17-1-1a ༼ང༽ ༄༅། ༈ །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞུགས་སོ། ། (黃) 大般若經第四部 17-1-1b ༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཅིག་པ། རབ་འབྱོར་ འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་དབྱིངས་ལ། འདུས་བྱས་ཀྱི་ཁམས་ཀྱི་གནས་མྱེད་དོ། ། འདུས་བྱས་ཀྱི་ཁམས་ལ། འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མྱེད་པ་ལ་གནས་མྱེད་ དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མྱེད་པ་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ 17-1-2a སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་ མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མངོན་པར་འདུ་བྱ་བ་མེད་པ་ལ་ གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འབྱུང་བ་མེད་པ་ལ་གནས་མེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །གསོལ་པ། བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གནས་མ་མཆིས། གང་གི་འགག་པ་མ་མཆིས་ པ་ལ་གནས་མ་མཆིས། གང་གི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་ལ་གནས་མ་མཆིས། གང་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་གནས་མ་མཆིས། གང་གི་འབྱུང་བ་མ་མཆིས་པ་ལ་གནས་མ་ མཆིས། གང་གི་མི་དམིགས་པ་ལ་གནས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །གཟུགས་ ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །གཟུགས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །གཟུགས་མི་དམིགས་པ་ལ་གནས་མེད་དོ། ། 17-1-2b རབ་འབྱོར་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ ལ་གནས་མེད་དོ། །ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །རབ་འབྱོར་འདུ་ཤེས་སྐྱེ་བ་མེད་པ་ལ་གནས་མེད་དོ། །འདུ་ཤེས་འགག་པ་མེད་པ་ལ་གནས་མེད་དོ། །འདུ་ཤེས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་པ་ལ་གནས་མེད་དོ། །འདུ་ཤེས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འདུ་ཤེས་འབྱུང་བ་མེད་པ་ལ་གནས་མེད་དོ། །འདུ་ཤེས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འདུ་བྱེད་སྐྱེ་བ་མེད་ པ་ལ་གནས་མེད་དོ། །འདུ་བྱེད་འགག་པ་མེད་པ་ལ་གནས་མེད་དོ། །འདུ་བྱེད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །འདུ་བྱེད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། ། འདུ་བྱེད་འབྱུང་བ་མེད་པ་ལ་གནས་མེད་དོ། །འདུ་བྱེད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་ མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་མིག་སྐྱེ་བ་མེད་པ་ལ་གནས་མེད་དོ། །མིག་འགག་པ་མེད་པ་ལ་གནས་མེད་དོ། །མིག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མིག་ མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མིག་འབྱུང་བ་མེད་པ་ལ་གནས་མེད་དོ། །མིག་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣ་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣ་བ་འགག་པ་མེད་པ་ལ་གནས་མེད་དོ། ། 17-1-3a རྣ་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣ་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣ་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣ་བ་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་སྣ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྣ་འགག་པ་མེད་པ་ལ་གནས་མེད་དོ། །སྣ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྣ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྣ་འབྱུང་བ་མེད་ པ་ལ་གནས་མེད་དོ། །སྣ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ལྕེ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ལྕེ་འགག་པ་མེད་པ་ལ་གནས་མེད་དོ། །ལྕེ་ཀུན་ནས་ཉོན་མོངས་པ་མེད་དང་། རྣམ་པར་བྱང་བ་མེད་པ་ལ་གནས་ མེད་དོ། །ལྕེ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལྕེ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལྕེ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ལུས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ལུས་འགག་པ་མེད་པ་ལ་གནས་ མེད་དོ། །ལུས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལུས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལུས་འབྱུང་བ་མེད་པ་ལ་གནས་མེད་དོ། །ལུས་མི་དམྱིགས་པ་ལ་གནས་ མེད་དོ། །རབ་འབྱོར་ཡིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཡིད་འགག་པ་མེད་པ་ལ་གནས་མེད་དོ། །ཡིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་གནས་མེད་དོ། །ཡིད་མངོན་པར་འདུ་བྱ་བ་མེད་པ་ལ་ གནས་མེད་དོ། །ཡིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡིད་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །གཟུགས་ཀུན་ ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །གཟུགས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །གཟུགས་མི་དམྱིགས་པ་ལ་གནས་ 17-1-3b མེད་དོ། །རབ་འབྱོར་སྒྲ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྒྲ་འགག་པ་མེད་པ་ལ་གནས་མེད་དོ། །སྒྲ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྒྲ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་ དོ། །སྒྲ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྒྲ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་དྲི་སྐྱེ་བ་མེད་པ་ལ་གནས་མེད་དོ། །དྲི་འགག་པ་མེད་པ་ལ་གནས་མེད་དོ། །དྲི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་པ་ལ་གནས་མེད་དོ། །དྲི་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དྲི་འབྱུང་བ་མེད་པ་ལ་གནས་མེད་དོ། །དྲི་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རོ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རོ་ འགག་པ་མེད་པ་ལ་གནས་མེད་དོ། །རོ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རོ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རོ་འབྱུང་བ་མེད་པ་ལ་གནས་མེད་དོ། །རོ་ མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་རེག་སྐྱེ་བ་མེད་པ་ལ་གནས་མེད་དོ། །རེག་འགག་པ་མེད་པ་ལ་གནས་མེད་དོ། །རེག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རེག་ མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རེག་འབྱུང་བ་མེད་པ་ལ་གནས་མེད་དོ། །རེག་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ཆོས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཆོས་འགག་པ་མེད་པ་ལ་གནས་མེད་དོ། ། ཆོས་ཀུན་ནས་ཉོན་མོངས་པ་མེད་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཆོས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཆོས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཆོས་མི་དམྱིགས་པ་ལ་གནས་མེད་ དོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །མྱིག་གི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །མིག་གི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་ 17-1-4a གནས་མེད་དོ། །མྱིག་གི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མྱིག་གི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །མྱིག་གི་རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། ། རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་ དོ། །རྣ་བའི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་སྣའི་རྣམ་ པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་ པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་སྐྱེ་བ་མེད་ པ་ལ་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་མངོན་པར་ འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་མི་དམྱིགས་པ་མེད་པ་ལ་གནས་མེད་དོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། ལུས་ཀྱི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་ 17-1-4b གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ འགག་པ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་རྣམ་པར་ ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་ མེད་དོ། །མིག་གི་འདུས་ཏེ་རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པ་འབྱུང་བ་མེད་ པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །རྣ་བའི་ འདུས་ཏེ་རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། ། རྣ་བའི་འདུས་ཏེ་རེག་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་ཀུན་ནས་ཉོན་ མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་མི་དམྱིགས་ 17-1-5a པ་ལ་གནས་མེད་དོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་ བྱང་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ ལུས་ཀྱི་འདུས་ཏེ་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། ལུས་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེ་བ་ མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ 17-1-5b གྱིས་ཚོར་བ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་ གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་ པ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་ དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་ གནས་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ནས་ 17-1-6a ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་ མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པ་མེད་པ་ ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་ དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་སའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སའི་ ཁམས་འགག་པ་མེད་པ་ལ་གནས་མེད་དོ། །སའི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སའི་ཁམས་འབྱུང་ བ་མེད་པ་ལ་གནས་མེད་དོ། །སའི་ཁམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཆུའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཆུའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །ཆུའི་ཁམས་ཀུན་ནས་ ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཆུའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཆུའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཆུའི་ཁམས་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་མེའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མེའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །མེའི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། 17-1-6b མེའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མེའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མེའི་ཁམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རླུང་གི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རླུང་གི་ཁམས་ འགག་པ་མེད་པ་ལ་གནས་མེད་དོ། །རླུང་གི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རླུང་གི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རླུང་གི་ཁམས་འབྱུང་བ་མེད་ པ་ལ་གནས་མེད་དོ། །རླུང་གི་ཁམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ནམ་མཁའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ནམ་མཁའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །ནམཁའི་ཁམས་ཀུན་ ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ནམ་མཁའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ནམ་མཁའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ནམ་མཁའི་ཁམས་ མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པ་ མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་མ་རིག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །མ་རིག་པ་འགག་པ་མེད་པ་ལ་གནས་མེད་དོ། །མ་རིག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་ དོ། །མ་རིག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མ་རིག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །མ་རིག་པ་མི་དམིགས་མེད་པ་ལ་གནས་མེད་དོ། །རབ་འབྱོར་འདུ་བྱེད་སྐྱེ་བ་མེད་པ་ལ་གནས་མེད་དོ། །འདུ་བྱེད་འགག་ 17-1-7a པ་མེད་པ་ལ་གནས་མེད་དོ། །འདུ་བྱེད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །འདུ་བྱེད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འདུ་བྱེད་འབྱུང་བ་མེད་པ་ལ་གནས་མེད་དོ། ། འདུ་བྱེད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་ བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ མིང་དང་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་ མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྐྱེ་མཆེད་དྲུག་སྐྱེ་བ་མེད་པ་ལ་གནས་མེད་དོ། ། སྐྱེ་མཆེད་དྲུག་འགག་པ་མེད་པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། ། སྐྱེ་མཆེད་དྲུག་འབྱུང་བ་མེད་པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །རེག་པ་ཀུན་ནས་ཉོན་མོངས་ པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རེག་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཚོར་བ་ 17-1-7b སྐྱེ་བ་མེད་པ་ལ་གནས་མེད་དོ། །ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཚོར་བ་ འབྱུང་བ་མེད་པ་ལ་གནས་མེད་དོ། །ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྲེད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྲེད་པ་འགག་པ་མེད་པ་ལ་གནས་མེད་དོ། །སྲེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་ བྱང་བ་མེད་པ་ལ་གནས་མེད་དོ། །སྲེད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྲེད་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྲེད་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ལེན་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། ལེན་པ་འགག་པ་མེད་པ་ལ་གནས་མེད་དོ། །ལེན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ལེན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ལེན་པ་འབྱུང་བ་མེད་པ་ལ་ གནས་མེད་དོ། །ལེན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྲིད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྲིད་པ་འགག་པ་མེད་པ་ལ་གནས་མེད་དོ། །སྲིད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་ མེད་པ་ལ་གནས་མེད་དོ། །སྲིད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྲིད་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྲིད་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྐྱེ་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། སྐྱེ་བ་འགག་པ་མེད་པ་ལ་གནས་མེད་དོ། །སྐྱེ་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྐྱེ་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྐྱེ་བ་འབྱུང་བ་མེད་པ་ལ་གནས་མེད་དོ། ། སྐྱེ་བ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྒ་ཤི་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྒ་ཤི་འགག་པ་མེད་པ་ལ་གནས་མེད་དོ། །རྒ་ཤི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྒ་ཤི་ 17-1-8a མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྒ་ཤི་འབྱུང་བ་མེད་པ་ལ་གནས་མེད་དོ། །རྒ་ཤི་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་འགག་པ་མེད་པ་ལ་གནས་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། །རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྦྱིན་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་གནས་མེད་དོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་ པ་མེད་པ་ལ་གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ལ་གནས་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་ མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ལ་གནས་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ 17-1-8b འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ལ་ གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ལ་གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ལ་གནས་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ནང་ སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ནང་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ནང་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ནང་སྟོང་པ་ཉིད་མངོན་པར་ འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ནང་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ནང་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཕྱི་སྟོང་པ་ཉིད་ འགག་པ་མེད་པ་ལ་གནས་མེད་དོ། །ཕྱི་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཕྱི་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཕྱི་སྟོང་པ་ཉིད་འབྱུང་བ་མེད་ 17-1-9a པ་ལ་གནས་མེད་དོ། །ཕྱི་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཕྱི་ནང་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ཕྱི་ནང་སྟོང་པ་ཉིད་ཀུན་ནས་ཉོན་མོངས་ པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཕྱི་ནང་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཕྱི་ནང་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ཕྱི་ནང་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྟོང་པ་ ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་ མེད་དོ། །ཆེན་པོ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ཆེན་པོ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཆེན་པོ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་ མེད་དོ། །ཆེན་པོ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ཆེན་པོ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །དོན་དམ་པ་སྟོང་པ་ཉིད་འགག་པ་མེད་པ་ལ་ གནས་མེད་དོ། །དོན་དམ་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །དོན་དམ་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དོན་དམ་པ་སྟོང་པ་ཉིད་འབྱུང་བ་མེད་པ་ ལ་གནས་མེད་དོ། །དོན་དམ་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །འདུས་བྱས་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །འདུས་བྱས་སྟོང་ 17-1-9b པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །འདུས་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འདུས་བྱས་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །འདུས་བྱས་སྟོང་པ་ཉིད་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་པ་ལ་གནས་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ པ་ལ་གནས་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ཐོག་མ་དང་ཐ་མ་མེད་པ་ སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དོར་བ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་ 17-1-10a དང་རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་ མེད་པ་ལ་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཆོས་ ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་རང་གི་ མཚན་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་ མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མི་དམྱིགས་པ་ལ་གནས་མེད་དོ། ། རབ་འབྱོར་མི་དམྱིགས་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །མི་དམྱིགས་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །མི་དམྱིགས་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ 17-1-10b ལ་གནས་མེད་དོ། །མི་དམིགས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མི་དམིགས་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །མི་དམིགས་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་ དོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་ མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པ་ ལ་གནས་མེད་དོ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་ 17-1-11a དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་ཀུན་ནས་ཉོན་མོངས་པ་མེད་ པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་དབང་པོ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་ མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྟོབས་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྟོབས་ རྣམས་འགག་པ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་ 17-1-11b འབྱུང་བ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་འགག་པ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལགས་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འབྱུང་བ་མེད་པ་ ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ལག་བརྒྱད་པ་འགག་པ་ མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ལག་བརྒྱད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་འདུ་བྱ་བ་མེད་པ་ལ་ གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་སྐྱེ་བ་མེད་པ་ ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་འགག་པ་ལ་མེད་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ བདེན་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འཕགས་བདེན་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བསམ་ གཏན་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་ 17-1-12a རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཚད་མེད་པ་རྣམས་སྐྱེ་ བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་མངོན་པར་ འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་ མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་ པར་འཇུག་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་ཀུན་ནས་ཉོན་མོངས་པ་ མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་མི་དམྱིགས་པ་ལ་ གནས་མེད་དོ། །རབ་འབྱོར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །མཐར་ 17-1-12b གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་པར་འདུ་བྱ་བ་ མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་ དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་མི་ དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ 17-1-13a པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་མི་དམིགས་པ་ལ་གནས་མེད་དོ། ། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། གཟུངས་ཀྱི་སྒོ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་ རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་ དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་མི་འཇིགས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་ དོ། །མི་འཇིགས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་ རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་ 17-1-13b གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་བྱམས་པ་ཆེན་པོ་སྐྱེ་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་འགག་པ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། ། བྱམས་པ་ཆེན་པོ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་འབྱུང་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྙིང་རྗེ་ཆེན་པོ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། སྙིང་རྗེ་ཆེན་པོ་འགག་པ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་འབྱུང་ བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་པ་མེད་པ་ལ་གནས་ མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མེད་དོ། །ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །འདུ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། འདུ་བྱེད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པ་ 17-1-14a ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། མིག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མེད་དོ། །ལུས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྒྲ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་ དོ། །དྲི་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རེག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཆོས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་ མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་རྣམ་ པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། ལྕེའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ 17-1-14b གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་གི་འདུས་ཏེ་རེག་པ་ ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་ ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ ལ་མཚན་མའི་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་ སྟེ་དཔེར་ན། སའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཆུའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །མྱེའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རླུང་གི་ཁམས་ 17-1-15a ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ནམ་མཁའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མ་རིག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །འདུ་བྱེད་ ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །མྱིང་དང་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྐྱེ་མཆེད་དྲུག་ཤིན་ཏུ་རྣམ་པར་ དག་པ་ལ་མཚན་མའི་གནས་མེད་དོ། །རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྲེད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། ལེན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྲིད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྐྱེ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྒ་ཤི་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། 17-1-15b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཕྱི་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྟོང་པ་ཉིད་ སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཐོག་མ་དང་ ཐ་མ་མེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རང་བཞིན་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཆོས་ ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་ 17-1-16a ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཡང་དག་པར་སྤོང་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དབང་པོ་ཤིན་ཏུ་རྣམ་པར་ དག་པ་ལ་མཚན་མའི་གནས་མྱེད་དོ། །སྟོབས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་བདེན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་ དོ། །བསམ་གཏན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཚད་མྱེད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་ པར་ཐར་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤིན་ཏུ་ རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མངོན་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །གཟུངས་ཀྱི་སྒོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མྱེད་དོ། །མྱི་འཇིགས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྙིང་རྗེ་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། ། 17-1-16b སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། བདག་མེད་པའི་ཕྱིར། བདག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་མྱེད་པའི་ཕྱིར། སེམས་ཅན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྲོག་མེད་པའི་ཕྱིར། སྲོག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གསོ་བ་མེད་པའི་ཕྱིར། གསོ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མེད་པའི་ཕྱིར། སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་ཟག་མྱེད་པའི་ཕྱིར། གང་ཟག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་ཅན་མེད་པའི་ཕྱིར། ཤེད་ཅན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། 17-1-17a རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་བདག་མེད་པའི་ཕྱིར། ཤེད་བདག་ཤིན་ཏུ་རྣམ་ པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱེད་པ་པོ་མྱེད་ པའི་ཕྱིར། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ ལྟ་སྟེ་དཔེར་ན། །ཚོར་བ་པོ་མྱེད་པའི་ཕྱིར། ཚོར་བ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེས་པ་པོ་མྱེད་པའི་ཕྱིར། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐོང་བ་པོ་མྱེད་པའི་ཕྱིར། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་ཚེ། མུན་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསྐལ་བའི་མྱེ་འབར་བའི་ཚེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མྱེད་དོ། །རབ་འབྱོར་དེ་ 17-1-17b བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་འཁྲུག་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ལ། ཤེས་རབ་འཆལ་ བའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་རྣམ་པར་མ་གྲོལ་བའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་ རྣམ་པར་མ་གྲོལ་བའི་ཡེ་ཤེས་གཟིགས་པའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ 17-1-18a ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟའ་དང་། སྐར་མ་དང་། ནོར་བུ་རིན་པོ་ཆེ་དང་། གློག་གི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འོད་ལ་གནས་ མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚེ་མའི་ལྷ་རྣམས་ ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་ འབྱོར་འདི་ལྟ་སྟེ་དཔེར་ན། འཕྲུལ་དགའི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་ 17-1-18b གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱི་འོད་ལ་ གནས་མྱེད་དོ། །རབ་འབྱོར་དེ་བཞིན་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་ཆེན་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣང་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུང་སྣང་གི་ལྷ་རྣམ་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། 17-1-19a རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་སྣང་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་སྣང་དང་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུང་དགེའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་དགེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་འོད་ལ་ གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ 17-1-19b ལྟ་སྟེ། དཔེར་ན། ཆུང་ཆེའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་ དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཚད་མྱེད་ཆེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཚིག་ གི་དོན་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ མྱེད་པ། བསྟན་དུ་མྱེད་པ། ཐོགས་པ་མྱེད་པ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་མྱེད་པ་ཡང་དག་པ་ཉིད་ལ་ 17-1-20a བསླབ་པར་བྱའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ནི་མ་མཆིས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནི་ཇི་ལྟར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མྱི་དགེ་བ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། །ཟག་པ་མྱེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཀྱང་། ཆོས་དེ་དག་ཐམས་ཅད་ཀྱི་མྱེད་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་པར་བྱ་བ་ཡང་ཆོས་ཐམས་ཅད་པོ་དེ་དག་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི། ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དུ་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱི་ནང་ན་རྒན་པ་ལ་རིམ་གྲོ་བྱེད་པ་དང་། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་ལས་ ཀྱི་དངོས་པོ་ཉམས་སུ་བླང་བ་དང་ལྡན་པའི་དངོས་པོ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། འཇིག་རྟེན་པའི་འདུ་ཤེས་དགུ་སྟེ། འདི་ལྟར་རྣམ་པར་བམ་པའི་འདུ་ཤེས་དང་། འབུ་ཅན་གྱི་འདུ་ཤེས་དང་། རྣམ་པར་རྣགས་ 17-1-20b པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་དང་། འཇིག་རྟེན་པའི་བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་རྗེས་སུ་དྲན་པ་བཅུ་སྟེ་འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་ སུ་དྲན་པ་དང་དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང་། སྐྱེ་བ་ རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དག་སྟེ། དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མྱི་དགེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། མྱི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟར་རབ་འབྱོར་སྲོག་གཅོད་པ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་མ་བྱིན་པར་ལེན་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། རབ་འབྱོར་ འདོད་པས་ལོག་པར་གཡེམ་པ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་བརྫུན་དུ་སྨྲ་བ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ཕྲ་མ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ ཞེ་གཅོད་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ཚིག་ཀྱལ་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ཆགས་སེམས་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་གནོད་སེམས་ ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ལོག་པར་ལྟ་བ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །ཁྲོ་བ་དང་། མདུད་པར་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། འཚེ་བ་དང་། ཕྲག་དོག་དང་། 17-1-21a སེར་སྣ་དང་། ང་རྒྱལ་དང་། ལོག་པའི་ང་རྒྱལ་ཏེ། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ངག་གི་ལས་ནི་ལུང་དུ་མ་བསྟན་པའོ། ཡིད་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །འབྱུང་བ་ཆེན་པོ་བཞི་ནི་ལུང་དུ་མ་བསྟན་པའོ། །དབང་པོ་ལྔ་ནི་ལུང་དུ་མ་བསྟན་པའོ། ། སྐྱེ་མཆེད་དྲུག་ནི་ལུང་དུ་མ་བསྟན་པའོ། །གཟུགས་མྱེད་པ་བཞིར་སྐྱེས་པ་ནི་ལུང་དུ་མ་བསྟན་པའོ། །ཕུང་པོ་རྣམས་ནི་ལུང་དུ་མ་བསྟན་པའོ། །ཁམས་རྣམས་ནི་ལུང་དུ་མ་བསྟན་པའོ། །སྐྱེ་མཆེད་རྣམས་ནི་ལུང་དུ་མ་བསྟན་ པའོ། །རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་སྟེ། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་དགེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཤེས་བྱ་བ་ནི། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭོ་བརྒྱད་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་ དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་དེ་མ་ཡིན་པ། འཇིག་རྟེན་པའི་ཆོས་གང་ཇི་སྙེད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཤེས་ བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་ལས་འདས་པའི་ཆོས་ཤེས་བྱ་བ་ནི། དྲན་པ་ཉེ་བར་གཞག་ པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ 17-1-21b ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མྱི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པར་རྟོགས་པའི་དབང་པོ་དང་། རྟོག་པ་དང་བཅས། དཔྱོད་ པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། དྲན་པ་དང་ཤེས་བཞིན་དང་། ཚུལ་བཞིན་ཡིད་ ལ་བྱ་བ་དང་། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་དང་ལྡན་པས་གཟུགས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་མཐོང་བ་ འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པར་གྱུར་པ་འདི་ནི། རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་ གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་ 17-1-22a འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བརྒྱད་པའོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། དེ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་ སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་འགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་ སྡུག་བསྔལ་བ་ཡང་མྱེད། བཏང་སྙོམས་དང་དྲན་པས། ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་ 17-1-22b མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས། ཅུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་དེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་ མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དེ་བཞིན་ གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་དང་བཅས་པའི་ཆོས་ཤེས་བྱ་བ་ནི། འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭོ་ 17-1-23a བརྒྱད་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཤེས་བྱའོ། །གསོལ་ པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་མྱེད་པའི་ཆོས་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་ སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་ཟག་པ་མྱེད་པའི་ ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཤེས་བྱ་བ་ནི། འདོད་པའི་ཁམས་དང་། གཟུགས་ ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་དང་། གཞན་ཡང་དེ་མ་ཡིན་པ། འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། 17-1-23b ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། །མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པ་དང་། མངོན་པར་ཤེས་པ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཤེས་བྱའོ། ། གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཤེས་བྱ་བ་ནི། གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དང་། གནས་ པ་ལས་གཞན་དུ་འགྱུར་བ་མྱེད་པ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས། ཆོས་ སྐྱོན་མྱེད་པ་ཉིད། བསམ་གྱིས་མྱི་ཁྱབས་པའི་དབྱིངས། ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐུན་མོང་གི་ཆོས་ཤེས་བྱ་བ་ནི། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་གི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་ཤེས་བྱ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ 17-1-24a ཐུན་མོང་མ་ཡིན་པའི་ཆོས་ཤེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཤེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མྱེད་པས་ཆགས་པར་མྱི་བྱའོ། །ཆོས་ཐམས་ཅད་གཉིས་སུ་མྱེད་པའི་ཚུལ་གྱིས་རྟོག་པ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་པའི་ ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཅིའི་སླད་ དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་དེ་ལྟ་བུའི་ཕུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱིད་པར་འགྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་ 17-1-24b པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས། ཕྱིར་མྱི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ བར་དག་སྟེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་དུ་བྱེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་སྐྱེད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མྱེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གོ་ཆ་བགོ་བར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ ཡོངས་སུ་གཏང་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །དེ་ལྟར་ སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པ་མྱེད་པས། ཆོས་ཐམས་ཅད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་བདག་གིས་ཤེས་པར་བྱའོ། ། བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། ། 17-1-25a བདག་གིས་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ། །བདག་གིས་ཆོས་དཔག་ཏུ་མེད་པ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། རབ་འབྱོར་དེ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམྱིགས་པའི་ཚུལ་གྱིས་ བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་པའི། སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་སེམས་ཅན་དེ་དག་གི་དོན་དུ་བདག་གིས་ཉམས་སུ་མྱོང་བར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། གོང་དུ་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར། སེམས་ཅན་གང་ཡང་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ སུ། ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཀྱང་། བདག་གིས་ཉམས་སུ་མྱོང་བར་བྱའོ། །ཞེས་ཐབས་དེ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སེམས་ ཅན་ཐམས་ཅད་ཕུང་པོ་མ་ལུས་པའི། མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱང་ ཉམས་སུ་མྱོང་བར་བྱའོ། །དེ་ནས་གཟོད་བདག་གིས་དོན་ཏུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས། བྱང་ཆུབ་ཀྱི་ཚོགས་མང་པོ་སྩོགས་ཏེ། བླ་ན་མེད་པ་ཡང་དག་ 17-1-25b པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་ལ་གནས་ཤིང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྟག་ཏུ་རྒྱུན་མི་འཆད་ པར་བརླབས་པོ་ཆེའི་སེམས་གང་གིས། སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར་བ། དེ་ལྟ་བུའི་སེམས་བརླབས་པོ་ཆེ་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བརླབས་པོ་ཆེ་ ནི། སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་ཆགས་ཀྱི་སེམས་མི་སྐྱེད། ཞེ་སྡང་གི་སེམས་མི་སྐྱེད། གཏི་མུག་གི་སེམས་མི་སྐྱེད། གཙེ་བའི་སེམས་མི་སྐྱེད། ཉན་ཐོས་ཀྱི་སེམས་མི་བསྐྱེད། རང་སངས་རྒྱས་ཀྱི་སེམས་ མྱི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བརླབས་པོ་ཆེའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་བྱེད་ཀྱང་། སེམས་བརླབས་པོ་ཆེ་དེས་རློམས་སེམས་སུ་མི་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མི་སྒུལ་བའི་སེམས་དང་ལྡན་པར་བྱས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་སྒུལ་བ་ནི། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པར་ཡིད་ལ་བྱེད་ཅིང་། དེས་རློམས་སེམས་སུ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་མྱི་དམྱིགས་ པའི་ཚུལ་གྱིས་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་སེམས་བསྐྱེད་པར་བྱའོ། ། 17-1-26a དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་། བདེ་བའི་སེམས་ནི་སེམས་ཅན་ཐམས་ཅད་སྐྱོབ་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ། དེས་རློམས་སེམས་སུ་ འགྱུར་བ་མྱེད་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་། བདེ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མྱི་དམྱིགས་པའི་ཚུལ་གྱིས་བྱེད་དོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་པོས། རྟག་ཏུ་རྒྱུན་མྱི་ཆད་པར་ཆོས་འདོད་པར་བྱའོ། །ཆོས་ལ་དགའ་བར་བྱའོ། །ཆོས་ལ་མོས་པར་བྱའོ། །ཆོས་ལ་མོས་པའི་རྣལ་འབྱོར་ ལ་བརྩོན་པར་བྱའོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མེད་པ་སྟེ། འདི་ནི་ཆོས་ཤེས་བྱའོ། །དེ་ལ་ཆོས་འདོད་པ་གང་ཞེ་ན། གང་ཆོས་དེ་ལ་འདོད་ཅིང་མོས་པ་སྟེ། འདི་ནི་ཆོས་འདོད་པ་ཞེས་བྱའོ། །དེ་ལ་ ཆོས་ལ་དགའ་བ་གང་ཞེ་ན། གང་ཆོས་དེ་ལ་དགའ་ཞིང་མངོན་པར་དགའ་བ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པ་གང་ཞེ་ན། གང་ཆོས་དེ་ལ་ཡོན་ཏན་དུ་བལྟ་བ་སྟེ། འདི་ནི་ཆོས་ལ་ མོས་པ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། ཆོས་དེ་ཉིད་ལ་བསྒོམ་ཞིང་མང་དུ་བྱེད་པ་སྟེ། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །རབ་འབྱོར་དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམྱིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། 17-1-26b ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་ སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་ མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་འགྱུར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་ གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་རྣམས་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་། སྨོན་པ་མེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས། མི་འཇིགས་པ་རྣམས་ལ་གནས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས། བྱམས་པ་ཆེན་པོ་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམྱིགས་ 17-1-27a པའི་ཚུལ་གྱིས་འགྱུར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས། རིན་ཆེན་ ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། སེང་གེ་རྣམ་པར་བརྩེ་བའི་ཏིང་ངེ་འཛིན་ལ་གནས། ཟླ་བ་བཟང་པོའི་ཏིང་ངེ་འཛིན་ལ་གནས། ཟླ་བའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལས་ཤིན་ ཏུ་འཕགས་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཀྱི་དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་ལ་གནས། ངེས་པའི་ རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ཏིང་ངེ་འཛིན་རྒྱལ་པོ་ལྟར་རབ་ཏུ་གནས་པའི་ཏིང་ངེ་འཛིན་ལ་གནས། འོད་ གཟེར་རབ་ཏུ་འགྱེད་པའི་ཏིང་ངེ་འཛིན་ལ་གནས། དཔུང་རྣམ་པར་དགོད་པའི་ཏིང་ངེ་འཛིན་ལ་གནས། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་ལ་གནས། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པའི་ཏིང་ངེ་འཛིན་ལ་གནས། ཚིག་བླ་དགས་ ལ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་ལ་གནས། ཕྱོགས་སུ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་གནས། ཕྱག་རྒྱ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་ལ་གནས། ཉམ་པ་མེད་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཡང་དག་ པར་འདུ་བ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ལ་གནས། རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་གནས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ལ་ གནས། དབང་པོ་དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྒྱུན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ལ་གནས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་གནས། སྨྲེལ་གཞིའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་ 17-1-27b སྤོང་བའི་ཏིང་ངེ་འཛིན་ལ་གནས། རྣམ་པར་སྣང་བའི་ཏིང་ངེ་འཛིན་ལ་གནས། ཚོལ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། གནས་ལ་རྟེན་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སེམས་མྱེད་པའི་ཏིང་ངེ་འཛིན་ལ་གནས། དྲི་མ་མྱེད་པའི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། འོད་མཐའ་ཡས་པའི་ཏིང་ངེ་འཛིན་ལ་གནས། འོད་བྱེད་པའི་ཏིང་ངེ་འཛིན་ལ་གནས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གནས། དག་པ་དམ་པའི་ཏིང་ངེ་འཛིན་ལ་གནས། འོད་དྲི་མ་མྱེད་པའི་ཏིང་ངེ་འཛིན་ལ་གནས། དགའ་བ་བྱེད་པའི་ཏིང་ངེ་འཛིན་ལ་གནས། གློག་གི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། ཟད་མྱི་ཤེས་པའི་ཏིང་ངེ་འཛིན་ལ་གནས། མྱི་འཕམ་པའི་ཏིང་ངེ་འཛིན་ལ་གནས། གཟི་བརྗིད་ཡོད་པའི་ཏིང་ངེ་འཛིན་ལ་གནས། ཟད་པ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས། མྱི་གཡོ་བའི་ཏིང་ངེ་འཛིན་ལ་གནས། འཇིག་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། ཟླ་བ་དྲི་མ་མྱེད་པའི་ཏིང་ངེ་འཛིན་ལ་གནས། ཤེས་རབ་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། སྣང་བ་གསལ་བའི་ཏིང་ངེ་འཛིན་ལ་གནས། སྣང་བ་བྱེད་པའི་ཏིང་ངེ་འཛིན་ལ་གནས། བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་གནས། ཡེ་ཤེས་ དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས། སེམས་གནས་པའི་ཏིང་ངེ་འཛིན་ལ་གནས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གནས། རབ་ཏུ་གནས་པའི་ཏིང་ངེ་འཛིན་ལ་གནས། རིན་ཆེན་ མཐའི་ཏིང་ངེ་འཛིན་ལ་གནས། ཆོས་དམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས། དགའ་བ་སྤོང་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཀྱི་འཕགས་པའི་ཏིང་ངེ་ འཛིན་ལ་གནས། རྣམ་པར་འཐོར་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་ལ་གནས། ཡི་གེ་མཉམ་པར་འགོད་པའི་ཏིང་ངེ་འཛིན་ལ་གནས། ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་ 17-1-28a ལ་གནས། དམྱིགས་པ་གཅོད་པའི་ཏིང་ངེ་འཛིན་ལ་གནས། འགྱུར་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། མྱིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་ལ་གནས། གནས་མྱེད་པར་སྤྱོད་པའི་ཏིང་ངེ་འཛིན་ལ་གནས། རབ་རིབ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས། གཡོ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། ཡུལ་ལས་རྒལ་བའི་ཏིང་ངེ་ འཛིན་ལ་གནས། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་ཏིང་ངེ་འཛིན་ལ་གནས། སེམས་མྱེད་པར་གནས་པའི་ཏིང་ངེ་འཛིན་ལ་གནས། དགེ་བའི་མེ་ཏོག་རྒྱས་ཤིང་བསྩལ་བའི་ཏིང་ངེ་འཛིན་ལ་གནས། བྱང་ཆུབ་ཀྱི་ཡན་ལག་གཡོ་བའི་ཏིང་ངེ་འཛིན་ལ་གནས། སྤོབས་པ་མཐའ་ཡས་པའི་ཏིང་ངེ་འཛིན་ལ་གནས། མྱི་མཉམ་པ་དང་མཉམ་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལས་འདའ་བའི་ཏིང་ངེ་འཛིན་ལ་གནས། ཡོངས་སུ་གཅོད་པ་བྱེད་པའི་ཏིང་ངེ་འཛིན་ལ་གནས། ནེམ་ནུར་རྣམ་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། གནས་སུ་བྱ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། གཅིག་ཏུ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་འདོར་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ ལ་གནས། བརྡའ་དང་སྒྲ་ལ་འཇུག་པའི་ཏིང་ངེ་འཛིན་ལ་གནས། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས། སྒྲོན་མ་འབར་བའི་ཏིང་ངེ་འཛིན་ལ་གནས། མཚན་ཉིད་ཡོངས་སུ་སྦྱོང་བའི་ཏིང་ངེ་ འཛིན་ལ་གནས། མངོན་པར་དམྱིགས་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མྱེད་པའི་ཏིང་ངེ་ 17-1-28b འཛིན་ལ་གནས། ཟད་མྱི་ཤེས་པའི་ཟ་མ་ཏོག་གི་ཏིང་ངེ་འཛིན་ལ་གནས། གཟུངས་ཀྱི་བློ་གྲོས་ཀྱི་ཏིང་ངེ་འཛིན་ལ་གནས། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། འགལ་ བ་དང་འགོག་པ་ཐམས་ཅད་ཡང་དག་པར་རབ་ཏུ་ཞི་བར་བྱེད་པའི་ཏིང་ངེ་འཛིན་ལ་གནས། འཐུན་པ་དང་འགལ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། འོད་དྲི་མ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སྙིང་པོ་དང་ལྡན་པའི་ ཏིང་ངེ་འཛིན་ལ་གནས། ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཀྱི་ཏིང་ངེ་འཛིན་ལ་གནས། གློག་གི་འོད་ཀྱི་ཏིང་ངེ་འཛིན་ལ་གནས། རྒྱན་ཆེན་པོའི་ཏིང་ངེ་འཛིན་ལ་གནས། རྣམ་པ་ཐམས་ཅད་དུ་འོད་བྱེད་པའི་ཏིང་ངེ་འཛིན་ ལ་གནས། ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས། རྡུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་ པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ལ་གནས། གནས་དམྱིགས་སུ་མྱེད་པ་ལ་བརྩོན་པའི་ཏིང་ངེ་འཛིན་ལ་གནས། དེ་བཞིན་ཉིད་ལ་གནས་ཤིང་སེམས་མྱེད་ པའི་ཏིང་ངེ་འཛིན་ལ་གནས། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟར་ ཆགས་པ་མྱེད་པས་རྣམ་པར་གྲོལ་ཞིང་གོས་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མྱི་དམྱིགས་པའི་ཚུལ་གྱིས་འགྱུར་བར་བྱའོ། །རབ་འབྱོར་ཆོས་དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ།། །། 17-1-29a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་ སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཞེས་བགྱི་བ་འདི་ལ་བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཞེས་བྱ་བ་དེ་ལ་སྤོབས་པ་སྐྱེད་ཅིག །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཏུ་ལྟ་བ་རབ་ཏུ་སྤང་བའི་སླད་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་དུ་ལྟ་བ་རབ་ཏུ་སྤང་བ་དང་། སྲོག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། གང་ཟག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། གསོ་བར་ལྟ་བ་རབ་ཏུ་སྤང་བ་དང་། སྐྱེས་བུར་ལྟ་བ་རབ་ཏུ་སྤང་བ་དང་། ཤེད་ཅན་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། ཤེད་བདག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། བྱེད་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། བྱེད་དུ་འཇུག་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། སློང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཡོངས་སུ་སློང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཚོར་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཚོར་དུ་ འཇུག་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཤེས་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། མཐོང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཆད་པར་ལྟ་བ་རབ་ཏུ་སྤང་བ་དང་། རྟག་པར་ལྟ་བ་རབ་ཏུ་སྤང་བ་དང་། ཡོད་པར་ལྟ་བ་རབ་ཏུ་ སྤང་བ་དང་། མྱེད་པར་ལྟ་བ་རབ་ཏུ་སྤང་བ་དང་། ཕུང་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཁམས་སུ་ལྟ་བ་རབ་ཏུ་སྤང་བ་དང་། སྐྱེ་མཆེད་དུ་ལྟ་བ་རབ་ཏུ་སྤང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་རབ་ཏུ་སྤང་ བ་དང་། བདེན་པར་ལྟ་བ་རབ་ཏུ་སྤང་བ་དང་། ཕ་རོལ་ཏུ་ཕྱིན་པར་ལྟ་བ་རབ་ཏུ་སྤང་བ་དང་། སྟོང་པ་ཉིད་དུ་ལྟ་བ་རབ་ཏུ་སྤང་བ་དང་། དྲན་པ་ཉེ་བར་གཞག་པར་ལྟ་བ་རབ་ཏུ་སྤང་བ་དང་། ཡང་དག་པར་སྤོང་བར་ལྟ་བ་ 17-1-29b རབ་ཏུ་སྤང་བ་དང་། རྫུ་འཕྲུལ་གྱི་རྐང་པར་ལྟ་བ་རབ་ཏུ་སྤང་བ་དང་། དབང་པོར་ལྟ་བ་རབ་ཏུ་སྤང་བ་དང་། སྟོབས་སུ་ལྟ་བ་རབ་ཏུ་སྤང་བ་དང་། བྱང་ཆུབ་ཀྱི་ཡན་ལག་དུ་ལྟ་བ་རབ་ཏུ་སྤང་བ་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པར་ལྟ་བ་རབ་ཏུ་སྤང་བ་དང་། འཕགས་པའི་བདེན་པར་ལྟ་བ་རབ་ཏུ་སྤང་བ་དང་། བསམ་གཏན་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། ཚད་མེད་པར་ལྟ་བ་རབ་ཏུ་སྤང་བ་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པར་ལྟ་བ་རབ་ཏུ་སྤང་བ་དང་། རྣམ་པར་ཐར་པར་ལྟ་བ་རབ་ཏུ་སྤང་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་ལྟ་བ་རབ་ཏུ་སྤང་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མེད་པར་ལྟ་བ་རབ་ཏུ་སྤང་བ་དང་། མངོན་པར་ཤེས་པར་ལྟ་བ་རབ་ཏུ་སྤང་བ་དང་། ཏིང་ངེ་འཛིན་དུ་ལྟ་བ་རབ་ཏུ་སྤང་བ་དང་། གཟུངས་ཀྱི་སྒོར་ལྟ་བ་རབ་ཏུ་སྤང་བ་དང་། དེ་བཞིན་གཤེགས་པའི་ སྟོབས་སུ་ལྟ་བ་རབ་ཏུ་སྤང་བ་དང་། མྱི་འཇིགས་པར་ལྟ་བ་རབ་ཏུ་སྤང་བ་དང་། སོ་སོ་ཡང་དག་པར་རིག་པར་ལྟ་བ་རབ་ཏུ་སྤང་བ་དང་། བྱམས་པ་ཆེན་པོར་ལྟ་བ་རབ་ཏུ་སྤང་བ་དང་། སྙིང་རྗེ་ཆེན་པོར་ལྟ་བ་རབ་ཏུ་སྤང་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་ལྟ་བ་རབ་ཏུ་སྤང་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་ལྟ་བ་རབ་ཏུ་སྤང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྟ་བ་རབ་ཏུ་སྤང་བ་དང་། བྱང་ཆུབ་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། སངས་རྒྱས་སུ་ལྟ་བ་རབ་ཏུ་སྤང་བ་དང་། ཆོས་སུ་ལྟ་བ་རབ་ཏུ་སྤང་བ་དང་། དགེ་འདུན་དུ་ལྟ་བ་རབ་ཏུ་སྤང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་རབ་ཏུ་སྤང་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བ་རབ་ཏུ་སྤང་བའི་སླད་དུ་། སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ 17-1-30a ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བར་ལྟ་བར་འགྱུར་བ་ཡིན། འདུ་ཤེས་སུ་ ལྟ་བར་འགྱུར་བ་ཡིན། འདུ་བྱེད་དུ་ལྟ་བར་འགྱུར་བ་ཡིན། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། མྱིག་དུ་ལྟ་བར་འགྱུར་བ་ཡིན། རྣ་བར་ལྟ་བར་འགྱུར་བ་ཡིན། སྣར་ལྟ་བར་འགྱུར་བ་ཡིན། ལྕེར་ལྟ་བར་འགྱུར་བ་ཡིན། ལུས་སུ་ལྟ་བར་འགྱུར་བ་ཡིན། ཡིད་དུ་ལྟ་བར་འགྱུར་བ་ཡིན། གཟུགས་སུ་ལྟ་བར་འགྱུར་བ་ཡིན། སྒྲར་ལྟ་བར་འགྱུར་བ་ཡིན། དྲིར་ལྟ་བར་འགྱུར་བ་ཡིན། རོར་ལྟ་བར་འགྱུར་བ་ ཡིན། རེག་ཏུ་ལྟ་བར་འགྱུར་བ་ཡིན། ཆོས་སུ་ལྟ་བར་འགྱུར་བ་ཡིན། མྱིག་གི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། རྣ་བའི་རྣམ་ཤེས་པར་ལྟ་བར་འགྱུར་བ་ཡིན། སྣའི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ལྕེའི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ལུས་ཀྱི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ཡིད་ཀྱི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། མིག་གི་འདུས་ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། རྣ་བའི་འདུས་ ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། སྣའི་འདུས་ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། ལྕེའི་འདུས་ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། ལུས་ཀྱི་འདུས་ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། ཡིད་ཀྱི་འདུས་ཏེ་རེག་པར་ལྟ་བར་ འགྱུར་བ་ཡིན། མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། སའི་ཁམས་ 17-1-30b སུ་ལྟ་བར་འགྱུར་བ་ཡིན། ཆུའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། མྱེའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། རླུང་གི་ཁམས་སུ་ལྟ་བར་འགྱུར་བ་ཡིན། ནམ་མཁའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། རྣམ་པར་ ཤེས་པའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། མ་རིག་པར་ལྟ་བར་འགྱུར་བ་ཡིན། འདུ་བྱེད་དུ་ལྟ་བར་འགྱུར་བ་ཡིན། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། མྱིང་དང་གཟུགས་སུ་ལྟ་བར་འགྱུར་བ་ཡིན། སྐྱེ་མཆེད་ དྲུག་ཏུ་ལྟ་བར་འགྱུར་བ་ཡིན། རེག་པར་ལྟ་བར་འགྱུར་བ་ཡིན། ཚོར་བར་ལྟ་བར་འགྱུར་བ་ཡིན། སྲེད་པར་ལྟ་བར་འགྱུར་བ་ཡིན། ལེན་པར་ལྟ་བར་འགྱུར་བ་ཡིན། སྲིད་པར་ལྟ་བར་འགྱུར་བ་ཡིན། སྐྱེ་བར་ལྟ་བར་འགྱུར་ བ་ཡིན། རྒ་ཤིར་ལྟ་བར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། ནང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ཕྱི་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ ཡིན། ཕྱི་ནང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ཆེན་པོ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། དོན་དམ་པ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། འདུས་བྱས་ སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། འདུས་མ་བྱས་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་ལྟ་ བར་འགྱུར་བ་ཡིན། དོར་བ་མེད་པ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། རང་བཞིན་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། 17-1-31a རང་གི་མཚན་ཉིད་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། མི་དམིགས་པ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་དུ་ལྟ་བར་འགྱུར་ བ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། དྲན་པ་ཉེ་བར་གཞག་པར་ལྟ་བར་འགྱུར་བ་ཡིན། ཡང་དག་པར་སྤོང་བར་ལྟ་བར་འགྱུར་བ་ཡིན། རྫུ་འཕྲུལ་གྱི་རྐང་པར་ལྟ་བར་འགྱུར་བ་ཡིན། དབང་པོར་ལྟ་བར་འགྱུར་བ་ཡིན། སྟོབས་སུ་ལྟ་བར་འགྱུར་བ་ཡིན། བྱང་ཆུབ་ཀྱི་ཡན་ལག་ཏུ་ལྟ་བར་འགྱུར་བ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པར་ལྟ་བར་འགྱུར་བ་ཡིན། འཕགས་པའི་བདེན་པར་ ལྟ་བར་འགྱུར་བ་ཡིན། བསམ་གཏན་དུ་ལྟ་བར་འགྱུར་བ་ཡིན། ཚད་མྱེད་པར་ལྟ་བར་འགྱུར་བ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པར་ལྟ་བར་འགྱུར་བ་ཡིན། རྣམ་པར་ཐར་བར་ལྟ་བར་འགྱུར་བ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པར་ལྟ་བར་འགྱུར་བ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་ལྟ་བར་འགྱུར་བ་ཡིན། མངོན་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ཏིང་ངེ་འཛིན་དུ་ལྟ་བར་འགྱུར་བ་ཡིན། གཟུངས་ཀྱི་སྒོར་ལྟ་བར་འགྱུར་བ་ཡིན། དེ་བཞིན་གཤེགས་པའི་སྟོབས་སུ་ལྟ་བར་འགྱུར་བ་ཡིན། མི་འཇིགས་པར་ལྟ་བར་འགྱུར་བ་ཡིན། སོ་སོ་ཡང་དག་པར་རིག་པར་ལྟ་བར་འགྱུར་ བ་ཡིན། བྱམས་པ་ཆེན་པོར་ལྟ་བར་འགྱུར་བ་ཡིན། སྙིང་རྗེ་ཆེན་པོར་ལྟ་བར་འགྱུར་བ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་ལྟ་བར་འགྱུར་བ་ཡིན། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་ལྟ་བར་འགྱུར་བ་ཡིན། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ལྟ་བར་འགྱུར་བ་ཡིན། བྱང་ཆུབ་ཏུ་ལྟ་བར་འགྱུར་བ་ཡིན། སངས་རྒྱས་སུ་ལྟ་བར་འགྱུར་བ་ཡིན། ཆོས་སུ་ལྟ་བར་འགྱུར་བ་ཡིན། དགེ་འདུན་དུ་ལྟ་བར་འགྱུར་བ་ཡིན། 17-1-31b ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བར་འགྱུར་བ་ཡིན། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མི་མཁས་པས་གཟུགས་སུ་དམྱིགས་ཤིང་། དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚོར་བར་དམྱིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །འདུ་ཤེས་སུ་དམྱིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། འདུ་བྱེད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཤེས་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མྱིག་དུ་དམིགས་ཤིང་ དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྣར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ལྕེར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་ སྐྱེད་དོ། །ལུས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཡིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །གཟུགས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ ལྟ་བ་སྐྱེད་དོ། །སྒྲར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དྲིར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རོར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རེག་དུ་དམིགས་ ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆོས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མིག་གི་རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣ་བའི་རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། སྣའི་རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ལྕེའི་རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ལུས་ཀྱི་རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་ 17-1-32a དོ། །ཡིད་ཀྱི་རྣམ་པར་ཤེས་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མིག་གི་འདུས་ཏེ་རེག་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣ་བའི་འདུས་ཏེ་རེག་པར་ དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། སྣའི་འདུས་ཏེ་རེག་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ལྕེའི་འདུས་ཏེ་རེག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། ལུས་ཀྱི་འདུས་ཏེ་རེག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་ དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་། དམིགས་པའི་ ཚུལ་གྱིས་ལྟ་བ་སྐྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་ དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སའི་ཁམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆུའི་ཁམས་སུ་དམིགས་ཤིང་ དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མེའི་ཁམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རླུང་གི་ཁམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ནམ་མཁའི་ཁམས་སུ་དམིགས་ ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཤེས་པའི་ཁམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མ་རིག་པ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །འདུ་བྱེད་དུ་དམིགས་ཤིང་། 17-1-32b དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མྱིང་དང་གཟུགས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྐྱེ་མཆེད་དྲུག་དུ་དམིགས་ཤིང་དམིགས་པའི་ ཚུལ་གྱིས་ལྟ་བ་སྐྱེད་དོ། །རེག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚོར་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྲེད་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ལེན་པར་དམིགས་ ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྲིད་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྐྱེ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྒ་ཤིར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་དམིགས་ཤིང་དམིགས་པའི་ ཚུལ་གྱིས་ལྟ་བ་སྐྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ནང་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཕྱི་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཕྱི་ནང་སྟོང་པ་ཉིད་ དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆེན་པོ་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དོན་དམ་པ་སྟོང་པ་ ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །འདུས་བྱས་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མཐའ་ 17-1-33a ལས་འདས་པ་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དོར་བ་མེད་པ་སྟོང་པ་ཉིད་དུ་དམིགས་ཤིང་ དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རང་བཞིན་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དུ་ དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མི་དམིགས་པ་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ངོ་བོ་ཉིད་སྟོང་པ་ ཉིད་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དྲན་པ་ཉེ་བར་གཞག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་ སྐྱེད་དོ། །ཡང་དག་པར་སྤོང་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྫུ་འཕྲུལ་གྱི་རྐང་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དབང་པོར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། སྟོབས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །འཕགས་པའི་ལམ་ལག་བརྒྱད་པར་དམིགས་ཤིང་དམིགས་པའི་ཚུལ་ གྱིས་ལྟ་བ་སྐྱེད་དོ། །འཕགས་པའི་བདེན་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བསམ་གཏན་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚད་མེད་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཐར་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། 17-1-33b མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་དམིགས་ཤིང་། དམིགས་ པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མངོན་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཏིང་ངེ་འཛིན་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །གཟུངས་ཀྱི་སྒོར་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། ། དེ་བཞིན་གཤེགས་པའི་སྟོབས་སུ་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །མྱི་འཇིགས་པར་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སོ་སོ་ཡང་དག་པར་རིག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བྱམས་པ་ཆེན་ པོར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྙིང་རྗེ་ཆེན་པོར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་ སྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །བྱང་ཆུབ་ཏུ་དམིགས་ ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སངས་རྒྱས་སུ་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆོས་སུ་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །དགེ་འདུན་དུ་དམིགས་ ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་། དམིགས་པའི་ ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བར་ལྟ་བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། 17-1-34a རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མིག་ཏུ་ལྟ་བར་འགྱུར་བ་ཡིན། རྣ་བར་ལྟ་བ་དང་། སྣར་ལྟ་བ་དང་། ལྕེར་ལྟ་བ་དང་། ལུས་སུ་ལྟ་བ་དང་། ཡིད་དུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་གཟུགས་ སུ་ལྟ་བར་འགྱུར་བ་ཡིན། སྒྲར་ལྟ་བ་དང་། དྲིར་ལྟ་བ་དང་། རོར་ལྟ་བ་དང་། རེག་ཏུ་ལྟ་བ་དང་། ཆོས་སུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མིག་གི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། རྣ་བའི་ རྣམ་པར་ཤེས་པར་ལྟ་བ་དང་། སྣའི་རྣམ་པར་ཤེས་པར་ལྟ་བ་དང་། ལྕེའི་རྣམ་པར་ཤེས་པར་ལྟ་བ་དང་། ལུས་ཀྱི་རྣམ་པར་ཤེས་པར་ལྟ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མིག་གི་འདུས་ཏེ་རེག་ པར་ལྟ་བར་འགྱུར་བ་ཡིན། རྣ་བའི་འདུས་ཏེ་རེག་པར་ལྟ་བ་དང་། སྣའི་འདུས་ཏེ་རེག་པར་ལྟ་བ་དང་། ལྕེའི་འདུས་ཏེ་རེག་པར་ལྟ་བ་དང་། ལུས་ཀྱི་འདུས་ཏེ་རེག་པར་ལྟ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པར་ལྟ་བར་འགྱུར་བ་ཡིན། དེའི་ ཕྱིར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་ བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་སའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། ཆུའི་ཁམས་སུ་ལྟ་བ་དང་། མེའི་ཁམས་ སུ་ལྟ་བ་དང་། རླུང་གི་ཁམས་སུ་ལྟ་བ་དང་། ནམ་མཁའི་ཁམས་སུ་ལྟ་བ་དང་། རྣམ་པར་ཤེས་པའི་ཁམས་སུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མ་རིག་པར་ལྟ་བར་འགྱུར་བ་ཡིན། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བ་དང་། མིང་དང་གཟུགས་སུ་ལྟ་བ་དང་། སྐྱེ་མཆེད་དྲུག་དུ་ལྟ་བ་དང་། རེག་པར་ལྟ་བ་དང་། ཚོར་བར་ལྟ་བ་དང་། སྲེད་པར་ལྟ་བ་དང་། ལེན་པར་ལྟ་བ་དང་། སྲིད་པར་ལྟ་བ་དང་། སྐྱེ་བར་ལྟ་བ་དང་། རྒ་ཤིར་ལྟ་བར་འགྱུར་བ་ 17-1-34b ཡིན། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པར་ལྟ་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་ནང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། ཕྱི་སྟོང་པ་ཉིད་དུ་ལྟ་བ་དང་། ཕྱི་ནང་ སྟོང་པ་ཉིད་དུ་ལྟ་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་དུ་ལྟ་བ་དང་། ཆེན་པོ་སྟོང་པ་ཉིད་དུ་ལྟ་བ་དང་། དོན་དམ་པ་སྟོང་པ་ཉིད་དུ་ལྟ་བ་དང་། འདུས་བྱས་སྟོང་པ་ཉིད་དུ་ལྟ་བ་དང་། འདུས་མ་བྱས་སྟོང་པ་ཉིད་དུ་ལྟ་བ་དང་། མཐའ་ལས་ འདས་པ་སྟོང་པ་ཉིད་དུ་ལྟ་བ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་ལྟ་བ་དང་། དོར་བ་མེད་པ་སྟོང་པ་ཉིད་དུ་ལྟ་བ་དང་། རང་བཞིན་སྟོང་པ་ཉིད་དུ་ལྟ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བ་དང་། རང་གི་མཚན་ཉིད་སྟོང་ པ་ཉིད་དུ་ལྟ་བ་དང་། མི་དམིགས་པ་སྟོང་པ་ཉིད་དུ་ལྟ་བ་དང་། དངོས་པོ་མེད་པ་སྟོང་པ་ཉིད་དུ་ལྟ་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་དུ་ལྟ་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་དྲན་པ་ཉེ་བར་གཞག་ པར་ལྟ་བར་འགྱུར་བ་ཡིན། ཡང་དག་པར་སྤོང་པར་ལྟ་བ་དང་། རྫུ་འཕྲུལ་གྱི་རྐང་པར་ལྟ་བ་དང་། དབང་པོར་ལྟ་བ་དང་། སྟོབས་སུ་ལྟ་བ་དང་། བྱང་ཆུབ་ཀྱི་ཡན་ལག་དུ་ལྟ་བ་དང་། ལམ་དུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་འཕགས་པའི་བདེན་པར་ལྟ་བར་འགྱུར་བ་ཡིན། བསམ་གཏན་དུ་ལྟ་བ་དང་། ཚད་མེད་པར་ལྟ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པར་ལྟ་བ་དང་། རྣམ་པར་ཐར་པར་ལྟ་བ་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པར་ལྟ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་ལྟ་བ་དང་། མངོན་པར་ཤེས་པར་ལྟ་བ་དང་། ཏིང་ངེ་འཛིན་དུ་ལྟ་བ་དང་། གཟུངས་ཀྱི་སྒོར་ 17-1-35a ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་སུ་ལྟ་བར་འགྱུར་བ་ཡིན། མྱི་འཇིགས་པར་ལྟ་བ་དང་། སོ་སོ་ཡང་དག་པར་རིག་པར་ལྟ་བ་དང་། སྙིང་རྗེ་ཆེན་པོར་ལྟ་བ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་ལྟ་བར་འགྱུར་བ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ལྟ་བ་དང་། བྱང་ཆུབ་ཏུ་ལྟ་བ་དང་། སངས་རྒྱས་སུ་ལྟ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བར་ལྟ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་ པས་ལྟ་བའི་རྣམ་པ་དེ་དག་སྤང་པའི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་སྤོབས་པ་སྐྱེད་ཅིག །རབ་འབྱོར་ཀྱིས་ གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་མྱི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཞེས་བགྱི་བའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ནི་ཟག་པ་མ་མཆིས་ཤིང་ཁོངས་སུ་ཆུད་པ་མ་མཆིས་པ་སྟེ། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་ཤིང་ཁམས་གསུམ་གྱི་ ཁོངས་སུ་ཆུད་པ་མ་མཆིས་པའི་སེམས་དེ་ལ་ཡང་། རང་བཞིན་སྟོང་པ་ཉིད་ཀྱི་སླད་དུ་ཆགས་པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ 17-1-35b འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་མཉམ་པ་དང་མཉམ་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོངས་མ་ཡིན་པའི་སེམས་གང་ཡིན། རབ་འབྱོར་ཀྱིས་ སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་། འགག་པ་དང་། འཕེལ་བ་དང་འགྲིབ་པ་དང་འོང་བ་དང་འགྲོ་བ་ དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ལ་སྐྱེ་བ་མེད་ཅིང་། འགག་པ་མྱེད་པ་དང་། འཕེལ་བ་མྱེད་ཅིང་འགྲིབ་པ་མྱེད་པ་དང་། འོང་བ་མྱེད་ཅིང་འགྲོ་བ་མྱེད་པ་ དང་། ཀུན་ནས་ཉོན་མོངས་པ་མྱེད་ཅིང་རྣམ་པར་བྱང་བ་མྱེད་པ་དེ་ལ་ཉན་ཐོས་ཀྱི་སེམས་མྱེད་དོ། །རང་སངས་རྒྱས་ཀྱི་སེམས་མྱེད་དོ། །བྱང་ཆུབ་ཀྱི་སེམས་མྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་མྱེད་དོ། །ཚེ་དང་ལྡན་ཤ་ར་དྭ་ཏིའི་བུ་ འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་མཉམ་པ་དང་མཉམ་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ཐུན་མོངས་མ་ཡིན་པའི་སེམས་སོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མྱེད་པ། ཁོངས་སུ་ཆུད་པ་མྱེད་པ་། དེ་ལྟ་བུའི་སེམས་ལ་ཡང་ཆགས་པ་མྱེད་དོ། །ཞེས་སྨྲས་པ་དེ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེ་བས་ན་ གཟུགས་ཀྱང་ཆགས་པ་མྱེད་དོ། །ཚོར་བ་ཡང་ཆགས་པ་མྱེད་དོ། །འདུ་ཤེས་ཀྱང་ཆགས་པ་མྱེད་དོ། །འདུ་བྱེད་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །མྱིག་ཀྱང་ཆགས་པ་མྱེད་དོ། །རྣ་བ་ཡང་ཆགས་པ་ མྱེད་དོ། །སྣ་ཡང་ཆགས་པ་མྱེད་དོ། །ལྕེ་ཡང་ཆགས་པ་མྱེད་དོ། །ལུས་ཀྱང་ཆགས་པ་མྱེད་དོ། །ཡིད་ཀྱང་ཆགས་པ་མྱེད་དོ། །གཟུགས་ཀྱང་ཆགས་པ་མྱེད་དོ། །སྒྲ་ཡང་ཆགས་པ་མྱེད་དོ། །དྲི་ཡང་ཆགས་པ་མྱེད་དོ། །རོ་ཡང་ཆགས་ 17-1-36a པ་མྱེད་དོ། །རེག་ཀྱང་ཆགས་པ་མྱེད་དོ། །ཆོས་ཀྱང་ཆགས་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། ། ལྕེའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་ཆགས་ པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་ མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །སའི་ཁམས་ཀྱང་ཆགས་པ་མྱེད་དོ། །ཆུའི་ཁམས་ཀྱང་ཆགས་པ་མྱེད་དོ། །མྱེའི་ཁམས་ ཀྱང་ཆགས་པ་མྱེད་དོ། །རླུང་གི་ཁམས་ཀྱང་ཆགས་པ་མྱེད་དོ། །ནམ་མཁའི་ཁམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་ཆགས་པ་མྱེད་དོ། །མ་རིག་པ་ཡང་ཆགས་པ་མྱེད་དོ། །འདུ་བྱེད་ཀྱང་ཆགས་པ་མྱེད་དོ། ། རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །མྱིང་དང་གཟུགས་ཀྱང་ཆགས་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་ཆགས་པ་མྱེད་དོ། །རེག་པ་ཡང་ཆགས་པ་མྱེད་དོ། །ཚོར་བ་ཡང་ཆགས་པ་མྱེད་དོ། །སྲེད་པ་ཡང་ཆགས་པ་མྱེད་དོ། ། ལེན་པ་ཡང་ཆགས་པ་མྱེད་དོ། །སྲིད་པ་ཡང་ཆགས་པ་མྱེད་དོ། །སྐྱེ་བ་ཡང་ཆགས་པ་མྱེད་དོ། །རྒ་ཤི་ཡང་ཆགས་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ 17-1-36b ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཆེན་པོ་ སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆགས་པ་མྱེད་དོ། །དབང་པོ་ རྣམས་ཀྱང་ཆགས་པ་མྱེད་དོ། །སྟོབས་རྣམས་ཀྱང་ཆགས་པ་མྱེད་དོ། །བྱང་ཆུབ་ཡན་ལག་རྣམས་ཀྱང་ཆགས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ ཀྱང་ཆགས་པ་མྱེད་དོ། །བསམ་གཏན་རྣམས་ཀྱང་ཆགས་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་ཆགས་པ་མྱེད་དོ། ། 17-1-37a མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཆགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་ཆགས་པ་ མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་ཆགས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱང་ཆགས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆགས་པ་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་དེ་བཞིན་ཏེ། གཟུགས་ཀྱང་ཆགས་པ་མྱེད་དོ། །ཚོར་བ་ཡང་ཆགས་པ་མྱེད་དོ། ། འདུ་ཤེས་ཀྱང་ཆགས་པ་མྱེད་དོ། །འདུ་བྱེད་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །མྱིག་ཀྱང་ཆགས་པ་མྱེད་དོ། །རྣ་བ་ཡང་ཆགས་པ་མྱེད་དོ། །སྣ་ཡང་ཆགས་པ་མྱེད་དོ། །ལྕེ་ཡང་ཆགས་ པ་མྱེད་དོ། །ལུས་ཀྱང་ཆགས་པ་མྱེད་དོ། །ཡིད་ཀྱང་ཆགས་པ་མྱེད་དོ། །གཟུགས་ཀྱང་ཆགས་པ་མྱེད་དོ། །སྒྲ་ཡང་ཆགས་པ་མྱེད་དོ། །དྲི་ཡང་ཆགས་པ་མེད་དོ། །རོ་ཡང་ཆགས་པ་མྱེད་དོ། །རེག་ཀྱང་ཆགས་ པ་མྱེད་དོ། །ཆོས་ཀྱང་ཆགས་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་ཆགས་པ་ མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་ 17-1-37b ཡང་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་ དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆགས་པ་མྱེད་དོ། །སའི་ཁམས་ཀྱང་ཆགས་པ་མྱེད་དོ། །ཆུའི་ཁམས་ཀྱང་ཆགས་པ་མྱེད་དོ། །མྱེའི་ཁམས་ཀྱང་ཆགས་པ་མྱེད་དོ། ། རླུང་གི་ཁམས་ཀྱང་ཆགས་པ་མྱེད་དོ། །ནམ་མཁའི་ཁམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་ཆགས་པ་མྱེད་དོ། །མ་རིག་པ་ཡང་ཆགས་པ་མྱེད་དོ། །འདུ་བྱེད་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཆགས་ པ་མྱེད་དོ། །མྱིང་དང་གཟུགས་ཀྱང་ཆགས་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་ཆགས་པ་མྱེད་དོ། །རེག་པ་ཡང་ཆགས་པ་མྱེད་དོ། །ཚོར་བ་ཡང་ཆགས་པ་མྱེད་དོ། །སྲེད་པ་ཡང་ཆགས་པ་མྱེད་དོ། །ལེན་པ་ཡང་ཆགས་པ་མྱེད་དོ། །སྲིད་པ་ཡང་ཆགས་ པ་མྱེད་དོ། །སྐྱེ་བ་ཡང་ཆགས་པ་མྱེད་དོ། །རྒ་ཤི་ཡང་ཆགས་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མེད་དོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། ། ཕྱི་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཆགས་པ་ 17-1-38a མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཆགས་པ་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ ཀྱང་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་ པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །ཡང་དག་པར་སྤོང་པ་རྣམས་ཀྱང་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆགས་པ་མྱེད་དོ། །དབང་པོ་རྣམས་ཀྱང་ཆགས་པ་མྱེད་དོ། ། སྟོབས་རྣམས་ཀྱང་ཆགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆགས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་ཆགས་པ་མྱེད་དོ། ། བསམ་གཏན་རྣམས་ཀྱང་ཆགས་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་ཆགས་པ་མྱེད་དོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཆགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །ཏིང་ངེ་འཛིན་ རྣམས་ཀྱང་ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པར་རྣམས་ཀྱང་ཆགས་པ་ 17-1-38b མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་ཆགས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆགས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་ཆགས་པ་མྱེད་དོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ་དེ་ཡིན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། ཉན་ཐོས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་ཤེས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་ མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ 17-1-39a ཕྱིར་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལུས་ ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ ཆུད་པ་མྱེད་དོ། །སྒྲ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དྲི་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རེག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆོས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །མྱིག་གི་རྣམ་པར་ ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་ 17-1-39b འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་རང་བཞིན་སྟོང་ པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་རང་ བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆུའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱེའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རླུང་གི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། ནམ་མཁའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མ་རིག་པ་ཡང་རང་བཞིན་སྟོང་ པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། 17-1-40a མྱིང་དང་གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རེག་པ་ཡང་རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྲེད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལེན་ པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྲིད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྐྱེ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །རྒ་ཤི་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་ 17-1-40b པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། 17-1-41a ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དབང་པོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་ དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འཕགས་པའི་ལམ་ལག་བརྒྱད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། འཕགས་པའི་བདེན་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བསམ་གཏན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚད་མྱེད་པ་རྣམས་ ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཐར་པ་རྣམ་ ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ ཅིང་ཁོངས་སུ་ཆུད་པ་མེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། 17-1-41b སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱང་རང་ བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་ཤེས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། རྣ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །གཟུགས་ཀྱང་ 17-1-42a རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྒྲ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དྲི་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ ཁོངས་སུ་ཆུད་པ་མྱེད་དོ། །རོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རེག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆོས་ཀྱང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་ པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། སྣའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལུས་ཀྱི་འདུས་ ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་ 17-1-42b བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྣའི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་ མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆུའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ ཆུད་པ་མྱེད་དོ། །མྱེའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རླུང་གི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ནམ་མཁའི་ ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མ་རིག་པ་ཡང་རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་ མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིང་དང་གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ 17-1-43a ཁོངས་སུ་ཆུད་པ་མྱེད་དོ། །རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྲེད་པ་ཡང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལེན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྲིད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་ མྱེད་དོ། །སྐྱེ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྒ་ཤི་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་ པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་ སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་ པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། ། 17-1-43b དོམ་དམ་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འདུས་མ་བྱས་ སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རང་བཞིན་ སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དངོས་པོ་མྱེད་པ་ སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་རང་ བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དབང་པོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། 17-1-44a ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ སུ་ཆུད་པ་མྱེད་དོ། །བསམ་གཏན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ ཁོངས་སུ་ཆུད་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ ཁོངས་སུ་ཆུད་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་ 17-1-44b སུ་ཆུད་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མེད་དོ།། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཐམས་ཅད་ ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་ བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། སེམས་མྱེད་པའི་ཕྱིར། སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ། གཟུགས་མྱེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་མྱེད་པ་ཡང་ཚོར་བ་ལ་ཆགས་པ་མྱེད་དོ། །འདུ་ཤེས་མེད་པ་ཡང་འདུ་ཤེས་ལ་ཆགས་པ་མེད་དོ། །འདུ་བྱེད་མྱེད་པ་ཡང་འདུ་བྱེད་ལ་ ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་མྱེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །མྱིག་མྱེད་པ་ཡང་མྱིག་ལ་ཆགས་པ་མྱེད་དོ། །རྣ་བ་མྱེད་པ་ཡང་རྣ་བ་ལ་ཆགས་པ་མྱེད་དོ། །སྣ་མྱེད་པ་ཡང་སྣ་ལ་ཆགས་པ་མྱེད་དོ། །ལྕེ་མྱེད་པ་ ཡང་ལྕེ་ལ་ཆགས་པ་མྱེད་དོ། །ལུས་མེད་པ་ཡང་ལུས་ལ་ཆགས་པ་མྱེད་དོ། །ཡིད་མྱེད་པ་ཡང་ཡིད་ལ་ཆགས་པ་མྱེད་དོ། །གཟུགས་མྱེད་པ་ཡང་གཟུགས་ལ་ཆགས་པ་མྱེད་དོ། །སྒྲ་མྱེད་པ་ཡང་སྒྲ་ལ་ཆགས་པ་མྱེད་དོ། །དྲི་མྱེད་པ་ཡང་ དྲི་ལ་ཆགས་པ་མེད་དོ། །རོ་མྱེད་པ་ཡང་རོ་ལ་ཆགས་པ་མྱེད་དོ། །རེག་མྱེད་པ་ཡང་རེག་ལ་ཆགས་པ་མྱེད་དོ། །ཆོས་མྱེད་པ་ཡང་ཆོས་ལ་ཆགས་པ་མེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱེད་པ་ཡང་མྱིག་གི་རྣམ་པར་ཤེས་པ་ལ་ཆགས་ པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱེད་པ་ཡང་རྣ་བའི་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱེད་པ་ཡང་སྣའི་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་མྱེད་པ་ཡང་ལྕེའི་རྣམ་པར་ཤེས་པ་ལ་ཆགས་ 17-1-45a པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མྱེད་པ་ཡང་ལུས་ཀྱི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱེད་པ་ ཡང་མྱིག་གི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱེད་པ་ཡང་རྣ་བའི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱེད་པ་ཡང་སྣའི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་ པ་མྱེད་པ་ཡང་ལྕེའི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་པ་ཡང་ལུས་ཀྱི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །མྱིག་གི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བ་མྱེད་པ་ལ་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བ་མྱེད་པ་ལ་ཆགས་པ་མྱེད་དོ། ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་སྣའི་འདུས་ཏེ་རེག་པ་ལས་བྱུང་བ་མྱེད་པ་ལ་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བ་མྱེད་པ་ལ་ཆགས་པ་མེད་དོ། ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་པ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ ལ་ཆགས་པ་མྱེད་དོ། །སའི་ཁམས་མྱེད་པ་ཡང་སའི་ཁམས་ལ་ཆགས་པ་མྱེད་དོ། །ཆུའི་ཁམས་མྱེད་པ་ཡང་ཆུའི་ཁམས་ལ་ཆགས་པ་མྱེད་དོ། །མྱེའི་ཁམས་མྱེད་པ་ཡང་མྱེའི་ཁམས་ལ་ཆགས་པ་མྱེད་དོ། །རླུང་གི་ཁམས་ མྱེད་པ་ཡང་རླུང་གི་ཁམས་ལ་ཆགས་པ་མྱེད་དོ། །ནམ་མཁའི་ཁམས་མྱེད་པ་ཡང་ནམ་མཁའི་ཁམས་ལ་ཆགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་པ་ཡང་རྣམ་པར་ཤེས་པའི་ཁམས་ལ་ཆགས་པ་མྱེད་དོ། །མ་རིག་པ་མྱེད་ 17-1-45b པ་ཡང་མ་རིག་པ་ལ་ཆགས་པ་མྱེད་དོ། །འདུ་བྱེད་མྱེད་པ་ཡང་འདུ་བྱེད་ལ་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་མྱེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །མྱིང་དང་གཟུགས་མྱེད་པ་ཡང་མྱིང་དང་གཟུགས་ལ་ཆགས་པ་མྱེད་དོ། ། སྐྱེ་མཆེད་དྲུག་མྱེད་པ་ཡང་སྐྱེ་མཆེད་དྲུག་ལ་ཆགས་པ་མྱེད་དོ། །རེག་པ་མྱེད་པ་ཡང་རེག་པ་ལ་ཆགས་པ་མྱེད་དོ། །ཚོར་བ་མྱེད་པ་ཡང་ཚོར་བ་ལ་ཆགས་པ་མྱེད་དོ། །སྲེད་པ་མྱེད་པ་ཡང་སྲེད་པ་ལ་ཆགས་པ་མྱེད་དོ། །ལེན་པ་མྱེད་ པ་ཡང་ལེན་པ་ལ་ཆགས་པ་མྱེད་དོ། །སྲིད་པ་མྱེད་པ་ཡང་སྲིད་པ་ལ་ཆགས་པ་མྱེད་དོ། །སྐྱེ་བ་མྱེད་པ་ཡང་སྐྱེ་བ་ལ་ཆགས་པ་མྱེད་དོ། །རྒ་ཤི་མྱེད་པ་ཡང་རྒ་ཤི་ལ་ཆགས་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་ཡང་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་མྱེད་པ་ཡང་ནང་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་མྱེད་པ་ཡང་ཕྱི་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ ཉིད་མྱེད་པ་ཡང་ཕྱི་ནང་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་པ་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱེད་པ་ཡང་ཆེན་པོ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ ཉིད་མྱེད་པ་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་མྱེད་པ་ཡང་འདུས་བྱས་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་པ་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ 17-1-46a ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་པ་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པ་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་པ་ཡང་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་མྱེད་པ་ཡང་རང་བཞིན་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་ པ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་པ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །མི་དམྱིགས་པ་སྟོང་པ་ཉིད་མྱེད་པ་ཡང་མི་དམིགས་པ་སྟོང་ པ་ཉིད་ལ་ཆགས་པ་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མེད་པ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དྲན་པ་ཉེ་བར་གཞག་པ་མེད་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆགས་པ་མེད་དོ། །ཡང་དག་པར་སྤོང་པ་མེད་པ་ ཡང་ཡང་དག་པར་སྤོང་བ་མྱེད་པ་ལ་ཆགས་པ་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་མེད་པ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཆགས་པ་མེད་དོ། །དབང་པོ་མྱེད་པ་ཡང་དབང་པོ་རྣམས་ལ་ཆགས་པ་མེད་དོ། །སྟོབས་མྱེད་པ་ ཡང་སྟོབས་རྣམས་ལ་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་མེད་པ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆགས་པ་མེད་དོ། །འཕགས་པའི་ལམ་ཡན་ལགས་བརྒྱད་པ་མྱེད་པ་ཡང་འཕགས་པའི་ ལམ་ཡན་ལག་བརྒྱད་པ་ལ་ཆགས་པ་མེད་དོ། །འཕགས་པའི་བདེན་པ་མེད་པ་ཡང་འཕགས་པའི་བདེན་པ་རྣམས་ལ་ཆགས་པ་མེད་དོ། །བསམ་གཏན་མེད་པ་ཡང་བསམ་གཏན་རྣམས་ལ་ཆགས་པ་མེད་དོ། ། 17-1-46b ཚད་མེད་པ་མེད་པ་ཡང་ཚད་མྱེད་པ་རྣམས་ལ་ཆགས་པ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་མེད་པ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པར་ཐར་པ་མེད་པ་ཡང་རྣམ་པར་ ཐར་པ་རྣམས་ལ་ཆགས་པ་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མེད་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་ཆགས་པ་མེད་དོ། །མངོན་པར་ཤེས་པ་མེད་པ་ཡང་མངོན་པར་ཤེས་པ་རྣམས་ལ་ཆགས་ པ་མེད་དོ། །ཏིང་ངེ་འཛིན་མེད་པ་ཡང་ཏིང་ངེ་འཛིན་རྣམས་ལ་ཆགས་པ་མེད་དོ། །གཟུངས་ཀྱི་སྒོ་མེད་པ་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཆགས་པ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་མེད་པ་ཡང་དེ་བཞིན་གཤེགས་པའི་ སྟོབས་རྣམས་ལ་ཆགས་པ་མྱེད་དོ། །མི་འཇིགས་པ་མྱེད་པ་ཡང་མི་འཇིགས་པ་རྣམས་ལ་ཆགས་པ་མེད་དོ། །སོ་སོ་ཡང་དག་པར་རིག་པ་མྱེད་པ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཆགས་པ་མྱེད་དོ། །བྱམས་པ་ཆེན་ པོ་མེད་པ་ཡང་བྱམས་པ་ཆེན་པོ་ལ་ཆགས་པ་མེད་དོ། །སྙིང་རྗེ་ཆེན་པོ་མེད་པ་ཡང་སྙིང་རྗེ་ཆེན་པོ་ལ་ཆགས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། ། ཐམས་ཅད་ཤེས་པ་ཉིད་མེད་པ་ཡང་ཐམས་ཅད་ཤེས་པ་ཉིད་ལ་ཆགས་པ་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་པ་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ཡང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་མེད་པ་ཡང་ཚོར་བ་ལ་ཆགས་པ་མེད་དོ། །འདུ་ཤེས་མེད་ 17-1-47a པ་ཡང་འདུ་ཤེས་ལ་ཆགས་པ་མེད་དོ། །འདུ་བྱེད་མྱེད་པ་ཡང་འདུ་བྱེད་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་མེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །མྱིག་མེད་པ་ཡང་མྱིག་ལ་ཆགས་པ་མྱེད་དོ། །རྣ་བ་ མྱེད་པ་ཡང་རྣ་བ་ལ་ཆགས་པ་མྱེད་དོ། །སྣ་མྱེད་པ་ཡང་སྣ་ལ་ཆགས་པ་མེད་དོ། །ལྕེ་མྱེད་པ་ཡང་ལྕེ་ལ་ཆགས་པ་མྱེད་དོ། །ལུས་མྱེད་པ་ཡང་ལུས་ལ་ཆགས་པ་མྱེད་དོ། །ཡིད་མྱེད་པ་ཡང་ཡིད་ལ་ཆགས་པ་མྱེད་དོ། །གཟུགས་ མྱེད་པ་ཡང་གཟུགས་ལ་ཆགས་པ་མྱེད་དོ། །སྒྲ་མེད་པ་ཡང་སྒྲ་ལ་ཆགས་པ་མེད་དོ། །དྲི་མེད་པ་ཡང་དྲི་ལ་ཆགས་པ་མེད་དོ། །རོ་མེད་པ་ཡང་རོ་ལ་ཆགས་པ་མེད་དོ། །རེག་མེད་པ་ཡང་རེག་ལ་ཆགས་པ་མེད་དོ། །ཆོས་མེད་པ་ ཡང་ཆོས་ལ་ཆགས་པ་མེད་དོ། །མིག་གི་རྣམ་པར་ཤེས་པ་མྱེད་པ་ཡང་མིག་གི་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མེད་པ་ཡང་རྣ་བའི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །སྣའི་རྣམ་པར་ཤེས་ པ་མེད་པ་ཡང་སྣའི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་མེད་པ་ཡང་ལྕེའི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མྱེད་པ་ཡང་ལུས་ཀྱི་རྣམ་པར་ཤེས་པ་ལ་ཆགས་པ་མེད་ དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་མེད་པ་ཡང་མིག་གི་འདུས་ཏེ་རེག་པ་ལ་ཆགས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མེད་པ་ཡང་རྣ་བའི་འདུས་ཏེ་རེག་ པ་ལ་ཆགས་པ་མེད་དོ། །སྣའི་འདུས་ཏེ་རེག་པ་མེད་པ་ཡང་སྣའི་འདུས་ཏེ་རེག་པ་ལ་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་མེད་པ་ཡང་ལྕེའི་འདུས་ཏེ་རེག་པ་ལ་ཆགས་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མེད་པ་ཡང་ལུས་ཀྱི་འདུས་ ཏེ་རེག་པ་ལ་ཆགས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་ལ་ཆགས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་མེད་དོ། ། 17-1-47b རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་མེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་ མེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་ལ་ཆགས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད་པ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཆགས་པ་མེད་དོ། །སའི་ཁམས་མྱེད་པ་ཡང་སའི་ཁམས་ལ་ཆགས་པ་མེད་དོ། །ཆུའི་ཁམས་མྱེད་པ་ཡང་ ཆུའི་ཁམས་ལ་ཆགས་པ་མེད་དོ། །མྱེའི་ཁམས་མེད་པ་ཡང་མེའི་ཁམས་ལ་ཆགས་པ་མེད་དོ། །རླུང་གི་ཁམས་མེད་པ་ཡང་རླུང་གི་ཁམས་ལ་ཆགས་པ་མེད་དོ། །ནམ་མཁའི་ཁམས་མེད་པ་ཡང་ནམ་མཁའི་ཁམས་ ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་པ་ཡང་རྣམ་པར་ཤེས་པའི་ཁམས་ལ་ཆགས་པ་མེད་དོ། །མ་རིག་པ་མེད་པ་ཡང་མ་རིག་པ་ལ་ཆགས་པ་མེད་དོ། །འདུ་བྱེད་མེད་པ་ཡང་འདུ་བྱེད་ལ་ཆགས་པ་མེད་དོ། ། རྣམ་པར་ཤེས་པ་མྱེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །མིང་དང་གཟུགས་མེད་པ་ཡང་མིང་དང་གཟུགས་ལ་ཆགས་པ་མེད་དོ། །སྐྱེ་མཆེད་དྲུག་མེད་པ་ཡང་སྐྱེ་མཆེད་དྲུག་ལ་ཆགས་པ་མེད་དོ། །རེག་པ་མེད་པ་ ཡང་རེག་པ་ལ་ཆགས་པ་མེད་དོ། །ཚོར་བ་མེད་པ་ཡང་ཚོར་བ་ལ་ཆགས་པ་མེད་དོ། །སྲེད་པ་མེད་པ་ཡང་སྲེད་པ་ལ་ཆགས་པ་མེད་དོ། །ལེན་པ་མེད་པ་ཡང་ལེན་པ་ལ་ཆགས་པ་མེད་དོ། །སྲིད་པ་མེད་པ་ཡང་སྲིད་པ་ལ་ཆགས་ པ་མེད་དོ། །སྐྱེ་བ་མེད་པ་ཡང་སྐྱེ་བ་ལ་ཆགས་པ་མྱེད་དོ། །རྒ་ཤི་མྱེད་པ་ཡང་རྒ་ཤི་ལ་ཆགས་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ 17-1-48a ཏུ་ཕྱིན་པ་མེད་པ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །ནང་སྟོང་པ་ཉིད་མེད་པ་ཡང་ནང་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཕྱི་སྟོང་པ་ཉིད་མེད་པ་ཡང་ཕྱི་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཕྱི་ནང་སྟོང་པ་ཉིད་མེད་པ་ཡང་ཕྱི་ནང་སྟོང་ པ་ཉིད་ལ་ཆགས་པ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མེད་པ་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཆེན་པོ་སྟོང་པ་ཉིད་མེད་པ་ཡང་ཆེན་པོ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དོན་དམ་པ་སྟོང་པ་ཉིད་མེད་ པ་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །འདུས་བྱས་སྟོང་པ་ཉིད་མེད་པ་ཡང་འདུས་བྱས་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མེད་པ་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཆགས་པ་མེད་དོ། ། མཐའ་ལས་འདས་པ་སྟོང་པ་ཉིད་མེད་པ་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་པ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། ། དོར་བ་མེད་པ་སྟོང་པ་ཉིད་མེད་པ་ཡང་དོར་བ་མེད་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །རང་བཞིན་སྟོང་པ་ཉིད་མེད་པ་ཡང་རང་བཞིན་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མེད་པ་ ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་པ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །མི་དམྱིགས་པ་སྟོང་པ་ཉིད་མེད་པ་ཡང་མི་ 17-1-48b དམིགས་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མེད་པ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མེད་པ་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མེད་དོ། །དྲན་པ་ཉེ་བར་གཞག་པ་མེད་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆགས་པ་མེད་དོ། །ཡང་དག་པར་སྤོང་བ་མེད་ པ་ཡང་ཡང་དག་པར་སྤོང་བ་རྣམས་ལ་ཆགས་པ་མེད་དོ། །རྫུ་འཕྲུལ་གྱིས་རྐང་པ་མེད་པ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཆགས་པ་མེད་དོ། །དབང་པོ་མེད་པ་ཡང་དབང་པོ་རྣམས་ལ་ཆགས་པ་མེད་དོ། །སྟོབས་མེད་པ་ ཡང་སྟོབས་རྣམས་ལ་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་མེད་པ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆགས་པ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་ཡང་འཕགས་པའི་ལམ་ ཡན་ལག་བརྒྱད་པ་ལ་ཆགས་པ་མེད་དོ། །འཕགས་པའི་བདེན་པ་མེད་པ་ཡང་འཕགས་པའི་བདེན་པ་རྣམས་ལ་ཆགས་པ་མེད་དོ། །བསམ་གཏན་མེད་པ་ཡང་བསམ་གཏན་རྣམས་ལ་ཆགས་པ་མེད་དོ། །ཚད་མེད་པ་ མེད་པ་ཡང་ཚད་མེད་པ་རྣམས་ལ་ཆགས་པ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་མེད་པ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པར་ཐར་པ་མེད་པ་ཡང་ རྣམ་པར་ཐར་པ་རྣམས་ལ་ཆགས་པ་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མེད་པ་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་མེད་པ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཆགས་པ་མེད་དོ། །མངོན་ 17-1-49a པར་ཤེས་པ་མེད་པ་ཡང་མངོན་པར་ཤེས་པ་རྣམས་ལ་ཆགས་པ་མེད་དོ། །ཏིང་ངེ་འཛིན་མེད་པ་ཡང་ཏིང་ངེ་འཛིན་རྣམས་ལ་ཆགས་པ་མེད་དོ། །གཟུངས་ཀྱི་སྒོ་མེད་པ་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཆགས་ པ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་མེད་པ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཆགས་པ་མེད་དོ། །མི་འཇིགས་པ་མེད་པ་ཡང་མི་འཇིགས་པ་རྣམས་ལ་ཆགས་པ་མེད་དོ། །སོ་སོ་ཡང་དག་པར་ རིག་པ་མེད་པ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཆགས་པ་མེད་དོ། །བྱམས་པ་ཆེན་པོ་མེད་པ་ཡང་བྱམས་པ་ཆེན་པོ་ལ་ཆགས་པ་མེད་དོ། །སྙིང་རྗེ་ཆེན་པོ་མེད་པ་ཡང་སྙིང་རྗེ་ཆེན་པོ་ལ་ཆགས་པ་མེད་དོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །ཐམས་ཅད་ཤེས་པ་ཉིད་མེད་པ་ཡང་ཐམས་ཅད་ཤེས་པ་ཉིད་ལ་ཆགས་པ་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ མེད་པ་ཡང་ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ ཡིན་པའི་སེམས་དེས་ཀྱང་ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མེད་དོ། །མངོན་པར་ཆགས་པར་འགྱུར་བ་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་ 17-1-49b སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །གང་པོས་གསོལ་པ། བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ། བཅོམ་ལྡན་ འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་བྱམས་གང་གི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་ཤེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཉུང་ཟད་ཉི་ཙེའི་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པ་ ཡོངས་སུ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །སེམས་ཅན་ཉུང་ཟད་ཉི་ཙེའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ སྲུང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཉུང་ཟད་ཉི་ཙེའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པ་སྒོམ་པ་མ་ ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པ་སྒོམ་མོ། །སེམས་ཅན་ཉུང་ཟད་ཉི་ཙེའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་རྩོམ་ པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཉུང་ཟད་ཉི་ཙེའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ 17-1-50a གནས་ཤིང་། བསམ་གཏན་སྐྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅན་ཀྱི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་སྐྱེད་དོ། །སེམས་ཅན་ཉུང་ཟད་ཉི་ཙེའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་སྒོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་སྒོམ་མོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ སེམས་ཅན་འདི་སྙེད་ཅིག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་མྱི་བྱའོ་ཞེ་འམ། སེམས་ཅན་འདི་ སྙེད་ཅིག་ནི་བྱང་ཆུབ་ཏུ་དགོད་པར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཏུ་དགོད་པར་མི་བྱའོ་ཞེས་སེམས་ཅན་ཡོངས་སུ་དཔགས་པས་གོ་ཆ་མི་གྱོན་གྱི། བྱང་ཆུ་བ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ ཅན་ཐམས་ཅད་ཀྱི་དོན་ཏུ་གོ་ཆ་ཆེན་པོ་གྱོན་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱའོ། །སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ 17-1-50b ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། ། བདག་གིས་ཀྱང་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ནང་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ ཕྱི་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཕྱི་ནང་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་ སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཆེན་པོ་སྟོང་ པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དོན་དམ་པ་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་འདུས་བྱས་ སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འདུས་བྱས་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ ཐམས་ཅད་ཀྱང་འདུས་མ་བྱས་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་མཐའ་ལས་འདས་པ་སྟོང་པ་ ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ 17-1-51a དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ ཅན་ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱར་བར་བྱའོ། ། བདག་གིས་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་མི་དམིགས་པ་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ དངོས་པོ་མེད་པ་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་ ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་ལ་སྦྱར་བར་བྱའོ། །བདག་ཀྱང་ཡང་དག་པར་སྤོང་པ་བཞི་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྤོང་ བ་བཞི་ལ་སྦྱར་བར་བྱའོ། །བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྦྱར་བར་བྱའོ། །བདག་ཀྱང་དབང་པོ་ལྔ་ལ་གནས་པར་བྱའོ། ། 17-1-51b སེམས་ཅན་ཐམས་ཅད་ཀྱང་དབང་པོ་ལྔ་ལ་སྦྱར་བར་བྱའོ། །བདག་ཀྱང་སྟོབས་ལྔ་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྟོབས་ལྔ་ལ་སྦྱར་བར་བྱའོ། །བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས་ པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྦྱར་བར་བྱའོ། །བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་ལམ་ ཡན་ལག་བརྒྱད་པ་ལ་སྦྱར་བར་བྱའོ། །བདག་ཀྱང་འཕགས་པའི་བདེན་པ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་བདེན་པ་རྣམས་ལ་སྦྱར་བར་བྱའོ། །བདག་ཀྱང་བསམ་ གཏན་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་རྣམས་ལ་སྦྱར་བར་བྱའོ། །བདག་ཀྱང་ཚད་མེད་པ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཚད་མེད་པ་རྣམས་ལ་ སྦྱར་བར་བྱའོ། །བདག་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱར་བར་བྱའོ། །བདག་ ཀྱང་རྣམ་པར་ཐར་པ་བརྒྱད་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སྦྱར་བར་བྱའོ། །བདག་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་བྱའོ། ། སེམས་ཅན་ཐམས་ཅད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱར་བར་བྱའོ། །བདག་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པར་བྱའོ། ། སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྦྱར་བར་བྱའོ། །བདག་ཀྱང་མངོན་པར་ཤེས་པ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ 17-1-52a ཅད་ཀྱང་མངོན་པར་ཤེས་པ་རྣམས་ལ་སྦྱར་བར་བྱའོ། །བདག་ཀྱང་ཏིང་ངེ་འཛིན་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་རྣམས་ལ་སྦྱར་བར་བྱའོ། །བདག་ཀྱང་གཟུངས་ ཀྱི་སྒོ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་གཟུངས་ཀྱི་སྒོ་རྣམས་ལ་སྦྱར་བར་བྱའོ། །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱར་བར་བྱའོ། །བདག་ཀྱང་མི་འཇིགས་པ་བཞི་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་མྱི་འཇིགས་བཞི་ལ་སྦྱར་བར་བྱའོ། །བདག་ཀྱང་སོ་སོ་ཡང་དག་ པར་རིག་པ་བཞི་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱར་བར་བྱའོ། །བདག་ཀྱང་སྙིང་རྗེ་ཆེན་པོ་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྙིང་ རྗེ་ཆེན་པོ་ལ་སྦྱར་བར་བྱའོ། །བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྦྱར་བར་བྱའོ། །ཞེས་ བྱ་བར་སེམས་བསྐྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག །ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱིས། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ 17-1-52b བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དོན་ཏུ་ཡོངས་སུ་མྱི་བསྔོ་བ་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་། ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཉམ་པར་མྱི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་ བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་ལྡན་པའི་ཡིད་ལ་བྱས་པས་སེམས་རྩེ་གཅིག་ཏུ་བྱེད་ཅིང་། དེ་ལ་དམིགས་པ་གཅིག་པའི་ཕྱིར། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་སེམས་སྐྱེད་པ་རྣམས་ཀྱི་གོ་མི་འབྱེད་པ་འདི་ནི། བྱང་ཆུབ་སེམས་ 17-1-53a དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ ཉེ་བར་གནས་ཏེ། དེས་སྦྱིན་པ་ཡང་མི་དམིགས། གཏོང་པ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ ཡོངས་སུ་གཏོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་སྟེ། ཚེ་དང་ལྡན་པ་ཤ་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཕ་རོལ་ཏུ་ཕྱིན་པ་དེ་དག་མཚན་མར་མི་བྱེད་ཅིང་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤ་ ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ། སེམས་ ཅན་ཐམས་ཅད་དང་མཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ 17-1-53b པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ཡང་མོས་པ་མི་སྐྱེད་ན། སོ་སོའི་སྐྱེ་བོའི་ས་ལྟ་སྨོས་ཀྱང་མི་སྨོས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་བཟོད་པ་དང་མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམ་ པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་པ་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་ཚེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་མི་འབྱེད་ཅིང་དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ 17-1-54a ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང་། ཚུལ་ཁྲིམས་དེས་རློམས་སེམས་སུ་མི་བྱེད་དེ། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ ཚུལ་ཁྲིམས་དེ་ཡང་མི་དམིགས་ཤིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་ 17-1-54b སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམ་པར་མྱི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ ལ་བྱ་བས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་ པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བཟོད་པ་དེས་རློམ་སེམས་སུ་མི་བྱེད་ཅིང་། བཟོད་པ་མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་ 17-1-55a པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ཏ་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་ སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ ཡིད་ལ་བྱ་བས་མ་ཡིན་གྱི། རྣམས་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམས་པ་ཐམས་ཅད་མཁྱེན་པ་ཉིད་དག་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། དགེ་ བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་ བས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་དེ་ལྟར་བཟོད་པ་དང་མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། 17-1-55b ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བརྩོན་འགྲུས་ཉམ་པར་མི་བྱེད་ཅིང་། བརྟུན་མི་ངས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་ མ་ཡིན་གྱི། རྣམས་པ་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ ལ་བྱ་བས། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བརྩོན་འགྲུས་དེས་རློམས་སེམས་སུ་མི་བྱེད་ཅིང་། བརྩོན་འགྲུས་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། ། 17-1-56a ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་ སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བཟོད་པ་ཡོངས་སུ་སྒོམ་ སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ 17-1-56b སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམ་པར་མི་བྱེད་དེ། དེའི་དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་ བ་ལ་སེམས་རྩེ་གཅིག་ཏུ་བྱེད་དེ། དེ་ལ་དམིགས་པ་གཅིག་པའི་ཕྱིར། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་རྣམས་གྱི་གོ་མི་འབྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་ སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བསམ་གཏན་དེས་ཀྱང་རློམས་སེམས་སུ་མྱི་བྱེད་ཅིང་། བསམ་གཏན་དེ་ཡང་མི་ 17-1-57a དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏོ། །དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་ 17-1-57b སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ དེ་དག་ལ་དེ་ལྟར་བཟོད་པ་ལ་མོས་ཤིང་རྟེན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་ཉམ་པར་མི་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ 17-1-58a པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ དང་ལྡན་པའི་ཡིད་ལས་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་སྒྱུ་མར་བྱས་ པའི་འདུ་ཤེས་ཉེ་བར་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལས་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་རློམ་སེམས་སུ་མི་བྱེད་དེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་འདི་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ 17-1-58b མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་གནས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མཉམ་པར་གཞག་སྟེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རོ་མྱོང་བར་མི་བྱེད་དོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་འཕྲོགས་ཏེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་འགྲོགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་དབེན་པ་མཐོང་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཐོང་བས་མཉམ་པར་གཞོག་སྟེ། དེ་དག་གི་དབང་གིས་ཀྱང་མི་སྐྱེ། ཡང་དག་པའི་མཐའ་མངོན་དུ་ཡང་མི་བྱེད་དེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ 17-1-59a ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའི་གོ་ཆ་ཆེན་པོ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ལ་ཤར་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་། མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིནད་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་ འཕྲུལ་གྱིས་རྣམས་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་ རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་། མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་རྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་། མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ 17-1-59b ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་རྗོད་པ་ མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་ མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་རྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིནད་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ ཅིང་དབྱངས་རྗེས་སུ་སྒྲོག་གོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་ པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ 17-1-60a ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །ལྷོ་ནུབ་གྱི་ཕྱོགས་ འཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་ རྗེས་སུ་སྒྲོག་གོ། །ནུབ་བྱང་གི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་ གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མྱིང་ ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། ། རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་ 17-1-60b པ་ཆེད་དུ་བརྗོད་ཅིང་མྱིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ ཞུགས་ཤེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ ཉེ་བར་བསྒྲུབ་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་ དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་ རྣམས་ཀྱི་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། 17-1-61a དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ་ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །ད་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་པ། བཅུགས་ མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་ བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མྱི་དམྱིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་ པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམཁའ་མཐའ་ཡས་སོ་ཞེས་ཏེ། ནམཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་སྒྲུབས་ཏེ་གནས་སོ། །དེ་རྣམས་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་ 17-1-61b དག་པར་འདས་ཏེ། རྣམ་པར་ཤེས་པར་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབ་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་ དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་མྱི་དམྱིགས་པའི་ཚུལ་ གྱིས་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་འདི་དག་དང་། ཚད་མྱེད་པ་འདི་དག་དང་། གཟུགས་ མྱེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམ་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་བའི་ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་ 17-1-62a པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་ མྱེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་ པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་ མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་མི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མི་དམིགས་ པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་ རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུག་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ 17-1-62b ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམས་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ ཤེས་མྱེད་མྱིན་སྐྱེ་མཆེད་ལ་མི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ འདི་དག་དང་། ཚད་མྱེད་པ་འདི་དག་དང་། གཟུགས་མྱེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམ་པ་དང་ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་རྣམ་པར་ལྡང་བའི་ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་ གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་ 17-1-63a བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་ བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་ པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུག་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། ། དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་ པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་ བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མྱི་དམྱིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། 17-1-63b ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མྱི་དམྱིགས་པའི་ ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་ པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་ དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་མི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ་ནམ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་འདི་དག་དང་། ཚད་མྱེད་པ་འདི་དག་དང་། གཟུགས་མྱེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམས་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་རྣམ་པར་ལྡང་བའི་ 17-1-64a ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་ དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབ་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་ དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་ བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱི་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབ་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་ སྤངས་ཤིང་ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་ པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མྱེད་པ། བཅུགས་མེད་པ། 17-1-64b གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་ སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མྱི་དམྱིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་ རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། བཅུགས་པ་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམས་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ 17-1-65a ཤེས་མེད་མྱིན་སྐྱེ་མཆེད་ལ་མི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བསམ་གཏན་འདི་དག་དང་། ཚད་མྱེད་པ་འདི་དག་དང་། གཟུགས་མེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམ་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་རྣམ་པར་ལྡང་བའི་ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྣམ་པར་རྟོག་པ་མེད་པ། རྣམ་པར་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དག་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱི་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་ བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་ བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་ 17-1-65b རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་པ་མྱེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་པ་མེད་པ། གནོད་པ་མེད་ པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། ། དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་པ་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་ པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མྱི་དམྱིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་ པ། ཚད་མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་ པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་ བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་ 17-1-66a པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུད་ཟད་མྱེད་པའི་ སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ། ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་འདི་དག་དང་། ཚད་མྱེད་པ་འདི་དག་དང་། གཟུགས་མེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམ་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་རྣམ་པར་ལྡང་བའི་ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དག་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་ 17-1-66b སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་ མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་ བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་ པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་མི་དམྱིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་ པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་ པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ 17-1-67a ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམཁའ་ མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་ལ་མི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ འདི་དག་དང་། ཚད་མེད་པ་འདི་དག་དང་། གཟུགས་མེད་པ་ན་ཡོད་པ་འདི་དག་ལ་ནམ་མཁའི་རྣམ་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་རྣམ་པར་ལྡང་བའི་ཚེ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ ལ་ཡང་དག་པར་ཞུགས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མེད་ པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱི་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་ 17-1-67b སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་ པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་ རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མི་གཉིས་པ། ཚད་མེད་པ། བཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་ པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངསུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མེད་པ། རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་ པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དག་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱི་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། 17-1-68a བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་ མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ། ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་བརྗོད་ཅིང་འཆད་པ་དང་། སྟོན་ཅིང་འགྲེལ་ལ་རྣམ་པར་འབྱེད་ཅིང་གསལ་བར་བྱེད་དེ། དེ་དག་གི་ང་རོ་དང་། དེ་དག་གི་སྐྱོན་དང་། འབྱུང་བ་ཡང་ཚུལ་ 17-1-68b བཞིན་དུ་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ དེ་དག་གིས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ ཡང་རུང་སྟེ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ། འདི་སྙམ་སྟེ། ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །སྙམ་དུ་སེམས་ཤིང་ཡིད་ལ་བྱ་བ་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟོག་པ་དང་། སེམས་ཤིང་ཁོང་དུ་ཆུད་པར་བྱེད་པ་འདི་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར། བརྩོན་འགྲུས་ཉམ་པར་མི་བྱེད་པ་འདི་ ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། 17-1-69a བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་པོའི་ཡན་ལགས་ དང་། བསམ་གཏན་གཉིས་པའི་ཡན་ལགས་དང་། བསམ་གཏན་གསུམ་པའི་ཡན་ལགས་དང་། བསམ་གཏན་བཞི་པའི་ཡན་ལགས་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་ མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཆུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་དེ་དག་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་ མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་ཀྱང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་ པར་འཇུག་པ་དེ་དག་མི་དམྱིགས་ཤིང་། དེ་དག་གིས་རློམ་སེམས་མེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། རྣམ་པ་ཐམས་ཅད་ དུ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ཡང་དག་པར་སྤོང་བ་བཞི་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་དབང་པོ་ལྔ་བསྒོམ་པ་དང་། 17-1-69b རྣམ་པ་ཐམས་ཅད་དུ་སྟོབས་ལྔ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཡན་ལགས་བདུན་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་འཕགས་པའི་ བདེན་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་བསམ་གཏན་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ཚད་མེད་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་ པ་དང་། རྣམ་པ་ཐམས་ཅད་དུ་རྣམ་པར་ཐར་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་མངོན་པར་ཤེས་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་གཟུངས་ཀྱི་སྒོ་རྣམས་བསྒོམ་ པ་དང་། རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་མི་འཇིགས་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པ་དང་། རྣམ་པ་ ཐམས་ཅད་དུ་བྱམས་པ་ཆེན་པོ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ཐམས་ཅད་ཤེས་པ་ཉིད་ བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་ལམ་གྱི་རྣམ་པར་ཤེས་པ་ཉིད་བསྒོམ་པ་དང་། རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། བདག་གིས་སེམས་ཅན་ཐམས་ 17-1-70a ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད་དོ། །སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སྙིང་བརྩེ་བའི་ཉམས་སུ་བྱེད་དོ། །དགའ་བའི་ཏིང་ངེ་ འཛིན་ལ་མཉམ་པར་གཞོག་ཅིང་། བདག་ཉིད་ཀྱིས་དགྲོལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་སེམས་སོ། །བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། སེམས་ཅན་རྣམས་ཀྱི་ཟག་པ་ཟད་པར་བྱ་བ་ལ་ རབ་ཏུ་གཞོལ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་རྣམས་ཀྱི་རྣམ་པ་དང་། ཚུལ་དང་། མཚན་མ་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་མ་གཏོགས་པར། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་འདི་ ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང་། ས་གཉིས་པོ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་འདོད་པ་མི་སྐྱེད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་མོས་ཤིང་དགའ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། མི་དགེ་བའི་ཆོས་རྣམས་རབ་ཏུ་སྤངས་པ་དང་། དགེ་བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ། བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་ནི། བྱང་ཆུབ་སེམས་དཔའ་ 17-1-70b སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་འདི་དག་ལ་ཡང་མཉམ་པར་གཞོག་ལ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུགས་པའི་དབང་གིས་ཀྱང་མི་སྐྱེ་ཞིང་། དེ་དག་གི་རོ་མྱོང་བར་བྱེད་པ་ཡང་མེད་ལ། དེ་དག་གིས་འཕྲོགས་པར་ ཡང་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམ་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ལ། དེ་དག་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པར་ཡང་དག་པར་འཇུག་པར་མི་ བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། ནང་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ཚུལ་གྱི་མ་ཡིན། ཕྱི་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ཚུལ་གྱིས་མ་ཡིན། ཕྱི་ནང་སྟོང་པ་ཉིད་ ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། ཆེན་པོ་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཤེས་ཀྱང་དམྱིགས་ 17-1-71a པའི་ཚུལ་གྱིས་མ་ཡིན། འདུས་བྱས་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་ཀྱང་དམྱིགས་ པའི་ཚུལ་གྱིས་མ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ཚུལ་གྱིས་མ་ཡིན། དོར་བ་མེད་པ་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། རང་བཞིན་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ ཚུལ་གྱིས་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། མི་དམྱིགས་པ་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ ཚུལ་གྱིས་མ་ཡིན། དངོས་པོ་མེད་པ་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ཚུལ་གྱིས་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཤེས་ཀྱང་དམྱིགས་པའི་ཚུལ་གྱིས་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་ཀྱང་དམིགས་ པའི་ཚུལ་གྱིས་མ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོ་ནི། ཆོས་ཐམས་ཅད་ལ་སེམས་རྣམ་པར་མི་འཁྲུག་ཅིང་མཉམ་པར་བཞག་པར་ཤེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ འོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག །མི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག་པ་དང་། བདེ་ཞེས་བྱ་བར་ཤེས་པ་ མི་འཇུག །སྡུག་བསྔལ་ཞེས་བྱ་བར་ཤེས་པ་མི་འཇུག་པ་དང་། བདག་ཅེས་བྱ་བར་ཤེས་པ་མི་འཇུག །བདག་མེད་ཅེས་བྱ་བར་ཤེས་པ་མི་འཇུག་པ་དང་། སྡུག་ཅེས་བྱ་བར་ཤེས་པ་མི་འཇུག །མི་སྡུག་ཅེས་བྱ་བར་ཤེས་པ་མི་ 17-1-71b འཇུག་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་དེ་མི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོ་ནི། འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་མྱེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་ལ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་མི་ཤེས་ པ་ཡང་མེད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཐེག་པ་ཆེན་པོ་ནི། འཇིག་རྟེན་པའི་ཆོས་ལ་ཡང་ཤེས་པ་འཇུག་པར་མི་བྱེད། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ལ་ཤེས་པ་འཇུག་པར་ མི་བྱེད་ཀྱང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་མི་ཤེས་པ་ཡང་མེད། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་མི་ཤེས་པ་མེད་པ་སྟེ། ཚེ་དང་ལྡན་ པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་མི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་ པོ་ལ་གནས་ཤེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་ དེས་སྦྱིན་པ་ཡང་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམྱིགས། ལེན་པ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམྱིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ 17-1-72a དཔའ་ཆེན་པོ་མི་དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤེས་བྱའོ། །ཚེ་དང་ལྡན་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་ མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་བཟོད་པ་ཡང་མི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ ཆུབ་སེམས་དཔའ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་ བྱའོ། །ཚེ་དང་ལྡན་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་བརྩོན་འགྲུས་ཀྱང་མི་ དམིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ 17-1-72b ལ་ཡང་དག་པར་གནས་ཀྱང་། དེས་བསམ་གཏན་ཡང་མི་དམིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་དགེ་བའི་ཆོས་ཀྱང་མི་དམིགས་ཤིང་། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་ དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཀྱང་མི་དམིགས་ཤིང་ཤེས་རབ་ཀྱང་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་ དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་མ་འདྲེས་ པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་ 17-1-73a དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་བསྒོམ་ མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་ དམིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམྱིགས་པའི་ཚུལ་གྱིས་དོར་བ་མེད་པ་སྟོང་པ་ཉིད་ སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་མ་འདྲེས་པས་བསྒོམ་ 17-1-73b པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་ དམིགས་པའི་ཚུལ་གྱིས་མི་དམིགས་པ་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་དངོས་པོ་མྱེད་ པ་སྟོང་པ་ཉིད་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་དམིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་ མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་དབང་པོ་ལྔ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་ 17-1-74a པའི་ཚུལ་གྱིས་སྟོབས་ལྔ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་ པར་བསྒོམ་པའི་དོན་དུ། དེ་མྱི་དམྱིགས་པའི་ཚུལ་གྱིས་བསམ་གཏན་བཞི་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཚད་མྱེད་ པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མྱི་དམྱིགས་པའི་ཚུལ་གྱིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མྱི་དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པ་བརྒྱད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་ པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མྱི་དམྱིགས་པའི་ཚུལ་གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་ 17-1-74b པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམིགས་པའི་ཚུལ་གྱིས་མངོན་པར་ཤེས་པ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམིགས་ པའི་ཚུལ་གྱིས་ཏིང་ངེ་འཛིན་རྣམས་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མྱི་དམྱིགས་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་རྣམས་སྒོམ་མོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་ པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་དམིགས་པའི་ཚུལ་གྱིས་མི་འཇིགས་པ་བཞི་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ། དེ་མི་དམིགས་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིགས་པ་བཞི་བསྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་ཏུ་དེ་མི་དམིགས་པའི་ཚུལ་གྱིས་ སྙིང་རྗེ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མྱི་དམྱིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་ མོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། འདི་ལྟར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ། །གཟུགས་དམིགས་སུ་མྱེད་པའི་ཕྱིར་གཟུགས་ 17-1-75a ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚོར་བ་དམིགས་སུ་མྱེད་པའི་ཕྱིར། ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུ་ཤེས་དམིགས་སུ་མྱེད་པའི་ཕྱིར། འདུ་ཤེས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། ། འདུ་བྱེད་དམྱིགས་སུ་མྱེད་པའི་ཕྱིར་འདུ་བྱེད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་དམིགས་སུ་མྱེད་པའི་ཕྱིར། མྱིག་ཅེས་བྱ་བ་འདི་ ནི་མྱིང་ཙམ་དུ་ཟད་དོ། །རྣ་བ་དམྱིགས་སུ་མྱེད་པའི་ཕྱིར། རྣ་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣ་དམྱིགས་སུ་མྱེད་པའི་ཕྱིར། སྣ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེ་དམྱིགས་སུ་མྱེད་པའི་ཕྱིར། ལྕེ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། ། ལུས་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་དམྱིགས་སུ་མེད་པའི་ཕྱིར། ཡིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུགས་དམྱིགས་སུ་མྱེད་པའི་ཕྱིར། གཟུགས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། ། སྒྲ་དམིགས་སུ་མྱེད་པའི་ཕྱིར། སྒྲ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དྲི་དམྱིགས་སུ་མྱེད་པའི་ཕྱིར། དྲི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རོ་དམྱིགས་སུ་མྱེད་པའི་ཕྱིར། རོ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རེག་དམིགས་སུ་མྱེད་པའི་ཕྱིར། རེག་ ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་དམིགས་སུ་མེད་པའི་ཕྱིར། ཆོས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་གི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣ་བའི་རྣམ་ པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་རྣམ་པར་ཤེས་པ་དམིགས་སུ་མྱེད་པའི་ཕྱིར། སྣའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེའི་རྣམ་པར་ཤེས་པ་དམིགས་ སུ་མྱེད་པའི་ཕྱིར། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ 17-1-75b ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་གི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣ་བའི་འདུས་ཏེ་རེག་པ་དམྱིགས་སུ་མེད་པའི་ཕྱིར། རྣ་བའི་ འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་འདུས་ཏེ་རེག་པ་དམྱིགས་སུ་མེད་པའི་ཕྱིར། སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེའི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་ བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་ བ་འདི་ནི་མིང་ཙམ་དུ་ཟད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམིགས་ སུ་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་ མྱིང་ཙམ་དུ་ཟད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམིགས་སུ་ མེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་ འདི་ནི་མྱིང་ཙམ་དུ་ཟད་དོ། །སའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། སའི་ཁམས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆུའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། ཆུའི་ཁམས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱེའི་ཁམས་དམྱིགས་སུ་ 17-1-76a མྱེད་པའི་ཕྱིར། མྱེའི་ཁམས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རླུང་གི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། རླུང་གི་ཁམས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ནམ་མཁའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། ནམ་མཁའི་ཁམས་ཤེས་བྱ་བ་ འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པའི་ཁམས་དམིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མ་རིག་པ་དམིགས་སུ་མེད་པའི་ཕྱིར། མ་རིག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུ་བྱེད་ དམིགས་སུ་མྱེད་པའི་ཕྱིར། འདུ་བྱེད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིང་དང་གཟུགས་དམིགས་སུ་མྱེད་པའི་ཕྱིར། མྱིང་དང་གཟུགས་ཞེས་བྱ་བ་འདི་ནི་མྱིང་ ཙམ་དུ་ཟད་དོ། །སྐྱེ་མཆེད་དྲུག་དམྱིགས་སུ་མྱེད་པའི་ཕྱིར། སྐྱེ་མཆེད་དྲུག་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རེག་པ་དམྱིགས་སུ་མྱེད་པའི་ཕྱིར། རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚོར་བ་དམིགས་སུ་མྱེད་པའི་ཕྱིར། ཚོར་བ་ ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྲེད་པ་དམྱིགས་སུ་མྱེད་པའི་ཕྱིར། སྲེད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལེན་པ་དམྱིགས་སུ་མྱེད་པའི་ཕྱིར། ལེན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྲིད་པ་དམྱིགས་སུ་མེད་པའི་ཕྱིར། སྲིད་པ་ཞེས་ བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྐྱེ་བ་དམྱིགས་སུ་མྱེད་པའི་ཕྱིར། སྐྱེ་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྒ་ཤི་དམྱིགས་སུ་མྱེད་པའི་ཕྱིར། རྒ་ཤི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་ པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ དམྱིགས་སུ་མྱེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །བསམ་གཏན་ 17-1-76b གྱིས་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ ཙམ་དུ་ཟད་དོ། །ནང་སྟོང་པ་ཉིད་དམིགས་སུ་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཕྱི་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཕྱི་ནང་སྟོང་པ་ཉིད་དམྱིགས་སུ་ མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆེན་པོ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དོན་དམ་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུས་བྱས་སྟོང་པ་ཉིད་དམིགས་སུ་མྱེད་པའི་ཕྱིར། འདུས་བྱས་སྟོང་ པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུས་མ་བྱས་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མཐའ་ལས་ འདས་པ་སྟོང་པ་ཉིད་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཐོག་པ་དང་ཐ་མ་མེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དོར་བ་མེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ ཕྱིར། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རང་བཞིན་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཐམས་ ཅད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མྱི་དམིགས་པ་སྟོང་པ་ཉིད་ཅེས་ 17-1-77a བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མེད་པའི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ ནི་མྱིང་ཙམ་དུ་ཟད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་འདི་ནི་མྱིང་ཙམ་དུ་ཟད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པའི་ཕྱིར། དྲན་པ་ཉེ་བར་ གཞག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡང་དག་པར་སྤོང་བ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། རྫུ་འཕྲུལ་ གྱི་རྐང་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དབང་པོ་རྣམས་དམིགས་སུ་མྱེད་པའི་ཕྱིར། དབང་པོ་ལྔ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྟོབས་རྣམས་དམྱིགས་སུ་མྱེད་པའི་ཕྱིར། སྟོབས་ལྔ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བྱང་ཆུབ་ཀྱི་ཡན་ལག་ རྣམས་དམྱིགས་སུ་མྱེད་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལམ་དམྱིགས་སུ་མྱེད་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འཕགས་པའི་བདེན་ པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བསམ་གཏན་རྣམས་དམྱིགས་སུ་མྱེད་པའི་ཕྱིར། བསམ་གཏན་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚད་མྱེད་པ་རྣམས་དམྱིགས་སུ་ མྱེད་པའི་ཕྱིར། ཚད་མྱེད་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་མེད་པའི་ཕྱིར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཐར་པ་རྣམས་ དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། ། 17-1-77b རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མངོན་པར་ཤེས་པ་རྣམས་དམྱིགས་ སུ་མྱེད་པའི་ཕྱིར། མངོན་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཏིང་ངེ་འཛིན་རྣམས་དམྱིགས་སུ་མྱེད་པའི་ཕྱིར། ཏིང་ངེ་འཛིན་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུངས་ཀྱི་སྒོ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། གཟུངས་ཀྱི་སྒོ་ཞེས་བྱ་ བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དམྱིགས་སུ་མྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མི་འཇིགས་པ་རྣམས་དམྱིགས་སུ་མེད་པའི་ཕྱིར། མི་འཇིགས་པ་བཞི་ཞེས་བྱ་བ་འདི་ ནི་མྱིང་ཙམ་དུ་ཟད་དོ། །སོ་སོ་ཡང་དག་པར་རིགས་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྙིང་རྗེ་ཆེན་པོ་དམྱིགས་སུ་མྱེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དེ་བཞིན་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མ་ནོར་བ་དེ་ བཞིན་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་དམྱིགས་སུ་མྱེད་པའི་ཕྱིར། གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཀྱི་དབྱིངས་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཀྱི་དབྱིངས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཀྱི་གནས་ཉིད་དམྱིགས་སུ་མྱེད་པའི་ ཕྱིར། ཆོས་ཀྱི་གནས་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་སྐྱོན་མྱེད་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། །ཆོས་སྐྱོན་མྱེད་པ་ཉིད་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། ། 17-1-78a ཡང་དག་པའི་མཐའ་དམྱིགས་སུ་མྱེད་པའི་ཕྱིར། ཡང་དག་པའི་མཐའ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བྱང་ཆུབ་དམྱིགས་སུ་མྱེད་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སངས་རྒྱས་དམྱིགས་སུ་མྱེད་པའི་ ཕྱིར། སངས་རྒྱས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཤེས་བྱའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་ཏུ་ མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་། རིམ་གྲོར་བྱ་བའི་ཚུལ་གང་ལ་གང་འོས་པ་དེ་དག་གིས། སངས་ རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཞིང་དུ་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ ཐེག་པ་འདི་ཉིད་ཀྱི་ཆོས་ཉན་ཏོ། །དེ་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་ཀྱང་། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མྱི་འབྱུང་། སེམས་ཅན་གྱི་འདུ་ཤེས་ཀྱང་མྱི་འབྱུང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མྱི་འབྱུང་ངོ་། །དེ་གཉིས་སུ་མྱེད་པའི་ས་ལ་གནས་ཤིང་། ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ ཤིང་ཡོངས་སུ་འཛིན་ཏོ། །དེ་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ། ཐེག་པ་དེ་དང་ནམ་དུ་ཡང་མྱི་འབྲལ་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་། ཉན་ཐོས་དང་། རང་སངས་ 17-1-78b རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་འམ་མྱི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་ རོ། །དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱིས་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཡོན་ཏན་བརྗོད་པ་ མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མྱེད་པའི་ཐེག་པ་ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་རྗེས་སུ་སྒྲོག་པ་མཛད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་ འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །ཞེས་གྲགས་པ་སྒྲོག་ཅིང་དབྱངས་རྗེས་སུ་བརྗོད་པ་མཛད་དོ། །ནུབ་ཕྱོགས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པ་ཆེན་པོའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས། 17-1-79a གྲགས་པ་སྒྲོག་ཅིང་དབྱངས་རྗེས་སུ་བརྗོད་པ་མཛད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གིས་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་ འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པ་ཆེན་པོའི་མཆོག་ལ་གནས་པ་འདི་ཞེས་ བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱིས་ འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པ་ཆེན་པོའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། 17-1-79b འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ། ཐེག་པ་ཆེན་པོའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པའི་ཞེས་བྱ་བ་ ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །སྟེང་གི་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མྱེད་པའི་ཐེག་པ། ཐེག་པ་ཆེན་པོའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་ 17-1-80a བརྗོད་པ་མཛད་དོ། །དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་ཤེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བགྱི་བ་ལགས་ དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་གོ་ཆ་གྱོན་ཅིང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའི་གོ་ཆ་བགོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཆེན་པོ་སྟོང་པ་ཉིད་ཀྱི་ གོ་ཆ་བགོས། དོན་དམ་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། འདུས་བྱས་སྟོང་པ་ཉིད་ཀྱི་གོ་ཆ་བགོས། འདུས་མ་བྱས་སྟོང་པ་ཉིད་ཀྱི་གོ་ཆ་བགོས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱི་གོ་ཆ་བགོས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། རང་བཞིན་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་ མྱེད་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པར་སྤོང་པའི་གོ་ཆ་བགོས། རྫུ་འཕྲུལ་གྱི་རྐང་པའི་གོ་ཆ་བགོས། དབང་ 17-1-80b པོའི་གོ་ཆ་བགོས། སྟོབས་ཀྱི་གོ་ཆ་བགོས། བྱང་ཆུབ་ཀྱི་ཡན་ལག་གི་གོ་ཆ་བགོས། ལམ་གྱི་གོ་ཆ་བགོས། འཕགས་པའི་བདེན་པའི་གོ་ཆ་བགོས། བསམ་གཏན་གྱི་གོ་ཆ་བགོས། ཚད་མྱེད་པའི་གོ་ཆ་བགོས། གཟུགས་མྱེད་པའི་སྙོམས་ པར་འཇུག་པའི་གོ་ཆ་བགོས། རྣམ་པར་ཐར་པའི་གོ་ཆ་བགོས། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་གོ་ཆ་བགོས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་གོ་ཆ་བགོས། མངོན་པར་ཤེས་པའི་གོ་ཆ་ བགོས། ཏིང་ངེ་འཛིན་གྱི་གོ་ཆ་བགོས། དེ་བཞིན་གཤེགས་པའི་སྟོབས་ཀྱི་གོ་ཆ་བགོས། མྱི་འཇིགས་པའི་གོ་ཆ་བགོས། སོ་སོ་ཡང་དག་པར་རིག་པའི་གོ་ཆ་བགོས། སྙིང་རྗེ་ཆེན་པོའི་གོ་ཆ་བགོས། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅྭོ་བརྒྱད་ཀྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་འདི་སྣང་བས་རྒྱས་པར་བཀང་སྟེ་ ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་ གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་ སྙེད་སྣང་བས་རྒྱས་པར་འགེངས་སོ། །ཤར་ལྷོའི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་ བས་རྒྱས་པར་འགེངས་སོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །སྟེང་གི་ 17-1-81a ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་ བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་ པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་ པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་ པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་ པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བའི་ སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་རྣམ་པར་ལངས་ 17-1-81b ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བྱོལ་སོང་གི་སྐྱེ་གནས་ཀྱི་ སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་ བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། བྱོལ་སོང་གི་སྐྱེ་གནས་དེ་དག་ནས་རྣམ་ པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་ འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ནས་སངས་རྒྱས་བཅོམ་ལྡན་ འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་ 17-1-82a པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ཀྱང་ སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། ། དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་ སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། 17-1-82b སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་ དང་དག་ཏུ་སྐྱེའོ། །དེས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མེའི་ ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་ དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིགས་རྟེན་གྱི་ཁམས་ 17-1-83a གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་བསྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་ཐོབ་སྟེ། དེ་དག་དགའ་བ་ དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བའི་སེམས་ ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་འོ། །དེས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་ གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ 17-1-83b ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་ དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་ སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཏུ་སྐྱེའོ། །དེས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་ དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ 17-1-84a ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་ དེ་དག་ཏུ་སྐྱེའོ། །དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་ གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ སྒྲ་བརྗོད་དོ་དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིགས་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་ དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་བསྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། 17-1-84b གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་ འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་ རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་ སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་ རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་ མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ 17-1-85a ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་ རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་ དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱིས་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་ གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་ བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་ གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཏུ་སྐྱེའོ། །དེས་ཤར་ལྷོའི་ཕྱོགས་མཚམ་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ 17-1-85b ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་ བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་ བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་ བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་འོ། །དེས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ 17-1-86a གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་ འཇིག་རྟེན་དེ་དག་ནས་རྣམ་པར་ལང་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་འོག་གི་ཕྱོགས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་ གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་ རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ 17-1-86b ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་འོ། །དེས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་ གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། ། དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་ སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་ རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གི་ལམ་པོ་ཆེའི་བཞི་མདོར་ འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་གཅིག་མངོན་པར་སྤྲུལ་ལ། དེ་ལྟར་མངོན་པར་སྤྲུལ་ནས། ངན་སོང་གི་ སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་སྒྲོག །ཆོས་ཀྱི་སྒྲ་སྒྲོག །དགེ་འདུན་གྱི་སྒྲ་སྒྲོག་པར་འགྱུར་ལ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་ བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་ 17-1-87a གང་ཡང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་བསླང་བ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་ བཀྲོལ་ཡང་སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་དུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་བཻ་དུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་བསྒྱུར་བའི་སྲིད་ མངོན་པར་སྤྲུལ་པ་བྱེད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ་གྱི་སྦྱིན་པ་བྱེད་དོ། །བཞོན་པ་འདོད་པ་རྣམས་ལ་ བཞོན་པའི་སྦྱིན་པ་བྱེད་དོ། །གོས་འདོད་པ་རྣམས་ལ་གོས་ཀྱི་སྦྱིན་པ་བྱེད་དོ། །མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་གི་སྦྱིན་པ་བྱེད་དོ། །ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བའི་སྦྱིན་པ་བྱེད་དོ། །སྤོས་འདོད་པ་རྣམས་ལ་སྤོས་ཀྱི་སྦྱིན་ པ་བྱེད་དོ། །བྱུག་པ་འདོད་པ་རྣམས་ལ་བྱུག་པའི་སྦྱིན་པ་བྱེད་དོ། །མལ་ཆ་འདོད་པ་རྣམས་ལ་མལ་ཆའི་སྦྱིན་པ་བྱེད་དོ། །ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱི་སྦྱིན་པ་བྱེད་དོ། །འཚོ་བ་འདོད་པ་རྣམས་ལ་འཚོ་བའི་སྦྱིན་པ་བྱེད་དོ། །ཡོ་བྱད་འདོད་པ་ 17-1-87b རྣམས་ལ་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་འདོད་པ་རྣམས་ལ། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་གྱི་སྦྱིན་པ་བྱེད་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པ་བྱེད་དེ། དེས་དེ་ལྟར་ཟས་ འདོད་པ་རྣམས་ལ་ཟས་བྱིན། བཞོན་པ་འདོད་པ་ལ་བཞོན་པ་བྱིན། །སྐོམ་འདོད་པ་ལ་སྐོམ་བྱིན། གོས་འདོད་པ་ལ་གོས་བྱིན། མེ་ཏོག་འདོད་པ་ལ་མེ་ཏོག་བྱིན། ཕྲེང་བ་འདོད་པ་ལ་ཕྲེང་བ་བྱིན། སྤོས་འདོད་པ་ལ་སྤོས་བྱིན། བྱུག་པ་འདོད་པ་ལ་བྱུག་ པ་བྱིན། མལ་ཆ་འདོད་པ་ལ་མལ་ཆ་བྱིན། ཁྱིམ་འདོད་པ་ལ་ཁྱིམ་བྱིན། འཚོ་བ་འདོད་པ་ལ་འཚོ་བ་བྱིན། ཡོ་བྱད་འདོད་པ་ལ་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ ཏིག་དང་། བཻ་དུརྱ་དང་དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་ བར་དུ་བྱིན་ནས། སེམས་ཅན་དེ་དག་ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་གི་ཀྱང་ཆོས་སྟོན་པ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ་སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གི་ལམ་པོ་ཆེའི་ བཞི་འདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས་བྱིན་། སྐོམ་འདོད་པ་རྣམས་ལ་ནི་སྐོམ་བྱིན། བཞོན་པ་འདོད་པ་ 17-1-88a རྣམས་ལ་ནི་བཞོན་པ་བྱིན། གོས་འདོད་པ་རྣམས་ལ་ནི་གོས་བྱིན། མེ་ཏོག་འདོད་པ་རྣམས་ལ་ནི་མེ་ཏོག་བྱིན། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་བྱིན། སྤོས་འདོད་པ་རྣམས་ལ་ནི་སྤོས་བྱིན། བྱུག་པ་འདོད་པ་ རྣམས་ལ་ནི་བྱུག་པ་བྱིན། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ་བྱིན། ཁྱིམ་འདོད་པ་རྣམས་ལ་ནི་ཁྱིམ་བྱིན། འཚོ་བ་འདོད་པ་རྣམས་ལ་ནི་འཚོ་བ་བྱིན། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་ བྱད་འདོད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་དེ་ལ་ཅི་སྙམས་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ལ་ཡང་ ཅི་ཡང་བྱིན་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འཁོར་ལོ་སྒྱུར་བའི་སྲིད་མངོན་ པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས་བྱིན། སྐོམ་འདོད་པ་རྣམས་ལ་ནི་སྐོམ་བྱིན། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་བྱིན། གོས་འདོད་པ་རྣམས་ལ་ནི་གོས་བྱིན། མེ་ཏོག་འདོད་པ་རྣམས་ལ་ནི་མེ་ཏོག་བྱིན། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་བྱིན། སྤོས་འདོད་པ་རྣམས་ལ་ནི་སྤོས་བྱིན། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ་བྱིན། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ་བྱིན། ཁྱིམ་འདོད་པ་རྣམས་ལ་ནི་ཁྱིམ་བྱིན། འཚོ་ བ་འདོད་པ་རྣམས་ལ་ནི་འཚོ་བ་བྱིན། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནི། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། 17-1-88b མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་ བའི་བར་དུ་བྱིན་ནས། སེམས་ཅན་གང་ལ་ཅི་ཡང་བྱིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་ དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་། ཆེད་དུ་བསམ་ཏེ་སྐྱེ་བ་ཡོངས་སུ་བཟུང་བས་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་ཤིང་དེ་འཁོར་ལོས་བསྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ རབ་ཏུ་འགོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམ་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་ རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་ པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སེམས་ཅན་རྣམས་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་ 17-1-89a རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཆོས་བསྟན་པ་དེ་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་ འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དམ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུང་གྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ ལ་སེམས་ཅན་རྣམས་རབ་ཏུ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡོད་དམ། བསམ་གཏན་བཞི་དང་། ཚད་མེད་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་ 17-1-89b དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་ པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བཀོད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། བསམ་གཏན་བཞི་དང་། ཚད་ མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་ པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བཀོད་ཀྱང་། སེམས་ཅན་གང་ཡང་དེ་དག་ལ་བཀོད་པ་མེད་དོ། །རབ་འབྱོར་དེ་ ཅིའི་ཕྱིར་ཞེ་ན། དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་ 17-1-90a བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ལ་སྦྱོར་ཞིང་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་རབ་ ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་། དབྱིག་པས་བརྡེག་ཅིང་མཚོན་གྱིས་འདེབས་ ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ་ཞེས་གོ་ཆ་བགོ་བ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་འདྲ་བ་ལ་རབ་ཏུ་འགོད་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་ མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་འདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བ་དང་། རབ་ཏུ་འགོད་པ་བྱས་ ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞག་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མཆིས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཚད་མེད་གྲངས་མེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་ 17-1-90b བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ ཞིང་གཞོག་གོ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་ དང་གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་ དག་པར་བསྐུལ་ཞིང་། གཞོག་གོ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་ དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ལུས་དང་ སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ ཅན་ཚད་མེད་གྲངས་མེད་པ་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་ བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ 17-1-91a དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ། །འགོད་དོ། །རབ་འབྱོར་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་ཅིང་འགོད་ པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་གནས་ཤིང་། ཆོས་གང་ལ་ཡང་འཁྲུག་པ་འམ། འཁྲུག་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་པ་དང་འགོད་པར་བྱས་ཏེ། དེ་ལྟར་ཡང་དག་པར་ བསྐུལ་བ་རྣམས་ཀྱང་། ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་འདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ 17-1-91b ལ་བཀོད་ཀྱང་། སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་ དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། ཚུ་རོལ་ཏམ། ཕ་རོལ་ཏུ་མི་དམིགས་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་ པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཏེ་ བཞག་ཅིང་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། 17-1-92a བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ ཀྱང་། སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུར་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་འདོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་ དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། 17-1-92b འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟར་སྟེ་ཕ་རོལ་ཏུ་ ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ ཡང་བྲལ་བར་མི་འགྱུར་རོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་ སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ། །འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་ 17-1-93a རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། ། ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་ གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་ བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་ 17-1-93b གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་བསྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། ། ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། ། ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་ 17-1-94a གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་བསྟོན་ཏེ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་ རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་ 17-1-94b བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། ། ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་ འགོད་དོ། །འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་བསྟོན་ཏེ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གིས་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་ 17-1-95a གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་ དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་ དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ 17-1-95b དེ་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་ འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་ 17-1-96a སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་ 17-1-96b གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟར་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་རྩོན་འགྲུས་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་ 17-1-97a རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ་འགོད་དོ། ། འདི་ལྟར་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ ནམ་ཡང་བྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་བསྐུལ་ཞིང་བཞག་སྟེ། བཀོད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་ དེས་སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྐུལ་ཞིང་བཞག་སྟེ། དཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། ནུབ་ཕྱོགས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། ཤར་ལྷོའི་ ཕྱོགས་མཚམ་གྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ 17-1-97b ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ན། སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་རྣམ་པར་སྤྱོད་ཅིང་། སེམས་སྐྱེད་པ་གཞན་གྱི་གོ་མྱི་འབྱེད་དེ། བདག་གི་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ ཅིག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། ། འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱི་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ 17-1-98a ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྟོང་པ་ཉིད་སྟོང་པ་ཉིད་ལ་དགོད་ པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཆེན་པོ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དོན་དམ་པ་སྟོང་པ་ཉིད་ལ་དགོད་ པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འདུས་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འདུས་མ་བྱས་སྟོང་ པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དོར་བ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་ སེམས་ཅན་འདི་སྙེད་ཅིག་ནི་རང་བཞིན་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མྱི་དམྱིགས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་ 17-1-98b དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ ཅིག་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཡང་དག་པར་སྤོང་བ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ ཅན་འདི་སྙེད་ཅིག་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དབང་པོ་ལྔ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ ཅན་འདི་སྙེད་ཅིག་ནི་སྟོབས་ལྔ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ ཅན་འདི་སྙེད་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འཕགས་པའི་བདེན་པ་རྣམས་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་ པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བསམ་གཏན་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚད་མྱེད་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པར་ཐར་པ་ བརྒྱད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ 17-1-99a ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མངོན་པར་ཤེས་པ་ལྔ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཏིང་ངེ་འཛིན་ ཐམས་ཅད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་ སེམས་ཅན་འདི་སྙེད་ཅིག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མྱི་འཇིགས་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྙིང་རྗེ་ཆེན་པོ་ ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་ པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་ འདི་སྙེད་ཅིག་ནི་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། ། 17-1-99b བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལམ་གྱིས་རྣམ་པ་ཤེས་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། ། འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །ཞེས་བྱ་བར་སེམས་བསྐྱེད་པའི་གོ་མྱི་འབྱེད་ཀྱི་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཆེན་པོ་སྟོང་པ་ཉིད་ ལ་དགོད་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །རང་བཞིན་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགོད་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ ཉིད་ལ་དགོད་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །དྲན་པ་ ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ལ་དགོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །དབང་པོ་ལྔ་ལ་དགོད་པར་བྱའོ། །སྟོབས་ལྔ་ལ་དགོད་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དགོད་པར་བྱའོ། ། 17-1-100a འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་བྱའོ། །བསམ་གཏན་བཞི་ལ་དགོད་པར་བྱའོ། །ཚད་མེད་པ་བཞི་ལ་དགོད་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་དགོད་པར་ བྱའོ། །རྣམ་པར་ཐར་པ་བརྒྱད་ལ་དགོད་པར་བྱའོ། །མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་བྱའོ། །མངོན་པར་ ཤེས་པ་ལྔ་ལ་དགོད་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །མྱི་འཇིགས་པ་བཞི་ལ་དགོད་པར་བྱའོ། །སོ་སོ་ཡང་ དག་པར་རིག་པ་བཞི་ལ་དགོད་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་དགོད་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་ བུ་ལ་དགོད་པར་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་བྱའོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །ཞེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །སྟོང་པ་ཉིད་བཅྭོ་བརྒྱད་ལ་དགོད་པར་ བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ལ་དགོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །དབང་པོ་ལྔ་ལ་དགོད་པར་བྱའོ། །སྟོབས་ལྔ་ལ་དགོད་པར་བྱའོ། །བྱང་ཆུབ་ཀྱི་ཡན་ 17-1-100b ལག་བདུན་ལ་དགོད་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་བྱའོ། །འཕགས་པའི་བདེན་པ་བཞི་ལ་དགོད་པར་བྱའོ། །བསམ་གཏན་བཞི་ལ་དགོད་པར་བྱའོ། །ཚད་མྱེད་པ་བཞི་ལ་དགོད་པར་བྱའོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་ལ་དགོད་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ལ་དགོད་པར་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ དགོད་པར་བྱའོ། །མངོན་པར་ཤེས་པ་ལྔ་ལ་དགོད་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །མྱི་འཇིགས་ པ་བཞི་ལ་དགོད་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་དགོད་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་དགོད་པར་ བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དགོད་པར་བྱའོ་སྙམས་དུ་སེམས་སྐྱེད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་ གྱུར་པ་ཡོད་དམ། དྲན་པ་ཉེ་བར་གཞག་པ་བཞི་ལ་དཀོད་པར་གྱུར་པ་ཡོད་དམ། ཡང་དག་པར་སྤོང་བ་བཞི་ལ་དཀོད་པར་གྱུར་པ་ཡོད་དམ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དཀོད་པར་གྱུར་པ་ཡོད་དམ། དབང་པོ་ལྔ་ལ་དཀོད་པར་གྱུར་པ་ཡོད་དམ། སྟོབས་ལྔ་ལ་ དཀོད་པར་གྱུར་པ་ཡོད་དམ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དཀོད་པར་གྱུར་པ་ཡོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དཀོད་པར་གྱུར་པ་ཡོད་དམ། འཕགས་པའི་བདེན་པ་བཞི་ལ་དཀོད་པར་གྱུར་པ་ཡོད་དམ། 17-1-101a བསམ་གཏན་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། ཚད་མེད་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པར་ཐར་པ་བརྒྱད་ལ་བཀོད་པར་གྱུར་ པ་ཡོད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་བཀོད་པར་གྱུར་པ་ཡོད་དམ། མངོན་པར་ཤེས་པ་ལྔ་ལ་བཀོད་པར་ གྱུར་པ་ཡོད་དམ། ཏིང་ངེ་འཛིན་ཐམས་ཅད་ལ་བཀོད་པར་གྱུར་པ་ཡོད་དམ། གཟུངས་ཀྱི་སྒོ་ཐམས་ཅད་ལ་བཀོད་པར་གྱུར་པ་ཡོད་དམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བཀོད་པར་གྱུར་པ་ཡོད་དམ། མི་འཇིགས་པ་བཞི་ལ་བཀོད་པར་གྱུར་ པ་ཡོད་དམ། སོ་སོ་ཡང་དག་པར་རིག་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། སྙིང་རྗེ་ཆེན་པོ་ལ་བཀོད་པར་གྱུར་པ་ཡོད་དམ། སངས་རྒྱས་ཀྱི་མ་འདྲེས་པ་བཅོ་བརྒྱད་ལ་བཀོད་པར་གྱུར་པ་ཡོད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པར་ གྱུར་པ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་པ་ཡོད་དམ། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་པ་ཡོད་དམ། དགྲ་བཅོམ་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། རང་བྱང་ཆུབ་ལ་བཀོད་པར་གྱུར་པ་ཡོད་དམ། ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་སེམས་བསྐྱེད། སྟོང་པ་ཉིད་བཅོ་བརྒྱད་ལ་དགོད་པར་སེམས་བསྐྱེད། དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་ པར་སེམས་བསྐྱེད། ཡང་དག་པར་སྤོང་པ་བཞི་ལ་དགོད་པར་སེམས་བསྐྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་སེམས་བསྐྱེད། དབང་པོ་ལྔ་ལ་དགོད་པར་སེམས་བསྐྱེད། སྟོབས་ལྔ་ལ་དགོད་པར་སེམས་བསྐྱེད། བྱང་ཆུབ་གྱི་ཡན་ 17-1-101b ལག་བདུན་ལ་དགོད་པར་སེམས་བསྐྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་སེམས་བསྐྱེད། འཕགས་པའི་བདེན་པ་བཞི་ལ་དགོད་པར་སེམས་བསྐྱེད། བསམ་གཏན་བཞི་ལ་དགོད་པར་སེམས་བསྐྱེད། ཚད་མྱེད་པ་བཞི་ལ་དགོད་ པར་སེམས་བསྐྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་དགོད་པར་སེམས་བསྐྱེད། རྣམ་པར་ཐར་པ་བརྒྱད་ལ་དགོད་པར་སེམས་བསྐྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་སེམས་བསྐྱེད། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་སེམས་བསྐྱེད། མངོན་པར་ཤེས་པ་ལྔ་ལ་དགོད་པར་སེམས་བསྐྱེད། ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་སེམས་བསྐྱེད། གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་སེམས་ བསྐྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་སེམས་བསྐྱེད། མྱི་འཇིགས་པ་བཞི་ལ་དགོད་པར་སེམས་བསྐྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་སེམས་བསྐྱེད། སྙིང་རྗེ་ཆེན་པོ་ལ་དགོད་པར་སེམས་བསྐྱེད། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་སེམས་བསྐྱེད། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་སེམས་བསྐྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་སེམས་བསྐྱེད། ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་སེམས་ བསྐྱེད། དགྲ་བཅོམ་པ་ཉིད་ལ་དགོད་པར་སེམས་བསྐྱེད། རང་བྱང་ཆུབ་ལ་དགོད་པར་སེམས་བསྐྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་སེམས་བསྐྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་སེམས་བསྐྱེད་ཀྱང་ སེམས་ཅན་གང་གི་དོན་ཏུ་ཡང་སེམས་བསྐྱེད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གོ་ཆ་ཆེན་པོ་བགོས་པ་ཤེས་བྱའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་ 17-1-102a མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། ། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །མྱིག་མྱིག་གིས་སྟོང་ངོ་། །རྣ་བ་རྣ་བས་སྟོང་ངོ་། །སྣ་སྣས་སྟོང་ངོ་། །ལྕེ་ལྕེས་སྟོང་ངོ་། །ལུས་ལུས་ཀྱིས་སྟོང་ངོ་། ཡིད་ཡིད་ཀྱིས་སྟོང་ངོ་། །གཟུགས་གཟུགས་ཀྱིས་སྟོང་ངོ་། །སྒྲ་སྒྲས་སྟོང་ངོ་། །དྲི་དྲིས་སྟོང་ངོ་། །རོ་རོས་སྟོང་ ངོ་། །རེག་རེག་གིས་སྟོང་ངོ་། །ཆོས་ཆོས་ཀྱིས་སྟོང་ངོ་། །མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་ངོ་། །ལྕེའི་རྣམ་པར་ ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ རྣ་བའི་འདུས་ཏེ་རེག་པས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱིས་འདུས་ཏེ་རེག་པས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱིས་འདུས་ཏེ་རེག་ པས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱི་ཚོར་བས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལུས་ཀྱིས་འདུས་ཏེ་ རེག་པའི་རྐྱེན་ཀྱི་ཚོར་བས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །སའི་ཁམས་ས་ཁམས་ཀྱིས་སྟོང་ངོ་། །ཆུའི་ཁམས་ཆུའི་ 17-1-102b ཁམས་ཀྱིས་སྟོང་ངོ་། །མྱེའི་ཁམས་མེའི་ཁམས་ཀྱིས་སྟོང་ངོ་། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་ངོ་། །ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་ པའི་ཁམས་ཀྱིས་སྟོང་ངོ་། །མ་རིག་པ་མ་རིག་པས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །མྱིང་དང་གཟུགས་མྱིང་དང་གཟུགས་ཀྱིས་སྟོང་ངོ་། །སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་ སྟོང་ངོ་། །རེག་པ་རེག་པས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །སྲེད་པ་སྲེད་པས་སྟོང་ངོ་། །ལེན་པ་ལེན་པས་སྟོང་ངོ་། །སྲིད་པ་སྲིད་པས་སྟོང་ངོ་། །སྐྱེ་བ་སྐྱེ་བས་སྟོང་ངོ་། །རྒ་ཤི་རྒ་ཤིས་སྟོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ནང་སྟོང་ པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་། ། དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོར་བ་མེད་པ་སྟོང་པ་ཉིད་དོར་བ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ 17-1-103a ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་ རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ངོ་། །དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་ངོ་། །སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ ཀྱིས་སྟོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་ངོ་། །བསམ་གཏན་ རྣམས་བསམ་གཏན་རྣམས་ཀྱིས་སྟོང་ངོ་། །ཚད་མེད་པ་རྣམས་ཚད་མེད་པ་རྣམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ ངོ་། །རྣམ་པར་ཐར་པ་རྣམས་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་ཐམས་ཅད་ 17-1-103b ཏིང་ངེ་འཛིན་ཐམས་ཅད་ཀྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་ཐམས་ཅད་གཟུངས་ཀྱི་སྒོ་ཐམས་ཅད་ཀྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་བཅུས་སྟོང་ངོ་། །མི་འཇིགས་པ་རྣམས་མི་ འཇིགས་པ་རྣམས་ཀྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་ངོ་། །སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ངོ་། །གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་དོན་ཏུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་ མ་བྱས་མངོན་པར་མ་བྱས་སོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས། རྣམ་པར་མ་བགྱིས་མངོན་པར་མ་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས། གང་གི་དོན་ཏུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་། ཅིའི་སླད་དུ་མ་བགྱིས། རྣམ་པར་མ་བགྱིས། མངོན་པར་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་དམྱིགས་ སུ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་ཏུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་ 17-1-104a མྱ་བྱས། རྣམ་པར་མྱ་བྱས། མངོན་པར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཚོར་བ་མྱི་བྱེད། རྣམ་པར་མི་བྱེད། མངོན་པར་ མི་བྱེད་དོ། །འདུ་ཤེས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །འདུ་བྱེད་མི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རབ་འབྱོར་མིག་ མྱི་བྱེད་རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རྣ་བ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །སྣ་མི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལྕེ་མི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལུས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཡིད་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དོ། །རབ་འབྱོར་གཟུགས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །སྒྲ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །དྲི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རོ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རེག་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཆོས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་མྱིག་གི་རྣམ་ པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །སྣའི་རྣམ་པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ལྕེའི་རྣམ་ པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་ འབྱོར་མིག་གི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །སྣའི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། ། 17-1-104b ལྕེའི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་ དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །སྣའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་ བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་བདག་གི་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་སེམས་ཅན་ནི་མི་བྱེད་མངོན་པར་མི་བྱེད་དེ་དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་སྲོག་ནི་མི་བྱེད་རྣམ་པར་མི་བྱེད། མངོན་པར་མི་ བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འགྲོ་བ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གསོ་བ་ནི་ མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྐྱེས་བུ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་ རོ། །རབ་འབྱོར་གང་ཟག་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེད་ཅན་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། 17-1-105a དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེད་བདག་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བྱེད་པ་པོ་ནི་མི་བྱེད་རྣམ་པར་མི་ བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་པོ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེས་ པ་པོ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མཐོང་པ་པོ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་ པའི་ཕྱིར་རོ། །རབ་འབྱོར་རྨི་ལམ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྒྱུ་མ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྒྲ་བརྙན་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མིག་ཡོར་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཟུགས་བརྙན་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྨྱིག་རྒྱུ་ནི་མི་བྱེད། རྣམ་པར་ མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྤྲུལ་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མ་རིག་ པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འདུ་བྱེད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། ། 17-1-105b རབ་འབྱོར་རྣམ་པར་ཤེས་པ་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མིང་དང་གཟུགས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྐྱེ་མཆེད་དྲུག་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རེག་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་ བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྲེད་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ལེན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། ། རབ་འབྱོར་སྲིད་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་སྐྱེ་བ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་ དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྒ་ཤི་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་ པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ ཕྱིར་རོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་ 17-1-106a པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ནི་མྱི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་ པའི་ཕྱིར་རོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་ མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དོན་ དམ་པ་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མི་ བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། 17-1-106b དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མི་དམྱིགས་པ་སྟོང་པ་ཉིད་ ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མི་བྱེད། རྣམ་པར་ མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ ཕྱིར་རོ། །རབ་འབྱོར་ཡང་དག་པར་སྤོང་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་ པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དབང་པོ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྟོབས་རྣམས་ནི་མི་བྱེད། 17-1-107a རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་ པའི་ཕྱིར་རོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ནི་མི་བྱེད། རྣམ་པར་མི་ བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གཏན་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚད་ མེད་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ནི་མྱི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་ པའི་ཕྱིར་རོ། །རབ་འབྱོར་ཏིང་ངེ་འཛིན་ཐམས་ཅད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཟུངས་ཀྱི་སྒོ་ཐམས་ཅད་ནི་མི་བྱེད། རྣམ་པར་མི་བྱེད། 17-1-107b མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། ། རབ་འབྱོར་མི་འཇིགས་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མྱི་བྱེད་ དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་ མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མ་ནོར་བ་དེ་བཞིན་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཞན་མ་ཡིན་པ་དེ་བཞིན་ཉིད་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་དབྱིངས་ནི་ མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཀྱི་གནས་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ ཕྱིར་རོ། །རབ་འབྱོར་ཆོས་སྐྱོན་མེད་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཡང་དག་པའི་མཐའ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ་དེ་ཅིའི་ 17-1-108a ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ལམ་གྱི་རྣམ་པར་ཤེས་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་ པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དེ་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གོ་ཆ་ཆེན་པོ་བགོས་པ་ནི་གོ་ཆ་མེད་པའི་གོ་ཆ་བགོས་ཤེས་བྱའོ། །གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་ནི་ མ་བཅིངས་མ་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུ་གང་པོས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ། །ཚོར་བ་མ་བཅིངས་མ་གྲོལ་བ་ ཡིན་ནམ། འདུ་ཤེས་མ་བཅིངས་མ་གྲོལ་བ་ཡིན་ནམ། འདུ་བྱེད་མ་བཅིངས་མ་གྲོལ་བ་ཡིན་ནམ། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། སྨྲས་པ་ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་པོ་ 17-1-108b གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་མ་བཅིངས་མ་གྲོལ་བའི་གཟུགས་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་ཚོར་བ་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་འདུ་ཤེས་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་འདུ་བྱེད་ གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་རྣམ་པར་ཤེས་པ་གང་ཡིན། སྨྲས་པ་ཚེ་དང་ལྡན་པ་གང་པོ་གང་འདི་རྨི་ལམ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨི་ལམ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་ བའོ། །གང་འདི་རྨི་ལམ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨི་ལམ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨི་ལམ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་ སྒྱུ་མ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་འདུ་བྱེད་དེ་ནི་མ་ བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། ། གང་འདི་སྒྲ་བརྙན་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མིག་ཡོར་ལྟ་ བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མིག་ཡོར་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མིག་ཡོར་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མིག་ཡོར་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་ 17-1-109a མ་གྲོལ་བའོ། །གང་འདི་མིག་ཡོར་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་ཚོར་བ་དེ་ནི་ མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་ མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་ རྒྱུ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་ མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་རྣམ་པར་ཤེས་པ་ ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་འདུ་བྱེད་ ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ 17-1-109b འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མེད་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མེད་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མེད་པའི་ ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དབེན་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་ བའོ། །འདུ་ཤེས་དབེན་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མ་སྐྱེས་པའི་ ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མེད་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མེད་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། ། ཚེ་དང་ལྡན་པ་གང་པོ་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་རྣམ་པར་ ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མི་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་འདུ་བྱེད་ནི་ མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ལུང་དུ་མ་བསྟན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། ། 17-1-110a ལུང་དུ་མ་བསྟན་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་རྣམ་པར་ཤེས་པ་ནི་ མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་འདུ་ཤེས་ནི་མ་བཅིངས་མ་ གྲོལ་བའོ། །འཇིག་རྟེན་ལས་འདས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་དང་བཅས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། ། ཟག་པ་དང་བཅས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་ གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་མེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་འདུ་བྱེད་ནི་ མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ཅི་འི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མེད་པའི་ཕྱིར་ཚོར་བ་མ་བཅིངས་ མ་གྲོལ་བའོ། །འདུ་ཤེས་མེད་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མེད་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ 17-1-110b ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དབེན་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་དབེན་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་དབེན་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་ པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མ་སྐྱེས་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མ་སྐྱེས་པའི་ཕྱིར་འདུ་ཤེས་མ་བཅིངས་མ་ གྲོལ་བའོ། །འདུ་བྱེད་མ་སྐྱེས་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། །མེད་པའི་ ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ མ་བཅིངས་མ་གྲོལ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་ མ་གྲོལ་བའོ། །མྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་ བའོ། །མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་བརྩོན་ 17-1-111a འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། ། མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་ གྲོལ་བའོ། །མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་ བའོ། །ཚེ་དང་ལྡན་པ་གང་པོ། ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། ། ཆེན་པོ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །འདུས་བྱས་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རང་བཞིན་སྟོང་པ་ཉིད་ཀྱང་མ་བཅིངས་ མ་གྲོལ་བའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མི་དམྱིགས་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མེད་པ་སྟོང་པ་ཉིད་ ཀྱང་མ་བཅིངས་མ་གྲོལ་བའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་ 17-1-111b བའོ། །དབེན་པའི་ཕྱིར་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་ བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཕྱི་ ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་ བའོ། །མེད་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་དོན་དམ་པ་སྟོང་ པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། ། དབེན་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འདུས་མ་ བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མཐའ་ལས་ འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཐོག་མ་དང་ 17-1-112a ཐ་མ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ ཕྱིར་དོར་བ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རང་བཞིན་ སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཐམས་ཅད་ སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རང་གི་མཚན་ ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་མི་དམིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མི་དམྱིགས་ པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དངོས་པོ་མེད་པ་སྟོང་ པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་ གྲོལ་བའོ། །མ་སྐྱེས་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ 17-1-112b བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །ཡང་དག་པར་སྤོང་བ་རྣམས་ནི་མ་ བཅིངས་མ་གྲོལ་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །དབང་པོ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་ བཅིངས་མ་གྲོལ་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དྲན་པ་ཉེ་བར་ གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ ཡང་དག་པར་སྤོང་བ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དབང་ པོ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དབང་པོ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། ། མ་སྐྱེས་པའི་ཕྱིར་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ 17-1-113a ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་ པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །བསམ་གཏན་རྣམས་ནི་མ་བཅིངས་མ་གྲོལ་བའོ། །ཚད་མྱེད་པ་རྣམས་ནི་མ་བཅིངས་ མ་གྲོལ་བའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཐར་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མ་བཅིངས་མ་གྲོལ་བའོ། །མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཏིང་ངེ་འཛིན་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་ བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་ བའོ། །མྱེད་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཚད་མྱེད་པ་རྣམས་ མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་ མ་གྲོལ་བའོ། །དབེན་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྣམ་ 17-1-113b པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་ པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་ མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་ མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མྱི་འཇིགས་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སྙིང་རྗེ་ཆེན་པོ་ ནི་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དེ་བཞིན་ 17-1-114a གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་ པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཐམས་ཅད་ཤེས་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བཅིངས་མ་གྲོལ་ བའོ། །ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་ པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་ 17-1-114b ཡང་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་ པོ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་དབྱིངས་ཀྱང་མ་བཅིངས་ མ་གྲོལ་བའོ། །ཆོས་ཀྱི་གནས་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་སྐྱོན་མྱེད་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཡང་དག་པའི་མཐའ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། ། དབེན་པའི་ཕྱིར་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་ པའི་ཕྱིར་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་ བའོ། །མྱེད་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་ བའོ། །མ་སྐྱེས་པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། ། 17-1-115a མྱེད་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཡང་དག་པའི་མཐའ་ མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདུས་མ་བྱས་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་ པོ་མྱེད་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བའི་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་མ་བཅིངས་ མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་ བའོ། །འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དོར་བ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། ། རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་ 17-1-115b གྲོལ་བའོ། །ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཡང་དག་པར་སྤོང་པ་རྣམས་མ་བཅིངས་མ་གྲོལ་བའོ། །རྫུ་འཕྲུལ་གྱི་ རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །ལམ་རྣམས་མ་བཅིངས་མ་གྲོལ་བའོ། །འཕགས་པའི་ བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཐར་པ་རྣམས་ མ་བཅིངས་མ་གྲོལ་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། ། ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །གཟུངས་ཀྱི་སྒོ་རྣམས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་མ་བཅིངས་མ་གྲོལ་བའོ། །ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་ བའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་ 17-1-116a བའོ། །ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་མ་བཅིངས་མ་གྲོལ་བ་སྟེ། དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས། མ་བཅིངས་མ་གྲོལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་ བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་ནང་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཕྱི་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཕྱི་ནང་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་སྟོང་པ་ཉིད་ སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆེན་པོ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དོན་དམ་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་བྱས་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་མ་བྱས་སྟོང་པ་ཉིད་ལ་ གནས། མ་བཅིངས་མ་གྲོལ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་རང་བཞིན་སྟོང་ པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དངོས་པོ་མྱེད་པ་སྟོང་ པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་ཡང་དག་པར་ སྤོང་བ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་དབང་པོ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་སྟོབས་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། 17-1-116b མ་བཅིངས་མ་གྲོལ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་འཕགས་པའི་བདེན་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་བསམ་གཏན་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་ཚད་མྱེད་པ་རྣམས་ ལ་གནས། མ་བཅིངས་མ་གྲོལ་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པར་ཐར་པ་བརྒྱད་ལ་གནས། མ་བཅིངས་མ་གྲོལ་བའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། མ་བཅིངས་ མ་གྲོལ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་གནས། མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་གཟུངས་ཀྱི་སྒོ་ རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མ་བཅིངས་མ་གྲོལ་བའི་མི་འཇིགས་པ་བཞི་ལ་གནས། མ་བཅིངས་མ་གྲོལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། མ་བཅིངས་མ་གྲོལ་བའི་ སྙིང་རྗེ་ཆེན་པོ་ལ་གནས། མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས། མ་བཅིངས་མ་གྲོལ་བའི་བྱང་ཆུབ་ལ་གནས། མ་བཅིངས་མ་གྲོལ་བའི་ཐམས་ཅད་ཤེས་པ་ཉིད་ལ་གནས། མ་བཅིངས་ མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མ་ནོར་པ་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་དབྱིངས་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་སྐྱོན་མྱེད་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཡང་དག་པའི་མཐའ་ ལ་གནས། མ་བཅིངས་མ་གྲོལ་བའི་འདུས་མ་བྱས་ལ་གནས་ཏེ། མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཞིང་ཡོངས་ 17-1-117a སུ་དག་པར་མྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཉན་ཏོ། །མ་བཅིངས་མ་གྲོལ་བ་དེ་མ་ བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་ བཅིངས་མ་གྲོལ་བའི་མྱིག་ལྔ་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་གཟུངས་རྣམས་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བར་ འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་ཏེ། ཚེ་དང་ལྡན་པ་གང་པོ་དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས་མྱེད་པ་དང་། དབེན་པ་དང་། སྐྱེ་བ་མྱེད་པ་ཉེ་བར་བཟུང་ཞིང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཚེ་དང་ལྡན་ པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ། ཐེག་པ་ཆེན་པོའི་གོ་ཅ་བགོས་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། བཅོམ་ལྡན་འདས་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ 17-1-117b པར་རིག་པར་བགྱི་བ་ལགས། ཐེག་པ་དེ་ནི་གང་ནས་བྱུང་བ་ལགས། ཐེག་པ་དེ་ནི་གང་དུ་གནས་པར་འགྱུ་བ་ལགས། ཐེག་པ་དེས་ནི་སུ་ཞིག་འབྱུང་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་ཁྱོད་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་གང་ཞེས་ཟེར་བ་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ དོན་དུ་གཉེར་བ་རྣམས་ལ་འདི་ལྟར་ཕྱི་ནང་གི་དངོས་པོའི་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱི་དམྱིགས་པའི་ཚུལ་གྱིས་ཡོངས་སུ་སྔོ་ བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་དགེ་བ་བཅུའི་ལས་ ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ལ། སེམས་ཅན་ཕ་རོལ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་མྱི་དམྱིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་བ་དང་། གཞོག་པ་དང་། རབ་ཏུ་དགོད་པར་བྱེད་པ་འདི་ནི་ 17-1-118a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་བཟོད་པ་ཕུན་སུམ་ ཚོགས་པ་ཡིན་ལ། གཞན་ཡང་མྱི་དམྱིགས་པའི་ཚུལ་གྱིས་བཟོད་པ་ལ་ཡང་དག་པར་སྐུལ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པ་མྱི་འདོར་ཞིང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མྱི་དམྱིགས་པའི་ཚུལ་གྱིས་སྦྱོར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བསམ་གཏན་རྣམས་ལ་ཐབས་མཁས་པར་མཉམ་པར་གཞོག་ཀྱང་། དེ་དག་གི་དབང་གིས་མྱི་སྐྱེ་ཞིང་གཞན་ཡང་བསམ་གཏན་རྣམས་ལ་མྱི་དམྱིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་བ་ བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། 17-1-118b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མྱེད་པར་ ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དམྱིགས་པ་མྱེད་པའི་ཚུལ་གྱིས་རྟོགས་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མྱེད་པ་དང་། ཆོས་ཐམས་ཅད་ཀྱིས་རང་བཞིན་རྟོགས་པར་བྱ་བ་ལ་མྱི་དམིགས་ པའི་ཚུལ་གྱིས་ཡང་དག་པར་སྐུལ་ཞིང་གཞོག་པ་དང་། རབ་ཏུ་འགོད་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གིས་ཆོས་ཤེས་བྱ་བ་ནི། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་མྱི་རྟག་ མྱི་འཇིགས་པའི་ཕྱིར། མྱིག་མྱིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། རྣ་བ་རྣ་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་ 17-1-119a བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། སྣ་སྣས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ལྕེ་ལྕེས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ལུས་ལུས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མི་རྟག་མྱི་འཇིག་པའི་ཕྱིར། ཡིད་ཡིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ ཕྱིར་ཏེ། འདི་ནི་ནང་སྟོང་པ་ཉིད་དོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་ཤེས་བྱ་བ་ནི། གཟུགས་དང་སྒྲ་དང་། དྲི་དང་རོ་དང་། རེག་དང་ཆོས་རྣམས་ཏེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་པའི་ཕྱིར། སྒྲ་སྒྲས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། དྲི་དྲིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། རོ་རོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མི་འཇིག་པའི་ཕྱིར། རེག་རེག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ཆོས་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། འདི་དག་ནི་ཕྱི་ནང་གི་ཆོས་ཤེས་བྱ་སྟེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ དེ་ཡིན་པའི་ཕྱིར་རོ། །ཕྱིའི་ཆོས་རྣམས་ནང་གི་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། མྱི་རྟག་མྱི་འཇིག་པའི་ཕྱིར། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ 17-1-119b ཡིན་པའི་སྟོང་པ་ཉིད་དེས། སྟོང་པ་ཉིད་སྟོང་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། མྱི་རྟག་མྱི་འཇིག་པའི་ཕྱིར། ཤར་ཕྱོགས་ ཤར་ཕྱོགས་ཀྱིས་སྟོང་། ལྷོ་ཕྱོགས་ལྷོ་ཕྱོགས་ཀྱིས་སྟོང་། ནུབ་ཕྱོགས་ནུབ་ཕྱོགས་ཀྱིས་སྟོང་། བྱང་ཕྱོགས་བྱང་ཕྱོགས་ཀྱིས་སྟོང་། འོག་གི་ཕྱོགས་འོག་གི་ཕྱོགས་ཀྱིས་སྟོང་། སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་སྟོང་། དེ་བཞིན་དུ་ཕྱོགས་མཚམས་རྣམས་ཕྱོགས་འཚམས་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ནི་ མྱ་ངན་ལས་འདས་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཤེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། འདོད་པའི་ཁམས་འདོད་པའི་ཁམས་ཀྱིས་ སྟོང་ངོ་། །གཟུགས་ཀྱི་ཁམས་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མྱེད་པའི་ཁམས་གཟུགས་མྱེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་བྱས་སྟོང་པ་ ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཤེས་བྱ་བ་ནི་གང་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མྱེད་པ་འདི་ནི་འདུས་མ་བྱས་ཤེས་བྱ་སྟེ། མྱི་རྟག་མྱི་ འཇིག་པའི་ཕྱིར། འདུས་མ་བྱས་དེ་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། 17-1-120a གང་ལ་མཐའ་མྱི་དམྱིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར་མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མཐའ་ལས་འདས་ པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་མྱི་དམྱིགས་ཤིང་། ཐ་མ་ཡང་མྱི་དམྱིགས་པ་དེ་ལ་འགྲོ་བ་མྱི་དམྱིགས་འོང་བ་མྱི་དམྱིགས་ཏེ། མྱི་རྟག་མྱི་འཇིག་པའི་ཕྱིར། ཐོག་མ་དང་ ཐ་མ་མྱེད་པ་ཐོག་མ་དང་ཐ་མ་མྱེད་པས་སྟོང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མྱེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་གང་ཡང་དོར་ བ་མྱེད་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། དོར་བ་མྱེད་པ་དོར་བ་མྱེད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདུས་ བྱས་སམ་འདུས་མ་བྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་ བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་བྱས་ཏེ། མྱི་རྟག་མྱི་འཇིག་པའི་ཕྱིར། རང་བཞིན་རང་བཞིན་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ ཕྱིར་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ དང་། མྱིག་དང་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་དང་། གཟུགས་དང་། སྒྲ་དང་དྲི་དང་། རོ་དང་། རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་ 17-1-120b རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཡོད་པའི་ཆོས་དང་། གཟུགས་མྱེད་པའི་ཆོས་དང་། འདུས་བྱས་ཀྱི་ ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཏེ། འདི་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར་། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད། ཕུང་པོ་ནི་སྡུག་བསྔལ་གྱི་མཚན་ཉིད། ཁམས་ནི་གདུག་པའི་མཚན་ཉིད། སྐྱེ་མཆེད་ནི་སྐྱེ་བའི་ སྒོའི་མཚན་ཉིད། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མེད་པའི་མཚན་ ཉིད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཚིག་པ་མྱེད་པའི་མཚན་ཉིད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མྱེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད། 17-1-121a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མྱེད་པའི་མཚན་ཉིད། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་འཁྲུག་པ་མྱེད་པའི་མཚན་ཉིད། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྨོན་ པ་མྱེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད། རྣམ་པར་གྲོལ་བ་ནི་རྣམ་པར་འགྲེལ་པའི་མཚན་ཉིད། སྟོབས་རྣམས་ནི་ཤིན་ཏུ་རྟོགས་པའི་མཚན་ཉིད། མྱི་འཇིག་པ་རྣམས་ནི་ཤིན་ཏུ་བརྟེན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་མྱི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་ཕན་པ་བསྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་ཡོངས་སུ་སྐྱོབ་པའི་མཚན་ཉིད། དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད། བཏང་སྙོམས་ཆེན་པོ་ནི་འདྲེ་བ་མྱེད་པའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མྱི་འཕྲོག་པའི་མཚན་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། མྱི་རྟག་ མྱི་འཇིག་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གིས་ཆོས་དེ་དག་ཐམས་ཅད་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ཡང་མྱི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་མྱི་དམྱིགས་པ་དང་། མ་འོངས་པ་མྱི་དམྱིགས་པ་དང་། ད་ལྟར་བྱུང་བའི་ གནས་མྱི་དམྱིགས་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། མྱི་དམྱིགས་པ་མྱི་དམྱིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་ 17-1-121b མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། འདུས་པའི་ངོ་བོ་ཉིད་མེད་དེ། མྱི་རྟག་མྱི་འཇིག་པའི་ཕྱིར། འདུས་པ་འདུས་པས་སྟོང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་ གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན། ཕུང་པོ་ལྔ་པོ་སྟེ། ཕུང་པོ་དེ་དག་ཀྱང་ཕུང་པོ་རྣམས་ཀྱིས་སྟོང་པས། དེ་ལྟར་ན་དངོས་པོ་དངོས་པོས་སྟོང་ངོ་། །ཇི་ལྟར་ན་དངོས་པོ་མྱེད་པ་དངོས་ པོ་མྱེད་པས་སྟོང་ཞེ་ན། དངོས་པོ་མྱེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་པས། དེ་ལྟར་ན་དངོས་པོ་མྱེད་པ་དངོས་པོ་མྱེད་པས་སྟོང་ངོ་། །ཇི་ལྟར་ན་རང་བཞིན་རང་བཞིན་གྱིས་སྟོང་ ཞེ་ན། རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ནོར་བ་སྟེ། དེ་ལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས། མཐོང་བས་མ་བྱས་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། དེ་ བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱིས་སྟོང་པ་གང་ཡིན་ པ་དེ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ།། །། 17-1-122a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ་དཔའ་བར་འགྲོ་བ་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་ འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་ རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚིག་ བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉམ་ པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ 17-1-122b དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུན་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་ འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣྲེལ་གཞི་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བ་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྒྲོན་མ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་པ་དམ་པ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མི་ཤེས་པ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤེས་རབ་སྒྲོན་མ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། 17-1-123a རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མཐའ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་ དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམྱིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགྱུར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱིང་ངེས་པར་ འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་མྱེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་རིབ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་བ་ མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མྱེད་པར་གནས་པ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་ འཛིན་དང་། མྱི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། 17-1-123b ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་མངོན་པར་སྒྲུབ་ པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འདོར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་ དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྡའ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་ བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་དམྱིགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པའི་མཆོག་ ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པའི་ཟ་མ་རྟོག་ ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགལ་ བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མྱེད་པ་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་ཆེན་པོ་ 17-1-124a ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་དམྱིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མྱེད་པས་རྣམ་པར་གྲོལ་ཞིང་གོས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བརྒྱད་དོ།། །། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ སྤྱོད་ཡུལ་ལ་སྤྱོད་པ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་ལྟ་བུར་འགྱུར་ བ་སྟེ། འདི་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སིང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པར་རྩེ་བ་སྟེ། འདི་ནི་སིང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། འདི་ནི་ཟླ་བ་བཟང་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། 17-1-124b དེ་ལ་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པ་སྟེ། འདི་ནི་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ ཏོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པ་སྟེ། འདི་ནི་ ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱིས་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ མྱི་འགྱུར་བའི་ཕྱག་རྒྱས་བཏབ་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་པར་ལྟ་བ་སྟེ། འདི་ནི་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱིས་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་ འཛིན་དེ་ལ་གནས་ཤིང་། ཆོས་ཀྱི་དབྱིངས་སུ་རྟོག་པར་འགྲོ་བ་སྟེ། འདི་ནི་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་ངེས་པར་འཛིན་པ་སྟེ། འདི་ནི་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ཞེས་བྱ་བའི་ ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་མྱི་འགྱུར་བ་སྟེ། འདི་ནི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ 17-1-125a ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ། འདི་ནི་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་ རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ། འདི་ནི་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ། འདི་ནི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ལ་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་འགོད་པ་སྟེ། འདི་ནི་དཔུང་རྣམ་པར་བཀོད་པ་ཞེས་བྱ་ བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་བ་སྟེ། འདི་ནི་ཡང་དག་ པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་ཚིག་ལ་གདོན་མྱི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་ བསྟན་པ་ལ་འཇུག་པ་སྟེ། འདི་ནི་ངེས་པའི་ཚིག་ལ་གདོན་མྱི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་ དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་བླ་དགས་ལ་འཇུག་པ་སྟེ། འདི་ནི་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ 17-1-125b གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་རྣམ་པར་ལྟ་བ་སྟེ། འདི་ནི་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། འདི་ནི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉམ་པར་མྱི་འགྱུར་བ་སྟེ། འདི་ནི་ཉམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་ བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདུ་ཞིང་ཁོངས་སུ་ཆུད་པར་འདོད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་ལ་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་ནམ་མཁའ་རྒྱས་པར་འགེངས་པ་སྟེ། འདི་ནི་ནམ་མཁའ་རྒྱས་པར་ འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པ་སྟེ། འདི་ནི་ རྡོ་རྗེ་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཇི་ལྟར་རྒྱལ་མཚན་དམ་པ་བཞིན་དུ་ཏིང་ངེ་འཛིན་ ཐམས་ཅད་ལས་འཕགས་པ་སྟེ། འདི་ནི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། 17-1-126a ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པ་སྟེ། འདི་ནི་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། རྒྱུན་གྱི་རྗེས་སུ་མ་ལོག་པར་ཡང་དག་པར་ཞུགས་པ་སྟེ། འདི་ནི་རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། རྡུལ་དང་དྲི་མ་ཐམས་ཅད་རབ་ཏུ་སྤངས་པའི་དབང་དུ་གྱུར་ཅིང་། ཇི་ལྟར་སེང་གེའི་རྒྱལ་པོ་བཞིན་དུ་དབང་ཐོབ་པས་བསྒྱིངས་པ་ལྟ་བུ་སྟེ། འདི་ནི་སེང་གེ་ རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འཁོར་བའི་རྒྱུན་རྣམས་རྒྱུན་གཅོད་པར་བྱེད་པ་སྟེ། འདི་ནི་ སྣྲེལ་གཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་སྤོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ། འདི་ནི་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལྷམ་མེ་ལྷན་ནེ་ལྷང་ངེར་ བྱེད་པ་སྟེ། འདི་ནི་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཚོལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་ཚོལ་བ་མྱེད་པ་སྟེ། འདི་ནི་ཚོལ་བ་མྱེད་ པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ལ་བརྟེན་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གནས་ལ་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་ 17-1-126b གནས་ལ་རྟེན་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་ཀྱང་མྱི་འབྱུང་བ་རྣམས་ཀྱང་མྱི་རྒྱུ་བ་སྟེ། འདི་ནི་སེམས་མྱེད་པ་ཞེས་བྱ་བའི་ ཏིང་ངེ་འཛིན་ཏོ། །དེ་ལ་དྲི་མ་མྱེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མྱེད་པར་བྱེད་པ་སྟེ། འདི་ནི་དྲི་མ་མྱེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འོད་མཐའ་ཡས་པར་བྱེད་པ་སྟེ། འདི་ནི་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་བྱེད་ པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། འདི་ནི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་ གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་འཐོབ་པ་སྟེ། འདི་ནི་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་སྟེ། འདི་ནི་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ དགའ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ། འདི་ནི་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ 17-1-126c ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ། འདི་ནི་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མྱི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ ཐམས་ཅད་ཟད་ཤེས་པ་དང་། ཟད་མྱི་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། འདི་ནི་ཟད་མྱི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མྱི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་ འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རབ་ཏུ་ཐོབ་པ་སྟེ། འདི་ནི་མྱི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་ འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དང་། སྟོབས་རབ་ཏུ་འབར་བར་འགྱུར་བ་སྟེ། འདི་ནི་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མྱི་ཤེས་པར་རྗེས་སུ་མཐོང་ནས། རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་མཐོང་བ་སྟེ། འདི་ནི་ཟད་ པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མྱི་གཡོ་མྱི་འགུལ་རབ་ཏུ་མྱི་འབྱེད། རློམ་ སེམས་སུ་མྱི་བྱེད་པ་སྟེ། འདི་ནི་མྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཇིག་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་ ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་འཇིག་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ 17-1-126d ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ ཅད་མུན་པ་མྱེད་པར་བྱེད་པ་སྟེ། འདི་ནི་ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཤེས་རབ་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མ་ རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་སྟེ། འདི་ནི་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་འཐོབ་པ་སྟེ། འདི་ནི་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་ འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ། འདི་ནི་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་ དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དཔལ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་བར་ཁོང་དུ་ཆུད་པར་བྱེད་པ་སྟེ། འདི་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ 17-1-127a ཏོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་མྱི་གཡོ་རྣམ་པར་མྱི་གཡོ་རྣམ་པར་མྱི་ལྡོག །ཡོངས་སུ་ཡི་འཆད་པར་མྱི་འགྱུར། ཉམས་སུ་མྱི་བདེ་བ་མྱེད་ལ། དེ་ལ་སེམས་ཞེས་བྱ་བ་ནི་འདི་ཡིན་ཞེས་བྱ་བར་སེམས་མྱི་འབྱུང་བ་སྟེ། འདི་ནི་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཐམས་ཅད་སྣང་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་ གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ། འདི་ནི་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཐའ་ལྟར་ཀུན་ནས་སྣང་བ་སྟེ། འདི་ནི་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་ གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མྱེད་པའི་མཐས། ཕྱག་རྒྱས་བཏབ་པ་ཉེ་བར་བཟུང་བས་ཕྱག་རྒྱས་བཏབ་པར་འགྱུར་བ་སྟེ། འདི་ནི་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་མཉམ་པ་ཉིད་དུ་མ་ཆུད་པ་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ 17-1-127b ཀྱི་དགའ་བ་སྤོང་པ་སྟེ། འདི་ནི་དགའ་བ་སྤོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་མུན་པ་སེལ་ བ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་སྟེ། འདི་ནི་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རྣམ་པར་འཐོར་བ་སྟེ། འདི་ནི་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་ མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་རབ་ཏུ་འཐོབ་པ་སྟེ། འདི་ནི་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་གཅིག་ཀྱང་དམྱིགས་པ་མྱེད་པ་སྟེ། འདི་ནི་ཡི་གེ་དང་ བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དམྱིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དམྱིག་པ་འཆད་པར་འགྱུར་བ་སྟེ། འདི་ནི་ དམྱིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགྱུར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་འགྱུར་བ་མྱི་དམྱིགས་པ་སྟེ། འདི་ནི་འགྱུར་བ་མྱེད་ 17-1-128a པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་ཡང་དམྱིགས་པ་མྱེད་པ་སྟེ། འདི་ནི་རྣམ་པ་ མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་མྱིང་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ངེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་དམྱིགས་སུ་མྱེད་ཅིང་ཐ་སྙད་ལ་སྟོས་ པ་ཙམ་མོ་ཞེས་རྟོག་པར་འཇུག་པ་སྟེ། འདི་ནི་ངེས་པའི་མྱིང་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་མྱེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ ཐམས་ཅད་ཀྱི་གནས་དམྱིགས་པ་མྱེད་པ་སྟེ། འདི་ནི་གནས་མྱེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་རིབ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ། འདི་ནི་རབ་རིབ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་ དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཡོ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཡོ་བ་ མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་གཡོ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ ཅད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ 17-1-128b ཤིང་། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ། འདི་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མྱེད་པར་གནས་པ་ཞེས་བྱ་ བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སེམས་མྱི་འཇུག་པ་སྟེ། འདི་ནི་སེམས་མྱེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་ གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་རབ་ཏུ་འཐོབ་པ་སྟེ། འདི་ནི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་རབ་ཏུ་འཐོབ་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤོབ་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས་པ་མཐའ་ ཡས་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མྱི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ ལ་མི་མཉམ་པ་དང་མཉམ་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་མྱི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་ དེ་ལ་གནས་ཤིང་། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཆོས་ཐམས་ཅད་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོངས་སུ་གཅོད་པ་བྱེད་པ་ཞེས་ 17-1-129a བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུན་མཐོང་བ་སྟེ། འདི་ནི་ཡོངས་སུ་གཅོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ནེམ་ནུར་རྣམ་པར་སེལ་བ་རབ་ཏུ་འཐོབ་པ་སྟེ། འདི་ནི་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་སུ་བྱ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་གནས་ཡང་དག་པར་རྗེས་ སུ་མྱི་མཐོང་བ་སྟེ། འདི་ནི་གནས་སུ་བྱ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་ སུ་མྱི་མཐོང་བ་སྟེ། འདི་ནི་གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་མངོན་པར་བསྒྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་འདོར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་རྣམ་པ་འདོར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ 17-1-129b ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཞུགས་ནས། དེ་ལ་ཞུགས་པའི་ཕྱིར་ཁོང་དུ་ཆུད་པ་གང་ཡང་མྱེད་པ་སྟེ། འདི་ནི་ རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྡའ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡའ་དང་ སྒྲ་ལ་འཇུག་པ་སྟེ། འདི་ནི་བརྡའ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡི་གེ་ དང་བྲལ་བར་རྗེས་སུ་མཐོང་བ་སྟེ། འདི་ནི་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ། འདི་ནི་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཚན་ཉིད་ཡོངས་སུ་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ། འདི་ནི་མཚན་ཉིད་ཡོངས་སུ་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མངོན་པར་དམྱིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམྱིགས་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་མངོན་པར་དམྱིགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཏིང་ངེ་ འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། 17-1-130a དེ་ལ་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་ཡང་དག་པར་རྗེས་སུ་མྱི་མཐོང་བ་ སྟེ། འདི་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མྱི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ ཐམས་ཅད་ཟད་པར་རུང་བར་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་ཟད་མྱི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟུངས་ཀྱི་བློ་གྲོས་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ ཤིང་། གཟུངས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། འདི་ནི་གཟུངས་ཀྱི་བློ་གྲོས་ཤེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་ གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང་། ལོག་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་ཡང་དག་པ་དང་། ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འགལ་བ་དང་འགོག་པ་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཐུན་པ་དང་འགལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་ འཛིན་ཐམས་ཅད་ལ་འཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་མཐུན་པ་དང་འགལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་ 17-1-130b འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མྱི་དམྱིགས་པ་སྟེ། འདི་ནི་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདི་ལྟ་སྟེ། དཔེར་ན་ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་ཡོངས་སུ་རྒྱས་པར་འགྱུར་བ་སྟེ། འདི་ནི་ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཅེས་བྱ་བའི་ ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། དག་ཅིང་གསལ་བའི་འོད་ཀྱི་སེམས་ཅན་གྱི་རིས་སྣང་བར་བྱས་ཤིང་མུན་པ་མུན་ནག་གི་ཚ་བའི་གདུང་བ་ སེལ་བར་བྱེད་པ་སྟེ། འདི་ནི་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་ དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ ཅད་སྣང་བར་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མྱི་དམྱིགས་རྩེ་གཅིག་ཀྱང་མྱི་དམྱིགས་པ་སྟེ། འདི་ནི་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་ 17-1-131a པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་རྡུལ་ཅན་དང་རྡུལ་དང་བྲལ་བར་མཉམ་པ་ཉིད་དུ་རྟོགས་པ་སྟེ། འདི་ནི་རྡུལ་དང་བྲལ་ཅིང་རྡུལ་དང་བྲལ་བའི་ ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་ མྱེད་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་དང་བཅས་པ་ ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་དམྱིགས་སུ་མྱེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མྱི་དམྱིགས་པ་སྟེ། འདི་ནི་གནས་དམྱིགས་སུ་མྱེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་། སེམས་མྱེད་པ་ཞེས་ བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་མི་ལྡོག་པ་སྟེ། འདི་ནི་དེ་བཞིན་ཉིད་ལ་གནས་ཤིང་། སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མྱི་དམྱིགས་པ་སྟེ། འདི་ནི་ལུས་ཀྱི་ 17-1-131b སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ ཐམས་ཅད་ཀྱི་ངག་གི་ལས་མྱི་དམྱིགས་པ་སྟེ། འདི་ནི་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མྱེད་པས་རྣམ་པར་གྲོལ་ཞིང་ གོས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ། འདི་ནི་ནམ་མཁའ་ ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་དགུའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ སྟེ་བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ལུས་ཀྱིས་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་ སེམས་དང་ཡིད་མི་བདེ་བ་རྣམ་པར་སྩལ་ཅིང་། རྣམ་པར་སྤྱོད་ཀྱང་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མི་རྟོག་གོ། །ཕྱིའི་ལུས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ 17-1-132a ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མྱི་རྟོག་གོ། ། ཕྱི་ནང་གི་ལུས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མྱི་རྟོག་གོ། །ནང་གི་ཚོར་བ་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་ པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མི་རྟོག་གོ། །ཕྱིའི་ལུས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ཚོར་བའི་ རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་ པ་རྣམ་ལ་རྣམ་པར་མི་རྟོག་གོ། །ཕྱི་ནང་གི་ཚོར་བ་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་ བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མྱི་རྟོག་གོ། །ནང་གི་སེམས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་ལ་རྣམ་པར་མྱི་རྟོག་གོ། ། 17-1-132b ཕྱིའི་སེམས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་ སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ། །ཕྱི་ནང་གི་སེམས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མྱི་རྟོག་གོ། །ནང་གི་ཆོས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་ རྟོག་པ་རྣམས་ལ་རྣམ་པར་མྱི་རྟོག་གོ། །ཕྱིའི་ཆོས་ལ་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་ བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་ཆོས་དང་ལྡན་པ་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ། །ཕྱི་ནང་གི་ཆོས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མྱི་ རྟོག་གོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་། རྣམ་པར་སྤྱོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 17-1-133a འགྲོ་ན་འགྲོའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འགྲེང་ན་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུག་ན་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉལ་ན་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དེའི་ལུས་ ཉམས་བདེ་བ་དང་ཉམས་མི་བདེ་ཡང་རུང་སྟེ། ཇི་ལྟ་ཇི་ལྟར་གནས་པ། དེ་ལྟ་དེ་ལྟར་དེས་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནང་གི་ལུས་ལ་དེ་མི་དམྱིགས་པའི་ཚུལ་ གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནང་གི་ལུས་དེ་མི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དེ། དེ་འགྲོ་འམ་འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ལྟ་འམ་རྣམ་པར་ལྟ་ ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་འམ་རྐྱང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། སྦྱར་མ་དང་ལྷུང་བཟེད་འཆང་ཞིང་སྤྱོད་ཀྱང་ཤེས་བཞིན་དུ་སྤྱོད་པ་ཡིན། ཟོས་པ་དང་འཆོས་པ་དང་འཐུངས་པ་དང་། མྱངས་བ་ལ་ ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ཉལ་བ་དང་གཉིད་ཀྱིས་མྱ་མྱོ་བསྩལ་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། འགྲོ་བ་དང་འོང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། འགྲེང་བ་དང་འདུག་པ་ལ་ཡང་ཤེས་ བཞིན་དུ་སྤྱོད་པ་ཡིན། གཉིད་ཀྱི་ལོག་གམ་མ་ལོག་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། སྨྲ་བ་དང་མྱི་སྨྲ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ནང་དུ་ཡང་དག་པར་འཇོག་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ 17-1-133b ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་ཞིང་དབུགས་ནང་དུ་ རྒྱུ་ན་ཡང་། དྲན་ཞིང་དབུགས་ནང་དུ་རྒྱུའོ། །ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲན་ཞིང་དབུགས་ཕྱིར་རྒྱུ་ན་ཡང་། དྲན་ཞིང་དབུགས་ཕྱིར་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་རིང་དུ་རྒྱུ་ན་ཡང་། དབུགས་ནང་དུ་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་ སོ། །དབུགས་ཕྱིར་རིང་དུ་རྒྱུ་ན་ཡང་། དབུགས་ཕྱིར་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་ཐུང་ངུ་རྒྱུ་ན་ཡང་། དབུགས་ནང་དུ་ཐུང་ངུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཕྱིར་ཐུང་ངུ་རྒྱུ་ན་ཡང་། དབུགས་ཕྱིར་ཐུང་ངུ་ རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་བའི་འཁོར་ལོ་བསྐོར་བ་འམ། འཁོར་བའི་འཁོར་ལོ་བསྐོར་བའི་མཆན་བུ་མཁས་པ་ནི། རིང་དུ་བསྐོར་ན་རིང་དུ་བསྐོར་རོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐུང་ངུ་ བསྐོར་ན་ཐུང་ངུ་བསྐོར་རོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པར་དབུགས་ནང་དུ་བརྒྱུས་ན་ཡང་། དྲན་པར་དབུགས་ནང་དུ་ བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲན་པར་དབུགས་ཕྱིར་བརྒྱུས་ན་ཡང་དྲན་པར་དབུགས་ཕྱིར་བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་རིང་དུ་ནང་དུ་བརྒྱུས་ན་ཡང་། དབུགས་རིང་དུ་ནང་དུ་བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ རིང་དུ་ཕྱིར་བརྒྱུས་ན་ཡང་། དབུགས་རིང་དུ་ཕྱིར་བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཐུང་ངུ་ནང་དུ་བརྒྱུས་ན་ཡང་། དབུགས་ཐུང་ངུ་ནང་དུ་བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། དབུགས་ཐུང་ངུ་ཕྱིར་བརྒྱུས་ན་ ཡང་། དབུགས་ཐུང་ངུ་ཕྱིར་བརྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། 17-1-134a ནང་གི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་ པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ། །ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་ཀྱི་རྣམ་པར་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་ལང་གི་ཤེན་པ་འམ། བ་ལང་གི་ཤེན་པའི་མཆན་བུ་མཁས་པས་མཚོན་རྣོན་ པོ་ཐོགས་ཏེ། བ་ལང་བསད་ཅིང་བག་བཞིར་གཤགས་ཏེ། དེ་ལྟར་སོ་སོར་ཕྱེ་ནས། འགྲེང་ངམ་འདུག་སྟེ། དེ་ལ་རབ་ཏུ་རྟོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ཡང་། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ། །ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་ཀྱི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འགྲེང་ངམ་འདུག་སྟེ། ནང་གི་ལུས་ལ་དེ་མི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་ བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཅད། སྐྲ་དང་གླད་པ་མན་ཆད་དུ། སེན་མོ་དང་སྤུ་དང་པགས་པ་ཡན་ཆད་དུ་མྱི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། 17-1-134b ལུས་འདི་ལ་སྐྲ་དང་། སྤུ་དང་སེན་མོ་དང་པགས་པ་དང་། གློག་པ་དང་། ཤ་དང་ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་པ་དང་། སྙིང་དང་མཁལ་མ་དང་མཆིན་པ་དང་། གློ་བ་དང་། མཚེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། ཉེ་མ་དང་། ནང་རོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། གླད་པ་དང་། གླད་རྒྱས་དང་རྔུ་མ་དང་། རྣ་སྤབས་དག་ཀྱང་ཡོད་དོ། །ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུན་པའི་སྐྱེ་སྣོད་ཏིལ་དང་། ཡུངས་ཀར་དང་། སྲན་ཆུང་དང་། བལ་སྲན་དང་། ནས་དང་གྲོ་དང་། འབྲས་དང་། འབྲུ་སྣ་ཚོགས་ཀྱིས་གང་བ་མྱིག་དང་ལྡན་པའི་མྱི་ཞིག་གིས་ཕྱེ་སྟེ། བལྟས་ན། འདི་ནི་ཏིལ་ལོ། །འདི་ནི་ཡུངས་ཀར་རོ། །འདི་ནི་སྲན་ཆུང་ངོ་། །འདི་ནི་བལ་སྲན་ནོ། །འདི་ནི་ནས་སོ། །འདི་ནི་གྲོ་འོ། །འདི་ནི་འབྲས་སོ། ། འདི་དག་ནི་དེ་མ་ཡིན་པའི་འབྲུ་གཞན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད། སྐྲ་དང་སྤྱི་བོ་མན་ཆད་སེན་མོ་དང་། སྤུ་དང་། པགས་པ་ཡན་ཆད་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། པགས་པ་དང་། གློག་པ་དང་། ཤ་དང་། ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཚེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ནང་གྲོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། དངུལ་དང་། ཚིལ་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། གླད་པ་དང་། གླད་རྒྱས་དང་། རྔུ་མ་དང་། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ། །། 17-1-135a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་དེ་མྱི་དམྱིགས་ པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ན་ཡོད་པའི་གཟུགས་སྣ་ཚོགས། དུར་ཁྲོད་དུ་བོར་བ། རོའི་མལ་དུ་བསྙལ་བ། ཤི་ནས་ཞག་ཅིག་ལོན་པ་འམ། ཤི་ནས་ཞག་གཉིས་ལོན་པ་འམ། ཤི་ནས་ཞག་གསུམ་ལོན་པ་འམ། ཤི་ནས་ཞག་བཞི་ལོན་པ་འམ། ཤི་ནས་ཞག་ལྔ་ལོན་པ་འམ། རྣམ་པར་བམ་པ་འམ། རྣམ་པར་སྔོས་པ་འམ། རྣམ་པར་རྣག་པ་འམ། རྣམ་པར་ཟོས་པ་འམ། རྣམ་པར་འཐོར་བ་མཐོང་ན། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནོ། །འདི་ལྟ་ བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལས་མ་འདས་པའོ། །ཞེས་བྱ་བར་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། ཕྱིའི་ལུས་དེ་ལ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ། །ཤི་ནས་ཞག་དྲུག་ལོན་པ་འམ། ཤི་ནས་ 17-1-135b ཞག་བདུན་ལོན་པ་འམ། བྱ་རོག་གམ། ཁྭ་འམ། འོལ་བ་འམ། བྱ་རྒོད་དམ། སྤྱང་ཀི་འམ། ཝ་འམ་ཁྱི་འམ། དེ་མ་ཡིན་པའི་སྲོག་ཆགས་ཀྱི་རིགས་སྣ་ཚོགས་ཀྱིས་བཟའ་བ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི། ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཉིད་ཀྱང་དེ་ལྟ་བུའི་ཆོས་ཅན། དེ་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་དེ་ལྟ་བུ་ལས་མ་འདས་སོ། །ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་རྣམ་པར་ཟོས་པ། མྱི་གཙང་བས་རྣགས་པ། སུངས་པ་མཐོང་བ་དེའི་ཚེ། ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་ཚུལ་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་ བཞིན་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་ མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ། ཀེང་རུས་ཤ་ར་རི་དང་། ཁྲག་ར་རི་ཆགས་པ། རྒྱུས་པས་བྲང་བྲེང་ 17-1-136a དུ་འབྲེལ་བ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ། ། ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ཀེང་རུས་ཤ་དང་ཁྲག་མྱེད་པ། རྒྱུས་པའི་གཟུངས་མྱེད་པ་དུང་གི་མདོག་ལྟར་གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ ཉིད་ཀྱི་ཚུལ་ཡང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ་འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་ དུར་ཁྲོད་ཀྱི་རུས་པ་ཀེང་རུས་གཟུངས་མྱེད་པ་གྱེས་པ་དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ 17-1-136b ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ། །ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ས་ལ་ཕྱོགས་དང་མཚམས་སུ་རྣམ་པར་འཐོར་བ་། རྐང་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། བྱིན་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། བརླའི་རུས་ པ་རྣམས་ཀྱང་གཞན་དུ་འཐོར། དཔྱིའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། ཚིགས་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། རྩིབ་མའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། འཇིང་པའི་ རུས་པ་རྣམས་ཀྱང་གཞན་དུ་འཐོར། མགོའི་རུས་པ་རྣམས་ཀྱང་གཞན་དུ་འཐོར་བ་མཐོང་ན། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་ བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་ 17-1-137a པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ ལོན་པ་རླུང་དང་ཉི་མས་གདུངས་པ། དུང་གི་མདོག་ལྟར་གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མྱི་དམྱིགས་ པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ་རབ་རིབ་སྣང་བ། སྔོན་པོར་གྱུར་པ་ཐི་བའི་མདོག་ ལྟར་གྱུར་པ། ཟགས་པ་བྲུལ་བ་སའི་རྡུལ་དང་འགྲན་འགྲེན་དུ་གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་ མ་འདས་པའོ། །ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མྱི་དམྱིགས་ པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། ། 17-1-137b ཕྱིའི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་ རྣམ་པར་སྤྱོད་དོ། །ཕྱི་ནང་གི་ལུས་ལ་དེ་མྱི་དམྱིགས་པའི་ཚུལ་གྱི་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་ རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ནང་གིས་ཚོར་བ་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱིའི་ཚོར་བ་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱི་ནང་གི་ཚོར་བ་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ནང་གི་སེམས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་ བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱིའི་སེམས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱི་ནང་གི་སེམས་ལ་དེ་མྱི་དམྱིགས་ 17-1-138a པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་ རྣམ་པར་སྤྱོད་དོ། །ནང་གི་ཆོས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱིའི་ཆོས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་ རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱི་ནང་གི་ཆོས་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་ པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ཡང་དག་པར་སྤོང་བ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྡིག་ཏོ་མྱི་དགེ་བའི་ཆོས་མ་སྐྱེས་པ་རྣམ་མྱི་བསྐྱེད་པའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་ རྩོམ་མོ། །སེམས་ཀྱི་མཐུ་བསྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །སྡིག་ཏོ་མྱི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱི་མོས་པ་བསྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་ 17-1-138b རྩོམ་མོ། །སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱི་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་བརྩོམ་ མོ། །སེམས་ཀྱི་མཐུ་བསྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་བསྒོམ་པ་དང་། ཉམས་པར་མྱི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་བརྩོམ་མོ། །སེམས་ཀྱི་མཐུ་བསྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་ གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ་ འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་པས་ཡོངས་སུ་གྲུབ་པ་སྒོམ་མོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་ པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། 17-1-139a འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་བསྒོམ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་ དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སྟོབས་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཐེག་པ་ཆེན་པོ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་སྟེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། 17-1-139b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཡང་དག་བྱང་ཆུབ་གྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་ གྲུབ་པ་དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ ཡོངས་སུ་གྲུབ་པ་དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་ གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 17-1-140a སྤྱོད་པའི་ཚེ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་ པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་ གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འཕགས་པའི་ལམ་ཡན་ ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་ པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་ 17-1-140b པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །དེ་ལ་ཡང་དག་པའི་རྟོག་པ་གང་ ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་རྟོག་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་ གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །ཡང་དག་པའི་ངག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་ངག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་ལས་ཀྱི་མཐའ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །ཡང་དག་པའི་འཚོ་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་། ཡང་དག་པའི་འཚོ་བ་ དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མྱི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །ཡང་དག་པའི་རྩོལ་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 17-1-141a ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་རྩོལ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་ སུ་གྲུབ་པ། དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །ཡང་དག་པའི་དྲན་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་དྲན་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ། དེ་མི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། ། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་ བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་དེ་མི་དམྱིགས་པའི་ཚུལ་གྱིས་སྒོམ་པ་བྱེད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་ པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མྱེད་པའི་ ངེ་འཛིན་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གིས་མཚན་ཉིད་སྟོང་པ་ཉིད་དུ་རྟོག་པའི་ཚེ། སེམས་གནས་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་སྟེ་འདི་ནི་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མཚན་མ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མྱེད་པར་རྟོག་པའི་ཚེ། སེམས་གནས་པ་མཚན་མ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་མཚན་མྱེད་པའི་ 17-1-141b ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མྱེད་དོ། །ཞེས་མངོན་པར་འདུ་མྱི་བྱེད་པའི་ཚེ། སེམས་གནས་པ་སྨོན་པ་མྱེད་པ་རྣམ་པར་ཐར་ པའི་སྒོ་སྟེ། འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རྣམ་པར་ཐར་པའི་སྒོ་དེ་དག་ལ་ཞུམ་པ་མེད་པར་དྲན་པ་བྱ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཤེས་པ་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མྱི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མྱི་སྐྱེ་བར་ཤེས་པའོ། །དེ་ལ་ཀུན་འབྱུང་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བར་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་བྱའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པར་ཤེས་ པའོ། །དེ་ལ་མྱི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མྱེད་པར་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པ་ཤེས་པ་གང་ ཞེ་ན། མྱིག་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣ་བ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྣ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལྕེ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལུས་མྱི་རྟག་ཅེས་བྱ་བར་ཤེས་པ་ 17-1-142a དང་ཡིད་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། གཟུགས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྒྲ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། དྲི་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རོ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རེག་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཆོས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། མྱིག་གི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། གཟུགས་ཀྱི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། མྱིག་གི་རྣམ་པར་ཤེས་པའི་ ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣ་བའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྒྲའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་ དང་། སྣའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། དྲིའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྣའི་རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལྕེའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་ པ་དང་། རོའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལུས་ཀྱི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རེག་བྱའི་ཁམས་མྱི་རྟག་ཅེས་ བྱ་བར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཡིད་ཀྱི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཆོས་ཀྱི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཆུའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། མྱེའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་ པ་དང་། རླུང་གི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ནམ་མཁའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། མ་རིག་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། འདུ་བྱེད་ 17-1-142b མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། མྱིང་དང་གཟུགས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྐྱེ་མཆེད་དྲུག་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རེག་པ་མྱི་རྟག་ཅེས་བྱ་བར་ ཤེས་པ་དང་། ཚོར་བ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྲེད་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལེན་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྲིད་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྐྱེ་བ་མྱི་རྟག་ཅེས་བྱ་བར་ཤེས་པ་ དང་། རྒ་ཤི་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱིས་སེམས་སེམས་ཀྱིས་ཤེས་པའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་གིས་ལམ་ཤེས་པ་ དང་། ཡོངས་སུ་བྱང་བ་ཤེས་པའོ། །དེ་ལ་སྒྲ་ཅི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། ཡོངས་སུ་མ་ ཤེས་པ་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པ་རྟོགས་པའི་དབང་པོའོ། །དེ་ལ་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ། ། ཞེས་བྱ་བའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཡོངས་སུ་སྣང་བར་མ་གྱུར་པ་འདི་ནི་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོའོ། །དེ་ལ་ཡོངས་སུ་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་ཡོངས་ 17-1-143a སུ་ཤེས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ་འདི་ནི་ཡོངས་སུ་ཤེས་པའི་དབང་ པོ་ཞེས་བྱའོ། །དེ་ལ་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་གང་ཞེ་ན། གང་ཟག་མྱི་སློབ་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་ དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་འདི་ནི་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་ཞེས་བྱ་སྟེ། རབ་འབྱོར་ འདི་ཡང་དེ་མྱི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཏིང་ངེ་འཛིན་གསུམ་ སྟེ། གསུམ་གང་ཞེ་ན། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་པ་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་ པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་བཅས་པ་དཔྱོད་པ་དང་བཅས་པ། དབེན་ པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབ་ཤིང་གནས་ཏེ། འདི་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་ཏེ། འདི་ནི་རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་ 17-1-143b གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅུང་ཟད་ མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ། །འདི་ནི་མྱི་རྟོག་མྱི་དཔྱོད་ པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་རྗེས་སུ་དྲན་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་ པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། སྐྱེ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ ནི་འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དེ་ལ་ བསམ་གཏན་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། 17-1-144a དཔྱོད་པ་བཅས་པ་དང་། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་ སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་ འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་ བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་མྱི་དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་བསམ་གཏན་བཞིའོ། །དེ་ལ་ཚད་མྱེད་པ་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ ཤིང་རྣམ་པར་སྤྱོད་དོ། །དེ་ལ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་ 17-1-144b པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡང་ པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་ གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་ པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་མྱི་དམྱིག་ པའི་ཚུལ་གྱིས་རྣམ་པར་སྤྱོད་དོ། །དེ་དག་ནི་ཚད་མྱེད་པ་བཞིའོ། །དེ་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ 17-1-145a ཐམས་ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའོ། ། དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་ རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་ དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་སྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཞིང་གནས་ཏེ་ དེ་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། 17-1-145b འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་ གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་སྟེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་ སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། 17-1-146a དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་ སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་དུ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གནས་ལ་འང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལ་འང་གནས་མ་ཡིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདས་པ་དག་མ་འོངས་པ་དང་། ད་ལྟར་བྱུང་བའི་ ལས་དང་། ལས་ཡོངས་སུ་ལེན་པའི་རྣམ་པར་སྨྱིན་པ། གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི་ཁམས་སྣ་ཚོགས་ཅན་ཏེ། འཇིག་རྟེན་ནི་ ཁམས་དུ་མའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་དང་། གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ། །དབང་པོ་དང་ སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་ 17-1-146b བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བྱེ་བ་དང་། ཚེ་རབས་ བྱེ་བ་བརྒྱ་དང་། ཚེ་རབས་བྱེ་བ་སྟོང་དང་། ཚེ་རབས་བྱེ་བ་བརྒྱ་ཕྲག་སྟོང་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་ཀྱང་རྗེས་སུ་དྲན་ནོ། །བསྐལ་པ་ཅིག་ཀྱང་རྗེས་སུ་དྲན་པ་ནས། བསྐལ་པ་བརྒྱ་དང་། བསྐལ་ པ་སྟོང་དང་། བསྐལ་པ་བརྒྱ་ཕྲག་སྟོང་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དག་ཀྱང་རྗེས་སུ་དྲན་ཏེ། བདག་ནི་འདི་ལྟ་བུ་ཞིག་ན་འདུག་འདུག་གོ། །མྱིང་ནི་འདི་ཞེས་བྱའོ། །རིགས་ནི་འདི་ཞེས་བྱའོ། ། རུས་ནི་འདི་ཞེས་བྱའོ། །ཟས་ནི་འདི་ཟ་ཟའོ། །ཡུན་ནི་འདི་སྲིད་གཅིག་ཏུ་གནས་གནས་སོ། །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། དེ་ལྟར་བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་དུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ ཤི་འཕོས་ནས་ཀྱང་འདིར་སྐྱེས་སོ་ཞེས་བྱ་བར་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མས་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་མཐོང་ངོ་། །ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་དང་། བཟང་བ་དང་ངན་པ་དང་། བདེ་འགྲོ་ན་འཁོད་པ་དང་། ངན་སོང་ན་འཁོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འདོད་ པའི་སེམས་ཅན་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་དག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་བ་འདེབས་པ། ལོག་པར་ ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ 17-1-147a ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མྱི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། ། ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཟག་པ་མྱེད་པ། རང་གིས་མངོན་པར་ཤེས་པས་མངོན་དུ་བྱས་ཏེ། ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ། །བདག་གི་སྐྱེ་བ་ནི་ཟད་ དོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །རྣམ་པ་འདི་ལྟ་བུ་གཞན་ནི་མྱེད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་མྱི་འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་ སངས་རྒྱས་སོ་ཞེས་དམ་བཅས་ན། དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་། ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་ སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སིང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་ རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ། བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། 17-1-147b བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་ མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། ། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་ བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བསྟེན་ན། བར་ཆད་ཀྱི་ཆོས་སུ་མྱི་འགྱུར་བ་དེ་ལྟ་བུའི་གནས་མྱེད་དེ། དེའི་ཕྱིར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་ པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་ འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་ སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་མྱི་འབྱུང་ངོ་ཞེས་བྱ་བ་དེ་ལྟ་བུའི་གནས་མྱེད་དེ། དེའི་ཕྱིར་བདག་ལ་དགེ་སྦྱོང་ངམ། བྲམ་ 17-1-148a ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་ མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་ འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། རབ་ འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །བཅྭོ་བརྒྱད་གང་ཞེ་ན། གང་གིས་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་དང་། གང་གིས་ནམ་ལ་ ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་ 17-1-148b རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་བ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། ། འདུ་ཤེས་སྣ་ཚོགས་མི་མངའོ། །ཐུགས་མཉམ་པར་མ་གཞག་པ་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དགོངས་ པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ ཡོངས་སུ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་མངོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་ གོ། །ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ་ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་སྟེ། དེ་ལ་ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་ པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་ 17-1-149a འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས། ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ། །ལ་ ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲིད་པའི་འཁྲི་ཤིང་དང་། རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ སྒོའོ། །པ་ཞེས་བྱ་བ་ནི་བཅིངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་ཆགས་པ་མྱི་དམྱིགས་པས་ཆགས་པར་མི་འགྱུར། འཆིང་ བར་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་ངག་གི་ལམ་དང་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། ཡ་ཞེས་བྱ་བ་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་ནི་ཁེངས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་མི་དམིགས་པའི་ ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་མི་དམིགས་པས་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་ནི་བདག་གིར་བྱ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་གནས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤྭ་ཞེས་བྱ་བ་ནི་ དབུགས་དམིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤ་ཞེས་བྱ་བ་ནི་ཞི་གནས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཁ་ཞེས་ 17-1-149b བྱ་བ་ནི་ནམ་མཁའ་དང་མཉམ་པས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་སྡོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ སྒོའོ། །ཛྙ་ཞེས་བྱ་བ་ནི་ཡེ་ཤེས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །རྟ་ཞེས་བྱ་བ་ནི་ཉོན་མོངས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། བྷ་ཞེས་བྱ་བ་ནི་འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཚ་ཞེས་བྱ་བ་ནི་མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧྭ་ཞེས་བྱ་བ་ནི་ བོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏས་ཞེས་བྱ་བ་ནི་མོས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །གྷ་ཞེས་བྱ་བ་ནི་སྡུག་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་ བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པས་གང་ཡང་འགྲོ་བ་མེད་ཅིང་འོང་བ་མེད་དེ། གནས་མེད་ཅིང་འདུས་པ་མེད་པ་ལ་ཉལ་བར་འགྱུར་བ་མེད་པས་རྣམ་པར་མི་རྟོག་པའི་ ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཕ་ཞེས་བྱ་བ་ནི་འབྲས་བུ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྐ་ཞེས་བྱ་བ་ནི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡས་ཞེས་བྱ་བ་ནི་མི་བདེ་བ་མི་དམིགས་པའི་ ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཅེ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་སྡུག་བསྔལ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཌྷ་ཞེས་བྱ་བ་ནི་གཡོག་པ་མི་དམིགས་པས་མཐའ་ ཐུག་པར་གནས་པར་འཆི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་སྟེ། དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་ 17-1-150a དང་། གང་གིས་བྲི་བ་དང་། གང་སྣང་བ་དང་། གང་ཀླག་པར་བྱ་བ་དེ་ལྟ་བུའི་མྱིང་གང་ཡང་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ ཀྱི་སྒོ་ལ་འཇུག་པ་ཨ་ལས་བསྩོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཨ་ལས་བསྩོགས་པའི་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན། དེ་ནི་སྒྲ་ གང་ལ་ཡང་ཆགས་པར་མྱི་འགྱུར་ཏེ། ཐམས་ཅད་ཆོས་ཉིད་ཀྱིས་ཡང་དག་པར་བསྒྲུབ་པར་འགྱུར་ཞིང་སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་གིས་ཨ་ལས་བསྩོགས་པའི་ ཡི་གེ་ལ་འཇུག་པའི་ཕྱག་རྒྱ་འདི་དང་། ཨ་ལས་སྩོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱའི་ཚིག་འདི་དག་ཐོས་ཏེ། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་གཞན་ལ་ཡང་ཚུལ་དང་ལྡན་ པའི་བློས་སྟོན་ན། དེ་ལ་ལེགས་པ་ཉི་ཤུ་ཡོད་པར་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན། བློས་གྲོས་དང་ལྡན། རྟོགས་པ་དང་ལྡན། བློ་དང་ལྡན། དགའ་བ་དང་ལྡན། ངོ་ཚ་ཤེས་པ་དང་ལྡན། སྤོབས་ པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཉོན་མོངས་པ་མེད་པར་ཐོབ་ཅིང་ཐེ་ཙོམ་མེད་པར་འགྱུར་ལ། གཞན་ལས་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མྱེད་ཅིང་ཞེ་གཅོད་པའི་ཚིག་ཐོས་ཀྱང་ཁོང་ཁྲོ་བར་ མི་འགྱུར་བས། མཐོ་བ་མེད་ཅིང་དམའ་བ་མེད་དེ། ཚུལ་བཞིན་དུ་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་པར་འགྱུར་བ་དང་། །ཕུང་པོ་ལ་མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ ལ་མཁས་པར་འགྱུར་བ་དང་། བདེན་པ་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་ཏེ། རྒྱུ་ལ་མཁས་ཤིང་རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་པར་འགྱུར་བ་དང་། 17-1-150b དབང་པོ་རབ་དང་ཐ་མ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ལྷའི་རྣ་བའི་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱིས་སེམས་ཤེས་པར་བྱ་ བ་ལ་མཁས་པར་འགྱུར་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྣམ་པར་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ཟག་པ་ཟད་པ་ཤེས་པར་བྱ་བ་ ལ་མཁས་པར་འགྱུར་བ་དང་། གནས་དང་གནས་མ་ཡིན་པ་བསྟན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་དང་། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ལ་མཁས་པ་ཡང་འཐོབ་པར་འགྱུར་ཏེ། རབ་འབྱོར་གཟུངས་ཀྱི་སྒོ་ཨ་ལས་སྩོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་དེ་མྱི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཐེག་པ་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་པའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ས་ནས་སར་འཕར་བ་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མེད་པས། ཆོས་གང་ཡང་འོང་བ་མེད་ཅིང་འགྲོ་བ་ མེད་དེ། འཕོ་བ་འམ་ཉེ་བར་འཕོ་བ་མེད་དོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པ་འམ། སེམས་མེད་པ་དེས་ཡོངས་སུ་སྦྱོང་བ་ཡང་མྱི་བྱེད་པ་མ་ཡིན་ལ། ས་དེ་ཡང་ཡང་དག་པར་རྗེས་སུ་ 17-1-151a མྱི་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན། །རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱང་བ་བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ལས་སྩོགས་པ་ཡོངས་སུ་སྦྱང་བ་དང་། མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིག་སེམས་ཅན་མྱི་དམིགས་པའི་ཕྱིར། སེམས་ ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང་། སྦྱིན་པ་དང་། གཏོང་བ་དང་། ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་། དེས་རློམ་སེམས་སུ་མྱི་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བསྟན་ པ་ཡོངས་སུ་སྦྱང་བ་དང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་མི་དམིགས་པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་དང་དཔེ་བྱད་བཟང་པོའི་མཚན་ མ་མི་དམིགས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་རྣམ་པ་མྱི་དམིགས་པའི་ཕྱིར། ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡང་དག་པ་ཉིད་མི་དམིགས་པའི་ཕྱིར་ ང་རྒྱལ་དང་ཁེངས་པ་བསྩལ་བ་ཡོངས་སུ་སྦྱང་བ་དང་། ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་ པོ་ལ་གནས་པས་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་བ་སྟེ། དེ་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དང་། བཟོད་པའི་མཐུ་ལ་གནས་པ་དང་། རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་ 17-1-151b སུ་མི་གཏང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་། བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་རྩོམ་པ་སྟེ། རབ་འབྱོར་ཆོས་བརྒྱད་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས། ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་། དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་ གནས་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང་། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་ཅིང་དེས་ཀྱང་རློམ་སེམས་སུ་མྱི་འགྱུར་བ་དང་ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་། ཡོངས་སུ་སྔོ་ཡང་དེས་རློམ་སེམས་སུ་མི་འགྱུར་བ་དང་། དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ཅིང་། དེས་ཀྱང་རློམ་སེམས་སུ་མི་འགྱུར་ བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མྱི་འགྱུར་བ་སྟེ། རབ་འབྱོར་ཆོས་ལྔ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པར་བྱ་བ་དག་གོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས། ཆོས་བཅུ་པོ་འདི་དག་ཡོངས་སུ་གནས་ཤིང་གནས་པར་བྱ་སྟེ། དེ་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་བཏང་བ་དང་། བསླབ་པ་ཡོངས་སུ་མི་གཏང་བ་དང་། འདོད་པའི་ཡོན་ཏན་ལ་སྨད་པ་དང་། མྱ་ངན་ལས་འདའ་བ་དང་ལྡན་ པའི་སེམས་བསྐྱེད་པ་དང་། རྫས་ཐམས་ཅད་ཡོངས་སུ་གཏང་བ་དང་། སེམས་ཞུམ་པ་མེད་པ་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་སྟེ། རབ་འབྱོར་ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ 17-1-152a ཆེན་པོ་ས་བཞི་པ་ལ་གནས་པས་ཡོངས་སུ་གཏང་བར་མི་བྱ་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། འདི་ལྟར་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང་། དགེ་སློང་མ་དང་བསྟེན་པ་དང་། རིགས་ལ་སེར་སྣ་བྱེད་པ་དང་། འདུ་འཛིའི་གནས་ དང་། གནོད་སེམས་དང་། བདག་བསྟོད་ཅིང་གཞན་སྨོད་པ་སྟེ། ཆོས་དྲུག་པོ་དེ་དག་ནི་ཡོངས་སུ་སྤང་བར་བྱའོ། །ཡང་ཆོས་བཅྭོ་བརྒྱད་ཡོངས་སུ་སྤང་བར་བྱ་སྟེ། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་ སུ་སྤང་བར་བྱའོ། །ལྷག་པའི་ང་རྒྱལ་དང་། ཁེངས་པ་དང་། ཕྱིན་ཅི་ལོག་རྣམས་དང་། ཐེ་ཙོམ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉམ་རངས་སུ་འདོར་བ་སྟེ། ཆོས་བཅྭོ་བརྒྱད་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། ཆོས་དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། ། སྲིད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །སློངས་མོ་པ་མཐོང་ན་ཞུམ་པ་མེད་པར་བྱ་སྟེ། ཞུམ་པའི་སེམས་ཡོངས་སུ་སྤང་བར་བྱའོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། ཡིད་མི་བདེ་བ་ཡོངས་ སུ་སྤང་བར་བྱའོ། །སློངས་མོ་པ་མཐོང་ན་སློངས་མོ་པས་འཁྲུག་པར་མི་བྱ་སྟེ། འཁྲུགས་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་ 17-1-152b པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མི་བྱའོ། ། སེམས་ཅན་དུ་འཛིན་པར་མི་བྱའོ། །སྲོག་ཏུ་འཛིན་པར་མི་བྱའོ། །གང་ཟག་དུ་འཛིན་པར་མི་བྱའོ། །ཆད་པར་འཛིན་པར་མི་བྱའོ། །རྟག་པར་འཛིན་པར་མི་བྱའོ། །མཚན་མའི་འདུ་ཤེས་སུ་མི་བྱའོ། །རྒྱུར་ལྟ་བ་དང་། མྱིང་དང་གཟུགས་ལ་མངོན་པར་ཆགས་པ་དང་། ཕུང་པོ་ལ་མངོན་པར་ཆགས་པ་དང་། ཁམས་ལ་མངོན་པར་ཆགས་པ་དང་། སྐྱེ་མཆེད་ལ་མངོན་པར་ཆགས་པ་དང་། ཁམས་གསུམ་ལ་མངོན་པར་ཆགས་པ་དང་། ཁམས་ གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་རྟེན་པ་དང་། ཁམས་གསུམ་ལ་གནས་པ་དང་། སངས་རྒྱས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། དགེ་འདུན་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཚུལ་ཁྲིམས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་ཆོས་ཉི་ཤུ་ པོ་དེ་དག་ནི་བྱ་བ་མ་ཡིན་པའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང་། མཚན་མ་མེད་པ་མངོན་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པར་བྱ་བ་དང་། འཁོར་གསུམ་ ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ལ་བརྙས་པར་མི་བྱ་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་དང་། ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཤིང་། དེས་རློམ་སེམས་སུ་མི་བྱ་བ་དང་། མི་སྐྱེ་བ་ལ་བཟོད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང་། རྟོག་པ་ཡང་དག་པར་བསྩལ་པ་དང་། ལྟ་བ་རྣམ་པར་བཟློག་པ་དང་། ཉོན་མོངས་པ་རྣམ་ 17-1-153a པར་བཟློག་པ་དང་། ཞི་གནས་དང་། ལྷག་མཐོང་གི་ས་དང་། དུལ་བའི་སེམས་དང་། ཞི་བའི་སེམས་དང་། ཐོག་པ་མེད་པ་དང་། བྱམས་པའི་སྐབས་ཤེས་པ་དང་། གང་དུ་འདོད་པའི་ཞིང་དུ་འགྲོ་བ་སྟེ། རབ་འབྱོར་ ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་བལྟ་ཞིང་ སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ཡོངས་སུ་བསྒྲུབ་པ་དང་། སངས་རྒྱས་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་བཞི་པོ་དེ་དག་ནི་ཡོངས་སུ་རྫོགས་པར་བྱ་བའི་ ཆོས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་རབ་དང་ཐ་མ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་མཉམ་པར་གཞག་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་ སྒྲུབ་པའི་ཕྱིར་ཆེད་དུ་བསམ་ཤིང་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་ཆོས་བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ། །རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་བཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་ 17-1-153b དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་དང་། ཡོངས་སུ་རྫོགས་པའི་སྤོབས་པས་ ངེས་པར་བསྟན་པ་ཤེས་པ་དང་། མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། རྒྱུད་ཕུན་སུམ་ཚོགས་པ་དང་། རུས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། ཚེ་ཕུན་སུམ་ ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་ཆོས་བཅུ་གཉིས་པོ་དེ་ དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ། །རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ དུ་བརྗོད་དོ། །དེ་སྐད་ཅེས་བཀའ་བསྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལས་ སྩོགས་པ་ཡོངས་སུ་སྤྱད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དགེ་བའི་རྩ་བ་མང་པོ་ཡང་དག་པར་སྡུད་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལས་སྩོགས་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། ཚད་མེད་པ་བཞི་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ 17-1-154a མངོན་པར་བསྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་ སྦྱངས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པ་སྦྱིན་པ་དེ་ཡོངས་སུ་གཏོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། གང་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་སྐུལ་བ་དང་། གཞོག་པ་དང་། རབ་ཏུ་གཞོག་པར་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་དེ་དག་བསྟེན་པ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་བླ་མ་ལ་ཕུ་དུད་དུ་བྱ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་ བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཆོས་ཚོལ་ཞིང་ ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་ བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདུ་འཛིན་མེད་པར་འབྱུང་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ཡང་དེ་ལ་བར་ཆད་བྱེད་པ་གང་ཡང་མྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་ དང་ཡང་འབྱུང་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བ་གང་ཞེ་ན། སངས་རྒྱས་ཀྱི་སྐུ་མཐོང་ནས། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 17-1-154b ཐོབ་པར་གྱུར་ཀྱི་བར་དུ། སངས་རྒྱས་ཡིད་ལ་བྱ་བ་དང་ནམ་ཡང་འབྲལ་བར་མི་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པ་མངོན་དུ་གྱུར་པ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། སེམས་ཅན་རྣམས་ ལ་ཆོས་སྟོན་ཅིང་། ཐོག་མར་ཡང་དགེ་བ་བར་དུ་ཡང་དགེ་བ་ཐ་མར་ཡང་དགེ་བ། ཡི་གེ་བཟང་པོ། དོན་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པའི་སྤྱོད་པ་འདི་ལྟ་སྟེ། མདོ་དང་ དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་ དང་། གཏན་ལ་བབ་པ་བསྟན་པ་དག་ཡང་དག་པར་སྟོན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་། ཁེངས་ པ་བསྩལ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་དང་། ཁེངས་པ་ཇི་ལྟར་བསྩལ་པ་དེས། ནམ་ཡང་རིགས་དམའ་བར་མི་སྐྱེ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་། ཁེངས་པ་བསྩལ་པ་ཡོངས་ སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིགས་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ ཡོངས་སུ་སྦྱང་བའོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱང་བ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ 17-1-155a ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཡིད་ལ་མི་བྱེད་ཅིང་། དེ་མ་ཡིན་པའི་ཚུལ་ཁྲིམས་ངན་པར་བྱེད་པ་དང་། བྱང་ཆུབ་ཀྱི་བགེགས་སུ་འགྱུར་བའི་ཆོས་གཞན་དག་ཀྱང་ཡིད་ལ་མི་བྱེད་པ་སྟེ། འདི་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཕན་པ་ཆུང་ངུ་ཞིག་བྱས་ཀྱང་འཁོར་བ་ཟད་ཀྱི་བར་དུ་མི་གཟོན་ན། མང་པོ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་ གཟོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་གནོད་སེམས་མྱེད་ཅིང་འཚེ་བ་མེད་པའི་སེམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་ཡོངས་སུ་སྨྱིན་པར་བྱེད་ པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བ་གང་ཞེ་ན། འདི་ལྟར་ སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་ དུ་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཤིང་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ 17-1-155b ཅན་དམྱལ་བར་གནས་པར་བྱ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་བཀོད་ཀྱི་བར་དུ། དེ་དག་དུ་གཏུབ་ཅིང་གཤགས་པ་དང་། བརྡུང་ཞིང་བཙོ་བ་དང་། བསྲེག་པ་ལས་སྩོགས་པ་ཉམས་སུ་མྱོང་བར་བྱའོ་སྙམ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སྤྲོ་ཞིང་སྐྱོ་བ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་ པས་གུས་པར་བྱ་བ་གང་ཞེ་ན། འདི་ལྟར་བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་སུ་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ། ལས་གཞན་མེད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ལས་གཞན་མེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ ཚོལ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མི་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་འམ། ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་སུ་གང་ཇི་སྙེད་ཅིག་བསྟན་པ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བར་བྱའོ། །ཞེས་མི་ངོམས་པ་སྟེ། འདི་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མི་ངོམས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མྱེད་པར་ཆོས་ཀྱིས་སྦྱིན་པ་རྣམ་པར་འབྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་སྟོན་པའི་ཚེ། ཆོས་ཀྱི་སྦྱིན་པ་དེས་ཆུང་ངུ་ན་བྱང་ཆུབ་དུ་ཡང་རེ་བ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པའོ། །དེ་ལ་བྱང་ཆུབ་སེམས་ 17-1-156a དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་སྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བདག་དང་གཞན་གྱི་སེམས་ཀྱི་ ཞིང་ཡོངས་སུ་སྦྱོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་སྔོ་བའོ། །དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་ཉེ་བར་བརྟེན་ན། སེམས་ཅན་ཡོངས་སུ་སྨྱིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་ དགེ་བའི་རྩ་བས་ཉེ་བར་རྟོག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མི་འགྱུར་བ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་གང་ཞེ་ན་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ལ་སྨོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བ་སྟེ། འདི་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་ ཡང་འདོད་པ་མི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་ 17-1-156b རློམ་སེམས་སུ་མྱི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་བཏང་བ་གང་ཞེ་ན། འདི་ལྟར་ ཆོས་ཟབ་མོ་རྣམས་ལ་མི་རྟོག་པར་གཞོག་པའི་གཟོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་བཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་ སུ་མི་བཏང་བ་གང་ཞེ་ན། བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་བཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་ སྨད་པ་གང་ཞེ་ན། འདོད་པའི་སེམས་མི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདའ་བ་དང་ལྡན་པའི་ སེམས་བསྐྱེད་པ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱང་ངན་ལས་འདའ་བ་དང་ལྡན་པའི་སེམས་བསྐྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་རྫས་ཐམས་ཅད་ཡོངས་སུ་གཏང་བ་གང་ཞེ་ན། ཕྱི་ནང་གིས་ཆོས་ཐམས་ཅད་འཛིན་པ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་བཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སེམས་ཞུམ་པ་མེད་པ་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་ལ་དེའི་སེམས་མི་གནས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་གང་ཞེ་ན། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པའོ། །དེ་ལ་བྱང་ཆུབ་ 17-1-157a སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུས་ཏེ་སྐྱེ་བ་དང་། མགོ་བྲེགས་ཤིང་ངུར་སྨྲིག་གི་གོས་ བགོ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བ་གང་ཞེ་ན། དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་དུ་ཡང་ལྷན་གཅིག་མི་གནས་ཤིང་། དེའི་རྒྱུས་ཡོངས་སུ་སྒོམ་པའི་སེམས་མི་སྐྱེད་ཅིང་། དེའི་རྒྱུས་གོས་འཐོབ་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བའི་རྣམ་པ་བསྒྲུབ་པར་བྱ་བ་དེ་དག་སེམས་ཅན་འདི་དག་རང་རང་གིས་བསོད་ནམས་ཀྱིས་བདེ་བར་འགྱུར་ན། དེ་ལ་བདག་གི་སེར་སྣའི་སེམས་བསྐྱེད་ པར་མི་བྱའོ། །ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འདུ་འཛིའི་གནས་ཡོངས་ སུ་སྤང་བར་བྱ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་འཛིའི་གནས་གང་དུ་གནས་པས། ཉན་ཐོས་སམ། རང་སངས་རྒྱས་ཡོད་པ་འམ། དེ་དང་ལྡན་པའི་གཏམ་འབྱུང་བར་འགྱུར་བ་འམ། དེ་དང་ ལྡན་པའི་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་བུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པར་མི་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་ཡོངས་སུ་སྤང་བའོ། ། 17-1-157b དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། གནོད་སེམས་དང་འཚེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང་། ཐབ་མོའི་སེམས་སམ། རྩོད་པའི་སེམས་ཀྱི་གོ་མི་འབྱེད་པ་ སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་སེམས་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་པ་ཡོངས་སུ་སྤང་བ་གང་ཞེ་ན། ཕྱི་ནང་གི་ཆོས་རྣམས་ཡང་དག་པར་རྗེས་ སུ་མི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་པ་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བ་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་ཀྱི་ ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དགེ་བ་བཅུའི་ལས་ཀྱི་ལམ་ ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དེ་དག་ནི་འདི་ལྟར་བདེ་འགྲོ་ལ་ཡང་བར་ཏུ་གཅོད་ན། འཕགས་པའི་ལམ་ལྟ་ལ་ཅི་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ལ་སྨོས་ཀྱང་མི་དགོས་ཀྱིས་སྤང་བར་བྱའོ་ཞེས་སྤོང་བ་ སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ ན། དེ་ནི་འདི་ལྟར་དེས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་ན་གང་གིས་ང་རྒྱལ་དུ་འགྱུར་བའི་ལྷག་པའི་ལྟ་ཅི་སྨོས་ཤེས་ང་རྒྱལ་དུ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་ སྤང་བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁེངས་པ་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དེ་ནི་འདི་ལྟར་དེས་གང་ལ་ཁེངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་ཡང་དག་པར་རྗེས་སུ་མི་ 17-1-158a མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁེངས་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དངོས་ པོར་མི་དམིགས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ ཉམ་རངས་སུ་མི་འདོར་བ་ཡིན་ཞེ་ན། དེ་ནི་འདི་ལྟར་དེས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ ཉམ་རངས་སུ་མི་འདོར་བའོ། །དེ་ལ་ས་དྲུག་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ཏེ་ སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཤེས་པར་བྱ་བའི་གང་ཆེན་མཚོ་ལྔའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟ་བྱུང་བ་དང་། མི་བརྗོད་པ་དང་། འདུས་མ་བྱས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་བའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། རང་སངས་རྒྱས་ 17-1-158b ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། སྲེད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། སློངས་མོ་པ་མཐོང་ན་སེམས་ཞུམ་པ་མི་བསྐྱེད་དོ། ། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མི་བདེ་བར་མི་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། ཐོག་མ་སེམས་བསྐྱེད་ནས། ཁ་ཟ་ཡག་གི་སེམས་སུ་མི་བྱའི་ སྦྱིན་པ་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱ་ཞེ་ ན། དེ་ནི་འདི་ལྟར་བདག་ཤིན་ཏུ་མེད་པའི་ཕྱིར་རོ། །སེམས་ཅན་དུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་མེད་པའི་ཕྱིར་རོ། །སྲོག་དུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་སྲོག་ཤིན་ཏུ་མེད་པའི་ཕྱིར་རོ། གང་ཟག་ ཏུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་གང་ཟག་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་ ཆོས་གང་ཡང་ཆད་པ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ལ་སྐྱེ་བ་མེད་པ་དེ་ལ་རྟག་པ་དང་། ཆད་པ་མེད་པའི་ཕྱིར་རོ། །དེ་ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མི་ བྱ་ཞེ་ན། དེ་ནི་འདི་ལྟར་དེས་ལྟ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དང་གཟུགས་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེས་དེའི་དངོས་ 17-1-159a པོ་ཡང་དག་པར་རྗེས་སུ་མྱི་མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཕུང་པོ་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་ན་ཕུང་པོ་ལ་ མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཁམས་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཁམས་རྣམས་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་ན་ ཁམས་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེ་མཆེད་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་སྐྱེ་མཆེད་རྣམས་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་ན་སྐྱེ་མཆེད་ ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས། ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མྱེད་ཅིང་མྱི་དམྱིགས་པའི་ཕྱིར་ཏེ། དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་བརྟེན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་ པོ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་བརྟེན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་གནས་པར་མི་བྱ་ཞེ་ན། དེ་ནི་འདི་ ལྟར་དེའི་དངོས་པོ་མེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཁམས་གསུམ་ལ་གནས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ལ་བརྟེན་ 17-1-159b པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་སུ་ལྟ་བ་ལ་བརྟེན་པས། སངས་རྒྱས་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་ པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་སུ་ལྟ་བ་ལ་བརྟེན་པས། ཆོས་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དགེ་འདུན་དུ་ལྟ་བ་ལ་ བརྟེན་པས། དགེ་འདུན་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་སུ་ལྟ་བ་ལ་བརྟེན་པས། ཚུལ་ཁྲིམས་རྣམ་པར་དག་པར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚུལ་ཁྲིམས་ལ་ བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་སྟོང་ངོ་ཞེས་ཞུམ་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་གྱི་རང་ གི་མཚན་ཉིད་ཀྱི་སྟོང་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་ལ་ཞུམ་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་དང་འགལ་བར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ ཐམས་ཅད་སྟོང་པ་བས། སྟོང་པ་ཉིད་དང་འགལ་བར་མྱི་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་དང་འགལ་བར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། 17-1-160a སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་མཚན་མ་མྱེད་པ་མངོན་དུ་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་མ་ཐམས་ཅད་ཡིད་ལ་མྱི་བྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མྱེད་པ་ཤེས་པ་ཡིན་ཞེ་ན། དེ་ནི་ཁམས་གསུམ་ཐམས་ཅད་དུ་སེམས་མྱི་འཇུག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་བརྙས་པར་མྱི་བྱ་ཞེ་ན། འདི་ལྟ་སྟེ། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ དུ་ལྟ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་བསྟན་པ་དང་དབྲི་བ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྟོགས་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ ཚུལ་གཅིག་ཏུ་རྟོགས་ཀྱང་རྟོགས་པ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ལ་བཟོད་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། མངོན་པར་འདུ་བྱ་བ་ མྱེད་པ་ལ་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ཤེས་པ་གང་ཡིན་ཞེ་ན། མྱིང་དང་གཟུགས་མྱི་སྐྱེ་བ་ཤེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ཤེས་ 17-1-160b པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་གང་ཡིན་ཞེ་ན། གཉིས་ལ་ཡོངས་སུ་རྒྱུ་བ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ ཐམས་ཅད་ཚུལ་གཅིག་ཏུ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསྩལ་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ལྟ་བ་རྣམ་པར་བཟློག་པ་གང་ཡིན་ཞེ་ན། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་རྣམ་པར་སྤོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་ པ་གང་ཡིན་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་པའི་ཉོན་མོངས་པ་ཐམས་ཅད་ཟད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་ས་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུལ་བའི་སེམས་གང་ཡིན་ཞེ་ན། ཁམས་གསུམ་ལ་དག་པར་སེམས་པ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཞི་བའི་སེམས་གང་ཞེ་ན། དབང་པོ་དྲུག་ཡང་དག་པར་འདུས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མྱེད་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྱན་ཐོབ་པའོ། །དེ་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པའི་སྐབས་ཤེས་པ་གང་ཞེ་ན། སྐྱེ་མཆེད་དྲུག་གི་བཏང་སྙོམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། འཁོར་ ཀྱི་དཀྱིལ་འཁོར་དེ་དང་དེ་དག་དུ་ལུས་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་གང་ཞེ་ན། སེམས་གཅིག་གིས་སེམས་ཅན་ཐམས་ཅད་ 17-1-161a ཀྱི་སེམས་དང་། སེམས་ལས་བྱུང་བ་རབ་ཏུ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་བརྩེ་བ་གང་ཞེ་ན། མངོན་པར་ཤེས་པ་རྣམས་ཀྱིས་རྣམ་པར་རྩེ་ ཞིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་བལྟ་བའི་དོན་དུ་འགྲོ་ཡང་། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་སུ་མྱི་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་བལྟ་བ་གང་ ཞེ་ན། སངས་རྒྱས་ཀྱི་ཞིང་གཅིག་ན་འདུག་ཅིང་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་མཐོང་ཡང་། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་སུ་མྱི་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ ཞིང་དེ་དག་ཇི་ལྟར་མཐོང་བ་བཞིན་དུ་ཡོངས་སུ་བསྒྲུབ་པ་གང་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བའི་ས་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཡོངས་སུ་གཏོང་ཞིང་། དེས་རློམས་སེམས་སུ་མྱི་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་བསྙེན་བཀུར་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་དོན་ཏུ་ཆོས་ལ་བསྙེན་བཀུར་ བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་གང་ཞེ་ན། ཆོས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་དབང་པོ་རབ་དང་། ཐ་མ་ཤེས་པ་གང་ཞེ་ན། སྟོབས་བཅུ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་གང་ཞེ་ན། མྱི་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་ 17-1-161b བུའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་བ་ཐམས་ཅད་བྱེད་པ་སྟེ། དེའི་སེམས་ཆོས་གང་ལ་ཡང་མྱི་འཇུག་པའོ། །དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་མཉམ་པར་གཞག་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྨྱིན་པ་ལས་སྐྱེས་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཇི་ལྟ་ཇི་ལྟར་ཡོངས་ སུ་སྨྱིན་པར་འགྱུར་བ་དེ་ལྟ་དེ་ལྟར་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་འཛིན་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེད་དུ་བསམས་ཤིང་། སྲིད་པ་ཉེ་བར་ལེན་པ་ཡིན་ཞེ་ན། འདི་ལྟ་སྟེ། སེམས་ཅན་ ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ལྷ་དང་ཀླུ་དང་། གནོད་སྦྱིན་དང་ དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེད་ཆེན་པོའི་སྐད་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན་ཞེ་ན། འདི་ལྟ་སྟེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཁོང་དུ་ཆུད་ པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པར་བྱ་བ་རྟོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྤོབས་པ་སོ་སོ་ 17-1-162a ཡང་དག་པར་རིག་པས་ཁོང་དུ་ཆུད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཚེ་རབས་ཐམས་ཅད་དུ་བརྫུས་ཤིང་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་ སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཆེན་པོར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་རིགས་སུ་ སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་གྱུར་པ་དེའི་རིགས་སུ་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཏུ་སེམས་ཅན་རྣམས་བཀོད་ཅིང་། བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པ་ཉིད་དུ་འགྱུར་བ་འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་མ་ 17-1-162b ཐག་ཏུ་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་སྟེ། དེ་དག་རྣམ་པ་དྲུག་དུ་གཡོ་བར་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་འབྱུང་བའི་ཕྱིར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་། ལྷན་གཅིག་ ཏུ་མངོན་པར་འབྱུང་ཞིང་སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་གསེར་གྱི་རྒྱུ་ལས་བྱུང་བ་ཡིན། ལྷུན་བཻ་དུརྱར་འདུག་པ་ཡིན། ཡལ་ ག་རིན་པོ་ཆེ་བདུན་གྱི་རང་བཞིན་ལས་གྲུབ་པ་ཡིན། མེ་ཏོག་དང་། ལོ་མ་རིན་པོ་ཅེ་ཐམས་ཅད་ལས་གྱུར་པ་ཡིན། ཤིང་དེའི་དྲི་ཞིམ་པོ་དང་། འོད་བཟང་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་གང་བ་ ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་ སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྟེ། འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་ 17-1-163a བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་ པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་ པ་ཉིད་ཅེས་བྱའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་ པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་ མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ 17-1-163b དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་ རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མྱི་འཇིགས་པ་ བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་དང་། དཀར་པོ་རྣམ་པར་མཐོང་བའི་ས་ལས་ཡང་དག་པར་འདའ། རིགས་ཀྱི་ས་ ལས་ཡང་དག་པར་འདའ། བརྒྱད་པའི་ས་ལས་ཡང་དག་པར་འདའ། མཐོང་བའི་ས་ལས་ཡང་དག་པར་འདའ། བསྲབས་པའི་ས་ལས་ཡང་དག་པར་འདའ། འདོད་ཆགས་དང་བྲལ་པའི་ས་ལས་ཡང་དག་པར་འདའ། བྱས་པ་རྟོགས་པའི་ས་ལས་ཡང་དག་པར་འདའ། རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའ། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདའ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ལྟར་ས་དགུ་ལས་ཡོངས་སུ་འདས་ནས། སངས་རྒྱས་ཀྱི་ས་ལ་གནས་ཏེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་ 17-1-164a དཔའ་སེམས་དཔའ་ཆེན་པོའི་ས་བཅུའོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ། བམ་པོ་བཅུ་གཉིས་པ། རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། དེ་མྱི་དམྱིགས་པའི་ཚུལ་གྱིས་ཁམས་གསུམ་ནས་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མྱི་ལྡན་ པ་ཡང་མ་ཡིན། གཟུགས་མྱེད་པ། བསྟན་ཏུ་མྱེད་པ། ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མྱེད་པའི་ཆོས་ནི་འབྱུང་བ་འམ། འབྱུང་ བར་འགྱུར་བ་འམ། བྱུང་བར་གྱུར་པ་མྱེད་དེ། རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི་དེ་བཞིན་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་ཡང་དག་པའི་མཐའ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི་བསམ་གྱིས་མྱི་ཁྱབ་པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་ནམ་མཁའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་ མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདོད་ཆགས་ཟད་པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རབ་ཏུ་བྱུང་བའི་དབྱིངས་འབྱུང་བར་འདོད་ 17-1-164b དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདོད་ཆགས་དང་བྲལ་བའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འགོག་ པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི། ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདུ་ཤེས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་ མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདུ་བྱེད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་ བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འདུ་ཤེས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འདུ་བྱེད་སྟོང་པ་ཉིད་ ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །ཚོར་བ་ཚོར་བས་སྟོང་པའི་ཕྱིར་རོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་པའི་ཕྱིར་རོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཤེས་ 17-1-165a པ་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་ པ་དེ་ནི། རྣ་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྣ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་ འབྱུང་བར་འདོད་པ་དེ་ནི། ལྕེ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལུས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་ མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཡིད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་མྱིག་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མྱེད་དོ། །རྣ་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྣ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལྕེ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལུས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཡིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་མྱིག་མྱིག་གིས་སྟོང་པའི་ཕྱིར་རོ། །རྣ་བ་རྣ་བས་སྟོང་པའི་ཕྱིར་རོ། །སྣ་སྣས་སྟོང་པའི་ཕྱིར་རོ། །ལྕེ་ལྕེས་སྟོང་པའི་ཕྱིར་རོ། །ལུས་ལུས་ཀྱིས་སྟོང་པའི་ཕྱིར་རོ། ། 17-1-165b ཡིད་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ དེ་ནི། སྒྲ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དྲི་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི། རོ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རེག་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། ཆོས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མྱེད་དོ། སྒྲ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། དྲི་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རོ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རེག་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཆོས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །སྒྲ་སྒྲས་སྟོང་པའི་ཕྱིར་རོ། །དྲི་དྲིས་སྟོང་པའི་ཕྱིར་རོ། །རོ་རོས་སྟོང་པའི་ཕྱིར་རོ། །རེག་རེག་གིས་སྟོང་པའི་ཕྱིར་རོ། །ཆོས་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་ 17-1-166a གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣ་བའི་ རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་ སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་ པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། 17-1-166b འདི་ལྟར་མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ལྕེའི་ རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་ གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣ་བའི་འདུས་ཏེ་ རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་ པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། ། 17-1-167a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་ རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་ རེག་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་ འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ 17-1-167b སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་གནས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །སྣའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྨྱི་ལམ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྒྱུ་མ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་ 17-1-168a གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྨྱིག་རྒྱུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྒྲ་བརྙན་འབྱུང་བར་འདོད་དུ་ཟད་དོ། །རབ་ འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་ཡོར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དེ་བཞིན་གཤེགས་པའི་སྤྲུལ་པ་འབྱུང་བར་འདོད་དུ་ ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨྱི་ལམ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྒྱུ་མ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྨྱིག་རྒྱུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྒྲ་བརྙན་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མྱིག་ཡོར་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨྱི་ལམ་ནི་རྨྱི་ལམ་གྱིས་སྟོང་པའི་ཕྱིར་རོ། །སྒྱུ་མ་ནི་སྒྱུ་མས་སྟོང་པའི་ཕྱིར་རོ། །སྨྱིག་རྒྱུ་ནི་སྨྱིག་རྒྱུས་སྟོང་པའི་ཕྱིར་རོ། ། སྒྲ་བརྙན་ནི་སྒྲ་བརྙན་གྱིས་སྟོང་པའི་ཕྱིར་རོ། །མྱིག་ཡོར་ནི་མྱིག་ཡོར་གྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ 17-1-168b བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་ མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་གནས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་ གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་ 17-1-169a པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། ནང་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱི་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། ། རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཆེན་པོ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་འབྱུང་བར་ འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདུས་བྱས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འདུས་ མ་བྱས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། ། 17-1-169b རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རང་བཞིན་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་ གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ནི་ ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། ། སྟོང་པ་ཉིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་ 17-1-170a པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཁམས་ གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། ། དོར་བ་མྱེད་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་ བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མི་དམྱིགས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དངོས་པོ་ མེད་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པ་མྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ 17-1-170b སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་པའི་ ཕྱིར་རོ། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དོར་བ་མེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་ འདོད་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྫུ་འཕྲུལ་གྱིས་རྐང་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་ འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དབང་པོ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྟོབས་རྣམས་འབྱུང་བར་ 17-1-171a འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་ པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ནི་ ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ མྱེད་དོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་ བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པར་སྤོང་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཡང་ དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དབང་པོ་རྣམས་ཀྱི་ངོ་བོ་ཉིད་ 17-1-171b ཀྱིས་སྟོང་པའི་ཕྱིར་རོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི། སྟོབས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འཕགས་པའི་བདེན་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བསམ་གཏན་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཚད་མྱེད་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པར་ཐར་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྟོང་པ་ཉིད་འབྱུང་ བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མཚན་མ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ དེ་ནི། སྨོན་པ་མེད་པ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་ 17-1-172a པ་མྱེད་དོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་ མྱེད་དོ། །རྣམས་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་ དོ། །རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མཚན་མ་ མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྨོན་པ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ནི་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ནི་བསམ་ གཏན་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ནི། རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་ 17-1-172b འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མ་མེད་པའི་ངོ་བོ་ཉིད་ནི་ མཚན་མ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྨོན་པ་མེད་པའི་ངོ་བོ་ཉིད་ནི་སྨོན་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མངོན་པར་ ཤེས་པ་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཏིང་ངེ་འཛིན་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་ རྣམས་འབྱུང་བར་འདོད་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ནི་ ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ནི། མངོན་པར་ཤེས་པ་ རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ནི། ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་ སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་ 17-1-173a འབྱུང་བར་འདོད་པ་དེ་ནི། མྱི་འཇིགས་པ་བཞི་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞི་འབྱུང་བར་འདོད་དུ་ཟད་དོ། ། རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་ བཅུའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་བཞིའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅོ་བརྒྱད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ཀྱི་ངོ་བོ་ཉིད་ནི། དེ་བཞིན་གཤེགས་པའི་སྟོབས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མྱི་འཇིགས་པའི་ངོ་བོ་ཉིད་ནི། མྱི་འཇིགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ནི། སོ་སོ་ཡང་ དག་པར་རིག་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་ མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དགྲ་བཅོམ་པ་ཟག་པ་ཟད་པ་སྐྱེ་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རང་སངས་རྒྱས་སྐྱེ་བར་ 17-1-173b འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བྱང་ཆུབ་སེམས་དཔའ་སྐྱེ་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་ པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཁམས་གསུམ་ནས་འབྱུང་བ་ མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རང་སངས་རྒྱས་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །བྱང་ཆུབ་སེམས་ དཔའ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཁམས་གསུམ་ནས་ འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགྲ་བཅོམ་པའི་ངོ་བོ་ཉིད་ནི། དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་ སངས་རྒྱས་ཀྱི་ངོ་བོ་ཉིད་ནི། རང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ནི། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་ ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་ གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཕྱིར་མི་འོང་བའི་ 17-1-174a འབྲས་བུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དགྲ་བཅོམ་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རང་བྱང་ཆུབ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། །ལམ་གྱི་རྣམ་པ་ཤེས་པ་ཉིད་འབྱུང་བར་འདོད་ དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་ བུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རང་བྱང་ཆུབ་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཁམས་ གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་ 17-1-174b འབྲས་བུའི་ངོ་བོ་ཉིད་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱིར་མི་འོང་བའི་འབྲས་བུའི་ངོ་བོ་ཉིད་ནི། ཕྱིར་མི་འོང་བའི་འབྲས་བུའི་ངོ་བོ་ ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་ནི། དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི། རང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ལམ་གྱི་རྣམ་ པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་ འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མིང་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མཚན་མ་འབྱུང་བར་འདོད་དུ་ཟད་ དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བརྡའ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཐ་སྙད་འབྱུང་བར་ འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གདགས་པ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་སྟོང་པ་ཉིད་ནི་ཁམས་གསུམ་ ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །མཚན་མ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། ། བརྡའ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཐ་སྙད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་ 17-1-175a མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །གདགས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ སྟོང་པ་ཉིད་མྱིང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མ་སྟོང་པ་ཉིད་མཚན་མ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྡའ་སྟོང་པ་ཉིད་བརྡའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་ སྙད་སྟོང་པ་ཉིད་ཐ་སྙད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ དེ་ནི། སྐྱེ་བ་མེད་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འགག་པ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཀུན་ནས་ཉོན་མོངས་པ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པར་བྱང་བ་མྱེད་པ་ འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མངོན་པར་འདུ་བྱ་བ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་ མྱེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །འགག་པ་མྱེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣམ་པར་བྱང་བ་མྱེད་པའི་ 17-1-175b ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །མངོན་པར་འདུ་བྱ་བ་མྱེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་མྱེད་པ་ནི། སྐྱེ་བ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འགག་པ་མེད་པ་ནི་འགག་པ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། ཀུན་ནས་ཉོན་མོངས་པ་མྱེད་པ་ནི། ཀུན་ནས་ཉོན་མོངས་པ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ནི། རྣམ་པར་བྱང་བ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མངོན་པར་ འདུ་བྱ་བ་མྱེད་པ་ནི། མངོན་པར་འདུ་བྱ་བ་མྱེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་རྣམ་གྲངས་འདིས་ན། འདི་ལྟར་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས་བྱུང་ནས། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ། གནས་དེ་ནི་བསྐྱོད་དུ་མྱེད་པའོ། །རབ་འབྱོར་གཞན་ཡང་ཁྱོད་ཀྱིས་གང་འདི་སྐད་དུ་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་དེ་ནི། ཐེག་པ་ཆེན་པོ་ དེ་གང་དུ་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གནས་མྱི་དམྱིགས་པའི་ཕྱིར་མྱི་གནས་པ་སྟེ། རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་དེ་ནི་མྱི་གནས་པའི་ཚུལ་གྱིས་གནས་སོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། དེ་བཞིན་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ 17-1-176a དཔེར་ན། ཡང་དག་པའི་མཐའ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཡང་དག་པའི་མཐའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་ ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟར་སྟེ་དཔེར་ན། ནམ་མཁའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་ གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདོད་ཆགས་ཟད་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རབ་ཏུ་བྱང་བའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ 17-1-176b གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདོད་ཆགས་དང་བྲལ་བའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགོག་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །འདོད་ཆགས་ཟད་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་ གནས་པ་འམ་མྱི་གནས་པ་མྱེད་དོ། །རབ་ཏུ་བྱང་བའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། འགོག་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ནམ་མཁའི་དབྱིངས་ནམ་མཁའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །འདོད་ ཆགས་ཟད་པའི་དབྱིངས་འདོད་ཆགས་ཟད་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་ཏུ་བྱང་བའི་དབྱིངས་རབ་ཏུ་བྱང་བའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། འདོད་ཆགས་དང་ བྲལ་བའི་དབྱིངས་འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །འགོག་པའི་དབྱིངས་འགོག་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། གཟུགས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ 17-1-177a དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུ་ཤེས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུ་བྱེད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །འདུ་ཤེས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །འདུ་བྱེད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །ཚོར་བ་ཚོར་བས་སྟོང་པའི་ཕྱིར་རོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་པའི་ཕྱིར་རོ། །འདུ་ བྱེད་འདུ་བྱེད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། 17-1-177b རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣ་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་ པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །རྣ་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྣའི་ངོ་བོ་ཉིད་ལ་ནི་ གནས་པ་འམ་མྱི་གནས་པ་མྱེད་དོ། །ལྕེའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ལུས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཡིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མིག་མིག་གིས་སྟོང་པའི་ཕྱིར་རོ། །རྣ་བ་རྣ་བས་སྟོང་པའི་ཕྱིར་རོ། །སྣ་སྣས་སྟོང་པའི་ཕྱིར་རོ། །ལྕེ་ལྕེས་སྟོང་པའི་ཕྱིར་རོ། ། 17-1-178a ལུས་ལུས་ཀྱིས་སྟོང་པའི་ཕྱིར་རོ། །ཡིད་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྲ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རོ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་ པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རེག་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་ མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྒྲའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དྲིའི་ངོ་བོ་ཉིད་ལ་ནི་ གནས་པ་འམ་མྱི་གནས་པ་མྱེད་དོ། །རོའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རེག་གི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཆོས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། 17-1-178b དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །སྒྲ་སྒྲས་སྟོང་པའི་ཕྱིར་རོ། །དྲི་དྲིས་སྟོང་པའི་ཕྱིར་རོ། །རོ་རོས་སྟོང་པའི་ཕྱིར་རོ། །རེག་རེག་གིས་སྟོང་པའི་ཕྱིར་རོ། ། ཆོས་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མྱ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་ འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣ་བའི་ 17-1-179a རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་ གནས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ དེ་ནི་འདི་ལྟར་མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་པའི་ ཕྱིར་རོ། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་ སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། །མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། 17-1-179b རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། ། རྣ་བའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་ གནས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་ པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་དེ་རེག་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་ རེག་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་ 17-1-180a 17-1-180b 17-1-181a དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་ འབྱོར་འདི་ལྟ་སྟེ་དཔེར་ན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་ པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ ཉིད་ལ་ནི་གནས་པ་འམ་མི་གནས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་ 17-1-181b མྱི་གནས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྨྱིག་རྒྱུ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་ འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྲ་བརྙན་ནི་གནས་ 17-1-182a པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་འམ་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་ཡོར་ནི་གནས་པ་ཡང་མ་ ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་ནི་གནས་པ་ཡང་མ་ཡིན་མྱི་གནས་ པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་གནས་པ་ཡང་མ་ཡིན་མྱི་ གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ པ་མེད་དོ། །སྒྱུ་མའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །སྨྱིག་རྒྱུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྒྲ་བརྙན་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། མིག་ཡོར་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། གཟུགས་བརྙན་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྨི་ལམ་རྨི་ལམ་གྱིས་སྟོང་པའི་ཕྱིར་རོ། །སྒྱུ་མ་སྒྱུ་མས་སྟོང་པའི་ཕྱིར་རོ། །སྨྱིག་རྒྱུ་སྨྱིག་རྒྱུས་སྟོང་པའི་ཕྱིར་རོ། །སྒྲ་བརྙན་སྒྲ་ བརྙན་གྱིས་སྟོང་པའི་ཕྱིར་རོ། །མིག་ཡོར་མྱིག་ཡོར་གྱིས་སྟོང་པའི་ཕྱིར་རོ། །གཟུགས་བརྙན་གཟུགས་བརྙན་གྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་གཤེགས་པའི་ 17-1-182b སྤྲུལ་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མྱེད་དོ། །བཟོད་ 17-1-183a པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པས་སྟོང་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་ གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱི་སྟོང་པ་ཉིད་ནི་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱི་ནང་སྟོང་པ་ཉིད་ ནི་གནས་པ་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྟོང་ 17-1-183b པ་ཉིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆེན་ པོ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དོན་དམ་ པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་ བྱས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་ མ་བྱས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐའ་ལས་འདས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་ འབྱོར་འདི་ལྟ་སྟེ་དཔེར་ན། དོར་བ་མེད་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། 17-1-184a རབ་འབྱོར་འདི་ལྟ་སྟེ་དཔེར་ན། རང་བཞིན་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། རང་གི་མཚན་ཉིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་དམྱིགས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ངོ་བོ་ཉིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ 17-1-184b པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །མཐའ་ལས་འདས་པ་ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །མི་དམྱིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ ཕྱིར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ 17-1-185a པའི་ཕྱིར་རོ། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ སྟོང་པའི་ཕྱིར་རོ། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་གི་མཚན་ཉིད་སྟོང་པ་ ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་རྣམས་ ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པར་སྤོང་བ་རྣམས་ ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དབང་པོ་རྣམས་ནི་གནས་པ་ 17-1-185b ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྟོབས་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་ པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པར་སྤོང་པ་རྣམས་ཡང་དག་པར་སྤོང་པ་རྣམས་ཀྱིས་ སྟོང་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་ 17-1-186a རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་བདེན་ པ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསམ་གཏན་རྣམས་ནི་གནས་ པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་པ་རྣམས་ནི་གནས་པ་ཡང་མ་ ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གནས་ པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་ཐར་པ་བརྒྱད་ནི་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ 17-1-186b ལྟ་སྟེ་དཔེར་ན། མངོན་པར་ཤེས་པ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། ཏིང་ངེ་འཛིན་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་ སྟེ་དཔེར་ན། གཟུངས་ཀྱི་སྒོ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་ འམ་མྱི་གནས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། ། མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངོ་བོ་ཉིད་ལ་ནི་གནས་ པ་འམ་མྱི་གནས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །གཟུངས་ཀྱི་སྒོ་ རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱི་སྟོང་པའི་ཕྱིར་རོ། །བསམ་ 17-1-187a གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ སྟོང་པའི་ཕྱིར་རོ། མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་ རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་འཇིགས་པ་བཞི་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་ གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སོ་སོ་ཡང་དག་པར་རིག་པ་བཞི་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་ མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྙིང་རྗེ་ཆེན་པོ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། ། 17-1-187b རབ་འབྱོར་འདི་ལྟ་སྟེ་དཔེར་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་ པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །མྱི་འཇིགས་པ་བཞི་མྱི་འཇིགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །སོ་སོ་ ཡང་དག་པར་རིག་པ་བཞི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་ པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རང་སངས་རྒྱས་ནི་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རང་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་ནི། གནས་པ་ 17-1-188a འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དགྲ་བཅོམ་པའི་ངོ་བོ་ཉིད་དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ངོ་བོ་ཉིད་རང་སངས་རྒྱས་ཀྱི་ངོ་བོ་ཉིད་ ཀྱི་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་དཔའ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་ པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་ མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པའི་ ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ། དེ་ཡང་གནས་ པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱིར་མྱི་འོང་བའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ 17-1-188b ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་ པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རང་བྱང་ཆུབ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །དགྲ་བཅོམ་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རང་བྱང་ཆུབ་ ཀྱི་ངོ་བོ་ཉིད་ལ་གནས་པ་འམ་མྱི་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་བྱང་ཆུབ་ཀྱི་ངོ་བོ་ཉིད་རང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལམ་གྱི་རྣམ་པ་ཤེས་པ་ ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ 17-1-189a གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་ པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ ངོ་བོ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིང་ནི་ གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚན་མ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བརྡའ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཐ་སྙད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གདགས་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་གི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །མཚན་མའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་ 17-1-189b མེད་དོ། །བརྡའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །ཐ་སྙད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །གདགས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་གི་ངོ་བོ་ཉིད་མིང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མའི་ངོ་བོ་ཉིད་མཚན་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྡའི་ངོ་བོ་ཉིད་བརྡའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་ཀྱི་ངོ་བོ་ཉིད་ཐ་སྙད་ ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གདགས་པའི་ངོ་བོ་ཉིད་གདགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་ དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཉོན་མོངས་པ་མེད་པ་ནི། གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་བྱང་བ་མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མེད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །འགག་པ་མྱེད་པའི་ངོ་བོ་ཉིད་ལ་ ནི་གནས་པ་འམ་མི་གནས་པ་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །རྣམ་པར་བྱང་བ་མེད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །དེ་ཅིའི་ 17-1-190a ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སྐྱེ་བ་མེད་པའི་ངོ་བོ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འགག་པ་མེད་པའི་ངོ་བོ་ཉིད་འགག་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད། ཀུན་ ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པའི་ངོ་བོ་ཉིད་རྣམ་པར་བྱང་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མངོན་པར་འདུ་བྱ་བ་ མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ འདུ་བྱ་བ་མེད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མི་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ ཕྱིར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། རབ་འབྱོར་རྣམ་གྲངས་དེས་ན། ཐེག་པ་དེ་ནི་མི་གནས་པར་གནས་པའི་ཚུལ་དང་། བསྐྱོད་དུ་ མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། ཐེག་པ་དེས་སུ་ཡང་འབྱུང་བར་འགྱུར་བ་མེད་ དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་འབྱུང་བར་འགྱུར་བ་དང་། གང་གིས་འབྱུང་བར་འགྱུར་བ་དང་། གང་ནས་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ ཅིང་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་ན། ཆོས་གང་ཞིག་ཆོས་གང་གིས་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་ཤིན་ཏུ་རྣམ་པར་དག་ 17-1-190b པ་དང་། སེམས་ཅན་ཤིན་ཏུ་རྣམ་པར་དག་པ་དང་། སྲོག་ཤིན་ཏུ་རྣམ་པར་དག་པ་དང་། འགྲོ་བ་ཤིན་ཏུ་རྣམ་པར་དག་པ་དང་། གསོའ་བ་ཤིན་ཏུ་རྣམ་པར་དག་པ་དང་། སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་ དང་། གང་ཟག་ཤིན་ཏུ་རྣམ་པར་དག་པ་དང་། ཤེད་ཅན་ཤིན་ཏུ་རྣམ་པར་དག་པ་དང་། ཤེད་བདག་ཤིན་ཏུ་རྣམ་པར་དག་པ་དང་། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། ཚོར་བ་པོ་ཤིན་ཏུ་རྣམ་པར་ དག་པ་དང་། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་པ་དང་། མཐའ་ལས་འདས་པ་བདག་དམིགས་སུ་མེད་དོ། །སེམས་ཅན་དམིགས་སུ་མེད་དོ། །སྲོག་དམིགས་ སུ་མེད་དོ། །འགྲོ་བ་དམིགས་སུ་མེད་དོ། །གསོའ་བ་དམིགས་སུ་མེད་དོ། སྐྱེས་བུ་དམིགས་སུ་མེད་དོ། །གང་ཟག་དམིགས་སུ་མེད་དོ། །ཤེད་ཅན་དམིགས་སུ་མེད་དོ། །ཤེད་བདག་དམིགས་སུ་ མེད་དོ། །བྱེད་པ་པོ་དམིགས་སུ་མེད་དོ། །ཚོར་བ་པོ་དམིགས་སུ་མེད་དོ། །ཤེས་པ་པོ་དམིགས་སུ་མེད་དོ། །མཐོང་བ་པོ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཆོས་ཀྱི་དབྱིངས་དམིགས་ སུ་མེད་དོ། ཤིན་ཏུ་རྣམ་པར་དག་པའི་ཕྱིར། དེ་བཞིན་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡང་དག་པའི་མཐའ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕུང་པོ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཁམས་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་ པར་དག་པའི་ཕྱིར། སྐྱེ་མཆེད་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ཏུ་ 17-1-191a རྣམ་པར་དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཤིན་ ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕྱི་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་ སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ ཕྱིར་རང་བཞིན་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་དམིགས་ 17-1-191b སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ ཕྱིར་ཡང་དག་པར་སྤོང་བ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དབང་པོ་རྣམས་དམིགས་སུ་མེད་དོ། །ཤིན་ ཏུ་རྣམ་པར་དག་པའི་ཕྱིར་སྟོབས་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་ལམ་ཡན་ལགས་ བརྒྱད་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་བདེན་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བསམ་གཏན་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་ པར་དག་པའི་ཕྱིར་ཚད་མེད་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པ་ རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་མངོན་པར་ཤེས་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏིང་ངེ་འཛིན་རྣམས་དམིགས་སུ་ མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུངས་ཀྱི་སྒོ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ 17-1-192a ཕྱིར་མི་འཇིགས་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྙིང་རྗེ་ཆེན་པོ་དམིགས་སུ་ མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་ཏུ་ཞུགས་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕྱིར་མི་འོང་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དགྲ་བཅོམ་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་ པར་དག་པའི་ཕྱིར་རང་སངས་རྒྱས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །ཤིན་ ཏུ་རྣམ་པར་དག་པའི་ཕྱིར། ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དགྲ་བཅོམ་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རང་བྱང་ཆུབ་དམིགས་སུ་མེད་དོ། །ཤིན་ ཏུ་རྣམ་པར་དག་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་བ་མེད་པ་དམིགས་སུ་མེད་དོ། ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགག་པ་མེད་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པ་དམིགས་སུ་མེད་དོ། ། 17-1-192b ཤིན་ཏུ་རྣམ་པར་དག་པའི་ཕྱིར་མངོན་པར་འདུ་བྱ་བ་མེད་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་གྱི་མཐའ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕྱི་མའི་མཐའ་དམིགས་སུ་མེད་དོ། །ཤིན་ ཏུ་རྣམ་པར་དག་པའི་ཕྱིར་ད་ལྟར་བྱུང་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འོང་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགྲོ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་གནས་པ་ དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཆི་འཕོ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགྲིབ་པ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པའི་ཕྱིར་འཕེལ་བ་དམིགས་སུ་མེད་དོ། །གང་མི་དམིགས་པ་ཐམས་ཅད་དམིགས་སུ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱིས་ དབྱིངས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དེ་བཞིན་ཉིད་མི་དམིགས་པས་དེ་བཞིན་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་དམིགས་སུ་མེད་པ་ནི་ དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཡང་དག་པའི་མཐའ་མི་དམིགས་པས་ཡང་དག་པའི་མཐའ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པའི་མཐའ་དམིགས་སུ་ མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མི་དམིགས་པས་བསམ་གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་ གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམིགས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམིགས་སུ་མེད་དོ། །དེ་ཅིའི་ 17-1-193a ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་པས། རྟེན་ཅིང་ འབྲེལ་བར་འབྱུང་བ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ དམིགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་ མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་ པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 17-1-193b མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། ། ནང་སྟོང་པ་ཉིད་མི་དམིགས་པས། ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཕྱི་ སྟོང་པ་ཉིད་མི་དམིགས་པས། ཕྱི་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ མི་དམིགས་པས། ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །སྟོང་པ་ཉིད་སྟོང་ པ་ཉིད་མི་དམིགས་པས། སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཆེན་པོ་སྟོང་ པ་ཉིད་མི་དམིགས་པས། ཆེན་པོ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆེན་པོ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དོན་དམ་པ་ སྟོང་པ་ཉིད་མི་དམིགས་པས། དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ ནོ། །འདུས་བྱས་སྟོང་པ་ཉིད་མི་དམིགས་པས། འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ 17-1-194a ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་མི་དམིགས་པས། འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་པས། མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་པས། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དོར་བ་མེད་ པ་སྟོང་པ་ཉིད་མི་དམིགས་པས། དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་ མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་མི་དམིགས་པས། རང་བཞིན་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བཞིན་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་ དམིགས་པ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་མི་དམིགས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དམིགས་སུ་མེད་པ་ ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས་པས། རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ 17-1-194b དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །མི་དམིགས་པ་སྟོང་པ་ཉིད་མི་དམིགས་པས། མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་པས། དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པས། ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་ དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པས། དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དྲན་པ་ཉེ་ བར་གཞག་པ་རྣམས་མི་དམིགས་པས། དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་ དམིགས་པ་ཡང་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་མི་དམིགས་པས། ཡང་དག་པར་སྤོང་བ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མི་དམིགས་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྫུ་འཕྲུལ་ཀྱི་རྐང་པ་རྣམས་དམིག་ 17-1-195a སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དབང་པོ་རྣམས་མི་དམིགས་པས། དབང་པོ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབང་པོ་རྣམས་དམིགས་ སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །སྟོབས་རྣམས་མི་དམིགས་པས། སྟོབས་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་རྣམས་དམིགས་སུ་མེད་ པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ ཡན་ལག་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ལམ་མི་དམིགས་པས་ལམ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་དམིགས་སུ་མེད་པ་ ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་མི་དམིགས་པས། འཕགས་པའི་བདེན་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་ པའི་བདེན་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བསམ་གཏན་རྣམས་མི་དམིགས་པས། བསམ་གཏན་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་བསམ་གཏན་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཚད་མེད་པ་རྣམས་མི་དམིགས་པས། ཚད་མེད་པ་རྣམས་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་མེད་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་རྣམས་མི་དམིགས་ 17-1-195b པས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་ མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་མི་དམིགས་པས། རྣམ་པར་ཐར་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་དང་། སྨོན་པ་མེད་པ་མི་དམིགས་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་མི་དམིགས་པས། མངོན་པར་ཤེས་པ་རྣམས་དམིགས་ སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་མི་དམིགས་པས། ཏིང་ངེ་འཛིན་རྣམས་ དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་མི་དམིགས་པས། གཟུངས་ཀྱི་སྒོ་རྣམས་ 17-1-196a དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱིས་སྒོ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མི་ དམིགས་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ ཡིན་ནོ། །མི་འཇིགས་པ་རྣམས་མི་དམིགས་པས། མི་འཇིགས་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་འཇིགས་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་ མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་མི་དམིགས་པས། སོ་སོ་ཡང་དག་པར་རིག་པ་བཞི་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་མི་དམིགས་པས། སྙིང་རྗེ་ཆེན་པོ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་དམིགས་སུ་མེད་པ་ནི། དམིགས་པ་ ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དམིགས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པ་མི་དམིགས་པས། རྒྱུན་ཏུ་ཞུགས་པ་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་མི་དམིགས་པས། ལན་ཅིག་ཕྱིར་འོང་བ་དམིག་ 17-1-196b སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལན་ཅིག་ཕྱིར་འོང་བ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཕྱིར་མི་འོང་བ་མི་དམིགས་པས། ཕྱིར་མི་འོང་བ་དམིགས་སུ་ མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱིར་མི་འོང་བ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དགྲ་བཅོམ་པ་མི་དམིགས་པས། དགྲ་བཅོམ་པ་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རང་སངས་རྒྱས་མི་དམིགས་པས། རང་སངས་རྒྱས་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་སངས་རྒྱས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་མི་དམིགས་པས། བྱང་ཆུབ་སེམས་དཔའ་ དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་མི་དམིགས་པས། དེ་བཞིན་གཤེགས་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་མི་དམིགས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་ དམིགས་པ་ཡང་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་དམིགས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་ 17-1-197a འབྲས་བུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་མི་དམིགས་པས། ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་མི་དམིགས་པས། དགྲ་བཅོམ་པ་དམིགས་སུ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རང་བྱང་ཆུབ་མི་དམིགས་པས། རང་བྱང་ཆུབ་དམིགས་སུ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་རང་བྱང་ཆུབ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་ སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་ པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ ཡང་མ་ཡིན་ནོ། །སྐྱེ་བ་མེད་པ་མི་དམིགས་པས། སྐྱེ་བ་མྱེད་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མྱེད་པ་དམིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་ པ་ཡང་མ་ཡིན་ནོ། །འགག་པ་མྱེད་པ་མྱི་དམིགས་པས། འགག་པ་མྱེད་པ་དམིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགག་པ་མེད་པ་དམྱིགས་སུ་མྱེད་པ་ནི། དམིགས་པ་ཡང་མ་ཡིན་ 17-1-197b མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མྱེད་པ་མྱི་དམྱིགས་པས། ཀུན་ནས་ཉོན་མོངས་པ་མྱེད་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཀུན་ནས་ཉོན་མོངས་པ་མྱེད་པ་དམྱིགས་ སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བ་མྱེད་པ་མྱི་དམྱིགས་པས། རྣམ་པར་བྱང་བ་མྱེད་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་བྱང་བ་ མྱེད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །མངོན་པར་འདུ་བྱ་བ་མྱེད་པ་མྱི་དམྱིགས་པས། མངོན་པར་འདུ་བྱ་བ་མྱེད་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་འདུ་བྱ་བ་མྱེད་ པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་པ་མྱི་དམྱིགས་པ་ཡང་མ་ཡིན་ནོ། །སྔོན་གྱི་མཐའ་མྱི་དམྱིགས་པས། སྔོན་གྱི་མཐའ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དམྱིགས་སུ་མྱེད་པ་ནི། དམྱིགས་ པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཕྱི་མའི་མཐའ་མྱི་དམྱིགས་པས། ཕྱི་མའི་མཐའ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་ མྱི་དམྱིགས་པ་ཡང་མ་ཡིན་ནོ། །ད་ལྟར་བྱུང་བ་མྱི་དམྱིགས་པས། ད་ལྟར་བྱུང་བ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་ མྱི་དམྱིགས་པ་ཡང་མ་ཡིན་ནོ། །འོང་བ་མྱི་དམྱིགས་པས། འོང་བ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འོང་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། ། འགྲོ་བ་མྱི་དམྱིགས་པས། འགྲོ་བ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགྲོ་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །གནས་པ་མྱི་དམྱིགས་པས། 17-1-198a གནས་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གནས་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམིགས་པ་ཡང་མ་ཡིན་ནོ། །འཆི་འཕོ་མྱི་དམྱིགས་པས། འཆི་འཕོ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཆི་འཕོ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །སྐྱེ་བ་མྱི་དམྱིགས་པས། སྐྱེ་བ་དམྱིགས་སུ་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །འགྲིབ་པ་མྱི་དམིགས་པས། འགྲིབ་པ་དམྱིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་འགྲིབ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །འཕེལ་བ་མྱི་དམྱིགས་པས། འཕེལ་བ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕེལ་བ་ དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་དང་པོ་མྱི་དམྱིགས་པས། ས་དང་པོ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དང་པོ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་གཉིས་པ་མྱི་དམྱིགས་པས། ས་གཉིས་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་གཉིས་པ་དམྱིགས་སུ་མྱེད་པ་ནི། དམྱིགས་ པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་གསུམ་པ་མྱི་དམྱིགས་པས། ས་གསུམ་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་གསུམ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་བཞི་པ་མྱི་དམྱིགས་པས། ས་བཞི་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བཞི་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་ 17-1-198b མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་ལྔ་པ་མྱི་དམྱིགས་པས། ས་ལྔ་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་ལྔ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་ པ་ཡང་མ་ཡིན་ནོ། །ས་དྲུག་པ་མྱི་དམྱིགས་པས། ས་དྲུག་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དྲུག་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། ། ས་བདུན་པ་མྱི་དམྱིགས་པས། ས་བདུན་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བདུན་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་བརྒྱད་པ་མྱི་ དམྱིགས་པས། ས་བརྒྱད་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བརྒྱད་པ་དམིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་དགུ་པ་མྱི་དམྱིགས་པས། ས་ དགུ་པ་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དགུ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་བཅུ་པ་མྱི་དམྱིགས་པས། ས་བཅུ་པ་དམྱིགས་སུ་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བཅུ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ས་དང་པོ་ནི་གང་། ས་གཉིས་པ་ནི་གང་། ས་གསུམ་པ་ནི་གང་། ས་བཞི་ པ་ནི་གང་། ས་ལྔ་པ་ནི་གང་། ས་དྲུག་པ་ནི་གང་། ས་བདུན་པ་ནི་གང་། ས་བརྒྱད་པ་ནི་གང་། ས་དགུ་པ་ནི་གང་། ས་བཅུ་པ་ནི་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་པའི་ས་དང་། རིགས་ ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་ 17-1-199a དཔའི་ས་དང་། སངས་རྒྱས་ཀྱི་ས་ཏེ། ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་ མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །འདུས་ བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མེད་དོ། ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་ མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་ སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་ དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མེད་དོ། །སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ 17-1-199b ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །དངོས་པོ་མེད་པ་ སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གཉིས་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་ པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་ སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་ 17-1-200a གསུམ་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་གསུམ་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ ས་བཞི་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་ པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་ དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་ དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་ མེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་ 17-1-200b པ་དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་ མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་ལྔ་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་ དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །འདུས་ བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། ། 17-1-201a ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་ མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དྲུག་པ་དམིགས་སུ་མྱེད་དོ། །ནང་ སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམིགས་སུ་མྱེད་དོ། ། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ ས་བདུན་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ ས་བདུན་པ་དམྱིགས་སུ་མེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་ སུ་མེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བདུན་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ 17-1-201b ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་ དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་ པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་ པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་ པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་ སུ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །འདུས་ བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་མཐའ་མ་མྱེད་པ་སྟོང་པ་ཉིད་ 17-1-202a ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་ སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མེད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་དགུ་པ་དམྱིགས་སུ་མེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ ས་བཅུ་པ་དམྱིགས་སུ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །དོན་དམ་ པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །ཐོག་མ་དང་མཐའ་མ་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མེད་དོ། །རང་བཞིན་སྟོང་པ་ཉིད་ ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམིགས་སུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །མྱི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་ས་ བཅུ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམིགས་ 17-1-202b སུ་མེད་དོ། །དེ་ཅི་ཕྱིར་ཞེ་ན། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་པ་ནི། དམིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་གཉིས་པ་ དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་གསུམ་པ་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཞི་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་ལྔ་པ་དམིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་ མྱི་དམིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་དྲུག་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བདུན་པ་དམིགས་ སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བརྒྱད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་ པར་དག་པའི་ཕྱིར་ས་དགུ་པ་དམིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཅུ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམིགས་ པ་ཡང་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ 17-1-203a ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་ རྣམ་པར་དག་པ་ཉེ་བར་བཟུང་ན། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་ མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། མཐའ་ལས་འདས་པ་སྟོང་པ་ཉིད་ ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་ རྣམ་པར་དག་པ་ཉེ་བར་བཟུང་ན། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་ པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་ པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་ 17-1-203b བཟུང་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱ་ བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་ པར་དག་པ་ཉེ་བར་བཟུང་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པ་ཉེ་བར་བཟུང་ན། འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། འདུས་མ་བྱས་སྟོང་པ་ཉིད་ ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱ་བ་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དོར་བ་ 17-1-204a མེད་པ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་གི་མཚན་ཉིད་སྟོང་ པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་ མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་ རྣམ་པར་དག་པ་ཉེ་བར་བཟུང་ན། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་ 17-1-204b བར་བཟུང་ན། འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་ བཟུང་ན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམྱིགས་སུ་མེད་དོ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པ་ཉེ་བར་བཟུང་ན། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་ དག་པ་ཉེ་བར་བཟུང་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམྱིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལྔ་དམིགས་ སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་མྱི་དམྱིགས་པའི་ ཚུལ་གྱིས་ཐེག་པ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་གཅིག་པའོ།། །། 17-1-205a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་ལྔ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ་ མཁའ་དང་མཉམ་པ་སྟེ། ཇི་ལྟར་ནམ་མཁའ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པས་ བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་སྟེ། ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང་འོང་བ་ཞེས་བགྱི་བ་འམ། གནས་པ་ཡང་མ་མཆིས་སྔོན་གྱི་ མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཞེས་བགྱི་བ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འགྲོ་བ་འམ་འོང་བ་ཞེས་བགྱི་བ་ཡང་མ་མཆིས་ལ། གནས་པ་ པ་ཡང་མ་མཆིས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་མི་དམིགས། འབྱུང་བ་མི་དམིགས། གནས་པ་མི་དམིགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དུས་གསུམ་ མཉམ་པ་ཉིད་ཀྱི་སླད་དུ། སྔོན་གྱི་མཐའ་མི་དམྱིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་མི་དམིགས་ ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་པས། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། ། 17-1-205b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་ཐམས་ཅད་ དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང་། ཟླ་བ་བཟང་པོའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་ མཚན་དཔལ་གྱི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་ དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་དང་། རྡོ་རྗེའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་ རབ་ཏུ་གནས་པའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པའི་ཏིང་ངེ་འཛིན་དང་། དཔུང་རྣམ་པར་བཀོད་པའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པའི་ ཏིང་ངེ་འཛིན་དང་། ཚིག་བླ་དགས་ལ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་དང་། ཕྱོགས་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་དང་། མཉམ་པ་མེད་པའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་ 17-1-206a ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། དབང་པོའི་དཔལ་གྱི་ཏིང་ངེ་འཛིན་དང་། རྒྱན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། སྣྲེལ་གཞིའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བའི་ཏིང་ངེ་འཛིན་དང་། ཚོལ་བ་མེད་པའི་ཏིང་ངེ་འཛིན་དང་། གནས་ལ་རྟེན་པ་མེད་པའི་ཏིང་ངེ་འཛིན་དང་། སེམས་མེད་པའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྒྲོན་མའི་ཏིང་ངེ་འཛིན་དང་། འོད་མཐའ་ཡས་ པའི་ཏིང་ངེ་འཛིན་དང་། འོད་བྱེད་པའི་ཏིང་ངེ་འཛིན་དང་། ཀུན་ནས་སྣང་བའི་ཏིང་ངེ་འཛིན་དང་། དག་པ་དམ་པའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པའི་ཏིང་ངེ་འཛིན་དང་། གློག་གི་ སྒྲོན་མའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པའི་ཏིང་ངེ་འཛིན་དང་། མྱི་འཕམ་པའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པའི་ཏིང་ངེ་འཛིན་དང་། ཟད་པ་དང་བྲལ་བའི་ཏིང་ངེ་འཛིན་དང་། མྱི་གཡོ་བའི་ཏིང་ངེ་འཛིན་དང་། འཇིག་པ་མེད་པའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཤེས་རབ་སྒྲོན་མའི་ཏིང་ངེ་འཛིན་དང་། སྣང་བ་གསལ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པའི་ཏིང་ངེ་ འཛིན་དང་། བྱ་བ་བྱེད་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་དཔལ་གྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སེམས་གནས་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པའི་ཏིང་ངེ་འཛིན་དང་། རིན་ཆེན་མཐའི་ཏིང་ངེ་འཛིན་དང་། ཆོས་དམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་པའི་ཏིང་ངེ་འཛིན་དང་རྣམ་པར་འཐར་པའི་ཏིང་ངེ་འཛིན་ 17-1-206b དང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་འགོད་པའི་ཏིང་ངེ་འཛིན་དང་། ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་དང་། དམྱིགས་པ་གཅོད་པའི་ཏིང་ངེ་འཛིན་དང་། འགྱུར་བ་མེད་པའི་ཏིང་ངེ་ འཛིན་དང་། རྣམ་པ་མེད་པའི་ཏིང་ངེ་འཛིན་དང་། མྱིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་དང་། གནས་མེད་པར་སྤྱོད་པའི་ཏིང་ངེ་འཛིན་དང་། རབ་རིབ་མེད་པའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་དང་། གཡོ་བ་ མེད་པའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་ཏིང་ངེ་འཛིན་དང་། སེམས་མེད་པར་གནས་པའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་ བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པའི་ཏིང་ངེ་འཛིན་དང་། མྱི་མཉམ་པ་དང་མཉམ་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་བྱེད་པའི་ཏིང་ངེ་འཛིན་དང་། ནེམ་ནུར་རྣམ་པར་སེལ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མེད་པའི་ཏིང་ངེ་འཛིན་དང་། གཅིག་ཏུ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་དང་། རྣམ་པར་མངོན་པར་བསྒྲུབ་པའི་ ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་དང་། རྣམ་པར་འདོར་བའི་ཏིང་ངེ་འཛིན་དང་། རྟོག་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་དང་། བརྡའ་དང་སྒྲ་ལ་འཇུག་པའི་ ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་དང་། མངོན་པར་དམྱིགས་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པའི་ མཆོག་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པའི་ཟ་མ་ཏོག་གི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཀྱི་ཏིང་ངེ་འཛིན་དང་། ཡང་དག་ 17-1-207a པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་དང་། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པའི་ཏིང་ངེ་འཛིན་དང་། འཐུན་པ་དང་འགལ་བ་མྱེད་པའི་ཏིང་ངེ་འཛིན་དང་། འོད་དྲི་མ་མྱེད་ པའི་ཏིང་ངེ་འཛིན་དང་། སྙིང་པོར་ལྡན་པའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཀྱི་ཏིང་ངེ་འཛིན་དང་། གློག་གི་འོད་ཀྱི་ཏིང་ངེ་འཛིན་དང་། རྒྱན་ཆེན་པོའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོད་བྱེད་པའི་ཏིང་ངེ་འཛིན་ དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། རྡུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཉོན་མྱོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་བཅས་པ་ཐམས་ ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་དང་། གནས་དམྱིགས་སུ་མྱེད་པ་ལ་བརྩོན་པའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་ བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མྱེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ཏེ། འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་ 17-1-207b པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་ སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལགས་བདུན་དང་། འཕགས་པའི་ལམ་ཡན་ལག་ བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱི་གནས་པའི་སྙོམས་པར་ འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་ བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་ འབྱོར་གང་ཡང་ཁྱོད་ཀྱི་འདི་སྐད་དུ་ཐེག་པ་དེ་ནི། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་ཞེ་ ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཏེ། རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་ མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་ 17-1-208a རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདོད་པའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ ཆོས་ཅན་སྟེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་ཀྱི་ཁམས་དེ་བཞིན། མ་ནོར་ བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་སྟེ། རབ་འབྱོར་གཟུགས་ཀྱི་ཁམས་དེ་རྣམ་པར་བརྟག་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་མྱེད་པའི་ ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་ པོ་འདིས་ཀྱང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་གཟུགས་མྱེད་པའི་ཁམས་དེ་རྣམ་པར་བརྟག་པ། རྣམ་པར་བསྐྱེད་པ། ཡོངས་སུ་ བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་ 17-1-208b འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་ དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་གཟུགས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་ པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཚོར་བ་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་ བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་ བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུ་ཤེས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མི་འགྱུར་བའི་ ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདུ་ཤེས་དེ་རྣམ་པར་བརྟགས་པ། རྣམ་པར་ 17-1-209a བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་ རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུ་བྱེད་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་ འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདུ་བྱེད་དེ་རྣམ་པར་བརྟགས་པ། རྣམ་པར་ བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་ བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣམ་པར་ཤེས་པ་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་ པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱིག་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་ 17-1-209b གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་མྱིག་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་ སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་རྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་འདིས་ལྷ་དང་མྱི་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། ། རབ་འབྱོར་གལ་ཏེ་རྣ་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རྣ་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་ གལ་ཏེ་སྣ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཅི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྣ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་ བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ 17-1-210a དེ་ལྕེ་དེ་བཞིན་མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོགས་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱིས་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོའི་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་གནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ལྕེ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལུས་དེ་བཞིན་མ་ནོར་པ་ དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་ དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལུས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་ བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡིད་དེ་བཞིན། མ་ནོར་པ་དེ་བཞིན། གཞན་ མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་ དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་མི་འགྱུར་ཏེ། རབ་འབྱོར་ཡིད་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ 17-1-210b ཏེ། དངོས་པོ་མེད་པའི་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་དེ་བཞིན་མ་ནོར་བ་དེ་བཞིན། གཞན་མ་ཡིན་ པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བཞིན་ཏུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་ དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་གཟུགས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མི་རྟག་ཅིང་མི་རྟེན་ལ་ཐེར་ཟུག་མ་ ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྒྲ་དེ་བཞིན། མ་ནོར་བ་ དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་ མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་སྒྲ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་རྟེན་ལ་ཐེར་ཟུག་མ་ཡིན་ འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར། ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དྲི་དེ་བཞིན་མ་ནོར་བ་དེ་བཞིན། གཞན་མ་ ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་ 17-1-211a རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དྲི་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རོ་དེ་བཞིན་མ་ནོར་བ་དེ་བཞིན། གཞན་མ་ ཡིན་པ་དེ་བཞིན་དེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པར་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་ དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རོ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རེག་དེ་བཞིན་མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་ མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་ འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རེག་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོའི་འདིས་ ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཆོས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། 17-1-211b ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ ཆོས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱིག་གི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་ དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱིག་གི་རྣམ་པར་ཤེས་ པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་ རྟག་ཅིག་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣ་བའི་རྣམ་ པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་རྟེན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་། མྱི་དང་། ལྷ་ 17-1-212a མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྣའི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་ པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་ འབྱོར་སྣའི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་ དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལྕེའི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་ དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ ཏེ། རབ་འབྱོར་ལྕེའི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་ དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་ པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟག་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ 17-1-212b འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་ པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་ མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་ པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱིག་གི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་ བ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ 17-1-213a ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་ བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྣའི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྣའི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལྕེའི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱི་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལྕེའི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ 17-1-213b ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པ་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་ དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱི་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་དེ་རྣམ་པར་བརྟག་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་ འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་ 17-1-214a པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིག་བརྟན་ལ་ཐེར་ཟུག་མྱི་ འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རྣ་བའི་འདུས་དེ་རེག་པའི་རྐྱེན་ཀྱིས་ ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་ པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འབྱུང་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ ཏེ། རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་ 17-1-214b པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་ མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་ དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱི་ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་ དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་ རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལུས་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་རྟག་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱི་ཚོར་བ་དེ་བཞིན། མ་ནོར་ པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། 17-1-215a ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སའི་ཁམས་ དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཆུའི་ཁམས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་ཏུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཆུའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་ འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱེའི་ཁམས་དེ་བཞིན། མ་ནོར་པ་དེ་བཞིན་ 17-1-215b གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟེན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་མྱེའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་ པས་དེའི་ཕྱིར་ཐེག་པ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རླུང་གི་ཁམས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་ཏུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་ཀྱིས་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཅིང་འབྱུང་ བར་མྱི་འགྱུར་ཏེ། རབ་འབྱོར་རླུང་གི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ནམ་མཁའི་ཁམས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་ འགྱུར་ཏེ། རབ་འབྱོར་ནམ་མཁའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་ 17-1-216a དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣམ་པར་ཤེས་པའི་ཁམས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་ བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི། ཆོས་ཅན་ཀྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣམ་པར་ཤེས་པའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་ དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་བའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མ་རིག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ། བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་ཏུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་ མྱི་འགྱུར་ཏེ། རབ་འབྱོར་མ་རིག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་མྱི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུ་བྱེད་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་ རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདུ་བྱེད་དེ་ 17-1-216b རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་བཅས་པའི་འཇིག་རྟེན་ཟིལ་ ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣམ་པར་ཤེས་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་ཏུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ ཆོས་ཅན་ཀྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་ འབྱོར་གལ་ཏེ་མྱིང་དང་གཟུགས་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱིང་དང་གཟུགས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྐྱེ་ མཆེད་དྲུག་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་ 17-1-217a འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྐྱེ་མཆེད་དྲུག་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་མྱི་ཅིང་མྱི་བརྟན་ ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རེག་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རེག་པ་དེ་རྣམ་པར་བརྟགས་པ་རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་ པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཚོར་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་ འབྱོར་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྲེད་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ 17-1-217b ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ནི། ཐེག་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྲེད་པ་དེ་རྣམ་པར་བརྟགས་ པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པ་དེའི་ཕྱིར་ཐེག་པ་ཆེན་པོའི་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་ བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལེན་པ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལེན་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་ བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྲིད་པ་དེ་བཞིན། མ་ནོར་པ་ དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྲིད་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྐྱེ་བ་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ 17-1-218a ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་ མནན་ཅིང་འབྱུང་བ་མྱི་འགྱུར་ཏེ། རབ་འབྱོར་སྐྱེ་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་རྟག་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མྱེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྒ་ཤི་དེ་བཞིན། མ་ནོར་པ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་ཡིན་སྟེ། ཇི་ལྟ་བ་ བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མྱི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྒ་ཤི་དེ་ རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། མྱི་རྟག་ཅིང་མྱི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་ རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ 17-1-218b ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདི་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་ མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་ འབྱོར་གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་ འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་ 17-1-219a རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་དངོས་ པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ནང་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་ པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱི་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱི་སྟོང་པ་ཉིད་དངོས་པོ་མེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་ དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱི་ནང་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་ དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་མྱི་ འགྱུར་ཏེ། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ 17-1-219b ཆེན་པོ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཆེན་པོ་སྟོང་པ་ཉིད་དངོས་པོ་མྱེད་ ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དོན་དམ་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་ པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་ དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུས་བྱས་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདུས་བྱས་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་ གལ་ཏེ་འཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ 17-1-220a མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་ གལ་ཏེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དོར་བ་མྱེད་པ་སྟོང་ པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དོར་བ་མེད་པ་སྟོང་པ་ཉིད་དངོས་ པོ་མེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རང་བཞིན་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་ མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རང་བཞིན་སྟོང་པ་ཉིད་དངོས་པོ་མེད་ལ། དངོས་པོ་མ་ཡིན་ན་ནི། དེའི་ཕྱིར་ཐེག་ པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་ པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱི་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ 17-1-220b ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱི་དམྱིགས་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱི་དམིགས་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་། ལྷ་ དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་ དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། 17-1-221a ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་ འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་ འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡང་དག་པར་སྤོང་བ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྫུ་འཕྲུལ་གྱི་རྐང་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ 17-1-221b འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དབང་པོ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དབང་པོ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྟོབས་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྟོབས་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། ། རབ་འབྱོར་གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ ཏེ། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལམ་དངོས་པོ་ཡོད་པ་ཞིག་ ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལམ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འཕགས་པའི་བདེན་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་ 17-1-222a རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འཕགས་པའི་བདེན་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་ བ་ཡིན་ནོ། །རབ་འབྱོར་གལ་ཏེ་བསམ་གཏན་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བསམ་ གཏན་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཚད་མེད་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་ མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཚད་མྱེད་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་ལྷ་མ་ཡིན་དུ། བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣམ་པར་ཐར་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྣམ་པར་ཐར་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་ 17-1-222b འབྱོར་གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་ འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་ འབྱོར་གལ་ཏེ་མངོན་པར་ཤེས་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མངོན་པར་ཤེས་པ་རྣམས་ དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཏིང་ངེ་འཛིན་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་ མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཏིང་ངེ་འཛིན་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུངས་ཀྱིས་སྒོ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ 17-1-223a འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་གཟུངས་ཀྱིས་སྒོ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ དེ་བཞིན་གཤེགས་པའི་སྟོབས་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མྱི་འཇིགས་པ་རྣམས་དངོས་པོ་ཡོད་པ་ཞིག་ ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་མྱི་འཇིགས་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་ དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སོ་སོ་ཡང་དག་པར་རིག་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་ མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྙིང་རྗེ་ཆེན་པོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྙིང་རྗེ་ཆེན་པོ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ 17-1-223b བརྒྱད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རིགས་ཀྱི་སའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རིགས་ཀྱི་སའི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བརྒྱད་པའི་ སའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བརྒྱད་པའི་སའི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་ པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྒྱུན་ཏུ་ཞུགས་པའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱི་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རྒྱུན་ཏུ་ཞུགས་པའི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་ གལ་ཏེ་ལན་ཅིག་ཕྱིར་འོང་བའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་ ཆོས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱིར་མི་འོང་བའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་ 17-1-224a མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱིར་མི་འོང་བའི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ ཆེན་པོ་འདིས་ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དགྲ་བཅོམ་པའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དགྲ་བཅོམ་པའི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རང་སངས་རྒྱས་ཀྱི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ ཏེ། རབ་འབྱོར་རང་སངས་རྒྱས་ཀྱི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་ སེམས་དཔའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཆོས་ དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སངས་རྒྱས་ཀྱི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སངས་རྒྱས་ཀྱི་ཆོས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་། 17-1-224b ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རིགས་ཀྱི་ས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རིགས་ཀྱི་ས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བརྒྱད་པའི་ས་དངོས་པོ་ ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བརྒྱད་པའི་ས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་ པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྒྱུན་ཏུ་ཞུགས་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རྒྱུན་ཏུ་ཞུགས་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ ཡིན་ནོ། །རབ་འབྱོར་གལ་ཏེ་ལན་ཅིག་ཕྱིར་འོང་བ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལན་ཅིག་ ཕྱིར་འོང་བ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱིར་མྱི་འོང་བ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱིར་མི་འོང་བ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་ 17-1-225a བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དགྲ་བཅོམ་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དགྲ་བཅོམ་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རང་སངས་རྒྱས་ དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་རང་སངས་རྒྱས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་ གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་ མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་དབྱིངས་དངོས་པོ་ 17-1-225b མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་ཉིད་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་ མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཡང་དག་པའི་མཐའ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བསམ་གྱིས་མྱི་ཁྱབ་པའི་དབྱིངས་དངོས་པོ་ཡོད་ པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་ པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་ པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཅད་སྙིང་པོ་བྱང་ཆུབ་ཏུ་འདུག་གི་ 17-1-226a བར་དུ་སེམས་བསྐྱེད་པ་ཇི་སྙེད་ཅིག་བྱུང་བ་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ ཟིལ་གྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཅད་སྙིང་པོ་བྱང་ཆུབ་དུ་འདུག་གི་བར་དུ་སེམས་བསྐྱེད་པ་ཇི་སྙེད་ཅིག་བྱུང་བ་དེ་དག་ དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་ མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མྱེད་པར་ཁོང་དུ་ཆུད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་ 17-1-226b སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མྱེད་པར་ཁོང་དུ་ཆུད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཐོབ། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་། གཟི་བརྗིད་དང་དཔལ་གྱིས་ལྷམ་མེར་མྱི་འགྱུར། ལྷན་ ནེར་མྱི་འགྱུར། ལྷང་ངེར་མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མྱི་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ། གཟི་བརྗིད་དང་དཔལ་ཀྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་པ་ཡིན་ནོ། །རབ་ འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་པར་མྱི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་མྱེད་དེ། དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་འོད་ཀྱིས་རྒྱས་པར་འགེངས་པ་མཛད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་ 17-1-227a བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་ཡང་མྱི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་ མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་ མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་པ་འམ་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་སྐོར་བར་ཡང་མྱི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མྱེད་དེ་དངོས་པོ་མ་ཡིན་ པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱིས་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་པ་འམ། སུས་ཀྱང་རུང་སྟེ། འཇིག་ རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་རབ་ཏུ་བསྐོར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ 17-1-227b སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་ཡང་མྱི་འགྱུར་ཏེ། རབ་འབྱོར་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་མྱེད་དེ། དངོས་པོ་མ་ཡིན་པས། དེའི་ཕྱིར་སེམས་ཅན་ རྣམས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ལས་འདའ་བར་འགྱུར་རོ། །རབ་འབྱོར་གང་ཡང་ཁྱོད་ ཀྱིས་འདི་སྐད་དུ། ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་མོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ ལ་ནི་ཤར་ཕྱོགས་དམྱིགས་སུ་མྱེད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བླ་དང་། འོག་དང་། ཕྱོགས་འཚམས་དམྱིགས་སུ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ ཤར་ཕྱོགས་དམྱིགས་སུ་མྱེད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བླ་དང་། འོག་དང་། ཕྱོགས་འཚམས་དམྱིགས་སུ་མྱེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་ བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མྱི་མཉམ་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ ཆེན་པོ་དེ་ཡང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མྱི་མཉམ་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་ 17-1-227c འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེབ་རྒན་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་དུ་འདུག་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ ཐེག་པ་ཆེན་པོ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེབ་རྒན་མ་ཡིན། ཤེལ་དང་། དངུལ་གྱི་ཁ་དོག་ཏུ་འདུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟ་བྱུང་བ་མ་ཡིན་ནོ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟ་བྱུང་བ་ཡང་ མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འགྲིབ་པ་མྱེད་དོ། །འཕེལ་བ་མྱེད་དོ། །འབྲི་བ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ འགྲིབ་པ་མྱེད་དོ། །འཕེལ་བ་མེད་དོ། །འབྲི་བ་མྱེད་དོ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། །ནམ་མཁའ་ལ་ཀུན་ནས་ཉོན་མོངས་པ་མྱེད་དོ། །རྣམ་པར་བྱང་བ་མྱེད་དེ་ རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མྱེད། རྣམ་པར་བྱང་བ་མྱེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ སྐྱེ་བ་མྱེད་དོ། །འགག་པ་མྱེད་དོ། །གནས་པ་མྱེད་དོ། །མཐར་ཐུག་པ་མྱེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སྐྱེ་བ་མྱེད་དོ། །འགག་པ་ མྱེད་དོ། །གནས་པ་མྱེད་དོ། །མཐར་ཐུག་པ་མྱེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་ 17-1-227d མཁའ་ནི་དགེ་བ་མ་ཡིན། མྱི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དགེ་བ་མ་ཡིན། མྱི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །དེའི་ཕྱིར་ཐེག་པ་དེ་ནི་ ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཤེས་པར་བྱ་བ་མ་ཡིན། ཤེས་པར་མྱི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན་བསྒོམ་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མྱི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་ པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྣམ་པར་སྨྱིན་པ་ཡང་མ་ཡིན་ནོ། རྣམ་པར་སྨྱིན་པའི་ཆོས་ཅན་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨྱིན་པ་ཡང་མ་ཡིན། རྣམ་པར་སྨྱིན་པའི་ཆོས་ཅན་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ 17-1-228a དུ་ཐེག་པ་ཆེན་པོ་དེ་ཡང་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་ པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་ནི་འདོད་ཆགས་དང་ལྡན་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་ལྡན་པ་མ་ཡིན། ཞེ་སྡང་དང་བྲལ་ བ་མ་ཡིན། གཏི་མུག་དང་ལྡན་པ་མ་ཡིན། གཏི་མུག་དང་བྲལ་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་ཆགས་དང་ལྡན་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་ལྡན་ པ་མ་ཡིན། ཞེ་སྡང་དང་བྲལ་བ་མ་ཡིན། གཏི་མུག་དང་ལྡན་པ་མ་ཡིན། གཏི་མུག་དང་བྲལ་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་ མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མྱེད་དོ། །གཉིས་པ་མྱེད་དོ། །གསུམ་པ་མྱེད་དོ། །བཞི་པ་མྱེད་དོ། །ལྔ་པ་མྱེད་དོ། །དྲུག་པ་མྱེད་དོ། །བདུན་པ་མྱེད་དོ། །བརྒྱད་པ་མྱེད་དོ། །དགུ་པ་མྱེད་དོ། །སེམས་བཅུ་པ་བསྐྱེད་པ་མྱེད་དོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་དང་པོ་བསྐྱེད་པ་མྱེད་དོ། །གཉིས་པ་མྱེད་དོ། །གསུམ་པ་མྱེད་དོ། །བཞི་པ་མྱེད་དོ། །ལྔ་པ་མྱེད་དོ། །དྲུག་པ་མྱེད་དོ། །བདུན་པ་མྱེད་དོ། །བརྒྱད་པ་མྱེད་དོ། །དགུ་པ་མྱེད་དོ། ། སེམས་བཅུ་པ་བསྐྱེད་པ་མྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མྱེད་དོ། །རིགས་ཀྱི་ས་མྱེད་དོ། །བརྒྱད་པའི་ས་མྱེད་དོ། ། མཐོང་བའི་ས་མྱེད་དོ། །བསྲབས་པའི་ས་མྱེད་དོ། །འདོད་ཆགས་དང་བྲལ་བའི་ས་མྱེད་དོ། །བྱས་པ་རྟོགས་པའི་ས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མྱེད་དོ། །རིགས་ཀྱི་ 17-1-228b ས་མྱེད་དོ། །བརྒྱད་པའི་ས་མྱེད་དོ། །མཐོང་བའི་ས་མྱེད་དོ། །བསྲབས་པའི་ས་མྱེད་དོ། །འདོད་ཆགས་དང་བྲལ་བའི་ས་མྱེད་དོ། །བྱས་པ་རྟོགས་པའི་ས་མྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ཉིད་མྱེད་དོ། །དེའི་ཕྱིར་དེ་བཞིན་དུ་ཐེག་པ་ཆེན་ པོ་དེ་ལ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ཉིད་མྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མྱེད་དོ། །རང་སངས་རྒྱས་ཀྱི་ས་མྱེད་དོ། །བྱང་ཆུབ་སེམས་དཔའི་ས་མྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མྱེད་དོ། །རབ་འབྱོར་དེ་ བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མྱེད། རང་སངས་རྒྱས་ཀྱི་ས་མྱེད། བྱང་ཆུབ་སེམས་དཔའི་ས་མྱེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མྱེད་དེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་ མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན། གཟུགས་མྱེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་ པ་མྱེད་པ་མ་ཡིན། ལྡན་པ་མ་ཡིན། མྱི་ལྡན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་དང་ལྡན་པ་མ་ཡིན། གཟུགས་མྱེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མྱེད་པ་མ་ཡིན། ཐོགས་ པ་ཡོད་པ་མ་ཡིན། ཐོགས་པ་མྱེད་པ་མ་ཡིན། ལྡན་པ་མ་ཡིན། མྱི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན། 17-1-229a མྱི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མྱེད་པ་མ་ཡིན། སྡུག་པ་མ་ཡིན་མྱི་སྡུག་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་པ་མ་ ཡིན། མྱི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མྱེད་པ་མ་ཡིན། སྡུག་པ་མ་ཡིན། མྱི་སྡུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྟོང་པ་མ་ཡིན། མྱི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མྱེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མྱེད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མྱི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མྱེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མྱེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མྱི་དབེན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མྱི་དབེན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྣང་བ་མ་ཡིན། མུན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་ པོ་དེ་ཡང་སྣང་བ་མ་ཡིན། མུན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དམྱིགས་སུ་ཡོད་པ་ཡང་མ་ཡིན། དམྱིགས་སུ་མྱེད་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དམྱིགས་སུ་ཡོད་པ་ཡང་མ་ཡིན། དམྱིགས་སུ་མྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། 17-1-229b ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མྱེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་ དང་མཉམ་ཞེས་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་དེ་ལྟར་ནམ་མཁའ་སེམས་ཅན་ཚད་མྱེད་ གྲངས་མྱེད་པའི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །ཞེས་སྨྲས་པ་ནི། དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། ཇི་ལྟར་ནམ་མཁའ་སེམས་ཅན་ ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མྱེད་པའི་ཕྱིར། ནམ་མཁའ་མྱེད་པར་རིག་ པར་བྱའོ། །ནམ་མཁའ་མྱེད་པའི་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་ཚད་མྱེད་པའི་ཕྱིར། ནམ་ མཁའ་ཚད་མྱེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མྱེད་པའི་ཕྱིར། ཐེག་པ་ཆེན་པོ་ཚད་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་ འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། ། 17-1-230a དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དཔག་ཏུ་མྱེད་པའི་ཕྱིར། ནམ་མཁའ་དཔག་ཏུ་མྱེད་པར་རིག་པར་བྱའོ། །ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། ཐེག་པ་ཆེན་པོ་དཔག་ཏུ་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་ པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་མྱེད་པའི་ཕྱིར། ཆོས་ཀྱི་དབྱིངས་མྱེད་པར་རིག་པར་བྱའོ། །ཆོས་ཀྱི་དབྱིངས་མྱེད་པའི་ཕྱིར་ནམ་ མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར། ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར། མྱི་འགྲངས་པ་ མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར། མྱི་དཔོགས་པ་མྱེད་པ་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར། ཆོས་ཐམས་ཅད་མྱེད་པ་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་ གཞན་ཡང་སེམས་ཅན་མྱེད་པའི་ཕྱིར། དེ་བཞིན་ཉིད་མྱེད་པར་རིག་པར་བྱའོ། །དེ་བཞིན་ཉིད་མྱེད་པའི་ཕྱིར། ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། ། 17-1-230b ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར། ཆོས་ཐམས་ཅད་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེས་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། དེ་བཞིན་ཉིད་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་ དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མེད་པའི་ཕྱིར་རོ། ། རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་ གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་ མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་ པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་ཡང་དག་པའི་མཐའ་མྱེད་པར་རིག་པར་བྱའོ། །ཡང་དག་པའི་མཐའ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། ། ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་མྱི་འཇལ་བ་མེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་ 17-1-231a པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་ནི། སེམས་ཅན་ཚད་མྱེད་གྲངས་མྱེད་ པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་ པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། ཡང་དག་པའི་མཐའ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མེད་པའི་ཕྱིར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པའི་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། ། གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཤེད་བདག་མྱེད་ པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། ། 17-1-231b ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་གཟུགས་མྱེད་པར་རིག་པར་བྱའོ། ། གཟུགས་མྱེད་པའི་ཕྱིར་ཚོར་བ་མྱེད་པར་རིག་པར་བྱའོ། །ཚོར་བ་མྱེད་པའི་ཕྱིར་འདུ་ཤེས་མྱེད་པར་རིག་པར་བྱའོ། །འདུ་ཤེས་མྱེད་པའི་ཕྱིར་འདུ་བྱེད་མྱེད་པར་རིག་པར་བྱའོ། །འདུ་བྱེད་མྱེད་པའི་ཕྱིར་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། ། རྣམ་པར་ཤེས་པ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པ་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན། ཐེག་པ་ཆེན་ པོ་དེས་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་ གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་ གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་ 17-1-232a དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། ། སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་ རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་བར་བྱའོ། །བྱེད་ པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་མྱིག་མྱེད་པར་རིག་པར་བྱའོ། །མྱིག་མྱེད་པའི་ཕྱིར་རྣ་བ་མྱེད་པར་རིག་པར་བྱའོ། །རྣ་བ་མྱེད་པའི་ ཕྱིར་སྣ་མྱེད་པར་རིག་པར་བྱའོ། །སྣ་མྱེད་པའི་ཕྱིར་ལྕེ་མྱེད་པར་རིག་པར་བྱའོ། །ལྕེ་མྱེད་པའི་ཕྱིར་ལུས་མྱེད་པར་རིག་པར་བྱའོ། །ལུས་མྱེད་པའི་ཕྱིར་ཡིད་མྱེད་པར་རིག་པར་བྱའོ། །ཡིད་མྱེད་པའི་ཕྱིར་ནམ་མཁའ་ མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་ བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ 17-1-232b ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་ པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མྱིག་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། ནམ་ མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོག་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་ མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་ གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། ། ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་གཟུགས་མྱེད་པར་རིག་ 17-1-233a པར་བྱའོ། །གཟུགས་མྱེད་པའི་ཕྱིར་སྒྲ་མེད་པར་རིག་པར་བྱའོ། །སྒྲ་མྱེད་པའི་ཕྱིར་དྲི་མྱེད་པར་རིག་པར་བྱའོ། །དྲི་མྱེད་པའི་ཕྱིར་རོ་མྱེད་པར་རིག་པར་བྱའོ། །རོ་མྱེད་པའི་ཕྱིར་རེག་མྱེད་པར་རིག་པར་བྱའོ། །རེག་མྱེད་པའི་ ཕྱིར་ཆོས་མྱེད་པར་རིག་པར་བྱའོ། །ཆོས་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་ བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་ དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། ཆོས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་ གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ 17-1-233b ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། ། ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། མྱིག་གི་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་མྱེད་པའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་མྱེད་པའི་ཕྱིར་སྣའི་རྣམ་པར་ཤེས་ པ་མྱེད་པར་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་མྱེད་པའི་ཕྱིར། ལྕེའི་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་མྱེད་པའི་ཕྱིར། ལུས་ཀྱི་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །ལུས་ཀྱི་རྣམ་ པར་ཤེས་པ་མྱེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་ བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་ དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། 17-1-234a སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མྱིག་གི་རྣམ་ པར་ཤེས་པ་གང་ཡིན་པ་དང་། རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དང་། སྣའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཡིད་ཀྱི་རྣམ་ པར་ཤེས་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོག་པ་གང་ཡིན་པ་དང་། ཆོས་ཐམས་ ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་སྲོག་མེད་པར་རིག་པར་ བྱའོ། །སྲོག་མེད་པའི་ཕྱིར་འགྲོ་བ་མེད་པར་རིག་པར་བྱའོ། །འགྲོ་བ་མེད་པའི་ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། །གསོའ་བ་མེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་ མེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ཕྱིར་ཤེད་ཅན་མེད་པར་རིག་པར་བྱའོ། །ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་པར་བྱའོ། །ཤེད་བདག་མེད་པའི་ཕྱིར། བྱེད་པ་པོ་མེད་པར་རིག་པར་བྱའོ། ། བྱེད་པ་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། །ཚོར་བ་པོ་མེད་པའི་ཕྱིར་ཤེས་པ་པོ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་ 17-1-234b མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར། མིག་གི་འདུས་ཏེ་རེག་པར་མེད་པར་རིག་པར་བྱའོ། །མིག་གི་འདུས་ཏེ་རེག་པ་མེད་པའི་ཕྱིར་རྣ་བའི་འདུས་ཏེ་རེག་པ་མེད་པར་ རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་མེད་པའི་ཕྱིར་སྣའི་འདུས་ཏེ་རེག་པ་མེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་མེད་པའི་ཕྱིར་ལྕེའི་འདུས་ཏེ་རེག་པ་མེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་མེད་པའི་ཕྱིར་ལུས་ ཀྱི་འདུས་ཏེ་རེག་པ་མེད་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་མེད་པའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པ་མེད་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་ མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་མི་འཇལ་བ་མེད་པར་རིག་པར་བྱའོ། །མི་འཇལ་བ་མེད་པའི་ཕྱིར་མི་འགྲངས་པ་མེད་པར་རིག་པར་བྱའོ། །མི་འགྲངས་པ་མེད་པའི་ཕྱིར་མི་དཔོག་པ་ མེད་པར་རིག་པར་བྱའོ། །མི་དཔོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་ པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མིག་གི་འདུས་ཏེ་ རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། 17-1-235a ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་ སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། ། འགྲོ་བ་མྱེད་པའི་ཕྱིར་གསོ་བ་མྱེད་པར་རིག་པར་བྱའོ། །གསོ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་ པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ མྱེད་པའི་ཕྱིར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །རྣ་བའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་མྱེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། 17-1-235b ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་ རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པ་མྱེད་པར་རིག་པར་བྱའོ། ། མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་ བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོག་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་ 17-1-236a པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་ པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། ། ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་ པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། སའི་ཁམས་མྱེད་པར་རིག་པར་བྱའོ། །སའི་ཁམས་མྱེད་པའི་ཕྱིར་ཆུའི་ཁམས་ མྱེད་པར་རིག་པར་བྱའོ། །ཆུའི་ཁམས་མྱེད་པའི་ཕྱིར་མྱེའི་ཁམས་མྱེད་པར་རིག་པར་བྱའོ། །མྱེའི་ཁམས་མྱེད་པའི་ཕྱིར་རླུང་གི་ཁམས་མྱེད་པར་རིག་པར་བྱའོ། །རླུང་གི་ཁམས་མྱེད་པའི་ཕྱིར་ནམ་མཁའི་ཁམས་མྱེད་པར་རིག་པར་བྱའོ། །ནམ་མཁའི་ ཁམས་མྱེད་པའི་ཕྱིར་རྣམ་པར་ཤེས་པའི་ཁམས་མྱེད་པར་རིག་པར་བྱའོ། །རྣམ་པར་ཤེས་པའི་ཁམས་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་ པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོག་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་ བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། 17-1-236b འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། མྱེའི་ཁམས་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། ནམ་ མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་ མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོ་བ་མྱེད་པར་རིག་པར་བྱའོ། །གསོ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་ མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་ མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་ མ་རིག་པ་མྱེད་པར་རིག་པར་བྱའོ། །མ་རིག་པ་མྱེད་པའི་ཕྱིར་འདུ་བྱེད་མྱེད་པར་རིག་པར་བྱའོ། །འདུ་བྱེད་མྱེད་པའི་ཕྱིར་རྣམ་པར་ཤེས་པ་མྱེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མྱེད་པའི་ཕྱིར་མྱིང་དང་གཟུགས་ 17-1-237a མེད་པར་རིག་པར་བྱའོ། །མིང་དང་གཟུགས་མེད་པའི་ཕྱིར་སྐྱེ་མཆེད་དྲུག་མེད་པར་རིག་པར་བྱའོ། །སྐྱེ་མཆེད་དྲུག་མེད་པའི་ཕྱིར་རེག་པ་མེད་པར་རིག་པར་བྱའོ། །རེག་པ་མེད་པའི་ཕྱིར་ཚོར་བ་མེད་པར་རིག་པར་བྱའོ། ། ཚོར་བ་མེད་པའི་ཕྱིར་སྲེད་པ་མེད་པར་རིག་པར་བྱའོ། །སྲེད་པ་མེད་པའི་ཕྱིར་ལེན་པ་མེད་པར་རིག་པར་བྱའོ། །ལེན་པ་མེད་པའི་ཕྱིར་སྲིད་པ་མེད་པར་རིག་པར་བྱའོ། །སྲིད་པ་མེད་པའི་ཕྱིར་སྐྱེ་བ་མེད་པར་རིག་པར་བྱའོ། ། སྐྱེ་བ་མེད་པའི་ཕྱིར་རྒ་ཤི་མེད་པར་རིག་པར་བྱའོ། །རྒ་ཤི་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་མི་འཇལ་བ་མེད་པར་ རིག་པར་བྱའོ། །མི་འཇལ་བ་མེད་པའི་ཕྱིར་མི་འགྲངས་པ་མེད་པར་རིག་པར་བྱའོ། །མི་འགྲངས་པ་མེད་པའི་ཕྱིར་མི་དཔོགས་པ་མེད་པར་རིག་པར་བྱའོ། །མི་དཔོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། ། རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་ གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མ་རིག་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མིག་དང་གཟུགས་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། ལེན་པ་གང་ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། རྒ་ཤི་གང་ཡིན་པ་དང་། ནམ་མཁའ་གང་ 17-1-237b ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མི་འཇལ་བ་གང་ཡིན་པ་དང་། མི་འགྲངས་པ་གང་ཡིན་པ་དང་། མི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་སྲོག་མེད་པར་རིག་པར་བྱའོ། སྲོག་མེད་པའི་ཕྱིར་འགྲོ་བ་མེད་པར་རིག་པར་བྱའོ། །འགྲོ་བ་མེད་པའི་ ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། །གསོའ་བ་མེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་མེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ཕྱིར་ཤེད་ཅན་མེད་པར་རིག་པར་བྱའོ། ། ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་པར་བྱའོ། །ཤེད་བདག་མེད་པའི་ཕྱིར་བྱེད་པ་པོ་མེད་པར་རིག་པར་བྱའོ། །བྱེད་པ་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། །ཚོར་བ་པོ་མེད་པའི་ཕྱིར་ཤེས་པ་པོ་མེད་ པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཕྱིན་པ་མེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་ 17-1-238a རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་ བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་ བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་ མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མི་འགྲངས་པ་གང་ཡིན་པ་དང་། མི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་སྲོག་མེད་པར་རིག་པར་བྱའོ། །སྲོག་མེད་པའི་ཕྱིར་འགྲོ་བ་མེད་ པར་རིག་པར་བྱའོ། །འགྲོ་བ་མེད་པའི་ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། །གསོའ་བ་མེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་མེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ཕྱིར་ཤེད་ཅན་མེད་པར་རིག་པར་ 17-1-238b བྱའོ། །ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་པར་བྱའོ། །ཤེད་བདག་མེད་པའི་ཕྱིར་བྱེད་པ་པོ་མེད་པར་རིག་པར་བྱའོ། །བྱེད་པ་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། །ཚོར་བ་པོ་མེད་པའི་ཕྱིར་ཤེས་པ་པོ་མེད་པར་ རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར། ནང་སྟོང་པ་ཉིད་མེད་ པར་རིག་པར་བྱའོ། །ནང་སྟོང་པ་ཉིད་མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཕྱི་སྟོང་པ་ཉིད་མེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མེད་པར་རིག་པར་ བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་མེད་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཆེན་པོ་སྟོང་པ་ཉིད་མེད་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་མེད་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་ མེད་པར་རིག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་མེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་མེད་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །མཐའ་ལས་ འདས་པ་སྟོང་པ་ཉིད་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་མེད་པའི་ཕྱིར་ རང་བཞིན་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །རང་བཞིན་སྟོང་པ་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མེད་པར་རིག་ པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་པའི་ཕྱིར་མི་དམིགས་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །མི་དམྱིགས་པ་སྟོང་པ་ཉིད་མེད་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ 17-1-239a མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པའི་ ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་མི་འཇལ་བ་མེད་པར་རིག་པར་བྱའོ། །མི་འཇལ་བ་མེད་པའི་ཕྱིར་མི་འགྲངས་པ་མེད་ པར་རིག་པར་བྱའོ། །མི་འགྲངས་པ་མེད་པའི་ཕྱིར་མི་དཔོགས་པ་མེད་པར་རིག་པར་བྱའོ། །མི་དཔོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ ཚད་མེད་གྲངས་མེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དང་། འདུས་ བྱས་སྟོང་པ་ཉིད་གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཡིན་པ་དང་། དོར་བ་མེད་པ་སྟོང་པ་ཉིད་གང་ཡིན་པ་དང་། རང་བཞིན་ སྟོང་པ་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། མི་དམྱིགས་པ་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་སྟོང་ 17-1-239b པ་ཉིད་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མི་འཇལ་བ་གང་ཡིན་པ་དང་། མི་འགྲངས་པ་གང་ཡིན་པ་དང་། མི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་སྲོག་མེད་པར་རིག་པར་བྱའོ། །སྲོག་མེད་པའི་ ཕྱིར་འགྲོ་བ་མེད་པར་རིག་པར་བྱའོ། །འགྲོ་བ་མེད་པའི་ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། །གསོའ་བ་མེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་མེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ ཕྱིར་ཤེད་ཅན་མེད་པར་རིག་པར་བྱའོ། །ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་པར་བྱའོ། །ཤེད་བདག་མེད་པའི་ཕྱིར་བྱེད་པ་པོ་མེད་པར་རིག་པར་བྱའོ། །བྱེད་པ་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། ། ཚོར་བ་པོ་མེད་པའི་ཕྱིར་ཤེས་པ་པོ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་ གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་མེད་པར་རིག་པར་བྱའོ། །དྲན་ཉེ་བར་གཞག་པ་མེད་པའི་ཕྱིར་ཡང་དག་པར་སྤོང་བ་མེད་པར་རིག་པར་བྱའོ། །ཡང་དག་པར་སྤོང་བ་མེད་པའི་ཕྱིར་རྫུ་འཕྲུལ་ གྱི་རྐང་པ་མེད་པར་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་མེད་པའི་ཕྱིར་དབང་པོ་མེད་པར་རིག་པར་བྱའོ། །དབང་པོ་མེད་པའི་ཕྱིར་སྟོབས་མེད་པར་རིག་པར་བྱའོ། །སྟོབས་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་མེད་པར་ རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་མེད་པའི་ཕྱིར་ལམ་མེད་པར་རིག་པར་བྱའོ། །ལམ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ 17-1-240a ཆེན་པོ་མེད་པའི་ཕྱིར་མྱི་འཇལ་བ་མེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་གང་ཡིན་པ་དང་། དབང་པོ་གང་ཡིན་པ་དང་། སྟོབས་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་ པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་ པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མེད་པར་རིག་པར་བྱའོ། །སྲོག་མེད་པའི་ཕྱིར་འགྲོ་བ་མེད་པར་རིག་པར་བྱའོ། །འགྲོ་བ་མེད་པའི་ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། ། གསོའ་བ་མེད་པའི་ཕྱིར་སྐྱེས་བུ་མེད་པར་རིག་པར་བྱའོ། །སྐྱེས་བུ་མེད་པའི་ཕྱིར་གང་ཟག་མེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ཕྱིར་ཤེད་ཅན་མེད་པར་རིག་པར་བྱའོ། །ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་ 17-1-240b པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པར་རིག་པར་བྱའོ། །ཚོར་བ་པོ་མེད་པའི་ཕྱིར་ཤེས་པ་པོ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་ བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་འཕགས་པའི་བདེན་པ་མེད་པར་རིག་པར་བྱའོ། །འཕགས་ པའི་བདེན་པ་མྱེད་པའི་ཕྱིར་བསམ་གཏན་མྱེད་པར་རིག་པར་བྱའོ། །བསམ་གཏན་མྱེད་པའི་ཕྱིར་ཚད་མྱེད་པ་མྱེད་པར་རིག་པར་བྱའོ། །ཚད་མྱེད་པ་མྱེད་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པར་རིག་པར་ བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར་རྣམ་པར་ཐར་པ་མྱེད་པར་རིག་པར་བྱའོ། །རྣམ་པར་ཐར་པ་མྱེད་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པར་རིག་པར་བྱའོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་དང་། སྨོན་པ་ མྱེད་པ་མྱེད་པའི་ཕྱིར་མངོན་པར་ཤེས་པ་མྱེད་པར་རིག་པར་བྱའོ། །མངོན་པར་ཤེས་པ་མྱེད་པའི་ཕྱིར་ཏིང་ངེ་འཛིན་མེད་པར་རིག་པར་བྱའོ། ཏིང་ངེ་འཛིན་མྱེད་པའི་ཕྱིར་གཟུངས་ཀྱི་སྒོ་མྱེད་པར་རིག་པར་བྱའོ། །གཟུངས་ཀྱི་སྒོ་མེད་པའི་ ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར། མྱི་འཇལ་བ་མེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་ མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་ 17-1-241a སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་ གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་ པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། འཕགས་པའི་བདེན་པ་གང་ཡིན་པ་དང་། བསམ་གཏན་གང་ཡིན་པ་དང་། ཚད་མྱེད་པ་གང་ཡིན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་དང་། རྣམ་པར་ཐར་ པ་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་གང་ཡིན་པ་དང་། མངོན་པར་ཤེས་པ་གང་ཡིན་པ་དང་། ཏིང་ངེ་འཛིན་ གང་ཡིན་པ་དང་། གཟུངས་ཀྱི་སྒོ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར། སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་ རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་ གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མེད་པར་རིག་པར་ 17-1-241b བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་ མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱེད་པར་རིག་པར་བྱའོ། །དེ་བཞིན་གཤེགས་ པའི་སྟོབས་རྣམས་མྱེད་པའི་ཕྱིར། མྱི་འཇིགས་པ་རྣམས་མྱེད་པར་རིག་པར་བྱའོ། །མྱི་འཇིགས་རྣམས་མྱེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་མྱེད་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་མྱེད་པའི་ཕྱིར་ སྙིང་རྗེ་ཆེན་པོ་མྱེད་པར་རིག་པར་བྱའོ། །སྙིང་རྗེ་ཆེན་པོ་མྱེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་ མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་ པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་ འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་ པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ 17-1-242a ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་གང་ཡིན་པ་དང་། མྱི་འཇིགས་པ་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། སྙིང་རྗེ་ ཆེན་པོ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་ པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། ། ཤེད་ཅན་མེད་པའི་ཕྱིར་ཤེད་བདག་མེད་པར་རིག་པར་བྱའོ། །ཤེད་བདག་མེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། ། ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་རིགས་ཀྱི་ས་མྱེད་པར་རིག་པར་བྱའོ། །རིགས་ཀྱི་ས་ མྱེད་པའི་ཕྱིར་བརྒྱད་པའི་ས་མྱེད་པར་རིག་པར་བྱའོ། །བརྒྱད་པའི་ས་མྱེད་པའི་ཕྱིར་མཐོང་བའི་ས་མྱེད་པར་རིག་པར་བྱའོ། །མཐོང་བའི་ས་མྱེད་པའི་ཕྱིར་བསྲབས་པའི་ས་མྱེད་པར་རིག་པར་བྱའོ། །བསྲབས་པའི་ས་མྱེད་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ས་ མྱེད་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བའི་ས་མྱེད་པའི་ཕྱིར་བྱས་པ་རྟོགས་པའི་ས་མྱེད་པར་རིག་པར་བྱའོ། །བྱས་པ་རྟོགས་པའི་ས་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་ 17-1-242b པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་ བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་ གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། རིགས་ཀྱི་ས་གང་ཡིན་པ་དང་། བརྒྱད་པའི་ས་གང་ཡིན་པ་དང་། མཐོང་བའི་ས་གང་ཡིན་པ་དང་། བསྲབས་པའི་ས་གང་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་ས་གང་ ཡིན་པ་དང་། བྱས་པ་རྟོགས་པའི་ས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། ། འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། ། ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་ 17-1-243a རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་ རྒྱུན་ཏུ་ཞུགས་པ་མྱེད་པར་རིག་པར་བྱའོ། །རྒྱུན་ཏུ་ཞུགས་པ་མྱེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་མྱེད་པར་རིག་པར་བྱའོ། །ལན་ཅིག་ཕྱིར་འོང་བ་མྱེད་པའི་ཕྱིར་ཕྱིར་མྱི་འོང་བ་མྱེད་པར་རིག་པར་བྱའོ། །ཕྱིར་མི་འོང་བ་མྱེད་པའི་ཕྱིར་དགྲ་ བཅོམ་པ་མྱེད་པར་རིག་པར་བྱའོ། །དགྲ་བཅོམ་པ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་ བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་ གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་ དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། རྒྱུན་ཏུ་ཞུགས་པ་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བ་གང་ཡིན་པ་དང་། ཕྱིར་མི་འོང་བ་གང་ཡིན་པ་དང་། དགྲ་བཅོམ་པ་ གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ 17-1-243b ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་ པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མེད་པའི་ཕྱིར་ཤེད་ཅན་མྱེད་པར་ རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་ པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་ པའི་ཕྱིར་རང་སངས་རྒྱས་མྱེད་པར་རིག་པར་བྱའོ། །རང་སངས་རྒྱས་མྱེད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་མྱེད་པར་རིག་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མྱེད་པའི་ཕྱིར་ནམ་མཁའ་མྱེད་ པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་ པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་ མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། 17-1-244a སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། རང་སངས་རྒྱས་གང་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་ དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། ། སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །འགྲོ་བ་མྱེད་པའི་ཕྱིར་གསོའ་བ་མྱེད་པར་རིག་པར་བྱའོ། །གསོའ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། ། སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་ རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་ གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་མྱེད་པར་རིག་པར་བྱའོ། །ཉན་ཐོས་ཀྱི་ཐེག་པ་མྱེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པ་མྱེད་པར་རིག་པར་བྱའོ། ། རང་སངས་རྒྱས་ཀྱི་ཐེག་པ་མྱེད་པའི་ཕྱིར་སངས་རྒྱས་ཀྱི་ཐེག་པ་མྱེད་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཐེག་པ་མྱེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་ 17-1-244b པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་ མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོའ་བ་གང་ཡིན་པ་དང་། སྐྱེས་བུ་ གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པའི་དབྱིངས་ནི་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །རབ་འབྱོར་ནམ་མཁའ་ནི་སེམས་ཅན་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མེད་དཔག་ཏུ་ 17-1-245a མྱེད་པའི་གོ་འབྱེད་དོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བ་འམ་འགྲོ་བ་ཞེས་བྱ་བ་ཡང་མྱེད། གནས་པ་ཞེས་བྱ་བ་ཡང་མྱེད་དོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ། ཐེག་པ་ཆེན་པོ་དེ་ལ་འགྲོ་བ་འམ་འོང་བ་མྱེད་དེ། གནས་པ་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མྱེད་པ་སྟེ། དེ་དག་ནས་ཀྱང་འོང་བ་མྱེད་དོ། །གང་དུ་ཡང་འདོང་བ་མྱེད་དོ། །གང་ཡང་གནས་ པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གང་ ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་ ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། ཚོར་བ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་ གནས་པར་འགྱུར་བ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུ་ཤེས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་ 17-1-245b མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་ཤེས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུ་ཤེས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུ་ཤེས་ཀྱི་མཚན་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུ་བྱེད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ འདུ་བྱེད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། འདུ་བྱེད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུ་བྱེད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དོ། །རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་ དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་ 17-1-246a བ་མེད་དོ། །མིག་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །མིག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་ དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །རྣ་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །སྣ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །སྣའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །སྣའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་ 17-1-246b དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །ལྕེའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །ལུས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ 17-1-247a འགྱུར་བ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་ བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་ཀྱི་མཚན་ཉིད་ ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྒྲ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སྒྲའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྒྲའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། སྒྲའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྒྲའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲི་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲིའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་ བ་མེད་དོ། །དྲིའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲིའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་ མེད་དོ། །དྲིའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རོ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ 17-1-247b ཕྱིར་ཞེ་ན། རབ་འབྱོར་རོའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རོའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །རོའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རོའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །རེག་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །རེག་གི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རེག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །རེག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆོས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་ བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆོས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆོས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་ 17-1-248a གི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་ མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་རྣམ་པར་ ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་རྣམ་པར་ཤེས་ 17-1-248b པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་ བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་ པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་ དོ། །ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་ མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ 17-1-249a ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ནི་གང་ནས་ཀྱང་འོང་ བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་གང་ནས་ 17-1-249b ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། སྣའི་འདུས་ཏེ་རེག་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་ འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་ འདུས་ཏེ་རེག་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་ པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་ 17-1-250a བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་ མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་ དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་ 17-1-250b པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ནས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་ 17-1-251a རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་ དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ 17-1-251b གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་ འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ཁམས་ནི་གང་ནས་ཀྱང་འོང་ བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །སའི་ཁམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆུའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་ 17-1-252a ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མེའི་ཁམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མེའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མེའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་ བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མེའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མེའི་ཁམས་ཀྱི་མཚན་ ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རླུང་གི་ཁམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ ཅིའི་ཕྱིར་ཞེ་ན། རབ་འབྱོར་རླུང་གི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རླུང་གི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རླུང་གི་ཁམས་ཀྱི་མཚན་ ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནམ་མཁའི་ཁམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་ མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནམ་མཁའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ 17-1-252b ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། ནམ་མཁའི་ཁམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པའི་ཁམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་ པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་ དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མ་རིག་པ་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མ་རིག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །མ་རིག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མ་རིག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་ འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མ་རིག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུ་བྱེད་ནི་གང་ནས་ཀྱང་འོང་བ་མེད། 17-1-253a གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་ དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུ་བྱེད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །འདུ་བྱེད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་ མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་ པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིང་དང་གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་ འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་དང་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིང་ དང་གཟུགས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིང་དང་གཟུགས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་ 17-1-253b བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིང་དང་གཟུགས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་མཆེད་དྲུག་ནི་གང་ནས་ཀྱང་འོང་ བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་མཆེད་དྲུག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མེད་དོ། །སྐྱེ་མཆེད་དྲུག་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རེག་པ་ ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་ མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་ བ་མེད་དོ། །ཚོར་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་ 17-1-254a འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་ དོ། །ཚོར་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མེད་དོ། །སྲེད་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲེད་པའི་རང་བཞིན་ནི་གང་ནས་ཀྱང་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲེད་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲེད་ པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲེད་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །ལེན་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལེན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལེན་པའི་ངོ་བོ་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ལེན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲིད་ 17-1-254b པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །སྲིད་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲིད་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་ འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྲིད་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་བ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་ བའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྐྱེ་བའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་ པར་འགྱུར་བ་མེད་དོ། །སྐྱེ་བའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྒ་ཤི་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤིའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྒ་ཤིའི་དེ་བཞིན་ཉིད་ནི་གང་ནས་ ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྒ་ཤིའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྒ་ཤིའི་མཚན་ཉིད་ 17-1-255a ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་ མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། 17-1-255b བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་ འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་ གནས་པར་འགྱུར་བ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་ བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་ བ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། 17-1-256a གར་ཡང་གནས་པར་འགྱུར་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནང་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ནང་སྟོང་པ་ཉིད་ ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཕྱི་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་ 17-1-256b བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་ནང་སྟོང་པ་ ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་ མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་པ་ཉིད་སྟོང་པ་ ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་ 17-1-257a མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ 17-1-257b མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འདུས་མ་བྱས་སྟོང་ པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་ 17-1-258a འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་ བ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་ འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བཞིན་སྟོང་ པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ 17-1-258b གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་ བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་ མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། 17-1-259a གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་ གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་ 17-1-259b འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་ མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དྲན་པ་ཉེ་བར་ གཞག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ 17-1-260a འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དོ། །དབང་པོ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབང་པོ་རྣམས་ཀྱི་རང་བཞིན་ནི་གང་ ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་ 17-1-260b མྱེད་དོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དབང་པོ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྟོབས་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་རྣམས་ཀྱི་རང་བཞིན་ནི་གང་ ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྟོབས་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་ འགྲོ་བ་མྱེད་གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་ གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་ གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ལམ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་ 17-1-261a མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ལམ་གྱི་ དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ལམ་གྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་ མྱེད་དོ། །ལམ་གྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། བསམ་གཏན་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གཏན་ 17-1-261b རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གཏན་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་ གནས་པར་འགྱུར་བ་མྱེད་དོ། །ཚད་མྱེད་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་མྱེད་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་ འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཚད་མྱེད་པ་རྣམ་ ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་ བ་མྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་ འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་ 17-1-262a པར་ཐར་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་ བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། །མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་ 17-1-262b མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་ བ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མེད་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མངོན་པར་ཤེས་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། ཏིང་ངེ་འཛིན་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད་གང་དུ་ 17-1-263a ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཏིང་ངེ་འཛིན་ རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ ཡང་གནས་པར་འགྱུར་བ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱི་རང་ བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་ འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་ 17-1-263b འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་ མྱེད་དོ། །མི་འཇིགས་པ་རྣམས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་འཇིགས་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་འཇིགས་པ་རྣམས་ ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་ དག་པར་རིག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྙིང་རྗེ་ཆེན་པོ་ནི་གང་ནས་ཀྱང་འོང་བ་མྱེད་གང་དུ་ཡང་ 17-1-264a འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྙིང་རྗེ་ཆེན་པོའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་ མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རབ་ འབྱོར་ཆོས་ཀྱི་དབྱིངས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། 17-1-264b གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རབ་འབྱོར་དེ་བཞིན་ཉིད་ནི་གང་ ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དོ། །དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་ མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རབ་འབྱོར་ཡང་དག་པའི་མཐའ་ནི་གང་ནས་ ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པའི་མཐའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་ པར་འགྱུར་བ་མྱེད་དོ། །ཡང་དག་པའི་མཐའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཡང་དག་པའི་མཐའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །ཡང་དག་པའི་མཐའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །རབ་འབྱོར་བསམ་གྱི་མྱི་ཁྱབ་པའི་ 17-1-265a དབྱིངས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གྱིས་ མྱི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད་གར་ཡང་གནས་པར་འགྱུར་བ་མྱེད་དོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ ཡང་གནས་པར་འགྱུར་བ་མྱེད་དོ། །རབ་འབྱོར་བྱང་ཆུབ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། ། རབ་འབྱོར་སངས་རྒྱས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་ མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་ 17-1-265b འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་འདུས་བྱས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་ཀྱི་རང་བཞིན་ནི་གང་ ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུས་བྱས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མེད་དོ། ། འདུས་བྱས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུས་བྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་འདུས་མ་བྱས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་ཀྱི་ རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུས་མ་བྱས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུས་མ་བྱས་ཀྱི་མཚན་ཉིད་ནི་ གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་འོང་བ་ཡང་མེད། འགྲོ་བ་ཡང་མེད། གནས་པ་ཡང་མྱེད་དོ། ། 17-1-266a རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ལ་སྔོན་གྱི་མཐའ་ཡང་མི་དམིགས་སོ། །ཕྱི་མའི་མཐའ་ཡང་མྱི་དམྱིགས་སོ། །དབུས་ཀྱང་མྱི་དམྱིགས་ཏེ། འདི་ནི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ ཐེག་པ་སྟེ། ཐེག་པ་ཆེན་པོ་ཞེས་བྱའོ། །ཞེས་སྨྲས་ནི་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་འདི་ལ་སྔོན་གྱི་མཐའ་ཡང་མྱི་དམྱིགས་སོ། ཕྱི་མའི་མཐའ་ཡང་མྱི་དམྱིགས། དབུས་ཀྱང་མྱི་དམྱིགས་ཏེ། དུས་ གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་སྟེ། དེའི་ཕྱིར་ན་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ་། །མ་འོངས་པའི་དུས་ཀྱང་མ་ འོངས་པའི་དུས་ཀྱིས་སྟོང་ངོ་། །ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་ངོ་། །དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ་། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ་། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་སྟེ། རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མྱེད་དོ། །གཉིས་ཤེས་བྱ་བ་མེད་དོ། །གསུམ་ཤེས་བྱ་བ་མེད་དོ། །བཞི་ཞེས་བྱ་བ་མེད་དོ། ། ལྔ་ཞེས་བྱ་བ་མེད་དོ། །དྲུག་ཅེས་བྱ་བ་མེད་དོ། །བདུན་ཞེས་བྱ་བ་མེད་དོ། །བརྒྱད་ཅེས་བྱ་བ་མེད་དོ། །དགུ་ཞེས་བྱ་བ་མེད་དོ། །བཅུ་ཞེས་བྱ་བ་མེད་དོ། །ཐ་དད་ཅེས་བྱ་བ་མེད་དོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་ལ་མཉམ་པ་དང་མི་མཉམ་པ་མྱི་དམྱིགས་སོ། །དེ་ལ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་ཡང་མྱི་དམྱིགས་སོ། །ཞེ་སྡང་ དང་ཞེ་སྡང་མེད་པ་ཡང་མྱི་དམིགས་སོ། །གཏི་མུག་དང་གཏི་མུག་མེད་པ་ཡང་མི་དམིགས་སོ། །མིང་དང་མིང་མེད་པ་ཡང་མྱི་དམྱིགས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱང་མྱི་དམྱིགས་སོ། །དགེ་བ་དང་མི་དགེ་བ་ཡང་མྱི་ 17-1-266b དམིགས་སོ། །ཁ་ན་མ་ཐོ་བ་ཡོད་པ་དང་། ཁ་ན་མ་ཐོ་བ་མེད་པ་ཡང་མི་དམིགས་སོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་མེད་ པ་ཡང་མྱི་དམྱིགས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་མྱི་དམིགས་སོ། །སྐྱེ་བ་དང་འགག་པ་ཡང་མྱི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་མི་དམིགས་སོ། །དེ་ལ་རྟག་པ་དང་ མི་རྟག་པ་ཡང་མི་དམིགས་སོ། །བདེ་བ་དང་སྡུག་བསྔལ་བ་ཡང་མི་དམིགས་སོ། །བདག་དང་བདག་མེད་པ་ཡང་མི་དམིགས་སོ། །ཞི་བ་དང་མ་ཞི་བ་ཡང་མི་དམིགས་སོ། །འདོད་པའི་ཁམས་དང་འདོད་པའི་ཁམས་ ལས་ཡང་དག་པར་འདའ་བ་ཡང་མྱི་དམྱིགས་སོ། །གཟུགས་ཀྱི་ཁམས་དང་གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་མེད་པའི་ཁམས་དང་གཟུགས་མེད་པའི་ཁམས་ལས་ ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ། རབ་འབྱོར་འདས་པའི་གཟུགས་ནི་ འདས་པའི་གཟུགས་ཀྱི་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་ དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་ཚོར་བ་ནི་འདས་པའི་ཚོར་བས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱི་སྟོང་ པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་འདུ་ཤེས་ནི་འདས་པའི་འདུ་ཤེས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་འདུ་ཤེས་དམིགས་ 17-1-267a སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་འདུ་བྱེད་ནི་འདས་པའི་ འདུ་བྱེད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་འདུ་བྱེད་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་འདུ་བྱེད་དམྱིགས་པར་ འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམྱིགས་སུ་མེད་དེ། སྟོང་པ་ཉིད་ ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་ སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམྱིགས་པར་ འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་ཚོར་བ་ནི་མ་འོངས་པའི་ཚོར་བས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་ པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་འདུ་ཤེས་ནི་མ་འོངས་པའི་འདུ་ཤེས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་ ཤེས་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་འོངས་པའི་འདུ་བྱེད་ནི་མ་འོངས་པའི་འདུ་བྱེད་ཀྱི་སྟོང་ངོ་། །དེ་ཅིའི་ཕྱིར་ 17-1-267b ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་བྱེད་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་འདུ་བྱེད་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་མ་ འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་རྣམ་པར་ཤེས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མ་འོངས་པའི་རྣམ་པར་ཤེས་པ་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་ མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ད་ལྟར་བྱུང་ བའི་གཟུགས་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་ཚོར་བ་ནི་ད་ ལྟར་བྱུང་བའི་ཚོར་བས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དམིགས་ པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་འདུ་ཤེས་ནི་ད་ལྟར་བྱུང་བའི་འདུ་ཤེས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་ཤེས་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་ སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་ཤེས་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་འདུ་བྱེད་ནི་ད་ལྟར་བྱུང་བའི་འདུ་བྱེད་ཀྱིས་སྟོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་བྱེད་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམྱིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་འདུ་བྱེད་དམིགས་པར་འགྱུར་བ་ 17-1-268a ལྟ་ཅི་ཞིག་སྨོས། རབ་འབྱོར་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་དམྱིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་ དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམིགས། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། 17-1-268b ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ མ་འོངས་པའི་དུས་མི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ ཕྱི་མའི་མཐར་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་ པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས་མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། 17-1-269a རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ལ་ཡང་མཉམ་པ་ཉིད་ལ་མྱི་ དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་ མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ནང་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། ནང་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། ནང་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ནང་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ཕྱི་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། 17-1-269b ཕྱི་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། ཕྱི་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཕྱི་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམིགས། ཕྱི་ནང་སྟོང་པ་ ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་ སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ནི་ ད་ལྟར་བྱུང་བར་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་ པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། 17-1-270a མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས་རབ་འབྱོར་ཆེན་པོ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་ པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་ དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམིགས། དོན་དམ་པ་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་ དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། འདུས་བྱས་ སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་ 17-1-270b མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་ཀྱང་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་ པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། འདུས་མ་བྱས་སྟོང་པ་ ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་ པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་ དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཐོག་མ་དང་ཐ་མ་མེད་པ་སྟོང་ 17-1-271a པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ དུས་གསུམ་མཉམ་པ་ཉིད་ལ་མྱི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་ མྱི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་ པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དོར་བ་མེད་པ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། དོར་བ་མེད་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། དོར་བ་མེད་པ་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། དོར་བ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་ དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་རང་བཞིན་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་ དམྱིགས། རང་བཞིན་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་ 17-1-271b དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། ཆོས་ཐམས་ཅད་ སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་རང་གི་མཚན་ཉིད་སྟོང་ པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ནི་དུས་གསུམ་ མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་ བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་ 17-1-272a དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ནི་ད་ལྟར་ བྱུང་བར་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་ དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་ནི་སྔོན་གྱི་མཐར་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་ནི་ཕྱི་མའི་མཐར་མི་དམིགས། དངོས་པོ་མེད་པ་ སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐར་མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ནི་ ཕྱི་མའི་མཐར་མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་ 17-1-272b པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་ སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐར་མི་དམིགས། དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ནི་ཕྱི་མའི་མཐར་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ད་ལྟར་བྱུང་བར་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་ མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དྲན་པ་ཉེ་བར་ གཞག་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་དུས་ གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ 17-1-273a ཡང་ཅི་ཞིག་སྨོས། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ནི་སྔོན་གྱི་མཐར་མི་དམིགས། ཡང་དག་པར་སྤོང་བ་རྣམས་ནི་ཕྱི་མའི་མཐར་མི་དམིགས། ཡང་དག་པར་སྤོང་བ་རྣམས་ནི་ད་ལྟར་བྱུང་བར་མི་ དམིགས། ཡང་དག་པར་སྤོང་བ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། རྫུ་འཕྲུལ་གྱི་ རྐང་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་ སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དབང་པོ་རྣམས་ནི་སྔོན་གྱི་མཐར་མི་དམིགས། དབང་པོ་རྣམས་ནི་ཕྱི་མའི་མཐར་མི་ དམིགས། དབང་པོ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། དབང་པོ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་ 17-1-273b པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་ པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་སྟོབས་རྣམས་ནི་སྔོན་གྱི་མཐར་མི་དམིགས། སྟོབས་རྣམས་ནི་ཕྱི་མའི་མཐར་མི་དམིགས། སྟོབས་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། སྟོབས་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་ བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་ དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྔོན་གྱི་མཐར་མི་དམིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཕྱི་མའི་མཐར་མི་དམིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ད་ལྟར་བྱུང་བར་ མི་དམིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་ མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔོན་གྱི་མཐར་མི་དམིགས། 17-1-274a འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཕྱི་མའི་མཐར་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ད་ལྟར་བྱུང་བར་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དུས་གསུམ་མཉམ་ པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་འཕགས་པའི་བདེན་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། འཕགས་པའི་བདེན་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། འཕགས་པའི་བདེན་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། འཕགས་པའི་བདེན་ པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་ དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་བསམ་གཏན་རྣམས་ནི་སྔོན་གྱི་མཐར་མི་དམིགས། བསམ་གཏན་རྣམས་ནི་ཕྱི་མའི་མཐར་མི་དམིགས། བསམ་གཏན་རྣམས་ ནི་ད་ལྟར་བྱུང་བར་མི་དམིགས། བསམ་གཏན་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་ཀྱང་མི་དམིགས། 17-1-274b མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་ སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཡང་ཞིག་སྨོས། རབ་འབྱོར་ཚད་མེད་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། ཚད་མེད་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། ཚད་མེད་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། ཚད་མེད་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་ འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། 17-1-275a མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་རྣམ་པར་ཐར་པ་བརྒྱད་ནི་སྔོན་གྱི་མཐར་མི་དམིགས། རྣམ་པར་ཐར་པ་བརྒྱད་ནི་ ཕྱི་མའི་མཐར་མི་དམིགས། རྣམ་པར་ཐར་པ་བརྒྱད་ནི་ད་ལྟར་བྱུང་བར་མི་དམིགས། རྣམ་པར་ཐར་པ་བརྒྱད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ནི་སྔོན་གྱི་མཐར་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ཕྱི་མའི་མཐར་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ ད་ལྟར་བྱུང་བར་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་ མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་ 17-1-275b པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་སྔོན་གྱི་མཐར་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ཕྱི་མའི་མཐར་མི་དམིགས། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ད་ལྟར་བྱུང་བར་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་དུས་གསུམ་ མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་ བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་མངོན་པར་ཤེས་པ་ནི་སྔོན་གྱི་མཐར་མི་དམིགས། མངོན་པར་ཤེས་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། མངོན་པར་ ཤེས་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། མངོན་པར་ཤེས་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་ དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་ པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་ཏིང་ངེ་འཛིན་རྣམས་ནི་སྔོན་གྱི་མཐར་མི་དམིགས། 17-1-276a ཏིང་ངེ་འཛིན་རྣམས་ནི་ཕྱི་མའི་མཐར་མི་དམིགས། ཏིང་ངེ་འཛིན་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། ཏིང་ངེ་འཛིན་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ནི་སྔོན་ གྱི་མཐར་མི་དམིགས། གཟུངས་ཀྱི་སྒོ་རྣམས་ནི་ཕྱི་མའི་མཐར་མི་དམིགས། གཟུངས་ཀྱི་རྣམས་ནི་ད་ལྟར་བྱུང་བར་མི་དམིགས། གཟུངས་ཀྱི་སྒོ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྔོན་གྱི་མཐར་མི་དམིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཕྱི་མའི་མཐར་མི་དམིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ད་ལྟར་ བྱུང་བར་མི་དམིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་ 17-1-276b པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་ སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་མི་འཇིགས་པ་བཞི་ནི་སྔོན་གྱི་མཐར་མི་དམིགས། མི་འཇིགས་པ་བཞི་ནི་ཕྱི་མའི་ མཐར་མི་དམིགས། མི་འཇིགས་པ་བཞི་ནི་ད་ལྟར་བྱུང་བར་མི་དམིགས། མི་འཇིགས་པ་བཞི་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་ དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་ དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྔོན་གྱི་མཐར་མི་དམིགས། སོ་སོ་ཡང་དག་པར་རིག་པ་བཞི་ནི་ཕྱི་མའི་མཐར་མི་དམིགས། སོ་སོ་ཡང་དག་པར་རིག་པ་བཞི་ནི་ད་ལྟར་བྱུང་བར་མི་དམིགས། སོ་སོ་ཡང་དག་པར་རིག་པ་བཞི་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་ 17-1-277a དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྔོན་གྱི་མཐར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཕྱི་མའི་མཐར་མི་དམིགས། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ད་ལྟར་བྱུང་བར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་ པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་ འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་ མི་དམིགས། སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐར་མི་དམིགས། སོ་སོའི་སྐྱེ་བོ་ནི་ད་ལྟར་བྱུང་བར་མི་དམིགས། སོ་སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཉན་ཐོས་ནི་སྔོན་གྱི་མཐར་མི་དམིགས། ཉན་ཐོས་ནི་ཕྱི་མའི་མཐར་མི་དམིགས། ཉན་ཐོས་ནི་ད་ལྟར་བྱུང་བར་མི་དམིགས། ཉན་ཐོས་ ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་རང་སངས་རྒྱས་ནི་སྔོན་གྱི་མཐར་མི་དམིགས། རང་སངས་རྒྱས་ནི་ཕྱི་མའི་ མཐར་མི་དམིགས། རང་སངས་རྒྱས་ནི་ད་ལྟར་བྱུང་བར་མི་དམིགས། རང་སངས་རྒྱས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ 17-1-277b བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ད་ལྟར་བྱུང་བར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་དུས་གསུམ་མཉམ་པ་ཉིད་ ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ཕྱི་མའི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ད་ལྟར་བྱུང་བར་མི་དམིགས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབ་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་ རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི། ལེགས་པར་གསུངས་པ་ནི་ལེགས་ཤིང་དགེ་སྟེ། བཅོམ་ལྡན་འདས་ཐེག་ པ་ཆེན་པོ་འདི་ལ་བསླབ་ཤིང་འོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་ 17-1-278a སེམས་དཔའ་ཆེན་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ཚད་དང་ གྲངས་མ་མཆིས་པ་དག་ན། དཔག་ཏུ་མ་མཆིས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཐེག་པ་ཆེན་པོ་འདི་ཉིད་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ འགྱུར་རོ། །བཅོམ་ལྡན་འདས་དེའི་སླད་དུ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པར་གྱུར་ཏོ། །བརྙེས་སོ་བརྙེས་པར་འགྱུར་རོ།། །།