བཞི་ཡོད་དེ་དག་ཀྱང་། །དཀར་པོ་སྤྱོད་རྣམས་ཅུང་ཟད་བདེ་བར་གནས་པ་དང་། །ནག་སྤྱོད་ལུས་ལ་བྱེ་ཚན་ཆར་སོགས་སྡུག་བསྔལ་གཟིར། ། 110-1-17b གཞན་ལ་འཚེ་ཞིང་ཆོས་མིན་རྒྱུ་འབྲས་དཔག་མེད་དེ། །ཆོས་ལྡན་ཀླུ་ནི་བྱེ་བ་ལྔ་བཅུ་རྩ་བདུན་གསུངས། །དེ་དག་གནས་ནི་གཙོ་བོར་རྒྱ་མཚོ་ཆུ་ལག་བཅས། །མ་དྲོས་སོགས་དང་གླིང་བཞི་རོལ་མཚོ་ལ་སོགས་པ། །སྣ་ཚོགས་གནས་ཤིང་སྦྱིན་འབྲས་ལོངས་སྤྱོད་ཆེ་བ་མང་། །མཆོག་ རྣམས་ཚེ་ཚད་བསྐལ་པར་གསུངས་ཏེ་ངེས་མེད་ཡོད། །དུད་འགྲོའི་རིགས་གནས་ལྷ་མ་ཡིན་གྱི་འཇིག་རྟེན་ནི། །ང་རྒྱལ་ཤས་ཆེ་འདྲེས་མའི་ལས་ཀྱི་རྒྱུ་ལས་བྱུང་། །གནས་ཀྱི་གཙོ་བོ་རྒྱ་མཚོར་ནུབ་པའི་རི་རབ་ནི། །དཔག་ཚད་བརྒྱད་ཁྲིའི་འཕང་དང་ལྡན་པ་དེར་གནས་ཏེ། །སྣང་ལྡན་ཟླ་ཕྲེང་ གནས་བཟང་པོ་དང་མི་གཡོ་བ། །རྣམ་པ་བཞི་པོ་སོ་སོར་ཉི་ཁྲི་ཆིག་སྟོང་ཡོད། །དེ་ཡི་དང་པོར་ལྷ་མིན་དབང་པོ་དགྲ་གཅན་གནས། །དེ་ནི་སྔོན་ཚེ་རྒྱལ་བའི་མཆོག་རྟེན་མེས་ཉེན་པ། །ཆུ་ཡིས་བསྲུངས་པས་བསོད་ནམས་འབྲས་བུ་ཐོབ་གྱུར་ཏེ། །རིན་ཆེན་གཞི་ལ་རིན་ཆེན་ཕོ་བྲང་ཕུན་ཚོགས་དང་། ། ཀུན་ར་ཚལ་སོགས་བརྟེན་དང་བརྟེན་པའི་དཔལ་འབྱོར་ཡོད། །མི་ལོ་ལྔ་བརྒྱར་ཞག་ཏུ་བརྩིས་ལོ་ལྔ་སྟོང་འཚོ། །གཉིས་པའི་གནས་ན་ལྷ་མིན་དབང་པོ་བརྟན་པ་གནས། །གྲོང་ཁྱེར་དབུས་ན་ཀུན་སྣང་འཚོ་ཞེས་བྱ་བ་ཡོད། །སྦྱིན་པའི་འབྲས་བུ་བདེ་སྐྱིད་དབང་ཕྱུག་ཕུན་སུམ་ཚོགས། ། མི་ལོ་དྲུག་བརྒྱར་ཞག་ཏུ་བརྩིས་ལོ་དྲུག་སྟོང་འཚོ། །གསུམ་པའི་གནས་ན་ལྷ་མིན་བདག་པོ་མེ་ཏོག་ཕྲེང་། །ཁང་བཟང་སྐྱེད་ཚལ་གྲོང་ཁྱེར་སྔ་མ་ཀུན་ལས་མཛེས། །སྦྱིན་པའི་རྒྱུས་བསྐྱེད་བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས། །མི་ལོ་བདུན་བརྒྱར་ཞག་ཏུ་བརྩིས་ལོ་བདུན་སྟོང་འཚོ། ། བཞི་པའི་གནས་ན་ལྷ་མིན་ཁྱུ་མཆོག་ཐགས་བཟང་རིས། །གྲོང་ཁྱེར་མཛེས་པ་བཀྲ་ཤིས་དཔལ་གྱིས་གཏམ་པར་གནས། །སྦྱིན་པའི་རྒྱུས་བསྐྱེད་ལྷ་མིན་གཞན་ལས་ཁྱད་པར་འཕགས། །མི་ལོ་བརྒྱད་བརྒྱའི་ཞག་གི་རང་ལོ་བརྒྱད་སྟོང་འཚོ། །ལྷ་མིན་དེ་དག་བདེ་ལེགས་ལྡན་ཡང་ འཐབ་ལ་དགའ། །ང་རྒྱལ་དབང་གྱུར་ལྷ་རྣམས་དང་ཡང་གཡུལ་འགྱེད་དེ། །དགྲ་གཅན་མཁར་འགྲོ་ལུས་ཀྱིས་ཉི་ཟླ་སྒྲིབ་པར་སྣང་། །དེ་དག་འཕོས་ནས་ཕལ་ཆེར་ཁེངས་པས་ངན་འགྲོར་འགྲོ། །དགེ་བའི་རྒྱུ་ལས་ཐོབ་པར་གྱུར་པའི་མི་རྣམས་ནི། །གནས་ཀྱི་དབང་ བྱས་གླིང་བཞི་གཡོག་བཅས་བཅུ་གཉིས་ཏེ། །འཁོར་ལོས་བསྒྱུར་སོགས་བསོད་ནམས་འབྲས་བུ་དཔག་ཏུ་མེད། །གཞན་ཡང་ཁ་ཅིག་སྦྱིན་པའི་དབང་གིས་ལོངས་སྤྱོད་ལྡན། །ཁྲིམས་ཀྱིས་ལུས་མཛེས་བཟོད་པས་བལྟ་ན་ཡིད་དུ་འཐད། །མི་འཚེས་ཚེ་རིང་བསྟོད་པས་ 110-1-18a སྙན་གྲགས་བཏུང་བས་འདུད། །བསླབས་པས་ཤེས་ལྡན་དེ་ལ་སོགས་པ་བདེ་ལེགས་དང་། །འདྲེས་མ་དང་ནི་སྡུག་བསྔལ་ཤས་ཆེ་སྣ་ཚོགས་ཤིང་། །གླིང་གི་དབང་བྱས་སྒྲ་མི་སྙན་མཆོག་གཞན་གཉིས་འབྲིང་། །འཛམ་གླིང་དམན་གསུངས་ཆོས་ཀྱི་ སྒོ་ནས་འདི་ཁྱད་འཕགས། །བསྐལ་པ་དང་པོ་ཚེ་ལོ་དཔག་མེད་བདེ་ཞིང་སྐྱིད། །མར་འགྲིབ་ཐ་མ་ཚེ་ལོ་བཅུ་ཡིན་འཕེལ་འགྲིབ་འགྱུར། །བྱང་གླིང་ཚེ་སྟོང་གཞན་རྣམས་ཕྱེད་ཕྱེད་སྤངས་པ་སྟེ། །འཛམ་གླིང་མི་རྣམས་མ་ངེས་ཚེ་དང་དར་གུད་ཀྱིས། །ཡིད་འབྱུང་ཐོབ་ནས་དམ་ ཆོས་སྤྱོད་པས་ལས་སར་གྲགས། །རིགས་དང་རྒྱུ་འབྲས་དབྱེ་བ་ཞིབ་ཏུ་འདིར་མ་བརྗོད། །གནས་ཀྱི་དབང་བྱས་དེ་ནས་གོང་མ་ལྷ་ཡིན་ཏེ། །ལུས་དང་ངག་གི་ཚུལ་ཁྲིམས་བདུན་གྱི་འབྲས་བུ་ལས། །གཙོ་བོར་གྲུབ་པ་འདོད་ལྷ་རིགས་དྲུག་ཡོད་པ་སྟེ། །དེ་ལས་དང་པོ་འཇིག་རྟེན་ སྐྱོང་བའི་གནས་གཞན་བཞི། །འཕྲེང་ཐོགས་ཡོལ་ཐོགས་རྟག་མྱོས་པི་ཝཾ་གསུམ་པ་བཞི། །སོ་སོ་ལ་ཡང་བཅུ་ཕྲག་རེ་རེ་ཡོད་དེ་དག །ཚུལ་ཁྲིམས་བསྲུངས་ཞིང་འཆི་ཚེ་དང་བས་སྐྱབས་སོང་དང་། །ཚུལ་ཁྲིམས་ལྡན་ལ་གྲུ་ཟམ་བྱིན་དང་འབྲས་བུ་བྱིན། །མཆོད་རྟེན་དག་ནི་མེ་ཏོག་གིས་ མཆོད་ལ་སོགས་དང་། །དད་པས་ཕྱག་བྱས་རྒྱལ་ལ་གདུགས་སོགས་ཕུལ་བ་དང་། །དེ་དང་དེ་འདྲའི་དགེ་བ་སོ་སོར་སྤྱད་པའི་རྒྱུས། །སྐྱེ་བར་འགྱུར་ཏེ་དེ་རྣམས་ལས་ཀྱི་བདེ་སྤྱོད་པ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིས་ཀྱང་དཔེ་བྱར་མིན། །རབ་མཛེས་ཚལ་དང་ཆུ་གཙང་སྦྲང་ཆང་རྒུན་འབྲུམ་ གྱི། །ཆང་གི་འབབ་ཆུ་ཁ་དོག་རོ་དང་དྲི་བསུང་བཟང་། །བསམ་པ་ཙམ་གྱིས་རྒྱན་གོས་བཟའ་བཏུང་འབྱུང་འགྱུར་ཏེ། །ལྷ་མོ་མཛེས་མས་སྣ་ཚོགས་སིལ་སྙན་རོལ་མོ་སྒྲོག །མེ་ལོང་ཚལ་དུ་སྔོན་གྱི་ལས་སྣང་དགེ་ལ་སྤྲོ། །གནས་དེ་བཞི་ཡང་རིམ་གྱིས་ཕྱི་མ་ཕྱི་མ་ལྷག །དང་པོའི་གནས་སུ་རྩིབས་ ལོགས་ནས་འབྱུང་སྐྱེས་མ་ཐག །སྐྱེས་ནས་ཞག་བདུན་ལོན་པ་ལྟ་བུ་འབྱུང་བ་ཡིན། །གཉིས་པ་སོགས་ན་རྫུས་ཏེ་སྐྱེ་བར་འགྱུར་བ་ཡོད། །བཞི་པའི་གནས་དེར་ཡུལ་འཁོར་སྐྱོང་བ་ལ་སོགས་པ། །རྒྱལ་ཆེན་བཞི་ཡོད་རྒྱལ་བའི་དམ་ཆོས་རབ་ཏུ་བསྲུང་། །འདི་ལྟར་མཐུ་ཆེ་ཉི་ཟླ་གཉིས་དང་ གཟའ་སྐར་རྣམས། །དེ་ན་ཡོད་དེ་རྟེན་དང་བརྟེན་པ་ཞིབ་མོའི་ཚུལ། །ཡི་གེས་འཇིགས་པས་མདོ་ཙམ་བརྗོད་ལ་གུས་པར་གྱིས། །མི་ལོ་ལྔ་བཅུ་ཞག་ཏུ་བརྩིས་ལོ་ལྔ་བརྒྱར་འཚོ། །དེ་ནས་གཉིས་པ་སུམ་བཅུ་རྩ་གསུམ་པ་རྣམས་ནི། །ཚུལ་ཁྲིམས་བདུན་པ་སྐྱོན་མེད་བསྲུངས་ཤིང་¹མཆོད་འོས་²དགྲ་བཅོམ་པ་མཁན་སློབ་བཞད་པ་སོགས། མཆན། 110-1-18b མཆོད། །བདག་ཉིད་སྡིག་སྤོང་གཞན་དག་དེ་ལ་སྦྱར་བ་དང་། །རྗེས་སུ་ཡི་རང་བྱས་པ་ལ་སོགས་དགེ་བས་འགྲུབ། །དེ་ཡང་རྩ་གསུམ་ལྷ་ཡི་དབང་པོ་བརྒྱ་བྱིན་ནི། །མིག་སྟོང་ལྡན་པ་མཆོད་སྦྱིན་སྟོང་གི་རྒྱུས་འགྲུབ་སྟེ། །ལྷུན་པོའི་རྩེ་ན་གྲོང་ཁྱེར་ལྟ་ན་སྡུག་པ་ཡོད། །དེ་ཡི་དབུས་ན་རྣམ་པར་རྒྱལ་ བྱེད་ཁང་བཟང་སྟེ། །ཆོས་བཟང་ས་གཞི་དཔག་ཚད་ལྔ་བརྒྱ་རིན་ཆེན་གྱི། །རང་བཞིན་སྐྱེད་ཚལ་བཞི་དང་ཉེ་བའི་ཚལ་དང་བཅས། །སྣ་ཚོགས་ལྗོན་ཤིང་དཔག་མེད་རྫིང་བུ་དུ་མས་བརྒྱན། །མནྡྷ་ར་སོགས་མེ་ཏོག་ཚོགས་ནང་བུང་བ་ནི། །དར་དིར་སྙན་སྒྲོག་དུས་དང་དུས་མིན་ཚལ་རྣམས་ནས། ། ལྷ་ཡི་རྒྱན་གོས་བཟའ་བཏུང་ཡིད་དང་མཐུན་པར་འབྱུང་། །ལྷ་ཡི་དབང་པོས་འཁོར་ལ་དམ་པའི་ཆོས་སྟོན་ཅིང་། །རྒྱལ་བའི་གསུང་སྤྲུལ་ལྷ་ཡི་རྔ་བོ་ཆེ་ཡི་སྒྲས། །ལྷ་རྣམས་གཉིད་མྱོས་སྡིག་དང་བག་མེད་པ་ལས་བསྐུལ། །ས་སྲུང་བུ་སོགས་གླང་པོ་ཅང་ཤེས་དེ་བཞིན་རྟ། །ཤིང་རྟ་ ལ་སོགས་བཞོན་པ་ཁྱད་པར་འཕགས་པས་འགྲོ། །ལྷ་མོ་མཛེས་མ་བྱེ་བ་དགུ་བཅུ་རྩ་དགུ་ཡིས། །ཡོངས་སུ་བསྐོར་ནས་ལྷ་ཡི་དབང་པོ་བདེ་བར་སྤྱོད། །གནས་གཞན་རྩ་གསུམ་སོ་སོའི་དཔལ་དང་བདེ་ལེགས་ནི། །དཔག་ཏུ་མེད་དེ་རྒྱལ་བ་བཞུགས་པའི་གནས་ཀྱང་ ཡོད། །མི་ལོ་བརྒྱ་ཡི་ཞག་ལས་བསྒྲེས་པའི་ལོ་སྟོང་འཚོ། །དེ་ནས་གཞན་ཡང་ཚུལ་ཁྲིམས་དེ་དག་ལེགས་བསྲུངས་ཤིང་། །ཁྱད་པར་འདོད་ལོག་རབ་ཏུ་སྤང་ཞིང་ཚངས་སྤྱོད་ལ། །བལྟ་དང་རྒོད་དང་འཁྱུད་དང་གླུ་གར་རྒྱགས་སྤངས་པའི། །རྒྱུ་ལས་བྱུང་བ་ འཐབ་བྲལ་མཚེ་མའི་ལྷ་གནས་ཡོད། །དེ་ན་ནང་བསེས་གནས་གཞན་ཉི་ཤུ་རྩ་བདུན་ཡོད། །བཻ་ཌཱུ་རྱ་དང་གསེར་དངུལ་ཤེལ་དང་བྱུ་རུ་སོགས། །རིན་ཆེན་རི་དང་རིན་ཆེན་ས་གཞི་སྐྱེད་ཚལ་མཚོ། །རིན་ཆེན་ངོས་ལ་ལས་ཀྱི་རྒྱུ་འབྲས་གཟུགས་སྣང་བས། །ལྷ་དེ་ཐམས་ ཅད་བག་དང་ལྡན་པར་སྐུལ་བར་བྱེད། །ལྷ་བུ་རེ་རེའང་ལྷ་མོ་སྟོང་དང་ཁྲིས་བསྐོར་ཏེ། །གླུ་གར་རྩེ་ཞིང་འཁྱུད་པ་ཙམ་གྱིས་ཚིམ་པར་འགྱུར། །དེ་ན་རྒྱལ་པོ་མུ་སུ་ལུནྡྷ་ཞེས་བྱ་བ། །བརྒྱ་བྱིན་ལས་ནི་དགེ་བ་དེའི་རྒྱུ་འབྲས་དུ་མས་ལྷག །རྩ་གསུམ་གནས་ལས་གནས་ཀྱང་བརྒྱ་ ཕྲག་དུ་མས་ལྷག །མི་ལོ་ཉི་བརྒྱའི་ཞག་གིས་བརྩིས་པའི་ལོ་ཉི་སྟོང་། །འཚོ་བ་ཡིན་ཏེ་འོད་གཟུགས་གཟི་བརྗིད་ཕུན་སུམ་ཚོགས། །དེ་ཡི་སྟེང་ན་ཕན་བཞེད་བྱང་ཆུབ་སེམས་དཔའ་ནི། །བདག་ཉིད་ཆེན་པོ་བྱམས་པ་བཞུགས་པ་དགའ་ལྡན་གནས། །རིན་ཆེན་ས་གཞི་ནེམ་ 110-1-19a དང་འཕར་བར་སྣང་བ་ཅན། །ཕོ་བྲང་ཚལ་དང་འབབ་ཆུ་བཟའ་བཏུང་གོས་རྒྱན་སོགས། །འདོད་དགུ་དཔག་མེད་ཐམས་ཅད་སྨོས་པར་མི་ལང་སྟེ། །དེ་ན་ལྷ་ཡང་བདེན་པ་མཐོང་བའི་འཕགས་པ་དང་། །དགེ་བའི་རྒྱུས་བསྐྱེད་འཕགས་པ་མིན་པ་ཅི་རིགས་ ཡོད། །བྱམས་པ་དེ་ཡིས་ལྷ་ལ་ཆོས་སྟོན་ཆོས་ལ་སྦྱོར། །མི་ལོ་བཞི་བརྒྱའི་ཞག་ལས་འཕེལ་བའི་བཞི་སྟོང་ལོར། །འཚོ་བར་འགྱུར་ཏེ་སྔར་བཤད་ལྷ་གནས་དེ་ཀུན་ལས། །ཆོས་དང་སྲིད་པའི་བདེ་ལེགས་ཀུན་གྱིས་ཁྱད་འཕགས་ཏེ། །ལག་བཅངས་ཙམ་གྱིས་ཆགས་ ལྡན་འདོད་པ་འགྲུབ་པར་བྱེད། །དེ་ལས་གཞན་ཡང་སྦྱིན་དང་ཚུལ་ཁྲིམས་དགེ་བའི་ཆོས། །སྔར་བཤད་ཀུན་ལས་ལྷག་པར་སྤྱད་པའི་རྒྱུས་ཐོབ་པ། །འཕྲུལ་དགའ་ཞེས་བྱ་དེ་ཡི་བདེ་འབྱོར་ཐམས་ཅད་ནི། །རང་གི་ཡིད་ཀྱིས་བསམས་པ་ཙམ་གྱིས་སྤྲུལ་པའི་ཕྱིར། །དེ་སྐད་མིང་ཐོབ་ ལྷ་གནས་དེ་ཡི་བདག་པོ་ཡང་། །ལུས་འོད་སྟོབས་སོགས་བརྒྱ་བྱིན་འབུམ་ལས་ལྷག་པ་ཡིན། །མདོར་ན་གནས་དེ་རྟེན་དང་བརྟེན་པའི་དཔལ་ཡོན་ནི། །དགའ་ལྡན་ལས་ཀྱང་བཅུ་དྲུག་འགྱུར་གྱིས་ལྷག་པ་སྟེ། །བག་མེད་འཁོར་རྣམས་འཕྲུལ་དགའི་གཙོ་བོས་བཟློག་པར་བྱེད། ། རྒོད་རེག་ཙམ་གྱིས་འདོད་པ་ཚིམ་པར་འགྱུར་ཏེ་ཚེ། །མི་ལོ་བརྒྱད་བརྒྱར་ཞག་ཏུ་བརྩིས་པའི་རང་ལོ་ནི། །སྟོང་ཕྲག་བརྒྱད་དུ་འཚོ་བ་ཡིན་པར་ཤེས་པར་བྱ། །དེ་ཡི་སྟེང་ན་གཞན་འཕྲུལ་དབང་བྱེད་ལྷ་གནས་ཏེ། །དེར་སྐྱེའི་རྒྱུ་ནི་ཚུལ་ཁྲིམས་རྣམ་དག་རྨི་ལམ་དུའང་། །མ་ཉམས་པ་དང་སྦྱོར་དངོས་འཇུག་ གསུམ་གུས་ལྡན་གྱིས། །དགྲ་བཅོམ་ལ་སོགས་ཡུལ་ལྔ་མཆོག་ལ་སྦྱིན་པ་བྱིན། །དེ་ལྟའི་རྒྱུས་ཐོབ་འཕགས་དང་ཕལ་པ་ཅི་རིགས་ཡོད། །ཤོར་བ་གཞོན་ནུས་རྒྱལ་བ་འོད་ཞི་སྤོས་སྣང་གི། །བསྟན་ལ་ལོག་བལྟས་རྣམ་སྨིན་དམྱལ་བར་སྨིན་ན་ཡང་། །ཨུཏྤལ་གདོང་ཞེས་དགེ་སྦྱོང་ཆེན་པོ་སྙིང་རྗེས་བསྐུལ། ། གཞན་ཡང་གཏན་མེད་མཆོད་སྦྱིན་རྒྱུ་ལས་འདིར་སྐྱེས་པ། །དེ་ལ་བདུད་ཅེས་མིང་དུ་གྲགས་མོད་དེ་ལྟ་ནའང་། །གཟུགས་སྒྲ་དྲི་རོ་འདོད་ཡོན་མདའ་ནི་ལྔ་པོ་འདིས། །སྐྱེ་དགུ་བསླུ་ཕྱིར་འདོད་པའི་བདུད་དངོས་འདི་ཉིད་ཡིན། །ལྷག་ནས་དེ་ནང་གསེར་དངུལ་ཤེལ་དང་བཻ་ཌཱུརྱ། །པདྨ་རཱ་ག་མརྒད་སྤུག་དང་རྡོའི་སྙིང་པོ། ། རིན་ཆེན་སྣ་ཚོགས་ས་གཞི་རི་དང་ལྗོན་པ་དང་། །རྫིང་བུ་མཚོ་དང་འབབ་ཆུ་པདྨ་ཀུ་མུ་ཏ། །མེ་ཏོག་ལོ་མ་འབྲས་བུ་ཁྱད་འཕགས་རྣམས་ཀྱིས་མཛེས། །གནས་དེའི་གཙོ་བོ་དབང་བསྒྱུར་ལྷ་ཡི་གཞལ་མེད་ཁང་། །དཔག་ཚད་མང་ལྡན་རིན་ཆེན་རང་བཞིན་གྲུ་བཞི་པ། །ཡོན་ཏན་ཀུན་ལྡན་ལྷ་དང་ལྷ་མོ་དུ་མས་གང་། ། 110-1-19b གླུ་གར་རོལ་མོ་དགའ་དང་བདེ་བའི་དཔལ་གྱིས་རྩེ། །གནས་འདིའི་རོལ་མོ་གཅིག་གི་སྒྲས་ཀྱང་ལྷ་གཞན་གྱི། །རོལ་མོ་ཐམས་ཅད་ཟིལ་གྱིས་གནོན་ཏེ་བདུད་རྩི་སོགས། །བཟའ་བཏུང་གོས་རྒྱན་གཞན་རྣམས་ཀྱང་ནི་དེ་དང་འདྲ། །ཆགས་ལྡན་ཕན་ཚུན་བལྟས་པ་ཙམ་གྱིས་ཚིམ་པར་ འགྱུར། །མི་ལོ་སྟོང་དང་དྲུག་བརྒྱ་ལ་ནི་ཞག་གཅིག་ཏུ། །བརྩིས་ནས་འཕེལ་བའི་རང་ལོ་ཁྲི་དང་དྲུག་སྟོང་འཚོ། །གནས་འདིའི་འདོད་ཡོན་རྒྱས་པར་བརྗོད་པ་དཀའ་བ་ཡིན། །ཆགས་བྲལ་མ་གཏོགས་ཕལ་ཆེར་འདོད་ཡོན་སྣང་བ་འདིས། །རབ་ཏུ་བསླུ་ཞིང་སླར་ཡང་ངན་འགྲོར་ ལྟུང་བས་ན། །ལྷ་ཡི་བུ་ཡི་བདུད་ཅེས་བྱ་བ་འདི་ཤེས་ནས། །བློ་དང་ལྡན་རྣམས་བདུད་འདིའི་དབང་དུ་མ་འདོང་ཞིག །དེ་ལྟར་འདོད་ལྷ་དྲུག་པོ་དག་ལས་དང་པོ་ནི། །རི་རབ་ངོས་དང་གཉིས་པ་དེ་ཡི་རྩེར་གནས་ཏེ། །བཞི་ནི་དེ་སྟེང་ནམ་མཁའ་དག་ལ་སྤྲིན་བཞིན་སྤྱོད། ། འདོད་ལ་ཆགས་ཕྱིར་སྔར་བཤད་འདི་དག་འདོད་ཁམས་ཡིན། །དགེ་བའི་འབྲས་བུ་འདོད་ལྷ་འདི་དག་རབ་བདེ་ཡང་། །བདེ་བས་གཡེངས་ནས་མི་དྲན་ངང་དུ་འཆི་ལྟས་འབྱུང་། །དེ་ཡི་སྡུག་བསྔལ་ངན་འགྲོ་ལས་ཀྱང་སེམས་བསྲེག་སྟེ། །འཕོས་ནས་ཀྱང་ནི་ངན་འགྲོར་འགྲོ་ ཕྱིར་ཆགས་བྲལ་བྱོས། །དེ་ནས་སྟེང་དུ་གཟུགས་ན་སྤྱོད་པའི་ལྷ་ཡོད་དེ། །དེ་ཐོབ་རྒྱུ་ནི་སྦྱིན་དང་ཚུལ་ཁྲིམས་དག་པར་བསྲུངས། །འདོད་པའི་བདེ་བ་ཆགས་ཞེན་སྲེད་པའི་རྒྱུར་མཐོང་ནས། །དེ་སྤོང་བྱེད་པ་བསམ་གཏན་རྒྱུ་ཡི་སྙོམ་འཇུག་ལ། །སྲེད་ཅིང་གོམས་ པས་འབྲས་བུ་སྐྱེ་བ་འདིར་སྐྱེས་ཏེ། །བསྡུས་ཏེ་བརྗོད་ན་རྟོག་དཔྱོད་བཅས་དང་རྟོག་དཔྱོད་མེད། །དགའ་བདེ་མེད་དང་དབུགས་དག་མེད་པའི་སྙོམ་འཇུག་ལས། །རིམ་བཞིན་བསམ་གཏན་བཞི་པོ་འགྲུབ་པ་རགས་པར་ཏེ། །ཞིབ་ཏུ་རྒྱུ་འབྲས་དབྱེ་བ་མང་ཡང་ འདིར་མ་བརྗོད། །བསམ་གཏན་དང་པོར་ཚངས་རིས་ལ་སོགས་རྣམ་པ་གསུམ། །འོད་ཆུང་ལ་སོགས་གཉིས་པར་གསུམ་དང་གསུམ་པ་ན། །དགེ་ཆུང་སོགས་གསུམ་བཞི་པར་སྤྲིན་མེད་ལ་སོགས་བརྒྱད། །འོག་མ་དག་ལས་གོང་མ་གོང་མ་རིམ་བཞིན་འཕགས། །ཚངས་རིས་ པ་ཡི་རོལ་མོ་གཅིག་གི་སྒྲ་ཡིས་ཀྱང་། །འདོད་ཁམས་རོལ་མོའི་སྒྲ་སྐད་ཐམས་ཅད་ཟིལ་གནོན་ཞིང་། །འོད་དང་རིན་ཆེན་གཞལ་ཡས་དགོས་དགུ་འདོད་ཁམས་ལས། །འགྱུར་ཁྱད་དུ་མས་ཁྱད་དུ་འཕགས་ཤིང་ཏིང་ངེ་འཛིན། །ཡོད་པའི་ཕྱིར་ན་ལུས་སེམས་བདེ་བ་སྨྲོས་ཅི་དགོས། །ཚངས་པའི་ 110-1-20a གནས་ན་མི་མཇེད་བདག་པོ་གདོང་བཞི་པ། །རྒྱལ་བ་རྣམས་ལ་ཆོས་འཁོར་སྐུལ་བྱེད་མཆོག་དེ་གནས། །འབྲས་བུ་ཆེ་བ་མན་ཆད་བཅུ་གཉིས་སོ་སྐྱེའི་གནས། །བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལས་གཞིར་བྱས་ཏེ། །འདུ་ཤེས་བཀག་ནས་དེ་ཙམ་མྱང་འདས་ཞིར་འཛིན་པ། །འདུ་ཤེས་མེད་ པ་པ་ཞེས་བྱ་སྟེ་དེ་ཡི་གནས། །འབྲས་བུ་ཆེ་དང་གྲོང་དང་དགོན་པའི་ཚུལ་དུ་ཡོད། །མི་ཆེ་བ་ནས་འོག་མིན་བར་གྱི་གནས་ལྔ་ནི། །ཟག་པ་མེད་པའི་ཤེས་རབ་ཀྱིས་ཟིན་འཕགས་པ་ཡིན། །ཐབས་ཀྱིས་ཟིན་ན་རབ་མཐའི་ཏིང་ངེ་འཛིན་འདིས་ནི། །ཁམས་གསུམ་ལས་འདས་བྱང་ཆུབ་ཐོབ་པའི་རྒྱུར་ཡང་འགྱུར། །འོག་མིན་གནས་འདི་ སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི། །ཞིང་ཁམས་ཡིན་པར་ཚུ་རོལ་སྣང་བར་མི་འགལ་ཏེ། །ཡེ་ཤེས་ཡུལ་དུ་ཁམས་གསུམ་ལས་འདས་སྟུག་པོ་བཀོད། །མཁའ་ཁྱབ་ཞིང་ཡིན་འདི་འདྲར་བསམ་མི་ཁྱབ་པ་བསྒོམ། །ཚངས་རིས་ལུས་ཚད་དཔག་ཚད་ཕྱེད་ཡིན་གོང་མ་རྣམས། །དཔག་ཚད་གཅིག་སོགས་ རིམ་གྱིས་ཆེ་བར་གྱུར་པ་ཡིན། །ཚེ་ཚད་ཚངས་རིས་བསྐལ་ཆུང་ཉི་ཤུ་ལ་སོགས་འཚོ། །དེ་ལས་གཞན་པ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །གཟུགས་ཅན་གྱུར་པའི་གནས་ལུས་མེད་ཀྱང་ཐོབ་པའི་རྒྱུ། །གཟུགས་ལ་རགས་དང་མ་ཞིའི་འདུ་ཤེས་སྐྱེས་གྱུར་ནས། །མཁའ་ལྟར་དམིགས་ནས་སྙོམ་འཇུག་བསྒོམ་ པ་སོགས་ལས་བྱུང་། །ཚེ་ཚད་བསྐལ་པ་ཉི་ཁྲི་ལ་སོགས་འཚོ་བ་སྟེ། །འདོད་གཟུགས་ལས་འདས་ཞི་བ་ཡིན་ཀྱང་ཤེས་རབ་དང་། །བྲལ་བར་གྱུར་ན་འོག་ཏུ་ལྟུང་སྟེ་དེ་ལྟ་ན། །བློ་དང་ལྡན་རྣམས་སྲིད་རྩེའི་བདེ་ལའང་ཅི་ཕྱིར་ཞེན། །ཁམས་གསུམ་འདི་དག་སོ་སོའི་སྐྱེ་སྲིད་ཟད་པའི་མཐར། །འཆི་སྲིད་མྱོང་ སྟེ་དེ་ནས་བར་གྱི་སྲིད་པ་འགྲུབ། །དེ་ནས་མདུན་ནམ་སྔུན་གྱི་སྲིད་པར་འཇུག་གྱུར་ཏེ། །སྡུག་བསྔལ་རང་བཞིན་ཟོ་ཆུན་བཞིན་དུ་སྐྱེ་འཆིས་འཁོར། །སྣོད་དུ་སྣང་བ་འདོད་པའི་ཁམས་ན་རླུང་དང་ཆུ། །ས་དཀྱིལ་སྟེང་ན་རི་རབ་གླིང་དང་མཚོར་བཅས་སྣང་། །འདོད་ལྷ་བཞི་དང་གཟུགས་ཀྱི་ལྷ་སོགས་དེ་དག་ལའང་། ། ལས་ཀྱི་དབང་གིས་རྟེན་དུ་སྣང་སྟེ་དེ་ལ་བརྟེན། །དེ་ལྟར་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་ན། །སྡིག་པ་སྤྱོད་རྣམས་ངན་སོང་ལ་སོགས་སྡུག་བསྔལ་ཞིང་། །དགེ་བ་སྤྱོད་རྣམས་ལྷ་མིའི་བདེ་བ་ཐོབ་མཐོང་ནས། །འབད་པ་ཆེན་པོས་དགེ་བ་བཅུ་ལ་སྤྱོད་པར་རིགས། །དེ་ལྟ་མོད་ ཀྱི་ཁམས་གསུམ་བདེ་བར་སྣང་ཀུན་ཡང་། །སྡུག་བསྔལ་ཉིད་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཞེས་བྱ་འཁོར་བ་ཅན་གྱི་ཕུང་པོ་ལྔ། །སྡུག་བསྔལ་འདི་ཡོད་ཁྱབ་པ་འདུ་བྱེད་སྡུག་བསྔལ་མནར། །བདེ་བར་སྣང་ཡང་དུག་བཅས་ཟས་བཞིན་སྡུག་བསྔལ་འགྱུར། ། 110-1-20b ངན་སོང་ལ་སོགས་ཚོར་བ་སྡུག་བསྔལ་གྱིས་སྡུག་བསྔལ། །དེ་ལྟ་བས་ན་སྡུག་བསྔལ་གསུམ་ལས་མ་འདས་ཕྱིར། །མྱང་འདས་ཐོབ་ཕྱིར་བདེ་བ་འདོད་རྣམས་བརྩོན་པའི་འོས། །སྲིད་པའི་ཡུལ་གནས་སྡུག་བསྔལ་མེ་ལྕེའི་འཕྲེང་བ་ཅན། །ལས་ཀྱིས་རབ་བཅིངས་ཁྲི་མོན་འཇིགས་སུ་ རུང་བ་ནས། །ངེས་པར་འབྱུང་བའི་བློ་ཡི་ཤུགས་སྟོབས་བསྐྱེད་ནས་ཀྱང་། །ཁྱིམ་ནས་བྱུང་ལ་སངས་རྒྱས་བསྟན་ལ་རབ་ཞུགས་ཤིག །ཞུགས་ནས་གང་གིས་ཚུལ་ཁྲིམས་གཙང་མར་སྲུང་བྱེད་པ། །དེ་ནི་ལྷར་བཅས་འཇིག་རྟེན་རྣམས་ཀྱི་མཆོད་ཡུལ་ཏེ། །བཤེས་གཉེན་ ལེགས་བསྟེན་ཐོས་ལ་བརྩོན་པ་ཉིད་དུ་བྱོས། །མ་རིག་མུན་སེལ་སྒྲོན་མེ་ལྟ་བུའི་སྣང་བ་ཐོབ། །དེ་དོན་བསམས་ཤིང་ལེགས་པར་ཡིད་ལ་བྱས་ནས་ཀྱང་། །ཞི་གནས་སྒྲུབས་ཏེ་དྲན་པ་ཉེར་བཞག་ལ་སོགས་སྒོམས། །མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་ཚུལ་བལྟ་སྟེ། ། ཚོགས་ལམ་མཐར་ཕྱིན་རིམ་གྱིས་དྲོ་བར་གྱུར་པ་འབྱུང་། །བདེན་བཞིའི་ཡུལ་ཅན་རྩེ་མོ་ལ་སོགས་བསྐྱེད་ནས་ཀྱང་། །ཆོས་མཆོག་མཐར་ཕྱིན་སོ་སོ་སྐྱེ་བོའི་ལམ་རྣམས་རྫོགས། །སེམས་ཀྱི་སྐད་ཅིག་ཆ་ཤས་བཅོ་ལྔ་རྟོགས་ནས་ཀྱང་། །མ་མཐོང་མཐོང་བ་བདེན་པ་མངོན་རྟོགས་ འཕགས་ལམ་ཐོབ། །མཐོང་དང་སྒོམ་པའི་ལམ་གྱི་གཉེན་པོས་འདོད་པ་དང་། །སྲིད་པའི་ཉོན་མོངས་སྤངས་པའི་གོ་རིམ་སོ་སོ་ལས། །རྒྱུན་ཏུ་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་བ་དང་། །དགྲ་བཅོམ་འབྲས་ཐོབ་ཉོན་མོངས་ཟག་པ་ཟད་པར་འགྱུར། །དགྲ་བཅོམ་དེ་དང་དེ་ལས་ཅུང་ ཟད་ཁྱད་པར་རྟོགས། །རང་རྒྱལ་ཐོབ་ཀྱང་བླ་མེད་བྱང་ཆུབ་མ་ཡིན་ཕྱིར། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད་ནས་ཀྱང་། །ཐེག་པ་ཆེར་ཞུགས་དེ་ནི་དེ་ཚེ་འབྲས་བུ་ཡོད། །ཐེག་པ་ཆེན་པོའི་སོ་སྐྱེའི་སྦྱོར་ལམ་ཐོབ་ནས་ཀྱང་། །ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པ་ཡོད་པ་སྟེ། ། འཕགས་ལམ་ཐོབ་ན་ལྟ་ཅི་སྨོས་པས་དེའི་དང་པོ། །རབ་དགའི་སར་གནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེས། །སངས་རྒྱས་བརྒྱ་མཐོང་དེ་ཡིས་བྱིན་རླབས་འདི་ཡིས་རྟོགས། །ཏིང་འཛིན་བརྒྱར་འཇུག་འཇིག་རྟེན་ཁམས་བརྒྱ་གཡོ་བ་སོགས། །བརྒྱ་ཕྲག་དུ་མའི་ཡོན་ཏན་བསམ་ལས་ འདས་པ་ཐོབ། །སྒོམ་པའི་ལམ་གྱི་དྲི་མ་མེད་པའི་སར་གནས་པ། །དེས་ནི་དང་པོའི་ཡོན་ཏན་ལས་ཀྱང་བཅུ་འགྱུར་སོགས། །རིམ་གྱིས་ཐོབ་ནས་ཉན་རང་འཕགས་པས་བ་སྤུ་རེའི། །ཆར་ཡང་མི་མཚུངས་ཐེག་ཆེན་སློབ་པའི་ཡོན་ཏན་ཐོབ། །ཕར་ཕྱིན་བཅུ་ཡི་མངོན་རྟོགས་གྲུབ་པས་ས་བཅུ་བགྲོད། ། 110-1-21a རང་ཉིད་འདོད་ན་སྐད་ཅིག་གཅིག་ལ་འང་བྱང་ཆུབ་པའི། །ནུས་པ་ཡོད་ཀྱང་རྒྱལ་སྲས་སེམས་ཅན་ལ་བརྩེ་བས། །སྨོན་ལམ་རྫོགས་དང་སེམས་ཅན་སྨིན་དང་ཞིང་སྦྱོང་བ། །མཐར་ཕྱིན་མ་བྱས་རང་ཞི་དོན་དུ་གཉེར་བ་མིན། ། ཛི ནོ དྷ ནི ཡུ ཝ ཎྱ ཤྲཱི གུ ཎཾ ན པྲ།། བི པཱ ཙ སུ ཏ ཐཱ གཱ ཏྱོ ཕ ལཱ ཏིཿ།། དྭི ཝཱ རྠ སུ ར ནུ ཏྟ རྱཿ ཏ ལ བྡྷོ།། ཨ ཧོ ཀྲི ཏ ཨ དྷཱི དྷ རྨ སྠ སོ ཁཾ།། རྒྱལ་བའི་མྱུ་གུ་ཡོན་ཏན་ལང་ཚོ་གསར་པའི་དཔལ། །མཛེས་པར་སྨིན་ནས་དེ་བཞིན་གཤེགས་པའི་འབྲས་བུ་ནི། །དོན་གཉིས་བཅུད་ལྡན་བླ་ན་མེད་པ་དེ་འགྲུབ་སྟེ། །ཨེ་མ་དམ་ཆོས་ས་གཞིའི་བྱེད་ལས་ཕན་བདེའི་ཕུལ། ། གང་ཞིག་འཕྲལ་གྱི་ལྷ་མིའི་བདེ་བ་དོན་གཉེར་བ། །དེས་ནི་གཏན་གྱི་བདེ་བ་མཆོག་འདི་མི་ཐོབ་སྟེ། །འདི་དོན་གཉེར་ན་འཕྲལ་དུ་མངོན་མཐོའི་བདེ་ཐོབ་ཅིང་། །རིམ་གྱིས་ངེས་ལེགས་སྡུག་བསྔལ་གཏན་དུ་ཞི་འདི་ཐོབ། །དེ་ལས་ཁྱད་པར་རྡོ་རྗེ་ཐེག་པའི་ཆོས་སྤྱོད་པ། །དེས་ནི་ལུས་ངག་ཡིད་དང་ ཡེ་ཤེས་དྲི་སྦྱངས་ཤིང་། །རྩ་རླུང་ཐིག་ལེ་སེམས་ཉིད་བདེ་ཆེན་བསྐལ་བཟང་གི། །མྱུར་བདེའི་ལམ་ནས་བདེ་སྟོང་རིས་མེད་སངས་རྒྱས་འགྲུབ། །བསྟན་པ་དམ་པའི་ཆོས་བསྟེན་པའི་ཕན་ཡོན་བཟློག་པའི་ཉེས་དམིགས་དང་བཅས་པ་མོད་ཙམ་མོལ་བའི་སྐབས་སོ། ། དེ་ལྟར་སྟོན་དང་བསྟན་པ་བསོད་ནམས་ཞིང་ས་ལ། །རབ་བསྔགས་ས་བོན་ཆ་ཤས་ཙམ་ཞིག་སྤེལ་བྱས་ནས། །ད་ནི་འདི་ན་སྐབས་སུ་བབ་པའི་དོན་བཟང་པོ། །བརྗོད་པར་བྱེད་ཀྱི་དགེ་ལ་གཞོལ་རྣམས་དགའ་བསྐྱེད་ཡིན། །བཟང་པོ་ཡིན་ལ་བཟང་པོར་གྲགས་པའི་བསྐལ་པ་འདིར། །བདེ་བར་ གཤེགས་པ་སྟོང་ཕྲག་ལྷག་ཞིག་འབྱོན་པ་ལས། །སྐྱེས་གུའི་ཚེ་ལོ་བཞི་ཁྲི་སུམ་ཁྲི་ཉི་ཁྲིའི་དུས། །འཁོར་བ་འཇིག་དང་གསེར་ཐུབ་མར་མེ་མཛད་པ་བྱོན། །འཛམ་གླིང་མི་རྣམས་ཚེ་ལོ་བརྒྱ་ཕྲག་འཚོ་བའི་སྐབས། །དུས་དང་སེམས་ཅན་ལྟ་བ་ཚེ་དང་ཉོན་མོངས་ཀྱི། །སྙིགས་མ་ལྔ་བདོ་ལྷག་པར་གདུལ་ 110-1-21b དཀའ་དེ་ཡི་ཚེ། །འོ་སྐོལ་སྟོན་པ་ཤཱཀྱ་ཁྱུ་མཆོག་ཡུལ་འདིར་བྱོན། །འཛམ་གླིང་ཡུལ་དབུས་མཁས་པས་ཉེར་བསྟེན་ས་གཞི་མཉམ། །ཆུ་བོ་གངྒ་འཁྱོག་པོར་མཛེས་འབབ་དྲང་སྲོང་གི། །བསྟི་གནས་ནགས་ཚལ་ཕུན་ཚོགས་ལྡན་པའི་ཆུ་དགུར་ཅན། ། ཐུབ་པ་སེར་སྐྱ་གཙང་མར་སྤྱད་པས་གཙང་བའི་ཡུལ། །དབུས་འགྱུར་འཆང་བ་སེར་སྐྱའི་གྲོང་ཁྱེར་དཔལ་དང་ལྡན། །སྐྱེ་བོས་གང་ཞིང་ཕུན་སུམ་ཚོགས་པའི་སྐལ་ཅན་དེར། །རྐང་གཉིས་གཙོ་བོ་ཐུབ་པ་མཆོག་འདི་ལེགས་བལྟམས་ཏེ། །ལྷུགས་སུ་ཞུགས་སོགས་ལོ་ཚིགས་ ངེས་པ་མི་མཐུན་པ། །མང་དུ་ཡོད་ཀྱང་དེ་བཞིན་གཤེགས་པའི་མཛད་པ་ནི། །བསམ་མི་ཁྱབ་ཕྱིར་ཀུན་ལ་དང་བས་འཇུག་པ་ལས། །ཕྱོགས་འཛིན་མི་རིགས་རེ་ཞིག་དཔལ་ལྡན་བླ་མ་མཆོག །གཙུག་ལག་འཕྲེང་བའི་དགོངས་པ་བཞིན་དུ་འདིར་བརྗོད་ན། །མིག་དམར་ཤིང་ཁམས་ བྱི་ལོའི་ས་ག་ཅན་གྱི་ཉར། །སྟོན་པ་མཆོག་འདི་ཡུམ་གྱི་ལྷུམས་སུ་འཇུག་པར་བསྟན། །དེ་ནས་ཟླ་བཅུར་ཉིན་ཞག་བདུན་གྱིས་མ་ཚང་བ། །ཁྲོ་བོ་ཤིང་གླང་དབོ་ཡི་ཟླ་བའི་ཚེས་བརྒྱད་ལ། །ཐུབ་པའི་དབང་པོ་ལུམྦིའི་ཚལ་དུ་སྐུ་བལྟམས་སོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་དགུར་ཁྱིམ་དུ་ བཞུགས། །རྣམ་རྒྱལ་ཞེས་བྱ་ཆུ་ཁམས་སྦྲུལ་གྱི་ལོ་ལ་ནི། །ཁྱིམ་ནས་བྱུང་སྟེ་རབ་ཏུ་འབྱུང་བའི་རྣམ་ཐར་བསྟན། །དེ་ནས་ལོ་དྲུག་དཀའ་བ་སྤྱོད་པའི་ཚུལ་མཛད་ནས། །བསྒྱུར་བྱེད་ཅེས་པ་ས་མོ་ཕག་ལོ་ས་གའི་ཉར། །བྱང་ཆུབ་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ། ཞག་བདུན་བར་དུ་སྐྱིལ་ཀྲུང་གཡོ་བ་མེད་པར་བཞུགས། །བདུན་ཕྲག་གཉིས་པར་བྱང་ཆུབ་ཤིང་ལ་མི་འཛུམས་གཟིགས། །བདུན་ཕྲག་གསུམ་པར་སྟོང་གསུམ་ཐམས་ཅད་ཞབས་ཀྱིས་བཅགས། །བདུན་ཕྲག་བཞི་པར་ཤར་ནུབ་རྒྱ་མཚོའི་བར་དུ་འཆག །བདུན་ཕྲག་ལྔ་པར་བཏང་བཟུང་ཀླུ་ ཡི་གནས་ན་བཞུགས། །བདུན་ཕྲག་དྲུག་པར་ནྱ་གྲོ་དྷ་ཡི་ཤིང་དྲུང་བཞུགས། །བདུན་ཕྲག་བདུན་པར་སྒྲོལ་རྒྱུའི་ཤིང་གི་ཚལ་ན་བཞུགས། །ག་གོན་བཟང་པོས་བསོད་སྙོམས་ཕུལ་བཞེས་བདེ་ལེགས་བརྗོད། །རྒྱལ་ཆེན་བཞི་ཡིས་ལྷུང་བཟེད་ཕུལ་བ་སྣོད་དུ་མཛད། །འཕགས་ཆེན་ སྣང་ངོར་བྱང་ཆུབ་སྙིང་པོར་བཞུགས་བཞིན་དུ། །རི་རབ་རྩེ་སོགས་སྣ་ཚོགས་གནས་སུ་སྐུ་སྣང་བས། །ཐེག་ཆེན་མདོ་དང་རྒྱུད་སྡེའི་དམ་ཆོས་མང་གསུངས་ཤིང་། །དེ་ཉིད་དུ་ཡང་ཕྱོགས་བཅུའི་བྱང་སེམས་འཁོར་འདུས་ཏེ། །ཤིན་ཏུ་རྒྱས་པ་ཕལ་པོ་ཆེ་ཡི་མདོ་སྡེ་གསུངས། །ཟབ་ཞི་སྤྲོས་ 110-1-22a བྲལ་འོད་གསལ་འདུས་མ་བྱས་པའི་ཆོས། །བདུད་རྩི་ལྟ་བུ་ཁོ་བོས་རྙེད་ཀྱང་མི་སྨྲ་ཞེས། །ཐུན་མོང་སྣང་ངོར་ཐུགས་ལས་ཆུང་ངུའི་ཚུལ་བཞུགས་ཚེ། །ཚངས་པ་ཆེན་པོས་རྩིབས་སྟོང་གསེར་གྱི་འཁོར་ལོ་ཕུལ། །མ་གདྷ་འདིར་ཆོས་ལ་དྲི་མ་གྱུར་པ་བྱུང་། །དེ་ཡི་ སླད་དུ་བདུད་རྩི་སྦྱིན་པར་གསོལ་བཏབ་པས། །སྐྱེ་བོ་ཐམས་ཅད་ཚངས་ལ་གུས་ཕྱིར་ཞལ་བཞེས་ནས། །སངས་རྒྱས་ནས་ནི་དགུང་ཞག་བདུན་ཕྲག་བདུན་འདས་པ། །ཆུ་སྟོད་ཅན་གྱི་ཡར་ངོའི་ཚེས་བཞིར་རི་དྭགས་ནགས། །དྲང་སྲོང་ལྷུང་བར་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། །ལྔ་སྡེ་ གཙོར་གྱུར་གདུལ་བྱ་མང་སོ་འདུལ་བར་མཛད། །དེ་ནས་རིམ་བཞིན་ཉེ་བའི་ལྔ་སྡེ་རབ་ཏུ་བྱུང་། །རིགས་གཙོའི་བུ་ནི་ལྔ་བཅུ་ཕྲག་ཞིག་དགྲ་བཅོམ་བཀོད། །དྲུག་ཅུའི་ཚོགས་ལྡན་བཟང་སྡེ་རྒྱུན་ཞུགས་བདེན་པ་མཐོང་། །ཆོ་འཕྲུལ་ལྔ་བརྒྱས་སྟེང་རྒྱས་འོད་སྲུངས་བཏུལ་མཛད་ཅིང་། །རལ་ པ་ཅན་སྟོང་ཟག་པ་ཟད་པ་ཉིད་ལ་བཀོད། །འཛམ་བུ་གླིང་ན་སྨྲ་བའི་མཆོག་གྱུར་བྲམ་ཟེའི་བུ། །ཉེ་རྒྱལ་དང་ནི་པད་ནས་སྐྱེས་པ་དེ་གཉིས་ཀྱིས། །སྟོན་པ་དྲུག་སོགས་ཚད་མ་མིན་པར་ཤེས་ནས་དོར། །སྔོན་གྱི་སྟོན་པ་ཡང་དག་རྒྱལ་བ་ཅན་དེ་ཡིས། །ལྷ་ཡི་སྒྲ་ཐོས་སངས་རྒྱས་འབྱུང་བར་ལུང་བསྟན་ པ། །ཇི་ལྟར་དེ་བཞིན་རྒྱལ་བའི་དྲུང་དུ་རབ་བྱུང་སྟེ། །ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་བསྟན། །འོད་སྲུངས་ཆེན་པོས་སྟོན་པར་ཁས་བླངས་བསྙེན་པར་རྫོགས། །གཞན་ཡང་སྲིད་པ་ཐ་མར་གྱུར་སོགས་མང་སོ་ཞིག །དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས། །བཀའ་བསྩལ་ མོད་ལ་ཆོས་གོས་བགོས་ཤིང་ལྷུང་བཟེད་ཐོགས། །སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་ཙམ་དང་། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་འདྲའི་སྤྱོད་ལམ་ཅན། །རིལ་བ་ཐོགས་པ་དེ་འདྲར་གྱུར་ཅིང་ཕལ་ཆེར་ནི། །དགྲ་བཅོམ་འབྲས་ཐོབ་ཉོན་མོངས་མེད་པ་ཉིད་དུ་གྱུར། །གླེང་གཞི་ལ་བརྟེན་ གཞན་དུ་ད་ལྟར་ཆོ་ག་མཛད། །གསལ་རྒྱལ་ལ་སོགས་རྒྱལ་པོ་དུ་མ་སྨིན་མཛད་ཅིང་། །ཡབ་ཀྱང་རིམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུར་བཀོད། །ཀུན་དགའ་བོ་དང་བཟང་ལྡན་ལྷས་བྱིན་ལ་སོགས་པ། །ཉེ་དུ་ཤཱཀྱ་མང་པོ་དག་ཀྱང་རབ་ཏུ་བྱུང་། །མེས་བྱིན་ལ་སོགས་དྲང་སྲོང་དུ་མ་འཁོར་ དུ་ཞུགས། །ཀབ་པི་ན་ཞེས་གསེར་སའི་རྒྱལ་པོ་སྟོབས་ཆེ་བ། །བློན་པོ་བརྒྱད་ཁྲི་བཞི་སྟོང་ཡོད་ཅིང་སོ་སོ་ལ། །དམག་ཚོགས་ཁྲི་རེ་ཡོད་པ་དེ་ཡང་ལེགས་བཏུལ་ཏེ། །རབ་ཏུ་བྱུང་ནས་དགེ་སློང་བསོད་སྙོམས་སྤྱོད་པར་གྱུར། །བྲིས་སྐུས་བཏུལ་ཏེ་སྒྲ་སྒྲོགས་རྒྱལ་པོའང་འཁོར་དུ་བསྡུས། །རྫུ་འཕྲུལ་བཀོད་ 110-1-22b པས་རྒྱང་རིང་གནས་གཤེགས་སྐལ་ལྡན་འདུལ། །རྫོགས་བྱེད་གནག་ལྷས་སྐྱེས་དང་སྨྲ་འདོད་བུ་མོའི་བུ། །གཉེན་གྱི་བུ་དང་ནོག་ཅན་སྐྲ་ཡི་ལ་བ་ཅན། །དྲུག་པོ་དེ་དག་དགེ་སྦྱོང་གོའུ་ཏ་མའི་ཚིག །འདི་ནི་ཆོས་མིན་བདག་ཅག་འགྲན་པར་བྱ་ཞེས་ཁེངས། །ཉན་ཐོས་ལྟར་ན་ཆོ་འཕྲུལ་ཞིང་ སྦྱངས་ཆོ་འཕྲུལ་ནི། །ཉིན་ཞག་གཅིག་ཡིན་ཐེག་ཆེན་ལྟར་ན་བཅྭོ་ལྔ་སྟེ། །མཆུ་ཡི་ཟླ་བའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར། །གསལ་རྒྱལ་ལ་སོགས་སོ་སོས་མཆོད་ནས་ཆོ་འཕྲུལ་བསྟན། །ཚེས་བརྒྱད་བར་དུ་འགྲན་ཟླར་བཅས་པ་ཞེས་གྲགས་ཤིང་། །དེ་ནས་བརྩམས་ཏེ་ འགྲན་ཟླ་མེད་པའི་ཆོ་འཕྲུལ་ཡིན། །རྩ་གསུམ་གནས་སུ་དབྱར་གནས་ཡུམ་གྱི་དོན་མཛད་ནས། །ཐ་སྐར་ཅན་གྱི་ཉན་ལ་ལྷ་ལས་བབ་པར་བསྟན། །ཐེག་ཆེན་ལུགས་ཀྱི་ཆོས་འཁོར་གཉིས་པ་མཚན་མེད་དང་། །གསུམ་པར་གྲགས་པ་ལེགས་པ་རྣམ་པར་ ཕྱེ་བའི་ཆོས། །ཤིན་ཏུ་མཐར་ཐུག་རྡོ་རྗེ་ཐེག་པའི་དམ་ཆོས་རྣམས། །གནས་དང་ཡུལ་དུས་ཐུན་མོང་ཐུན་མོང་མིན་པར་བསྟན། །མདོར་ན་སངས་རྒྱས་སྐུ་མཐོང་བ་དང་གསུང་ཐོས་པ། །ཡོན་ཏན་དྲན་དང་ཉན་ཐོས་མཐོང་དང་དེས་ཆོས་བསྟན། །ཐབས་སྒོ་དུ་མས་འགྲོ་བ་ འདྲེན་པའི་ཕྲིན་ལས་ཀྱིས། །སངས་རྒྱས་ནས་ནི་ལོ་གྲངས་ཞེ་ལྔར་འཚོ་བཞེས་ཏེ། །ཉི་སྒྲོལ་བྱེད་པ་ཤིང་ཕོ་སྤྲེའུའི་ལོ་ལ་ནི། །ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཉིད་དུ་དུས་འཁོར་གསུངས། །དེ་ནས་རིམ་གྱིས་གྱད་རྣམས་བཏུལ་ཞིག་རྩྭ་ཅན་གྱི། །གྲོང་དང་ཉེ་བ་སཱ་ལ་ཟུང་གི་ཚལ་གྱི་དབུས། །ཀུན་ དགའ་བོ་ལ་མལ་སྟན་ཤོམས་ཞེས་བཀའ་བསྩལ་ཏེ། །ཐ་མའི་གཟིམས་ཁྲི་དེ་ལ་བཞུགས་ཏེ་འདི་སྐད་གསུངས། །ང་ནི་མྱ་ངན་འདས་པར་གྱུར་པའི་འོག་རོལ་དུ། །འོད་སྲུང་གིས་ནི་སྟོན་པའི་བྱ་བ་བྱེད་འགྱུར་ཏེ། །ང་ཡི་བཀའ་རྣམས་ལེགས་པར་བསྡུས་ཤིག་དེའི་ཐོག་མར། །འདི་སྐད་བདག་གིས་ ཐོས་པ་ཞེས་སོགས་གནས་དུས་འཁོད། །གསལ་བར་བྱེད་པའི་གླེང་གཞི་དང་ནི་བར་དག་ཏུ། །མཚམས་སྦྱོར་བ་དང་མཇུག་ཏུ་མཐུན་འགྱུར་ཡི་རང་བརྗོད། །བསླབ་པ་ཕྲན་ཚེགས་འདོད་ན་བག་ཡངས་ཉིད་དུའང་བྱོས། །རྒན་པས་གཞོན་པ་ཕན་པས་བསྡུ་ཞིང་གཞོན་པས་བཀུར། ། ཤཱཀྱ་དང་ནི་མེ་པ་རལ་པ་ཅན་ལས་གཞན། །མུ་སྟེགས་རྣམས་ནི་རབ་ཏུ་དབྱུང་བར་མ་བྱེད་གསུངས། །སྟོད་གཡོགས་བསལ་ཏེ་དགེ་སློང་རྣམས་ལ་སངས་རྒྱས་ལྟོས། །འདི་ནི་སངས་རྒྱས་སྐུ་མཐོང་བ་ཡི་ཐ་མ་ཡིན། །བདེན་པ་བཞི་དང་རྟེན་འབྲེལ་བཅུ་གཉིས་བསླབ་པ་གསུམ། །གནས་དེ་དག་ལ་ཐེ་ཚོམ་ 110-1-23a ཡོད་ན་དྲི་བར་གྱིས། །འདུས་བྱས་མི་རྟག་ཟག་བཅས་ཐམས་ཅད་སྡུག་བསྔལ་ཏེ། །མྱང་འདས་ཞི་བ་ཆོས་ཀུན་བདག་མེད་པ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན། །དེ་སྐད་གསུངས་ནས་བསམ་གཏན་བཞི་དང་གཟུགས་མེད་དང་། །འགོག་ སྙོམས་རྣམས་ལ་འབྱུང་ལྡོག་དུ་མར་སྙོམས་ཞུགས་ཤིང་། །བསམ་གཏན་བཞི་པས་ཐ་མར་ཟག་མེད་དབྱིངས་ཞུགས་ཏེ། །གློ་གཡས་ཕབ་སྟེ་སེང་གེའི་ཉལ་སྟབས་བཟང་པོ་ཡིས། །བུད་ཤིང་ཟད་པའི་མེ་ལྟར་ཡོངས་སུ་མྱ་ངན་འདས། །ཉན་ཐོས་ཆེ་རྣམས་ཆོས་ཉིད་ལ་ནི་རྟོག་པར་བྱེད། ། ཚངས་སོགས་ལྷ་དང་མི་ཡི་འཁོར་ཚོགས་རྒྱ་མཚོ་ནི། །མྱ་ངན་སྨེ་སྔགས་སྡུག་བསྔལ་ཆོ་ངེའི་སྒྲ་འབྱིན་ཞིང་། །ལྷ་རྫས་མཆོད་པས་འཛམ་གླིང་ཐམས་ཅད་ཡོངས་བཀང་སྟེ། །འོད་སྲུང་ཆེན་པོས་ཆོས་གོས་རས་ཟུང་ལྔ་བརྒྱ་སོགས། །སྐུ་གདུང་རིན་ཆེན་མཆོད་སྡོང་ཆེ་ལ་གསོལ་བྱས་ ཤིང་། །ཙན་དན་སྤོས་ཀྱི་ཤིང་གི་ཞུགས་ལ་བཞེན་ནས་ཀྱང་། །ཡུངས་འབྲུ་ལྟ་བུའི་རིང་སྲེལ་ཉིད་དུ་སྣང་བར་གྱུར། །ཆ་བརྒྱད་བགོས་པས་མ་ག་དྷ་ཡི་ཁལ་རེ་བྱུང་། །རྩ་ཅན་གྱད་སོགས་སྡེ་མཚན་བརྒྱད་ཀྱིས་སོ་སོར་མཆོད། །དེ་ལྟར་སངས་རྒྱས་རྟག་པ་དམ་པའི་སྐུ་མངའ་ཡང་། །འགྲོ་བ་ འདུལ་ཕྱིར་སྣ་ཚོགས་ཕྲིན་ལས་ཕ་མཐའ་ཡས། །དེ་ནས་དུས་ཤིག་ནྱ་གྲོ་དྷ་ཡི་ཕུག་པ་རུ། །དགྲ་བཅོམ་དགེ་སློང་བརྒྱ་ཕྲག་ལྔ་ཡིས་དབྱར་གནས་ཏེ། །རྒྱལ་པོ་དད་ཅན་མ་སྐྱེས་དགྲ་ཡིས་མཆོད་ནས་ཀྱང་། །དགྲ་བཅོམ་ལྔ་བརྒྱས་སྣམ་སྦྱར་བཏིང་བར་ཀུན་དགའ་བོ། །སྟོན་པ་དྲན་ཞིང་བྱང་ཆུབ་སྙིང་པོར་ ཕྱོགས་ཏེ་བཞུགས། །འདི་སྐད་བདག་གིས་ཐོས་པ་ལ་སོགས་སྨྲས་ནས་ཀྱང་། །མདོ་སྡེ་བཏུས་ཤིང་ཉེ་བ་འཁོར་གྱིས་འདུལ་བ་དང་། །འོད་སྲུངས་ཆེན་པོས་མ་མོ་ཞེས་བྱའི་སྡེ་སྣོད་བསྡུས། །འདི་ལ་སྟོན་པའི་བཀའ་བསྡུ་དང་པོར་ཡོངས་སུ་གྲགས། །སྟོན་པ་འདས་ནས་ལོ་གྲངས་བརྒྱ་དང་བཅུ་ ལོན་ཚེ། །ཡངས་པ་ཅན་དུ་དགྲ་བཅོམ་གྲགས་པ་ཞེས་བྱ་བས། །དགྲ་བཅོམ་བདུན་བརྒྱའི་དགེ་འདུན་འདུས་ནས་རུང་མིན་གྱི། །གཞི་བཅུ་དགག་པས་བསྡུ་པ་གཉིས་པ་བྱས་པ་སྟེ། །སྦྱིན་པའི་བདག་པོ་ཆོས་རྒྱལ་མྱ་ངན་མེད་པ་ཡིན། །དེ་ནས་རིང་འདས་སྡེ་པ་བཅོ་བརྒྱད་གྱེས་པ་ཡིས། །རྩོད་པར་གྱུར་ཏེ་ ཀསྨི་ར་ཡི་ཡུལ་ཁམས་སུ། །སྟོན་པ་གཤེགས་ནས་ལོ་གྲངས་སུམ་བརྒྱར་བབ་པའི་དུས། །སྐྱེ་འཕགས་བྱང་སེམས་ཁྲི་དང་བདུན་སྟོང་འདུས་ནས་ཀྱང་། །ཀྲྀ་ཀིའི་རྨི་ལམ་ལུང་བསྟན་མདོ་ཡི་དོན་མཐུན་པར། །གྱེས་པ་བཅོ་བརྒྱད་སངས་རྒྱས་བསྟན་པར་བསྡུས་ནས་ཀྱང་། །སྡེ་སྣོད་གསུམ་ 110-1-23b བཀླགས་འདི་ལ་བཀའ་བསྡུ་གསུམ་པར་གྲགས། །མཆོད་བྱེད་རྒྱལ་པོ་ཀ་ནི་ཊྐ་ཞེས་བྱ་བ་ཡིན། །འོད་སྲུངས་ཀུན་དགའ་ཤ་ནའི་གོས་ཅན་ཉེར་སྦས་དང་། །དྷི་དྷི་ཀ་སོགས་བསྟན་པའི་གཏད་རབས་རིམ་གྱིས་བྱུང་། །ཐེག་ཆེན་བསྟན་པ་འཇམ་པའི་དཔལ་དང་བྱམས་པ་ཡིས། །ཀླུ་སྒྲུབ་ ཐོགས་མེད་ཤིང་རྟའི་སྲོལ་འབྱེད་གཉིས་ལ་གདམས། །དེས་ན་བསྟན་ལ་མཆོག་ཏུ་གཅེས་འཛིན་དེ་དག་གིས། །ལེགས་པར་བསྲུངས་ཏེ་འཕགས་པའི་ཡུལ་དུ་ཐེག་གསུམ་གྱི། །དམ་ཆོས་མཆོག་ནི་འཕེལ་ཞིང་རྒྱས་པར་གྱུར་པ་སྟེ། །དེ་ཡང་འཕགས་ཡུལ་མི་ཡི་ཡུལ་དུ་སྟོན་པའི་ གསུང་། །དར་བ་དེ་ནི་གསུང་གི་ཆ་ཤས་ཙམ་ཡིན་ཏེ། །འབུམ་སྡེ་མང་པོ་ལྷ་དང་ཀླུ་དང་འགྲོ་གཞན་དང་། །བྱང་སེམས་ཉན་ཐོས་རྗུ་འཕྲུལ་ལྡན་པའི་མཐུ་དག་དང་། །སངས་རྒྱས་ཉིད་ཀྱི་རྫུ་འཕྲུལ་ཆོ་འཕྲུལ་མཐའ་ཡས་པས། །གླིང་གཞི་དག་དང་དེ་ལས་ལྷག་པར་སྟོང་གསུམ་གཞན། ། དཔག་མེད་དུ་ཡང་རྒྱལ་བ་འདི་ཆོས་རྒྱས་པར་གྲུབ། །ཚུ་རོལ་མཐོང་བར་སྟོན་པ་མྱ་ངན་འདས་པ་ནས། །ལོ་གྲངས་སྟོང་ཙམ་འདས་པའི་དུས་སུ་རྒྱ་ནག་དང་། །སྟོང་དང་བརྒྱ་ཕྲག་གསུམ་དུ་ཉེ་ཚོ་བོད་ཡུལ་དུ། །དམ་ཆོས་བྱུང་བར་སྔོན་གྱི་ཡི་གེ་ལས་ཐོས་ཏེ། །རྒྱ་ནག་ཡུལ་དུ་ཅེའུ་ ཇེའུ་དཔང་ཞེས་པའི། །རྒྱལ་པོའི་སྐབས་སུ་དུས་ཞིག་རླུང་འཚུབ་ཆེན་པོ་དང་། །ནམ་མཁའ་ཐམས་ཅད་ཁ་དོག་ལྔ་པའི་འོད་ཀྱིས་ཁྱབ། །རྩིས་ཀྱིས་བརྟགས་པས་ནུབ་ཀྱི་ཕྱོགས་ན་ཁྱེའུ་ནི། །བསོད་ནམས་ལྡན་པ་སྐྱེས་པའི་མཚན་མར་འདུག་པ་དང་། །ལོ་སྟོང་ལོན་ནས་ཡུལ་འདིར་ དེ་ཡི་ཆོས་དར་བའི། །ལྟས་སུ་ཤེས་ནས་ཡི་གེར་བྲིས་ཏེ་བཞག་པ་ནས། །རྒྱལ་རབས་འགའ་སོང་ཧན་མིང་ཏི་ཞེས་བྱ་བ་ཡིས། །རྒྱལ་ས་མཛད་ཚེ་རྒྱལ་པོ་དེ་ཡི་རྨང་ལམ་དུ། །སྐུ་གཟུགས་གསེར་མདོག་ཁྲུ་ཚད་བཅུ་དྲུག་འོད་འབར་གཟིགས། །སད་ནས་བརྟགས་པས་སྔོན་གྱི་རྩིས་ ལུང་དང་མཐུན་པས། །ལང་ཇུས་ཡིན་ཞེས་བྱ་བ་ལ་སོགས་བཅོ་བརྒྱད་ཕྲག །རྒྱ་གར་ཡུལ་དུ་དམ་ཆོས་ལེན་པར་བཏང་བ་ལས། །ལམ་དུ་མཁན་པོ་སྡེ་སྣོད་གསུམ་ལ་མཁས་པ་ཅན། །གྲོལ་བ་དང་ནི་འབར་བ་ཞེས་བྱ་རྣམ་པ་གཉིས། །སྟོན་པའི་བྲིས་སྐུ་ཆོས་ཀྱི་པུ་ཏིར་བཅས་ བསྣམས་ནས། །རྒྱ་ནག་ངོས་སུ་བྱོན་དང་ཕྲད་དེ་འགྲོགས་ནས་ལྡོག །དེ་ཚེ་རྒྱ་རུ་གྲངས་ཅན་ཚུལ་དང་ཕྱོགས་འདྲ་བའི། །གྲུབ་མཐའ་སྟོན་པ་ཟིན་ཤིང་གཞུང་ལུགས་ཡོད་པ་སྟེ། །དེ་དག་བཏུལ་ནས་སངས་རྒྱས་ཆོས་འདིར་འགྲོ་མང་བཙུད། །འདི་ནས་འདུལ་བསྟན་རྒྱ་ནག་ཡུལ་དུ་ཐོག་མར་དར། ། 110-1-24a དེ་ཡི་རྗེས་སུ་ཆིང་སང་ཞེས་བྱའི་རྒྱུད་པའི་རིང་། །སངས་རྒྱས་རིང་བསྲེལ་ཙན་དན་ཇོ་བོ་རྣམས་གཉིས་དང་། །ཀུ་མཱ་ར་ཞེས་པཎྚི་ཏ་རྣམས་རྒྱ་ནག་ཏུ། །ཕེབས་པ་དེ་ནས་ཐེག་ཆེན་བསྟན་པ་དར་བར་བཤད། །དུས་དེ་རྣམས་སུ་ལོ་ཙཱ་མཁས་པ་མང་བྱུང་ཞིང་། །ཁྱད་པར་ དེ་ནས་ཐང་གི་རྒྱལ་རབས་བྱུང་བའི་དུས། །ལོ་ཙཱ་མཁས་པ་སྦྱོར་ལམ་ཐོབ་པ་ཐང་ཛང་ཛང་། །སྐྱེ་བ་འཕོས་ནས་དགའ་ལྡན་ཡུལ་དུ་བྱམས་པ་ལས། །དམ་ཆོས་ཉན་པར་གྱུར་པ་དེ་ཡང་བྱུང་བ་དང་། །དེ་ལ་སོགས་པ་རྒྱ་ཧོར་མི་ཉག་རྒྱལ་རབས་སུ། །ཆོས་ཀྱི་བྱུང་ཚུལ་རྒྱས་པ་ དག་ནི་འདིར་མ་བརྗོད། །རྒྱ་ནག་ཕྱི་མར་ཐའི་ཛུ་རྒྱལ་པོའི་སྐུ་རིང་ལ། །ཏའི་ཞིང་ཆེན་པོས་གནས་བརྟན་བཅུ་དྲུག་བིཪྺ་པ། །འཁོར་བཅས་སྤྱན་དྲངས་དེ་སྲས་ཡུན་ལོ་ཆེན་པོ་སོགས། །ད་ལྟའི་བར་དུ་རྒྱལ་རབས་རྣམས་སུ་བསྟན་ལ་མཆོད། །འདི་དག་རྣམས་ཀྱང་སྟོན་པ་ཉིད་ཀྱིས་ ལུང་བསྟན་ཏེ། །འཇམ་དཔལ་རྩ་རྒྱུད་ཅེས་པའི་བཀའ་ལས་གང་གསུངས་པ། །རྒྱ་ཡུལ་ཀུན་བསྟེན་རྒྱལ་པོ་དབྱིག་གི་སྙིང་པོ་ནི། །སྡེ་ཆེན་སྟོབས་ཀྱང་ཆེ་བ་ཞེས་པ་ལ་སོགས་དང་། །གཞོན་ནུས་ཡོངས་སུ་བསྟན་པའི་རིག་པ་འདི་ཡང་ནི། །དེ་ཡི་ཡུལ་དུ་མྱུར་དུ་འགྲུབ་པར་འགྱུར་ཞེས་དང་། ། འཇམ་པའི་དབྱངས་ནི་འོད་ཆེན་ལྡན་པ་དེ་ཡུལ་ན། །བྱིས་པའི་གཟུགས་ཀྱིས་མངོན་སུམ་བཞུགས་ཞེས་གསུངས་པ་སྟེ། །རྒྱ་ནག་ཡུལ་དང་དེ་ནི་འཇམ་དཔལ་གཞོན་ནུ་ཡིས། །བྱིན་གྱིས་བརླབས་ཤིང་དམ་ཆོས་འབྱུང་བར་ལུང་བསྟན་ཅིང་། །བོད་ཀྱི་ཡུལ་ནི་ཐོག་མ་སྲིན་པོས་བདག་ཏུ་གཟུང་། ། གདུག་པ་དང་ལྡན་གདོང་དམར་ཡུལ་དུ་གྲགས་མོད་ཀྱང་། །སྟོན་པ་ཉིད་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད། །ལུང་བསྟན་མོད་ལས་ལོ་གྲངས་སྟོང་དང་ལྔ་བརྒྱ་ན། །གདོང་དམར་ཅན་ཡུལ་བོད་ཅེས་བྱ་བར་ཆོས་དར་བར། །བཀའ་བསྩལ་པ་དང་ཤེས་རབ་ཕ་རོལ་ཕྱིན་པ་ལས། །སྟོན་པ་འདས་ནས་ཆོས་ འདི་ལྷོ་ཡི་ཕྱོགས་སུ་འབྱུང་། །དེ་ནས་མཐའ་འཁོབ་དེ་ནས་བྱང་དུ་རྒྱས་པར་འགྱུར། །ཞེས་པ་ལ་སོགས་རྣམ་པ་དུ་མས་ལུང་བསྟན་བཞིན། །སྟོན་པ་གཤེགས་ནས་ལོ་སྟོང་ཉི་བརྒྱ་གོ་ལྔའི་ཚེ། །བོད་ཀྱི་རྒྱལ་པོ་ལྷ་གཅིག་ཐོ་ཐོ་རི་ཞེས་པ། །རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དེ། ། ཕོ་བྲང་ཆེན་པོ་ཡུ་བུ་བརླ་སྒང་སྐུ་མཁར་ན། །རང་ལོ་བཅུ་ཕྲག་དྲུག་ཙམ་བཞེས་པ་དེ་ཡི་ཚེ། །ནམ་མཁའ་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ་བ་དང་། །མེ་ཏོག་ཆར་དང་ལྷ་ཡི་རོལ་མོའི་སྒྲ་སྐད་བྱུང་། །གདུགས་ཤར་ཚེ་ན་ཉི་ཟེར་འོད་དང་འགྲོགས་ནས་ཀྱང་། །གསེར་ཤོག་ངོས་ལ་བཻ་ཌཱུརྱ་ཡིས་ལེགས་བྲིས་པའི། །པང་ 110-1-24b ཀོང་ཕྱག་བརྒྱ་མདོ་སྡེ་ཟ་མ་ཏོག་དག་གི། །གླེགས་བམ་གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་དང་། །ཙིནྡ་མ་ཎིའི་བརྐོས་ཕོར་རྣམས་ནི་མཁའ་ལས་བབས། །ཡི་གེའི་སྲོལ་མེད་ཇི་ལྟར་ཡིན་པ་མ་འཚལ་ཡང་། །གཉན་པོ་གསང་བ་ཅེས་པའི་མཚན་དུ་གསོལ་བྱས་ཏེ། །ལེགས་པར་མཆོད་པས་རྒྱལ་ པོ་བཅུ་དྲུག་ན་ཚོད་ལྟར། །གཞོན་ཤར་གྱུར་པས་ཚེ་གཅིག་སྐྱེ་བ་གཉིས་མངར་གྲགས། །འབངས་རྣམས་ཀྱིས་ཀྱང་ཐུགས་དམ་འདི་ལ་མཆོད་ཅེས་གསུངས། །འདི་དོན་ཤེས་པ་མ་འོངས་དུས་ན་འབྱུང་བར་དགོངས། །དེ་ལྟར་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ། །རྒྱལ་ རབས་ལྔ་ན་ཆོས་རྒྱལ་སྲོང་བཙན་བྱོན་པའི་ཚུལ། །སྟོན་པ་ཉིད་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ། །ལི་ཙཱ་ཝི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ཆེ་ལྡན་ཞེས། །མི་ཡི་བདག་པོས་དེ་ཡང་འགྲུབ། ། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེ་ཡི་སྲོག་སྤངས་ནས། །དེ་ཡིས་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པའི་ལས་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ ཆེན་མོ་གཞན་དོན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །ཞེས་པའི་ལུང་གིས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་ལྷ། །བཙུན་མོར་བཅས་པ་འབྱུང་བར་འཁྲུལ་མེད་བསྟན་པ་སྟེ། །དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་པོ་ཡིས། །བོད་ཀྱི་ཡུལ་ཁམས་ གདུལ་བའི་དུས་ལ་མངོན་དགོངས་ནས། །དུས་གཅིག་ཉིད་དུ་འོད་ཟེར་རྣམ་པ་བཞི་སྤྲོས་ཏེ། །སྤྱན་གཡས་འོད་ཟེར་ཁོ་ཁོམ་ཅེས་བྱ་བལ་ཡུལ་དུ། །འོད་ཟེར་གོ་ཆའི་བཙུན་མོའི་ལྷུམས་སུ་ཞུགས་པར་གྱུར། །སྤྱན་གཡོན་འོད་ཟེར་རྒྱ་ནག་ཟིམ་ཤིའི་ཡུལ་དུ་ནི། །ཐ་ ཡི་ཛུང་གི་བཙུན་མོ་དམ་པའི་ལྷུམས་སུ་ཞུགས། །ཞལ་གྱི་འོད་ཟེར་བོད་ཡུལ་གྱེ་རའི་བྲག་ལ་ཕོག །ཆོས་སྐུའི་སྙིང་པོ་ཡི་གེ་དྲུག་མ་རང་བྱུང་ཤར། །ཐུགས་ཀའི་འོད་ཟེར་དབུ་སུ་ཡར་སྒྲོན་སྦྲ་སྟོད་ཚལ། །བྱམས་པ་མི་འགྱུར་གླིང་ཞེས་བྱ་བའི་ཕོ་བྲང་དུ། །གནམ་རི་སྲོང་བཙན་རྒྱལ་ 110-1-25a པོ་འཁོར་བཅས་ཁྱབ་མཛད་དེ། །སླར་ཡང་འདུས་ནས་བཙུན་མོ་མཆོག་གི་ལྷུམས་སུ་ཞུགས། །དུས་ལ་བབ་ཚེ་ཁྱད་འཕགས་གཞོན་ནུ་བལྟམས་པ་ནི། །གསེར་གྱི་མདོག་ཅན་དབུ་སྐྲ་མཐོན་མཐིང་ལྟར་མི་ངོམས། །ཕྱག་དང་ཞབས་ནི་འཁོར་ལོའི་རྟགས་ཅན་ མཚན་དཔེ་རྫོགས། །དབུ་ཡི་གཙུག་ན་འོད་དཔག་མེད་ཞལ་མངོན་སུམ་བཞུགས། །དེ་ལྟའི་ཁྱེའུ་བཀྲ་ཤིས་མཚན་ཅན་བལྟམས་པ་ན། །རྒྱལ་རྣམས་གཟིགས་ངོར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིས། །བོད་ཀྱི་ཡུལ་དུ་མཛད་པ་བཅུ་གཉིས་སྟོན་པར་གཟིགས། །རྒྱལ་སྲས་ སྣང་ངོར་བྱང་སེམས་རྣམ་རོལ་སྟོན་པར་སྣང་། །བོད་འབངས་ཕལ་གྱིས་ལྷ་སྲས་མཆོག་ཞིག་བལྟམས་པར་མཐོང་། །དེ་དང་དུས་མཚུངས་བལ་ཡུལ་ལྷ་གཅིག་ཁྲི་བཙུན་དང་། །རྒྱ་ནག་ཡུལ་དུ་མངའ་བདག་སྲས་མོ་ཀོང་ཇོ་འཁྲུངས། །རིམ་གྱིས་ལྷ་སྲས་རྒྱལ་སྲིད་སེང་གེའི་ཁྲིར་ བཞུགས་ཚེ། །རྒྱལ་བ་ཀུན་གྱིས་མངོན་པར་དབང་བསྐུར་བྱིན་གྱིས་བརླབས། །ཆོས་ཀྱི་སྲིད་བསྐྱངས་སྙན་གྲགས་ས་ཆེན་ཡོངས་ལ་བདལ། །བློན་པོའི་མཆོག་གྱུར་ཐོན་མི་ཨ་ནུ་ཞེས་བྱའི་བུ། །སམྦྷོ་ཊ་ཞེས་མཁས་ཤིང་མཛངས་ལ་ཡིད་གཞུངས་པ། །རྒྱ་གར་ཡུལ་བཏང་ལི་བྱིན་ ལ་སོགས་བསྟེན་ནས་ཀྱང་། །མཁས་པར་སྦྱངས་ཏེ་བོད་ཀྱི་ཡུལ་དུ་སླར་འོངས་ནས། །ཡི་གེའི་སྲོལ་གཏོད་བོད་ཀྱི་བརྡ་ལས་དམ་ཆོས་དྲངས། །གཉན་པོ་གསང་བའང་འདི་ཡི་དུས་ན་ཚིག་དོན་རྟོགས། །རྒྱ་གར་སློབ་དཔོན་ཀུ་ས་ར་ཞེས་བྱ་བ་སོགས། །རྒྱ་གར་བལ་པོ་ཁ་ཆེ་ རྒྱ་ནག་མཁས་མང་བྱོན། །ཐོན་མིས་བསྒྱུར་ཞིང་དྷརྨ་ཀོ་ཥ་ལ་སོགས་པས། །ཞུ་དང་མཆན་བུར་འདེབས་པའི་ཕྱག་བཞེས་མཛད་ནས་ཀྱང་། །འདུས་པ་རིན་ཆེན་ཏོག་གི་གཟུངས་དང་ཤེར་ཕྱིན་འབུམ། །ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས། །ཆོས་མང་བསྒྱུར་ཏེ་བོད་ཡུལ་ཆོས་ཀྱི་ སྒྲོན་མ་བཏེག །རྒྱ་བལ་ཡུལ་ནས་སྤྲུལ་པའི་བཙུན་མོ་ཁབ་ཏུ་བཞེས། །བཙུན་མོའི་མཐུ་ལས་ཇོ་བོ་རིན་ཆེན་བོད་དུ་ཕེབས། །ཆོས་འཁོར་ཆེན་པོ་ར་ས་འཕྲུལ་སྣང་གཙུག་ལག་བཞེངས། །ཙནྡན་ཇོ་བོ་བདེ་གཤེགས་རིང་བསྲེལ་སོགས་བཞུགས་ཤིང་། །འཕགས་མཆོག་དངོས་ དང་དབྱེ་བ་མེད་པའི་རྟེན་གྱི་མཆོག །བཅུ་གཅིག་ཞལ་མངའ་རང་བྱོན་ཉིད་དུ་བྱོན་པ་སྟེ། །རྟེན་འདི་དག་ནི་སྟོན་པ་དངོས་ཡིན་ཕྱག་བགྱིའོ། །སྤྲུལ་པའི་གཙུག་ལག་སྤྲུལ་པའི་རྒྱལ་པོ་སྤྲུལ་པའི་རྟེན། །སྤྲུལ་པའི་བཙུན་མོ་སྤྲུལ་པའི་ལོ་ཙཱ་ལ་སོགས་པ། །བདག་སོགས་བོད་ཀྱི་འདྲེན་པ་དེ་རྣམས་ 110-1-25b སྙིང་ནས་བསྟོད། །དེ་ནས་གཞན་ཡང་འཇམ་དཔལ་རྩ་བའི་རྒྱུད་ཉིད་ལས། །ས་འོག་བཟང་ཞེས་བྱ་བའི་མིང་གིས་ལུང་བསྟན་ལྟར། །རེ་ཞིག་ཚེ་ན་འཇམ་པའི་དབྱངས་དངོས་རྒྱལ་པོ་ནི། །མངའ་བདག་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བྱོན་པར་གྱུར། །དེ་ཡི་ཚེ་ན་འཛམ་གླིང་མཁས་ དང་བཙུན་པའི་མཆོག །སེམས་དཔའ་ཆེན་པོ་ཡོན་ཏན་བདག་མེད་ཞི་བ་མཚོ། །བོད་དུ་སྤྱན་དྲངས་རྒྱལ་པོ་དེ་ཡིས་རབ་མཆོད་ཅིང་། །དམ་ཆོས་བསྟན་པས་འདྲེ་སྲིན་གདུག་པ་ཁྲོས་པའི་ཚེ། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་གྲུབ་པའི་ སྐྱེས་བུའི་མཆོག་དེ་སྤྱན་དྲངས་ནས། །གཟུགས་མེད་འདྲེ་སྲིན་གདུག་པ་ཐམས་ཅད་ཐུལ་བར་མཛད། །བོན་གྱི་རིང་སྲོལ་འཛིན་པ་རྣམས་ཀྱང་ཆོས་སུ་བསྡུས། །བློན་པོ་སྡིག་པའི་སེམས་ལྡན་རྣམས་ཀྱིས་བར་བཅད་ཀྱང་། །སྤྲུལ་པའི་མི་དབང་ཆོས་ཀྱི་དགོངས་པའི་ མཐུ་ཐོབ་པས། །གཙུག་ལག་བཞེང་ཞིང་དམ་ཆོས་སྤེལ་བར་མཐུན་གྱུར་ནས། །བྲག་དམར་བསམ་ཡས་ལྷུན་གྱིས་གྲུབ་པའི་ཆོས་འཁོར་བཞེངས། །སྟོན་པ་ཉིད་མཚུངས་བྱང་ཆུབ་ཆེན་པོའི་སྣང་བརྙན་བསྒྲུབས། །ལོ་ཙཱའི་མཆོག་གཅིག་བཻ་རོ་ཙ་ན་ཅེས་བྱ་བ། །རྒྱ་གར་ཡུལ་ བརྫངས་མདོ་སྔགས་བསྟན་པ་ཐུགས་ལ་བླངས། །བོད་ཀྱི་ཡུལ་དུ་དམ་ཆོས་སྙིང་པོ་སྣང་བར་མཛད། །གཞན་ཡང་རྨ་དང་ཞང་གི་བནྡྷེ་ལ་སོགས་པ། །མཁས་པ་མང་བྱོན་མདོ་དང་སྔགས་ལས་ཁྱད་པར་དུ། །སྔ་འགྱུར་དུ་གྲགས་བསྟན་པའི་ཡང་རྩེ་དུས་དེར་དར། ། མཁས་པ་ཆེན་པོ་པདྨའི་ངང་ཚུལ་ཞེས་བྱ་བས། །རྒྱ་ཡི་བནྡྷེ་ཆད་པར་སྨྲ་བའི་ལོག་བལྟ་བསལ། །ཚུལ་ཁྲིམས་ནོད་དང་ལུང་དང་མངོན་རྟོགས་ཇི་སྙེད་པའི། །བསྟན་པ་དངོས་ནི་དུས་འདིར་དར་བར་གྱུར་པས་ན། །ལྷ་མོ་དྲི་མེད་མདོ་ཡི་ལུང་བསྟན་འདི་ལ་དགོངས། །བོད་ཡུལ་ མཐའ་དག་ཆོས་ཀྱིས་ཁྱབ་པར་མཛད་པ་ཡི། །བཀའ་དྲིན་མཚུངས་མེད་མཁན་སློབ་ཆོས་ཀྱི་རྒྱལ་པོ་དང་། །བཙུན་མོ་བློན་པོ་བསམས་བཞིན་ཆོས་ཕྱིར་བྱོན་དེ་དག །གཞལ་མེད་དྲིན་བསམས་གུས་པ་ཆེན་པོས་མཆོད་འོས་ཡིན། །འདི་ཡི་དུས་སུ་སྐྱེས་བུ་དམ་པ་བྱོན་པ་ནི། ། སློབ་དཔོན་པདྨ་རྗེ་འབངས་འཁོར་བཅས་ཁོ་ན་ལ། །ལེགས་པར་བསམས་ཀྱང་བོད་ཡུལ་རྒྱལ་བ་ཁོ་ནས་གང་། །དེ་ལྟ་བས་ན་མཁས་གྲུབ་སྐྱེ་བོ་སུ་ཡིས་བགྲང་། །དེ་ནས་གཞན་ཡང་འཇམ་དཔལ་རྩ་བའི་རྒྱུད་ཉིད་ནས། །ས་སྲུང་ཅེས་པའི་མཚན་གྱིས་ལུང་བསྟན་མངའ་བདག་ནི། །རལ་པ་ཅན་ཞེས་ 110-1-26a གསང་བའི་བདག་པོ་དངོས་ཉིད་དང་། །ཆོས་ཕྱིར་བྱོན་པའི་བཙུན་མོ་བློན་པོའི་ཚོགས་དང་བཅས། །ཆོས་དང་སྲིད་ཀྱི་རྒྱལ་པོའི་མངའ་ཐང་དགུང་ལ་རེག །སྔོན་ནས་འགྱུར་བའི་སྡེ་སྣོད་རྒྱུད་སྡེའི་གསུང་རབ་ལའང་། །གསར་བཅད་སྐད་དང་དག་པར་ བཅོས་པས་གཏན་ལ་ཕབས། །བཀས་བཅད་གསུམ་མཛད་སྒོམ་གྲ་བཤད་གྲ་འདུལ་བའི་གྲ། །སུམ་ཅུ་བཙུགས་ཤིང་རྒྱལ་པོའི་དབུ་རལ་གཡས་གཡོན་དུ། །ཚན་གཉིས་བྱས་པར་དར་ཡུག་བཏགས་ཏེ་བཏིང་བའི་སྟེང་། །དགེ་འདུན་བཞུགས་པས་དབུ་སྡེར་གྲོགས་ ཤིང་ལྷ་ཁང་ཡང་། །དཔེ་མེད་བཀྲ་ཤིས་དགེ་འཕེལ་ཅེས་སོགས་དུ་མ་བཞེངས། །དེས་ན་ཇོ་བོ་རིགས་གསུམ་མགོན་པོའི་ངོ་བོ་ཉིད། །སྤྲུལ་པའི་ཆོས་རྒྱལ་མེས་དབོན་གསུམ་ཞེས་གྲགས་པ་དང་། །འོད་སྲུངས་བར་དུ་རྒྱུད་ལས་གསལ་བར་ལུང་བསྟན་པའི། །ཆོས་རྒྱལ་དེ་དག་ མཛད་ཕྲིན་བཀའ་དྲིན་བསམ་ལས་འདས། །ཆོས་རྒྱལ་འདི་དག་ཆོས་ལ་གུས་པ་རྨ་མེད་པས། །བནྡྷེ་ཀུན་ལ་མཐོང་ཕྱག་མཛད་ཅིང་བསུ་སྐྱེལ་མཛད། །བཞོན་པ་ལ་སོགས་བཅིབས་པ་ན་ཡང་འབེབས་པ་ཡིས། །བནྡྷེ་ཕལ་ལའང་བསྐུར་བར་མཛད་ཅིང་ཆོས་གཟེངས་བསྟོད། ། མཁན་པོ་ཆེན་པོ་ཞི་བ་འཚོ་ལ་སོགས་པ་ནས། །སྡོམ་རྒྱུན་འཕེལ་ཞིང་བསྟན་པ་རྒྱས་པར་གྱུར་པ་ལ། །ཐུན་མོང་ཐེག་པ་འདུལ་བའི་བསྟན་པའི་དབང་བྱས་ནས། །བོད་ཀྱི་ཡུལ་དུ་སྔ་དར་ཅེས་པའི་ཐ་སྙད་བྱུང་། །རྒྱལ་པོ་དར་མ་སྡིག་པ་ཅན་གྱིས་དམ་ཆོས་བསྣུབས། ། དམར་གཡོ་གཙང་གསུམ་རྨ་ལུང་དན་ཏིག་ཅེས་བྱ་བར། །བཞུགས་པ་དེ་ལས་བླ་ཆེན་དགོངས་གསལ་རབ་བྱུང་ཞིང་། །བསྙེན་པར་རྫོགས་ནས་དབུས་གཙང་ཀླུ་མེས་ལོ་ཚོད་སོགས། །རིམ་གྱིས་འཕེལ་ལ་བསྟན་པའི་མེ་རོ་མདོ་ཁམས་ཀྱི། །སྨད་ནས་གསོས་ཅེས་ འདི་ལ་ཕྱི་དར་མིང་དུ་བརྗོད། །མངའ་བདག་གདུང་རིགས་ལྷ་བཙུན་བྱང་ཆུབ་སྐུ་མཆེད་ཀྱི། །ཐུགས་བསྐྱེད་མཐུ་ཡིས་བྱང་ཆུབ་སེམས་དཔའ་མར་མེ་མཛད། །བོད་དུ་སྤྱན་དྲངས་ཆོས་འཁོར་བསྐོར་བར་མཛད་པ་འདིར། །སྡོམ་རྒྱུན་མེད་ཕྱིར་འདུལ་བའི་བསྟན་པའི་ དབང་བྱས་ནས། །ཕྱི་དར་ཞེས་པའི་ཐ་སྙད་གསལ་བར་མ་ཐོབ་ལ། །གྲགས་ཚོད་གཅིག་ལ་བླ་ཆེན་ནས་འཕེལ་བར་དར་དང་། །འདི་ལ་ཕྱི་དར་ཅེས་སུ་གྲགས་ཤིང་ཐེག་ཆེན་གྱི། །དབང་དུ་བྱས་ནས་དར་བའི་མཆོག་ཞིག་འདི་ཡིན་ནོ། །སོ་ཐར་ལྟར་ན་ཡོངས་ལ་བརྡ་ཆད་མ་ 110-1-26b གྲགས་ཀྱང་། །ཁ་ཆེའི་མཁས་པ་ཤཱཀྱ་ཤྲཱི་བྷ་དྲ་དེ། །ཁྲོ་ལོའི་དད་པས་བོད་དུ་སྤྱན་དྲངས་རྩ་བ་ཡི། །སྡེ་བཞིའི་རྟེན་འབྲེལ་ཇི་ལྟ་བ་བཞིན་བོད་འདིར་བྱུང་། །དིང་སང་བོད་དུ་བཙུན་གཟུགས་ཕལ་ཆེར་འདི་ཉིད་ཀྱི། །སྡོམ་རྒྱུན་བཟང་པོའི་བཀའ་དྲིན་ མཆོག་ལས་བྱུང་བའི་ཕྱིར། །འདི་ལ་འདུལ་བསྟན་ཕྱི་དར་ཞེས་པའི་ཐ་སྙད་ནི། །ངེས་པར་ཐོབ་ཅེས་རྟག་ཏུ་བདག་ནི་སྨྲ་བར་སྤོབས། །ཐེག་ཆེན་བསྟན་ལ་མར་མེ་མཛད་ཉིད་བླ་ལྷག་སྟེ། །གསེར་གླིང་པ་དང་རིག་པའི་ཁུ་བྱུག་གཉིས་ལ་སོགས། ། རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་སྲོལ་གཉིས་ཀ །ཆུ་བོ་གཅིག་འདྲེས་ཇོ་བོ་དཱི་པཾ་ཀ་ར་ཡིན། །དེ་ཡི་དྲིན་ལས་བོད་ན་བྱང་ཆུབ་སེམས་གཉིས་ཀྱི། །ཉམས་ལེན་གཙོར་གྱུར་ཐེག་ཆེན་མདོ་ཡི་བསྟན་འདི་ཡོད། །པཎ་ཆེན་རྣམས་དང་ཁྱད་པར་རྗེ་བཙུན་མར་པ་སོགས། ། ལོ་ཙཱའི་དྲིན་ལས་རྒྱུད་སྡེའི་བསྟན་པ་འདི་ན་དར། །དབང་དང་རྒྱུད་བཤད་མན་ངག་ཟབ་ཁྲིད་ཆ་ལག་བཅས། །ཚང་བར་འཕེལ་ཞིང་ཁྱད་པར་ཏིང་འཛིན་རྒྱལ་པོའི་མདོར། །ལུང་བསྟན་ཇི་བཞིན་ཟླ་འོད་གཞོན་ནུ་སྙིགས་དུས་འདིར། །དགེ་སློང་འཚོ་བྱེད་བསོད་ནམས་རིན་ཆེན་ ཞེས་གྲགས་ཏེ། །སྔོན་དུས་པདྨའི་བླ་མ་ཞེས་བྱར་སངས་རྒྱས་པ། །དེ་ཡི་ཐུགས་སུ་བཀའ་ཕྱག་ཆུ་བོ་ཡེ་ཤེས་ཀྱི། །རྒྱ་མཚོར་རོ་གཅིག་དེ་ནས་བརྒྱུད་པའི་བཀའ་བརྒྱུད་ནི། །དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ཅེས་བྱ་སྙན་པར་གྲགས། །གཞན་ཡང་རྒྱལ་ སྲས་འཇམ་དཔལ་གཞོན་ནུར་གྱུར་པ་ནི། །མི་ལས་འདས་ཀྱང་མི་ཡི་གཟུགས་སུ་རབ་བསྟན་པ། །ས་སྐྱའི་གདུང་རབས་ཚར་དུ་མངར་བ་དེ་ལ་སོགས། །ཁ་བ་ཅན་འདི་བསྟན་དང་བསྟན་འཛིན་སྐྱེས་བུས་གཏམས། །དེ་ལྟའི་ཚུལ་གྱིས་ལོ་པན་མཁས་གྲུབ་དེ་རྣམས་ཀྱིས། ། སངས་རྒྱས་གསུང་རབ་བོད་ཀྱི་སྐད་དུ་བསྒྱུར་བ་རྣམས། །དེང་སང་གླེགས་བམ་འཕྲེང་བར་བཞུགས་པ་འདི་ཉིད་ལ། །བདེ་བར་གཤེགས་པའི་བཀའ་འགྱུར་ཅེས་སུ་གྲགས་པ་ཡིན། །འདི་ཉིད་འདྲི་དང་འཆད་དང་ཀློག་པ་ལ་སོགས་པའི། །རིང་སྲོལ་བཟང་པོ་ཕྱོགས་ཀུན་དག་ནའང་ཡོད་མོད་ཀྱི། ། ཁྱད་དུ་འཕགས་པ་པར་དུ་བསྒྲུབས་པའི་ངོ་མཚར་ཞིག །ཕྱོགས་འདིར་བྱུང་བ་དེ་ལས་ཅུང་ཟད་གླེང་བར་བྱ། །དེ་ཡང་གང་གིས་བྱིན་གྱིས་བརླབས་དང་རྐྱེན་གང་དང་། །རྒྱུ་ནི་གང་དང་ཡོ་བྱད་གང་དང་ཚུལ་གང་ཞེས། །རྣམ་པ་ལྔ་ཡིས་ཚུལ་འདི་གསལ་བར་རྟོགས་འགྱུར་ཏེ། །རིམ་གྱིས་བརྗོད་པ་རྣ་བ་གླགས་ཏེ་ཡིད་རྟོན་ཞིག ། 110-1-27a དྭི པ པ ཏི བི ལ ལཱ ནྱ ཏཱི ཏཿ ཧི ཏོ།། བྷ ག ཝ ནི ཏ ན ག དྷྭ བུ དྷོ སི ནཿ།། ས ཀ ལ ཛི ན ས མོ མ ན པྲོ ཏྤ ཎཾ།། ར ཏི བ ཏི ཛྲྀ བི ལཱ ཎ ས ཏྭོ དྷ ནྀ།། འདས་པའི་དུས་ན་གཞན་ཕན་རྣམ་རོལ་རྐང་གཉིས་གཙོ། །མ་འོངས་དུས་སུ་བཅོམ་ལྡན་སེང་གེར་མངོན་འཚང་རྒྱ། །ད་ལྟའི་དུས་འདིར་རྒྱལ་ཀུན་དགོངས་པར་རོ་མཉམ་ཡང་། །དགའ་ལྡན་གནས་ན་རྒྱལ་སྲས་སེམས་དཔའི་རྣམ་རོལ་ཅན། ། དྲི་མེད་ཞིང་སྦྱོང་རྒྱལ་བའི་མྱུ་གུ་སྤྲིན་གྱི་སྟོབས། །གཞན་དུ་མཚན་སྙན་བློ་གྲོས་རིན་ཆེན་ཅེས་པར་གྲགས། །ནུབ་ཕྱོགས་ཀུན་བཟང་རྣམ་པར་རོལ་པའི་ཞིང་ཁམས་ན། །དགེ་བཅུ་རྫོགས་པར་ནོར་འཛིན་སྐྱོང་བ་ཙནྡན་སྡེ། །པདྨ་རྣམ་རོལ་སྙན་གྲགས་གེ་སར་ རྡུལ་བཟང་གཡོ། །སྤྲུལ་པའི་ཡུལ་ཁམས་དྷུ་མ་ཐ་ལ་དགེ་བར་སྐྱོང་། །པདྨ་བཛྲ་གཞན་དུ་བཅོམ་ལྡན་འདས་མ་ཡི། །དངོས་གྲུབ་བརྙེས་པ་དབང་པོའི་བློ་གྲོས་འཇིགས་པ་མེད། །གཉུག་མའི་དཔེ་ཡིས་གཉུག་མའི་དངོས་དོན་རྗེན་པར་ལྷོངས། །འོད་གསལ་ ཀློང་བརྡོལ་བྲམ་ཟེ་མདའ་བསྣུན་ས་ར་ཧ། །ཀླུ་ཞབས་ལམ་དུ་ཉེ་རྒྱུའི་ཤིང་རྟས་དོ་ཉིད་གཤེགས། །ཡིད་བྱེད་མཚན་མེད་བྱམས་པའི་རྣལ་འབྱོར་མཻ་ཏྲི་པ། །དཔལ་གྱི་རི་ལ་འཆི་མེད་བརྙེས་པ་ཀླུའི་བྱང་ཆུབ། །ཛྭ་ལ་ཀེ་ཏུ་མ་ཁོལ་རབ་བྱུང་དཔལ་བོའི་ མཚན། །བསིལ་ལྡན་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་དང་། །པདྨའི་རྗེ་འབངས་ངན་ལམ་རྒྱལ་བ་མཆོག་གི་དབྱངས། །དེ་ལ་སོགས་པ་བརྗོད་པའི་ཡུལ་འདས་སྤྲུལ་པའི་སྐུ། །རྒྱ་མཚོའི་རོལ་པས་ཞིང་ཁམས་རྒྱ་མཚོར་གང་མཛད་པའི། ། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དེ་གང་གི་ཚེ། །ཆོས་ཀྱི་གྲགས་པ་དགེ་སློང་དུས་གསུམ་མཁྱེན་པར་གྱུར། །སྟོན་པ་ཉིད་ཀྱིས་མདོ་རྒྱུད་མང་དུ་ལུང་བསྟན་ཅིང་། །ལྷ་གཅིག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལུང་བསྟན་བཞིན། ། 110-1-27b སྙིགས་མའི་དུས་འདིར་སྤྱན་རས་གཟིགས་སྤྲུལ་ཐོད་བརྒལ་བ། །དུས་གསུམ་མཁྱེན་སོགས་མཐོན་མཐིང་ཅོད་པན་ཅན་རྣམས་བྱུང་། །སྐྱེ་རབས་རིན་ཆེན་ཚར་དུ་དངར་བའི་འཕྲེང་བ་ལ། །དམན་མཆོག་མེད་ཀྱང་བདག་སོགས་ གདུལ་བར་བྱ་བའི་ངོར། །ཐུགས་རྗེ་ནུས་པ་མཉམ་པ་ལས་ཀྱང་མི་མཉམ་པ། །ཡིད་ལ་བཞག་སྟེ་ཐལ་མོ་སྦྱར་བ་སྔོན་བཏང་ནས། ། དུ བ ཙི ཏ ཏི པུ རུ ཥ རྀ ཥ བྷ རུ ནི མི ཏོ། །པྲ ཏི ཛ ག ཧི ཏ སུ ཁ ཨ ཏི ར ཥུ པི པྲྀ དྷོ། །ཤྲི བ ཏི ཨ ཛི ཏ ཨི ཤ སུ བྷ ཤི རུ ནི མི ཏོ། །མ མ ཨུ པ ཧ ར ཝ ར ཤི ཥ ཏི གུ རུ ཙ གོ ། བརྗོད་པར་དཀའ་བ་སྐྱེས་བུ་ཁྱུ་མཆོག་དེ་ཡི་མཚན། །འགྲོ་ལ་སྨན་བདེའི་དོན་གྱི་སླད་དུ་སྨོས་གྱུར་ན། །དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཅེས་བྱ་བ། །བདག་གི་མཁན་པོ་རྡོ་རྗེ་སློབ་དཔོན་བླ་མ་མཆོག ། རྒྱལ་ཀུན་ངོ་བོ་གང་དེའི་ཕྲིན་ལས་རབ་དཀར་ནི། །བརྟན་གཡོ་ཡོངས་ལ་ཁྱབ་དང་རྟག་པར་ལྷུན་གྲུབ་སྟེ། །འཇུག་པའི་ཡུལ་ནི་གྲངས་དང་ཚད་ཀྱིས་གཞལ་མེད་ཀྱང་། །གདུལ་བྱའི་སྣང་ངོར་དེ་དེ་གདུལ་བར་སྟོན་པ་ལས། །རྒྱ་བོད་མཚམས་གནས་འཇང་ གི་ཡུལ་གྲུ་དགེ་ལེགས་ཅན། །དགེ་བར་སྐྱོང་བའི་རྒྱལ་རིགས་རྒྱལ་བུ་གཞོན་ནུའི་ཚེ། །ཀརྨ་མི་ཕམ་ཚེ་དབང་བསོད་ནམས་རབ་བརྟན་ཞེས། །བཀྲ་ཤིས་མཚན་དང་ཤིས་པ་བརྗོད་པས་ཤིས་མཛད་དེ། །བྱམས་པས་ས་སྐྱོང་རྒྱལ་པོའི་ ཁྲི་ལ་མཛེས་པར་གྱུར། །དེ་ལྟ་བས་ན་རྒྱལ་བ་མཆོག་འདི་རྒྱལ་ཀུན་དངོས། །ཡིན་ལ་ཡིན་བཞིན་བཅོམ་ལྡན་ཤཱཀྱ་སེང་གེ་སོགས། །མཐའ་དག་རྒྱལ་བའི་བྱིན་རླབས་རྒྱ་མཚོའི་ནུས་མཐུ་ཡིས། །རྒྱལ་པོ་ཆོས་བྱེད་ཆོས་ 110-1-28a ཀྱི་སྤོབས་པ་ཐོབ་གྱུར་ཏེ། །རྒྱལ་བའི་ཡུམ་ལས་ཆོས་འདི་འཛིན་དང་འདྲི་སོགས་ལ། །རྒྱལ་བ་ཀུན་དགོངས་ཀུན་གྱིས་མཁྱེན་ཞིང་ཀུན་བྱིན་རློབ། །ཀུན་གྱིས་གཟིགས་ཤིང་རྣམ་པར་གཟིགས་པར་བཀའ་བསྩལ་ཏོ། ། ཉེ་བར་ལེན་པའི་རྐྱེན་ནི་གང་ཞེས་འདྲི་གྱུར་ན། །བདག་གི་མཁན་པོ་དཔལ་ལྡན་བླ་མ་མཆོག་དེ་ཉིད། །གཙང་ཞེས་བྱ་བར་སྟོབས་ལྡན་རྒྱལ་པོས་མཆོད་པའི་སྐབས། །ཤར་ཕྱོགས་བསྟན་དང་གདུལ་བྱ་ཡོངས་ལ་ཐུགས་བརྩེ་བས། །གྲུབ་ཐོབ་ ཆེན་པོ་ཀརྨ་པཀྴིའི་གདུང་གི་རིགས། །དད་དང་བློ་གྲོས་སྤོབས་པའི་ནོར་གྱི་འབྱོར་པ་ཅན། །ཀརྨ་ལྷུན་གྲུབ་དོན་སླད་ཕྱོགས་དེར་སོང་ཞིག་ཅེས། །འདུལ་བའི་ནང་ནས་དེ་ལ་བཀའ་ཡིས་རྗེས་སུ་གནང་། །དེ་ཚེ་དེ་ཡིས་བདག་ཀྱང་ཞབས་རིང་གནས་ པ་ལས། །བརྒྱུད་དེ་འདི་ལྟར་བདག་ཅག་ཤེས་ནུས་དམན་པ་དང་། །ཐག་རིང་ཡུལ་དུ་བསྟན་འགྲོའི་དོན་སྒྲུབ་དཀའ་བས་ན། །བཀའ་ཡིས་བཀྲོལ་ཏེ་ཅི་བདེར་གནང་བའི་ཞུ་བ་ཕུལ། །ཞུ་བ་དེ་དག་བདག་གིས་གསོལ་བར་བགྱིས་པ་ན། །དཔལ་ ལྡན་དུས་གསུམ་མཁྱེན་པའི་གདན་ས་ཀཾ་པོ་གནས། །དེང་གི་དུས་སུ་གསོ་བའི་དུས་ལ་བབ་པ་དང་། །ཆོས་ལྡན་རྒྱལ་པོའི་རེ་བ་རྫོགས་པར་གྱིས་ཤིག་ཅེས། །བཀའ་བསྩལ་ཐེབས་པ་དེ་ཐོས་ཁོག་གིས་ཐུགས་བསྐྱེད་པ། ། དེ་ལྟ་ལགས་ཚེ་རྒྱལ་བསྟན་ཡོངས་ལ་རིམ་གྲོའི་ཕྱིར། །ལྷ་ལྡན་ཡུལ་དུ་ཇོ་ཤཱཀ་མཆེད་སོགས་མཆོད་པ་དང་། །རྒྱལ་བའི་བཀའ་ཡང་པར་དུ་འཁོད་པའི་དགེ་ལེགས་ཤིག །དཀོན་མཆོག་མཐུ་ལས་རྒྱལ་པོ་དེ་ཡི་མཐུ་དཔལ་གྱིས། ། འགྲུབ་པར་གྱུར་ན་ཅི་མ་རུང་ཞེས་ཡིད་ལ་བརྣགས། །འདི་ལྟར་བསམས་ཞེས་རྒྱལ་བའི་སྙན་དུའང་སྒྲོན་པ་དང་། །བདག་ལ་ཡང་ནི་བགྲོ་བར་མཛད་ལ་ཡི་རང་ཕུལ། །དེ་ནས་རིམ་གྱིས་བཀའ་བཞིན་བསྒྲུབས་ཏེ་ལམ་ཞུགས་ནས། །གྲུབ་པའི་ གནས་མཆོག་ཀཾ་པོ་གངས་ཀྱི་ར་བར་བྱོན། །ས་ཐམ་རྒྱལ་པོའི་བླ་ཡི་མཆོད་གནས་མཛད་ནས་ཀྱང་། །ཚུལ་འདི་བསྐུལ་ཏེ་ཉེ་བར་ལེན་པའི་རྐྱེན་དུ་གྱུར། །པར་དུ་འགྲུབ་པའི་དངོས་ཀྱི་རྒྱུ་ནི་འདི་ཡིན་ཏེ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ 110-1-28b སྔོན་དུ་ཡིད་འགྲོ་གསུངས། །སྦྱོར་བ་འདི་ཡང་བསམ་པ་ལ་བརྟེན་འབྱུང་བ་དང་། །འདུལ་བ་ལས་ཀྱང་ངེས་འབྱུང་རྒྱུ་ཡི་ཀུན་སློང་བཤད། །དེས་ན་ཡུལ་གང་འཇང་ཞེས་བྱ་བའི་རྒྱལ་ཁམས་ནི། །ཤར་ལྷོའི་ཕྱོགས་སུ་འཇམ་དཔལ་གདུལ་ཞིང་ རྒྱ་ནག་དང་། །ལྷོ་ནུབ་ངོས་སུ་རྒྱལ་བའི་ཞིང་དངོས་རྒྱ་གར་ཡུལ། །ནུབ་བྱང་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་བོད། །བྱང་ཤར་ཕྱོགས་སུ་གསང་བདག་གདུལ་སྐལ་ཧོར་ཡུལ་རྣམས། །རིམ་གྱིས་ཡོད་ཅིང་རྒྱ་གར་བོད་ནས་ དམ་ཆོས་དང་། །རྒྱ་ནག་ཡུལ་ནས་ལོངས་སྤྱོད་རིག་པ་གཉིས་འདུ་བའི། །བསྐལ་བཟང་དེ་ལྟས་ཉེ་བར་སྤྱོད་ཅིང་འཚོ་བ་དང་། །ས་གཞི་རབ་མཉམ་ནེ་གསིང་གཙང་མས་ཁྱབ་པའི་ངོས། །ལྗོན་ཤིང་སྣ་ཚོགས་དུས་དང་དུས་སུ་ཤིང་ཐོག་ སྨིན། །མཚོ་དང་འབབ་ཆུ་ལྟེང་ཀ་མཚེའུ་དུ་མ་ལ། །ཆུ་བྱ་གློས་ཕབ་འདབ་རྒྱས་པདྨའི་ཚོགས་ཀྱིས་མཛེས། །མེ་ཏོག་དུ་མ་སྣ་ཚོགས་མདོག་ལྡན་དྲི་བསུང་འཐུལ། །གྲོང་དང་གྲོང་ཁྱེར་ཁང་བཟང་འཕྲེང་བ་རྣམ་པར་བཀྲ། །སོ་ག་བསིལ་ཞིང་ དགུན་གྱི་ཚེ་ནི་དྲོད་དང་ལྡན། །རྒྱལ་ཁྲིམས་བཟང་ལྡན་ཆོམ་རྐུན་མེད་ཅིང་ལུགས་ལ་གནས། །བྱང་ཕྱོགས་གངས་རི་རབ་དཀར་ཤེལ་དང་མཚུངས་པ་ནི། །མཐོ་ཞིང་བརྗིད་ཆགས་ལྟ་ན་སྡུག་པར་གནས་པ་སྟེ། །རབ་ལྗང་ས་གཞིས་ས་འཛིན་ རི་དབང་དེ་བརྟེན་པ། །མན་ཤེལ་མཆོད་སྡོང་མ་རྒད་སྣོད་དུ་བརྩལ་བ་བཞིན། །བཙུན་མོའི་ཚོགས་དང་ནང་རྗེ་ནང་བློན་སྣ་ཆེན་ཚོགས། །ཁྱིམ་བདག་ཚོགས་དང་དམག་མི་འབངས་དང་ཡང་བྲན་དང་། །གླང་པོ་རྟ་དང་ཁྱོགས་དང་ཤིང་རྟ་བ་ལང་ དང་། །མ་ཧེ་བཞོན་པ་རྐང་ཕྲན་དུ་མས་ཉེར་གང་ཞིང་། །རིག་གནས་བཟོ་དང་སྒྱུ་རྩལ་ཚོང་དང་ལས་ཀྱི་མཐའ། །འཕྲེང་མཁན་གར་མཁན་སྤོས་ཚོང་བ་དང་ཉུག་རུམ་པ། །ཤིང་མཁན་གསེར་མཁན་འཁར་བ་མཁན་དང་ ཀོ་པག་མཁན། །རོལ་མོ་མཁན་དང་ཕྱག་དར་འདྲེག་མཁན་གཞན་དུ་ཡང་། །སྨད་པའི་ཁྱིམ་བཞིར་གྲགས་པ་ལ་སོགས་ཡུལ་འཁོར་ཆེའི། །མཚན་ཉིད་ཚང་བ་གྲོང་དུ་བཅས་ཤིང་ཕོ་བྲང་བཅས། །ཡུལ་འཁོར་བཅས་ཤིང་ལྗོངས་ 110-1-29a དང་བཅས་པ་དེ་ཡི་ཕྱིར། །མདོ་སྡེའི་བརྡ་ལས་གཞི་དང་གཞི་ཆེན་ཅེས་གསུངས་པའི། །རྣམ་པ་དང་ལྡན་གཅན་གཟན་གནས་པའི་འབྲོག་དགོན་དང་། །ནགས་ཚལ་མང་ཡོད་སཱ་ལིའི་འབྲས་དང་འབྲུ་བཅུད་གཞན། ། རྩ་བ་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་གི། །འཚོ་བའི་སྨན་དང་དུས་དང་ཐུན་རུང་བཟའ་བཏུང་དང་། །གོས་དང་རྒྱན་དང་གསེར་དངུལ་ལ་སོགས་ས་གཞིའི་ནོར། །རྒྱ་མཚོའི་དགོས་འདོད་རྡོ་རིགས་ཨིནྡྲ་ནཱི་ལ་སོགས། །སྲོག་ཆགས་ལས་ བྱུང་མུ་ཏིག་དུང་དང་ཉ་ལྕིབས་སོགས། །རླུང་གཡབ་སྦྲང་གཡབ་སྦྲང་གཡབ་ཆེ་དང་རྔ་ཡབ་སོགས། །རིལ་བ་བུམ་པ་བྱ་མ་བུམ་དང་ཁྲུས་བུམ་སོགས། །འཕན་དང་རྒྱལ་མཚན་གདུགས་དང་བ་དན་མེ་ལོང་སོགས། ། རྔ་དང་རྫ་རྔ་པི་ཝཾ་རྒྱུད་མང་རྔ་བོ་ཆེ། །དུང་དང་གླིང་བུ་འཁར་རྔ་སིལ་སྙན་ཕེག་རྡོབ་པ། །གླུ་དང་གར་དང་ཁྲི་དང་ཁྲིའུ་རྐང་རྟེན་དང་། །ཙནྡན་ཨ་གར་གུརྐུམ་ལ་སོགས་སྤོས་མཐའ་ཡས། །ཡ་ལད་གོ་ཆ་མཚོན་ཆ་དགྲ་ ཆ་དུ་མ་དང་། །མདོར་ན་ལོངས་སྤྱོད་མ་ཚང་མེད་པས་གང་བ་སྟེ། །བདེ་བ་རྒྱས་པ་འབྱོར་ཞིང་ལོ་ལེགས་སྐྱེ་བོས་གང་། །ས་གཞིའི་དགེ་བཅུ་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིང་། །ཁྱད་པར་ཀམ་པོ་ཀཱ་མ་རུ་པའི་གནས་ མཆོག་དང་། །རོང་བཙན་གངས་དཀར་པྲེ་ཏ་པུ་རིའི་གནས་དང་ནི། །གངས་དཀར་མཆེད་གསུམ་རིགས་གསུམ་མགོན་པོའི་གནས་ཞེས་དང་། །འོད་སྲུངས་གདུང་བཞུགས་རི་བོ་བྱ་རྐང་གྲགས་པ་དང་། །མཆོད་རྟེན་ དཀར་པོ་ངོ་མཚར་ཅན་དུ་གྲགས་པ་སོགས། །གྲུབ་གནས་མཆོག་དང་རྟེན་མཆོག་གནས་དང་ཤིན་ཏུ་ཉེ། །གཡས་དང་གཡོན་ནས་ཆུ་བོ་ཆེན་པོ་དལ་གྱིས་འབབ། །དཀོན་མཆོག་རྟེན་དང་རྒྱ་བོད་གསུང་རབ་རིན་ཆེན་བཞུགས། ། རབ་ཏུ་བྱུང་བ་བསོད་སྙོམས་སྤྱོད་ཅིང་རྒྱུ་བའི་གནས། །དེ་ན་ད་ལྟ་ས་བདག་རྒྱལ་པོ་གང་བྱུང་བ། །ཡ་རབས་ཚུལ་གནས་བཟོད་ཅིང་ངེས་པར་འབངས་རྣམས་སྐྱོང་། ། 110-1-29b ད ན ད ཏི མ ཏྱ མཱཾ ཡ ཛ ཏི ར ཏྣཾ།། ཛྷུ ག ཧ ན སུ གྲ མཱ ན ར ཏི ངྷཱུ ཏཾ།། ཤྲི བ ཏི ཙ རཱ ནྟ བཻ ཛ ཡ ཨ དེ ཉྩཿ།། ཤུ བྷ ཙ ར རཱ བྷ ས མྦྷུ ག ཨ མོ གྷཿ།། དཀོན་མཆོག་མཆོད་ཅིང་སྦྱིན་དང་གཏོང་བའི་བློ་གྲོས་ཅན། །མཚོན་གྱིས་བདའ་དང་འབེབས་དང་གཡུལ་ལ་མི་དགའ་ཞིང་། །མཐའ་ལས་རྣམ་རྒྱལ་དཔལ་དང་ལྡན་པར་སྤྱོད་པ་འདིས། །རྒྱལ་སྲིད་ལོངས་སྤྱོད་དགེ་བས་སྤྱད་ན་དོན་ཡོད་ཅིང་། ། གཞན་དུ་མི་རྟག་གཡོ་བའི་ངང་ཚུལ་གསལ་བར་རིག །དཀོན་མཆོག་མཆོད་དང་འགྲོ་ལ་ཕན་བདེའི་སྣང་བ་དང་། །བདག་གི་ལེགས་བྱས་མཁའ་དང་མཉམ་པར་སྒྲུབ་པ་ཡི། །བློ་གྲོས་བཟང་པོ་བློ་གྲོས་ལ་ནི་མངོན་གྱུར་ཏེ། །སྡིག་ པའི་གྲོགས་དང་སྡིག་པའི་ཚིག་ལས་རབ་བཟློག་ཅིང་། །ཡིད་ལ་དམ་བཅས་ལྡོག་པ་མེད་པའི་བརྩོན་འགྲུས་དང་། །མཚུངས་པར་ལྡན་པའི་ལྷག་བསམ་རྒྱུ་ལས་འདི་བྱུང་ངོ་། །ཡོ་བྱད་གང་གིས་འདི་ཉིད་བསྒྲུབས་པ་ཡིན་ཞེ་ན། ། གང་ལ་དད་ཡོད་དེ་ནི་གཏོང་ལ་འཇུག་མི་དཀའ། །གཏོང་དང་མི་གཏོང་བློ་གྲོས་ཉིད་ལ་རག་ལས་ཕྱིར། །དངོས་པོ་ལས་ཀྱང་བསམ་པ་གཙོ་བོར་འདོད་པ་ཡིན། །དེ་ལྟ་བས་ན་མཁས་པ་རྣམས་ལ་ལྷག་བསམ་ཉིད། །སྐྱེས་སུ་འགྱུར་ གྱི་ཟང་ཟིང་དངོས་པོ་དེ་ལྟ་མིན། །འོན་ཀྱང་སྐྱེ་བོ་མཁས་རྨོངས་ཡོངས་ལ་ཐུན་མོང་དུ། །ཆོས་འདིའི་ཆེད་དུ་ཡོ་བྱད་ཇི་ལྟར་སྦྱར་བ་སྨོས། །ཡི་གེར་འདྲི་དང་པར་དུ་སྒྲུབ་པའི་ལས་བྱེད་པའི། །བཟོ་བོའི་ཚོགས་ལ་འཚོ་ཆས་ ཡོན་དང་གཏང་རག་དང་། །མངའ་འབངས་རྣམས་ཀྱིས་གང་ལ་པར་དུ་བརྐོ་བའི་གཞི། །མ་གས་མ་འཆུས་ཧ་ཅང་གསར་རྙིང་སྤངས་པའི་ཤིང་། །བསྒྲུབ་པའི་ཆེད་དུ་རིན་ཆེན་དངུལ་ཉིད་གཙོར་གྱུར་པ། །ཁྲི་ཕྲག་དུ་མ་ཞུམ་པ་མེད་པར་སྦྱར་ 110-1-30a བ་དང་། །ཕྱི་མོ་ཁུངས་བཙུན་བོད་ཀྱི་ཡུལ་ནས་སྤྱན་འདྲེན་ཕྱིར། །རིན་ཆེན་གསེར་དང་གོས་དར་རྐང་བྲན་ཇི་སྙེད་པ། །བགྲང་བར་དཀའ་བའི་ཡོ་བྱད་བདོག་པ་འདུ་བྱས་ཏེ། །རྨོངས་པ་ཁ་ཅིག་རྒྱལ་པོའི་བང་བ་སྲབས་འགྱུར་ཟེར། ། ཁ་ཅིག་གཏོང་ཆེས་སྐོར་བདག་རྣམས་ཀྱང་འཁྲུགས་སོ་སྐད། །ཁ་ཅིག་མི་འགྲུབ་དངོས་པོ་ཆུད་ཟད་འགྱུར་ཞེས་གླེང་། །བློ་ལྡན་རྣམས་ནི་རྗེས་སུ་ཡི་རང་མཐུན་འགྱུར་བརྗོད། །འཇིག་རྟེན་འདི་ན་ཁ་ཅིག་ནོར་གྱི་ཆེད་དུ་རྩོད། །ལ་ལ་དག་ ནི་སྲོག་ལ་བདོས་ཏེ་ནོར་ཕྱིར་འགྲོ། །ཁ་ཅིག་འཆིང་ཞིང་ཁ་ཅིག་སྡུག་བསྔལ་ཉམ་ཐག་སྟེ། །སྦྱིན་འབྲས་མེད་ན་སུ་ཞིག་དེ་ལྟས་ཕྱུག་པོར་འགྱུར། །བསགས་ཀྱང་གཞན་སྤྱོད་ཕ་རོལ་འགྲོ་ཚེ་ཇི་ལྟར་འཁྱེར། །བུང་བས་བསགས་ པའི་སྦྲང་རྩི་ཇི་བཞིན་གཞན་གྱིས་བསོག །གཞན་གྱིས་ཟ་སྟེ་བདག་ཏུ་སུས་ཀྱང་འཛིན་མི་ནུས། །ལོངས་སྤྱོད་མི་བདེན་ལ་ལར་དཀོན་པ་ལ་ལར་མོད། །རིན་ཆེན་བཏགས་ཀྱང་རྒྱ་མཚོའི་གླིང་འགར་གྲམ་ཁྲོད་ཡིན། །ཙནྡན་དཀོན་ཡང་ས་ ཕྱོགས་ལ་ལར་ནགས་སུ་འཁྲིགས། །གུརྐུཾ་གོང་ཆེ་ཡུལ་ཁམས་འགའ་ན་རྩྭ་ལྟར་སྐྱེ། །ཡུལ་འགའི་རྩྭ་ལྡུམ་ཡུལ་འགར་གསེར་ལས་རིན་ཐང་ཆེ། །ཁ་ཅིག་འཚོལ་བའི་དངོས་པོ་དེ་ཉིད་ཁ་ཅིག་འཚོང་། །ཁ་ཅིག་སྤོས་ཤིང་བསྐྱེད་ ཅིང་འཛུགས་ལ་ཁ་ཅིག་སྲེག །དེ་ལྟ་ན་ཡང་འཁྲུལ་ངོར་བདག་གིར་བཟུང་བ་ཡིན། །དངོས་པོ་གཅིག་ལ་བདུད་རྩི་ཆུ་དང་རྣག་ཁྲག་སོགས། །སོ་སོར་མཐོང་ཡང་ཆུ་རུ་བདེན་ན་བདུད་རྩིར་བརྫུན། །བདུད་རྩིར་བདེན་ན་རྣག་ཁྲག་ཆུ་ཏུ་བརྫུན་པའི་ཕྱིར། ། སྔགས་ཀྱིས་སྤྲུལ་པའི་རྟ་གླང་བཞིན་དུ་ཤེས་པར་གྱིས། །སྙིང་པོ་མེད་པའི་ནོར་དེ་ལ་ཡང་ཐབས་ལྡན་ན། །སྙིང་པོ་བྱར་ཡོད་དེ་ནི་ཚུལ་འདི་ལྟ་བུ་ཡིན། །ནོར་གྱིས་ངལ་རྣམས་འདི་འདྲའི་ཚུལ་ལ་ཡིད་བཞག་ནས། །བཅིངས་པར་གྱུར་རྣམས་གྲོལ་ བར་གྱིས་ལ་ངལ་གསོས་ཞིག །ཚེ་འདིར་མི་འཆིང་ཕྱི་མ་བུ་ལོན་བཏང་བ་བཞིན། །འབྲས་བུ་ལོངས་སྤྱོད་བླང་དུ་ཡོད་པའི་དོན་རྟོགས་ནས། །གུས་དང་བཅས་ཤིང་སྤྲོ་བ་དང་བཅས་སྦྱིན་ལ་ཞུགས། །འདི་དོན་ཆེ་བར་རྟག་ཏུ་བསམ་པའི་རིགས་ཡིན་ནོ། ། 110-1-30b པར་དུ་བཞེངས་པའི་ཚུལ་ནི་ཇི་ལྟར་ཡིན་ཞེ་ན། །དེ་ཡང་བོད་ན་བཀའ་འགྱུར་པོད་གྲངས་མང་ཉུང་དང་། །མཁས་པ་ལ་ལས་བཀའ་རུ་བཞེད་ཅིང་བཅུག་པ་ཡང་། །ལ་ལས་དཔྱད་ནས་ཐེ་ཚོམ་ཡོད་ཅེས་ཕྲི་བར་སོགས། །དུ་མའི་རྣམ་བཞག་ མཐའ་དཔྱོད་ཡི་གེས་འཇིགས་པས་བཞག །ཆོས་ཀྱི་རྣམ་གྲངས་གཙོ་བོར་གང་གི་དབང་བྱས་ན། །དེང་སང་སྒྲུབ་རྒྱུད་ཀརྨའི་ཀཾ་ཚང་རིང་སྲོལ་འདིར། །བཀླགས་ལུང་འཕྲེང་བ་ཇི་ལྟར་ཡོད་པའི་གསན་ཡིག་ལ། །གཙོ་བོར་དབང་པོ་ ཚད་མ་ཉིད་དུ་བྱས་པ་སྟེ། །བླ་མེད་རྒྱུད་སྡེ་ཕ་མ་གཉིས་སུ་མེད་པ་ལ། །སོ་སོར་རིགས་ལྔ་རིགས་ཀྱི་དབྱེ་བར་བཅས་པ་དང་། །རྣལ་འབྱོར་རྒྱུད་ལ་ཤེས་རབ་ཐབས་གཉིས་གཙོར་གྱུར་པ། །སོ་སོར་རྩ་བཤད་ཕྱི་མའི་རྒྱུད་སོགས་བྱེ་བྲག་དང་། ། སྤྱོད་རྒྱུད་བདེ་གཤེགས་པདྨ་རྡོ་རྗེའི་རིགས་རྣམས་དང་། །བྱ་རྒྱུད་འཇིག་རྟེན་འཇིག་རྟེན་འདས་པའི་རིགས་དྲུག་སོགས། །ཆ་ལག་བཅས་པས་གསང་སྔགས་རྒྱུད་སྡེ་རིན་ཆེན་རྣམས། །བོད་ཀྱི་ཡུལ་དུ་མར་རྔོག་འབྲོག་མི་བ་རི་དང་། ། རིན་ཆེན་བཟང་པོ་ཆག་དང་ཕམ་ཐིང་དཀོན་མཆོག་སྲུང་། །གཉན་དང་སྟེང་ལོ་དྷརྨ་ཡོན་ཏན་ཟངས་དཀར་བ། །རཱ་དང་རོང་ཟོམ་ཕུར་ཅེར་མར་དོ་ལ་སོགས་པ། །སྒྱུར་བྱེད་མཛད་དང་ལུང་རྒྱུན་སྣ་ཚོགས་ལས་བྱུང་ཞིང་། །མདོ་མང་ ཕལ་ཆེར་སྟེང་ལོ་ཤཱཀྱ་ཤྲཱི་སོགས་དང་། །ཤེར་ཕྱོགས་རྣམས་ནི་བ་རེག་རྔོག་ལོ་ལ་སོགས་ལས། །བརྒྱུད་དེ་ཕྱིས་སུ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་དང་། །ཤཱཀྱ་རྒྱལ་མཚན་གོ་ཤྲི་དཔལ་འབྱོར་དོན་གྲུབ་སོགས། །སྐྱེས་ཆེན་མང་པོས་ནན་ ཏན་མཛད་དེ་ལུང་བཙལ་ཞིང་། །བུ་སྟོན་རིག་རལ་དབུས་པ་བློ་གསལ་གར་ཐིག་པ། །གཞན་ཡང་མཁས་གྲུབ་དུ་མས་བསྡུས་ཤིང་དཔྱད་པ་ཡིས། །དག་པར་མཛད་ལས་སྙིང་པོར་དྲིལ་བ་ཆོས་ཀྱི་རྗེ། །གཙུག་ལག་ཕྲེང་བའི་གསན་ཡིག་ཇི་བཞིན་ གཙོར་བྱས་ཤིང་། །ཕྱི་མོ་མང་ཡང་ཀུན་གྱི་ནང་ནས་མཆོག་གྱུར་པ། །དུས་དང་བདག་པོའི་སྒོ་ནས་མིང་བཏགས་ཚལ་པ་ཡི། །བཀའ་འགྱུར་ཞེས་གྲགས་གཞོན་ཚུལ་ཤཱཀྱ་རྒྱལ་མཚན་དང་། །རྒྱལ་བའི་དབང་པོ་རིམ་པར་ཕེབས་པ་ཡ་ཟུང་དང་། ། 110-1-31a ཐམས་ཅད་མཁྱེན་པ་སྤྱན་སྔ་ཆོས་ཀྱི་གྲགས་པ་དང་། །མགོས་ལོ་ལ་སོགས་སྐྱེས་བུ་མཁས་གྲུབ་མང་པོ་ཡིས། །ལྗགས་ཞུས་མཆན་བཏབ་བརྟགས་ཤིང་དཔྱོད་པར་མཛད་པ་སྟེ། །ད་ལྟ་བོད་ན་རིན་ཆེན་ཟླ་མེད་ཉིད་ཡིན་པ། ། མཆིང་ངམ་སྟག་རྩེའི་སྡེ་སྲིད་མཆོད་ཡུལ་མཛད་པ་ལས། །འགྲོ་དོན་སླད་དུ་བརྩོན་པ་ཆེན་པོས་སྤྱན་དྲངས་ཏེ། །ས་ཐམ་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེས། །མདུན་ན་འདོན་དང་བློན་པོའི་ཚོགས་ལ་བཀའ་བསྒོས་ཏེ། །ཕྱོགས་བཞིར་བཅད་པའི་ མངའ་འབངས་ཆེན་པོ་སོ་སོ་ལ། །དཀའ་བར་མ་བསམ་འདི་ནི་དོན་ཆེན་བླ་མེད་ཕྱིར། །མྱུར་དུ་སྒྲུབས་ཞེས་ཕན་པར་སྒྲོག་པའི་དྲིལ་བསྒྲགས་སོ། །ཟླ་གྲངས་གཞལ་ན་ལོ་གཉིས་སུ་ཡང་མ་ལོན་པའི། །དུས་སྐབས་ཤིན་ཏུ་མྱུར་བ་ཁོ་ནར་གྲུབ་ནས་ཀྱང་། ། ཡི་གེ་གཟུགས་ལེགས་གསལ་བར་དོད་ཅིང་དྲས་ཚད་དང་། །བཀོད་པ་རྒྱུ་དབྱིབས་ཕུན་སུམ་ཚོགས་པར་ལེགས་པར་གྲུབ། །དེ་ནས་མི་རིང་ཉེ་བའི་དུས་སུ་བདག་ཅག་ཀྱང་། །སྤྲུལ་སྐུ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་གང་དེ་དང་། །ཐབས་ཅིག་ཉིད་དུ་རྒྱལ་པོ་ ཆེ་དེས་ཉེར་བསྐུལ་ནས། །ས་ཐམ་ཡུལ་དུ་ཕོ་བྲང་ཆེན་པོ་སྦ་ཤེར་འབྱོར། །རབ་ཏུ་གནས་པ་ལེགས་པར་གྱིས་ཞེས་བསྐུལ་མཛད་དེ། །བདག་གིས་དཔལ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང་། །སི་ཏུ་ཆེན་པོས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི། ། ཆོ་གའི་སྒོ་ནས་དགེ་འདུན་བརྒྱ་ཕྲག་ལྷག་པར་བཅས། །སྟ་གོན་དངོས་གཞི་མཇུག་གི་རིམ་པ་ཚང་བ་ཡིས། །ཡེ་ཤེས་གཞུག་ཅིང་བརྟན་པར་བྱས་ཏེ་ཤིས་པ་བརྗོད། །སྐྱེ་དགུ་ཀུན་གྱི་མཆོད་སྡོང་རིན་ཆེན་བླ་ན་མེད། །འགྲན་ཟླ་སྤངས་པའི་རྟེན་མཆོག་ ཉིད་དུ་གྱུར་པ་ཡིན། །ཆོས་ཀྱི་གྲངས་དང་གླེགས་བམ་གྲངས་སོགས་ཞིབ་མོ་ནི། །དཀར་ཆག་ཏུ་གསལ་འདི་ན་རྒྱས་པར་མ་བརྗོད་དོ། །ཆོས་ཀྱི་ཕྱི་མོ་ཟད་མེད་འབྱུང་བའི་གཏེར་འདི་ཉིད། །ལེགས་པར་གྲུབ་ནས་བདག་གིས་བརྩོན་པའི་ཁུར་གྱིས་ ནི། །ཅི་ནུས་བ་དང་ལེ་ལོའི་དབང་གིས་མ་འགྲུབ་པ། །རབ་འབྱམས་སྨྲ་སོགས་དཔྱོད་ལྡན་སྐྱེས་བུ་དྲུག་རྣམས་ཀྱིས། །ཞུ་ཆེན་བགྱིད་པའི་བསམ་སྦྱོར་རྨ་མེད་ལེགས་བཟུང་སྟེ། །ཕྱི་མོ་ངེས་པ་ཡིད་བསྟན་དག་ལ་གཏུགས་བྱས་ཏེ། །དག་པར་བགྱིས་ཤིང་རྣམ་ 110-1-31b པར་གཏན་ལ་ཕབ་ནས་ཀྱང་། །དེ་ཉིད་བཞིན་དུ་པར་གྱི་ཚོགས་ཀྱང་ལེག་པར་བཅོས། །ད་ནི་འདི་ལྟའི་བསོད་ནམས་ཕན་ཡོན་ཆ་ཙམ་དང་། །རྗེས་སུ་ཡི་རང་ཡོངས་སུ་བསྔོ་བ་བརྗོད་པར་བྱ། །བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་སོགས་མདོ་རྒྱུད་ ལས། །བདེ་བར་གཤེགས་པའི་གཟུགས་སྐུ་གདུང་གི་རིང་བསྲེལ་དང་། །དེ་ཡི་སྣོད་གྱུར་མཆོད་རྟེན་རིན་ཆེན་ལས་བྱས་དང་། །སྐུ་གཟུགས་བྲིས་དང་འབུར་དུ་བརྟོད་པ་ལ་སོགས་པའི། །རྟེན་མཆོག་དེ་འདྲས་འཛམ་གླིང་གང་བ་ལྟ་ཞོག་ གི། །གླིང་བཞི་པ་དང་སྟོང་དང་བར་མ་སྟོང་གསུམ་དང་། །སྟོང་གསུམ་གངྒའི་བྱེ་མ་སྙེད་དུ་བཀང་བ་དང་། །བསྐལ་པའི་བར་རམ་བསྐལ་པ་ལས་ལྷག་དུས་སུ་ཡང་། །ལྷ་ཡི་མེ་ཏོག་བདུག་པ་མར་མེ་འཕྲེང་སོགས་དང་། །མཆོད་པ་ ཀུན་གྱིས་བར་མཚམས་མེད་པར་མཆོད་པ་བས། །རྒྱལ་བའི་ཆོས་སྐུ་ཆོས་ཀྱི་ཚུལ་འདི་གང་དག་གིས། །བཟུང་དང་བཅངས་དང་བྲིས་དང་མཆོད་པ་མཆོག་ཡིན་གསུངས། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས། །འདི་ཉིད་ཐ་ན་ གླེགས་བམ་བྲིས་ནས་མཆོད་བྱེད་པ། །དེ་ཡི་གན་དུ་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་མཚེ་མ་དགའ་ལྡན་ནས་བཟུང་སྟེ། །འོག་མིན་བར་གྱི་འདོད་དང་གཟུགས་ན་སྤྱོད་པའི་ལྷ། །བྱང་ཆུབ་མཆོག་ཏུ་ཞུགས་པ་དེ་དག་ འོང་འགྱུར་ཞིང་། །སྲུང་དང་སྐྱོབ་དང་སྦ་བ་ཉིད་དུ་བྱེད་པ་དང་། །སྤོབས་པ་གཟི་བརྗིད་མཐུ་དཔལ་བསྐྱེད་ཅིང་མཆོད་པར་འགྱུར། །རིགས་ཀྱི་བུ་དེ་འབྲོག་དང་ཤིང་དྲུང་ལམ་ལ་སོགས། །གང་དུ་སྤྱོད་ཀྱང་འཇིགས་དང་ཉམ་ང་མི་འབྱུང་སྟེ། ། གཅན་ཟན་མཚོན་དང་དུག་དང་དབྱིག་པ་ཤ་ཟ་དང་། །སྦྲུལ་གདུག་ལ་སོགས་གང་གིས་ཀྱང་ནི་གླགས་མི་ལྟ། །ཕ་རོལ་རྒོལ་བས་ཀླན་ཀ་འཚོལ་བར་མི་ནུས་ཤིང་། །བདེ་བར་འགྲོ་དང་བདེ་བར་ཉལ་དང་བདེ་བར་སད། །རྨི་ལམ་དུ་ཡང་ སྡིག་པའི་མཚན་མ་མི་མཐོང་སྟེ། །བྱང་ཆུབ་ཤིང་དང་སངས་རྒྱས་གཟུགས་སོགས་མཐོང་ངོ་གསུང་། །དེ་ནི་ནམ་ཡང་ཉམ་ང་མ་སྤངས་དུས་མི་བྱེད། །དེ་ལ་སོགས་པའི་ཕན་ཡོན་བརྗོད་པར་མི་ལང་སྟེ། །དགེ་བའི་རྩ་བ་རླབས་ཆེན་འདི་ 110-1-32a ལྟར་འདུ་མཛད་ཕྱིར། །ཆོས་ཀྱི་རྒྱལ་པོ་བསྔགས་པའི་གནས་ཡིན་བསྔགས་འོས་ཡིན། །སྔོན་གྱི་དུས་སུ་ཏའི་མིང་ཡུན་ལོ་ཆེན་པོ་དེས། །བཀའ་འདི་ཐམས་ཅད་པར་དུ་བཞེངས་པར་མཛད་ཅེས་ཐོས། །རྒྱ་བོད་ཡུལ་དུ་འདི་ལྟའི་སྲོལ་ལུགས་ བྱུང་སྲིད་ཀྱང་། །ཐོས་དང་མཐོང་བ་མངོན་སུམ་ཡུལ་དུ་གཞན་མ་དམིགས། །འདི་ལྟའི་བསོད་ནམས་རླབས་པོ་ཆེ་ནི་གང་བྱས་པ། །དེ་ལ་ཡང་ནི་བསྔོ་བའི་ཚུལ་ལུགས་ཤེས་པ་དགོས། །རྗེས་སུ་ཡི་རང་ཇི་ལྟར་བྱ་བའི་ཚུལ་ཤེས་ནས། །དུག་དང་ བྲལ་བའི་བསྔོ་ཚུལ་རྟོགས་ནས་བསྔོ་དགོས་སོ། །དེ་ལྟའི་ཚུལ་ཡང་ཤེས་རབ་ཕ་རོལ་ཕྱིན་པ་ལས། །བྱང་ཆུབ་སེམས་དཔས་མཚན་མར་བཟུང་ནས་སྦྱིན་པ་བྱིན། །བདག་གིས་འདི་བྱིན་དངོས་པོ་འདི་བྱིན་འདི་ལ་བྱིན། །འདི་ནི་བསོད་ནམས་ འདི་ནི་དགེ་བ་འདུ་བྱས་པ། །འདི་ནི་བསོད་ནམས་བྱ་བའི་དངོས་པོ་ཆེན་པོའོ། །འདི་ཡང་བདག་གིས་འཕྲལ་དང་ཡུན་གྱི་དགེ་ལེགས་དང་། །བྱང་ཆུབ་སླད་དུ་བསྔོ་བོ་སྙམ་དུ་དམིགས་བྱེད་ན། །དེ་ནི་མཚན་བཅས་དམིགས་པར་བཅས་ཤིང་ དུག་བཅས་གསུངས། །ཅི་ཕྱིར་ཞེ་ན་ཆོས་ཉིད་དུས་གསུམ་ལས་འདས་ཤིང་། །མཚན་མ་དང་ནི་དམིགས་པའི་ཡུལ་འདས་དེ་ཡི་ཕྱིར། །མཚན་མའི་བསྔོ་བས་མཚན་མ་བྲལ་བའི་བྱང་ཆུབ་ཏུ། །ཡོངས་བསྔོས་མི་འགྱུར་ཡི་རང་མཆོག་ཏུ་ མི་འགྱུར་གསུངས། །དེས་ན་བྱང་སེམས་ཐབས་ལ་མཁས་པས་འདི་བསླབ་སྟེ། །བདག་གིས་བསོད་ནམས་མངོན་པར་བསྒྲུབས་པ་འདི་ལ་སོགས། །དུས་གསུམ་དགེ་བ་བྱས་དང་བྱེད་འགྱུར་བྱེད་བཞིན་པ། །དེ་དག་ཐམས་ཅད་ དུས་གསུམ་གཤེགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་སོ་སྐྱེར་བཅས། །བྱུང་དང་འབྱུང་འགྱུར་གནས་པ་དེ་ཀུན་དགེ་ཚོགས་དང་། །གཅིག་ཏུ་བསྡུས་སྡོམས་གཞལ་ནས་དེ་དག་མ་ལུས་པ། ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས། །མཁྱེན་ཅིང་གཟིགས་ལྟར་རིགས་ནི་གང་ཞིག་ཡིན་པ་དང་། །མཚན་ཉིད་གང་དང་ཆོས་ཉིད་གང་གིས་ཡོད་པ་དང་། །རིས་ནི་གར་གཏོགས་ངོ་བོ་ཅི་འདྲ་ཡིན་པའི་ཚུལ། ། 110-1-32b བསམ་གྱིས་མི་ཁྱབ་ཆོས་ཉིད་ཚུར་མཐོང་ལས་འདས་པ། །དེ་ལྟ་ཉིད་དུ་རྗེས་སུ་ཡི་རང་མཆོག་དང་ནི། །གཙོ་བོ་དམ་པ་མཆོག་རབ་གྱ་ནོམ་བླ་ན་མེད། །གོང་ན་མེད་ཅིང་མཉམ་པ་མེད་ལ་མི་མཉམ་མཉམ། །བསམ་མི་ཁྱབ་ པས་རྗེས་སུ་ཡི་རང་བྱས་ནས་ཀྱང་། །སངས་རྒྱས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་ལྟར་བསྔོ། །ཡོངས་སུ་བསྔོ་བས་ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །སེམས་ཅན་རྣམས་ཀྱང་ཆོས་ཉིད་དེ་ལྟར་གྲོལ་གྱུར་ཅིག །ཅེས་པའི་ཚུལ་འདིས་ ཡི་རང་བ་དང་བསྔོ་བར་བྱ། །བསྔོ་བ་འདི་ནི་བསོད་ནམས་དཔེ་ཟླ་མེད་པ་སྟེ། །སྟོང་གསུམ་གངྒའི་བྱེ་མ་སྙེད་ཀྱི་སེམས་ཅན་ཀུན། །བྱང་སེམས་ཉིད་གྱུར་སྟོང་གསུམ་གངྒའི་བྱེ་སྙེད་གཞན། །སེམས་ཅན་རྣམས་ལ་བསྐལ་པ་ཉིད་དམ་བསྐལ་པ་ ལས། །ལྷག་པའི་བར་དུ་གོས་དང་ཟས་དང་མལ་ཆ་སྨན། །འཚོ་ཆས་བྱིན་པའི་སྦྱིན་པ་མཚན་བཅས་བསྒྲུབས་པ་དང་། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་མཚན་མར་བཅས། །བསྒྲུབས་པའི་དགེ་བ་དེ་དག་རྣམས་ཀྱིས་ དགེ་འདི་ལ། །བརྒྱ་ཡི་ཆ་དང་སྟོང་དང་བརྒྱ་སྟོང་བྱེ་བ་དང་། །བྱེ་བ་བརྒྱ་སྟོང་ཆར་ཡང་མི་ཕོད་གྲངས་དང་ནི། །བགྲང་བ་དཔེ་དང་རྒྱུར་ཡང་མི་ཕོད་ཅེས་གསུངས་ཏེ། །བསྔོ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་ཡིན། །དེས་ན་དགེ་བ་སྒྲུབ་པ་པོ་ ཡང་དགེ་བ་དེས། །རློམ་པར་མི་བྱ་དྲེགས་པར་མི་བྱ་ང་རྒྱལ་མིན། །གཞན་དག་རྗེས་སུ་ཡི་རང་བྱེད་པོ་རྣམས་ཀྱིས་ཀྱང་། །དམིགས་པ་མེད་པའི་ཡི་རང་འདི་ཉིད་བྱ་བར་གཅེས། །ཤཱཀྱའི་དགེ་སློང་བྱང་ཆུབ་སེམས་དཔའ་བདག་ཀྱང་ནི། ། ཆོས་ཀྱི་རྒྱལ་པོ་ཆོས་ལ་དགྱེས་པ་ཁྱོད་ཉིད་ཀྱིས། དམ་པའི་ཆོས་ལ་བསོད་ནམས་ཕྱག་བྲིས་ཟླ་མེད་པ། །འདི་ལྟ་མཛད་ལ་ཆོས་ཉིད་དེ་བཞིན་ཡི་རང་སྟེ། །ཆོས་ཉིད་དེ་བཞིན་མཆོག་ཏུ་རྗེས་སུ་ཡི་རང་ངོ་། །ལེགས་སོ་ལེགས་སོ་བསྔགས་སོ་ རྗེས་སུ་བསྔགས་པར་བགྱི། །འདི་ནི་ཆོས་སོ་འདི་ནི་སངས་རྒྱས་བསྟན་པ་སྟེ། །རྟག་ཏུ་བདག་ནི་ཆོས་ཉིད་ཇི་བཞིན་ཡི་རང་ངོ་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས་དང་འཕགས་གཞན་ཡང་། །ཁྱོད་ལ་དགྱེས་འགྱུར་འདི་ལ་ཡི་རང་མཛད་ 110-1-33a པར་འགྱུར། །ཡོངས་སུ་གཟུང་འགྱུར་མི་ཡི་དབང་པོ་བསོད་ནམས་མཆོག །ཐོབ་པ་དེ་བཞིན་བསོད་ནམས་དགྱེས་པ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དགོངས་སུ་གསོལ། །དགེ་བ་འདི་ཉིད་འགྲོ་བ་ཀུན་གྱི་དུས་ གསུམ་གྱི། །དགེ་བ་རྣམས་དང་ཐུན་མོང་ཉིད་དུ་ཡོངས་གཟུང་སྟེ། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་བར་བགྱི་བས་ན། །སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ས་སྐྱོང་རྒྱལ་པོ་ཆོས་ཀྱི་ཐུགས་ཅན་མི་ཡི་བདག ། ཀརྨ་མི་ཕམ་ཚེ་དབང་བསོད་ནམས་རབ་བརྟན་གྱི། །འཕྲལ་དང་ཡུན་གྱི་བཞེད་དོན་ཐམས་ཅད་འགྲུབ་གྱུར་ཅིག །སེམས་ཅན་གང་དག་སེམས་དམྱལ་གཤིན་རྗེ་བྱོལ་སོང་དང་། །ལྷ་མ་ཡིན་དུ་སྐྱེ་བར་འགྱུར་བའི་ལས་བྱས་པ། ། དེ་དག་ཐམས་ཅད་དགེ་བ་འདི་ཡི་བསོད་ནམས་ཀྱིས། །བདེ་འགྲོའི་འཇིག་རྟེན་ཉམས་དགའ་རྣམས་སུ་སྐྱེ་གྱུར་ཅིག །མི་རྣམས་དག་ཀྱང་བདེ་བར་བཙའ་ཞིང་བདེ་བར་འཚོ། །འཇིགས་དང་མྱ་ངན་གནོད་པ་རྣམས་དང་བྲལ་གྱུར་ཅིག ། རྒྱལ་པོ་ཆོས་སྤྱོད་སྐྱེ་བོ་ཀུན་ཡང་དགེ་བ་ལ། །གཅིག་ཏུ་བརྩོན་པས་སྡིག་དང་སྡུག་བསྔལ་ཞི་གྱུར་ཅིག །ལྷ་རྣམས་དག་ཀྱང་བག་མེད་མ་གྱུར་བག་ཡོད་ཅིང་། །ལྷར་བཅས་འཇིག་རྟེན་དཀོན་མཆོག་གསུམ་ལ་གུས་བྱེད་ཤོག །ཆར་ ཆུ་དུས་འབབ་ལོ་འབྲས་ཕུན་སུམ་ཚོགས་པ་དང་། །ནད་དང་མཚོན་དང་མུ་གེའི་བསྐལ་པ་ཞི་གྱུར་ཅིག །རབ་ཏུ་བྱུང་རྣམས་ཚུལ་ཁྲིམས་སྐྱོན་མེད་མཐུན་རྐྱེན་ཚང་། །ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ཤོག ། སྐྱེ་བོ་ཀུན་ཡང་རྟག་ཏུ་རབ་བྱུང་ཆོས་ལ་གནས། །བྱང་ཆུབ་སེམས་བསྐྱེད་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཤོག །ཁྱད་པར་དུ་ཡང་སངས་རྒྱས་བསྟན་པ་རིན་ཆེན་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་བསྐལ་པར་གནས་གྱུར་ཅིག ། སངས་རྒྱས་གཉིས་པ་རྗེ་བཙུན་ཀརྨ་པ་ལ་སོགས། །བསྟན་འཛིན་སྐྱེས་ཆེན་དམ་པ་ཐམས་ཅད་ཞབས་བརྟན་ཤོག །སྡིག་ཅན་བདུད་དང་བདུད་ཀྱི་ཕྱོགས་ནི་དཔའ་སྐོང་སྟེ། །གླགས་བལྟར་མི་ནུས་ཆོས་ལ་གུས་པ་ཉིད་གྱུར་ཅིག །སྐྱེ་བོ་ 110-1-33b ཐམས་ཅད་ཉིན་མཚན་ལམ་དང་སྤྱོད་ཡུལ་ཀུན། །འཇིགས་པར་མ་གྱུར་དོན་རྣམས་བདེ་བར་འགྲུབ་གྱུར་ཅིག །འདི་ལྟར་བཞེངས་པའི་བདེ་གཤེགས་བཀའ་ཡི་ཕྱི་མོ་འདིའང་། །འབྱུང་བའི་གནོད་པ་དེ་དག་གིས་ཀྱང་མི་འཇིག་པར། ། ནམ་མཁའ་གནས་པར་འགྲོ་བའི་དོན་དུ་བཞུགས་པ་དང་། །འདི་ལས་མི་ཟད་ཆོས་ཀྱི་གླེགས་བམ་འབྱུང་གྱུར་ཅིག །མདོར་ན་དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི། །བཟང་པོ་སྤྱོད་དང་བྱང་ཆུབ་ཆེན་པོར་སྤྱོད་ལ་སོགས། ། ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་དེ་དག་ཅི་ཡོད་པ། །དེ་དག་ཐམས་ཅད་སྦྱིན་པའི་བདག་པོ་གཙོར་གྱུར་པའི། །མཁའ་མཉམ་འགྲོ་བ་མ་ལུས་ཀུན་གྱིས་ཡོངས་རྫོགས་ཤིང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་ཁམས་ ཡོངས་སུ་སྦྱངས། །རྣམ་ཐར་རྒྱ་མཚོ་སྒྱུ་མའི་ཡུལ་ལ་རོལ་བྱེད་པ། །ཀུན་དུ་བཟང་ལྟར་བྱང་ཆུབ་སྤྱོད་པས་བྱང་ཆུབ་ཤོག །སྐབས་དོན་བརྗོད་པ་སྨོན་ལམ་དང་བཅས་པའོ།། །། ད་ནི་འདིར་བློ་དང་ལྡན་པ་དག་ལ་བདེ་བར་གཤེགས་པའི་གསུང་རབ་ཀྱི་ཕྱི་མོ་པར་འདི་སྲི་ཞུ་ཇི་ལྟ་བུས་མཆོད་པའི་ཚུལ་ཅུང་ཟད་གླེང་བར་འདོད་དེ། གོ་བདེ་བའི་ཕྱིར་ལྷུག་པར་བརྗོད་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་ཉིད་ཀྱིས་ཡུམ་གྱི་མདོར། བརྒྱ་བྱིན་དང་ཞུ་ལན་མཛད་པ་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུར་རིགས་ཀྱི་བུ་གང་དག་ཆོས་འདི་འཛིན་ཅིང་གཞན་ལ་མི་སྤེལ་བ་དང་། རིགས་ཀྱི་བུ་གང་དག་བདག་ཉིད་ཀྱང་ འཛིན་ཅིང་གཞན་ལ་ཡང་སྤེལ་བར་བྱེད་པ་གཉིས་བསོད་ནམས་གང་ཆེ་ཞུས་པར་རིང་བསྲེལ་གྱི་མཆོད་རྟེན་གྱི་དཔེས་བསྟན་ཏེ། བདག་ཀྱང་འཛིན་ཅིང་གཞན་ལ་ཡང་འགེད་བ་ཉིད་དོན་ཆེ་བར་གསུངས་བ་དང་། མ་འོངས་ པའི་དུས་ན་ཆོས་ཀྱི་གཟུགས་བརྙན་འབྱུང་བས་དེའི་དུས་དད་པ་དང་ལྡན་པའི་སྐྱེ་བོས་ཆོས་དང་ཆོས་ཀྱི་གཟུགས་བརྙན་མི་ནོར་མི་འཁྲུལ་བར་འགྱུར་བའི་ཕྱིར་ཆོས་སྤེལ་བ་ཁོ་ན་དོན་ཆེ་བ་དང་། སྟོང་གསུམ་གངྒའི་བྱེ་སྙེད་ 110-1-34a ཀྱི་སྐྱེ་བོ་ཐམས་ཅད་དགེ་བ་བཅུ། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། མངོན་ཤེས་ལྔ། རྒྱུན་ཞུགས་ཕྱིར་འོང་། ཕྱིར་མི་འོང་། རང་རྒྱལ། བྱང་ཆུབ་ཀྱི་སེམས་ལ་བཀོད་ པ་ཙམ་གྱི་དགེ་བ་རྣམས་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྤེལ་ཞིང་ཆོས་ལ་གདམས་པ་དོན་ཆེ་བར་གསུངས་པའི་བར་གྱིས་དགེ་བའི་འགྱུར་ཁྱད་དེ་དཔེ་དང་དགོས་པ་དང་འགྱུར་ཁྱད་གསུམ་གྱི་སྒོ་ནས་ ཆོས་སྤེལ་བ་ཕན་ཡོན་ཆེ་བར་གསུངས་པས། དེས་ན་པར་འདི་ལ་རིམ་གྲོར་བྱེད་པ་དང་། བྱེད་པར་འགྱུར་བའི་རྒྱལ་བློན་སྐྱ་སེར་དཀོར་གཉེར་མངག་གཞུག་སོགས་ཐམས་ཅད་ཀྱིས་ངེས་པར་བྱ་བ་ནི་འདི་ཡིན་ཏེ། ཆོས་ཀྱི་ཕྱི་མོ་འདི་དཀོན་པས་ཡང་ཡང་སྤྱད་དུ་མི་རུང་ངོ་སྙམ་ནས་མཛོད་དམ་བང་བའམ། གནས་དབེན་པར་བཞག་སྟེ་སྦས་ཤིང་བསྲུངས་ན་དེ་ཡང་འདི་ལ་བཀུར་བསྟི་བྱས་པར་མི་འགྱུར་རོ། །འདི་ནི་ནོར་གྱི་མཆོག་ཡིན་ ནོ་ཞེས་ནོར་དུ་འདུ་ཤེས་པས་བསྒྲིལ་ཞིང་བཅིངས་ཏེ་མི་འབྱེད་མི་སྤེལ་ན་ཡང་སྲི་ཞུ་མ་ཡིན་པར་འགྱུར་རོ། །ཆོས་ཀྱི་ཕྱི་མོ་འདི་རིན་གྱི་ཆེད་དམ། གླ་རྔན་གྱི་ཆེད་དམ། ཟང་ཟིང་གི་ཡོན་གྱི་ཆེད་དུ་སྤེལ་ཞིང་ གཞན་དུ་མི་སྤེལ་ན་དེ་ཡང་སྲི་ཞུ་མ་ཡིན་པར་འགྱུར་རོ། །ཡོན་ནམ་གླ་རྔན་ཅུང་ཟད་ཙམ་སྦྱར་ནས་གླེགས་བམ་རེ་རེའམ། ཡ་ཟུང་ཙམ་ཡང་ཡང་ཆུད་ཟོས་པར་སྤྱད་ན་ཡང་གླེགས་བམ་གྱི་འཕྲེང་བ་ལ་གནོད་པའི་ཕྱིར་སྲི་ ཞུར་མི་འགྱུར་རོ། །དགེ་བའི་བསམ་པ་ཅན་ཡོན་གྱི་འབྱོར་བ་མེད་པས་མི་ཐོབ་ཅིང་། འབྱོར་པ་དང་ཁས་བཙན་པ་གཙོ་བོར་གྱུར་པས་ཐོབ་པར་བྱེད་ན་དེ་ཡང་སྲི་ཞུར་མི་འགྱུར་རོ། །རླུང་དང་ཧ་ཅང་གྲང་བ་དང་ཁ་ཆར་ དང་། ཧ་ཅང་ཚ་བའི་སྤྱོད་ཡུལ་དུ་པར་དུ་བཏབ་ན་ཡང་ཡི་གེའི་གཞིགས་པ་དང་འཆུས་པ་དང་འཁྱོག་པ་ལ་སོགས་པར་འགྱུར་བའི་ཕྱིར་སྲི་ཞུར་མི་འགྱུར་རོ། །དེ་བས་ན་བཀའ་འགྱུར་ཡོངས་སུ་རྫོགས་པའི་པར་ལྷག་ 110-1-34b བསམ་གྱིས་འདེབས་པར་འདོད་པ་ལུ་ལའང་། ཡོན་ནམ་གླ་རྔན་ནམ་ལན་ལ་རེ་བ་མེད་པར་ཕན་སེམས་ཀྱིས་སྦྱིན་པར་བྱའོ། །གླ་རྔན་ཅུང་ཟད་ཀྱི་ཕྱིར་གླེགས་བམ་རེ་གཉིས་སོགས་ཆུད་གཟན་པར་ཡང་མི་སྤྱད་དོ། ། བསྟན་པ་དང་འགྲོ་བ་ལ་ཕན་པའི་ཕྱིར། བཞུགས་གནས་དང་ན་བཟའ་དང་མཆོད་པ་སོགས་རྒྱུན་མི་འཆད་ཅིང་དུས་ཚོད་ཤེས་པས་ཆུད་མ་ཟོས་པར་འཕེལ་ཞིང་རྒྱས་པ་ཁོ་ན་གཙོ་བོར་བྱ་སྟེ། གཅིག་ཏུ་ན་དེ་ ལ་བརྟེན་ནས་སངས་རྒྱས་ཀྱི་བཀའ་འཕེལ་བར་འགྱུར་ཞིང་དེ་ལས་འགྲོ་དོན་དུ་མ་འབྱུང་བ་དང་། གཉིས་སུ་ན་སྤེལ་བ་དེ་ལས་བདག་ལ་ཡང་འདི་དང་ཕྱི་མའི་ཕན་ཡོན་ཆེན་པོ་ཐོབ་པ་དང་། གསུམ་དུ་ན་ཆོས་ ལ་དམིགས་པའི་ཡོན་བདག་གིས་མི་འབྱོངས་ཤིང་སྡིག་པ་ཆེ་བའོ། །ཞེས་བསམས་ནས་རྟག་ཏུ་རིམ་གྲོར་བྱེད་ཅིང་བསྲུང་བ་དང་མཆོད་པ་དང་ཆུད་མི་འཛའ་བ་དང་། དེའི་ཕྲིན་ལས་ཀྱི་དངོས་གཞི་བར་དུ་ བཏབ་ཏེ་སྤེལ་བ་ལ་ནན་ཏན་བྱ་སྟེ་དཀའ་བར་མི་བསམ་ཞིང་ཕན་པར་བསམས་ཏེ་ཇི་ལྟར་རྒྱས་པ་དང་། ཇི་ལྟར་དར་བ་དང་ཇི་ལྟར་འཕེལ་བའི་ཐབས་ལ་ནན་ཏན་དུ་བྱའོ། །ཕྱི་མོའི་ཕྱིར་དོན་དུ་གཉེར་བ་དག་ གིས་ཀྱང་། གཅིག་ཏུ་བདག་གི་བཀའ་འགྱུར་རོ་འཚལ་གྱི་གླེགས་བམ་པར་འདི་ལ་བརྟེན་ནས་ཚེགས་མེད་པར་ཐོབ་པའི་དྲིན་བསབ་པ་དང་། གཉིས་སུ་བྲི་བ་ལ་སོགས་པའི་དཀའ་ཚེགས་ལས་ གཞལ་ཞིང་ཐོབ་ཀྱིས་འཇལ་བ་མ་ཡིན་པར་དམ་པའི་ཆོས་འབད་པ་དང་བརྩོན་པས་བསྒྲུབས་པའི་བསོད་ནམས་ཀྱི་བག་ཆགས་བདག་རྒྱུད་ལ་བཞག་པ་དང་། གསུམ་དུ་ན་པར་ཉིད་མཆོད་པའི་རྫས་དང་ན་ བཟའ་ཞལ་མཚལ་ལ་སོགས་པའི་ཆེད་དུ་ཡང་ཅི་འབྱོར་བ་ཙམ་ཕུལ་ནས་ཕྱི་མོ་ཞུ་བར་རིགས་ཏེ། མདོར་ན་དོན་དུ་གཉེར་བས་ཀྱང་ཆོས་ཀྱི་ཕྱི་མོ་ཞལ་ཏ་པ་དང་བཅས་པ་མཉེས་ཤིང་མགུ་བའི་ཕྱིར་ཡོན་དང་ 110-1-35a བཅས་ཤིང་མཆོད་པ་དང་བཅས་པར་སྒྲུབ་ཅིང་བདག་ཏུ་གྱུར་པ་ཞལ་ཏ་བ་དང་བཅས་པས་ཀྱང་ཟང་ཟིང་གཙོར་མི་བྱེད་པར་ཕན་པའི་བསམ་པ་ཉིད་གཙོ་བོར་བྱ་བའི་རིགས་སོ་ཅེས་བདག་ཉིད་ཡང་ཡང་སེམས་ པར་གྱུར་པའང་ཕན་པའི་གྲོས་གདབ་པ་ཡིན་པའི་ཕྱིར་དགེ་བའི་ཡིད་ཀྱིས་དང་དུ་བླང་བའི་རིགས་སོ།། །།ཨོཾ་མངྒ་ལ་ཤྲི་ཡ་སརྦ་ཛ་ག་ཛ་ཡནྟུ། བཀྲ་ཤིས་གང་ཞིག་ཤཱཀྱ་ སེང་གེ་རྐང་གཉིས་གཙོ། །སངས་རྒྱས་ཐུགས་བརྩེ་བྱམས་པའི་བདག་ཉིད་ཕན་བཞེད་པ། །བཀྲ་ཤིས་དེས་ཀྱང་སྦྱིན་བདག་ལ་སོགས་སྐྱེ་དགུ་ཀུན། །བདེ་ལེགས་གྱུར་ཅིག་སྡིག་པ་ཐམས་ཅད་ཞི་གྱུར་ཅིག །བཀྲ་ཤིས་གང་ ཞིག་ཞི་བ་ཆགས་པ་བྲལ་བའི་ཆོས། །རྒ་ཤི་མཐར་བྱེད་ཉོན་མོངས་ཉམ་ང་འཇིག་བྱེད་པའི། །བཀྲ་ཤིས་དེས་ཀྱང་སྦྱིན་བདག་ལ་སོགས་སྐྱེ་དགུ་ཀུན། །བདེ་ལེགས་གྱུར་ཅིག་སྡིག་པ་ཐམས་ཅད་ཞི་གྱུར་ཅིག །བཀྲ་ཤིས་གང་ཞིག་ ཁྱིམ་གྱི་སྡུག་བསྔལ་རྒྱང་བསྲིངས་ནས། །དབང་པོ་ཐུལ་བྱས་ཞི་བར་ཞུགས་པ་དགེ་འདུན་མཆོག །བཀྲ་ཤིས་དེས་ཀྱང་སྦྱིན་བདག་ལ་སོགས་སྐྱེ་དགུ་ཀུན། །བདེ་ལེགས་གྱུར་ཅིག་སྡིག་པ་ཐམས་ཅད་ཞི་གྱུར་ཅིག ། བཀྲ་ཤིས་གང་ཞིག་བཅོམ་ལྡན་རྒྱལ་བའི་བསྟན་པ་འདི། །ནུབ་པར་མི་འགྱུར་ཉམས་པར་མི་འགྱུར་བསྐལ་པར་གནས། །སྐྱེ་བོ་ཀུན་ཀྱང་མཐུན་པར་དམ་ཆོས་སྤྱོད་འགྱུར་བའི། །བཀྲ་ཤིས་དེས་ཀྱང་སྡིག་པ་ ཞི་ཞིང་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་རྒྱལ་པོ་ཆོས་ལྡན་འཆི་མེད་འཚོ། །འབངས་དང་ཡུལ་ཁམས་ནད་མཚོན་མུ་གེའི་བསྐལ་པ་མེད། །རྟག་ཏུ་བདེ་ལེགས་འབྱོར་པ་དམ་པས་རབ་འབྱོར་ནས། །བསོད་ནམས་བསགས་པས་ ཡེ་ཤེས་སྣང་བའི་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་ཕྱི་མོ་དམ་པ་འདི། །ནུབ་པར་མི་འགྱུར་འཇིག་པར་མི་འགྱུར་བརྟན་གནས་ཏེ། ། 110-1-35b    ཕྱོགས་བཅུ་དག་ཏུ་ཆོས་ཀྱི་གླེགས་བམ་ཆར་ལྟར་འབེབས། །བཀྲ་ཤིས་དེ་ཡིས་སྡིག་པ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཚུལ་འདི་ཡི་ཕན་ཡོན་གྱིས། །ཤཱཀྱའི་བསྟན་པ་ལྔ་བརྒྱ་མཐའ་མར་འཇིག་འགྱུར་བར། །གསུངས་པ་དེ་ཡང་ བསོད་ནམས་འདི་ཡིས་བརྟན་བྱས་ཏེ། །སངས་རྒྱས་བསྟན་པ་མི་ནུབ་རྒྱས་པའི་བཀྲ་ཤིས་ཤོག ། །།དེ་ལྟར་ས་ཐམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཀརྨ་མི་ཕམ་ཚེ་དབང་བསོད་ནམས་རབ་བརྟན་ཞེས་བྱ་བས་བདེ་བར་གཤེགས་པའི་བཀའ་ འགྱུར་ཏོ་འཚལ་ཆོས་ཀྱི་ཕྱི་མོ་མི་ཟད་པའི་པར་དུ་བཞེངས་པའི་བྱུང་བ་བརྗོད་པ་འདི་ནི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ། རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་བྱིན་རླབས་དང་ཕྲིན་ལས་ཀྱི་ སྙིང་པོ་རྗེ་བཙུན་ཀརྨ་པ་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་གར་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་པོ་ཁྱབ་བདག་བསྟན་པའི་ཉི་མ་ཞེས་བགྱི་བའི་ཞལ་སྔ་ནས་གང་དེའི་བཀའ་དྲིན་གྱི་བྱིན་གྱིས་རླབས་ཤིང་འོད་དཔག་ཏུ་མེད་པའི་རྒྱས་ གདབ་ཅོད་པན་གྱི་ནོར་བུས་སྤྱི་བོར་སྤྲས་པ། འཇམ་དཔལ་དབྱངས་གོང་མ་ཆེན་པོའི་ལུང་གིས་ཏའི་དབེན་ཀྭན་ཏིང་གོ་ཤྲི་ཞེས་སྤྱི་བོ་ནས་དབང་བསྐུར་བ་རྒྱལ་ཁམས་ཀྱི་བླ་མར་བོད་པའི་བཀའ་རྟགས་འཆང་བ། བདེ་བར་གཤེགས་པའི་ བསྟན་པ་རིན་པོ་ཆེ་མདོ་སྔགས་ཀྱི་ཆོས་ཚུལ་ཐ་སྙད་རིག་པའི་གནས་དང་བཅས་པར་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པ་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་ རྡོ་རྗེ་དགའ་བ་དོན་ཀུན་ཡོངས་སུ་གྲུབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བས། བསྟན་པའི་བདག་པོ་སྐུ་བལྟམས་ནས་ལོ་གྲངས་ཉི་སྟོང་ལྔ་བརྒྱ་བདུན་བཅུ་རྩ་བཞིར་སླེབ་པ། ཤམྦྷ་ལར་ རིགས་ལྡན་སྤྲུལ་པའི་རྒྱལ་པོ་གནམ་གནོན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་གྱ་བརྒྱད་འདས་པ་རྒྱ་རྩིས་པའི་ལུགས་ལ། ཤིང་ཕོ་སྟག་གི་ལོར་བརྗོད་ཅིང་འཕགས་ཡུལ་གྱི་བརྡ་ལས་ཨཱ་ནནྟ་ཏེ་བོད་ཀྱི་སྐད་དུ་ 110-1-36a ཀུན་དགའ་ཞེས་བྱ་བའི་བགྲང་བྱ་རྒྱུ་སྐར་བཀྲ་ཤིས་རྒྱལ་གྱིས་ཉ་བའི་ཟླ་བ་ཡར་གྱི་ངོའི་བཟང་པོ། གཉིས་པའི་ཚེས་ལ་གྲུབ་པའི་གནས་མཆོག་ཤར་ཀཾ་པོ་གངས་ཀྱི་ར་བར་བྲིས་ཤིང་སྤེལ་བ་འདིས་ཀྱང་རྒྱལ་བའི་ བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨ་ཐ་སརྦ་སཏྭཱ་ཡ་ཤུ་བྷ་མ་སྟུ།། །། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་ཏེ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོང་ཆེ། །པར་བྱང་འདིའི་ཞུས་དག་བྱེད་པོ་མདོ་ཁམས་པ་བྷིཀྵུ་ཀརྨ་སུ་བྷ་དྲས་བྱས་པས་དྷརྨ་བི་ཛ་ཡནྟུ་སྭཱ་ཧཱ།། མྔྒླཾ།། 110-1-36b empty page 110-1-37a 三藏聖教。 菩提願頌。 皈依十方及三際, 妙覺真如普智尊。 咸流大慧入我心, 令我所願速成就。 我從無始無明地, 欲流有流溺見流, 三毒八識起蓋纏, 十惡五逆靡不造, 假令罪業有其形, 盡虛空界不能受。 惟有諸佛盡知見, 塵沙煩惱與惑漏, 輪迴六道習染殊, 執我耽人入險道, 自為殺業或教他, 宣淫邪行不與取, 非聖言量飾虛語, 鬪亂於他及惡罵, 結使貪鞅恣瞋恚, 迷理異執著諸境, 尅意非為並誤作, 譏謗三寶一切眾, 110-1-37b 怨對酬還及苦報, 我今慚愧願改悔, 滌除不善有漏因, 清淨三業皈命禮, 金剛尚師持金剛, 五智十身佛陀耶, 自覺真如達麽耶, 大悲菩薩僧伽耶, 娑婆本師釋迦佛, 如意大悲救度母, 無上最乘秘密海, 十方法界諸如來, 諸大菩薩摩訶薩, 大怒摩訶迦羅耶, 天龍八部諸神眾, 閻曼德迦及星天, 伏冀無邊正徧知, 惠我三眛自在力, 俾我懺悔得清淨, 猶如琉璃含皎月, 盡未來際恒無染, 理事二障永消除, 欲行善法魔匪侵, 欲捨火宅無罣礙, 110-1-38a 賜與一乘大白牛, 徑登寶所證常樂, 諸佛十力大解脫, 四等知見不共法, 並餘微妙諸功德, 願我此生皆圓證, 諸佛菩薩所修行, 所願所度所回向, 我今發意一切同, 無退無怯無差別, 種智四智一切智, 初心頓發圓滿光, 照識達本契真如, 譬如金礦銷成就, 佛佛出興咸供養, 請轉法輪說授記, 結集教典續慧燈, 奉安舍利福群有, 文殊總持大智海, 普賢萬行所莊嚴, 觀音彌勒大慈悲, 地藏空藏弘誓願, 願我一一皆獲得, 分形散影滿世間,‭ ‬ 110-1-38b 願如善財徧參詢, 微塵益我善知識, 恒隨奉事共集會, 開示悟入深法門, 釋尊勇猛聞十方, 堪忍苦惱化強暴, 我今難行實能行, 願如本師證無異, 一切二乘盡回心, 一切有情盡成佛, 於時我乃取正覺, 十方法界為佛土, 莊嚴微妙最第一, 更無聲聞及外道, 後身菩薩徧充滿, 禪悅法喜共娛樂, 風聲香氣演大乘, 聞者悟入菩提性, 十方情器純真如, 我乃安樂歸寂滅, 虛空世界尚可窮, 我此願王終無盡, 假使鐵輪旋頂上, 誓不退墮初發心, 110-1-39a 我今所作一毫善, 回向實際及眾生, 齊脫眾苦出輪迴, 往生安養受妙樂, 所鏤甚深微妙藏, 願諸善神恒護持, 興顯末法至當來, 龍華會中作佛事, 惟願彌勒大覺尊, 人天眾前親與記, 我此普賢殊勝行, 無邊勝福皆回向, 善願沉溺諸眾生, 速往無量光佛刹, 十方正覺諸如來灌頂‭ 授記佛長子不動金‭ 剛木增吉日淨業弘 願。 110-1-39b 三藏聖教序。 蓋聞真源湛湛,本無變 以無遷;妙性如如,亦非 名而非狀;蕩若虛空之 寥廓,恬如巨海之澄渟, 特由一念瞥興,四相俄 起,爾乃並識同奔,隨緣 受報,精靈動伏,萬緒千 差,雖山河世界,唯現於 自心,明暗色空,全彰乎 法相。然既著於有為之 有,終昧於無始之無,則 染淨業殊,苦樂趣別,莫 不長淪欲海,出沒於四 生,永陷情坑,輪迴於六 道,孰能超拔三有,穎脫 五蓋,高翔入解,遐鶩一 乘者哉。惟是我 釋迦牟尼如來,秉靈覺 之上智,發朗鑒之真明, 於塵劫之前,早悟此理。 有以見眾生之重迷膠 固,深悲同體,弗忍獨得, 思所以拯濟群識,共登 110-1-40a 彼岸。於是結那於始心, 終大悲以赴難,開化導‭ ‬ 達,縱違背而彌殷。布施‭ ‬ 利行,即頭目而靡悋。為‭ ‬ 眾生故,勇猛精進,忍苦‭ ‬ 修行,所以智積菩薩曰:‭ ‬ “我觀三千大千世界,無‭ ‬ 有如毫末許不是釋尊‭ ‬ 捨身命處”誠哉,是言也!‭ ‬ 然,萬行昔圓,猶居因住, 正覺久成,尚現後身,意‭ ‬ 在不化剛強獷戾,不稱‭ ‬ 大悲,乘斯機熟,降跡濁‭ ‬ 惡之世,凡情所尚,故託‭ ‬ 金輪之胤,妙相明顯,卓 冠於天人,隨好炳著,蔽‭ ‬ 奪於群聖,居茲三惑,示‭ ‬ 畫篋之非真,出彼四門, 表浮雲之易滅,盛年離‭ ‬ 欲,如棄涕唾,假修苦行, 權受乳麋,六通七覺,超‭ ‬ 三界而獨尊,十號二嚴, 越四流而稱佛。踞金剛‭ ‬ 之座,具十力以降魔,澍‭ ‬ 110-1-40b 甘露之雨,淨三輪而化‭ ‬ 物,所以稱性談玄,頃說‭ ‬ 不思議圓融法門,復恐 輿情希證,驚怖於河漢, 乃開人天之善軌,設羊 鹿之小乘。持犯、儀刑、對 法、素隱、方等之記莂,冥於 三空般若之真照,破於 二我,然後會流歸海,等 賜一乘,咸自真如中演 出,悉從智慧海流來,誠 六趣之車輿,五道之船 筏,入聖之徑路,菩提之 佛母,大夜之明燈,重昏 之杲日,而饑虛之美膳, 火宅之甘霖矣。是故一 音甫唱,萬彙各聞,邪思 與滯惑俱捐,妄執共謬 計齊遣。使戴爐鍱腹之 流,揭往迷於道樹,祠天 事火之徒,悟前非於覺 場。皆能革故圖新,返邪 皈正,明自心於言下,斷 惑漏於當時,復有雲動 110-1-41a 風合,主伴靈感,恒沙大 士,來自殊方,塵點僧伽, 徧於宇內,或啟甚深之‭ 信解,或克微妙之行果, 或示跡異道,以化其類, 或垂形世俗,以誘其迷, 或尋聲救苦,而應念施‭ ‬ 安,或觀根逗教,而隨病‭ ‬ 與藥,或幽巖入定,而坐‭ ‬ 斷春秋,或高座論義,而‭ ‬ 智成典則,或緣斷勝性‭ ‬ 而現圓,或久住堪忍而‭ ‬ 不滅,真可謂迷衢導首, 苦海舟師,三界之福田, 四生之慈父,蕩蕩乎,民‭ ‬ 無德而稱焉,將使勞生‭ ‬ 怠軫,同駐於寶坊,凡界‭ ‬ 空虛,盡化為樂土,何乃‭ ‬ 眾生薄祐,孺子失怙。噫!‭ ‬ 須彌峻而藍風起,寶藏‭ ‬ 積而怨賊生,蠢爾波旬, 遽然請寂, 如來順機應世,原無取‭ ‬ 捨於其間,故一允其求, 110-1-41b 駟不及舌,於是光放非‭ ‬ 常之瑞,眾懷怖懼之心, 最後顧命,頻摧異見之 夫,扶律談常,頓顯法身 之體。嗚呼!金棺掩耀,寶 塔凌空,雖一體三寶常 住於世間,而五蘊恒流仍 棲於欲地。必欲導達群 方,遐益萬古,非妙法而 何能。夫經者,法身之舍 利,載道解惑之良器也, 在天之日月可墜,法寶 不可頃刻晦也,在人之 衣食可去,法寶不可須 臾離也。以故四人結集, 三藏重明,闐滿於天上 龍宮,徧佈於此方他界。 一切眾生仗之以踈神 達要,陶鑄靈府,熔習惑, 悟真常,普天之下,咸知 佛為大聖,具一切種智, 是皈依處者,安可周知, 而悉數其弘濟,又可知 矣。第以詞源海廣,部帙 110-1-42a 星繁,凡夫之心量不齊, 妙典之通塞關數,致令‭ ‬ 五時八教之詮,三權一‭ ‬ 實之旨,順流而東,譯就‭ ‬ 方言,得而崇奉者,莫不‭ ‬ 茂林之片葉,磚地之一‭ ‬ 礫耳。粵木增夙作何植, 生茲末葉,既不覩菩提‭ ‬ 樹之嘉會,又不聆堅固‭ ‬ 林之法言,徒切影堅勝‭ ‬ 軍之弘護,;空慕給孤寶‭ ‬ 積之檀施,未嘗不瞻‭ ‬ 金像而哽泣,披‭ ‬ 靈文而慘傷。豈直追恨‭ ‬ 於當年,固亦遺憾於終‭ ‬ 古矣。叨承‭ ‬ 三寶之洪庥,為一方之‭ ‬ 地主,愧乏無憂之興建, 匪踵戒日之博濟,每於‭ ‬ 政暇之際,禪觀誦持,深痛‭ ‬ 無常,曉夜惕慮,每事思‭ ‬ 省,凡可以教人為善,勝‭ ‬ 殘去殺者,極力舉行,非‭ ‬ 敢忽怠,近惟世道交喪, 110-1-42b 風土漓薄,人心趨下,莫‭ ‬ 能自返,將欲拔本窮源, 杜流剪蔓,其唯弘獎大 乘法施之利乎,然以經 律浩博,處則充棟宇,出 則汗牛馬,蔥嶺迤來,例 多謄寫,非具勝緣,弗能 全有,而海澨山陬之人, 窮邊絕域之子,雖霑正 化,率皆聞風傳響,疑諒 相兼,受一非餘,各存專 是,庸非化雖被而教未 洽,信雖立而聞未廣,有 終其身未覩其藏典者, 將何以開擴性靈,洞徹 知見,而望其立造真境, 會契無生,是責其無梯 而升高,無駕而致遠,寧 可得哉。經去:菩提心者, 諸佛心是。自餘散善,不 得為喻。然有心者,皆當 作佛。增雖識謝聖神之 明,勉有思齊之志,幸值 三寶慈光,敢不興起發 110-1-43a 於大心,我不荷負大法, 我不度脫眾生,再誰諉‭ ‬ 乎?由是謹率僧俗人民‭ ‬ 齋沐虔誠,仰對‭ 十方三寶,諸天善神,敬‭ ‬ 立誓願;凡 世尊釋迦牟尼如來金‭ 口所宣,經律論三藏梵‭ 筴,繕錄翻刻,鳩工集材, 自萬曆三十六年四月‭ 佛成道日經始,天啟元‭ 年九月竟功,廣行印刷, 流通遐邇,惠以法利,庶‭俾家傳妙寶,人握靈珠, 慧日沒而更耀,微言絕‭ ‬ 而復彰,滌塵垢於六合, 蕩惑累於十虛,討密義‬ 者,開卷了明,懷供養者, 致敬獲福,勿涉萬里之‭ 遙,坐翫三乘之奧,咸冀 一切眾生,見其色、發其 函、功格十地,聆其音、悟‭ ‬ 其理、道侔一生。專祈‭諸佛菩薩,親垂授記。 110-1-43b 護法大士,密隨擁衛,若‭ ‬ 板若經所在之處,永離‭ ‬ 魔事,久住世間,常轉法 輪,護持無盡,縱使世界 為塵,此經如故,歷萬劫 而常新,窮未來而彌固。 以此功德,回向實際,莊 嚴菩提,上報 四重之恩,下拔九幽之 苦,飲銅啖鐵,悉孕蓮池, 戴角披毛,俱生極樂。仰 祝‭ ‬ 皇帝萬歲,太子千秋,物‭ 阜民安,河清海晏,無近 不悅,無遠不來。次期祖‭ 爵綿永,家國利亨,卜世‭ 卜年,同玉嶽之悠久,世‭ 子世孫,等金江之繼續。 五方寧謐,百姓康和,願‭ 我從今以去,十方法界, 佛佛出世,皆親奉事,等‭密跡之保綏,同梵王之‭ 勸請,獲慶喜之總持,興‭ ‬ 純陀之後供。起舍利塔, 110-1-44a 高至梵天,弘大乘典,住 於劫盡。三途五濁,經歷‭靡休,六度四弘,勇健無‭ 息,深誓如地藏,精進如‭能仁,證文殊智海,入普‭賢行門,具彌勒慈心,滿‭ 觀音悲願,必使眾生業‭盡、煩惱盡、界盡、二乘回‭心盡、一切成佛盡,乃至‭ 盡空法界、情器世間、純‭ 成智正覺、真如實際、不‭ 生不滅、不變不動、我願 乃盡、最後作佛。有一不 盡、不取滅度。我此願王, 廣大如法性,究竟如虛 空,窮未來際,不相捨離。 假使鐵輪旋頂,五熱炙 身,誓不退墮。伏維 諸佛菩薩證盟、攝受於 是,五體投地,重說偈曰: 南無真如淨法身, 體若虛空無邊際, 應物現形等一切, 畢竟湛寂絕朕兆, 110-1-44b 復禮十身圓相海, 自他受用二種嚴, 譬如眾星之滿月, 主伴重重猶帝網, 敬禮丈六紫金容。 三十二種大人相, 隨好光明無等倫, 天上天下無如者, 三千界內一法王。 優缽羅花難值遇, 神通方便叵思議, 覺法靡遺師子吼, 皈命甚深微妙法, 智慧辯才之所演, 出生菩提轉物心, 軌持運載諸含識, 稽首三賢十地聖, 等妙二覺大果海, 久獲菩提不取證, 影響留惑利群蒙, 祈敬善觀十二緣, 能獲七十七種智, 麟角部行人中尊, 現通依教及回心, 110-1-45a 歸依四諦諸大權, 四向四果無生侶, 解脫自在良福田, 滅度入寂久住世, 覺義軌則和合性, 同體一異不可得, 盡空常住三寶尊, 淨業徧禮願遇知, 我今誓發大道心, 仰學十方善逝行, 凡有現在沉淪者, 我當盡度成佛道, 眾生迷惑癡所盲, 生無慧目不解法, 我決惠以財法施, 悉令開悟得安樂, 能仁牟尼所宣說, 甘露醍醐最上味, 傳於天人逗機緣, 特茲刊刻廣流通, 令諸有情普見聞, 自覺展轉覺於彼, 俱登正覺金剛座, 同證涅槃圓滿果, 110-1-45b 願諸天神護法眾, 保此經典如眼目, 盡未來際作佛事, 莫令魔外有侵損, 諸佛護念菩提心, 大悲不逆我所禱, 令我願王速成就, 不捨弘慈哀攝受, 我受如來罔極恩, 頂戴多劫竟匪報, 用此功德略上酬, 億劫微塵之少分。 時 大明天啟三年佛成道‭ 日。 欽陞通議大夫世守滇‭ 西雲南布政使司右‭參 政奉‭ ‬ 佛臣木增薰沐頓首拜‭ 書。