20-1-1a ༼ཇ༽ ༄༅། ༈ །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞུགས་སོ། ། (黃) 大般若經第七部 20-1-1b ࿓࿔࿔། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཅིག་པ། ཀེའུ་ཤི་ཀ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི། གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི། ཀེའུ་ཤི་ཀ་གཟུགས་ལས་ཀྱང་ བཙལ་བར་མྱི་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཚོར་བ་ལས་བཙལ་བར་ མྱི་བྱ། ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །འདུ་ཤེས་ལས་ཀྱང་བཙལ་བར་མྱི་ བྱ། འདུ་ཤེས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །འདུ་བྱེད་ལས་ཀྱང་བཙལ་བར་མྱི་བྱ། འདུ་བྱེད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ 20-1-2a གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་ མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་ལས་ཀྱང་བཙལ་བར་མྱི་བྱ། མྱིག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རྣ་བ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྣ་ལས་ཀྱང་བརྩལ་བར་མྱི་བྱ། སྣ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། ། ལྕེ་ལས་ཀྱང་བཙལ་བར་མྱི་བྱ། ལྕེ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལུས་ལས་ཀྱང་བཙལ་བར་མྱི་བྱ། ལུས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཡིད་ལས་ཀྱང་བཙལ་བར་མྱི་བྱ། ཡིད་ལས་ གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་གང་ཡིན་ པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་ པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ 20-1-2b ལས་ཀྱང་བཙལ་བར་མྱི་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྒྲ་ལས་ཀྱང་བཙལ་བར་མྱི་བྱ། སྒྲ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དྲི་ལས་ཀྱང་བཙལ་བར་མྱི་བྱ། དྲི་ལས་གཞན་ དུ་ཡང་བཙལ་བར་མྱི་བྱའོ། །རོ་ལས་ཀྱང་བརྩལ་བར་མྱི་བྱ། རོ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རེག་ལས་ཀྱང་བཙལ་བར་མྱི་བྱ། རེག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཆོས་ལས་ཀྱང་བཙལ་བར་མྱི་ བྱ། ཆོས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་ དང་། ཆོས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་ མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། མྱིག་གི་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རྣ་བའི་རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བའི་རྣམ་ པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྣའི་རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། སྣའི་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལྕེའི་རྣམ་པར་ཤེས་པ་ལས་ཀྱང་བཙལ་ བར་མྱི་བྱ། ལྕེའི་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། ལུས་ཀྱི་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཡིད་ཀྱི་རྣམ་ 20-1-3a པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང་། རྣ་བའི་རྣམ་ པར་ཤེས་པ་གང་ཡིན་པ་དང་། སྣའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་ དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་ མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། མྱིག་གི་འདུས་ཏེ་ རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྣའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། སྣའི་འདུས་ཏེ་རེག་པ་ལས་གཞན་ དུ་ཡང་བཙལ་བར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ལྕེའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ལུས་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་ བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ཡིད་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་ རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ 20-1-3b ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ ཡང་བཙལ་བར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གང་ཡིན་པ་དང་། ལུས་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། 20-1-4a བཙལ་བ་གང་ཡིན་པའི། ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་ མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། སའི་ཁམས་ལས་གཞན་དུ་ཡང་བཙལ་ བར་མྱི་བྱའོ། །ཆུའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། ཆུའི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །མྱེའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། མྱེའི་ཁམས་ལས་གཞན་དུ་ཡང་བཙལ་བར་ མྱི་བྱའོ། །རླུང་གི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། རླུང་གི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ནམ་མཁའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། ནམ་མཁའི་ཁམས་ལས་གཞན་དུ་ ཡང་བཙལ་བར་མྱི་བྱའོ། །རྣམ་པར་ཤེས་པའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པའི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སའི་ ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། མྱེའི་ཁམས་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་ པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་ 20-1-4b རོལ་ཏུ་ཕྱིན་པ་ནི། མ་རིག་པ་ལས་ཀྱང་བཙལ་བར་མྱི་བྱ། མ་རིག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །འདུ་བྱེད་ལས་ཀྱང་བཙལ་བར་མྱི་བྱ། འདུ་བྱེད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། ། རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །མྱིང་དང་གཟུགས་ལས་ཀྱང་བཙལ་བར་མྱི་བྱ། མྱིང་དང་གཟུགས་ལས་གཞན་དུ་ཡང་བཙལ་བར་ མྱི་བྱའོ། །སྐྱེ་མཆེད་དྲུག་ལས་ཀྱང་བཙལ་བར་མྱི་བྱ། སྐྱེ་མཆེད་དྲུག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རེག་པ་ལས་ཀྱང་བཙལ་བར་མྱི་བྱ། རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། ། ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྲེད་པ་ལས་ཀྱང་བཙལ་བར་མྱི་བྱ། སྲེད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ལེན་པ་ལས་ཀྱང་བཙལ་བར་མྱི་ བྱ། ལེན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྲིད་པ་ལས་ཀྱང་བཙལ་བར་མྱི་བྱ། སྲིད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །སྐྱེ་བ་ལས་ཀྱང་བཙལ་བར་མྱི་བྱ། སྐྱེ་བ་ལས་གཞན་དུ་ ཡང་བཙལ་བར་མྱི་བྱའོ། །རྒ་ཤི་ལས་ཀྱང་བཙལ་བར་མྱི་བྱ། རྒ་ཤི་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མ་རིག་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་ པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིང་དང་གཟུགས་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། ལེན་པ་གང་ ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། རྒ་ཤི་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་ 20-1-5a དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་ 20-1-5b པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ནང་སྟོང་པ་ཉིད་ལས་ གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཕྱི་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཕྱི་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཕྱི་ནང་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཕྱི་ནང་སྟོང་པ་ཉིད་ལས་གཞན་ དུ་ཡང་བཙལ་བར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཆེན་པོ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཆེན་པོ་སྟོང་པ་ ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དོན་དམ་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དོན་དམ་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །འདུས་བྱས་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། འདུས་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། འདུས་མ་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དོར་བ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རང་བཞིན་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། རང་བཞིན་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །རང་གི་མཚན་ཉིད་སྟོང་པ་ 20-1-6a ཉིད་ལས་ཀྱང་བཙལ་བར་མྱི་བྱ། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། མྱི་དམྱིགས་པ་སྟོང་པ་ཉིད་ལས་གཞན་ དུ་ཡང་བཙལ་བར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ངོ་བོ་ཉིད་ སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ གང་ཡིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། མྱི་དམྱིགས་པ་ སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོག་པ་མྱེད་པ། མཚན་ཉིད་ 20-1-6b གཅིག་པ་སྟེ་འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། དྲན་པ་ཉེ་བར་གཞག་ པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་ མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡང་དག་པར་སྤོང་བ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། ཡང་དག་པར་སྤོང་བ་རྣམས་ ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ 20-1-7a པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དབང་པོ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། དབང་པོ་རྣམས་ལས་ གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དབང་པོ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་ མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ནི། སྟོབས་རྣམས་ལས་ཀྱང་བཙལ་བར་མྱི་བྱ། སྟོབས་རྣམས་ལས་གཞན་དུ་ཡང་བཙལ་བར་ མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྟོབས་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་ དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཀྱང་བཙལ་བར་མྱི་བྱ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གཞན་དུ་ཡང་བཙལ་བར་ 20-1-7b མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་ གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། ། ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཀྱང་བཙལ་བར་མྱི་བྱ། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། འཕགས་པའི་བདེན་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་ 20-1-8a གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བསམ་གཏན་རྣམས་ལས་ཀྱང་བཙལ་ བར་མྱི་བྱ། བསམ་གཏན་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་ གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚད་མྱེད་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། ཚད་མྱེད་ པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚད་མྱེད་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། 20-1-8b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་ གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། རྣམ་ པར་ཐར་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་ མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་ མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་ 20-1-9a པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་ མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། མངོན་པར་ཤེས་པ་རྣམས་ལས་གཞན་དུ་ ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ ཡིན་པའི། ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཏིང་ངེ་འཛིན་རྣམས་ལས་ཀྱང་བཙལ་བར་མྱི་བྱ། ཏིང་ངེ་འཛིན་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཏིང་ ངེ་འཛིན་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ 20-1-9b ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུངས་ཀྱི་སྒོ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། གཟུངས་ཀྱི་སྒོ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་ མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་ཀྱང་བཙལ་བར་མྱི་བྱ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་གཤེགས་ པའི་སྟོབས་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་ མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་འཇིགས་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། མྱི་འཇིགས་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ 20-1-10a ལྟར་མྱི་འཇིགས་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་ པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ལས་ཀྱང་བཙལ་བར་མྱི་བྱ། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱམས་པ་ཆེན་པོས་ལས་ཀྱང་བཙལ་བར་མྱི་བྱ། བྱམས་པ་ཆེན་པོ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་བྱམས་པ་ཆེན་པོ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ 20-1-10b ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྙིང་རྗེ་ཆེན་པོ་ལས་ཀྱང་བཙལ་བར་མྱི་བྱ། སྙིང་རྗེ་ཆེན་པོ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། བྱང་ ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོག་པ་མྱེད་ པ་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཕ་རོལ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཙལ་ བར་མྱི་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་ པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཐམས་ཅད་ཤེས་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཐམས་ ཅད་ཤེས་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་ 20-1-11a མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ལམ་གྱི་རྣམ་ པ་ཤེས་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་ པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་ པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་ཆོས་ཉིད་ 20-1-11b ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བ་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ལས་གུད་ན་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཆོས་ 20-1-12a ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །རྣ་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་དེ་བཞིན་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །ལྕེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་དེ་བཞིན་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-12b པ་མ་ཡིན། ལུས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །ལུས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་ཆོས་ཉིད་ ཀྱང་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྒྲ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྒྲ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །སྒྲའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྒྲའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྒྲའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྒྲའི་ཆོས་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲི་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲིའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-13a ཕྱིན་པ་མ་ཡིན། དྲིའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲིའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲིའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རོ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རོའི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རོའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་གི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །རེག་གི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་གི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཆོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཀྱི་དེ་བཞིན་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཀྱི་ཆོས་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། །མྱིག་གི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་ 20-1-13b གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་ ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། རྣ་བའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མྱེད་དོ། །སྣའི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་ 20-1-14a གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ 20-1-14b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་ འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་ ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་ རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ 20-1-15a ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ 20-1-15b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ 20-1-16a ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། སའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ 20-1-16b ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ཀྱི་ཆོས་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱི་དེ་ བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱེའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱེའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རླུང་གི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། རླུང་གི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-17a པ་མ་ཡིན། ནམ་མཁའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་ བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནམ་མཁའི་ཁམས་ཀྱིས་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མ་རིག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པ་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མ་རིག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། མ་རིག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། 20-1-17b འདུ་བྱེད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །མྱིང་དང་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིང་དང་གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། མྱིང་དང་གཟུགས་ཀྱི་དེ་བཞིན་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིང་དང་གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིང་ དང་གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་མཆེད་དྲུག་གི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པ་ལས་གུད་ན་ 20-1-18a ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བ་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ དོ་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲེད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །སྲེད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ལེན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལེན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལེན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲིད་པ་ཡང་ཤེས་རབ་ 20-1-18b ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲིད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲིད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་བ་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྒ་ཤི་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། རྒ་ཤི་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྒ་ཤིའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །རྒ་ཤིའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྒ་ཤིའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ 20-1-19a ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-19b པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ 20-1-20a ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་ པ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། 20-1-20b ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་བྱས་ སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་ བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། 20-1-21a མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོར་བ་མྱེད་པ་ སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ 20-1-21b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་ བཞིན་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ 20-1-22a ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་ 20-1-22b པའི་ངོ་བོ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། །ཡང་དག་པར་སྤོང་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-23a པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་ པོ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ཀྱི་དེ་བཞིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་པོ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོབས་རྣམས་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་རྣམས་ ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ 20-1-23b དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་ བདེན་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་ 20-1-24a རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་རྣམས་ཀྱི་ཆོས་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་ 20-1-24b པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་པ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ 20-1-25a པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་ པར་ཤེས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མངོན་ པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཏིང་ངེ་འཛིན་ རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ 20-1-25b ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་ རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་འཇིགས་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་ འཇིགས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-26a ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོའི་ ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐམས་ཅད་ཤེས་ པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 20-1-26b མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་མྱེད་ཅིང་མྱི་དམྱིགས་པ་སྟེ། དེ་ལྟར་ཆོས་ཐམས་ཅད་མྱེད་ཅིང་མྱི་དམྱིགས་པས་ན། གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ 20-1-27a ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་ཤེས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་ཤེས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་ཆོས་ ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་ པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ 20-1-27b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། རྣ་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །རྣ་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣ་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །སྣའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེ་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་ 20-1-28a ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ལུས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཡིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྒྲ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། སྒྲ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྒྲའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྒྲའི་ 20-1-28b དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྒྲའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྒྲའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲི་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲི་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲིའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲིའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །དྲིའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲིའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རོ་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རོའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རོའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། རོའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་གི་དེ་བཞིན་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་གི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་གི་ཆོས་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་ 20-1-29a གི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་རྣམ་པར་ ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་ རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ལས་གུད་ན་ 20-1-29b ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་མ་ཡིན། ལྕེའི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་། ཤེས་རབ་ཀྱི་ ཕ་རོལད་ཏུ་ཕྱིནད་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་ པ་ཡང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མྱེད་དོ། ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་རྣམ་ པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ 20-1-30a མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་ འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ལས་ 20-1-30b གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ 20-1-31a རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ 20-1-31b གྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་ 20-1-32a རོལ་ཏུ་ཕྱིན་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །སའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆུའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆུའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱེའི་ ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱེའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱེའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རླུང་གི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ 20-1-32b ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རླུང་གི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རླུང་གི་ཁམས་ཀྱི་ཆོས་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནམ་མཁའི་ཁམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནམ་མཁའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། ནམ་མཁའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། མ་རིག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མ་རིག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པའི་དེ་བཞིན་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མ་རིག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མ་རིག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ 20-1-33a ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུ་བྱེད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུ་བྱེད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ ཤེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་ པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིང་དང་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིང་དང་གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱིང་དང་གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱིང་དང་གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་མཆེད་དྲུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱང་ཤེས་རབ་ 20-1-33b ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །རེག་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རེག་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རེག་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚོར་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚོར་བའི་ཆོས་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲེད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲེད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲེད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལེན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལེན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལེན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལེན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 20-1-34a མྱེད་དོ། །སྲིད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲིད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་ པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྲིད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྲིད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། སྐྱེ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་བའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྐྱེ་བའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྐྱེ་བའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྒ་ཤི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། རྒ་ཤི་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྒ་ཤིའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །རྒ་ཤིའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྒ་ཤིའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ 20-1-34b ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ 20-1-35a པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། 20-1-35b ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆེན་ པོ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱིས་ཆོས་ཉིད་ 20-1-36a ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོན་དམ་ པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་ བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། 20-1-36b མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐའ་ལས་འདས་པ་ སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ 20-1-37a ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ 20-1-37b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་ པ་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ 20-1-38a ཆོས་ཉིད་ལས་དུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་ སྤོང་བ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ 20-1-38b ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་པོ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་པོ་རྣམས་ཀྱི་དེ་བཞིན་ ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དབང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དབང་པོ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། སྟོབས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་ རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོབས་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་ བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་གྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་ལམ་གྱི་དེ་ 20-1-39a བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ལམ་གྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་ལམ་གྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་ བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །འཕགས་པའི་བདེན་པ་ རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་རྣམས་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་ རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་ དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ 20-1-39b ཏུ་ཕྱིན་པ་མ་ཡིན། ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་ རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་ 20-1-40a རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ དང་། སྨོན་པ་མྱེད་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། 20-1-40b ཏིང་ངེ་འཛིན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཏིང་ངེ་འཛིན་རྣམས་ ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་འཇིགས་ 20-1-41a པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་ གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་ རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་ རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལས་གུད་ན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྙིང་རྗེ་ཆེན་པོའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྙིང་རྗེ་ཆེན་པོའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ 20-1-41b རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 20-1-42a ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ ཚད་མྱེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བསླབས་ཤིང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི་ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བ་རྣམས་ཀྱིས་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་བོ། །འཐོབ་བོ་ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་རྣམས་ཀྱིས་ནི་དགྲ་བཅོམ་པ་ཉིད་ ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་རྣམས་ཀྱིས་ནི་རང་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །མངོན་པར་འཚང་རྒྱའོ། །མངོན་པར་སངས་རྒྱས་པར་འགྱུར་རོ། །དེ་ལ་བསླབས་ 20-1-42b ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་ཚད་མྱེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །དེ་ལ་བསླབས་ཤིང་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི། ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བ་རྣམས་ཀྱིས་ནི། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་རྣམས་ཀྱིས་ནི། དགྲ་ བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་རྣམས་ཀྱིས་ནི། རང་བྱང་ཆུབ་དུ་མངོན་པར་སངས་རྒྱས་སོ། །མངོན་པར་འཚང་རྒྱའོ། །མངོན་པར་སངས་རྒྱས་པར་འགྱུར་རོ། །དེ་ ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ 20-1-43a ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཀེའུ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། ། ཀེའུ་ཤི་ཀ་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་ མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་ཤེས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་ཤེས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་བྱེད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་རྒྱ་ཆེ་ བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་ མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ 20-1-43b ལྟར་མྱིག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། ། ཀེའུ་ཤི་ཀ་ལུས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་ མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་ཡིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྒྲ་རྒྱ་ཆེ་བའི་ཕྱིར། 20-1-44a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྒྲའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་ དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དྲི་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲིའི་ སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རོ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རེག་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རེག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ ཆོས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་རྣམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་གི་རྣམ་པར་ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་རྣམ་པར་ 20-1-44b ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་ དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་རྣམ་པར་ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་རྣམ་པར་ཤེས་པ་རྒྱ་ཆེ་ བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་ཀྱི་རྣམ་པར་ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱ་ཆེ་བ་ཡིན་ཏེ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་ མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། 20-1-45a ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་ དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་ འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། ། 20-1-45b ཀེའུ་ཤི་ཀ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་ 20-1-46a དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སའི་ཁམས་རྒྱ་ཆེ་བའི་ ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆུའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ ཆུའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱེའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱེའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རླུང་གི་ཁམས་རྒྱ་ཆེ་བའི་ ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རླུང་གི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་ དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ནམ་མཁའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ 20-1-46b ཀ་དེ་ནི་འདི་ལྟར་ནམ་མཁའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་མ་རིག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མ་རིག་པའི་སྔོན་གྱི་མཐའ་མྱི་ དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་བྱེད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིང་དང་གཟུགས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ མྱིང་དང་གཟུགས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྐྱེ་མཆེད་དྲུག་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ 20-1-47a རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ རེག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་ མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྲེད་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྲེད་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལེན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལེན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྲིད་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ སྲིད་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྐྱེ་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ 20-1-47b འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྐྱེ་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྒ་ཤི་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྒ་ཤི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་ 20-1-48a མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ནང་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཕྱི་སྟོང་པ་ཉིད་རྒྱ་ཆེ་ བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཕྱི་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་ མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་ 20-1-48b སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆེན་པོ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆེན་པོ་སྟོང་པ་ ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དོན་དམ་པ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུས་བྱས་སྟོང་པ་ཉིད་ རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་བྱས་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ཉིད་ རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་ 20-1-49a དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོར་བ་མྱེད་པ་སྟོང་ པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རང་བཞིན་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆོས་ ཐམས་ཅད་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། ། 20-1-49b ཀེའུ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱི་དམྱིགས་ པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡང་དག་པར་སྤོང་བ་རྒྱ་ཆེ་བའི་ཕྱིར། 20-1-50a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པར་སྤོང་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དབང་པོ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དབང་པོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྟོབས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ སྟོབས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། ། ཀེའུ་ཤི་ཀ་འཕགས་པའི་ལམ་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་ 20-1-50b ལམ་གྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འཕགས་པའི་བདེན་པ་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་བདེན་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ བསམ་གཏན་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་སྔོན་གྱི་མཐའ་ མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚད་མྱེད་པ་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚད་མྱེད་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྒྱ་ཆེ་བའི་ ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་སྔོན་གྱི་མཐའ་ མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཐར་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་ བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མཐར་ཀྱིས་གནས་པའི་ 20-1-51a སྙོམས་པར་འཇུག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐར་གྱིས་གནས་ པའི་སྙོམས་པར་འཇུག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མངོན་པར་ཤེས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མངོན་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་ཏིང་ངེ་འཛིན་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཏིང་ངེ་འཛིན་ ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུངས་ཀྱི་སྒོ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུངས་ཀྱི་སྒོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དེ་བཞིན་ 20-1-51b གཤེགས་པའི་སྟོབས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་ སྟོབས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱི་འཇིགས་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མི་འཇིགས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སོ་སོ་ཡང་དག་ པར་རིག་པ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པའི་སྔོན་གྱི་ མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྙིང་རྗེ་ཆེན་པོ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྒྱ་ ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྔོན་གྱི་མཐའ་ མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ 20-1-52a འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལམ་ གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་ མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱ་ཆེ་བ་ཡིན་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀོའུ་ཤི་ཀ་གཟུགས་ ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དོ། །ནམ་མཁའ་ཚད་མྱེད་པའི་ཕྱིར། གཟུགས་ཚད་མྱེད་དོ། ། གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ 20-1-52b ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཚོར་བའི་ཚད་ ཀྱང་དམྱིགས་སུ་མྱེད་དོ། །ནམ་མཁའ་ཚད་མྱེད་པའི་ཕྱིར། ཚོར་བ་ཚད་མྱེད་དོ། །ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འདུ་ཤེས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་ཤེས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འདུ་ཤེས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དོ། །ནམ་མཁའ་ཚད་མྱེད་པའི་ཕྱིར། འདུ་ཤེས་ཚད་མྱེད་དོ། །འདུ་ཤེས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འདུ་བྱེད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ འདུ་བྱེད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འདུ་བྱེད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དོ། །ནམ་མཁའ་ཚད་མྱེད་པའི་ཕྱིར། འདུ་བྱེད་ཚད་མྱེད་དོ། །འདུ་བྱེད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། 20-1-53a ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣམ་པར་ཤེས་པ་ཚད་མྱེད་དོ། །རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱིག་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱིག་གི་ཚད་ཀྱང་དམྱིགས་སུ་མྱེད་དོ། །ནམ་ མཁའ་ཚད་མྱེད་པའི་ཕྱིར། མྱིག་ཚད་མྱེད་དོ། །མྱིག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣ་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ དེ་བཞིན་དུ་རྣ་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའི་ཚད་མྱེད་པའི་ཕྱིར། རྣ་བ་ཚད་མྱེད་དོ། །རྣ་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྣ་ཚད་མྱེད་པའི་ ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྣའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྣ་ཚད་མྱེད་དོ། །སྣ་ཚད་མྱེད་པའི་ཕྱིར། 20-1-53b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལྕེ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ ཀ་དེ་ནི་འདི་ལྟར་ལྕེའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལྕེའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ ཚད་མྱེད་པའི་ཕྱིར། ལྕེ་ཚད་མྱེད་དོ། །ལྕེ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལུས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལུས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལུས་ཚད་མྱེད་དོ། །ལུས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཀེའུ་ཤི་ཀ་ཡིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་ཡིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཡིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་ མྱེད་པའི་ཕྱིར། ཡིད་ཚད་མྱེད་དོ། །ཡིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་གཟུགས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 20-1-54a པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། གཟུགས་ཚད་མྱེད་དོ། །གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྒྲ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ ཀ་དེ་ནི་འདི་ལྟར་སྒྲའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྒྲའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ ཚད་མྱེད་པའི་ཕྱིར། སྒྲ་ཚད་མྱེད་དོ། །སྒྲ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དྲི་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲིའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་ དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དྲིའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དྲི་ཚད་མྱེད་དོ། །དྲི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རོ་ ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རོའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ 20-1-54b འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རོའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རོ་ཚད་མྱེད་དོ། །རོ་ཚད་མྱེད་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རེག་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་རེག་གི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རེག་གི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རེག་ཚད་མྱེད་དོ། །རེག་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཆོས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་ དུ་ཆོས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཆོས་ཚད་མྱེད་དོ། །ཆོས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱིག་གི་རྣམ་པར་ཤེས་པ་ ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པའི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱིག་གི་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ 20-1-55a ཕྱིར། མྱིག་གི་རྣམ་པར་ཤེས་པ་ཚད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣ་བའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣ་བའི་རྣམ་པར་ཤེས་པ་ཚད་མྱེད་དོ། །རྣ་བའི་ རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྣའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་དེ་བཞིན་དུ་སྣའི་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྣའི་རྣམ་པར་ཤེས་པ་ཚད་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལྕེའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལྕེའི་རྣམ་པར་ཤེས་པའི་ཚད་ 20-1-55b ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལྕེའི་རྣམ་པར་ཤེས་པ་ཚད་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལུས་ཀྱི་རྣམ་ པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པའི་ ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ ཕྱིར། ལུས་ཀྱི་རྣམ་པར་ཤེས་པ་ཚད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཡིད་ཀྱི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ ཚད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་ 20-1-56a དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པ་ཚད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་ མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་ དུ་རྣ་བའི་འདུས་ཏེ་རེག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པའི་ཚད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་ མྱེད་དོ། །ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་ འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྣའི་འདུས་ཏེ་རེག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ ཚད་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པ་ཚད་མྱེད་དོ། །སྣའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ 20-1-56b ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལྕེའི་འདུས་ཏེ་རེག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པ་ཚད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལུས་ཀྱི་འདུས་ ཏེ་རེག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པ་ཚད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་ཚད་ ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པ་ཚད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱིག་ གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ 20-1-57a ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ཀྱང་དམྱིགས་ སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ ཀ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ཀྱང་དམྱིགས་སུ་ མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། ། ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་ 20-1-57b རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དེ། ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཡིད་ 20-1-58a ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་ མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། ཀེའུ་ཤི་ཀ་སའི་ཁམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སའི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སའི་ཁམས་ཚད་མྱེད་དོ། །སའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཆུའི་ཁམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆུའི་ ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཆུའི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཆུའི་ཁམས་ཚད་མྱེད་དོ། །ཆུའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱེའི་ཁམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱེའི་ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ 20-1-58b མྱེའི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ་ནམ་མཁའ་ཚད་མྱེད་པའི་ཕྱིར། མྱེའི་ཁམས་ཚད་མྱེད་དོ། །མྱེའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རླུང་གི་ཁམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རླུང་གི་ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རླུང་གི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རླུང་གི་ཁམས་ཚད་མྱེད་དོ། །རླུང་གི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཀེའུ་ཤི་ཀ་ནམ་མཁའི་ཁམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ནམ་ མཁའི་ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ནམ་མཁའི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་ པའི་ཕྱིར། ནམ་མཁའི་ཁམས་ཚད་མྱེད་དོ། །ནམ་མཁའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པའི་ཁམས་ཚད་མྱེད་པའི་ ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ ཁམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། 20-1-59a ནམ་མཁའ་ཚད་མྱེད་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་ཚད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མ་རིག་པ་ཚད་ མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མ་རིག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མ་རིག་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མ་རིག་པའི་ཚད་མྱེད་དོ། །མ་རིག་པའི་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འདུ་བྱེད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་འདུ་བྱེད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འདུ་བྱེད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། འདུ་ བྱེད་ཚད་མྱེད་དོ། །འདུ་བྱེད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པར་ཤེས་ པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣམ་པར་ཤེས་པ་ཚད་མྱེད་དོ། །རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱིང་དང་གཟུགས་ཚད་ 20-1-59b མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིང་དང་གཟུགས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་ དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱིང་དང་གཟུགས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མྱིང་དང་གཟུགས་ཚད་མྱེད་དོ། །མྱིང་དང་གཟུགས་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྐྱེ་མཆེད་དྲུག་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་སྐྱེ་མཆེད་དྲུག་གི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྐྱེ་མཆེད་དྲུག་གི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྐྱེ་མཆེད་དྲུག་ཚད་མྱེད་དོ། །སྐྱེ་མཆེད་དྲུག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རེག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རེག་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རེག་པའི་ཚད་ཀྱང་དམྱིགས་ སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རེག་པ་ཚད་མྱེད་དོ། །རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་ 20-1-60a དེ་བཞིན་དུ་ཚོར་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཚོར་བ་ཚད་མྱེད་དོ། །ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྲེད་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྲེད་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྲེད་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྲེད་པ་ཚད་མྱེད་དོ། །སྲེད་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ ཤི་ཀ་ལེན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལེན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལེན་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལེན་པ་ཚད་མྱེད་དོ། །ལེན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྲིད་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྲིད་པའི་ཚད་ ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྲིད་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྲིད་པ་ཚད་མྱེད་དོ། །སྲིད་པ་ ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྐྱེ་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ 20-1-60b དེ་ནི་འདི་ལྟར་སྐྱེ་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྐྱེ་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྐྱེ་ བ་ཚད་མྱེད་དོ། །སྐྱེ་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྒ་ཤི་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་ མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྒ་ཤིའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྒ་ཤིའི་ཚད་ཀྱང་དམྱིགས་ སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྒ་ཤི་ཚད་མྱེད་དོ། །རྒ་ཤི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་ སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-61a པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་ཀྱང་ དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་ མྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་ 20-1-61b མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཚད་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ ཚད་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་ཚད་མྱེད་དོ། །ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཕྱི་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཕྱི་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། 20-1-62a ཀེའུ་ཤི་ཀ་དེ་བཞིན་དུ་ཕྱི་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ཚད་མྱེད་དོ། །ཕྱི་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། ། ཀེའུ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ཚད་ མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་ མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཚད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཆེན་པོ་ སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆེན་པོ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་ཚད་མྱེད་དོ། །ཆེན་པོ་སྟོང་ 20-1-62b པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དོན་དམ་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་ མྱེད་པའི་ཕྱིར། དོན་དམ་པ་སྟོང་པ་ཉིད་ཚད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འདུས་བྱས་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་བྱས་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ ཤི་ཀ་དེ་བཞིན་དུ་འདུས་བྱས་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། འདུས་བྱས་སྟོང་པ་ཉིད་ཚད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་ སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་ ཚད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 20-1-63a པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་ དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མྱེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་ མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཐོག་ མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ་ནམ་མཁའ་ཚད་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཀེའུ་ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ་དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཚད་ ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དོར་བ་མྱེད་པ་སྟོང་པ་ཉིད་ ཚད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རང་བཞིན་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ 20-1-63b རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རང་བཞིན་སྟོང་ པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རང་བཞིན་སྟོང་པ་ཉིད་ཚད་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་ ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་ དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མྱེད་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་ཚད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་ 20-1-64a དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། མྱི་དམྱིགས་པ་སྟོང་པ་ཉིད་ཚད་མྱེད་དོ། །མྱི་དམྱིགས་པ་སྟོང་ པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ངོ་བོ་ཉིད་སྟོང་ པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་ཚད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཚད་ མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་ སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དངོས་པོ་ 20-1-64b མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དྲན་པ་ཉེ་བར་གཞག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་ཚད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཡང་དག་པར་སྤོང་བ་ཚད་མྱེད་པའི་ཕྱིར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་ མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཡང་དག་པར་སྤོང་བ་ཚད་མྱེད་དོ། །ཡང་དག་པར་སྤོང་བ་ཚད་མྱེད་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཚད་ཀྱང་ 20-1-65a དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་ཚད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དབང་པོ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དབང་པོ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་ བཞིན་དུ་དབང་པོ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དབང་པོ་ཚད་མྱེད་དོ། །དབང་པོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྟོབས་ཚད་མྱེད་པའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྟོབས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་དེ་བཞིན་དུ་སྟོབས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྟོབས་ཚད་མྱེད་དོ། །སྟོབས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་ཚད་ མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་ཚད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ ལག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་ 20-1-65b མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འཕགས་པའི་ ལམ་ཡན་ལག་བརྒྱད་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་འཕགས་པའི་བདེན་པ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་ པའི་བདེན་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ ཕྱིར། འཕགས་པའི་བདེན་པ་ཚད་མྱེད་དོ། །འཕགས་པའི་བདེན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བསམ་གཏན་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ ཀ་དེ་བཞིན་དུ་བསམ་གཏན་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། བསམ་གཏན་ཚད་མྱེད་དོ། །བསམ་གཏན་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ བྱམས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱམས་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ 20-1-66a ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་བྱམས་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་བྱམས་པ་ཚད་མྱེད་དོ། །བྱམས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྙིང་རྗེ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེའི་ ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སྙིང་རྗེའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྙིང་རྗེ་ཚད་མྱེད་དོ། །སྙིང་རྗེ་ ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དགའ་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དགའ་བའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དགའ་བའི་ཚད་ཀྱང་དམྱིགས་སུ་མྱེད་དོ། །ནམ་མཁའ་ཚད་མྱེད་ པའི་ཕྱིར། དགའ་བ་ཚད་མྱེད་དོ། །དགའ་བ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་བཏང་སྙོམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཏང་སྙོམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ བཏང་སྙོམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་བཏང་སྙོམས་ཚད་མྱེད་དོ། །བཏང་སྙོམས་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཚད་ 20-1-66b མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་གཟུགས་མྱེད་པའི་ སྙོམས་པར་འཇུག་པ་ཚད་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པར་ཐར་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་ སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣམ་པར་ཐར་པ་ཚད་མྱེད་དོ། །རྣམ་པར་ཐར་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཚད་མྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་ 20-1-67a པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚད་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ ཤི་ཀ་མངོན་པར་ཤེས་པ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་ཀྱི་ཚད་ནི་དམྱིགས་ སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་མངོན་པར་ཤེས་པ་ཚད་ མྱེད་དོ། །མངོན་པར་ཤེས་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཏིང་ངེ་འཛིན་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་ པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཏིང་ངེ་འཛིན་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ཀྱི་ཚད་ 20-1-67b ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཏིང་ངེ་འཛིན་ཚད་མྱེད་དོ། །ཏིང་ངེ་འཛིན་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་གཟུངས་ཀྱི་སྒོ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། གཟུངས་ཀྱི་སྒོ་ཚད་མྱེད་དོ། །གཟུངས་ཀྱི་སྒོ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་ གཤེགས་པའི་སྟོབས་རྣམས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་དེ་བཞིན་ གཤེགས་པའི་སྟོབས་ཚད་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་མྱི་འཇིགས་པ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱི་འཇིགས་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ ཤི་ཀ་དེ་བཞིན་དུ་མྱི་འཇིགས་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་མྱི་འཇིགས་པ་ཚད་མྱེད་དོ། །མྱི་འཇིགས་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སོ་སོ་ 20-1-68a ཡང་དག་པར་རིག་པ་ཚད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཚད་ནི་དམྱིགས་ སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སོ་སོ་ཡང་ དག་པར་རིག་པ་ཚད་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་སྙིང་རྗེ་ཆེན་པོ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་དེ་བཞིན་དུ་སྙིང་རྗེ་ཆེན་པོའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཚད་མྱེད་དོ། །སྙིང་རྗེ་ཆེན་པོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་ མྱེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་ཚད་མྱེད་ 20-1-68b པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ་ནམ་མཁའ་ཚད་མྱེད་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་ཚད་མྱེད་དོ། །ཐམས་ཅད་ཤེས་ པ་ཉིད་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དོ། ། ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་དོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཚད་མྱེད་པ་སྟེ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-69a ཕྱིན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། ཀཽའུ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་ཤེས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་ཤེས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་བྱེད་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ 20-1-69b དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡིད་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྒྲ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྒྲའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དྲི་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲིའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རོ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རོའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རེག་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ 20-1-70a འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རེག་གི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆོས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་གི་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་རྣམ་པར་ཤེས་པ་མཐའ་ ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་ཀྱི་ རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་ དམྱིགས་སོ། །ཀེའུ་ཤི་ཀ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ 20-1-70b ཡིད་ཀྱི་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་མཐའ་ ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ ཡིད་ཀྱི་འདུས་ཏེ་རེག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་མཐའ་དང་ དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། 20-1-71a ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྣའི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། ། ཀེའུ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སའི་ཁམས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ 20-1-71b ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆུའི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆུའི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱེའི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱེའི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རླུང་གི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རླུང་གི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ནམ་མཁའི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ནམ་མཁའི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ ཤེས་པའི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་ ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མ་རིག་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མ་ རིག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུ་བྱེད་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་ 20-1-72a མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ ནི་འདི་ལྟར་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱིང་དང་གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱིང་དང་གཟུགས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྐྱེ་མཆེད་དྲུག་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་གི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རེག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚོར་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྲེད་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྲེད་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལེན་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལེན་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྲིད་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 20-1-72b པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྲིད་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྐྱེ་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྐྱེ་བའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྒ་ཤི་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྒ་ཤིའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དང་དབུས་མྱི་དམྱིགས་སོ། ། ཀེའུ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་ རོལ་ཏུ་ཕྱིན་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ 20-1-73a དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དང་དབུས་ མྱི་དམྱིགས་སོ། །ཀེའུ་ཤི་ཀ་ནང་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ཀྱི་མཐའ་ དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཕྱི་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཕྱི་སྟོང་ པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ ཀ་དེ་ནི་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆེན་པོ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་ཆེན་པོ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དོན་དམ་པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ་དེ་ཅིའི་ 20-1-73b ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུས་བྱས་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་བྱས་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཐའ་ དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རང་བཞིན་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཆོས་ 20-1-74a ཐམས་ཅད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་མཐའ་ ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་ དམྱིགས་སོ། །ཀེའུ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དྲན་པ་ཉེ་བར་གཞག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་ 20-1-74b སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཡང་ དག་པར་སྤོང་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་ཀྱི་མཐའ་དང་དབུས་ མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྫུ་འཕྲུལ་ གྱི་རྐང་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དབང་པོ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དབང་པོ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྟོབས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྟོབས་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་ པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐའ་དང་ 20-1-75a དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འཕགས་པའི་བདེན་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བསམ་གཏན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཚད་མྱེད་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚད་མྱེད་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་ འཇུག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཐར་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པར་ཐར་པའི་སྒོ་ 20-1-75b སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མངོན་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ་ཀེའུ་ཤི་ཀ་ཏིང་ངེ་འཛིན་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཏིང་ངེ་འཛིན་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་གཟུངས་ཀྱི་སྒོ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ་དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དེ་བཞིན་གཤེགས་པའི་ སྟོབས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་མྱི་འཇིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་མྱི་འཇིགས་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ 20-1-76a ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་བྱམས་པ་ཆེན་པོ་མཐའ་ཡས་ པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱམས་པ་ཆེན་པོའི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་སྙིང་རྗེ་ ཆེན་པོ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོའི་མཐའ་དང་དབུས་མྱི་དམྱིགས་ སོ། །ཀེའུ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐའ་དང་ 20-1-76b དབུས་མྱི་དམྱིགས་སོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མཐའ་ཡས་པ་དང་། ཚོར་བ་མཐའ་ཡས་པ་དང་། འདུ་ཤེས་མཐའ་ཡས་པ་དང་། འདུ་བྱེད་མཐའ་ཡས་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པ་དང་། མྱིག་མཐའ་ཡས་པ་དང་། རྣ་བ་མཐའ་ཡས་པ་དང་། སྣ་མཐའ་ཡས་པ་དང་། ལྕེ་མཐའ་ཡས་པ་དང་། ལུས་མཐའ་ཡས་པ་དང་། ཡིད་མཐའ་ ཡས་པ་དང་། གཟུགས་མཐའ་ཡས་པ་དང་། སྒྲ་མཐའ་ཡས་པ་དང་། དྲི་མཐའ་ཡས་པ་དང་། རོ་མཐའ་ཡས་པ་དང་། རེག་མཐའ་ཡས་པ་དང་། ཆོས་མཐའ་ཡས་པ་དང་། མྱིག་གི་རྣམ་པར་ཤེས་པ་མཐའ་ ཡས་པ་དང་། རྣ་བའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། སྣའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ལྕེའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ཡིད་ཀྱི་ རྣམ་པར་ཤེས་པ་མཐའ་ཡས་པ་དང་། མྱིག་གི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། རྣ་བའི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། སྣའི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། ལྕེའི་འདུས་ཏེ་རེག་པ་ མཐའ་ཡས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐའ་ཡས་པ་དང་། རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་མཐའ་ཡས་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐའ་ཡས་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐའ་ཡས་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་མཐའ་ཡས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐའ་ཡས་པ་དང་། སའི་ཁམས་མཐའ་ཡས་པ་དང་། ཆུའི་ཁམས་མཐའ་ཡས་པ་དང་། མྱེའི་ཁམས་མཐའ་ཡས་པ་དང་། རླུང་གི་ 20-1-77a ཁམས་མཐའ་ཡས་པ་དང་། ནམ་མཁའི་ཁམས་མཐའ་ཡས་པ་དང་། རྣམ་པར་ཤེས་པའི་ཁམས་མཐའ་ཡས་པ་དང་། མ་རིག་པ་མཐའ་ཡས་པ་དང་། འདུ་བྱེད་མཐའ་ཡས་པ་དང་། རྣམ་པར་ཤེས་པ་མཐའ་ ཡས་པ་དང་། མྱིང་དང་གཟུགས་མཐའ་ཡས་པ་དང་། སྐྱེ་མཆེད་དྲུག་མཐའ་ཡས་པ་དང་། རེག་པ་མཐའ་ཡས་པ་དང་། ཚོར་བ་མཐའ་ཡས་པ་དང་། སྲེད་པ་མཐའ་ཡས་པ་དང་། ལེན་པ་མཐའ་ཡས་པ་དང་། སྲིད་ པ་མཐའ་ཡས་པ་དང་། སྐྱེ་བ་མཐའ་ཡས་པ་དང་། རྒ་ཤི་མཐའ་ཡས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་དང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་མཐའ་ཡས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་དང་། ནང་ སྟོང་པ་ཉིད་མཐའ་ཡས་པ་དང་། ཕྱི་སྟོང་པ་ཉིད་མཐའ་ཡས་པ་དང་། ཕྱི་ནང་སྟོང་པ་ཉིད་མཐའ་ཡས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མཐའ་ཡས་པ་དང་། ཆེན་པོ་སྟོང་པ་ཉིད་མཐའ་ཡས་པ་དང་། དོན་དམ་པ་ སྟོང་པ་ཉིད་མཐའ་ཡས་པ་དང་། འདུས་བྱས་སྟོང་པ་ཉིད་མཐའ་ཡས་པ་དང་། འདུས་མ་བྱས་སྟོང་པ་ཉིད་མཐའ་ཡས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ཡས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་མཐའ་ཡས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མཐའ་ཡས་པ་དང་། རང་བཞིན་སྟོང་པ་ཉིད་མཐའ་ཡས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མཐའ་ཡས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མཐའ་ ཡས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མཐའ་ཡས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མཐའ་ཡས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མཐའ་ཡས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐའ་ཡས་པ་དང་། དྲན་ 20-1-77b པ་ཉེ་བར་གཞག་པ་རྣམས་མཐའ་ཡས་པ་དང་། ཡང་དག་པར་སྤོང་བ་རྣམས་མཐའ་ཡས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མཐའ་ཡས་པ་དང་། དབང་པོ་རྣམས་མཐའ་ཡས་པ་དང་། སྟོབས་རྣམས་མཐའ་ཡས་ པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མཐའ་ཡས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐའ་ཡས་པ་དང་། འཕགས་པའི་བདེན་པ་རྣམས་མཐའ་ཡས་པ་དང་། བསམ་གཏན་རྣམས་མཐའ་ ཡས་པ་དང་། ཚད་མྱེད་པ་རྣམས་མཐའ་ཡས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཐའ་ཡས་པ་དང་། རྣམ་པར་ཐར་པ་བརྒྱད་མཐའ་ཡས་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་མཐའ་ཡས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཐའ་ཡས་པ་དང་། མངོན་པར་ཤེས་པ་རྣམས་མཐའ་ཡས་པ་དང་། ཏིང་ངེ་འཛིན་རྣམས་མཐའ་ཡས་ པ་དང་། གཟུངས་ཀྱི་སྒོ་རྣམས་མཐའ་ཡས་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མཐའ་ཡས་པ་དང་། མྱི་འཇིགས་པ་བཞི་མཐའ་ཡས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་མཐའ་ཡས་པ་དང་། བྱམས་པ་ཆེན་པོ་མཐའ་ཡས་པ་དང་། སྙིང་རྗེ་ཆེན་པོ་མཐའ་ཡས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཐའ་ཡས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐའ་ཡས་པ་དང་། ལན་ཅིག་ཕྱིར་འོང་ བའི་འབྲས་བུ་མཐའ་ཡས་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མཐའ་ཡས་པ་དང་། དགྲ་བཅོམ་པ་ཉིད་མཐའ་ཡས་པ་དང་། རང་བྱང་ཆུབ་མཐའ་ཡས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མཐའ་ཡས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པའི་ཕྱིར་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀེའུ་ཤི་ཀ་གཞན་ཡང་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ 20-1-78a སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་དམྱིགས་པ་མཐའ་ཡས་ པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀེའུ་ཤི་ཀ་གཞན་ཡང་ ཆོས་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་ པ་རབ་འབྱོར་དེ་རྣམ་པ་གང་གིས་ན་ཆོས་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་ བྱ། རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའོ། །ཀེའུ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་དང་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན། དམྱིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། 20-1-78b འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་དམྱིགས་པ་མཐའ་ཡས་སོ། །དམྱིགས་པ་མཐའ་ཡས་པའི་ཕྱིར། དེ་བཞིན་ཉིད་ མཐའ་ཡས་སོ། །ཀེའུ་ཤི་ཀ་དེ་བཞིན་ཉིད་དང་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཀེའུ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན། སེམས་ཅན་མཐའ་ཡས་པའི་ ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ཞེས་བྱ། རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་ བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན། ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ་འདི་ལྟར་སེམས་ཅན་སེམས་ ཅན་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ། དངོས་པོ་མྱེད་པ་མྱིང་དུ་བཏགས་པ། དམྱིགས་པ་མྱེད་པར་མྱིང་དུ་བཏགས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་གང་ལ་སེམས་ཅན་དུ་བཤད་པ་གང་ ཡང་མྱེད་པ་དེ་ལ། སེམས་ཅན་མཐའ་ཡས་པ་ཅི་ཞིག་ཡོད་དེ། ཀེའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། 20-1-79a སེམས་ཅན་སེམས་ཅན་ཞེས་གསུང་དུ་བརྗོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བ་འམ། འགག་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །དེ་ ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། ཀེའུ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན། སེམས་ཅན་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མཐའ་ཡས་པར་རིག་པར་བྱའོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་དང་། སྐྱེས་པ་དང་བུད་མྱེད་དུ་བཅས་པ་དག་ གིས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་གང་གནས་བརྟན་རབ་འབྱོར་གྱིས་འདི་ལྟར་དེ་བཞིན་གཤེགས་པ་འབྱུང་བའི་དོན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པའི་མཐུས་བཤད་ཅིང་ བརྗོད་དེ། བསྟན་པའི་ཆོས་འདི་ནི་ཀྱེ་མ་ལེགས་པར་བཤད་དོ། །ཀྱེ་མ་ཆོས་འདི་ལེགས་པར་བཤད་དོ། །ཀྱེ་མ་ཆོས་ཀྱི་ཆོས་ཉིད་ནི་ལེགས་པར་བཤད་དོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །ཆོས་གང་ཡང་དམྱིགས་སུ་མ་མཆིས་སྟེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་ སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་ 20-1-79b འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་ སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འམ། ནང་སྟོང་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་ 20-1-80a སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་ པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་དམྱིགས་སུ་མ་མཆིས་ཀྱིས་ཀྱང་ཐེག་པ་གསུམ་རྣམ་པར་དགོད་པ་མ་མཆིས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་ཐེག་པ་དང་ རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་པོ་དང་བཅས་པ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་ནོ། །ཇི་སྐད་ སྨྲས་པ་དེ་བཞིན་ནོ། །ཆོས་གང་ཡང་དམྱིགས་སུ་མྱེད་དེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། 20-1-80b གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་ རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་ རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ 20-1-81a ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་ རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་ བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་མྱི་དམྱིགས་མོད་ཀྱི། ཐེག་པ་གསུམ་རྣམ་པར་བཀོད་པ་ཡང་ ཡོད་དེ། གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་ 20-1-81b རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ། གསུམ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བཤད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་ དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་ གཤེགས་པ་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཆེན་པོ་ སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་ བཞིན་གཤེགས་པ་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་ 20-1-82a པ་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རང་ བཞིན་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལས་གཞན་དུ་ ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་ དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དྲན་པ་ཉེ་བར་ གཞག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གཞན་ དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དབང་པོ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །སྟོབས་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །འཕགས་ པའི་བདེན་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །བསམ་གཏན་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་ལས་གཞན་དུ་ 20-1-82b ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རྣམ་པར་ཐར་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་ དམྱིགས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གཞན་ དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་ རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །མྱི་འཇིགས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་ གཤེགས་པ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །བྱམས་པ་ཆེན་པོ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ལས་ གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་ དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་འདི་དག་ཐམས་ཅད་ལ་སློབ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། ། 20-1-83a ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སློབ་བོ། །ནང་སྟོང་པ་ཉིད་ལ་སློབ་བོ། །ཕྱི་སྟོང་པ་ཉིད་ལ་སློབ་བོ། །ཕྱི་ནང་སྟོང་པ་ཉིད་ལ་སློབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དོན་དམ་པ་སྟོང་པ་ཉིད་ལ་སློབ་བོ། ། འདུས་བྱས་སྟོང་པ་ཉིད་ལ་སློབ་བོ། །འདུས་མ་བྱས་སྟོང་པ་ཉིད་ལ་སློབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་བོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །རང་ བཞིན་སྟོང་པ་ཉིད་ལ་སློབ་བོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སློབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་ ལ་སློབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་བོ། །ཡང་དག་པར་སྤོང་བ་རྣམས་ལ་སློབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སློབ་བོ། །དབང་པོ་རྣམས་ལ་སློབ་བོ། ། སྟོབས་རྣམས་ལ་སློབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སློབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་བོ། །འཕགས་པའི་བདེན་པ་རྣམས་ལ་སློབ་བོ། །བསམ་གཏན་རྣམས་ལ་སློབ་བོ། །ཚད་ མྱེད་པ་རྣམས་ལ་སློབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །རྣམ་པར་ཐར་པ་རྣམས་ལ་སློབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སློབ་བོ། །མངོན་པར་ཤེས་པ་རྣམས་ལ་སློབ་བོ། །ཏིང་ངེ་འཛིན་རྣམས་ལ་སློབ་བོ། །གཟུངས་ཀྱི་སྒོ་རྣམས་ལ་སློབ་བོ། །དེ་བཞིན་གཤེགས་པའི་ 20-1-83b སྟོབས་རྣམས་ལ་སློབ་བོ། །མྱི་འཇིགས་པ་རྣམས་ལ་སློབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སློབ་བོ། །བྱམས་པ་ཆེན་པོ་ལ་སློབ་བོ། །སྙིང་རྗེ་ཆེན་པོ་ལ་སློབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སློབ་བོ། ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སློབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སློབ་བོ། །དགྲ་བཅོམ་པ་ཉིད་ལ་སློབ་བོ། །རང་བྱང་ཆུབ་ལ་སློབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ ལ་སློབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །ལྷའི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མྱི་འབྲལ་བར་སྤྱོད་པ་ནི། དེ་བཞིན་གཤེགས་ པ་ཉིད་ཅེས་བྱ་སྟེ། ལྷའི་བུ་དག་གང་གི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞ་འབྲེང་བྱེད་ཅིང་། རྒྱལ་པོའི་ཁབ་པདྨོ་ཡོད་པའི་ནང་གི་ཚོང་དུས་ཀྱི་དབུས་ ན་འདུག་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །ནང་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། ། ཕྱི་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །ཕྱི་ནང་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །ཆེན་པོ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །དོན་དམ་པ་སྟོང་པ་ཉིད་དང་ བྲལ་བར་མ་གྱུར་ཏོ། །འདུས་བྱས་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །འདུས་མ་བྱས་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །ཐོག་མ་དང་ཐ་མ་ 20-1-84a མྱེད་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །རང་བཞིན་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །རང་གི་མཚན་ ཉིད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །ཡང་དག་པར་སྤོང་བ་རྣམས་དང་བྲལ་བར་མ་གྱུར་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །དབང་པོ་རྣམས་ དང་བྲལ་བར་མ་གྱུར་ཏོ། །སྟོབས་རྣམས་དང་བྲལ་བར་མ་གྱུར་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་བྲལ་བར་མ་གྱུར་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བར་མ་གྱུར་ཏོ། །འཕགས་པའི་བདེན་པ་རྣམས་ དང་བྲལ་བར་མ་གྱུར་ཏོ། །བསམ་གཏན་རྣམས་དང་བྲལ་བར་མ་གྱུར་ཏོ། །ཚད་མྱེད་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །གཟུགས་མྱེད་པའི་སྙོམ་པར་འཇུག་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །རྣམ་པར་ཐར་པ་རྣམས་དང་ བྲལ་བར་མ་གྱུར་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་བྲལ་བར་མ་གྱུར་ཏོ། །མངོན་པར་ཤེས་ པ་རྣམས་དང་བྲལ་བར་མ་གྱུར་ཏོ། །ཏིང་ངེ་འཛིན་རྣམས་དང་བྲལ་བར་མ་གྱུར་ཏོ། །གཟུངས་ཀྱི་སྒོ་རྣམས་དང་བྲལ་བར་མ་གྱུར་ཏོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་བྲལ་བར་མ་གྱུར་ཏོ། །མྱི་འཇིགས་པ་རྣམས་ དང་བྲལ་བར་མ་གྱུར་ཏོ། །སོ་སོ་ཡང་དག་པར་རིག་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །བྱམས་པ་ཆེན་པོ་དང་བྲལ་བར་མ་གྱུར་ཏོ། །སྙིང་རྗེ་ཆེན་པོ་དང་བྲལ་བར་མ་གྱུར་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་ 20-1-84b ཡང་བྲལ་བར་མ་གྱུར་ཏེ། དེ་མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་དང་ཡང་བྲལ་བར་མ་གྱུར་ཏོ། །ལྷའི་བུ་དག་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མར་མྱེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱེད་ནི་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མྱེད་པ་ན། བསྐལ་པ་བཟང་པོའི་ཚེ། འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཤཱཀྱ་ཐུབ་པ་ཞེས་བྱ་བའི། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མྱེད་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མྱི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གཟུགས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུ་ཤེས་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུ་བྱེད་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་མྱི་ལེན་མྱི་ འདོར་བའི་ཚུལ་དང་། རྣ་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྣ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལྕེ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལུས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། གཟུགས་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྒྲ་མྱི་ལེན་མྱི་འདོར་བའི་ 20-1-85a ཚུལ་དང་། དྲི་མྱི་ལེན་མྱི་འདོར་བའི་ཚུལ་དང་། རོ་མྱི་ལེན་མྱི་འདོར་བའི་ཚུལ་དང་། རེག་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཆོས་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་ལེན་མྱི་ འདོར་བའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལྕེའི་རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལུས་ཀྱི་རྣམ་ པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་ལེན་མྱི་ འདོར་བའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་ པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྣའི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡིད་ ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སའི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཆུའི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱེའི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་ དང་། རླུང་གི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ནམ་མཁའི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཤེས་པའི་ཁམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། མ་རིག་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུ་ 20-1-85b བྱེད་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིང་དང་གཟུགས་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྐྱེ་མཆེད་དྲུག་མྱི་ལེན་མྱི་འདོར་བའི་ཚུལ་དང་། རེག་པ་མྱི་ལེན་མྱི་ འདོར་བའི་ཚུལ་དང་། ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྲེད་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལེན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྲིད་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྐྱེ་བ་མྱི་ལེན་མྱི་འདོར་ བའི་ཚུལ་དང་། རྒ་ཤི་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་ ལེན་མྱི་འདོར་བའི་ཚུལ་དང་། ནང་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཕྱི་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་ལེན་ མྱི་འདོར་བའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུས་མ་བྱས་སྟོང་ པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ མྱི་ལེན་མྱི་འདོར་བའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ 20-1-86a ཚུལ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡང་དག་པར་སྤོང་བ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་པ་ རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། དབང་པོ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྟོབས་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། འཕགས་པའི་བདེན་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། བསམ་གཏན་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཚད་མྱེད་པ་རྣམས་མྱི་ལེན་ མྱི་འདོར་བའི་ཚུལ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཐར་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མངོན་པར་ཤེས་པ་རྣམས་མྱི་ལེན་མྱི་ འདོར་བའི་ཚུལ་དང་། ཏིང་ངེ་འཛིན་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། གཟུངས་ཀྱི་སྒོ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་ལེན་མྱི་འདོར་བའི་ ཚུལ་དང་། མྱི་འཇིགས་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། བྱམས་པ་ཆེན་པོ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྙིང་རྗེ་ 20-1-86b ཆེན་པོ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཐམས་ཅད་ཤེས་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་ལེན་མྱི་འདོར་བའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ འཐུན་བར་ཡོངས་སུ་འཛིན་པ་ངོ་མཚར་ཆེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དང་། མཚེ་མའི་ལྷའི་བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། གཞན་ འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་ཀྱི་ལྷའི་བུ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷའི་བུ་དང་། ཚངས་པ་ཀུན་འཁོར་གྱི་ལྷའི་བུ་དང་། ཚངས་ཆེན་གྱི་ལྷའི་བུ་དང་། སྣང་བའི་ལྷའི་བུ་དང་། ཆུང་སྣང་ གི་ལྷའི་བུ་དང་། ཚད་མྱེད་སྣང་བའི་ལྷའི་བུ་དང་། ཀུན་སྣང་དང་བའི་ལྷའི་བུ་དང་། དགེ་བའི་ལྷའི་བུ་དང་། ཆུང་དགེའི་ལྷའི་བུ་དང་། ཚད་མྱེད་དགེ་བའི་ལྷའི་བུ་དང་། དགེ་རྒྱས་ཀྱི་ལྷའི་བུ་དང་། ཆེ་ བའི་ལྷའི་བུ་དང་། ཆུང་ཆེའི་ལྷའི་བུ་དང་། ཚད་མྱེད་ཆེ་བའི་ལྷའི་བུ་དང་། འབྲས་བུ་ཆེ་བའི་ལྷའི་བུ་དང་། མྱི་ཆེ་བའི་ལྷའི་བུ་དང་། མྱི་གདུང་བའི་ལྷའི་བུ་དང་། ཤིན་ཏུ་མཐོང་བའི་ལྷའི་བུ་དང་། གྱ་ ནོམ་སྣང་བའི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བུ་དེ་དག་འདུས་ཤིང་ཚོགས་པར་མཁྱེན་ནས། དེ་དག་ཐམས་ཅད་དཔང་དུ་བཙུགས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀེའུ་ཤི་ཀ་བྱང་ཆུབ་ 20-1-87a སེམས་དཔའ་སེམས་དཔའ་ཆེན་པོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། ལྷའི་བུ་འམ། ལྷའི་ བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་ཡང་རྒྱ་ཆེར་འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡང་མྱི་འབྲལ་བ་དེ་དག་ནི། བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་གླགས་རྙེད་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། གཟུགས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། འདུ་ཤེས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། འདུ་བྱེད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད་། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས། སྨོན་པ་མྱེད་པ་ ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། མྱིག་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣ་བ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་ པར་འགྱུར། སྣ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལྕེ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལུས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་ 20-1-87b པར་འགྱུར། ཡིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད་། མཚན་མ་མྱེད་པས། མཚན་མ་མྱེད་ པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས། སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། གཟུགས་སྟོང་པ་ཉིད་ཤིན་ཏུ་བྱིན་ གྱིས་བརླབས་པར་འགྱུར། སྒྲ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། དྲི་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རོ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་ འགྱུར། རེག་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ཆོས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་ གླགས་མྱི་རྙེད་། མཚན་མ་མྱེད་པས། མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས། སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ ཀྱི་བུ་མོ་དེ་དག་གིས། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྣའི་རྣམ་པར་ཤེས་པ་ སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་ པར་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་ 20-1-88a མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ ཀྱིས་བརླབས་པར་འགྱུར། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ལྕེའི་འདུས་ཏེ་རེག་པ་ སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་ རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་ བྱིན་ཀྱིས་བརླབས་པར་འགྱུར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་ བརླབས་པར་འགྱུར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་ པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་ 20-1-88b དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། སའི་ཁམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཆུའི་ཁམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མྱེའི་ཁམས་ སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རླུང་གི་ཁམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ནམ་མཁའི་ཁམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣམ་པར་ཤེས་ པའི་ཁམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ། གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། མ་རིག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། འདུ་བྱེད་སྟོང་པ་ཉིད་ ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མྱིང་དང་གཟུགས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྐྱེ་མཆེད་དྲུག་སྟོང་པ་ཉིད་ཤིན་ཏུ་ བྱིན་ཀྱིས་བརླབས་པར་འགྱུར། རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྲེད་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ལེན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྲིད་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྐྱེ་བ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྒ་ཤི་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་ བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ 20-1-89a ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་ སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ནང་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཕྱི་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ ཀྱིས་བརླབས་པར་འགྱུར། འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མཐའ་ལས་ འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པ་ 20-1-89b ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རང་གི་ མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ ཀྱིས་བརླབས་པར་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཡང་དག་པར་སྤོང་བ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྫུ་ འཕྲུལ་གྱི་རྐང་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། དབང་པོ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྟོབས་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་ འགྱུར། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་ 20-1-90a འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། འཕགས་པའི་བདེན་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། བསམ་གཏན་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་ བརླབས་པར་འགྱུར། ཚད་མྱེད་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། གཟུགས་མྱེད་པའི་སྙོམས་པར་འཇུགས་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣམ་པར་ཐར་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མངོན་པར་ཤེས་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ཏིང་ངེ་འཛིན་རྣམས་སྟོང་པ་ ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། གཟུངས་ཀྱི་སྒོ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད་། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། དེ་བཞིན་གཤེགས་པའི་སྟོབས་ རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། མྱི་འཇིགས་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་ པར་འགྱུར། བྱམས་པ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཉིད་ཤིན་ 20-1-90b ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་ པ་ལ་གླགས་མྱི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་ཀྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་ པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གླགས་རྙེད་ པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མྱེད་དོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་ནི་མྱི་འམ། མྱི་མ་ ཡིན་པ་གླགས་ལྟ་ཞིང་གླགས་ཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་དེ་མྱི་དམྱིགས་པའི་ཚུལ་གྱིས། སེམས་ ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཉམ་ང་བ་མྱི་སྤོངས་པས་དུས་བྱེད་པར་ཡང་ མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་རིམ་གྲོས་ 20-1-91a བསྙེན་བཀུར་བྱས་པའི་ཕྱིར་རོ། །ཀེའུ་ཤི་ཀ་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་ པར་ཞུགས་པ་ཇི་སྙེད་ཅིག་ཡོང་བ་དང་། ལྷའི་བུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཐོས་པ་དང་། མ་བཟུང་བ་དང་། མ་བཅངས་པ་དང་། ཀུན་ཆུབ་པར་མ་བྱས་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱའོ། ། ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་། འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་ མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱེད་པ་དེ་དག་ནི་ཁྱིམ་སྟོང་པ་ན་འདུག་ཀྱང་རུང་། བླ་གབ་མྱེད་པ་ན་འདུག་ཀྱང་རུང་། ལམ་གོལ་བ་ན་འདུག་ཀྱང་རུང་སྟེ། འཇིགས་པ་འམ་སྔང་བར་མྱི་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ནང་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ཕྱི་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ཕྱི་ནང་ སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ཆེན་པོ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་ 20-1-91b སོ། །དོན་དམ་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །འདུས་བྱས་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །འདུས་མ་བྱས་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་ གྱིས་ཤིན་ཏུ་བསྒོམས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །དོར་བ་ མྱེད་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །རང་བཞིན་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ ཤིན་ཏུ་བསྒོམས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །དངོས་པོ་མྱེད་པ་སྟོང་ པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །ངོ་བོ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་ གྱིས་ཤིན་ཏུ་བསྒོམས་སོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། གནས་གཙང་མའི་རིས་ཀྱི་ལྷ་ཇི་སྙེད་ཅིག་ ཡོད་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་ 20-1-92a ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། གཞན་ལའང་རྒྱ་ཆེར་སྟོན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ལ་ བགྱིད་པ་དང་། མྱི་འབྲལ་བ་དེ་དག་ལ་རྟག་ཏུ་རྒྱུན་མྱི་འཆད་པར་སྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མཆིས་ན། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། བྱོལ་སོང་གི་སྐྱེ་གནས་རྣམས་ཀྱང་རྒྱུན་ཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་རྣམས་ཀྱང་རྒྱུན་ཆད་པར་འགྱུར། ལྷ་ལས་ཕོངས་པ་ རྣམས་ཀྱང་རྒྱུན་ཆད་པར་འགྱུར། མྱི་ལས་དབུལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། ནད་དང་གནོད་པ་དང་། འགོ་བའི་ནད་ཐམས་ཅད་ཀྱང་རྒྱུན་འཆད་ཅིང་འཇིག་པ་དང་། མ་མཆིས་པར་འགྱུར། མུ་གེའི་ ཞུགས་ངམ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་བཞི་འཇིག་རྟེན་ དུ་འབྱུང་བར་འགྱུར། ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་ འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། 20-1-92b ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ཕྱི་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། འདུས་མ་བྱས་སྟོང་པ་ཉིད་འཇིག་ རྟེན་དུ་འབྱུང་བར་འགྱུར། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ དུ་འབྱུང་བར་འགྱུར། རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། ཡང་དག་པར་སྤོང་བ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། རྫུ་འཕྲུལ་གྱི་ རྐང་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། དབང་པོ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར། སྟོབས་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར། བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར། འཕགས་པའི་བདེན་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར། 20-1-93a མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར། རྣམ་པར་ཐར་པའི་སྒོ་གསུམ་འཇིག་རྟེན་དུ་འབྱུང་བར་འགྱུར། ཏིང་ངེ་འཛིན་ཐམས་ཅད་འཇིག་རྟེན་ དུ་འབྱུང་བར་འགྱུར། གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར། མྱི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་ འགྱུར། སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། བྱམས་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར། སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ འཇིག་རྟེན་དུ་འབྱུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་མཆིས་པར་འགྱུར། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་མཆིས་པར་འགྱུར། ཁྱིམ་བདག་གི་ རིགས་ཆེ་ཞིང་མཐོ་བ་མཆིས་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་མཆིས་པར་འགྱུར། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་མཆིས་པར་འགྱུར། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མཆིས་པར་ འགྱུར། མཚེ་མའི་ལྷ་རྣམས་མཆིས་པར་འགྱུར། དགའ་ལྡན་གྱི་ལྷ་རྣམས་མཆིས་པར་འགྱུར། འཕྲུལ་དགའི་ལྷ་རྣམས་མཆིས་པར་འགྱུར། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མཆིས་པར་འགྱུར། ཚངས་རིས་ཀྱི་ལྷ་རྣམས་མཆིས་པར་འགྱུར། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་མཆིས་པར་འགྱུར། ཚངས་པ་ཀུན་འཁོར་ཀྱི་ལྷ་རྣམས་མཆིས་པར་འགྱུར། ཚངས་ཆེན་གྱི་ལྷ་རྣམས་མཆིས་པར་འགྱུར། སྣང་ 20-1-93b བའི་ལྷ་རྣམས་མཆིས་པར་འགྱུར། ཆུང་སྣང་གི་ལྷ་རྣམས་མཆིས་པར་འགྱུར། ཚད་མྱེད་སྣང་བའི་ལྷ་རྣམས་མཆིས་པར་འགྱུར། ཀུན་སྣང་དང་བའི་ལྷ་རྣམས་མཆིས་པར་འགྱུར། དགེ་བའི་ལྷ་རྣམས་མཆིས་ པར་འགྱུར། ཆུང་དགེའི་ལྷ་རྣམས་མཆིས་པར་འགྱུར། ཚད་མྱེད་དགེ་བའི་ལྷ་རྣམས་མཆིས་པར་འགྱུར། དགེ་རྒྱས་ཀྱི་ལྷ་རྣམས་མཆིས་པར་འགྱུར། ཆེ་བའི་ལྷ་རྣམས་མཆིས་པར་འགྱུར། ཆུང་ཆེའི་ལྷ་ རྣམས་མཆིས་པར་འགྱུར། ཚད་མྱེད་ཆེ་བའི་ལྷ་རྣམས་མཆིས་པར་འགྱུར། འབྲས་བུ་ཆེ་བའི་ལྷ་རྣམས་མཆིས་པར་འགྱུར། མྱི་ཆེ་བའི་ལྷ་རྣམས་མཆིས་པར་འགྱུར། མྱི་གདུང་བའི་ལྷ་རྣམས་མཆིས་པར་ འགྱུར། ཤིན་ཏུ་མཐོང་བའི་ལྷ་རྣམས་མཆིས་པར་འགྱུར། གྱ་ནོམ་སྣང་བའི་ལྷ་རྣམས་མཆིས་པར་འགྱུར། འོག་མྱིན་གྱི་ལྷ་རྣམས་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མཆིས་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཆིས་པར་འགྱུར། རྒྱུན་ཏུ་ཞུགས་པ་མཆིས་པར་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཆིས་པར་འགྱུར། ལན་ཅིག་ཕྱིར་འོང་བ་མཆིས་པར་འགྱུར། ཕྱིར་མྱི་འོང་བའི་འབྲས་བུ་མཆིས་པར་འགྱུར། ཕྱིར་མྱི་འོང་བ་མཆིས་པར་འགྱུར། དགྲ་བཅོམ་པ་ཉིད་མཆིས་པར་འགྱུར། དགྲ་བཅོམ་པ་མཆིས་པར་འགྱུར། རང་བྱང་ཆུབ་མཆིས་པར་འགྱུར། རང་སངས་རྒྱས་ མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། སེམས་ཅན་ཡོངས་སུ་སྨྱིན་པ་མཆིས་པར་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མཆིས་པར་འགྱུར། འཇིག་ རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་བར་འགྱུར། ཆོས་ཀྱི་འཁོར་ལོ་བསྐོར་བ་མཆིས་པར་འགྱུར། སངས་རྒྱས་དཀོན་མཆོག་འབྱུང་བར་ 20-1-94a འགྱུར། ཆོས་དཀོན་མཆོག་འབྱུང་བར་འགྱུར། དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར། བཅོམ་ལྡན་འདས་རྣམས་གྲངས་དེས་ན་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ། །ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་ ཆད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷ་ལས་ཕོངས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །མྱི་ལས་དབུལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ནད་དང་ གནོད་པ་དང་། འགོ་བའི་ནད་ཐམས་ཅད་རྒྱུན་ཆད་པ་དང་། འཇིག་པ་དང་། མྱེད་པར་འགྱུར་རོ། །མུ་གེའི་མྱ་ངན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། དགེ་ བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་ 20-1-94b གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐའ་ལས་ འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །དབང་པོ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོབས་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་ 20-1-95a པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་གསུམ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་འཇིག་པ་བཞི་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །བྲམ་ཟེའི་རིགས་ ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཡོད་པར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ ཡོད་པར་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །མཚེ་མའི་ལྷ་རྣམས་ཡོད་པར་འགྱུར་རོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །འཕྲུལ་དགའི་ལྷ་རྣམས་ 20-1-95b ཡོད་པར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚངས་ལྷ་ཉེ་ཕན་གྱི་རྣམས་ཡོད་པར་འགྱུར་རོ། །ཚངས་པ་ཀུན་འཁོར་ གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །སྣང་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཆུ་སྣང་གི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚད་མྱེད་སྣང་བའི་ལྷ་ རྣམས་ཡོད་པར་འགྱུར་རོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །དགེ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཆུང་དགེའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚད་མྱེད་དགེ་བའི་ལྷ་རྣམས་ ཡོད་པར་འགྱུར་རོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །ཆེ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཆུང་ཆེའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །འབྲས་ བུ་ཆེ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །མྱི་ཆེ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །མྱི་གདུངས་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །གྱ་ནོམ་ སྣང་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །འོག་མྱིན་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་པར་འགྱུར་རོ། ། རྒྱུན་དུ་ཞུགས་པ་ཡོད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་ཡོད་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་པར་འགྱུར་རོ། །ཕྱིར་མྱི་འོང་ བ་ཡོད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཡོད་པར་འགྱུར་རོ། །དགྲ་བཅོམ་པ་ཡོད་པར་འགྱུར་རོ། །རང་བྱང་ཆུབ་ཡོད་པར་འགྱུར་རོ། །རང་སངས་རྒྱས་ཡོད་པར་འགྱུར་རོ། །བྱང་ཆུབ་ 20-1-96a སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། སེམས་ཅན་ཡོངས་སུ་སྨིན་པ་ཡོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་པར་འགྱུར་རོ། །སངས་རྒྱས་དཀོན་མཆོག་འབྱུང་བར་འགྱུར་རོ། །ཆོས་དཀོན་མཆོག་འབྱུང་ བར་འགྱུར་རོ། །དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར་རོ། །དེ་བས་ན་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། ། བཀུར་བསྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མྱི་འཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཀེའུ་ཤི་ཀ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ལ་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་སེམས་པ་དེ་ནི། དེ་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱའོ། །མཆོད་པར་བྱ་བར་ སེམས་སོ། །ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །རྟག་ ཏུ་རྒྱུན་མྱི་འཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཀེའུ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། སྨྱིག་མའི་ ཚལ་ལམ། བུ་རམ་ཤིང་གི་ཚམ་ལམ། འོད་མའི་ཚལ་ལམ། རྩི་སྐྱང་གི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་གང་བར་གྱུར་ལ། དེ་དག་ལ་རིགས་ 20-1-96b ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པར་བྱས་པ་བས། གང་ལ་ལས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཞིག་ལ་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེ་ནི་དེ་བས་ བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཡོད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་མ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བ་མ་ཡིན་གྱི། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀེའུ་ཤི་ཀ་དེ་ བས་ན་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་ རྒྱུན་མྱི་འཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་ནོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ 20-1-97a ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གིས་ཚེ་འདི་ལ་འཐོབ་པའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་ འགྱུར་ཞིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བསྙེན་བཀུར་བའི་སླད་དུ་། སངས་རྒྱས་ ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། ཕུ་དུད་དུ་བགྱི་བ་དང་། མཆོད་པར་ བགྱི་བར་འཚལ་བ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་དག་ཀྱང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་། དྲན་པ་མྱི་ཉམ་པ་དང་། རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སྐྱེའ་བ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། འཁོར་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། མཚན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། འོད་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། མྱིག་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། དབྱངས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་ འཛིན་པ་དང་། ཐབས་མཁས་པས་བདག་ཀྱང་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཅིང་། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་མཆི་བ་དང་། གང་དུ་སངས་རྒྱས་བཅོམ་ལྡན་འདས་ 20-1-97b རྣམས་སྐྱེ་ཞིང་འབྱུང་བར་མ་གྱུར་པ་དེ་དང་དེ་དག་ཏུ་མཆིས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང་། བཟོད་པའི་ཕ་ རོལ་ཏུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་ཡོན་ཏན་བརྗོད་པ་དང་། ནང་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། ཕྱི་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་ པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་ ཡོན་ཏན་རྗོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། དངོས་པོ་ མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་རྗོད་པ་དང་། བསམ་གཏན་བཞིའི་ཡོན་ཏན་རྗོད་ པ་དང་། ཚད་མྱེད་པ་བཞིའི་ཡོན་ཏན་རྗོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཡོན་ཏན་རྗོད་པ་དང་། མངོན་པར་ཤེས་པ་ལྔའི་ཡོན་ཏན་རྗོད་པ་དང་། དྲན་པར་ཉེ་བར་གཞག་པ་ 20-1-98a བཞིའི་ཡོན་ཏན་རྗོད་པ་དང་། ཡང་དག་པར་སྤོང་བ་བཞིའི་ཡོན་ཏན་རྗོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཡོན་ཏན་རྗོད་པ་དང་། དབང་པོ་ལྔའི་ཡོན་ཏན་རྗོད་པ་དང་། སྟོབས་ ལྔའི་ཡོན་ཏན་རྗོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཡོན་ཏན་རྗོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོན་ཏན་རྗོད་པ་དང་། འཕགས་པའི་བདེན་པ་བཞིའི་ཡོན་ཏན་ རྗོད་པ་དང་། རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་རྗོད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡོན་ཏན་རྗོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པའི་ཡོན་ཏན་རྗོད་པ་དང་། མངོན་པར་ཤེས་པ་རྣམས་ཀྱི་ཡོན་ཏན་རྗོད་པ་དང་། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་རྗོད་པ་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་ཡོན་ཏན་རྗོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡོན་ཏན་རྗོད་པ་དང་། མྱི་འཇིགས་པ་བཞིའི་ཡོན་ཏན་རྗོད་པ་དང་། སོ་སོ་ཡང་དག་པར་རིགས་པ་བཞིའི་ཡོན་ཏན་རྗོད་པ་དང་། བྱམས་པ་ཆེན་པོའི་ ཡོན་ཏན་རྗོད་པ་དང་། སྙིང་རྗེ་ཆེན་པོའི་ཡོན་ཏན་རྗོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཡོན་ཏན་རྗོད་པ་དང་། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་ 20-1-98b བཟུང་བར་འགྱུར་བ་དང་། ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། སྟོང་པ་ཉིད་ སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་ ཡོངས་སུ་བཟུང་བར་འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཆོས་ཐམས་ ཅད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་ མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དྲན་པ་ཉེ་བར་བཞག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་ དང་། དབང་པོ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་ 20-1-99a པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བསམ་གཏན་རྣམས་ཡོངས་སུ་བཟུང་བར་འགྱུར་ བ་དང་། ཚད་མྱེད་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པ་རྣམས་ཡོངས་སུ་བཟུང་བར་ འགྱུར་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་ སུ་བཟུང་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་བཟུང་བར་ འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། མྱི་འཇིགས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ ཡོངས་སུ་བཟུང་བར་འགྱུར་བ་དང་། བྱམས་པ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་ བཟུང་བར་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། ཕྱིར་མྱི་འོང་བའི་ འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་ 20-1-99b པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་ཡང་ངོ་མཚར་ཆེའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་ དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་ སུ་བཟུང་བར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་ པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་ འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་ བར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་ རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། ། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། ། 20-1-100a ཡང་དག་པར་སྤོང་བ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །དབང་པོ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །སྟོབས་རྣམས་ཡོངས་ སུ་བཟུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བཟུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་ བཟུང་བར་འགྱུར་རོ། །བསམ་གཏན་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །ཚད་མྱེད་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་ བར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །གཟུངས་ཀྱི་ སྒོ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །མྱི་འཇིགས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ ཡོངས་སུ་བཟུང་བར་འགྱུར་རོ། །བྱམས་པ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་བཟུང་བར་ འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་བཟུང་ 20-1-100b བར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རང་བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཀེའུ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུངས་བ་དང་། ཡོངས་སུ་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་ བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་ཚེ་འདི་ལ་ཡོན་ཏན་གང་དང་གང་ཡོངས་སུ་ཟིན་པར་འགྱུར་བ་དེ་དང་དེ་དག་བསྟན་ཀྱིས། ཤིན་ཏུ་ལེགས་ པར་ཉོན་ལ་ཡིད་ལ་གྱིས་ཤིག །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀེའུ་ཤི་ཀ་མུ་སྟེགས་ཅན་གཞན་དང་། མུ་སྟེགས་སྤྱོད་པ་བ་དང་། ཀུན་ཏུ་རྒྱུ་བ་དང་། བདུད་དམ། བདུད་ཀྱི་རིགས་སུ་གཏོགས་པའི་ལྷ་འམ། གང་ཟག་ང་རྒྱལ་ཅན་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལ་བརྒལ་བར་འདོད་པ་དང་། འདི་དང་དབྲལ་བར་འདོད་པ་དང་། འདི་ལ་བརྩད་པར་འདོད་པ་དང་། བརྒལ་བར་འདོད་པ་ཞིག་བྱུང་ན། བརྒལ་བར་འདོད་པ་དང་། དབྲལ་བར་འདོད་པ་ དང་། བརྩད་པར་འདོད་པ་དང་། བརྒལ་བར་འདོད་པ་དེ་དག་གི་རྒོལ་བ་དང་། དབྲལ་བར་བྱ་བ་དང་། བརྩད་པ་དང་། བརྒལ་བར་བྱེད་པ་གང་དང་གང་བྱུང་བ་ཀུན་ཀྱང་མྱུར་དུ་ནུབ་ཅིང་མྱེད་པར་ འགྱུར་ཏེ། བརྒལ་བར་དགའ་བ་དང་། དབྲལ་བར་དགའ་བ་དང་། བརྩད་པར་དགའ་བ་དང་། འགལ་བར་དགའ་བ་དེ་དག་གི་བསམ་པ་ཡང་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། 20-1-101a ཀེའུ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གང་གི་དོན་དུ་སེམས་ཅན་རྣམས་ཡུན་རིང་པོར་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། ཤགས་སུ་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་ སུ་བཏང་སྟེ། སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཚུལ་ཁྲིམས་ངན་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཁྲོ་བ་དང་། གནོད་སེམས་དང་། འཚེ་བར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་ པའི་ཕྱིར་རོ། །གང་གིས་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ལེ་ལོ་བྱེད་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་ དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་སེམས་གཡེངས་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་ 20-1-101b དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཤེས་རབ་འཆལ་ པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པ་དང་། ཡང་དག་པར་བསྐུལ་བའི་ཕྱིར་ རོ། །ཀེའུ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བས། འཁོར་བ་ན་འཁོར་བར་གྱུར་པའི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་བཅིལ་ཏེ། སེམས་ཅན་དེ་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཚད་མྱེད་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་ རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་ པར་བསྐུལ་བའི་ཕྱིར་རོ། །ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྫུ་འཕྲུལ་ཀྱི་རྐང་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དབང་པོ་ལྔ་ལ་ཡང་དག་པར་བསྐུལ་ བའི་ཕྱིར་རོ། །སྟོབས་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་ བསྐུལ་བའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་ 20-1-102a འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཏིང་ངེ་འཛིན་ཐམས་ཅད་ལ་ཡང་དག་པར་ བསྐུལ་བའི་ཕྱིར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མྱི་འཇིག་པ་བཞི་ལ་ཡང་དག་ པར་བསྐུལ་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བྱམས་པ་ཆེན་པོ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ལ་ཡང་དག་པར་ བསྐུལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དགྲ་བཅོམ་པའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། ། རང་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཀེའུ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་ལ་ཡོན་ཏན་དེ་དག་འབྱུང་སྟེ། ཚེ་རབ་གཞན་ལ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་སྨོན་ལམ་གྱི་ཚུལ་བཞིན་དུ་རབ་ཏུ་བཀོད་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པར་ 20-1-102b འགྱུར་ཏེ། ཀེའུ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚེ་རབ་གཞན་ལ་འབྱུང་བའི་ཡོན་ཏན་དང་ལེགས་པ་དག་གོ། །ཀེའུ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡོད་པའི་ས་ཕྱོགས་དེར་བདུད་དམ། བདུད་ཀྱི་རིས་སུ་ གཏོགས་པའི་ལྷ་འམ། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འམ། གང་ཟག་ང་རྒྱལ་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྒལ་བ་འམ། བརྩད་པ་འམ། དགལ་བ་འམ། མྱེད་ པར་བྱ་བའི་ཕྱིར་རོ། །འོང་བར་མྱི་ནུས་ཏེ། དེའི་གོང་དུ་དེ་དག་ལ་ཡོན་ཏན་དང་ལེགས་པར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང་། བཟུང་བ་དང་བསྒོམ་པས། ཐེག་པ་གསུམ་གྱིས་ བྱུང་ནས། སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། རྩི་མ་གྷི་ཞེས་བྱ་བ། དུག་ཐམས་ཅད་ཞི་བར་བྱེད་པ་ཡོད་དེ། དེར་སྦྲུལ་ལམ། སྲོག་ཆགས་བཀྲེས་པས་མནར་ཅིང་ ཟས་ཚོལ་བ་ཞིག་གིས། སྲོག་ཆགས་ཀྱི་རིགས་ལ་ལ་མཐོང་བར་གྱུར་ཏེ། དེས་སྲོག་ཆགས་ཀྱི་རིགས་དེ་བཟའ་བའི་ཕྱིར། དེས་རྗེས་སུ་འབྲང་སྟེ། བསྙགས་པར་གྱུར་ན། དེ་ནས་སྲོག་ཆགས་ཀྱི་རིགས་དེ་ འཆི་བས་འཇིགས་ཤིང་སྐྲག་སྟེ། རྩི་མ་གྷི་གང་ན་ཡོད་པ་དེར་སོང་ན། དེ་ནས་སྦྲུལ་དེ་རྩི་དེའི་དྲི་ཚོར་བ་ཙམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ལྟར་སྦྲུལ་གྱི་གདུག་པ་ ཟིལ་གྱིས་གནོན་པ་དེ་ནི། རྩི་མ་གྷིའི་རྩིའི་ཡོན་ཏན་ཏེ། ཀེའུ་ཤི་ཀ་རྩི་མ་གྷི་པ་དེ་ནི་དེ་ལྟ་བུའི་མཐུ་དང་ལྡན་ནོ། །ཀེའུ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ 20-1-103a ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ནི། ཀེའུ་ཤི་ཀ་རྒོལ་བ་དང་། རྩོད་པ་དང་། འགལ་བར་བྱེད་པ་གང་ དང་གང་བྱུང་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟི་བརྗིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་དེ་དག་ཉེ་བར་ཞི་བ་དང་མྱེད་པར་འགྱུར་ཏེ། གང་དང་གང་ནས་བྱུང་བ་དེ་ དང་དེ་ཉིད་དུ་མྱེད་པར་འགྱུར་ཏེ། རྣམ་པར་འཕེལ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྡིག་ཏོ་མྱི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་ བྱེད་པ་སྟེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡིག་ཏོ་མྱི་དགེ་བའི་ཆོས་གང་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ་འདོད་ཆགས་དང་། ཞེ་སྡང་ དང་། གཏི་མུག་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མ་རིག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་བྱེད་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱིང་དང་གཟུགས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་ བྱེད་པ་མ་ཡིན་ནོ། །སྐྱེ་མཆེད་དྲུག་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རེག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བ་ཉེ་བར་ཞི་བར་བྱེད་ དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲེད་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལེན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲིད་པ་ 20-1-103b ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྐྱེ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྒ་ཤི་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱ་ ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་ གི་བར་དུ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བར་དུ་གཅོད་པ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྒྲིབ་པ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བག་ལ་ཉལ་བ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀུན་ནས་སྡང་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ ཡིན་ནོ། །བདག་ཏུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སེམས་ཅན་དུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲོག་ཏུ་ལྟ་བ་ཉེ་བར་ ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འགྲོ་བར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གསོའ་བར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་ བྱེད་པ་མ་ཡིན་ནོ། །སྐྱེས་བུར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེད་ཅན་དུ་ ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེད་བདག་ཏུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱེད་པ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། 20-1-104a རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེས་པ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མཐོང་ བ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆད་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྟག་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །ཡོད་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱེད་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལྟ་བའི་རྣམ་པ་ཐམས་ ཅད་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སེར་སྣ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚུལ་ཁྲིམས་ངན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །གནོད་སེམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལེ་ལོ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཁྲུག་པ་ ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེས་རབ་འཆལ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྟག་པར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བདེ་བར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བདག་ཏུ་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམས་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡུག་པར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲེད་པས་ 20-1-104b སྲེད་པའི་རྣམ་པར་སྤྱོད་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གཟུགས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་ཤེས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་བྱེད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་ པ་མ་ཡིན་ནོ། །རྣམ་པར་ཤེས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་ བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྟོང་པ་ 20-1-105a ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། དོན་དམ་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། འདུས་མ་བྱས་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་ པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་ དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པར་ 20-1-105b འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཡག་དག་པར་སྤོང་བར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པར་འཛིན་ པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དབང་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྟོབས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་ཏུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་འཛིན་པ་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཕགས་པའི་བདེན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བསམ་གཏན་དུ་འཛིན་པ་ཉེ་བར་ཞི་བར་ བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚད་མྱེད་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པར་འཛིན་པ་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཐར་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་འཛིན་པ་ཉེ་བར་ཞི་བར་ བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མངོན་པར་ཤེས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཏིང་ངེ་འཛིན་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། 20-1-106a རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གཟུངས་ཀྱི་སྒོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །མྱི་འཇིག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིགས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱམས་པ་ ཆེན་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྙིང་རྗེ་ཆེན་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་འཛིན་པ་ཉེ་བར་ཞི་བར་ བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་ མ་ཡིན་ནོ། །ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྡིག་ཏོ། མྱི་དགེ་བའི་ཆོས་དེ་དག་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀེའུ་ཤི་ཀ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མྱི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཀུན་སྣང་དང་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། 20-1-106b ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་མཛད་དེ། དེ་ནི་མྱི་དགེ་བའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་དགེ་བའི་ཆོས་རྣམས་རྣམ་པར་འཕེལ་པར་འགྱུར་ཏེ། འདི་ལྟར་མྱི་དམྱིགས་པའི་ ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། ། མྱི་དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་ པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་ 20-1-107a འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་ པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་ མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་ པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་ དམྱིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་ འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རང་ བཞིན་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་ 20-1-107b གྱི་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་ གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་ གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་ པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་ གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པས་རྣམ་པར་ 20-1-108a འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་ པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཚད་ མྱེད་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་ པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་ པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཀྱིས་རྣམ་པར་ འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། ། 20-1-108b མྱི་དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་ རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སྙིང་ རྗེ་ཆེན་པོས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དེའི་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཚིག་རན་པ་དང་ལྡན་པར་འགྱུར་རོ། །ཚིག་འཆལ་བ་མྱེད་པ་དང་ལྡན་པར་ འགྱུར་རོ། །ཁྲོ་བའི་ཟིལ་ཀྱིས་ནོན་པ་མྱེད་པར་འགྱུར་རོ། །ང་རྒྱལ་གྱི་ཟིལ་ཀྱིས་ནོན་པ་མྱེད་པར་འགྱུར་རོ། །སེར་སྣ་ཅན་དུ་མྱི་འགྱུར་རོ། །ཕྲག་དོག་ཅན་དུ་མྱི་འགྱུར་རོ། །བདག་ཀྱང་སྲོག་ 20-1-109a གཅོད་པ་སྤངས་བར་འགྱུར། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་སྲོག་ གཅོད་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མ་བྱིན་པར་ལེན་པ་སྤངས་བར་འགྱུར། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་ སྐུལ་བར་འགྱུར། མྱ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་མ་བྱིན་པར་ལེན་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདོད་ པས་ལོག་པར་གཡེམ་བ་སྤངས་བར་འགྱུར། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་ པར་འགྱུར། གཞན་གྱིས་འདོད་པས་ལོག་པར་གཡེམ་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བརྫུན་དུ་སྨྲ་བ་སྤངས་བར་འགྱུར། གཞན་ཡང་ བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་བརྫུན་དུ་སྨྲ་བ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་ དགའ་བར་འགྱུར་རོ། །བདག་ཀྱང་ཕྲ་མ་སྤངས་བར་འགྱུར། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཕྲ་མ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཕྲ་མ་ སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཞེ་བཅོད་པ་སྤངས་བར་འགྱུར། གཞན་ཡང་ཞེ་བཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་ 20-1-109b འགྱུར་ཞེ་བཅོད་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཞེ་གཅོད་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཚིག་ཀྱལ་པ་སྤངས་བར་འགྱུར། གཞན་ཡང་ཚིག་ རྐྱལ་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཚིག་ཀྱལ་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཚིག་ཀྱལ་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ ཀྱང་ཆགས་སེམས་སྤངས་བར་འགྱུར། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཆགས་སེམས་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཆགས་སེམས་ སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གནོད་སེམས་སྤངས་བར་འགྱུར། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། གནོད་ སེམས་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་གནོད་སེམས་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ལོག་པར་ལྟ་བ་སྤངས་བར་འགྱུར། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ལོག་པར་ལྟ་བ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་ པ་རྗོད་པར་འགྱུར། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-110a པ་ལ་འཇུག་པར་འགྱུར། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ དག་པར་སྐུལ་བར་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་། རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ 20-1-110b ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནང་སྟོང་པ་ཉིད་ལ་བསྒོམ་པར་འགྱུར། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ནང་སྟོང་ པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ནང་སྟོང་པ་ཉིད་ལ་བསྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཕྱི་སྟོང་པ་ཉིད་ལ་བསྒོམ་པར་ འགྱུར། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཕྱི་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཕྱི་སྟོང་པ་ཉིད་ལ་བསྒོམ་ན་ཡང་། དེ་དག་གི་ལེགས་ པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཕྱི་ནང་སྟོང་པ་ཉིད་ལ་བསྒོམ་པར་འགྱུར། གཞན་ཡང་ཕྱི་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཕྱི་ནང་སྟོང་པ་ཉིད་ ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཕྱི་ནང་སྟོང་པ་ཉིད་ལ་བསྒོམ་ན་ཡང་། དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ལ་ བསྒོམ་པར་འགྱུར། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་སྟོང་ པ་ཉིད་སྟོང་པ་ཉིད་ལ་བསྒོམ་ན་ཡང་། དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆེན་པོ་སྟོང་པ་ཉིད་ལ་བསྒོམ་པར་འགྱུར། གཞན་ཡང་ཆེན་ པོ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཆེན་པོ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཆེན་པོ་སྟོང་པ་ཉིད་ལ་བསྒོམ་ན་ཡང་། དེ་དག་གི་ལེགས་པ་རྗོད་ 20-1-111a ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དོན་དམ་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དོན་དམ་པ་སྟོང་པ་ཉིད་ཀྱི་ ལེགས་པ་རྗོད་པར་འགྱུར། གཞན་དོན་དམ་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུས་བྱས་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ ཡང་འདུས་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། འདུས་བྱས་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་འདུས་བྱས་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུས་མ་བྱས་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། འདུས་མ་བྱས་སྟོང་པ་ཉིད་ཀྱི་ལེགས་པ་ རྗོད་པར་འགྱུར། གཞན་འདུས་མ་བྱས་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་ དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་ སྐུལ་བར་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ 20-1-111b འགྱུར་རོ། །བདག་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དོར་བ་ མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རང་བཞིན་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་རང་བཞིན་སྟོང་པ་ཉིད་ལ་ཡང་དག་པར་ སྐུལ་བར་འགྱུར། རང་བཞིན་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རང་བཞིན་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆོས་ཐམས་ཅད་ སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཆོས་ཐམས་ཅད་སྟོང་པ་ཉིད་ ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་ འགྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མྱི་དམྱིགས་ པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་མྱི་དམྱིགས་པ་སྟོང་པ་ཉིད་ལ་ སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་ 20-1-112a འགྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ངོ་བོ་ ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་ན་ ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་ སྐུལ་བར་འགྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། བདག་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ཏིང་ངེ་འཛིན་ཐམས་ཅད་ལ་ སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ན་ཡང་དེ་དག་ གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གཟུངས་རྣམས་ཐོབ་པར་འགྱུར། གཞན་ཡང་གཟུངས་རྣམས་ཐོབ་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། གཟུངས་རྣམས་ཐོབ་པར་བྱེད་ པའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་གཟུངས་རྣམས་ཐོབ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་འགྱུར། 20-1-112b གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་དང་པོའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་གཉིས་པའི་ ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་གསུམ་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་བཞི་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བྱམས་པ་ལ་སྙོམས་ པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། བྱམས་པ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱམས་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་སྙིང་རྗེ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་སྙིང་རྗེ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། སྙིང་རྗེ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་སྙིང་ 20-1-113a རྗེ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དགའ་བ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་དགའ་བ་ལ་སྙོམས་པར་འཇུག་ པར་ཡང་དག་པར་སྐུལ་བར་འགྱུར། དགའ་བ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་དགའ་བ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་བཏང་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བཏང་སྙོམས་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། བཏང་སྙོམས་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ བཏང་སྙོམས་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ 20-1-113b ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ཆུང་ཟད་མྱེད་པའི་སྐྱེ་ མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་འདུ་ ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་དྲན་པ་ ཉེ་བར་གཞག་པ་སྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། དྲན་པ་ཉེ་བར་གཞག་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་དྲན་པ་ཉེ་བར་གཞག་པ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་ཡང་དག་པར་སྤོང་བ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་ཡང་དག་པར་སྤོང་བ་སྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཡང་དག་པར་སྤོང་བ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་ ཡང་དག་པར་སྤོང་བ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་ལ་ཡང་ དག་པར་སྐུལ་བར་འགྱུར། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་རྫུ་འཕྲུལ་གྱི་རྐང་པ་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དབང་ 20-1-114a པོ་ལྔ་ལ་སྒོམ་པར་འགྱུར་གཞན་ཡང་དབང་པོ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། དབང་པོ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་དབང་པོ་རྣམས་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་ སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོབས་ལྔ་ལ་སྒོམ་པར་འགྱུར། གཞན་ཡང་སྟོབས་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། སྟོབས་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་སྟོབས་རྣམས་ལ་སྒོམ་ ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྒོམ་པར་འགྱུར། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱང་ཆུབ་ཀྱི་ཡན་ལག་བསྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་སྒོམ་པར་འགྱུར། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ལེགས་པ་རྗོད་པ་འགྱུར། གཞན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ ལ་སྒོམ་པར་འགྱུར། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་བར་འགྱུར། སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་ འཛིན་གྱི་ལེགས་པ་རྗོད་པར་འགྱུར། གཞན་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པར་ 20-1-114b ཐར་པ་བརྒྱད་ལ་ལུགས་དང་འཐུན་པ་དང་། མྱི་འཐུན་པར་སྙོམས་པར་འཇུག་པར་འགྱུར། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པར་ཐར་པ་བརྒྱད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་འཐུན་པ་དང་། ལུགས་དང་མྱི་འཐུན་པར་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ དགུའི་ལེགས་པ་རྗོད་པར་འགྱུར། གཞན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གིས་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དེ་བཞིན་གཤེགས་ པའི་སྟོབས་བཅུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བར་འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་རྗོད་པར་འགྱུར། གཞན་ དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མྱི་འཇིགས་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་མྱི་འཇིགས་པ་བཞི་ ལ་ཡང་དག་པར་སྐུལ་བར་འགྱུར། མྱི་འཇིགས་པ་བཞིའི་ལེགས་པ་རྗོད་པར་འགྱུར། གཞན་མྱི་འཇིགས་པ་བཞི་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སོ་སོ་ཡང་དག་པར་རིག་ པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒོམ་པར་ཡང་དག་པར་སྐུལ་བར་འགྱུར། སོ་སོ་ཡང་དག་པར་རིག་པ་བཞིའི་ལེགས་པ་རྗོད་པར་འགྱུར། གཞན་སོ་སོ་ཡང་དག་པར་རིག་བཞི་ལ་ 20-1-115a སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པར་ཡང་དག་ པར་སྐུལ་བར་འགྱུར། བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པར་འགྱུར་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་ རོ། །བདག་ཀྱང་སྙིང་རྗེ་ཆེན་པོ་ལ་སྒོམ་པར་འགྱུར། གཞན་ཡང་སྙིང་རྗེ་ཆེན་པོ་སྒོམ་པར་ཡང་དག་པར་སྐུལ་བར་འགྱུར། སྙིང་རྗེ་ཆེན་པོ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་སྙིང་རྗེ་ཆེན་པོ་ལ་སྒོམ་ན་ཡང་ དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་པར་འགྱུར། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒྲུབ་པ་ལ་ཡང་དག་ པར་སྐུལ་བར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒྲུབ་པའི་ལེགས་པ་རྗོད་པར་འགྱུར། གཞན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་འགྱུར་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་ཡོངས་སུ་མྱི་ཉམ་པའི་ཆོས་ཅན་དུ་འགྱུར། གཞན་ཡང་ཡོངས་སུ་མྱི་ཉམ་པའི་ཆོས་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཡོངས་སུ་མྱི་ཉམ་པའི་ཆོས་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཡོངས་སུ་མྱི་ཉམ་པའི་ཆོས་ཅན་དུ་གྱུར་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྟག་ཏུ་བཏང་སྙོམས་ལ་གནས་པར་འགྱུར། གཞན་ཡང་རྟག་ཏུ་བཏང་སྙོམས་ལ་གནས་ པར་ཡང་དག་པར་སྐུལ་བར་འགྱུར། བཏང་སྙོམས་ལ་རྟག་ཏུ་གནས་པའི་ལེགས་པ་རྗོད་པར་འགྱུར། གཞན་བཏང་སྙོམས་ལ་རྟག་ཏུ་གནས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། 20-1-115b བདག་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། གཞན་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་སེམས་ཅན་ཐམས་ཅད་དང་ཐུན་ མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །ཚུལ་ཁྲིམས་སྲུང་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་ དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །བཟོད་པ་སྒོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །བརྩོན་འགྲུས་རྩོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས། བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །བསམ་གཏན་ལ་སྙོམས་པར་འཇུག་ཀྱང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་ 20-1-116a པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །ཤེས་རབ་སྒོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བདག་གིས་སྦྱིན་པ་མ་བཏང་ན། ངན་སོང་གི་རྒྱུད་དུ་སྐྱེ་བར་འགྱུར་ཏེ། བདག་གིས་ སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་བདག་གིས་ཚུལ་ཁྲིམས་མ་བསྲུངས་ན། ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཏེ། མྱིའི་ལུས་ཐོབ་པར་ཡང་མྱི་འགྱུར། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་བདག་གིས་བཟོད་པ་མ་སྒོམས་ན་བདག་གི་དབང་པོ་རྣམས་ཀྱང་ཉམས་པར་འགྱུར། བདག་གི་བཞིན་གྱི་དཀྱིལ་འཁོར་ཡང་གཟི་མྱེད་པར་འགྱུར། གཟུགས་ཕུན་སུམ་ཚོགས་པར་ཡང་ འཐོབ་པར་མྱི་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མཐོང་མ་ཐག་དུ་སེམས་ཅན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མྱི་ཟ་ བར་འགྱུར་བ་དེ་ལྟ་བུ་འདི་མྱེད་པར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་ལེ་ལོར་གྱུར་ན། བདག་གིས་བྱང་ཆུབ་ཀྱི་ལམ་ཐོབ་པར་ཡང་མྱི་ནུས། སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་ 20-1-116b འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་སེམས་འཁྲུག་པར་གྱུར་ན། བདག་གིས་ཏིང་ངེ་འཛིན་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་ པར་མྱི་ནུས། བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་ཤེས་རབ་འཆལ་པར་གྱུར་ན། བདག་གིས་ཤེས་རབ་དང་ ཐབས་མཁས་པས་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་བཟླས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་ བར་ཡང་མྱི་ནུས་སོ་ཞེས་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་བདག་གིས་སེར་སྣའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །ཚུལ་ཁྲིམས་ངན་པའི་དབང་གིས་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །གནོད་སེམས་ཀྱི་དབང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །ལེ་ལོའི་ དབང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །འཁྲུག་པའི་དབང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། ། ཤེས་རབ་འཆལ་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་བྱས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་ 20-1-117a འགྱུར་རོ་ཞེས་བྱ་བར་དྲན་པ་སྐྱེ་བར་འགྱུར་ཏེ། ཀེའུ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་ བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མྱི་འབྲལ་བ་དེ་དག་གི་ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་འཐོབ་པར་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀེའུ་ཤི་ཀ་དེ་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མྱེད་པའི་དོན་དུ་ཉེ་བར་གནས་པ་ཡིན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་ རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བ་བགྱིད་ཅིང་འདི་སྙམ་དུ་འདི་ལྟར་བདག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། ཕོངས་པ་དང་། ཉམ་ཐག་དང་། འདྲོན་པོ་ དང་། སློང་བ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་སྙམ་དུ་སེམས་ན། དེ་ཐབས་མྱི་མཁས་པའི་སྦྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ 20-1-117b པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་ རོ། །འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་མོ་སྙམ་ན་ཡང་དེ་ཐབས་མྱི་མཁས་པའི་སླད་དུ། འཇིག་ རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །དྲན་པ་ཉེ་བར་བཞག་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ ང་རྒྱལ་དུ་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཡང་དག་པར་སྤོང་བ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་ རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དབང་པོ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་དབང་པོ་ རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །སྟོབས་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་སྟོབས་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་ 20-1-118a པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་ པས་ང་རྒྱལ་དུ་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། ། འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་འཕགས་པའི་བདེན་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །བསམ་གཏན་རྣམས་སྒོམ་ པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བསམ་གཏན་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །ཚད་མྱེད་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཚད་མྱེད་ པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །རྣམ་པར་ཐར་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྣམ་པར་ཐར་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་ བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ 20-1-118b པ་དང་། སྨོན་པ་མྱེད་པ་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་མངོན་པར་ཤེས་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་ བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཏིང་ངེ་འཛིན་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། ། དེ་འདི་སྙམ་དུ་འདི་ལྟར་བདག་གིས་གཟུངས་ཀྱི་སྒོ་ཐམས་ཅད་ཐོབ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་ བཅུ་བསྒོམ་པར་བྱའོ་སྙམ་ན་ཡང་དེ་དག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་མྱི་འཇིགས་པ་བཞི་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་ པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། ། དེ་འདི་སྙམ་དུ་འདི་ལྟར་བདག་གིས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་ གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་སྙམ་ན་ཡང་དེ་ 20-1-119a བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །དེ་འདི་སྙམ་དུ་འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་ པས་ང་རྒྱལ་དུ་འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་སྤྱོད་པའི་ཚེ། བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་ཏེ། དེ་ལ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་སླད་དུ། སྦྱིན་པ་ཡང་མྱི་དམྱིགས། གཏོང་བ་ཡང་མྱི་དམྱིགས། ལེན་པ་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་སླད་དུ། ཚུལ་ཁྲིམས་ཀྱང་མྱི་དམྱིགས། ཚུལ་ཁྲིམས་དང་ལྡན་པ་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་ སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། བཟོད་པ་ཡང་མྱི་དམྱིགས། 20-1-119b བཟོད་པ་དང་ལྡན་པ་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་ བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། བརྩོན་འགྲུས་སུ་ཡང་མྱི་དམྱིགས། བརྩོན་འགྲུས་དང་ལྡན་པར་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། བསམ་གཏན་ཡང་མྱི་དམྱིགས། བསམ་གཏན་དང་ལྡན་པར་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། ཤེས་རབ་ཏུ་ཡང་མྱི་དམྱིགས། ཤེས་རབ་དང་ལྡན་པར་ཡང་མྱི་ དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་ 20-1-120a མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་ཡང་དག་པར་སྤོང་བ་རྣམས་ སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་ པ་མ་མཆིས། དེ་དབང་པོ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་སྟོབས་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་འཕགས་པའི་ལམ་ཡན་ལག་ བརྒྱད་པ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་སླད་དུ་དམྱིགས་པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཕགས་པའི་བདེན་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་བསམ་གཏན་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་ཚད་མྱེད་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་ པ་མ་མཆིས། དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་རྣམ་པར་ཐར་པ་རྣམས་སྒོམ་ཡང་ 20-1-120b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་ དམྱིགས་པ་མ་མཆིས། དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་མངོན་པར་ཤེས་པ་ རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་ཏིང་ངེ་འཛིན་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་ མཆིས། དེ་གཟུངས་ཀྱི་སྒོ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས་ཏེ་བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་མྱི་འཇིགས་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་ དུ་དམྱིགས་པ་མ་མཆིས། དེ་བྱམས་པ་ཆེན་པོ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་སྙིང་རྗེ་ཆེན་པོ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་ དུ་དམྱིགས་པ་མ་མཆིས། དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། 20-1-121a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་ཐམས་ཅད་ཤེས་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་ དམྱིགས་པ་མ་མཆིས། དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཤིན་ཏུ་བསྒོམས་པའི་སླད་དུ་དམྱིགས་པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅྭོ་བརྒྱད་དོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཁ་དོན་དུ་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞིག་འཐབ་པའི་ནང་ན་འདུག་ཅིང་གཡུལ་ངོར་ཆས་པའི་ཚེ། དེར་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཐོན་དུ་བྱས་ནས་སོང་སྟེ་འདུག་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་འཕམ་པར་མྱི་འགྱུར་ཏེ། གདོན་མྱི་ཟ་བར་རྒྱལ་བར་འགྱུར་རོ། །རྒྱལ་ནས་མ་སྨས་མ་ཉམས་པར་ཐབ་མོ་དེ་ལས་ འཐརད་པར་འགྱུར་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཐོན་དུ་བྱེད་ཅིང་། གཡུལ་དེར་སོང་སོང་བ་ལས་སྲོག་གི་བར་ཆད་དུ་འགྱུར་བ་ནི་མྱི་སྲིད་དེ། གནས་མྱེད་སྐབས་མྱེད་དོ། །གལ་ཏེ་ལུས་ ལ་ལ་ལ་ཞིག་གིས་མདའ་འཕངས་སམ། མཚོན་གྱིས་བཏབ་ན་ལུས་ལ་ཕོག་ཅིང་འཛུག་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-121b པ་འདི་ཉིད་ལ་བརྟེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒོམས་ཏེ། བདག་གི་འདོད་ཆགས་ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་འང་བཅོམ། གཞན་གྱི་འདོད་ཆགས་ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་འང་བཅོམ། བདག་གི་ཞེ་སྡང་གི་ མཚོན་དང་། ཞེ་སྡང་གི་མདའ་འང་བཅོམ། གཞན་གྱི་ཞེ་སྡང་གི་མཚོན་དང་། ཞེ་སྡང་གི་མདའ་འང་བཅོམ། བདག་གི་གཏི་མུག་གི་མཚོན་དང་། གཏི་མུག་གྱི་མདའ་འང་བཅོམ། གཞན་གྱི་གཏི་མུག་གི་མཚོན་དང་། གཏི་མུག་གྱི་མདའ་འང་ བཅོམ། བདག་གི་ལྟ་བའི་རྣམ་པའི་མཚོན་དང་། མདའ་ཡང་བཅོམ། གཞན་གྱི་ལྟ་བའི་རྣམ་པའི་མཚོན་དང་། མདའ་ཡང་བཅོམ། བདག་གིས་ཀུན་ནས་ལྡང་བའི་མཚོན་དང་། མདའ་ཡང་བཅོམ། གཞན་གྱི་ཀུན་ནས་ལྡང་བའི་མཚོན་དང་མདའ་ཡང་བཅོམ། བདག་གི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ། གཞན་གྱི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ་པའི་ཕྱིར་ཏེ། ཀེའུ་ཤི་ཀ་རྣམ་གྲངས་དེས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཡུལ་དུ་ཕྱིན་པའི་ཚེ། ལུས་ལ་མཚོན་ཏམ་མདས་ ཕོག་ཅིང་ཟུག་པར་མྱི་འགྱུར་རོ། །ཀེའུ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། ཐམས་ཅད་ མཁྱེན་པའི་སེམས་དང་ཡང་མྱི་འབྲལ་ན། དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་ཏམ། བྱད་བྱས་སམ། མྱེའི་འོབས་སུ་བརྔོད་དམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མྱི་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིགས་སྔགས་ཆེན་མོའོ། །ཀེའུ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིགས་སྔགས་བླ་ན་མྱེད་པའོ། །ཀེའུ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་རིགས་སྔགས་གོང་ན་མྱེད་པ་སྟེ། རིགས་སྔགས་འདི་ལ་སློབ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་བདག་ལ་ཡང་གནོད་པར་མྱི་བྱེད། གཞན་ལ་ཡང་གནོད་པར་མྱི་བྱེད། གཉིས་ཀ་ལ་ཡང་གནོད་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། 20-1-122a འདི་ལྟར་དེ་འདི་ལ་སློབས་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། སྲོག་མྱི་དམྱིགས། འགྲོ་བ་མྱི་དམྱིགས། གསོའ་བ་མྱི་དམྱིགས། སྐྱེས་བུ་མྱི་དམྱིགས། གང་ཟག་མྱི་ དམྱིགས། ཤེད་ཅན་མྱི་དམྱིགས། ཤེས་བདག་མྱི་དམྱིགས། བྱེད་པ་པོ་མྱི་དམྱིགས། ཚོར་བ་པོ་མྱི་དམྱིགས། ཤེས་པ་པོ་མྱི་དམྱིགས། མཐོང་བ་པོ་མྱི་དམྱིགས། གཟུགས་མྱི་དམྱིགས། ཚོར་བ་མྱི་དམྱིགས། འདུ་ཤེས་མྱི་དམྱིགས། འདུ་བྱེད་མྱི་དམྱིགས། རྣམ་པར་ཤེས་པ་མྱི་དམྱིགས། མྱིག་མྱི་དམྱིགས། རྣ་བ་མྱི་དམྱིགས། སྣ་མྱི་དམྱིགས། ལྕེ་མྱི་དམྱིགས། ལུས་མྱི་དམྱིགས། ཡིད་མྱི་དམྱིགས་ སོ། །གཟུགས་མྱི་དམྱིགས། སྒྲ་མྱི་དམྱིགས། དྲི་མྱི་དམྱིགས། རོ་མྱི་དམྱིགས། རེག་མྱི་དམྱིགས། ཆོས་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས། རྣ་བའི་རྣམ་པར་ཤེས་པ་མྱི་ དམྱིགས། སྣའི་རྣམ་པར་ཤེས་པ་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས། ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས། རྣ་བའི་འདུས་ཏེ་རེགས་པ་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་ དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །སའི་ཁམས་མྱི་དམྱིགས། ཆུའི་ཁམས་མྱི་དམྱིགས། མྱེའི་ཁམས་མྱི་ 20-1-122b དམྱིགས། རླུང་གི་ཁམས་མྱི་དམྱིགས། ནམ་མཁའི་ཁམས་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་སོ། །མ་རིག་པ་མྱི་དམྱིགས། འདུ་བྱེད་མྱི་དམྱིགས། རྣམ་པར་ཤེས་པ་མྱི་དམྱིགས། མྱིང་དང་གཟུགས་མྱི་ དམྱིགས། སྐྱེ་མཆེད་དྲུག་མྱི་དམྱིགས། རེག་པ་མྱི་དམྱིགས། ཚོར་བ་མྱི་དམྱིགས། སྲེད་པ་མྱི་དམྱིགས། ལེན་པ་མྱི་དམྱིགས། སྲིད་པ་མྱི་དམྱིགས། སྐྱེ་བ་མྱི་དམྱིགས། རྒ་ཤི་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་མྱི་དམྱིགས། ཕྱི་སྟོང་པ་ཉིད་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་མྱི་ དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས། ཡང་དག་ པར་སྤོང་བ་རྣམས་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས། དབང་པོ་རྣམས་མྱི་དམྱིགས། སྟོབས་རྣམས་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས། འཕགས་པའི་ལམ་ 20-1-123a ཡན་ལག་བརྒྱད་པ་མྱི་དམྱིགས། འཕགས་པའི་བདེན་པ་རྣམས་མྱི་དམྱིགས། བསམ་གཏན་རྣམས་མྱི་དམྱིགས། ཚད་མྱེད་པ་རྣམས་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ རྣམས་མྱི་དམྱིགས། རྣམ་པར་ཐར་པ་རྣམས་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་ དམྱིགས། མངོན་པར་ཤེས་པ་རྣམས་མྱི་དམྱིགས། ཏིང་ངེ་འཛིན་རྣམས་མྱི་དམྱིགས། གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས། མྱི་འཇིགས་པ་རྣམས་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས། བྱམས་པ་ཆེན་པོ་མྱི་དམྱིགས། སྙིང་རྗེ་ཆེན་པོ་མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས། དགྲ་བཅོམ་པ་ཉིད་མྱི་དམྱིགས། རང་བྱང་ཆུབ་མྱི་དམྱིགས། ཐམས་ཅད་ཤེས་པ་ཉིད་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་སོ། །དེ་ལྟར་མྱི་དམྱིགས་པས་ན། བདག་ལ་ཡང་གནོད་པར་མྱི་བྱེད་། གཞན་ལ་ཡང་གནོད་པར་མྱི་བྱེད། གཉིས་ཀ་ལ་ཡང་གནོད་པར་མྱི་བྱེད་དེ། དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། རིག་སྔགས་འདི་ཉིད་ལ་སླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་མ་བྱོན་པའི་དེ་བཞིན་ 20-1-123b གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་རོ། །གང་ད་ལྟར་བྱུང་བའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་པས། བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀེའུ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་མ་བྱས། ཁ་ཐོན་མ་བྱས། ཀླག་པ་དང་། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ཀྱང་། གང་ལ་བྲིས་ཤིང་། འཆང་བའི་ཁྱིམ་འམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་དེར་མྱི་འམ། མྱི་མ་ཡིན་པ་ཀླགས་ལྟ་བས་གླགས་རྙེད་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་བཅུ་རྩ་གསུམ་གྱི་ལྷའི་བུ་དང་། མཚེ་མའི་ལྷའི་ བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་ཀྱི་ལྷའི་བུ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷའི་བུ་དང་། ཚངས་པ་ཀུན་འཁོར་གྱི་ལྷའི་བུ་དང་། ཚངས་ཆེན་གྱི་ལྷའི་བུ་དང་། སྣང་བའི་ལྷའི་བུ་དང་། ཆུང་སྣང་གི་ལྷའི་བུ་དང་། ཚད་མྱེད་སྣང་བའི་ལྷའི་བུ་དང་། ཀུན་སྣང་དང་བའི་ལྷའི་བུ་དང་། དགེ་བའི་ལྷའི་བུ་དང་། ཆུང་དགེའི་ལྷའི་བུ་དང་། ཚད་མྱེད་དགེ་བའི་ ལྷའི་བུ་དང་། དགེ་རྒྱས་ཀྱི་ལྷའི་བུ་དང་། ཆེ་བའི་ལྷའི་བུ་དང་། ཆུང་ཆེའི་ལྷའི་བུ་དང་། ཚད་མྱེད་ཆེ་བའི་ལྷའི་བུ་དང་། འབྲས་བུ་ཆེ་བའི་ལྷའི་བུ་དང་། མྱི་ཆེ་བའི་ལྷའི་བུ་དང་། མྱི་གདུང་བའི་ལྷའི་བུ་དང་། 20-1-124a ཤིན་ཏུ་མཐོང་བའི་ལྷའི་བུ་དང་། གྱ་ནོམ་སྣང་བའི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བུ་དག་དང་། འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་བཅུ་རྩ་ གསུམ་གྱི་ལྷའི་བུ་དང་། མཚེ་མའི་ལྷའི་བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་ཀྱི་ལྷའི་བུ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷའི་བུ་དང་། ཚངས་པ་ཀུན་འཁོར་གྱི་ལྷའི་བུ་དང་། ཚངས་ཆེན་གྱི་ལྷའི་བུ་དང་། སྣང་བའི་ལྷའི་བུ་དང་། ཆུང་སྣང་གི་ལྷའི་བུ་དང་། ཚད་མྱེད་སྣང་བའི་ལྷའི་བུ་དང་། ཀུན་སྣང་དང་བའི་ལྷའི་བུ་དང་། དགེ་བའི་ལྷའི་བུ་དང་། ཆུང་ དགེའི་ལྷའི་བུ་དང་། ཚད་མྱེད་དགེའ་བའི་ལྷའི་བུ་དང་། དགེ་རྒྱས་ཀྱི་ལྷའི་བུ་དང་། ཆེ་བའི་ལྷའི་བུ་དང་། ཆུང་ཆེའི་ལྷའི་བུ་དང་། ཚད་མྱེད་ཆེ་བའི་ལྷའི་བུ་དང་། འབྲས་བུ་ཆེ་བའི་ལྷའི་བུ་དང་། མྱི་ཆེ་བའི་ལྷའི་བུ་དང་། མྱི་གདུང་བའི་ལྷའི་བུ་དང་། ཤིན་ཏུ་མཐོང་བའི་ལྷའི་བུ་དང་། གྱ་ནོམ་སྣང་བའི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་བྲིས་ཤིང་བཅངས་པ་དེ་དག་ལ་རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དེ། ལྷའི་བུ་དེ་དག་འོངས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོ་དང་། བཀུར་སྟི་ དང་། ཕུ་དུད་དང་། མཆོད་པ་བྱས་ཤིང་འདོང་བར་འགྱུར་ཏེ། ཀེའུ་ཤི་ཀ་དེ་ལྟར་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བཅངས་ན། དེ་ལ་ཡང་ཚེ་འདིའི་ཡོན་ཏན་དང་ལེགས་པ་དེ་དག་ཡོད་པར་འགྱུར་ རོ། །ཀེའུ་ཤི་ཀ་འདི་ལྟ་སྟེ། དཔེར་ན། སྙིང་པོ་བྱང་ཆུབ་པ་འམ། སྙིང་པོ་བྱང་ཆུབ་ཀྱི་འཁོར་ཏམ། སྙིང་པོ་བྱང་ཆུབ་ཀྱི་ནང་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སམ་མྱིར་གྱུར་པ་གང་སུ་འདུག་ 20-1-124b ཀྱང་རུང་སྟེ། དེ་དག་ལ་མྱི་འམ། མྱི་མ་ཡིན་པས་གཙེ་བ་འམ། འཐོ་འཚམས་པར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ ཀྱང་དེ་ལ་བཞུགས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དེ་དག་ཀྱང་དེ་ཉིད་དུ་བཞུགས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་ཀྱང་དེ་ཉིད་ལ་བཞུགས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ ཅན་ཐམས་ཅད་འཇིགས་པ་མྱེད་པ་དང་། ཁོན་མྱེད་པ་དང་གཅུགས་མྱེད་པར་ནན་ཏན་མཛད་ནས། སེམས་ཅན་ཚད་མྱེད་གྲངས་མྱེད་པ་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་ལ་བཀོད་པར་གྱུར་ཏོ། །བཀོད་དོ་ དགོད་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །བཀོད་དོ་དགོད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །བཀོད་དོ་དགོད་པར་འགྱུར་ རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །བཀོད་དོ་དགོད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ལ་བཀོད་པར་གྱུར་ཏོ། །བཀོད་དོ་དགོད་པར་འགྱུར་རོ། །རང་བྱང་ཆུབ་ལ་བཀོད་པར་ 20-1-125a གྱུར་ཏོ། །བཀོད་དོ་དགོད་པར་གྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། །བཀོད་དོ་དགོད་པར་འགྱུར་རོ། །ཀེའུ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པས། མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ མང་པོས་ཕྱག་བྱ་བ་དང་། འདུད་པ་དང་། ཕུ་དུད་དུ་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ། བཅངས་ལ་དེ་ལ་མེ་ཏོག་དང་། ཕྲེང་བ་ དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་དང་། གང་ལ་ལས་ཡང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་ཏུ་བསྩལ་ ཏེ། མཆོད་དམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བསྩལ་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་ པོས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་ན། དེ་གཉིས་ལས་གང་གི་བསོད་ནམས་ཀྱི་ཕུང་པོ་མང་དུ་འཕེལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ན་དེ་ 20-1-125b ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལུང་སྟོན་ཅིག །ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བརྙེས་པ་དང་། སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་དེ་ལམ་གང་ལ་བསླབས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ། སྐུ་འདི་ལྟ་བུ་ མངོན་པར་གྲུབ་པར་གྱུར། བརྒྱ་བྱིན་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ། སྐུ་འདི་ལྟ་བུ་ཡང་མངོན་པར་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །སྐུ་འདི་འདྲ་བ་ཡང་མངོན་པར་གྲུབ་བོ། །ཀེའུ་ཤི་ཀ་ངའི་སྐུ་འདི་བརྙེས་པས་ན། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་ཡང་མྱི་འགྲོ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་བརྙེས་པས་དེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ཀེའུ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ངོ་། །ཀེའུ་ཤི་ཀ་དེ་ལྟར་ལུས་ འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཞི་སྟེ། གཞི་དེ་ལ་རྟེན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། ། དེ་ལྟ་བས་ན་སྐུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེའི་གཞིར་གྱུར་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་ཅིང་ཕྱག་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་གྲོར་བྱ་ 20-1-126a བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏེ། ཀེའུ་ཤི་ཀ་ང་ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་མཆོད་པ་ཡང་སྐུ་ལ་མཆོད་པ་ཉིད་དུ་འགྱུར་གྱི། ཆོས་ལ་ཤིན་ཏུ་མཆོད་པར་མྱི་འགྱུར་རོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། འཛིན་ཅིང་འཆང་བ་དང་། གློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་དང་། བསྐུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་ འགྱུར་རོ། །ཀེའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྲིས་ཏེ། གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། ། ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །མེ་ཏོག་དང་། འཕྲེང་བ་དང་། བྱུག་པ་དང་། སྤོས་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ། །བཀུར་བསྟིར་ བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །ཀེའུ་ཤི་ཀ་གང་ལ་ལས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་ བླུགས་ཤིང་གཅེས་པར་བྱས་ཏེ། དེ་ལ་མེ་ཏོག་དང་འཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། གཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། མེ་ཏོག་དང་། ཕྲེང་བ་ 20-1-126b དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་བསྟི་དང་། ཕུ་དུད་དང་། མཆོད་པ་བྱས་ན་འདི་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། ། ཀེའུ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་འདི་ལས་བྱུང་ངོ་། །ནང་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ཕྱི་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ཕྱི་ནང་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ཆེན་པོ་སྟོང་པ་ ཉིད་ཀྱང་འདི་ལས་བྱུང་ངོ་། །དོན་དམ་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །འདུས་བྱས་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་འདི་ལས་ བྱུང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །རང་བཞིན་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །དྲན་པ་ཉེ་བར་གཞག་པ་བཞི་ཡང་འདི་ལས་བྱུང་ངོ་། །ཡང་དག་པར་སྤོང་བ་བཞི་ཡང་འདི་ལས་བྱུང་ངོ་། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་འདི་ལས་བྱུང་ངོ་། ། དབང་པོ་ལྔ་ཡང་འདི་ལས་བྱུང་ངོ་། །སྟོབས་ལྔ་ཡང་འདི་ལས་བྱུང་ངོ་། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་འདི་ལས་བྱུང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་འདི་ལས་བྱུང་ངོ་། །འཕགས་པའི་ བདེན་པ་བཞི་ཡང་འདི་ལས་བྱུང་ངོ་། །བསམ་གཏན་བཞི་ཡང་འདི་ལས་བྱུང་ངོ་། །ཚད་མྱེད་པ་བཞི་ཡང་འདི་ལས་བྱུང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་འདི་ལས་བྱུང་ངོ་། །རྣམ་ 20-1-127a པར་ཐར་པ་བརྒྱད་ཀྱང་འདི་ལས་བྱུང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་འདི་ལས་བྱུང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ འདི་ལས་བྱུང་ངོ་། །མངོན་པར་ཤེས་པ་ལྔ་ཡང་འདི་ལས་བྱུང་ངོ་། །ཏིང་ངེ་འཛིན་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་འདི་ ལས་བྱུང་ངོ་། །མྱི་འཇིགས་པ་བཞི་ཡང་འདི་ལས་བྱུང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་འདི་ལས་བྱུང་ངོ་། །བྱམས་པ་ཆེན་པོ་ཡང་འདི་ལས་བྱུང་ངོ་། །སྙིང་རྗེ་ཆེན་པོ་ཡང་འདི་ལས་བྱུང་ངོ་། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་འདི་ལས་བྱུང་ངོ་། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ཡང་འདི་ལས་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ་། །གཟུགས་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ་། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ་། །འཁོར་ཕུན་སུམ་ཚོགས་པ་ཡང་ འདི་ལས་བྱུང་ངོ་། །བྱམས་པ་ཆེན་པོ་ཡང་འདི་ལས་བྱུང་ངོ་། །སྙིང་རྗེ་ཆེན་པོ་ཡང་འདི་ལས་བྱུང་ངོ་། །རྒྱལ་རིགས་ཆེ་ཞིང་མཐོང་བ་ཡང་འདི་ལས་བྱུང་ངོ་། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ཡང་འདི་ལས་བྱུང་ངོ་། ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ཡང་འདི་ལས་བྱུང་ངོ་། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ་། །སུམ་བཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ་། །མཚེ་མའི་ལྷའི་བུ་རྣམས་ ཀྱང་འདི་ལས་བྱུང་ངོ་། །དགའ་ལྡན་གྱི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ་། །འཕྲུལ་དགའི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ་། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚངས་རིས་ 20-1-127b ཀྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚངས་ཆེན་གྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །སྣང་བའི་ལྷ་རྣམས་ཀྱང་ འདི་ལས་བྱུང་ངོ་། །ཆུང་སྣང་གི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚད་མྱེད་སྣང་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཀུན་སྣང་དང་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །དགེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། ། ཆུང་དགེའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཚད་མྱེད་དགེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཆེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཆུང་ཆེའི་ལྷ་རྣམས་ ཀྱང་འདི་ལས་བྱུང་ངོ་། །ཚད་མྱེད་ཆེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །མྱི་ཆེ་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །མྱི་གདུང་བའི་ལྷ་རྣམས་ཀྱང་འདི་ལས་ བྱུང་ངོ་། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །འོག་མྱིན་གྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །རྒྱུན་ཏུ་ཞུགས་པ་རྣམས་ཀྱང་འདི་ལས་བྱུང་ངོ་། ། ལན་ཅིག་ཕྱིར་འོང་བ་རྣམས་ཀྱང་འདི་ལས་བྱུང་ངོ་། །ཕྱིར་མྱི་འོང་བ་རྣམས་ཀྱང་འདི་ལས་བྱུང་ངོ་། །དགྲ་བཅོམ་པ་རྣམས་ཀྱང་འདི་ལས་བྱུང་ངོ་། །རང་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་ངོ་། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མྱི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-128a པ་འདི་ལ་རིམ་གྲོར་མྱི་བགྱིད་། བཀུར་སྟིར་མྱི་བགྱིད། ཕུ་དུད་དུ་མྱི་བགྱིད། མཆོད་པར་མྱི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་འཚལ་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུ་གླིང་གི་མྱི་དེ་དག་ལས་གང་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་ པ་དང་། གང་དགེ་འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མྱེད་པ་དང་། གང་ཆོས་ལ་ནེམ་ནུར་མྱེད་པ་དང་གང་དགེ་འདུན་ལ་ནེམ་ནུར་མྱེད་པ་དང་། གང་སངས་རྒྱས་ལ་ཤིན་ཏུ་ རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མྱི་གང་སངས་རྒྱས་ལ་མོས་པ་མྱི་ ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་གང་དགེ་འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང་། གང་ཆོས་ལ་ནེམ་ནུར་མ་མཆིས་པ་དང་། གང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང་། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ་། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མྱི་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་རྣམ་པར་ཐར་པའི་སྒོ་གསུམ་ ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་རྣམ་པར་ཐར་པ་བརྒྱད་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་མཐར་ཀྱིས་གནས་པའི་སྙོམས་པར་ 20-1-128b འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་མངོན་པར་ཤེས་པ་དྲུག་ཐོབ་པ་ དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད་། འཛམ་བུའི་གླིང་གི་མྱི་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་དེ་ལྟ་བུ་ ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་རང་བྱང་ཆུབ་ཏུ་ཡང་དག་པར་ ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། རྒྱ་བྱིན་གྱིས་གསོལ་པ། འཛམ་ བུའི་གླིང་གི་མྱི་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཉུང་ངོ་། །དེ་བས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ ཀྱང་འཛམ་བུའི་གླིང་གི་མྱི་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་སླད་དུ། རྒྱུན་ཏུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་བསྲབས་ 20-1-129a པའི་སླད་དུ། ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་དམ་པ་མ་ལགས་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། ཕྱིར་མྱི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ ངོ་། །དེ་བས་ཀྱང་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་འཛམ་བུའི་གླིང་གི་མྱི་ལས་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། ། དེ་བས་ཀྱང་འཛམ་བུའི་གླིང་གི་མྱི་ལས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཛམ་བུའི་གླིང་གི་མྱི་དེ་དག་གི་མྱི་དེ་དག་ལས་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་། ལྡན་པ་དང་། ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། དགེ་འདུན་ལ་མོས་པ་ཕྱེད་པ་དང་། ལྡན་པ་དང་། སངས་རྒྱས་ལ་ནེམ་ནུར་མྱེད་པ་ དང་། ཆོས་ལ་ནེམ་ནུར་མྱེད་པ་དང་། དགེ་འདུན་ལ་ནེམ་ནུར་མྱེད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། ཆོས་ལ་ཤིན་ཏུ་རྟོན་པ་དང་། དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཆེས་ ཉུང་ངོ་། །དེ་བས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རྒྱུན་ཏུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ ཉུང་ངོ་། །དེ་བས་ཀྱང་ཕྱིར་མྱི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བྱང་ཆུབ་ཏུ་སྤྱོད་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྔོན་འཁོར་བ་ན་ 20-1-129b འཁོར་བའི་ཚེ། སངས་རྒྱས་མ་མཐོང་བ་དང་། ཆོས་མ་ཐོས་པ་དང་། དགེ་འདུན་བསྙེན་མ་བཀུར་བ་དང་། སྦྱིན་པ་མ་བྱིན་པ་དང་། ཚུལ་ཁྲིམས་མ་བསྲུངས་པ་དང་། བཟོད་པ་མ་བསྒོམས་པ་དང་། བརྩོན་འགྲུས་མ་བརྩོམས་པ་ དང་། བསམ་གཏན་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་མ་ བསྒོམས་པ་དང་། ནང་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ཕྱི་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ཕྱི་ནང་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ཆེན་ པོ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དོན་དམ་པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། འདུས་བྱས་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། འདུས་མ་བྱས་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། མཐའ་ ལས་འདས་པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། རང་བཞིན་སྟོང་པ་ཉིད་མ་ཐོས་མ་བསྒོམས་ པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ མ་ཐོས་མ་བསྒོམས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མ་ཐོས་མ་བསྒོམས་པ་ 20-1-130a དང་། ཡང་དག་པར་སྤོང་བ་རྣམས་མ་ཐོས་མ་བསྒོམས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཐོས་མ་བསྒོམས་པ་དང་། དབང་པོ་རྣམས་མ་ཐོས་མ་བསྒོམས་པ་དང་། སྟོབས་རྣམས་མ་ཐོས་མ་བསྒོམས་ པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཐོས་མ་བསྒོམས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཐོས་མ་བསྒོམས་པ་དང་། འཕགས་པའི་བདེན་པ་རྣམས་མ་ཐོས་མ་བསྒོམས་པ་དང་། བསམ་གཏན་རྣམས་མ་ ཐོས་མ་བསྒོམས་པ་དང་། ཚད་མྱེད་པ་རྣམས་མ་ཐོས་མ་བསྒོམས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། རྣམ་པར་ཐར་པ་བརྒྱད་མ་ཐོས་མ་བསྒོམས་པ་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་ཐོས་མ་བསྒོམས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཐོས་མ་བསྒོམས་པ་དང་། མངོན་པར་ཤེས་པ་རྣམས་ མ་ཐོས་མ་བསྒོམས་པ་དང་། ཏིང་ངེ་འཛིན་རྣམས་མ་ཐོས་མ་བསྒོམས་པ་དང་། གཟུངས་ཀྱི་སྒོ་རྣམས་མ་ཐོས་མ་བསྒོམས་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཐོས་མ་བསྒོམས་པ་དང་། མྱི་འཇིགས་པ་ རྣམས་མ་ཐོས་མ་བསྒོམས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། བྱམས་པ་ཆེན་པོ་མ་ཐོས་མ་བསྒོམས་པ་དང་། སྙིང་རྗེ་ཆེན་པོ་མ་ཐོས་མ་བསྒོམས་པ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་མ་ཐོས་མ་བསྒོམས་པ་དང་། ཐམས་ཅད་ཤེས་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཐོས་མ་བསྒོམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོས་མ་ བསྒོམས་པའི་ཕྱིར་རོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་འཛམ་བུའི་གླིང་གི་སེམས་ཅན་ལ་ལས་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། དགེ་ 20-1-130b འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དེ་ལྟ་བུ་ནི་ཉུང་སྟེ། དེ་བས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རྣམ་པར་ཐར་པ་བརྒྱད་ཐོབ་པ་ཆེས་ཉུང་ངོ་། །དེ་བས་ཀྱང་མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་ཆེས་ཉུང་ངོ་། །དེ་བས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ཆེས་ཉུང་ངོ་། །དེ་བས་ཀྱང་མངོན་པར་ཤེས་པ་དྲུག་ཐོབ་པ་ཆེས་ཉུང་ངོ་། །དེ་བས་ཀྱང་འཛམ་བུའི་ གླིང་གི་མྱི་རྣམས་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །དེ་བས་ཀྱང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་ ཆེས་ཉུང་ངོ་། །དེ་བས་ཀྱང་དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་ཆེས་ཉུང་ངོ་། །དེ་བས་ཀྱང་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་ པ་ཆེས་ཉུང་ངོ་། །དེ་བས་ཀྱང་འཛམ་བུའི་གླིང་གི་མྱི་ལས་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །དེ་བས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུས་པར་གྱུར་པ་ཆེས་ ཉུང་ངོ་། །དེ་བས་ཀྱང་བསམ་པ་དག་པ་བྱང་ཆུབ་ཏུ་སྤྱོད་པ་ནི་ཆེས་ཉུང་བར་རིག་པར་བྱའོ། །ཀེའུ་ཤི་ཀ་མྱི་རྣམས་ལྟ་ཞོག་གི། དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་ བཞི་ཐོབ་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པར་གྱུར་པ་དང་། འདོད་ཆགས་ 20-1-131a དང་ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ཡིན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་དང་། བླ་མའི་ཆའི་ཀུན་ཏུ་སྤྱོད་པ་ ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་ཉིད་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ནེམ་ནུར་མྱེད་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ནེམ་ནུར་མྱེད་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལ་མར་ཤེས་པ་དང་། ཕར་ཤེས་པ་དང་། དགེ་སྦྱོང་དུ་ཤེས་ པ་དང་། བྲམ་ཟེར་ཤེས་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང་། སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་ སྙོམས་པར་འཇུག་པ་དང་ཤེས་རབ་སྒོམ་པ་དང་། གསོའ་སྦྱིན་ལ་གནས་པ་དང་། འདོད་པ་ལ་ཁ་ན་མ་ཐོ་བར་འདུ་ཤེས་ཤིང་། རྣམ་པར་སྤྱོད་པ་དང་། དེ་བཞིན་དུ་མྱི་རྟག་པར་འདུ་ཤེས་པ་དང་། བདག་མྱེད་པར་འདུ་ ཤེས་པ་དང་། མྱི་གཙང་བར་འདུ་ཤེས་པ་དང་། འཇིག་རྟེན་ཐམས་ཅད་དུ་མངོན་པར་དགའ་བ་མྱེད་པར་འདུ་ཤེས་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོགས་ཆགས་ལས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་ཀྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་སྲོག་ཆགས་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་ དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་དང་། ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་སླད་དུ། 20-1-131b རྒྱུན་ཏུ་ཞུགས་པར་གྱུར་པ་དང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་བསྲབས་པའི་སླད་དུ། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ལགས་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། ཕྱིར་མྱི་འོང་བར་ གྱུར་པ་དང་། བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། དགྲ་བཅོམ་པར་གྱུར་པ་དང་། རང་བྱང་ཆུབ་ཏུ་ཞུགས་པ་དེ་ལྟ་བུ་ནི་ཤིན་ཏུ་ཉུང་ངོ་། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སྲོག་ཆགས་ལས་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་དེ་བས་ཀྱང་ཆེས་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ ཏེ། ཀེའུ་ཤི་ཀ་འཛམ་བུའི་གླིང་གི་སྲོག་ཆགས་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་དང་། ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པ་ཐོབ་པ་དང་། འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབ་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་པ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་དང་། བླ་མའི་ཆའི་ཀུན་ཏུ་སྦྱོར་ བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཉུང་སྟེ། དེ་བས་ ཀྱང་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། ། 20-1-132a ཀེའུ་ཤི་ཀ་ངས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལ་ཕལ་ཆེར་ཉན་ཐོས་དང་ རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་བས་གཅིག་གམ་གཉིས་ཤིག །ཕྱིར་མྱི་ ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ་བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ 20-1-132b མཁས་པ་དང་། མྱི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ་བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། ། ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་ སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་ བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་ གམ་གཉིས་ཤིག །ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་ 20-1-133a མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་ བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི། སྤྱན་བསྒྲིབས་པ་མྱེད་པས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ་བསམ་པ་ཞན་པ། མོས་ པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་ སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་ གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། ། 20-1-133b ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི་དེ་ལས་ ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་ པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། འོག་གི་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་ གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག །ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ ཀ་བླ་ན་མྱེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་ 20-1-134a པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀེའུ་ཤི་ཀ་དེ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡང་དག་པར་ཞུགས་པ་དེ་དག་མྱུར་ཞིང་། བདེ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན། ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ འདི་ལ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་བཟུང་ཞིང་། བཅང་བ་དང་། ཀློག་ཅིང་ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་ཞིང་བྲིས་ཏེ། མེ་ཏོག་དང་། གདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །དགེ་བའི་ཆོས་གང་ཇི་སྙེད་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་ཏེ། དེ་དག་ཀྱང་གཟུང་བར་ བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། 20-1-134b བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་ བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་ པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་དང་། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གང་ཇི་སྙེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་པ་དེ་དག་ཀྱང་གཟུང་བར་བྱའོ། །བཅང་བར་བྱའོ། །ཀླགས་པར་བྱའོ། །ཀུན་ཆུབ་པར་ 20-1-135a བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འདི་ལྟར་ཤེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཡང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་ པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་ པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་ཐར་པ་བརྒྱད་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་ 20-1-135b པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་འདི་དག་དང་། གཞན་ཡང་སངས་རྒྱས་ ཀྱི་ཆོས་ཚད་མྱེད་པ་དག་ལ་བསླབ་པར་མཛད་ཀྱི། བདག་ཅག་གིས་ཀྱང་དེའི་རྗེས་སུ་བསླབ་པར་བྱའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་ཅག་གི་སྟོན་པའོ། །སངས་རྒྱས་ཀྱིས་ཆོས་གཞན་ ཚད་མྱེད་པའི་བར་དུ་ཡང་བདག་ཅག་གི་སྟོན་པ་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པའོ། །རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མྱི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་ ཏུ་ཞུགས་པ་རྣམས་ཀྱིས་བསྟན་པ་ཡང་འདི་ཡིན་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་སློབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སློབ་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སློབ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སློབ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སློབ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སློབ་སློབ་པ་དང་། ནང་སྟོང་པ་ཉིད་ལ་སློབ་སློབ་པ་དང་། ཕྱི་སྟོང་པ་ཉིད་ལ་སློབ་སློབ་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སློབ་སློབ་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་སློབ་པ་དང་། ཆེན་པོ་སྟོང་པ་ཉིད་ལ་ སློབ་སློབ་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སློབ་སློབ་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སློབ་སློབ་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སློབ་སློབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་སློབ་ པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་སློབ་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་སློབ་པ་དང་། རང་བཞིན་སྟོང་པ་ཉིད་ལ་སློབ་སློབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་ 20-1-136a སློབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་སློབ་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སློབ་སློབ་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སློབ་སློབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་སློབ་ པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་སློབ་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་སློབ་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སློབ་སློབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སློབ་ སློབ་པ་དང་། དབང་པོ་རྣམས་ལ་སློབ་སློབ་པ་དང་། སྟོབས་རྣམས་ལ་སློབ་སློབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སློབ་སློབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་སློབ་པ་དང་། འཕགས་པའི་ བདེན་པ་རྣམས་ལ་སློབ་སློབ་པ་དང་། བསམ་གཏན་རྣམས་ལ་སློབ་སློབ་པ་དང་། ཚད་མྱེད་པ་རྣམས་ལ་སློབ་སློབ་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་སློབ་པ་དང་། རྣམ་པར་ཐར་པ་རྣམས་ ལ་སློབ་སློབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་སློབ་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སློབ་སློབ་པ་དང་། མངོན་པར་ ཤེས་པ་རྣམས་ལ་སློབ་སློབ་པ་དང་། ཏིང་ངེ་འཛིན་རྣམས་ལ་སློབ་སློབ་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སློབ་སློབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སློབ་སློབ་པ་དང་། མྱི་འཇིག་པ་རྣམས་ ལ་སློབ་སློབ་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སློབ་སློབ་པ་དང་། བྱམས་པ་ཆེན་པོ་ལ་སློབ་སློབ་པ་དང་། སྙིང་རྗེ་ཆེན་པོ་ལ་སློབ་སློབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ སློབ་སློབ་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སློབ་སློབ་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སློབ་སློབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་སློབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ 20-1-136b རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕ་རོལ་ཏུ་ ཕྱིན་ཏོ། །ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །ཀེ་འུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། དེ་བཞིན་གཤེགས་པ་ ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཉན་ཐོས་དང་། རང་སངས་རྒྱས་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་པར་ བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་། རང་ སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་པར་བྱ་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་ 20-1-137a གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་། རང་ སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་ པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་། མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ནང་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ནང་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་། མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཕྱི་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཕྱི་ སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཕྱི་ ནང་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐམས་ཅད་ཀྱི་རྟེན་ ཡིན་ཏེ། ལྷ་དང་། མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སྟོང་པ་ཉིད་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་ 20-1-137b སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཆེན་པོ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་ཆེན་པོ་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ ནོ། །དེ་དག་གིས་དོན་དམ་པ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དོན་དམ་པ་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་འདུས་བྱས་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འདུས་བྱས་སྟོང་པ་ཉིད་འདི་ ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་འདུས་མ་བྱས་ སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ཉིད་འདི་ནི་ཉན་ཐོས་ དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཐོག་མ་དང་ཐ་མ་མྱེད་པ་ 20-1-138a སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་དོར་བ་མྱེད་པ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་འདི་ནི་ ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་རང་བཞིན་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་རང་བཞིན་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་ དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་ བར་གྱི་རྟེན་ཡིན་ནོ། །དེ་དག་གིས་མྱི་དམྱིགས་པ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་ 20-1-138b སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དངོས་པོ་མྱེད་པ་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ ངོ་བོ་ཉིད་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་ དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་ཉན་ཐོས་ དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ལ་ བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དྲན་པ་ཉེ་བར་གཞག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་ མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཡང་དག་པར་སྤོང་བ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཡང་དག་པར་སྤོང་བ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ 20-1-139a ཕྱིར་ཞེ་ན། ཀེའུ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་ བར་གྱི་རྟེན་ཡིན་ནོ། །དེ་དག་གི་དབང་པོ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དབང་པོ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སྟོབས་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སྟོབས་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་འདི་དག་ ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་ མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་འཕགས་པའི་བདེན་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འཕགས་པའི་བདེན་པ་འདི་དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བསམ་གཏན་རྣམས་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བསམ་ 20-1-139b གཏན་འདི་དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཚད་མྱེད་པ་རྣམས་ལ་བརྟེན་ པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཚད་མྱེད་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ ནོ། །དེ་དག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་རྣམ་པར་ཐར་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་རྣམ་པར་ཐར་ པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་འདི་དག་ནི། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདི་དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ 20-1-140a ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་མངོན་པར་ཤེས་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མངོན་པར་ཤེས་པ་འདི་དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཏིང་ངེ་འཛིན་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཏིང་ངེ་འཛིན་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་ གྱི་རྟེན་ཡིན་ནོ། །དེ་དག་གིས་གཟུངས་ཀྱི་སྒོ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་གཟུངས་ཀྱི་སྒོ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བརྟེན་པར་བྱ་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་བཞིན་གཤེགས་པའི་སྟོབས་འདི་ དག་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་མྱི་འཇིག་པ་རྣམས་ལ་ བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མྱི་འཇིག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་ དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་བརྟེན་པར་བྱ་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་ 20-1-140b དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སྙིང་རྗེ་ཆེན་པོ་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སྙིང་རྗེ་ཆེན་པོ་འདི་ནི་ཉན་ཐོས་ དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་ དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ཐམས་ཅད་ཤེས་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ ལམ་གྱི་རྣམ་པ་ཤེས་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། ཀེའུ་ཤི་ཀ་རིགས་ཀྱིས་བུ་འམ་རིགས་ཀྱི་བུ་མོ་གང་ 20-1-141a ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་བྱས་ཏེ། དེ་ལ་ནམ་ འཚོའི་བར་དུ་མྱེ་ཏོག་དང་། ལྷ་རྫས་ཀྱི་མྱེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་ གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀེའུ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་ དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་ལ་ཡང་ རྒྱ་ཆེར་སྟོན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མྱི་འབྲལ་ལ། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་ སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད་ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་དེ་ཆེས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་མཆོད་རྟེན་གཅིག་ལྟ་ཞོག་གི། ཀེའུ་ཤི་ཀ་གལ་ཏེ། རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་འཛམ་བུའི་གླིང་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ་རྒྱར་དཔག་ཚད་ 20-1-141b ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་མཚོའི་བར་དུ་ལྷ་རྫས་ཀྱི་མྱེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་ བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱིས་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་བསྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ནས། ཀེའུ་ཤི་ཀ་དེ་ལ་ཇི་ སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མྱི་འབྲལ་ལ། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་ གི། ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་ བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མྱེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་ 20-1-142a རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་ བསྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀེའུ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བསྐུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་ པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གིས། ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མྱེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་ 20-1-142b མང་པོས་རིམ་གྲོར་བྱས། བཀུར་སྟི་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀེའུ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ་ བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུར་དེ་བཞིན་ གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་ནས་མཆོད་པའི་ཕྱིར། འཇིག་རྟེན་གྱི་ཁམས་འབྲིང་པོ་སྟོང་གཉིས་པ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་བསྟིར་བྱས། 20-1-143a ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀེའུ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་ གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་བསྟིར་བྱེད་། ཕུ་དུད་དུ་བྱེད། མཆོད་ པར་བྱེད་ན། བསོད་ནམས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་འཇིག་རྟེན་གྱི་ཁམས་འབྲིང་པོ་སྟོང་གཉིས་པ་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་མཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་ གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་བསྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀེའུ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་ བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-143b ཕྱིན་པ་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད་ཀུན་ཆུབ་པར་བྱེད་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་ སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་བསྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀེའུ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་ སུ་བཀང་བ་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་རིན་པོ་ ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བྱས་ཏེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་ རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་བསྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་ བྱས་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཟུང་བ་དང་། བཅང་བ་དང་། ཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱས་ཏེ། དེ་ལ་མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་བསྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེ་ཉིད་བསོད་ནམས་ཆེས་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ 20-1-144a ཏུ་ཕྱིན་པ་ལ་རིམ་གྲོར་བགྱིས་པ་དང་། བཀུར་སྟིར་བགྱིས་པ་དང་། ཕུ་དུད་དུ་བགྱིས་པ་དང་། མཆོད་པར་བགྱིས་པས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ལ་རིམ་གྲོར་བགྱིས་པ་དང་། བསྐུར་སྟིར་བགྱིས་པ་དང་། ཕུ་དུད་དུ་བགྱིས་པ་དང་། མཆོད་པར་བགྱིས་པར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་ སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་སླད་དུ་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་ མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་ བགྱིས་པ་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་ པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ 20-1-144b ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས་མཆོད་པར་བགྱིས་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་ བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་བསྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། བྱང་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ་ རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས་ཕུ་དུད་དུ་བགྱིས་མཆོད་པར་བགྱིས་པ་དང་། བྱང་ཤར་གྱི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་ 20-1-145a དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་ དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས། སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་ པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་ དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ 20-1-145b ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ་བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་ དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་བསྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། ནུབ་བྱང་ གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ སླད་དུ། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། 20-1-146a ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་དང་། སྟེང་གི་ཕྱོགས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ། རིན་པོ་ཆེ་སྣ་བདུན་ ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པ་འམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་དགོངས། དེའི་སླད་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ མང་དུ་འཕེལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་མང་ངོ་། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་ན། བསོད་ནམས་ཆེས་ 20-1-146b མང་དུ་འཕེལ་ལོ། །དེའི་སླད་དུ་ཞེ་ན་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསམ་གཏན་བཞི་ དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་ བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གསུམ་དང་། འཕགས་པའི་བདེན་པ་སྡུག་བསྔལ་བ་དང་། ཀུན་ འབྱུང་བ་དང་། འགོགས་པ་དང་། ལམ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ 20-1-147a ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་ པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུས་སོ། །དེ་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་སྟེ། དེ་ལ་བསླབས་ཤིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་ ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏེ། ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་ བསོད་ནམས་མང་དུ་འཕེལ་ལོ། །གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་ཤིང་། གླེགས་བམ་དུ་བྱས་ཏེ། འཛིན་ཅིང་འཆང་བ་དང་། གློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ དུ་ཡིད་ལ་བྱེད་ཅིང་། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་ གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ནི་ཚད་མྱེད་གྲངས་མྱེད། བསམ་གྱིས་མྱི་ཁྱབ། མཚུངས་པ། 20-1-147b མྱེད་དཔག་ཏུ་མྱེད་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་ནང་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཕྱི་སྟོང་པ་ཉིད་དོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཕྱི་ནང་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལས་བྱུང་བ་ནི་དོན་དམ་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། འདུས་བྱས་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། འདུས་མ་བྱས་སྟོང་པ་ཉིད་དོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་བྱུང་བ་ནི། དོར་བ་མྱེད་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རང་བཞིན་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ། ། 20-1-148a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། མྱི་དམྱིགས་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ངོ་བོ་ཉིད་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཡང་དག་པར་སྤོང་བ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དབང་པོ་རྣམས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སྟོབས་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལས་བྱུང་བ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། འཕགས་པའི་བདེན་པ་རྣམས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བསམ་གཏན་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། མཚན་མ་མྱེད་པ་རྣམས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རྣམ་པར་ཐར་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-148b ཕྱིན་པ་ལས་བྱུང་བ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། མངོན་པར་ཤེས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཏིང་ངེ་འཛིན་རྣམས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། གཟུངས་ཀྱི་སྒོ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། མྱི་འཇིགས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱམས་པ་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སྙིང་རྗེ་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པའི་སྤྱན་ལྔའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སེམས་ཅན་ཡོངས་སུ་སྨྱིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །ཀེའུ་ཤི་ཀ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཐམས་ཅད་ཤེས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཉན་ཐོས་ཀྱི་ཐེག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། རང་སངས་རྒྱས་ཀྱི་ཐེག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། ཐེག་པ་ཆེན་པོའོ། །ཀེའུ་ཤི་ཀ་ 20-1-149a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཀེའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་བྲིས་ཏེ། གླེགས་བམ་དུ་བྱས་ཤིང་འཛིན་པ་དང་། བཅང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་ བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ་བསོད་ ནམ་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་ དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མྱི་འགྲོ། རྒྱུར་ཡང་ཉེ་བར་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ། འཛམ་བུའི་གླིང་ན་གནས་པ་དེ་སྲིད་དུ། སངས་རྒྱས་དཀོན་མཆོག་ནུབ་པར་མྱི་འགྱུར་རོ། །ཆོས་དཀོན་མཆོག་ནུབ་པར་མྱི་འགྱུར་རོ། །དགེ་འདུན་དཀོན་མཆོག་ནུབ་པར་མྱི་འགྱུར་རོ། །དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་ 20-1-149b རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་ པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོར་བ་མྱེད་ པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དབང་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོབས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་ 20-1-150a རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་ གཏན་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་འཇིགས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་ པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐམས་ཅད་ཤེས་པ་ ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་སྲིད་དུ་རྒྱལ་རིགས་ཆེ་ ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་གི་རིག་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་ 20-1-150b བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཚེ་མའི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་ དང་། འཕྲུལ་དགའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་རིས་ཀྱིས་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ ལྷ་ཉེ་ཕན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ཆེན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྣང་བའི་ལྷ་རྣམས་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་སྣང་གི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་སྣང་དང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །དགེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་དགེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་དགེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་རྒྱས་ཀྱི་ལྷ་རྣམས་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་ཆེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འབྲས་བུ་ ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་གདུང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །གྱ་ནོམ་སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འོག་མྱིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། 20-1-151a ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་དུ་འབྱུང་བ་ཡོད་དོ། །བླ་ན་མྱེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དོ། །ཆོས་ཀྱི་འཁོར་ལོ་སྐོར་བ་ཡོད་དོ། །སེམས་ཅན་ཡོངས་སུ་སྨིན་པ་ཡོད་དོ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་དོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མའི་ལྷ་རྣམས་ དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་གྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་དང་། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ དང་། ཚངས་ཆེན་གྱི་ལྷ་རྣམས་དང་། སྣང་བའི་ལྷ་རྣམས་དང་། ཆུང་སྣང་གི་ལྷ་རྣམས་དང་། ཚད་མྱེད་སྣང་བའི་ལྷ་རྣམས་དང་། ཀུན་སྣང་དང་བའི་ལྷ་རྣམས་དང་དགེ་བའི་ལྷ་རྣམས་དང་། ཆུང་དགེའི་ལྷ་རྣམས་དང་། ཚད་མྱེད་དགེ་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། ཆེ་བའི་ལྷ་རྣམས་དང་། ཆུང་ཆེའི་ལྷ་རྣམས་དང་། ཚད་མྱེད་ཆེ་བའི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། མྱི་ཆེ་བའི་ལྷ་རྣམས་དང་། མྱི་ གདུང་བའི་ལྷ་རྣམས་དང་། ཤིན་ཏུ་མཐོང་བའི་ལྷ་རྣམས་དང་། གྱ་ནོམ་སྣང་བའི་ལྷ་རྣམས་དང་། འོག་མྱིན་གྱི་ལྷ་གང་ཇི་སྙེད་ཡོད་པ་དེ་དག་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱའོ། །གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅང་བར་བྱའོ། །གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པར་བྱའོ། །འགྲོགས་པོ་དག་ཤེས་རབ་ཀྱི་ 20-1-151b ཕ་རོལ་ཏུ་ཕྱིན་པ་ཀུན་ཆུབ་པར་བྱའོ། །གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བྱའོ། །གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅངས་པ་དང་། ཀླག་པ་དང་། ཀུན་ ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་བྱས་པས་ནི། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མྱི་འགྱུར་རོ། །ཆོས་ཀྱི་ཚུལ་རྒྱུན་འཆད་པར་མྱི་འགྱུར་རོ། །དགེ་འདུན་གྱི་ཚུལ་རྒྱུན་འཆད་པར་མྱི་འགྱུར་རོ། །གྲོགས་ པོ་དག་སངས་རྒྱས་ཀྱི་ཚུལ་རྒྱུན་མ་ཆད་ལ། གྲོགས་པོ་དག་ཆོས་ཀྱི་ཚུལ་རྒྱུན་མ་ཆད་དེ། གྲོགས་པོ་དག་དགེ་འདུན་གྱི་ཚུལ་རྒྱུན་མ་ཆད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་སྟོང་པ་ ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། 20-1-152a རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དབང་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོབས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་རྣམས་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་འཇིག་ 20-1-152b རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་འཇིགས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་ རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་ བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགྲ་བཅོམ་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་བྱང་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀེའུ་ཤི་ཀ་ཁྱོད་ཀྱིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀེའུ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ནམ་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཤིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ཐབ་མོ་བྱའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ཚམས་སྔལ་ ལོ་སྙམ་ན། དེའི་ཚེ་ཀེའུ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིད་ཀྱིས་སོམས་ལ་ཁ་ཏོན་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་དང་། དེས་ལྷ་མ་ཡིན་གྱི་བསམ་ 20-1-153a པ་དེ་དག་ཕྱིར་ནུབ་པར་འགྱུར་རོ། །སེམས་བསྐྱེད་པ་དེ་དག་ཟློབ་ཤིང་། རྣམ་པར་ཕེལ་བར་མྱི་འགྱུར་རོ། །ལྷའི་བུ་དང་ལྷའི་བུ་མོ་གང་དག་ཤི་འཕོ་བའི་ཚེ། ནམ་བདག་ཅག་ངན་སོང་དུ་སྐྱེ་བར་མཐོང་ ན་ཡང་། ཀེའུ་ཤི་ཀ་ཁྱོད་ཀྱིས་དེ་དག་གི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་གྱིས་ཤིག་དང་། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པའི་དགེ་བའི་རྩ་བ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་མོས་པས། ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་ན་དེ་ལྟར་དོན་དང་ལྡན་པ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་གང་ཡང་སུ་ཡང་རུང་སྟེ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེས། མཐར་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་ བཅས་པ་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །མ་བྱོན་པའི་དུས་ ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་ 20-1-153b གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ཉིད་ལ་བསླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདིའི་ནང་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་སོ། ། བརྒྱ་བྱིན་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་ མྱེད་པའི་རིག་སྔགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བའོ། །དགེ་བའི་ཆོས་ཐམས་ཅད་སྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀེའུ་ཤི་ཀ་འདི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་པོའོ། །ཀེའུ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མྱེད་པའི་རིག་སྔགས་སོ། །ཀེའུ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ 20-1-154a རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་ བྱོན་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ རིག་སྔགས་འདི་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བསམ་གཏན་བཞི་འཇིག་རྟེན་ན་ཡོད་པ་ཡིན། ཚད་མྱེད་པ་བཞི་འཇིག་རྟེན་ན་ཡོད་པ་ཡིན། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། མངོན་པར་ཤེས་པ་ལྔ་འཇིག་རྟེན་ན་ཡོད་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་འཇིག་རྟེན་ན་ཡོད་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ ན་ཡོད་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། ནང་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཕྱི་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ན་ཡོད་ 20-1-154b པ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆེན་པོ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་ ན་ཡོད་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་ པ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་བཞིན་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་གི་མཚན་ ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་ པ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་ན་ཡོད་པ་ ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། དབང་པོ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། སྟོབས་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་རྟེན་ན་ ཡོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་ན་ཡོད་པ་ཡིན། འཕགས་པའི་བདེན་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པར་ཐར་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་ན་ཡོད་པ་ཡིན། མངོན་པར་ཤེས་ 20-1-155a པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཏིང་ངེ་འཛིན་རྣམས་འཇིག་རྟེན་ན་ཡོད་པ་ཡིན། གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ འཇིག་རྟེན་ན་ཡོད་པ་ཡིན། མྱི་འཇིགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བྱམས་པ་ཆེན་པོ་འཇིག་རྟེན་ན་ཡོད་པ་ཡིན། སྙིང་ རྗེ་ཆེན་པོ་འཇིག་རྟེན་ན་ཡོད་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཀྱི་དབྱིངས་འཇིག་རྟེན་ན་ཡོད་པ་ཡིན། ཡང་དག་པའི་མཐའ་འཇིག་རྟེན་ན་ ཡོད་པ་ཡིན། དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མ་ནོར་བ་དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། གཞན་མ་ཡིན་པ་དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཉིད་འཇིག་རྟེན་ན་ ཡོད་པ་ཡིན། ཆོས་ཀྱི་གནས་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་སྐྱོན་མྱེད་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མྱིག་ལྔ་འཇིག་རྟེན་ན་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཇིག་རྟེན་ ན་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཇིག་རྟེན་ན་ཡོད་པ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་འཇིག་རྟེན་ན་ཡོད་པ་ཡིན། དགྲ་བཅོམ་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་བྱང་ཆུབ་ འཇིག་རྟེན་ན་ཡོད་པ་ཡིན། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ འཇིག་རྟེན་ན་ཡོད་པ་ཡིན།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན། དགེ་བ་བཅུའི་ 20-1-155b ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བསམ་གཏན་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཚད་མྱེད་པ་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མངོན་པར་ཤེས་པ་ལྔ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་ རྟེན་ན་གདགས་སུ་ཡོད་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ནང་སྟོང་པ་ཉིད་ འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱི་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་ སུ་ཡོད་པ་ཡིན། ཆེན་པོ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ ཡིན། འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་ སུ་ཡོད་པ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རང་བཞིན་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་ 20-1-156a པ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་ རྟེན་ན་གདགས་སུ་ཡོད་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དྲན་པ་ཉེ་བར་ གཞག་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ ཡིན། དབང་པོ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྟོབས་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འཕགས་པའི་བདེན་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པར་ཐར་པ་རྣམས་འཇིག་རྟེན་ན་གདགས་ སུ་ཡོད་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མངོན་པར་ཤེས་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཏིང་ངེ་འཛིན་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། གཟུངས་ཀྱི་སྒོ་ རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མྱི་འཇིགས་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་ 20-1-156b པ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྙིང་རྗེ་ཆེན་པོ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་རྟེན་ན་ གདགས་སུ་ཡོད་པ་ཡིན། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱིར་མྱི་འོང་བ་འཇིག་རྟེན་ན་ གདགས་སུ་ཡོད་པ་ཡིན། དགྲ་བཅོམ་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རང་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ནོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ཡོད་ན། རྩི་དང་རྒྱུ་སྐར་དང་། སྐར་མ་ཐམས་ཅད་གདགས་སུ་ཡོད་དོ། །ཀེའུ་ཤི་ཀ་དེ་ བཞིན་དུ་བྱང་ཆུབ་སེམས་དཔའི་ཟླ་བའི་དཀྱིལ་འཁོར་ཡོད་ན། དགེ་བའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། འཕགས་པའི་བདེན་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ 20-1-157a ཆོས་མ་འདྲེས་པའི་རྩི་ཐམས་ཅད་གདགས་སུ་ཡོད་དོ། །སློབ་པ་དང་། མྱི་སློབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྒྱུ་སྐར་དང་། སྐར་མ་ཐམས་ཅད་ཀྱང་གདགས་སུ་ཡོད་དོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་ན་ཡོད་པར་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་རྣམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་གང་དང་ལྡན་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་ པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ 20-1-157b སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་ པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་ རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིག་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། ཉན་ཐོས་ཀྱི་སར་མི་ལྟུང་བ་དང་། རང་སངས་རྒྱས་ཀྱིས་མངོན་དུ་མྱི་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སེམས་ཅན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ 20-1-158a ཡོངས་སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལས་བྱུང་བར་རིག་པར་བྱའོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་། ཚེ་རབས་གཞན་གྱི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་ འམ་རིགས་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ཚེ་འདིའི་ཡོན་ཏན་གང་དང་ ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་ པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ། སྔོན་གྱི་ལས་ཀྱི་རྣམ་པར་སྨྱིན་པ་མ་གཏོགས་པར་དུག་གིས་དུས་བྱེད་པར་མྱི་འགྱུར་རོ། །མཚོན་གྱིས་དུས་བྱེད་པར་མྱི་འགྱུར་ རོ། །མྱེས་དུས་བྱེད་པར་མྱི་འགྱུར་རོ། །ཆུས་དུས་བྱེད་པར་མྱི་འགྱུར་བ་ནས། ནད་བརྒྱ་རྩ་གཅིག་གི་བར་གྱིས་དུས་བྱེད་པར་མྱི་འགྱུར་རོ། །རྒྱལ་པོ་དང་བློན་པོས་གནོད་པར་བྱ་བ་ཞིག་བྱུང་བ་ལས། གལ་ ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་སོང་ན། དེ་ལ་གླགས་ཚོལ་བ་དེ་དག་གིས་གླགས་མྱི་རྙེད་དེ། རྒྱལ་པོའི་བུ་དང་། 20-1-158b རྒྱལ་པོའི་བློན་པོ་ཆེན་པོ་དག་ཀྱང་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་དགའ་བར་བྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་གཟི་ བརྗིད་དང་། མཐུས་དེ་ལྟར་སེམས་སོ། །གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་སོང་ན། དེ་ལ་རྒྱལ་པོའི་བུ་འམ། རྒྱལ་པོའི་བློན་པོ་ཆེན་པོ་དག་ཀྱང་དགའ་བའི་ཚིག་གིས་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་། དགའ་བར་བྱ་བར་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་བཞག །སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བཏང་སྙོམས་ཀྱི་སེམས་ཉེ་ བར་གཞག་པའི་ཕྱིར་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་ བཞིན་དུ་ཡིད་ལ་བྱེད་པ་ནི། ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཀེའུ་ཤི་ཀ་ཚེ་རབས་གཞན་གྱི་ཡོན་ཏན་གང་དག་དང་ལྡན་པར་འགྱུར་ཞེ་ན། འདི་ལྟ་སྟེ། ནམ་ཡང་དགེ་བ་ བཅུའི་ལས་ཀྱི་ལམ་རྣམས་དང་བྲལ་བར་མྱི་འགྱུར་ཏེ། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དྲན་པ་ ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ 20-1-159a རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་ པ་རྣམས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་ དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མྱི་འཇིག་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་དང་བྲལ་བར་མྱི་འགྱུར་རོ། །དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་བའི་སྨོན་ལམ་གྱི་དབང་མ་གཏོགས་པར་ནམ་ཡང་སེམས་ཅན་དམྱལ་བར་མྱི་སྐྱེ། བྱོལ་སོང་ གི་སྐྱེ་གནས་སུ་མྱི་སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མྱི་སྐྱེའོ། །དེ་ནམ་ཡང་ཡན་ལག་ཉམས་པ་ཅན་དུ་མྱི་འགྱུར། ནམ་ཡང་དབུལ་པོའི་རིགས་སུ་མྱི་སྐྱེ། སྨྱིག་མ་མཁན་གྱི་རིགས་སམ། སྨྱེ་ཤ་ ཅན་གྱི་རིགས་སམ། མགར་བ་འམ། ཕྱག་དར་བ་འམ། ཤེན་པ་འམ། ཕག་གསོད་པའི་རིགས་སམ། དམངས་རིགས་སུ་མྱི་སྐྱེ་སྟེ། རྟག་ཏུ་རྒྱུན་མྱི་ཆད་པར་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྫུས་ཤིང་སྐྱེ་བར་འགྱུར་ཏེ། ནམ་ཡང་བྱང་ཆུབ་ སེམས་དཔའི་མངོན་པར་ཤེས་པ་དང་བྲལ་བར་མྱི་འགྱུར་རོ། །དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་ཉན་པའི་ཕྱིར། སངས་ 20-1-159b རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །ཀེའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོན་ཏན་འདི་དག་ཕུན་སུམ་ཚོགས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱས་ཏེ། དེ་དག་ནམ་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། ཚེ་འདིའི་ཡོན་ཏན་དང་། ཚེ་རབས་གཞན་གྱི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ།། །། དེ་ནས་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ། གླགས་བལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག །བཅོམ་ ལྡན་འདས་གང་ན་བ་དེ་ལོགས་སུ་དོང་བ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བརྒྱ་པོ་གླགས་བལྟ་བའི་བསམ་པ་ཅན་ འདི་དག་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས། དེ་ལ་བདག་གིས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པས། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་བཅོམ་ལྡན་འདས་ ཀྱི་དྲུང་དུ་དོང་ནས། བར་ཆད་བྱེད་པར་མྱི་འགྱུར་བར་བདག་གིས་བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྙེད་བཟུང་བ་དེ་དག་ཁ་ཏོན་དུ་བྱའོ་སྙམ་ནས། དེ་ 20-1-160a ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྙེད་ཅིག་བཟུང་བ་དེ་དག་ཁ་ཏོན་དུ་བརྗོད་དོ། །དེ་ནས་མུ་སྟེགས་ཅན་གཞན་དང་། ཀུན་ ཏུ་རྒྱུ་བ་དེ་དག་རྒྱང་རིང་པོ་རིང་པོ་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་འདི་སྙམ་དུ་གྱུར་ཏེ། དེ་ལྟར་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་དེ་དག་གིས་རྒྱང་རིང་པོ་རིང་པོ་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་དོང་ན་དེ་ཅིའི་རྒྱུ་ ཞིག་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་ཀུན་ཏུ་རྟོག་པ་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་ ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསམས་པས། དེའི་ཕྱིར་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་རྒྱང་རིང་པོ་རིང་པོ་ནས། ང་ལ་གཡས་ཕྱོགས་ སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་དོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་ལས་འགའ་ཙམ་ལ་ཡང་དཀར་པོའི་སེམས་དང་ ལྡན་པ་མ་མཐོང་སྟེ། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་ཐམས་ཅད་ནི་གནོད་པར་བྱ་བའི་སེམས་དང་ལྡན་པ་གླགས་བལྟ་བའི་བསམ་པ་ཅན་ཤ་སྟག་སྟེ། འཁོར་འདིར་ འོང་བར་སེམས་པ་ཤ་སྟག་ཀྱང་། ཤ་ར་དྭ་ཏིའི་བུ་ངས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ 20-1-160b ནང་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། ཞེ་སྡང་བའི་སེམས་སམ། ཀླགས་བལྟ་བའི་བསམ་བས་ཉེ་བར་འགྲོ་བ་མ་མཐོང་སྟེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་ དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་ དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་ ཅིག་ཡོད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ཤ་ ར་དྭ་ཏིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་བཅས་པ་ཇི་སྙེད་ཅིག་བཞུགས་ པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། 20-1-161a ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་ འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་ མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་ 20-1-161b འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་ མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ 20-1-162a ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་ དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ 20-1-162b དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་བཞི་པོ་འདི་དག་ཀྱང་མངོན་ཏུ་གྱུར། འདོད་པ་ལ་སྤྱོད་པ་དང་། གཟུགས་ལ་སྤྱོད་པའི་ལྷ་འདི་དག་ཀྱང་མངོན་དུ་གྱུར་པ་ལས་འདིར་ནི་གདོན་མྱི་ཟ་ བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་གྱིས། དེ་ལ་བདག་གིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ། བར་ཆད་བྱའོ་སྙམ་དུ་བདུད་སྡིག་ཏོ་ཅན་གྱིས། དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་འགྲོ་འདོད་པར་གྱུར་པ་དང་། དེ་ནས་ལྷའི་དབང་ 20-1-163a པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏོ། །ཀྱེ་མ་བདུད་སྡིག་ཏོ་ཅན་འདི་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་འགྲོ་བར་འདོད་ལ་བདུད་ སྡིག་ཏོ་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་རྣམ་པར་བཀོད་པ་འདི་ནི་རྒྱལ་པོ་བིམ་བི་ས་རིའི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མྱི་ཕོད། རྒྱལ་པོ་སྡེ་རབ་ཏུ་ འཕམ་བྱེད་དང་། ཤཱཀྱ་རྣམས་དང་། ལིད་ཙ་བྱི་རྣམས་ཀྱི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མྱི་ཕོད་དེ། བདུད་སྡིག་ཏོ་ཅན་འདི་ནི་ཡུན་རིང་པོ་ནས་བཅོམ་ ལྡན་འདས་ལ་ཡང་གླགས་ལྟ་ཞིང་། གླགས་ཚོལ། སེམས་ཅན་ཡང་དག་པར་བརྩོན་པ་རྣམས་ལ་ཡང་གཙེ་བའི་བསམ་པ་ཅན་ཡིན་གྱིས། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ཡང་དག་པར་བསམ་པར་བྱའོ། །དྲན་པས་བརྗོད་པར་བྱའོ་སྙམ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དག་པར་བསམས་ཏེ། དྲན་པས་གསལ་བར་ བརྗོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ཀྱིས་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར་བདུད་སྡིག་ཅན་དེ་དག་ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་ ལོག་གོ། །དེ་ནས་འཁོར་དེ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བར་དུ་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་དང་། ན་བཟའ་མང་པོ་མངོན་པར་སྤྲུལ་ ནས། བར་སྣང་གི་ནམ་མཁའ་ལ་འཁོད་བཞིན་དུ་བཅོམ་ལྡན་འདས་གང་ན་བ་དེར་གཏོར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ནས། ཚིག་འདི་སྐད་དུ་བརྗོད་དོ། ། 20-1-163b འཛམ་བུའི་གླིང་གི་མྱི་འདི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡུན་རིང་པོར་སྤྱོད་པར་གྱུར་ཅིག །འཛམ་བུའི་གླིང་གི་མྱི་འདི་དག་ཇི་སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་ཡང་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེའོ། ། འཛམ་བུའི་གླིང་གི་མྱི་རྣམས་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ ཁམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་ མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་ཞེའོ། །ཕྱོགས་གང་ན་རིགས་ཀྱི་ བུ་འམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་རིག་པར་བྱའོ། །ཕྱོགས་དེ་ནི་མགོན་དང་བཅས་ ཤིང་མུན་པ་དང་བྲལ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། འོག་མྱིན་གྱི་བར་གྱི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀེའུ་ཤི་ཀ་དེ་དེ་བཞིན་ ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྲིད་དུ་འཛམ་བུའི་གླིང་གི་མྱི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་ 20-1-164a པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་རོ། །ཕྱོགས་གང་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་ བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་ངས་ཤེས་སོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ། །དེ་ནས་ལྷའི་བུ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་ སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ཏེ། འདི་སྐད་ཀྱི་ཚིག་བརྗོད་དོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་བདུད་དམ། བདུད་ཀྱི་རིས་སུ་གཏོགས་པའི་ལྷས་ཀླགས་མྱི་རྙེད་དོ། །བཅོམ་ ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་རྟག་ཏུ་རྒྱུན་མྱི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ་ 20-1-164b རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ནི་སྟོན་པ་འམ། སྟོན་པ་དང་མཚུངས་ པ་ཙམ་དུ་བདག་ཅག་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི། དགེ་བའི་རྩ་བ་དམའ་བ་དང་ལྡན་པ་མ་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་ བགྱི་བ་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་འགྱུར་རོ། །བཅོམ་ལྡན་ འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་ཐམས་ 20-1-165a ཅད་མཁྱེན་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ལགས་ཏེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ ནོ། །དེ་དེ་བཞིན་ཏེ། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཏེ། དེ་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ ལས། ལེའུ་ཉི་ཤུ་གཅིག་གོ།། །། དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 20-1-165b པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་ནང་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཕྱི་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཆེན་པོ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་འདུས་བྱས་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་ པ་མ་མཛད། དེ་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་ པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མྱི་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མྱིང་ 20-1-166a ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་ དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཡང་དག་པར་སྤོང་བ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཀྱི་ མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དབང་པོ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྟོབས་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བྱང་ཆུབ་ཀྱི་ཡན་ ལག་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་ སུ་བརྗོད་པ་མཛད་པ་དེ་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བསམ་གཏན་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཚད་མྱེད་ པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་རྣམ་པར་ཐར་པ་བརྒྱད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མྱིང་ཡང་ཡོངས་ 20-1-166b སུ་བརྗོད་པ་མ་མཛད། དེ་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མངོན་པར་ཤེས་པ་རྣམས་ ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཏིང་ངེ་འཛིན་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་གཟུངས་ཀྱི་སྒོ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །ཇི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མྱི་འཇིགས་པ་བཞིའི་མྱིང་ཡང་ ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞིའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྙིང་རྗེ་ཆེན་པོའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། 20-1-167a སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་གི་ཐོག་མར་འགྲོ་བའོ། །ཀུན་ཏུ་འདྲེན་པའོ། །དགའ་བོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་ བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཅི་སྙམས་དུ་སེམས། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བཟོད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བརྩོན་འགྲུས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བསམ་ གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ 20-1-167b ལྟར་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་བཟོད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་བསམ་གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་ བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་ སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། 20-1-168a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་ སུ་བསྔོས་པའི་བརྩོན་འགྲུས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་ འགྲུས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པ་ ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་ པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་ པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས། ཚུལ་ 20-1-168b ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ པའི་བཟོད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་འགྲུས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་ གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བསམ་གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་ པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཉིས་སུ་མྱེད་པའི་ ཚུལ་དང་། ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། འདུ་ཤེས་གཉིས་སུ་མྱེད་པའི་ཚུལ་དང་། འདུ་བྱེད་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་ གཉིས་སུ་མྱེད་པའི་ཚུལ་དང་། རྣ་བ་གཉིས་སུ་མྱེད་པའི་ཚུལ་དང་། སྣ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་གཉིས་ སུ་མྱེད་པའི་ཚུལ་དང་། གཟུགས་གཉིས་སུ་མྱེད་པའི་ཚུལ་དང་། སྒྲ་གཉིས་སུ་མྱེད་པའི་ཚུལ་དང་། དྲི་གཉིས་སུ་མྱེད་པའི་ཚུལ་དང་། རོ་གཉིས་སུ་མྱེད་པའི་ཚུལ་དང་། རེག་གཉིས་སུ་ 20-1-169a མྱེད་པའི་ཚུལ་དང་། ཆོས་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་ཀྱི་རྣམ་པར་ ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ ཚུལ་དང་། ལྕེའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་ གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་ དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། སའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། ཆུའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། མྱེའི་ཁམས་ གཉིས་སུ་མྱེད་པའི་ཚུལ་དང་། རླུང་གི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། ནམ་མཁའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཤེས་པའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། 20-1-169b མ་རིག་པ་གཉིས་སུ་མྱེད་པའི་ཚུལ་དང་། འདུ་བྱེད་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིང་དང་གཟུགས་གཉིས་སུ་མྱེད་པའི་ཚུལ་དང་། སྐྱེ་ མཆེད་དྲུག་གཉིས་སུ་མྱེད་པའི་ཚུལ་དང་། རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། སྲེད་པ་གཉིས་སུ་མྱེད་པའི་ཚུལ་དང་། ལེན་པ་གཉིས་སུ་མྱེད་པའི་ ཚུལ་དང་། སྲིད་པ་གཉིས་སུ་མྱེད་པའི་ཚུལ་དང་། སྐྱེ་བ་གཉིས་སུ་མྱེད་པའི་ཚུལ་དང་། རྒ་ཤི་གཉིས་སུ་མྱེད་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། ནང་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཕྱི་སྟོང་པ་ ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། འདུས་མ་བྱས་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། མཐའ་ལས་ འདས་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། རང་བཞིན་ 20-1-170a སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། མྱི་དམྱིགས་ པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། ཡང་དག་པར་སྤོང་བ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་ པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། དབང་པོ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། སྟོབས་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཉིས་སུ་མྱེད་པའི་ཚུལ་དང་། འཕགས་པའི་བདེན་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། བསམ་གཏན་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། ཚད་ མྱེད་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཐར་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཉིས་སུ་མྱེད་པའི་ཚུལ་ དང་། མངོན་པར་ཤེས་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། ཏིང་ངེ་འཛིན་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། གཟུངས་ཀྱི་སྒོ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། དེ་བཞིན་ 20-1-170b གཤེགས་པའི་སྟོབས་བཅུ་གཉིས་སུ་མྱེད་པའི་ཚུལ་དང་། མྱི་འཇིགས་པ་བཞི་གཉིས་སུ་མྱེད་པའི་ཚུལ་དང་། སོ་སོ་ཡང་དག་པར་རིག་པ་བཞི་གཉིས་སུ་མྱེད་པའི་ཚུལ་དང་། སྙིང་རྗེ་ཆེན་ པོ་གཉིས་སུ་མྱེད་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གཉིས་སུ་མྱེད་པའི་ཚུལ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། དགྲ་བཅོམ་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། རང་བྱང་ཆུབ་གཉིས་སུ་ མྱེད་པའི་ཚུལ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མྱེད་པའི་ཚུལ་གྱིས་སོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་ དང་། ཇི་ལྟར་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུ་ཤེས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུ་བྱེད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་ པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣ་གཉིས་སུ་མ་མཆིས་ པའི་ཚུལ་དང་། ཇི་ལྟར་ལྕེ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྒྲ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དྲི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རོ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ 20-1-171a རེག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆོས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བའི་རྣམ་ པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་ རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ ལྟར་རྣ་བའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་ སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་ མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆུའི་ཁམས་ 20-1-171b གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱེའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རླུང་གི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ནམ་མཁའི་ཁམས་གཉིས་སུ་མ་ མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཤེས་པའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མ་རིག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུ་བྱེད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིང་དང་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྐྱེ་མཆེད་དྲུག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རེག་པ་གཉིས་སུ་མ་ མཆིས་པའི་ཚུལ་དང་། ཇི་ལྟར་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྲེད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལེན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྲིད་པ་གཉིས་སུ་མ་ མཆིས་པའི་ཚུལ་དང་། ཇི་ལྟར་སྐྱེ་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྒ་ཤི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་ མ་མཆིས་པའི་ཚུལ་དང་། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ནང་སྟོང་པ་ཉིད་ གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱི་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ 20-1-172a གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆེན་པོ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུས་ བྱས་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ ཚུལ་དང་། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རང་བཞིན་སྟོང་པ་ཉིད་ གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་དམྱིགས་ པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་ དང་། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡང་དག་ པར་སྤོང་བ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དབང་པོ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྟོབས་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ 20-1-172b གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འཕགས་པའི་བདེན་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བསམ་གཏན་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚད་མྱེད་ པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཐར་པ་བརྒྱད་གཉིས་སུ་མ་མཆིས་ པའི་ཚུལ་དང་། ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མངོན་པར་ཤེས་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཏིང་ངེ་འཛིན་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་གཟུངས་ ཀྱི་སྒོ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་འཇིགས་པ་བཞི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྙིང་རྗེ་ཆེན་པོ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གཉིས་ སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱིར་ མྱི་འོང་བའི་འབྲས་བུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དགྲ་བཅོམ་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རང་བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལམ་གྱི་ 20-1-173a རྣམ་པ་ཤེས་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚོར་བ་ནི་ཚོར་བས་སྟོང་ སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་ ཤེས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་བྱེད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་ དེ་གཉིས་སུ་བྱར་མྱེད་དོ། །མྱིག་ནི་མྱིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བ་ནི་རྣ་བས་སྟོང་ སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣ་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣ་ནི་སྣས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་ 20-1-173b གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེ་ནི་ལྕེས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ནི་ལུས་ ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ནི་ཡིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་དང་ ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་ སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྒྲ་ནི་སྒྲས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྒྲ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དྲི་ནི་དྲིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་དྲི་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རོ་ནི་རོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རོ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་ མྱེད་དེ་གཉིས་སུ་བྱར་མྱེད་དོ། །རེག་ནི་རེག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རེག་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆོས་ནི་ཆོས་ ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་ པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་ 20-1-174a བའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣའི་རྣམ་པར་ཤེས་པ་ནི་སྣའི་ རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་ སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ ན། དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ ཀྱི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ནི་མྱིག་གི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་ པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པ་དང་ཕ་རོལ་ཏུ་ ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་ མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ 20-1-174b ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ ཀྱི་འདུས་ཏེ་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་ དེ་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕ་རོལ་ ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། ཡིད་ཀྱི་ 20-1-175a འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སའི་ཁམས་ནི་སའི་ ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སའི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་ཆུའི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱེའི་ཁམས་ནི་མྱེའི་ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱེའི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་ འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རླུང་གི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་ མྱེད་དོ། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ནམ་མཁའི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་ ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མ་རིག་པ་ནི་མ་རིག་པས་ སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མ་རིག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་ བྱེད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་ 20-1-175b བྱར་མྱེད་དོ། །མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་མྱིང་དང་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་ སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རེག་པ་ནི་རེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་ དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚོར་བ་ནི་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྲེད་པ་ནི་སྲེད་པས་སྟོང་སྟེ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་སྲེད་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལེན་པ་ནི་ལེན་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལེན་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་ མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྲིད་པ་ནི་སྲིད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྲིད་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྐྱེ་བ་ནི་སྐྱེ་བས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་སྐྱེ་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྒ་ཤི་ནི་རྒ་ཤིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྒ་ཤི་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་དོ། །ནང་སྟོང་པ་ཉིད་ནི་ནང་སྟོང་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ནང་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱི་སྟོང་པ་ཉིད་ནི་ ཕྱི་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱི་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ 20-1-176a ནི་འདི་ལྟར་ཕྱི་ནང་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་ པ་ཉིད་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆེན་པོ་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་ དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དོན་དམ་པ་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་ སུ་བྱར་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ནི་འདི་ལྟར་འདུས་བྱས་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་ མ་བྱས་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུས་མ་བྱས་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་ སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ 20-1-176b ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ ཆོས་ཐམས་ཅད་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ ཉིད་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་ 20-1-177a དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་ དོ། །དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབང་པོ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་སྟོབས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལམ་ནི་ལམ་གྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལམ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་དང་ཕ་རོལ་ཏུ་ ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་རྣམས་དང་ཕ་རོལ་ཏུ་ཕྱིན་ པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚད་མྱེད་པ་རྣམས་ནི་ཚད་མྱེད་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚད་མྱེད་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་མྱེད་ 20-1-177b པའི་སྙོམས་པར་འཇུག་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཐར་ པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་ཕ་རོལ་ཏུ་ཕྱིན་པ་ འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་དོ། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཏིང་ངེ་འཛིན་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུངས་ཀྱི་སྒོ་རྣམ་ ནི་གཟུངས་ཀྱི་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་ 20-1-178a རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱི་འཇིགས་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་ པར་རིག་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་ སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་སྟེ། དེ་ ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་ སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་ཕྱིར་མྱི་འོང་བའི་འབྲས་བུས་ སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་དགྲ་བཅོམ་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་བྱང་ 20-1-178b ཆུབ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དགའ་བོ་དེ་ལྟ་བས་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ཐོག་མར་འགྲོ་བ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཉིད་དོ། །འཕགས་པའི་བདེན་པ་བཞིའི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །བསམ་གཏན་བཞིའི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཚད་མྱེད་ པ་བཞིའི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །རྣམ་པར་ཐར་པ་ བརྒྱད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-179a ཕྱིན་པ་ཉིད་དོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་ གཤེགས་པའི་སྟོབས་བཅུའི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །མྱི་འཇིགས་པ་བཞིའི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་ཐོག་ མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སྙིང་རྗེ་ཆེན་པོའི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དགའ་བོ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་ས་བོན་བཏབ་པ། རྒྱུ་རྐྱེན་ཚོགས་པར་གྱུར་ནས། རྣམ་པར་འཕེལ་ བར་འགྱུར་བ་ཡང་། ས་ཆེན་པོ་ནི་དེ་དག་གི་གནས་ཏེ། ས་ཆེན་པོ་ལ་བརྟེན་ཅིང་ས་བོན་དེ་དག་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་རྣམ་པར་ འཕེལ་ལོ། །ནང་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཕྱི་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཕྱི་ནང་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཆེན་པོ་སྟོང་པ་ཉིད་རྣམ་པར་འཕེལ་ ལོ། །དོན་དམ་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །འདུས་བྱས་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཐོག་ 20-1-179b མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །རང་བཞིན་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །རང་གི་མཚན་ཉིད་སྟོང་ པ་ཉིད་རྣམ་པར་འཕེལ་ལོ། །མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་རྣམ་པར་འཕེལ་ལོ། །དྲན་པ་ཉེ་བར་གཞག་པ་རྣམས་རྣམ་པར་འཕེལ་ལོ། །ཡང་དག་པར་སྤོང་བ་རྣམས་རྣམ་པར་འཕེལ་ལོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་འཕེལ་ལོ། །དབང་པོ་རྣམས་རྣམ་པར་ འཕེལ་ལོ། །སྟོབས་རྣམས་རྣམ་པར་འཕེལ་ལོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་ལོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་རྣམ་པར་འཕེལ་ལོ། །འཕགས་པའི་བདེན་པ་རྣམས་རྣམ་པར་ འཕེལ་ལོ། །བསམ་གཏན་རྣམས་རྣམ་པར་འཕེལ་ལོ། །ཚད་མྱེད་པ་རྣམས་རྣམ་པར་འཕེལ་ལོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཕེལ་ལོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་ འཕེལ་ལོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཕེལ་ལོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་འཕེལ་ལོ། །མངོན་པར་ཤེས་པ་ རྣམས་རྣམ་པར་འཕེལ་ལོ། །ཏིང་ངེ་འཛིན་རྣམས་རྣམ་པར་འཕེལ་ལོ། །གཟུངས་ཀྱི་སྒོ་རྣམས་རྣམ་པར་འཕེལ་ལོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཕེལ་ལོ། །མྱི་འཇིགས་པ་བཞི་ རྣམ་པར་འཕེལ་ལོ། །སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་འཕེལ་ལོ། །སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་ལོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་འཕེལ་ལོ། །ཐམས་ཅད་ཤེས་པ་ཉིད་རྣམ་པར་ 20-1-180a འཕེལ་ལོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ཏེ། དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། སྟོང་པ་ཉིད་ཐམས་ཅད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། དྲན་པ་ཉེ་བར་གཞག་པ་བཞི་རྣམ་ པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། ཡང་དག་པར་སྤོང་བ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་ པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། དབང་པོ་ལྔ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། སྟོབས་ལྔ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ལ་བརྟེན་ཅིང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཕེལ་ལོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། འཕགས་པའི་བདེན་པ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། བསམ་གཏན་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ལ་བརྟེན་ཅིང་། ཚད་མྱེད་པ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། རྣམ་པར་ཐར་པ་བརྒྱད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་འཕེལ་ 20-1-180b ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། མངོན་པར་ཤེས་པ་རྣམས་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། ཏིང་ངེ་འཛིན་རྣམས་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། གཟུངས་ཀྱི་སྒོ་རྣམས་རྣམ་ པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། མྱི་འཇིགས་པ་བཞི་རྣམ་པར་ འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་ལོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། ཐམས་ཅད་ཤེས་པ་ཉིད་རྣམ་པར་འཕེལ་ ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་རྣམ་པར་འཕེལ་ལོ། །དགའ་བོ་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་སྒྲུབ་པའོ། །སྟོང་པ་ཉིད་ཐམས་ཅད་ ཡོངས་སུ་སྒྲུབ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་སྒྲུབ་པའོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་སྒྲུབ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་སྒྲུབ་པའོ། །དབང་པོ་ལྔ་ཡོངས་སུ་སྒྲུབ་ 20-1-181a པའོ། །སྟོབས་ལྔ་ཡོངས་སུ་སྒྲུབ་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་སྒྲུབ་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྒྲུབ་པའོ། །འཕགས་པའི་བདེན་པ་བཞི་ཡོངས་ སུ་སྒྲུབ་པའོ། །བསམ་གཏན་བཞི་ཡོངས་སུ་སྒྲུབ་པའོ། །ཚད་མྱེད་པ་བཞི་ཡོངས་སུ་སྒྲུབ་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་སྒྲུབ་པའོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་སྒྲུབ་ པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་སྒྲུབ་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་སྒྲུབ་པའོ། །མངོན་པར་ཤེས་ པ་རྣམས་ཡོངས་སུ་སྒྲུབ་པའོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་སྒྲུབ་པའོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་སྒྲུབ་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་སྒྲུབ་པའོ། །མྱི་འཇིགས་པ་བཞི་ ཡོངས་སུ་སྒྲུབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་སྒྲུབ་པའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་སྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་སྒྲུབ་པའོ། །ཐམས་ཅད་ཤེས་པ་ ཉིད་ཡོངས་སུ་སྒྲུབ་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་སྒྲུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྒྲུབ་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་བདག་གིས། བཅོམ་ལྡན་འདས་ ལས་ཐོས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡོངས་སུ་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ 20-1-181b པའི་ཡོན་ཏན་གང་ཇི་སྙེད་ཅིག་མཆིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་གང་ཇི་སྙེད་ཅིག་བདག་གིས་བཅོམ་ལྡན་འདས་ལས་བཟུང་སྟེ། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་ བགྱིས་པ་དང་། སྤེལ་བ་དེ་དག་ཐམས་ཅད་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། སྤེལ་བ་དང་། ཚུལ་བཞིན་དུ་ཡིད་ ལ་བགྱིས་པས་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །ཕྱི་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་ 20-1-182a བར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །དབང་པོ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོབས་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་ 20-1-182b རོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་འཇིག་རྟེན་ན་མཆིས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །མཚེ་མའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །དགའ་ལྡན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །འཕྲུལ་དགའི་ལྷ་ རྣམས་འཇིག་རྟེན་ན་མཆིས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཚངས་རིགས་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། ། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཚངས་ཆེན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཆུང་སྣང་གི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། ། ཚད་མྱེད་སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཀུན་སྣང་དང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །དགེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཆུང་དགེའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཚད་མྱེད་ དགེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཆུང་ཆེའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ 20-1-183a འཇིག་རྟེན་ན་མཆིས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །མྱི་ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །མྱི་གདུང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །ཤིན་ཏུ་མཐོང་བའི་ ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །གྱ་ནོམ་སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །འོག་མྱིན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་བར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་ན་མཆིས་སོ། །ལན་ཅིག་ཕྱིར་འོང་བ་རྣམས་འཇིག་རྟེན་ན་ མཆིས་སོ། །ཕྱིར་མྱི་འོང་བ་རྣམས་འཇིག་རྟེན་ན་མཆིས་སོ། །དགྲ་བཅོམ་པ་རྣམས་འཇིག་རྟེན་ན་མཆིས་སོ། །རང་སངས་རྒྱས་རྣམས་འཇིག་རྟེན་ན་མཆིས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་འཇིག་རྟེན་ན་མཆིས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་ པས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དེའི་ཡོན་ཏན་ནི་དེར་ཟད་པར་ ཡང་མ་བཤད་དེ། ཀེའུ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ 20-1-183b ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མྱེད་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་ དེ་དག་ནི་ཏིང་ངེ་འཛིན་ཀྱི་ཕུང་པོ་ཚད་མྱེད་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི་ཤེས་རབ་ཀྱི་ཕུང་པོ་ཚད་མྱེད་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་ བྲལ་བར་བྱེད་པ་དེ་དག་ནི། རྣམ་པར་གྲོལ་བའི་ཕུང་པོ་ཚད་མྱེད་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་ དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མྱེད་ པ་དང་ལྡན་པར་འགྱུར་རོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ 20-1-184a པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་དོན་དུ་ཞུགས་པར་རིག་པར་བྱའོ། །ཀེའུ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། གང་ཡང་རིགས་ཀྱིས་བུ་འམ་རིགས་ཀྱི་ བུ་མོ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་པའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལས། ཀེའུ་ཤི་ཀ་ཚུལ་ཁྲིམས་ཀྱི་ ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འདི་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་ སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་ མྱི་འགྲོའོ། །རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས། སེམས་རྣམ་པར་གྲོལ་ཡང་ཆོས་གང་ཡང་ཡོངས་སུ་ཤེས་པ་མྱེད་ 20-1-184b དོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། གློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་དེ་ལ་རིམ་འགྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་ཚེ་འདི་ཉིད་དང་། ཚེ་རབས་ཕྱི་མ་ལ་ཡོན་ཏན་དེ་དག་རྣམ་པ་དེ་བཞིན་དུ་འཐོབ་པར་ངས་བཤད་དོ། །བརྒྱ་བྱིན་ཀྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བགྱིད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་ བགྱིད་པ་དང་། བཀུར་སྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་དེ་ལ་ནི་བདག་གིས་ཀྱང་རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་མང་པོ་དགའ་བའི་ཡིད་ཀྱིས་ཆོས་ཉན་པའི་ཕྱིར་ཉེ་བར་འོངས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པའི་ཚེ་ཡང་། ལྷའི་བུ་དེ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །ཆོས་སྨྲ་བ་དེ་དག་སྨྲ་བ་སྙོམས་པར་གྱུར་ན་ཡང་། ལྷའི་ 20-1-185a བུ་དེ་དག་ཆོས་ཀྱི་རིམ་གྲོར་དེ་ཉིད་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་ སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ། །ཀེའུ་ཤི་ཀ་གཞན་ཡང་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འཁོར་བཞི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཚེ། ལ་ལ་ཞིག་བདག་ལ་གླན་ཀ་ཚོལ་ཞིང་གླགས་ལྟ་བར་གྱུར་ཏུ་འོང་ངོ་ཞེས་བྱ་བར་ཞུམ་པ་མྱེད་པར་འགྱུར་རོ། །དེ་ ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། དགེ་བ་དང་མྱི་དགེ་བ་དང་། འདུས་བྱས་དང་། འདུས་ མ་བྱས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་གྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཐ་མྱི་དད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་དགེ་བའི་ཆོས་ ཐམས་ཅད་ཀྱི་གཏེར་ཡིན་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་། ནང་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་ 20-1-185b པ་དང་། ཆེན་པོ་སྟོང་པ་ཉིད་ལ་གནས་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་དང་། འདུས་བྱས་སྟོང་པ་ཉིད་ལ་གནས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ ལ་གནས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། རང་བཞིན་སྟོང་པ་ཉིད་ལ་གནས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་དང་། རང་ གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ལ་གནས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གླགས་བལྟ་བ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་གླགས་ལྟ་བ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གླགས་ལྟ་བར་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བའི་ཕྱིར། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་སུས་ ཀྱང་གླགས་བལྟ་བ་མྱེད་དོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ པ་དེའི་སེམས་ཞུམ་པར་མྱི་འགྱུར། ཡོངས་སུ་ཞུམ་པར་མྱི་འགྱུར། འཇིགས་པར་མྱི་འགྱུར། སྔང་བར་མྱི་འགྱུར། སྐྲག་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ དེ་དག་གིས་གང་ཞུམ་པར་འགྱུར་བ་འམ། ཡོངས་སུ་ཞུམ་པར་འགྱུར་བ་འམ། འཇིགས་པར་འགྱུར་བ་འམ། སྔང་བར་འགྱུར་བ་འམ། སྐྲག་པར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མ་མཐོང་ 20-1-186a བའི་ཕྱིར་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འགྱུར་ཏོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་ནི། ཕ་དང་མ་དང་། གཉེན་ བཤེས་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དག་གིས་དགོས་པར་བྱ་བ་ཡིན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མྱི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་ཏུ་ཞུགས་པ་གང་ཇི་སྙེད་ཡོད་པ་དེ་དག་གིས་ཀྱང་དགོས་ཤིང་ ཡིད་དུ་འོང་བར་བྱ་བ་ཡིན། འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པས་ཀྱང་ 20-1-186b དགོས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། སྤོབས་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་ བ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ནང་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཕྱི་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཕྱི་ནང་སྟོང་པ་ཉིད་སྒོམ་པ་ མྱི་འཕྲོགས་པར་འགྱུར་བ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཆེན་པོ་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དོན་དམ་པ་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་ པར་འགྱུར་བ་ཡིན། འདུས་བྱས་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་ པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རང་བཞིན་སྟོང་པ་ཉིད་སྒོམ་ པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ 20-1-187a སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དྲན་པ་ཉེ་བར་གཞག་པ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཡང་དག་པར་སྤོང་བ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རྫུ་འཕྲུལ་གྱི་རྐང་པ་སྒོམ་ པ་མྱི་འཕྲོགས་པར་འགྱུར་བ་ཡིན། དབང་པོ་ལྔ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སྟོབས་ལྔ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། འཕགས་པའི་བདེན་པ་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བསམ་གཏན་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་ བ་ཡིན། ཚད་མྱེད་པ་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རྣམ་པར་ཐར་པ་བརྒྱད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པ་མྱི་འཕྲོགས་པར་འགྱུར་ བ་ཡིན། མངོན་པར་ཤེས་པ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཏིང་ངེ་འཛིན་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། གཟུངས་ཀྱི་སྒོ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། དེ་བཞིན་གཤེགས་པའི་ སྟོབས་བཅུ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། མྱི་འཇིགས་པ་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སྙིང་རྗེ་ཆེན་པོ་ སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། 20-1-187b སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། གཞན་གྱིས་ཕྱིར་བརྒལ་པ་ཇི་སྙེད་བྱུང་བ་ཡང་ཆོས་དང་འཐུན་ བར་ལན་གདབ་པའི་མཐུ་ཡོད་པ་ཡིན་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེས་ཚེ། འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་ བྱས་ཏེ། འཆང་བ་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་ སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 20-1-188a དུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་ སོ། །གནས་གཙང་མའི་རིས་མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་ དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །ཀེའུ་ཤི་ཀ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་ དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷའི་བུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། གནས་གཙང་མའི་རིས་མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ ནོམ་སྣང་བ་དང་། འོང་མྱིན་གྱི་ལྷ་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བར་བྱ་བ་མང་པོ་དག་ ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །ཀེའུ་ཤི་ཀ་དེ་ལ་རིགས་ཀྱི་བུ་འམ་ 20-1-188b རིགས་ཀྱི་བུ་མོ་དེ་དག་གིས་ཀྱང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་ དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་ཀྱི་ལྷའི་བུ་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་ དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ ཞུགས་པ་དང་། གནས་བཙང་མའི་རིས་མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། མཆོད་པར་བྱ་བའི་ ཕྱིར་ལྷགས་པ་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱས་ཏེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་ དང་། མཆོད་པ་བྱས་ཤིང་ཕྱག་བྱས་ཏེ། གདུད་པ་བྱས་ནས་ཕྱིར་འདོང་ངོ་། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། 20-1-189a ཚངས་ཆེན་དང་། ཆུང་སྣང་དང་། སྣང་བ་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷའི་བུ་དག་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་དང་། ཚངས་ པ་ཀུན་འཁོར་གྱི་ལྷ་དང་། ཚངས་ཆེན་གྱི་ལྷ་དང་། སྣང་བའི་ལྷ་དང་། ཆུང་སྣང་གི་ལྷ་དང་། ཚད་མྱེད་སྣང་བའི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་བའི་ལྷ་དང་། ཆུང་དགེའི་ལྷ་དང་། ཚད་མྱེད་དགེ་བའི་ལྷ་ དང་། དགེ་རྒྱས་ཀྱི་ལྷ་དང་། ཆེ་བའི་ལྷ་དང་། ཆུང་ཆེའི་ལྷ་དང་། ཚད་མྱེད་ཆེ་བའི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། མྱི་ཆེ་བའི་ལྷ་དང་། མྱི་གདུང་བའི་ལྷ་དང་། ཤིན་ཏུ་མཐོང་བའི་ལྷ་དང་། གྱ་ནོམ་སྣང་ བའི་ལྷ་དང་། འོག་མྱིན་གྱི་ལྷ་དེ་དག་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དེ། ཀེའུ་ཤི་ཀ་དེ་ལ་ལས་ཀྱི་རྣམ་པར་སྨྱིན་པ་མ་གཏོགས་པར་གླགས་ལྟ་བ་རྣམས་ཀྱིས་ཀྱང་གླགས་མྱི་རྙེད་དེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཚེ་འདིའི་ཡོན་ཏན་དེ་ལྟ་བུ་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ། །ལྷའི་བུ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ དེ་དག་ཀྱང་དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་བྱ་བའི་དོན་དུ་འདོང་བར་སེམས་ཏེ། དེ་ཅིའི་ 20-1-189b ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་ཏུ་ཉེ་བར་གནས་པར་བྱ་བའི་ཕྱིར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་དེས་འདིར་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་མཚེ་ མའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་དགའ་ལྡན་གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་འཕྲུལ་དགའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་གཞན་འཕྲུལ་དབང་བྱེད་ཀྱི་ ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚངས་རིས་ཀྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚངས་པ་ཀུན་འཁོར་ གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚངས་རིས་ཀྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་སྣང་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཆུང་སྣང་གི་ལྷ་རྣམས་འོངས་སོ་ཞེས་ བགྱི་བ་དང་། འདིར་ཚད་མྱེད་སྣང་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཀུན་སྣང་དང་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་དགེ་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། 20-1-190a འདིར་ཆུང་དགེའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚད་མྱེད་དགེ་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་དགེ་རྒྱས་ཀྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཆེ་བའི་ལྷ་ རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཆུང་ཆེ་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཚད་མྱེད་ཆེ་བའི་ལྷ་རྣམས་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་འབྲས་བུ་ཆེ་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་ བ་དང་། འདིར་མྱི་ཆེ་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་མྱི་གདུང་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་ཤིན་ཏུ་མཐོང་བའི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་གྱ་ནོམ་སྣང་བའི་ལྷ་ རྣམས་འོངས་སོ་ཞེས་བགྱི་བ་དང་། འདིར་འོག་མྱིན་གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བར་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ དུ་བཞག་པར་སྣང་བ་ཆེན་པོ་འབྱུང་བར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་མཐོང་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་འདིར་ནི་ལྷ་མཐུ་བོ་ཆེ་མཐུ་ཆེན་པོ་རྫུ་འཕྲུལ་ཆེ་བ། དབང་ཆེ་བ། གཟི་བརྗིད་ཆེ་བ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། བཅངས་པ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པ་བྱ་བའི་ ཕྱིར་ལྷགས་སོ་ཞེས་བྱ་བ་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཀེའུ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཙང་སྦྲའི་སྤྱོད་པ་དང་ལྡན་ན། དེའི་གཙང་སྦྲའི་སྤྱོད་པ་དེས་ལྷ་དེ་དག་ཀྱང་ཉེ་བར་ འོངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པ་བྱས་ནས། ཤིན་ཏུ་དགའ་བའི་ 20-1-190b ཡིད་དུ་འགྱུར་རོ། །གནས་དེ་ན་ལྷ་མཐུ་ཆུང་ངུ་ཇི་སྙེད་ཅིག་གནས་པ་དེ་དག་ཀྱང་ལྷ་མཐུ་བོ་ཆེ་མཐུ་ཆེན་པོ་དེ་དག་གི་གཟི་བརྗིད་དང་དཔལ་དང་ཟིལ་མྱི་བཟོད་པའི་ཕྱིའི་གནས་དེ་ནས་གུད་དུ་འདོང་བར་སེམས་སོ། །ཇི་ལྟ་ཇི་ ལྟར་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ་རྫུ་འཕྲུལ་ཆེ་བ། དབང་ཆེ་བ། གཟི་བརྗིད་ཆེ་བ། དེ་དག་ཉེ་བར་འོང་བར་སེམས་པ་དེ་ལྟ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་ རོ། །དེའི་གནས་ཀྱི་འཁོར་ཀུན་ཏུ་ཡང་གཙང་སྦྲ་མྱེད་པའི་སྤྱོད་པ་མྱི་རྒྱུ་བར་བྱ་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པའི་ལས་ཀྱི་ཕྱིར། དེའི་འཁོར་ཀྱི་ས་ ཡང་སྤོས་ཆུའི་ཆག་ཆག་གིས་གདབ་བོ། །མེ་ཏོག་དང་། སྤོས་ཀྱིས་གཏོར་ཏོ། །བདུག་སྤོས་འཐུལ་བའི་སྣོད་བཞག་གོ། །དར་གྱི་ལྡ་ལྡི་དང་། གོས་གྱི་བླ་རེ་བྲེའོ། །སའི་ཕྱོགས་རྣམ་པ་དུ་མས་བརྒྱན་པར་བྱའོ། །ཀེའུ་ ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་ངལ་ཞིང་ཆད་པར་འགྱུར་བ་མྱེད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་ལུས་བདེ་བ་དང་། ལུས་ཡང་བ་དང་། ལུས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེ་ནི་སེམས་བདེ་བ་དང་། སེམས་ཡང་བ་དང་། སེམས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ནུབ་མོ་ཉལ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསམ་པས་མོས་པར་ བྱས་ན། སྡིག་ཏོའི་རྨྱི་ལམ་མཐོང་བར་མྱི་འགྱུར་རོ། །དེས་མཐོང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་ཆེན་པོའི་མཚན་གསུམ་བཅུ་རྩ་གཉིས་མངའ་བ། དཔེའ་བྱད་བཟང་པོ་བརྒྱད་ཅུས་ཀུན་ཏུ་བརྒྱན་པ། སྐུ་གསེར་གྱི་མདོག་ཏུ་བཞུགས་པ། དགེ་སློང་གི་དགེ་བདུན་གྱིས་ཀུན་ནས་བསྐོར་བ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་བ། ཆོས་སྟོན་པ་ 20-1-191a མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་ལས་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་ དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་ བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་ པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ 20-1-191b ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་ འགྱུར་རོ། །ནང་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་ རོ། །སྟོང་པ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་ པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དེའི་དོན་ རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་ རོ། །རང་བཞིན་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ 20-1-192a ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། ངོ་བོ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་གི་དོན་ རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། དབང་པོ་ལྔ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སྟོབས་ལྔ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ ཐོས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། བསམ་གཏན་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཚད་མྱེད་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་པོ་ དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་གི་དོན་རྣམ་ པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མངོན་པར་ཤེས་པ་དེ་དག་གི་དོན་རྣམ་ 20-1-192b པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཏིང་ངེ་འཛིན་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །གཟུངས་ཀྱི་སྒོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ སྟོབས་བཅུ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མྱི་འཇིགས་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་ བ་ཡང་ཐོས་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་ཡང་མཐོང་བར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་མངོན་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་ཆོས་ཡང་དག་པར་འགྲོ་བ་ མྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་བསྒྲུབ་པར་བྱའོ། །སེམས་ཅན་མང་པོ་ནི་འདི་ལྟར་ཡོངས་སུ་སྨྱིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟར་ཡོངས་སུ་བཟུང་བར་བྱའོ། །བདུད་ འཁོར་དང་བཅས་པ་ནི་འདི་ལྟར་ཕམ་པར་བྱའོ་ཞེས་ཟེར་བ་དག་ཀྱང་མཐོང་བར་འགྱུར། ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་ 20-1-193a སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་པའི་སྒྲ་ཐོས་པར་འགྱུར་རོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་ རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཤར་ཀྱི་ཕྱོགས་མཚམས་ ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ 20-1-193b ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་ འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་ སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་ རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་ དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་ 20-1-194a སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སངས་ རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་ རོ། །ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་འདའ་བ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ། བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་ 20-1-194b བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་ པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་ པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་ རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །བྱང་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་ བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ མཆོད་རྟེན་དེ་དག་ལ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་ བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་ 20-1-195a མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་ གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་ དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་ དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་ 20-1-195b སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་ བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་ མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་ མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ ཆེ་སྣ་བདུན་ལས་བྱས་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་ བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཀེའུ་ཤི་ཀ་དེ་ལྟར་ 20-1-196a རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་རྨྱི་ལམ་བཟང་པོ་འདི་ལྟ་བུ་དག་མཐོང་བར་འགྱུར་ཏེ། དེ་དག་བདེ་བར་ཉལ་ཞིང་བདེ་བར་ལྡང་བར་འགྱུར་རོ། །དེའི་ལུས་ཀྱང་མདངས་དང་ལྡན་པར་འགྱུར། ལུས་ལ་ཡང་བའི་ཉམས་ཡོད་པར་འགྱུར་ལྕི་བའི་ཉམས་མྱེད་པར་འགྱུར་དེ་ཟས་ལ་ཆེས་ཆགས་པ་མྱེད་པར་འགྱུར། གོས་ལ་ཆགས་པ་མྱེད་པར་འགྱུར། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ལ་ཆགས་པ་མྱེད་པར་འགྱུར། ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར། གོས་ཀྱི་འདུ་ཤེས་ཆུང་བར་འགྱུར། ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་ཀྱི་འདུ་ཤེས་ཀྱང་ཆུང་བར་འགྱུར་རོ། །ཀེའུ་ཤི་ཀ་དེ་ནི་འདི་ལྟར་དཔེར་ན། རྣལ་འབྱོར་ལ་སྤྱོད་པའི་དགེ་སློང་ ཏིང་ངེ་འཛིན་ལས་ལངས་པའི་སེམས་ཡིད་ལ་བྱ་བས་ཡོངས་སུ་བརླན་པ་ལ་ཟས་ལ་ཆེར་ཆགས་པ་མྱེད་པ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་ཡིན། ཀེའུ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ དེ་དག་ཀྱང་ཟས་ལ་ཆེར་ཆགས་པ་མྱེད་པར་འགྱུར་རོ། །ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མྱི་མ་ཡིན་པ་རྣམས་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་ 20-1-196b པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ ལུས་ལ་མདངས་ཉེ་བར་སྒྲུབ་བོ། །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་ དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ལྷོ་ནུབ་ ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་ དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་ དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་ 20-1-197a བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚེ་འདི་ཉིད་ལ་ཡོན་ ཏན་འདི་དག་ཡོངས་སུ་བཟུང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་ཏུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་ དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མྱི་འབྲལ་བར་བྱའོ། །ཀེའུ་ཤི་ཀ་དེ་སྟེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཟུང་མ་བཅངས་ མ་བླགས། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ན་ཡང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་ བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་བསྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་ བྱའོ། །ཀེའུ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བའི་དོན་ཏུ་ཞུགས་པ་ཡིན། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་ 20-1-197b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་ཚུལ་བཞིན་དུ་ཡིད་ལ་བྱ་བ་བྱེད་ཅིང་དེ་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་ དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་བསྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ ནམས་ཆེས་མང་དུ་འཕེལ་གྱི། ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་ པ་རྣམས་ལ་ནམ་འཚོའི་བར་དུ་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བརྩིགས་ ཏེ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་ བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པས་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་གཉིས་སོ།། །། དེ་ནས་བཅོམ་ལྡན་འདས་ ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀེའུ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་འདི། དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་ཞིག་ཀྱང་རྙེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ 20-1-198a གླེགས་བམ་དུ་བྲིས་པ་ཤིག་ཀྱང་ལ་ལས་བྱིན་ན། དེ་ལས་གང་བླང་བར་བྱ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཛམ་བུ་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ བྱུར་བུར་བལྟམ་པ་ཞིག་ཀྱང་ལ་ལས་སྩལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་སྩལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བདག་གིས་བླང་བར་བགྱིའོ། །དེ་ ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་རིམ་གྲོར་མ་མཆིས་པ་ཡང་མ་ལགས། མྱི་རྟོན་པ་ཡང་མ་ལགས། འདུན་པར་མྱི་བགྱིད་པ་ཡང་མ་ལགས་ ཏེ། བཅོམ་ལྡན་འདས་བདག་ན་དེ་བཞིན་གཤེགས་པའི་སྐུ་གདུང་ལ་རིམ་གྲོར་བགྱི་བར་མྱི་འཚལ་བ་འམ། བཀུར་བསྟིར་བགྱི་བར་མྱི་འཚལ་བ་འམ། ཕུ་དུད་དུ་བགྱི་བར་མྱི་འཚལ་བ་འམ། མཆོད་ པར་བགྱི་བ་མྱི་འཚལ་བ་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་ གདུང་རྣམས་ཀྱང་རིམ་གྲོར་བགྱི་བ་ལགས། བཀུར་བསྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས། སྐུ་གདུང་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་པས། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མཆོད་པ་མངའ་བ་ལགས་ཏེ། བཅོམ་ལྡན་འདས་ནམ་བདག་དེ་བཞིན་གཤེགས་པའི་སྐུ་གདུང་ལ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་ བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་ 20-1-198b སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད་ཅིང་། བཀུར་བསྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པའི་ཚེ་ཡང་དེ་བཞིན་གཤེགས་པའི་སྐུ་གདུང་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལས་བྱུང་བ་ལགས་པས་ན། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས་ པས་བསྲུང་ཞིང་རིམ་གྲོར་དང་། བཀུར་བསྟི་དང་། ཕུ་དུད་དང་། མཆོད་པ་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀེའུ་ཤི་ཀ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུང་དུ་མྱེད་པ། གཟུགས་མྱེད་པ་བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པ་ཡིན་ན། དེ་ལ་ཁྱོད་ཇི་ལྟར་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མྱེད་པ། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པ་ལ་གཟུང་བར་སེམས། དེ་ཅིའི་ཕྱིར་ཞེ་ ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཛིན་པ་དང་། དོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན། འགྲིབ་པའི་ཕྱིར་མ་ཡིན། འཕེལ་བའི་ཕྱིར་མ་ཡིན། བསྐྱེད་པའི་ཕྱིར་མ་ཡིན། བསྐྱུད་ པའི་ཕྱིར་མ་ཡིན། དབྲི་བའི་ཕྱིར་མ་ཡིན། བསྣན་པའི་ཕྱིར་མ་ཡིན། ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཉན་ཐོས་ཀྱི་ཆོས་རྣམས་ 20-1-199a ཉེ་བར་སྒྲུབ་པ་མ་ཡིན། སློབ་པ་དང་མྱི་སློབ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་དབྱིངས་ཉེ་བར་ སྒྲུབ་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་ སྒྲུབ་པ་མ་ཡིན། ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆེན་ པོ་སྟོང་པ་ཉིད་ཉེ་བར་སྒྲུབ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཉེ་བར་ སྒྲུབ་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ ཉེ་བར་སྒྲུབ་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཡང་དག་པར་ 20-1-199b སྤོང་བ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དབང་པོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཚད་མྱེད་པ་ རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉེ་བར་སྒྲུབ་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཉེ་བར་ སྒྲུབ་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། མྱི་འཇིགས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོ་ཡང་དག་པར་རིག་ པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྙིང་རྗེ་ཆེན་པོ་ཉེ་བར་སྒྲུབ་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། དགྲ་བཅོམ་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བྱང་ཆུབ་ཉེ་བར་སྒྲུབ་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་ པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་ 20-1-200a གིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ རྣམས་ཉེ་བར་སྒྲུབ་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཉན་ཐོས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སློབ་པ་དང་མྱི་སློབ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་དབྱིངས་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་ པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཉེ་ བར་སྒྲུབ་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་ པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོར་བ་མྱེད་པ་སྟོང་ པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མྱི་དམྱིགས་པ་ 20-1-200b སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དྲན་ པ་ཉེ་བར་གཞག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དབང་པོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཚད་མྱེད་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྣམ་ པར་ཐར་པ་བརྒྱད་ཉེ་བར་སྒྲུབ་པ་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ ཉེ་བར་སྒྲུབ་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་ རྣམས་ཉེ་བར་སྒྲུབ་པ་མ་ཡིན། མྱི་འཇིགས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྙིང་རྗེ་ཆེན་པོ་ཉེ་བར་སྒྲུབ་པ་མ་ཡིན། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ཉེ་བར་སྒྲུབ་ 20-1-201a པ་མ་ཡིན། དགྲ་བཅོམ་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བྱང་ཆུབ་ཉེ་བར་སྒྲུབ་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་འདི་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་ སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་ བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀེའུ་ཤི་ཀ་ལེགས་ སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་ 20-1-201b པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཀེའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་ དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་ དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཚུལ་ཁྲིམས་ 20-1-202a ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ ལྟར་ཆོས་ཀྱི་དབྱིངས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་ སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་ སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ། གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ། གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ 20-1-202b ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་ དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ཀེའུ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཡང་དག་པའི་མཐའ་ལ་གཉིས་སུ་འདོད་ དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ 20-1-203a ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་ མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་ སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་ 20-1-203b དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀེའུ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་ སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་ལྔ་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ། དེ་ལ་བསླབས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ གང་གི་ཚེ་བདག་ཆོས་བཟང་པོའི་ལྷའི་འཁོར་དུ་བདག་ཉིད་ཀྱི་ལྷའི་དབང་པོའི་སྟན་ལ་མཆིས་པར་གྱུར་པ་དེའི་ཚེ། དེར་ལྷའི་བུ་གང་ཇི་སྙེད་ཅིག་བདག་གི་རིམ་གྲོ་ལ་མཆིས་པ་དེ་དག་ཀུན་ཀྱང་བདག་ལ་ 20-1-204a མཆོད་པར་བགྱིད་དེ། ནམ་བདག་དེར་མ་མཆིས་ཤིང་བསྟན་དེ་ལ་མ་མཆིས་པ་དེའི་ཚེ། ཡང་ལྷའི་བུ་དེ་དག་འཁོར་དེར་མཆིས་ཤིང་། ལྷའི་དབང་པོ་བརྒྱ་བྱིན་སྟན་འདི་ལ་འདུག་ཅིང་། སུམ་ བཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྟན་དེ་ལ་གཡས་ཕྱོགས་སུ་བསྐོར་བ་བགྱིས་ཤིང་། ཕྱག་འཚལ་ཏེ་སླར་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་བྲིས་ཤིང་འཆང་བ་དང་། ཁ་ཏོན་དུ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་ དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་བྱུང་ངོ་། །ཉན་ཐོས་དང་། རང་སངས་ རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བགྱི་ཞིང་འདུད་པ་བགྱིས་ནས། སླར་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྐུ་གདུང་རྣམས་མཆོད་པ་མངའ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པའི་སླད་དུ་མཆོད་པ་མངའ་སྟེ། དེ་ཅིའི་ སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞིར་ གྱུར་ཏོ། །རྒྱུར་གྱུར་ཏོ། །རྐྱེན་དུ་གྱུར་ཏོ། །ཡོངས་སུ་བསྒྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་བས་ན། ཆ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་གང་གི་ཚེ། 20-1-204b བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ། ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཁ་ཏོན་བགྱིད་པ་དེའི་ཚེ། འཇིགས་པ་འམ། བག་ཚ་བའི་མཚན་མ་ཙམ་ཡང་། ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་ སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་ མཆིས་པའོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་ མཆིས་པའོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས་རྟགས་མ་མཆིས་བརྗོད་དུ་མ་མཆིས་པ་སྟེ་བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་མཚན་མ་ མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས་བརྗོད་དུ་མ་མཆིས་ 20-1-205a པ་སྟེ། བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕྱི་ ནང་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་སྨོས་ སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་བྱས་ སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་མཚན་ མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། 20-1-205b བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་ སྟེ། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་ འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རང་ གི་མཚན་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མྱི་དམྱིགས་ པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་ 20-1-206a འདས་ཡང་དག་པར་སྤོང་བ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་ འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དབང་ པོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དབང་པོ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་ མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཚན་མ་མ་མཆིས་རྟགས་མ་མཆིས། བརྗོད་དུ་ མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་ མ་མཆིས་པ་སྟེ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། འཕགས་པའི་བདེན་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ ལྡན་འདས་བསམ་གཏན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་ 20-1-206b སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ ཐར་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མཚན་མ་མ་མཆིས། རྟགས་ མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་ མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་ དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་ 20-1-207a མཆིས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་ མཆིས་པ་སྟེ། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་མཚན་མ་མ་མཆིས་རྟགས་མ་མཆིས་བརྗོད་དུ་མ་མཆིས་པ་སྟེ། བཅོམ་ ལྡན་འདས་སྙིང་རྗེ་ཆེན་པོ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་ནི་མཚན་མ་མ་མཆིས་རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཐམས་ ཅད་ཤེས་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ 20-1-207b རྫོགས་པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་མྱི་ སྟོན་ཏེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པ་དེའི་སླད་དུ། དེ་བཞིན་གཤེགས་པས་ ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་སྟོན་ཏོ། །བཅོམ་ལྡན་འདས་གཞན་ཡང་ཤར་ ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ནུབ་ཕྱོགས་ཀྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷོ་ནུབ་ཀྱི་ཕྱོགས་ 20-1-208a མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་དང་། འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་མང་པོས་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། །མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་ བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པ་གསུངས་ཏེ། བཤད་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་བསྟན་པ་དེ་གཉིས་ཀྱང་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་ སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ། །འདི་ལས་བྱུང་བ་ ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་ དང་། ཆོས་རབ་ཏུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ 20-1-208b གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་རྒྱལ་ མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཤིང་། མྱེ་ ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱི་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་ དང་། མཆོད་པ་བགྱིས་པར་ཡང་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། ། བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བགྱིད་ཅིང་། གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེས་ནི། སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་ མཆིས་པར་བགྱིའོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་ རིག་པར་བགྱིའོ་དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་ཏོ། །འཆང་ངོ་། །ཀློག་གོ། །ཀུན་ཆུབ་པར་བགྱིད་དོ། །ཚུལ་བཞིན་དུ་ཡིད་ལ་བགྱིད་པ་བྲིས་པ་དེ་ལ་ཡང་མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་ན་ 20-1-209a བཟའ་དང་གདུགས་དང་རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད། བཀུར་སྟིར་བགྱིད། ཕུ་དུད་དུ་བགྱིད། མཆོད་པར་བགྱིད། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ འཇིག་པ་ཐམས་ཅད་ཞི་བར་བགྱིད་པའོ། །ནད་ཐམས་ཅད་རབ་ཏུ་སེལ་བའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་འཆང་བ་དང་། ཀློག་པ་དང་། ཀུན་ ཆུབ་པར་བགྱིད་པ་དང་། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིད་པ་དེས་ ནི། གང་ནས་ཀྱང་འཇིགས་པ་འབྱུང་བའི་དོགས་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ནོར་གྱི་བདག་པོ་ཞིག་འཇིགས་ནས་རྒྱལ་པོ་ལ་གནས་ཤིང་། རྒྱལ་པོ་ལ་རྟེན་ན། དེ་རྒྱལ་པོ་ལ་གནས་ཤིང་། རྒྱལ་ པོ་ལ་རྟེན་པས། སུས་འཇིགས་པ་དེ་དག་ཉིད་ཀྱང་དེ་ལ་རྟེན་པས། དེ་དག་གིས་འཇིགས་པར་མྱི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་དེ་ལྟར་གཤའ་སྟེ། གང་རྒྱལ་པོ་ལ་རྟེན་པ་ནི་མཐུ་དང་ལྡན་པ་ལ་རྟེན་པའོ། ། བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པས་ན། མཆོད་པ་མངའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་ པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པར་བལྟའོ། །བཅོམ་ལྡན་འདས་དེ་བས་ནི། བདག་གིས་ཆ་དེ་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བླང་བར་བགྱིའོ། །བཅོམ་ ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་སོ། །འདི་ལས་བྱུང་བ་ནི་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་ 20-1-209b པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་ལས་བྱུང་བ་ནི་མྱི་འཇིགས་པ་བཞིའོ། །འདི་ལས་བྱུང་བ་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་དོ། །འདི་ལས་བྱུང་བ་ནི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལས་བྱུང་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། དེ་དག་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། ། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། བཅོམ་ལྡན་འདས་གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁམས་སམ། རྒྱལ་པོའི་གནས་སམ། སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། དེ་བྲིས་ཤིང་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་དེ་དག་ཏུ་མྱི་འམ་མྱི་མ་ལགས་པ་གླགས་ལྟ་ཞིང་གླགས་ཚོལ་བ་རྣམས་ཀྱིས། གླགས་རྙེད་པར་མྱི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་ལས། ཐེག་པ་གང་ཡང་རུང་བས། མཐར་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོ་དང་ལྡན་པ་ སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། དེ་ལྟར་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་དོན་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཆིས་ པའི་འཇིག་རྟེན་གྱི་ཁམས་དེར་ནི། སངས་རྒྱས་བྱུང་བ་དང་འདྲ་བར་བལྟའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་མྱི་དཔོགས་རིན་ཆེན་ཅེས་བགྱི་བ་མཆིས་ཏེ། དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོའི་ 20-1-210a ཡོན་ཏན་གྱིས་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། ནོར་བུ་རིན་པོ་ཆེ་དེ་གང་དང་གང་དུ་བཞག་པ་དེར་མྱི་མ་ལགས་པ་རྣམས་ཀྱིས་གླགས་མྱི་རྙེད་དོ། །མྱི་མ་ལགས་པས་ཟིན་པའི་སྐྱེས་པ་འམ་བུད་མྱེད་ཀྱང་ ནོར་བུ་རིན་པོ་ཆེ་དེ་བསྟན་ན། མྱི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟིག་བརྗིད་མྱི་བཟོད་དེ། མྱུར་དུ་འཕོ་ཞིང་མྱི་གནས་སོ། །མཁྲིས་པས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། མཁྲིས་པ་དེ་ཡང་འབྱང་བར་འགྱུར་རོ། །རླུང་གིས་མནར་པའི་ལུས་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། རླུང་དེ་ཡང་འབྱང་བར་འགྱུར་རོ། །བད་ཀན་གྱིས་ནོན་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། བད་ཀན་ དེ་ཡང་ཞི་བར་འགྱུར་རོ། །འདུས་པའི་བྲོས་བཏབ་པའི་ལུས་ལ། ནོར་བུ་རིན་པོ་ཆེ་དེ་བཏགས་ན། འདུས་པའི་བྲོ་དེ་ཡང་ཞི་བར་འགྱུར་ཞིང་རྣམ་པར་མྱི་འཕེལ་ལོ། །ནུབ་མོ་ནི་སྣང་བར་བགྱིད་པའོ། །ཚ་བའི་དུས་ན་ནི་ ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་ཞུགས་པའི་ས་ཕྱོགས་དེ་བསིལ་བར་གྱུར་ཏོ། །གྲངས་བའི་དུས་ན་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞགས་པའི་ས་ཕྱོགས་དེ་དྲོ་བར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་སའི་ ཕྱོགས་གང་དུ་བཞག་པའི་ས་ཕྱོགས་དེ་ཡང་ཧ་ཅང་ཡང་མྱི་དྲོ། །ཧ་ཅང་ཡང་མྱི་གྲང་ཞིང་། རན་པ་ཕུན་སུམ་ཚོགས་པར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་སའི་ཕྱོགས་གང་དུ་བཞག་པའི་སའི་ཕྱོགས་དེར། སྦྲུལ་ལམ་སྡིག་པ་ལ་སྩོགས་པ་གདུག་པ་གཞན་དག་ཀྱང་རྒྱུ་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་སྐྱེས་པ་འམ། བུད་མྱེད་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པ་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་ན། དེས་དེ་མཐོང་མ་ཐག་ཏུ་དུག་དེ་ཡང་འབྱང་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི། ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། སྐྱེས་པ་འམ། བུད་མྱེད་ལ་ལ་ཞིག་འབྲུམ་བུས་བཏབ་ 20-1-210b བམ། མྱིག་རབ་རིབ་ཅན་དུ་གྱུར་ཏེ། མྱིག་གིས་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་ཅིག་བྱུང་བ་ལས་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་བཏགས་ན། དེ་དག་གི་འབྲུམ་བུ་ འམ། རབ་རིབ་བམ། མྱིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་དེ་དག་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཡོན་ཏན་གྱི་རྣམ་པ་ འདི་ལྟ་བུ་དག་དང་ཡང་ལྡན་ཏེ། གང་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། ཆབ་རྙོགས་པ་ཅན་གྱི་ནང་དུ་སྩལ་ན། དེའི་མོད་ལ་ཆབ་དེ་ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་ཞིང་ཁ་དོག་གཅིག་པར་འགྱུར་རོ། །གལ་ཏེ་ ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་སྔོན་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་སེར་པོས་བཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་དམར་པོས་བཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། གོས་དཀར་ པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། གོས་ལེབ་རྒན་གྱིས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་ འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། ཤེལ་གྱིས་ཁ་དོག་གི་གོས་ཀྱིས་དཀྲིས་ཏེ། ཆབ་ཀྱིས་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་དག་དང་གོས་གཞན་རྣམ་པ་སྣ་ཚོགས་ཀྱིས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །ཆབ་དེ་ལ་རྙོག་པ་མཆིས་པ་ཡང་ནོར་བུ་རིན་པོ་ཆེ་ཆེན་པོ་དེས་འདང་སྟེ། བཅོམ་ལྡན་འདས་ནོར་བུ་རིན་ 20-1-211a པོ་ཆེ་ཆེན་པོ་དེ་ནི། ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་དང་། གཞན་ཡང་རྣམ་པ་མང་པོ་དག་དང་ལྡན་ནོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ལྷ་རྫས་གྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ དང་འདྲ་བར་ཡོན་ཏན་ཐམས་ཅད་ཀྱིས་འབྱུང་གནས་སུ་གྱུར་པ་སྟེ། སྡིག་པ་ཐམས་ཅད་སེལ་བའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀེའུ་ཤི་ཀ་དེ་ཇི་སྙམ་དུ་ སེམས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལྷ་རྫས་ཤིག་ཡིན་ནམ། འོན་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འཛམ་བུ་གླིང་གི་མྱི་རྣམས་ལ་ཡང་ཡོད། བརྒྱ་བྱིན་གྱིས་སྨྲས་སོ། །བཙུན་པ་དགའ་བོ། །ནོར་བུ་རིན་པོ་ཆེ་ཆེན་པོ་ དེ་ནི་ལྷ་རྫས་ཏེ། བཙུན་པ་དགའ་བོ་འཛམ་བུའི་གླིང་གི་མྱི་རྣམས་ལ། ནོར་བུ་རིན་པོ་ཆེ་གང་ཡོད་པ་དེ་དག་ནི་ཆུང་ཞིང་ལྕི། ལྷ་རྫས་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཆེ་ཞིང་ཡང་སྟེ། འཛམ་བུའི་གླིང་གིས་ མྱི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་དེ་དག་ནི་ལྷ་རྫས་ལྟར་ཡན་ལག་དེ་དག་གིས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས་ནི། ལྷ་རྫས་ཀྱིས་ནོར་བུ་རིན་པོ་ཆེའི་གྲངས་སམ། ཆ་འམ་ བགྲང་བ་འམ། དཔེ་འམ། རྒྱུར་ཡང་ཉེ་བར་མྱི་འགྲོའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་སྣོད་ ལ་ལ་ཞིག་གི་ནང་དུ་སྩལ་སྩལ་པ་ལས། སྣོད་དེ་ནས་ཕྱུང་ཡང་སྣོད་དེ་ནི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་གྱིས་ཡིད་དུ་མཆིས་པར་འགྱུར་ཏེ། གཞན་ཡང་སྣོད་དེ་ལ་མོས་པ་བསྐྱེད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་མཆིས་པ་དེའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་ལུས་སམ། སེམས་ཀྱི་སྡུག་བསྔལ་དང་། གནོད་པ་མྱི་ལས་གྱུར་པ་འམ། མྱི་མ་ལགས་པ་ལས་གྱུར་པ་ཐམས་ 20-1-211b ཅད་ཀྱང་མ་མཆིས་པར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བགྱིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བླ་དགས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཅི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་ པའི་སྐུ་གདུང་དེ་དག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་ འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ 20-1-212a ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ནང་ སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཕྱི་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཕྱི་སྟོང་པ་ ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཕྱི་ནང་སྟོང་པ་ཉིད་ ཀྱི་སྣོད་དོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་སྟོང་ པ་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆེན་པོ་སྟོང་པ་ཉིད་གྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་ དེ་དག་ཀྱང་ཆེན་པོ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དོན་དམ་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་ གཤེགས་པའི་སྐུ་གདུང་དེ་དག་ཀྱང་དོན་དམ་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འདུས་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་འདུས་བྱས་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་ 20-1-212b མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྣོད་དོ། ། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དོར་བ་མྱེད་ པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རང་བཞིན་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་ གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་ 20-1-213a བརྗོད་པར་བགྱི་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དངོས་པོ་ མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མྱི་དམྱིགས་པ་སྟོང་པ་ཉིད་ ཀྱི་སྣོད་དོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དྲན་པ་ ཉེ་བར་གཞག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་བཞིའི་ཡོན་ཏན་ ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཡང་དག་པར་སྤོང་བ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཡང་དག་པར་སྤོང་བ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་ འདས་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྫུ་འཕྲུལ་གྱི་རྐང་པ་ 20-1-213b རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་དབང་པོ་ལྔའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དབང་པོ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དབང་པོ་ རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་སྟོབས་ལྔའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྟོབས་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། སྟོབས་ རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་ པའི་སྐུ་གདུང་དེ་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འཕགས་པའི་ལམ་ཡན་ལག་ བརྒྱད་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྣོད་དོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ ཅིག་བརྗོད་པར་བགྱི་སྟེ། འཕགས་པའི་བདེན་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། འཕགས་པའི་བདེན་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་བསམ་གཏན་ བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་གཏན་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། བསམ་གཏན་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཚད་མྱེད་པ་ བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཚད་མྱེད་པ་རྣམས་ཀྱིས་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཚད་མྱེད་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཟུགས་ 20-1-214a མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་ དག་ཀྱང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་པར་ཐར་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་ སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྣམ་པར་ཐར་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་པར་ཐར་པའི་སྒོ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་ གདུང་དེ་དག་ཀྱང་། རྣམ་པར་ཐར་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མངོན་པར་ཤེས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མངོན་པར་ཤེས་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཏིང་ངེ་འཛིན་རྣམས་ཀྱིས་ཡོན་ཏན་ནི་ཚད་ མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཏིང་ངེ་འཛིན་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། གཟུངས་ཀྱི་སྒོ་རྣམས་ 20-1-214b ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། གཟུངས་ཀྱི་སྒོ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་ བགྱི་སྟེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་མྱི་ འཇིགས་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མྱི་འཇིགས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མྱི་འཇིགས་པ་རྣམས་ཀྱི་སྣོད་དོ། ། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སོ་སོ་ཡང་དག་པར་རིགས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་ དག་ཀྱང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྙིང་རྗེ་ཆེན་པོའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་ གདུང་དེ་དག་ཀྱང་། སྙིང་རྗེ་ཆེན་པོའི་སྣོད་དོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་ བགྱི་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཐམས་ཅད་ཤེས་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་ 20-1-215a པ་ཉིད་ཀྱི་ཡོན་ཏན་ལྟ་ཅི་སྙེད་ཅིག་བརྗོད་པར་བགྱི་སྟེ། ལམ་གྱིས་རྣམ་པ་ཤེས་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ སྣོད་དོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་ སྐུ་གདུང་དེ་དག་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་ གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མ་ནོར་བ་དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། གཞན་མ་ཡིན་པ་དེ་བཞིན་ཉིད་ ཀྱི། ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཀྱི་དབྱིངས་ ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཀྱི་དབྱིངས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཀྱི་གནས་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། 20-1-215b ཆོས་ཀྱི་གནས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཀྱི་གནས་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་མྱི་འགྱུར་བ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་ བརྗོད་པར་བགྱི་སྟེ། ཆོས་མྱི་འགྱུར་བ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་མྱི་འགྱུར་བ་ཉིད་གྱི་སྣོད་དོ། །བཅོམ་ལྡན་འདས་ཡང་དག་པའི་མཐའི་ཡོན་ཏན་ལྟ་ཇི་སྙེད་ ཅིག་བརྗོད་པར་བགྱི་སྟེ། ཡང་དག་པའི་མཐའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཡང་དག་པའི་མཐའི་སྣོད་དོ། །བཅོམ་ལྡན་འདས་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ཡོན་ ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། བསམ་གྱིས་མྱི་ཁྱབ་པའི་སྣོད་དོ། །བཅོམ་ལྡན་འདས་བག་ཆགས་ ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་ པའི་སྐུ་གདུང་དེ་དག་ཀྱང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་སྣོད་དོ། །བཅོམ་ལྡན་འདས་རྟག་ཏུ་བཏང་སྙོམས་ལ་གནས་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྟག་ཏུ་བཏང་སྙོམས་ལ་གནས་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྟག་ཏུ་བཏང་སྙོམས་ལ་གནས་པའི་སྣོད་དོ། །བཅོམ་ལྡན་འདས་མྱི་ཉམས་པའི་ཆོས་ཉིད་ཀྱི་ཡོན་ ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མྱི་ཉམས་པའི་ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མྱི་ཉམས་པའི་ཆོས་ཉིད་ཀྱི་སྣོད་དོ། །དེ་བས་ན་དེ་བཞིན་གཤེགས་པའི་ 20-1-216a སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་ པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིནད་པ་མྱི་སྐྱེ་བ་མྱི་འགག་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིནད་པ་བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིནད་པ་དབྲི་བ་དང་། བསྣན་པ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ ཕ་རོལ་ཏུ་ཕྱིནད་པ་འོང་བ་དང་། འགྲོ་བ་དང་། གནས་པ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ ནི་ཕ་རོལ་ཏུ་ཕྱིནད་པ་ཆོས་ཉིད་ཀྱི་སྣོད་དེ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིནད་པ་ཆོས་ཉིད་ཀྱིས་ཡོངས་སུ་བསྒོམས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་ འདས་ཀྱང་། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །གཞན་ཡང་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་ཡོངས་སུ་གཏམས་ 20-1-216b པ་ལྟ་ཞོག་གི། བཅོམ་ལྡན་འདས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག །དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུ་གཏམས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་ བམ་དུ་བྲིས་པ་ཞིག་སྩལ་ན། བཅོམ་ལྡན་འདས་རྣམ་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུང་རྣམས་ཏེ་མཆོད་པ་མངའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པས་ན། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་ མངའ་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་རིམ་གྲོར་བགྱིད་པ་དང་། བཀུར་སྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་ཡང་། དགེ་བའི་རྩ་བ་དེའི་མཐའ་མྱི་དམྱིགས་ཤིང་། རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་འམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་བཅུ་རྩ་གསུམ་གྱི་ ལྷ་འམ། མཚེ་མའི་ལྷ་འམ་དགའ་ལྡན་གྱི་ལྷ་འམ། འཕྲུལ་དགའི་ལྷ་འམ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་མྱིང་དང་ལྷའི་ཕུན་སུམ་ཚོགས་པ་དང་། བདེ་བ་མྱོང་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྡུག་བསྔལ་ཀྱི་མཐར་འབྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་པའི་འབྲས་བུ་ནི་དེ་ཙམ་དུ་བས་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅངས་པ་དང་། ཀླགས་ཤིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། ཏིང་ངེ་ འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ 20-1-217a ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། ། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་དག་པར་ སྤོང་བ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་ཀྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་ 20-1-217b བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་ འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མངོན་ པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ ཡོངས་སུ་རྫོགས་པར་འགྱུར་རོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆེད་དུ་བསམས་ཏེ་ལུས་ཡོངས་སུ་འཛིན་པར་འགྱུར་རོ། །ལུས་དེ་དག་གི་སེམས་ཅན་ཡོངས་སུ་སྨྱིན་པར་བགྱིད་པར་འགྱུར་ཏེ། འཁོར་ལོས་བསྒྱུར་བའི་ལུས་སམ། རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་འམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བར་སྐྱེས་པའི་ལུས་སམ། བརྒྱ་བྱིན་གྱི་གཟུགས་སམ་ ཚངས་པའི་གཟུགས་སམ། ངལ་བསོ་པོའི་གཟུགས་ཀྱང་རུང་སྟེ། ལུས་དེ་དག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་བགྱིད་པར་འགྱུར་རོ། །ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་ སེམས་དཔའི་སྐྱོན་མྱེད་པར་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་ 20-1-218a པ་ཐོབ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བས་ན་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་ལ་རིམ་གྲོ་མ་མཆིས་པ་ཡང་མ་ལགས། གློ་བ་མ་མཆིས་པ་ཡང་མ་མཆིས། མཆོད་པར་མྱི་འཚལ་པ་ཡང་མ་ལགས། གཟུངས་བར་མྱི་འཚལ་བ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རིགས་ཀྱི་བུ་འམ། རིགས་ཀྱི་ བུ་མོ་རྣམས་ཀྱིས། རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱི་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཤིན་ཏུ་བསྩགས་པ་ལགས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཡོངས་སུ་ཟིན་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་། རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་ཚད་དང་ གྲངས་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཆོས་ཀྱི་སྐུ་དང་། གཟུགས་ཀྱིས་སྐུ་དང་། ཡེ་ཤེས་ཀྱིས་སྐུར་མཐོང་བར་འཚལ་ཞིང་། མཆོད་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུངས་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་ ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཚུལ་བཞིན་དུ་ཡིད་ལ་བགྱི་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ནི། ཕྱོགས་བཅུའི་འཇིག་རྟེན་ཀྱི་ཁམས་གྲངས་དང་། ཚད་མ་མཆིས་པའི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས། ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་ 20-1-218b བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་གཟུངས་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཆོས་ཉིད་ཚུལ་བཞིན་དུ་ཡང་ཡིད་ལ་བགྱིའོ། ། བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་ཉིད་དེ། གཉིས་གང་ཞེ་ན། འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཆོས་རྣམས་ ཀྱིས་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཆེན་པོ་སྟོང་པ་ཉིད་ཀྱི་ ཡེ་ཤེས་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། འདུས་བྱས་སྟོང་པ་ཉིད་གྱི་ཡེ་ཤེས་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རང་གི་མཚན་ཉིད་སྟོང་པ་ ཉིད་ཀྱི་ཡེ་ཤེས་དང་། མྱི་དམྱིགས་པ་སྟོང་པ་ཉིད་གྱི་ཡེ་ཤེས་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དྲན་པ་ཉེ་བར་གཞག་པ་བཞིའི་ཡེ་ཤེས་དང་། ཡང་དག་པར་སྤོང་བ་བཞིའི་ཡེ་ཤེས་དང་། རྫུ་འཕྲུལ་ཀྱི་རྐང་པ་བཞིའི་ཡེ་ཤེས་དང་། དབང་པོ་ལྔའི་ཡེ་ཤེས་དང་། སྟོབས་ལྔའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་ཡན་ 20-1-219a ལག་བདུན་གྱི་ཡེ་ཤེས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡེ་ཤེས་དང་། འཕགས་པའི་བདེན་པ་བཞིའི་ཡེ་ཤེས་དང་། བསམ་གཏན་བཞིའི་ཡེ་ཤེས་དང་། ཚད་མྱེད་པ་བཞིའི་ཡེ་ཤེས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཡེ་ཤེས་དང་། རྣམ་པར་ཐར་པ་བརྒྱད་ཀྱི་ཡེ་ཤེས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་ལྔའི་ཡེ་ཤེས་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་སྟོབས་ བཅུའི་ཡེ་ཤེས་དང་། མྱི་འཇིགས་པ་བཞིའི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་དང་། སྙིང་རྗེ་ཆེན་པོའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཡེ་ཤེས་དང་། དགེ་བའི་ ཆོས་རྣམས་ཀྱི་ཡེ་ཤེས་དང་། མྱི་དགེ་བའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། ཟག་པ་མྱེད་པའི་ཆོས་རྣམས་ཀྱིས་ཡེ་ཤེས་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱི་ ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡེ་ཤེས་གང་ལགས་པ་དེ་ནི། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། དེ་ནི་གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གནས་པ་མ་མཆིས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་ པ་དང་། འཕེལ་བ་མ་མཆིས་པ་དང་། འགྲིབ་པ་མ་མཆིས་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ལགས་ཤེ་ན། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དེ། དེ་ནི་འདུས་ 20-1-219b མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གང་ཇི་སྙེད་ཅིང་བྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དུས་ཀྱི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་བརྒྱའོ། །ད་ལྟར་བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་ཀྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་ རྒྱས་སོ། །འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་བྱུང་བ་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིང་འབྱུང་བ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་ སྙེད་ཅིག་ཡོད་པ་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ 20-1-220a ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ་འདས་པའི་དུས་ཀྱི་ རང་སངས་རྒྱས་གང་ཇི་སྙེད་ཅིང་བྱུང་བ་དང་། མ་འོངས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་ན། རང་སངས་རྒྱས་ཇི་སྙེད་ ཅིག་འཁོད་ཅིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རང་བྱང་ཆུབ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ལས་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཀྱང་ཚད་མྱེད་པའི་ཚུལ་དང་། དམྱིགས་པ་མྱེད་པའི་ཚུལ་དང་། སྐྱེ་བ་མྱེད་པའི་ཚུལ་དང་། འགག་པ་མྱེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་མྱེད་པའི་ ཚུལ་དང་། རྣམ་པར་བྱང་བ་མྱེད་པའི་ཚུལ་དང་། མངོན་པར་འདུ་བྱ་བ་མྱེད་པའི་ཚུལ་དང་། ལེན་པ་མྱེད་པའི་ཚུལ་དང་། འདོར་བ་མྱེད་པའི་ཚུལ་དང་། དབྲི་བ་མྱེད་པའི་ཚུལ་དང་། བསྣན་པ་མྱེད་པའི་ཚུལ་དང་། བླང་བ་མྱེད་པའི་ཚུལ་དང་། སྤངས་པ་མྱེད་པའི་ཚུལ་གྱིས་བསྟན་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་རིང་དུ་སོང་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་རོལ་མ་ཡིན། ཕ་རོལ་མ་ཡིན། ཐང་དུ་འདུག་པ་མ་ཡིན། གཤོང་དུ་འདུག་པ་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མྱེད་པ་མ་ཡིན། འཇིག་རྟེན་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། དགེ་བ་མ་ཡིན། མྱི་དགེ་ 20-1-220b བ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ཏེ། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི། ཕྱིར་མི་འོང་བའི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགྲ་བཅོམ་པའི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ རྣམས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་འདི་འཚལ་ཏེ། སེམས་ཅན་དུ་དམྱིགས་པ་མ་མཆིས་སོ། །སེམས་ཅན་དུ་གདགས་པར་དམྱིགས་པ་མ་མཆིས་སོ། །བདག་ཏུ་དམྱིགས་པ་ མ་མཆིས་སོ། །སེམས་ཅན་དུ་དམྱིགས་པ་མ་མཆིས་སོ། །སྲོག་ཏུ་དམྱིགས་པ་མ་མཆིས་སོ། །འགྲོ་བར་དམྱིགས་པ་མ་མཆིས་སོ། །གསོའ་བར་དམྱིགས་པ་མ་མཆིས་སོ། །སྐྱེས་བུར་དམྱིགས་པ་ མ་མཆིས་སོ། །གང་ཟག་དུ་དམྱིགས་པ་མ་མཆིས་སོ། །ཤེད་ཅན་དུ་དམྱིགས་པ་མ་མཆིས་སོ། །ཤེས་བདག་ཏུ་དམྱིགས་པ་མ་མཆིས་སོ། །བྱེད་པ་པོར་དམྱིགས་པ་མ་མཆིས་སོ། །ཚོར་བ་པོར་དམྱིགས་པ་མ་ 20-1-221a མཆིས་སོ། །ཤེས་པ་པོར་དམྱིགས་པ་མ་མཆིས་སོ། །མཐོང་བ་པོར་དམྱིགས་པ་མ་མཆིས་སོ། །གཟུགས་སུ་དམྱིགས་པ་མ་མཆིས་སོ། །ཚོར་བར་དམྱིགས་པ་མ་མཆིས་སོ། །འདུ་ཤེས་སུ་དམྱིགས་ པ་མ་མཆིས་སོ། །འདུ་བྱེད་དུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །མྱིག་དུ་དམྱིགས་པ་མ་མཆིས་སོ། །རྣ་བར་དམྱིགས་པ་མ་མཆིས་སོ། །སྣར་དམྱིགས་པ་མ་མཆིས་སོ། ། ལྕེར་དམྱིགས་པ་མ་མཆིས་སོ། །ལུས་སུ་དམྱིགས་པ་མ་མཆིས་སོ། །ཡིད་དུ་དམྱིགས་པ་མ་མཆིས་སོ། །གཟུགས་སུ་དམྱིགས་པ་མ་མཆིས་སོ། །སྒྲར་དམྱིགས་པ་མ་མཆིས་སོ། །དྲིར་དམྱིགས་པ་མ་མཆིས་སོ། ། རོར་དམྱིགས་པ་མ་མཆིས་སོ། །རེག་དུ་དམྱིགས་པ་མ་མཆིས་སོ། །ཆོས་སུ་དམྱིགས་པ་མ་མཆིས་སོ། །མྱིག་གི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པར་དམྱིགས་པ་མ་ མཆིས་སོ། །སྣའི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ལྕེའི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པར་དམྱིགས་ པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་ པར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་ པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །ལྕེའི་འདུས་ 20-1-221b ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། ། སའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །ཆུའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །མྱེའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །རླུང་གི་ཁམས་སུ་དམྱིགས་པ་མ་མཆིས་སོ། །ནམ་མཁའི་ ཁམས་སུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཤེས་པའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །མ་རིགས་པར་དམྱིགས་པ་མ་མཆིས་སོ། །འདུ་བྱེད་དུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཤེས་པར་ དམྱིགས་པ་མ་མཆིས་སོ། །མྱིང་དང་གཟུགས་སུ་དམྱིགས་པ་མ་མཆིས་སོ། །སྐྱེ་མཆེད་དྲུག་དུ་དམྱིགས་པ་མ་མཆིས་སོ། །རེག་པར་དམྱིགས་པ་མ་མཆིས་སོ། །ཚོར་བར་དམྱིགས་པ་མ་མཆིས་སོ། །སྲེད་པར་དམྱིགས་པ་མ་མཆིས་སོ། །ལེན་པར་དམྱིགས་ པ་མ་མཆིས་སོ། །སྲིད་པར་དམྱིགས་པ་མ་མཆིས་སོ། །སྐྱེ་བར་དམྱིགས་པ་མ་མཆིས་སོ། །རྒ་ཤིར་དམྱིགས་པ་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ དམྱིགས་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །ནང་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་དུ་ དམྱིགས་པ་མ་མཆིས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །འདུས་བྱས་སྟོང་པ་ཉིད་དུ་ 20-1-222a དམྱིགས་པ་མ་མཆིས་སོ། །འདུས་མ་བྱས་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་ པ་མ་མཆིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །རང་བཞིན་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །རང་གི་ མཚན་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་དམྱིགས་ པ་མ་མཆིས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །ཡང་དག་པར་སྤོངས་བ་རྣམས་སུ་དམྱིགས་པ་མ་ མཆིས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །དབང་པོ་རྣམས་སུ་དམྱིགས་པ་མ་མཆིས་སོ། །སྟོབས་རྣམས་སུ་དམྱིགས་པ་མ་མཆིས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་ དམྱིགས་པ་མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་དམྱིགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །བསམ་གཏན་རྣམས་སུ་དམྱིགས་ པ་མ་མཆིས་སོ། །ཚད་མྱེད་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཐར་པ་བརྒྱད་དུ་དམྱིགས་པ་མ་མཆིས་སོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་དམྱིགས་པ་མ་མཆིས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པར་དམྱིགས་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་སུ་ 20-1-222b དམྱིགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་སུ་དམྱིགས་པ་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་སུ་དམྱིགས་པ་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་དམྱིགས་པ་མ་མཆིས་སོ། །མྱི་ འཇིགས་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །སོ་སོ་ཡང་དག་པར་རིགས་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །སྙིང་རྗེ་ཆེན་པོར་དམྱིགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་དམྱིགས་ པ་མ་མཆིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །ཕྱིར་མྱི་འོང་བའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །དགྲ་བཅོམ་ པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །རང་བྱང་ཆུབ་དུ་དམྱིགས་པ་མ་མཆིས་སོ། །ལམ་ཀྱི་རྣམ་པ་ཤེས་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །བྱང་ཆུབ་ཏུ་དམྱིགས་པ་མ་མཆིས་སོ། །སངས་རྒྱས་སུ་ དམྱིགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་སུ་དམྱིགས་པ་མ་མཆིས་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ ལྟར་གང་གིས་དམྱིགས་པར་བགྱི་བ་དང་། གང་ལ་དམྱིགས་པར་བགྱི་བ་དང་། གང་དུ་དམྱིགས་པར་བགྱི་བ་དེ་ལྟ་བུའི་ངོ་བོ་ཉིད་དེ་ལ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། མྱི་དམྱིགས་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོར་སྤྱོད་པས་དེས་བྱང་ཆུབ་ཀྱང་མྱི་དམྱིགས་ན། སངས་རྒྱས་ ལྟ་ཅི་སྨོས། སངས་རྒྱས་ཀྱི་ཆོས་ལྟ་འདི་ཅི་སྨོས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ 20-1-223a ཀྱི། དེ་མ་ལགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་མྱི་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ ལའང་། དེ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་དེ། དེས་སྦྱིན་པའང་མྱི་དམྱིགས། གཏོང་བ་འང་མྱི་དམྱིགས། ལེན་པ་འང་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱང་མྱི་དམྱིགས་ཚུལ་ཁྲིམས་དང་ལྡན་པའང་མྱི་དམྱིགས་ ཚུལ་ཁྲིམས་ངན་པའང་མྱི་དམྱིགས་སོ། །བཟོད་པ་འང་མྱི་དམྱིགས། བཟོད་པ་དང་ལྡན་པ་འང་མྱི་དམྱིགས་གནོད་སེམས་ཀྱང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱང་མྱི་དམྱིགས། བརྩོན་འགྲུས་དང་ལྡན་པ་འང་མྱི་དམྱིགས། ལེ་ལོ་ཡང་མྱི་དམྱིགས་སོ། །བསམ་གཏན་ཡང་མྱི་དམྱིགས། བསམ་གཏན་པ་ཡང་མྱི་དམྱིགས། འཁྲུག་པ་ཡང་མྱི་དམྱིགས་སོ། །ཤེས་རབ་ཀྱང་མྱི་དམྱིགས། ཤེས་རབ་དང་ལྡན་པ་ཡང་མྱི་དམྱིགས། ཤེས་རབ་ འཆལ་པ་ཡང་མྱི་དམྱིགས་སོ། །ཀེའུ་ཤི་ཀ་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་མྱི་དམྱིགས་པའི་ཚུལ་དང་། འདུ་ཤེས་མྱི་དམྱིགས་པའི་ཚུལ་དང་། འདུ་བྱེད་མྱི་ དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། མྱིག་མྱི་དམྱིགས་པའི་ཚུལ་དང་། རྣ་བ་མྱི་དམྱིགས་པའི་ཚུལ་དང་། སྣ་མྱི་དམྱིགས་པའི་ཚུལ་དང་། ལྕེ་མྱི་དམྱིགས་པའི་ཚུལ་དང་། ལུས་མྱི་དམྱིགས་ པའི་ཚུལ་དང་། ཡིད་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱི་དམྱིགས་པའི་ཚུལ་དང་། སྒྲ་མྱི་དམྱིགས་པའི་ཚུལ་དང་། དྲི་མྱི་དམྱིགས་པའི་ཚུལ་དང་། རོ་མྱི་དམྱིགས་པའི་ཚུལ་དང་། རེག་མྱི་དམྱིགས་པའི་ཚུལ་དང་། ཆོས་མྱི་དམྱིགས་པའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། 20-1-223b ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་ འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། སའི་ཁམས་མྱི་དམྱིགས་པའི་ཚུལ་དང་། ཆུའི་ཁམས་མྱི་དམྱིགས་པའི་ཚུལ་དང་། མྱེའི་ཁམས་མྱི་དམྱིགས་པའི་ཚུལ་དང་། རླུང་གི་ཁམས་མྱི་ དམྱིགས་པའི་ཚུལ་དང་། ནམ་མཁའི་ཁམས་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་པའི་ཚུལ་དང་། མ་རིག་པ་མྱི་དམྱིགས་པའི་ཚུལ་དང་། འདུ་བྱེད་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། མྱིང་དང་གཟུགས་མྱི་དམྱིགས་པའི་ཚུལ་དང་། སྐྱེ་མཆེད་དྲུག་མྱི་དམྱིགས་པའི་ཚུལ་དང་། རེག་པ་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་མྱི་དམྱིགས་པའི་ ཚུལ་དང་། སྲེད་པ་མྱི་དམྱིགས་པའི་ཚུལ་དང་། ལེན་པ་མྱི་དམྱིགས་པའི་ཚུལ་དང་། སྲིད་པ་མྱི་དམྱིགས་པའི་ཚུལ་དང་། སྐྱེ་བ་མྱི་དམྱིགས་པའི་ཚུལ་དང་། རྒ་ཤི་མྱི་དམྱིགས་པའི་ཚུལ་དང་། སྦྱིན་པའི་ཕ་ 20-1-224a རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱི་དམྱིགས་པའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ནང་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཕྱི་སྟོང་པ་ཉིད་ མྱི་དམྱིགས་པའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་པའི་ ཚུལ་དང་། འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་མྱི་དམྱིགས་པའི་ཚུལ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་གི་ མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་བཞི་མྱི་དམྱིགས་པའི་ཚུལ་དང་། ཡང་དག་པར་སྤོང་བ་བཞི་མྱི་དམྱིགས་པའི་ཚུལ་དང་། རྫུ་འཕྲུལ་ཀྱི་རྐང་པ་ བཞི་མྱི་དམྱིགས་པའི་ཚུལ་དང་། དབང་པོ་ལྔ་མྱི་དམྱིགས་པའི་ཚུལ་དང་། སྟོབས་ལྔ་མྱི་དམྱིགས་པའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་དམྱིགས་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་ 20-1-224b བརྒྱད་པ་མྱི་དམྱིགས་པའི་ཚུལ་དང་། འཕགས་པའི་བདེན་པ་བཞི་མྱི་དམྱིགས་པའི་ཚུལ་དང་། བསམ་གཏན་བཞི་མྱི་དམྱིགས་པའི་ཚུལ་དང་། ཚད་མྱེད་པ་བཞི་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་བཞི་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་པའི་ཚུལ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མྱི་དམྱིགས་པའི་ཚུལ་དང་། མངོན་པར་ཤེས་པ་ལྔ་མྱི་དམྱིགས་པའི་ཚུལ་དང་། ཏིང་ངེ་འཛིན་ཐམས་ཅད་མྱི་དམྱིགས་པའི་ཚུལ་དང་། གཟུངས་ ཀྱི་སྒོ་ཐམས་ཅད་མྱི་དམྱིགས་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་པའི་ཚུལ་དང་། མྱི་འཇིགས་པ་བཞི་མྱི་དམྱིགས་པའི་ཚུལ་དང་། སོ་སོ་ཡང་དག་པར་རིག་པ་བཞི་མྱི་དམྱིགས་ པའི་ཚུལ་དང་། སྙིང་རྗེ་ཆེན་པོ་མྱི་དམྱིགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མྱི་དམྱིགས་པའི་ཚུལ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། དགྲ་བཅོམ་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་བྱང་ཆུབ་མྱི་དམྱིགས་པའི་ཚུལ་དང་། ལམ་ཀྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆོས་ཐམས་ཅད་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ 20-1-225a ཆེན་པོ་ཚུལ་ཁྲིམས་བསྲུངས་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས། བཟོད་པ་ཡོངས་སུ་བསྒྲུབ་པའི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བརྩོན་འགྲུས་བརྩོམ་པའི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་ ལ་སྙོམས་པར་འཇུག་པའི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་ རྣམ་པར་ལྟ་བའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཀེའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་ཤིང་རྣམས་ལོ་མ་སྣ་ཚོགས་ཅན། མེ་ཏོག་སྣ་ཚོགས་ ཅན། འབྲས་བུ་སྣ་ཚོགས་ཅན། དབྱིབས་སྣ་ཚོགས་ཅན། ཆུ་ཞེང་སྣ་ཚོགས་ཅན་དུ་འཁོད་ཀྱང་། དེ་དག་གི་གྲིབ་མ་ལ་ཁྱད་པར་རམ། བྱེ་བྲག་མྱི་དམྱིགས་ཏེ། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་ སུ་འགྲོ་བར་ཟད་དོ། །ཀེའུ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡོངས་སུ་བསྔོས་པ་རྣམས་ལ་ཡང་ཁྱད་པར་རམ། བྱེ་བྲག་མྱི་དམྱིགས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ་ཡོན་ཏན་ཆེན་པོ་དང་ལྡན་པའོ། ། 20-1-225b བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པའི་སླད་དུ་ཚད་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་མུ་ མ་མཆིས་པ་དང་ལྡན་པའི་སླད་དུ་ཡོན་ཏན་ཀུན་ཏུ་མཐའ་ཡས་པ་དང་ལྡན་པའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་། གླེགས་བམ་ དུ་བགྱིད་ཏེ། བཅངས་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་ སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་ཏེ། དེ་ནས་གོང་དུ་ཇི་སྐད་དུ་བསྟན་པ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་བཞིན་དུ་ཡིད་ལ་བགྱིས་པ་དང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བགྱིས་ཏེ། གཞན་དུ་སྩལ་ན། དེ་གཉིས་ལས་གང་གིས་བསོད་ནམས་ཆེར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ ན་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ། མེ་ཏོག་ དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་བསྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་ པ་བྱས་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་ཀྱི་འབྲུ་ཙམ་ཞིག་གཞན་ལ་བྱིན་ཏེ། བགོ་བཤར་བྱས་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ 20-1-226a ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་ཀྱི་འབྲུ་ཙམ་པོ་དེ་བླངས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེ་དག་ལས་གང་གི་བསོད་ནམས་ཆེར་འཕེལ་བ་ཡིན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ བདག་གིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། དེ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་བས། གང་ལ་ལས་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་ཀྱི་འབྲུ་ཙམ་གཞན་སྩལ་ན། འདི་ནི་དེ་བས་བསོད་ནམས་ཆེར་འཕེལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་ཀྱང་། དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ། སེམས་ཅན་གྱི་རིས་ན། དེ་བཞིན་གཤེགས་པའི་རིང་བསྲེལ་ཀྱིས་འདུལ་བའི་སེམས་ཅན་མ་མཆིས་པ་རྣམས་ཀྱི་སླད་དུ། ཐུགས་རྗེ་ཆེན་པོ་བསྐྱེད་དེ། དེ་བཞིན་གཤེགས་པའི་སྐུ་གདུང་དུ་བྱིན་གྱིས་ བརླབས་སོ། །བཅོམ་ལྡན་འདས་གང་ལ་ལས། ཆུང་དུ་ན་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་ལ། མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིས་ན། དེ་དག་ཐམས་ཅད་ཀྱང་ 20-1-226b དགེ་བའི་རྩ་བ་དེའི་མཐར་མ་ཐུག་པར་སྡུག་བསྔལ་མཐར་ཕྱིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་ མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ན། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་ སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་བས། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། ཆོས་ཀྱི་དགའ་བས་གཞན་བྱིན་ན། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེར་འཕེལ་བར་འགྱུར་རོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྐད་དུ་བསྟན་པ་བཞིན་དུ་གཞན་ གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་པ་དང་། བརྗོད་ཅིང་བཀྲོལ་བ་དང་། རྣམ་པར་ཕྱེ་སྟེ་གསལ་བར་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དག་པས་ བསོད་ནམས་ཆེར་འཕེལ་ཏེ། དེ་ནི་སྟོན་པ་ཡིན་པར་བསམ་མོ། །བླ་མའི་གནས་མཁས་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ཞིག་ཡིན་པར་བསམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འདི་ལ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ནི་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་ཞེས་བྱ་བ་མྱེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པ། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སླབས་པས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ 20-1-227a ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚངས་པ་མཚུངས་ པར་སྤྱོད་པ་དེ་དག་ཀྱང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་གུད་ན་མྱེད་དེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་བརྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ་འཐོབ་བོ་ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་ འབྲས་བུ་ཐོབ་བོ་འཐོབ་བོ་ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་བོ་འཐོབ་བོ་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ བསླབས་ཤིང་། རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་སོ་འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ། 20-1-227b རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། མངོན་དུ་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྟིར་བྱ་བར་འདོད་པ་དང་། ཕུ་དུད་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། ། ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །ཀེའུ་ཤི་ཀ་དེས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྙམ་སྟེ། གང་ཞིག་ལ་བདག་གིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བྱས་སྟེ། བརྟེན་ཅིང་རྣམ་པར་སྤྱོད་པར་བྱ་སྙམ་ན། ཀེའུ་ཤི་ཀ་དེ་ལ་ངས་འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། མྱི་དང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་ནང་ན་ང་དང་འདྲ་བ་འམ། ལྷག་པ་ཡང་དག་པར་རྗེས་སུ་མ་མཐོང་ནས། དེ་ལ་ངས་འདི་སྙམ་དུ་བསམས་ ཏེ། དེ་ལྟར་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས། མངོན་པར་སངས་རྒྱས་པ་དེ་ཉིད་ལ། རིམ་གྲོ་དང་། བཀུར་བསྟིར་དང་། ཕུ་དུད་དང་། མཆོད་པ་བྱས་ཏེ། བརྟེན་ཅིང་རྣམ་པར་སྤྱོད་པར་ བྱའོ། །སྙམ་དུ་བསམས་སོ། །ཀེའུ་ཤི་ཀ་ཆོས་དེ་འང་གང་ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀེའུ་ཤི་ཀ་དེ་ལྟར་ང་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། རིམ་གྲོར་ 20-1-228a བྱེད། བཀུར་བསྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་དེ། དེ་ལྟར་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་པའི་རྣམ་པར་སྤྱོད་ན། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཇི་སྨོས། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ ཀྱི་བུ་འམ་རིགས་ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བྱུང་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་སོ། །ཀེའུ་ཤི་ཀ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་འམ། ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-228b ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། ། ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་དེ་ལ་སློབ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། དགྲ་བཅོམ་པ་ཉིད་ཐོབ་བོ་འཐོབ་བོ་ཐོབ་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ་འཐོབ་བོ་ཐོབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་བརྒྱ་བྱིན་ལེའུ་ ཉི་ཤུ་གསུམ་མོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། གལ་ཏེ་འཛམ་བུའི་གླིང་གི་ སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས། དེའི་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་ བམ་ཀླག་པ་འམ། བྲི་བ་འམ། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་ 20-1-229a གང་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སློབ་ཅིང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་ གྱུར་པ་དང་། འཐོབ་པ་དང་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་ པ་དང་། ཐོབ་པར་འགྱུར་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་ དང་འཇུག་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར་བ་དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་རྒྱ་ཆེར་བསྟན་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་ 20-1-229b པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་ པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ཀྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་ དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་ པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། འདི་དག་ནི་ཟག་པ་མྱེད་པའི་ཆོས་ཏེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ རྒྱ་ཆེར་བསྟན་ཏོ། །དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་ རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་སེམས་ཅན་གཅིག་གཅིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གཞག་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་ 20-1-230a མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ པའི་སེམས་ཅན་རྣམས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །ཀེའུ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་ སེམས་ཅན་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བའི་ཕྱིར་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཇི་སྨོས། ཀེའུ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་རྣམས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། ལ་ལ་ཞིག་གིས་སེམས་ཅན་གཅིག་གཅིག་རང་བྱང་ཆུབ་ལ་གཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ཏུ་བཀོད་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་ཅིག་ གཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གཅིག་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི། བྱང་ཆུབ་ཏུ་གཞོག་པ་དེ་ནི། སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་གཅད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རྒྱུན་ཏུ་ཞུགས་པ་དང་། 20-1-230b ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་སོ། །ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀེའུ་ཤི་ཀ་རྣམས་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། མཆོད་ཅིང་རིམ་གྲོར་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚང་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་ གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀེའུ་ཤི་ཀ་དེ་ཅི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་བྲིས་པ་འམ། བཀླགས་པ་འམ། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་ 20-1-231a པའི་འབྲས་བུ་ཐོབ་པར་གྱུར་ཏོ་འཐོབ་བོ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་འཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། ། འཐོབ་བོ་འཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། ། འཐོབ་བོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་ཚངས་བརྒྱའོ། །མངོན་པར་རྫོགས་པར་འཚང་བརྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་ སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གིས་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ 20-1-231b སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོངས་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱིས་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་བརྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། ཀླགས་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་ ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་བརྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་ རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། ། 20-1-232a མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གྱི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་ མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམས་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམས་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་ 20-1-232b དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་ དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་ རྣམས་ཡོད་དོ། །རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱིས་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་ པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་ པ་བརྒྱད་ཡོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་གྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། ། སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོངས་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། ། 20-1-233a དགྲ་བཅོམ་པ་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་གླིང་བཞི་པའི་ འཇིག་རྟེན་གྱི་ཁམས་གྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམ་ ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་བརྒྱ་ཆེར་བསྟན་ཏེ། དེ་དགེ་ལ་བསླབས་ཤིང་། རིགས་ ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་ 20-1-233b རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ཕྱིར་མྱི་འོངས་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་ གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་བརྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། 20-1-234a དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ཀྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་ གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་བརྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླགས་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་ མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། 20-1-234b རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་ དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་ དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། ། ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་ རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་ རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་ 20-1-235a རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། ། ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་ བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་ རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། ། བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། ། 20-1-235b གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་རྣམས་ ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིང་ཕྱིར་འོངས་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་ རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་དགེ་བ་ བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། ། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་ 20-1-236a པ་དང་། བྲི་བ་དང་། ཁ་དོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ ཟག་པ་མྱེད་པའི་ཆོས་རྣམས་བརྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་ རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ཕྱིར་མི་ འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱིས་ཐེག་པ་བ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་ པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་ འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། 20-1-236b སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ཀྱི་རྐང་ པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་ པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་ འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་ སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་བརྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། 20-1-237a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླགས་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་ རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། ། མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱིས་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གིས་ལྷ་རྣམས་ཡོད་དོ། ། ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། ། ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། ། ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམས་ཤེས་མཐའ་ཡས་ 20-1-237b སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། ། དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་ སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། ། ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་ 20-1-238a པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་ པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། ། ཕྱིར་མི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། ཀེའུ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུ་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་གྱིས་བུ་འམ། 20-1-238b རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས། དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་འདི་ལྟར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ཐོབ་བོ། །འཐོབ་བོ་ཐོབ་པར་འགྱུར་རོ། །ཕྱིར་མི་འོངས་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། ། འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ 20-1-239a མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་ མྱེད་པའི་ཆོས་དེ་དག་ཀྱང་། གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་ པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་ བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ཀྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ 20-1-239b མཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་ པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏེ། ཀེའུ་ཤི་ཀ །རྣམས་གྲངས་དེས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླགས་པ་དང་། བྲིས་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་དེའི་བསོད་ནམས་ཆེས་མང་དུ་ འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ །དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་ མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ 20-1-240a ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་ཀྱི་ལྷ་རྣམས་ ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་ དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེ་བའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་བ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་ བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་ སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་ པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། ། 20-1-240b རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་ སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། ། བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམ་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། ། སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་ འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་འབྲིང་པོ་ལྟ་ཞོག་གི། ཀེའུ་ཤི་ཀ །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ 20-1-241a ཀྱི་བུ་མོ་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་ མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་ པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། ། འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་ སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ 20-1-241b ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་དེ་བཞིན་ གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་ པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ་སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏེ། ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-242a ཕྱིན་པ་གླེགས་བམ་དུ་བྲིས་ཤིང་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེ་བའི་ལྷ་རྣམས་ཡོད་དོ། ། ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། ། མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ 20-1-242b ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་ སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་ རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། ། 20-1-243a ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་ བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ །དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་ གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་ བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་ རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ་ 20-1-243b ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་ སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ དང་། དོན་དམ་པ་སྟོང་པ་ཉིད་དང་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་ དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། 20-1-244a མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་ དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་ གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་ དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། ། ཚངས་རིགས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་ དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ 20-1-244b ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་ རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་ སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་ སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་ 20-1-245a པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་ འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་ དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་མྱི་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་བུ་འམ། རིགས་ ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་ཏུ་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-245b ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་ པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་ བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་ རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་ པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ 20-1-246a ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་ རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། ། 20-1-246b ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་ དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་ རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་ སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་ པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་ 20-1-247a པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོད་དོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་ དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། 20-1-247b ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་ འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་ གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ 20-1-248a འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་ པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་ པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་། རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་ 20-1-248b རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏོ། །དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། ། ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་ མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། 20-1-249a བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་ སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། ། སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་ པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོངས་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། ། 20-1-249b དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཡོད་དོ། །ཀེའུ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་ འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། ། འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །ཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་ 20-1-250a འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ ཐོབ་པར་གྱུར་ཏོ། །ཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་འགྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་ འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་ པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་ 20-1-250b སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་ པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། ། ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེ་བའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེ་བའི་ 20-1-251a ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། ། གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་ རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་ པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་ སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་ སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། ། 20-1-251b ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་ པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོངས་བའི་འབྲས་ བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། ། ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། དུམ་བུ་བདུན་པ། བམ་པོ་བཅོ་བརྒྱད་པ། ཀེའུ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དོ། །ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་ 20-1-252a རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་ བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེག་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་ སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ ཞུགས་པར་འགྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ 20-1-252b ཕྱིན་པ་དང་། བརྩོན་འགྲུས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་ པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་ དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་ མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་ 20-1-253a རྣམས་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་སྟན་ཏོ། །དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོའ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། ། དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚང་པ་ཀུན་ འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། ། དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱིས་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་ བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ ཡོད་དོ། །འོག་མྱིན་གྱིས་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། ། 20-1-253b འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་ དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་ པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་ རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། ། འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། ། 20-1-254a གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིག་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། ། ཀེའུ་ཤི་ཀ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་རྣམས་ལྟ་ཞོག་གི། ཀེའུ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་ དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ 20-1-254b ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབ་ཤིང་། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་ བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་ འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་ སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་ 20-1-255a སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་ བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་ དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀློག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་ དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ 20-1-255b རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚང་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་ གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེ་བའི་ལྷ་རྣམས་ ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེ་བའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། ། མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་ མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ 20-1-256a ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། ། དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་མཐར་ པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོངས་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམས་ པ་ཤེས་པ་ཉིད་ཡོད་དོ། །རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་ 20-1-256b སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་ཤར་ཕྱོགས་ཀྱི་འཇིག་ རྟེན་གྱིས་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་ བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་ བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་ འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་གྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ 20-1-257a དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་འགྱུར་རོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་ བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་ བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ 20-1-257b ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་ བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་ རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། ། 20-1-258a མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་ པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། ། མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་ རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ 20-1-258b ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་ བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་ རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཡོད་དོ། །ཀེའུ་ཤི་ཀ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་ དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་ 20-1-259a པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ། ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་འགྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་ སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་ 20-1-259b སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་ གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེག་བམ་དུ་བྲིས་ཤིང་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་ འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གིས་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ 20-1-260a ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་ འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་ མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་ གྱིས་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། ། དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ 20-1-260b སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་ རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། ། ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་ འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་ 20-1-261a པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གེའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེག་བམ་ཀློག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག །ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ། ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ 20-1-261b སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། 20-1-262a བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམས་གྲངས་དེས་ཀྱང་ རིགས་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན་དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། ། དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་ གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་ བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་ 20-1-262b མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོངས་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་ དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་ པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་ 20-1-263a པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོངས་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་ དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་ དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་བ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་ 20-1-263b མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། ། ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་ རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་ སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ 20-1-264a དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པ། དེ་དག་ཡོད་པས་ རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། ། 20-1-264b ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་ ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། ། རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། ། ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་ 20-1-265a བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་ པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་ འཇིག་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་སྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་ 20-1-265b རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་ བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་གླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། ། འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་ རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱིས་ ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ །ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ 20-1-266a ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་ པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་ 20-1-266b མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེག་བམ་དུ་བྲིས་ཤིང་། ཀླག་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་ པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་ བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། ། ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་ 20-1-267a རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་ པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་ པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། ། བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་ 20-1-267b སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་ རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། ། ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་ འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་ཇི་སྙམ་དུ་སེམས་ རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། 20-1-268a བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་ འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། 20-1-268b འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་ བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་ དེས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེག་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་མང་དུ་འཕེལ་བར་ 20-1-269a ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་ རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་ མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ 20-1-269b ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་ པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་ པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། ། སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལགས་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། ། ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ 20-1-270a ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། ། རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་ འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་ལྷོ་ནུབ་ཀྱི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་ དེ་དག །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། ། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་ 20-1-270b བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། ། འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་ པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་ 20-1-271a གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་ མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། 20-1-271b སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ ཤིང་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་ རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་ རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། ། 20-1-272a ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་ མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་ སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། ། དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། ། དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་ རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། ། 20-1-272b རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཡོད་དོ། །ཀེའུ་ཤི་ཀ་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི། སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་བསམ་ གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཅི་སྙམ་དུ་སེམས། རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ 20-1-273a པ། ཀེའུ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་ གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་ པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། ། འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ 20-1-273b ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་ པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་ པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་ དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ 20-1-274a ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་ བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་ རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་ རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། ། 20-1-274b ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་ མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། ། ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། ། འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། ། 20-1-275a མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་ འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་ བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། ། དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཡོད་དོ། །ཀེའུ་ཤི་ཀ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱིས་བུ་འམ་རིགས་ 20-1-275b ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་ སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་ སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ 20-1-276a དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་ བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ 20-1-276b ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་ བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་ པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་ རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། ། ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་ 20-1-277a རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་ དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། ། ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ 20-1-277b ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། ། མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་ དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀེའུ་ཤི་ཀ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ ལྔ་ལ་རབ་ཏུ་བཀོད་ན། ཀེའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། ། 20-1-278a བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། ། འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། ། ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་ རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་ འགྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ 20-1-278b པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་ པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་ རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ 20-1-279a ཚད་མྱེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀེའུ་ཤི་ཀ་རྣམས་གྲངས་དེས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་ བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་དེ་ནི་ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་ དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་ གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། ། དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་ མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ 20-1-279b ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། ། ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། ། བྱང་ཆུབ་ཀྱི་ཡན་ལགས་རྣམས་ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ 20-1-280a ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་ སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། ། རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། ༄།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། ཀེའུ་ཤི་ཀ་གཞན་ན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་ 20-1-280b སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་ པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་ དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། 20-1-281a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་པ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་ སྤྱོད་པ་ཡང་མ་ཡིན་པའི་བློས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་ པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་ བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་ པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་ པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ནང་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཕྱི་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ 20-1-281b ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཕྱི་ནང་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སྟོང་པ་ཉིད་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཆེན་པོ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དོན་དམ་པ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་ མ་ཡིན་པའི་བློས། འདུས་བྱས་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། འདུས་མ་བྱས་སྟོང་པ་ཉིད་ཚུལ་ བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མཐའ་ལས་འདས་པ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་ སྤྱོད་པ་ཡང་མ་ཡིན་པའི་བློས། དོར་བ་མྱེད་པ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རང་བཞིན་སྟོང་པ་ ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཆོས་ཐམས་ཅད་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། ། 20-1-282a གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རང་གི་མཚན་ཉིད་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མྱི་དམྱིགས་པ་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དངོས་པོ་མྱེད་པ་སྟོང་ པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ངོ་བོ་ཉིད་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ ཡང་མ་ཡིན་པའི་བློས། དྲན་པ་ཉེ་བར་གཞག་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཡང་དག་པར་སྤོང་བ་ རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་ སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དབང་པོ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་ བློས། སྟོབས་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བྱང་ཆུབ་ཀྱི་ 20-1-282b ཀྱི་ཡན་ལག་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་ པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། འཕགས་པའི་བདེན་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་ པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བསམ་གཏན་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཚད་མྱེད་པ་རྣམས་ ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། ། གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པར་ཐར་པ་བརྒྱད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་ པ་ཡང་མ་ཡིན་པའི་བློས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མངོན་པར་ ཤེས་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཏིང་ངེ་འཛིན་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་ 20-1-283a སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། གཟུངས་ཀྱི་སྒོ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་ མ་ཡིན་པའི་བློས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མྱི་འཇིགས་པ་ རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སོ་སོ་ཡང་དག་པར་རིག་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སྙིང་རྗེ་ཆེན་པོ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་ བའི་བློས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཐམས་ཅད་ཤེས་པ་ཉིད་ ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་ སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་ མོ་ལ་ལ་ཞིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྣམ་གྲངས་དུ་མར་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་། གསལ་བར་བྱེད་ལ། ཡང་དག་པར་ 20-1-283b སྟོན་ཅིང་། དེའི་དོན་གཏན་ལ་བབ་པར་སྟོན་པར་བྱེད་ན། ཀེའུ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ལྟ་བ་མ་ཡིན། གཉིས་སུ་མྱེད་པར་ལྟ་བ་མ་ཡིན། མཚན་མར་མ་ཡིན། མཚན་མ་མྱེད་པར་མ་ཡིན། བླང་བར་མ་ཡིན། དོར་བར་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན། གཟུང་བར་མ་ཡིན། མྱི་གཟུང་བར་མ་ཡིན། ལེན་པར་མ་ཡིན། དོར་བར་མ་ཡིན། གནས་པར་མ་ཡིན། མྱི་གནས་པར་མ་ཡིན། ཡང་དག་པར་མ་ཡིན། ལོག་པར་མ་ཡིན། ལྡན་པར་ མ་ཡིན། མྱི་ལྡན་པར་མ་ཡིན། འདྲེ་བར་མ་ཡིན། མྱི་འདྲེ་བར་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མྱེད་པར་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན། དེ་བཞིན་ཉིད་དུ་མ་ཡིན། དེ་བཞིན་ཉིད་མ་ཡིན་ བར་མ་ཡིན། ཡག་དག་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། གཞན་ལ་རྒྱ་ཆེར་རྗོད་ཅིང་སྟོན་ལ་ འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་། གསལ་བར་བྱེད་ལ་ཡང་དག་པར་སྟོན་པར་བྱེད་ཅིང་། དེའི་དོན་གཏན་ལ་བབ་པར་སྟོན་པར་བྱེད་ན། བསོད་ནམས་མང་དུ་འཕེལ་གྱི། བདག་འབའ་ ཤིག་གིས་གཟུང་བའམ། ཀུན་ཆུབ་པར་བྱས་པའམ། བཅངས་པའམ། ཀླག་པ་འམ། ཚུལ་བཞིན་དུ་ཡིད་ལ་བྱས་པས་ནི་མ་ཡིན་ནོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་གང་ལ་ལ་ཞིག །བདག་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་། ཀུན་ཆུབ་པར་བྱེད་དེ། འཆང་ཞིང་ཀློག་ལ། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་གཞན་ལ་ཡང་རྒྱ་ཆེར་ 20-1-284a རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་པར་བྱེད་ཅིང་། དེའི་དོན་གཏན་ལ་བབ་པར་སྟོན་པར་བྱེད་ན། ཀེའུ་ཤི་ཀ་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི། ཤིན་ཏུ་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དེ་ལྟར་དོན་དང་ལྡན་ལ། ཡི་གེ་དང་ལྡན་པར་བསྟན་པར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དེ་ལྟར་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱས་ཏེ། ཀེའུ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི། བསོད་ནམས་ཀྱི་ཕུང་པོ་ཚད་མྱེད་གྲངས་མྱེད་པ་དང་ ལྡན་པར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་ གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམ་པ་སྣ་ ཚོགས་དང་། བདེ་བའི་ཡོ་བྱེད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ 20-1-284b ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་ལ་ལས། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམ་པ་སྣ་ཚོགས་དང་། བདེ་བའི་ཡོ་བྱེད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་ རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་ 20-1-285a གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་ པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་ བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་ དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་ 20-1-285b གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་ བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་ བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། བྱང་ཤར་ཕྱོགས་མཚམས་ཀྱི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། 20-1-286a ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་ པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་ མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་ འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་ མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ 20-1-286b ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་ བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་ བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་ རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་ 20-1-287a གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་ རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་ བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་ 20-1-287b བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་ མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་ དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་ལ་ལས། སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་མཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་ 20-1-288a བསྟིར་བྱས་པ་དང་། ཕུད་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀེའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་པའི་དེ་བཞིན་ གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་ རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀེའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་མྱེད་གྲངས་མྱེད་པར་ དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་ 20-1-288b གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་བས་ནི། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་དམྱིགས་པའི་ ཚུལ་གྱིས། གཞན་ལ་རྒྱ་ཆེར་བརྗོད་ཅིང་། སྟོན་ལ་འཆད་ཅིང་། རྣམ་པར་འགོད་པ་དང་། རབ་ཏུ་འགོད་ཅིང་། རྣམ་པར་འབྱེད་ལ། གསལ་བར་བྱེད་ཅིང་། ཡང་དག་པར་སྟོན་པ་བྱེད་ན། དེའི་ བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ལ་དམྱིགས་པ་ནི་འདི་ཡིན་ཏེ། ཀེའུ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པའི་ཚུལ་གྱིས་སྦྱིན་པ་གཏོང་ཞིང་། འདི་སྙམ་དུ་བདག་ནི་སྦྱིན་པ་གཏོང་ངོ་། ། སྦྱིན་པ་ནི་འདི་གཏོང་ངོ་། །འདི་ལ་ནི་སྦྱིན་པ་བྱའོ་སྙམ་ན། དེས་སྦྱིན་པ་དེ་ལྟར་བཏང་བས། སྦྱིན་པ་ཉིད་དུ་འགྱུར་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ སྲུང་ཞིང་། འདི་སྙམ་དུ་བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་ན། དེས་ཚུལ་ཁྲིམས་དེ་ལྟར་བསྲུངས་པས། ཚུལ་ཁྲིམས་ཉིད་དུ་འགྱུར་གྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས་བཟོད་པ་བསྒོམ་ཞིང་འདི་སྙམ་དུ་བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ་སྙམ་དུ། དེས་བཟོད་པ་དེ་ལྟར་བསྒོམས་པས། བཟོད་པ་ཉིད་དུ་འགྱུར་ གྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་ཞིང་། འདི་སྙམ་དུ་བདག་ནི་བརྩོན་འགྲུས་རྩོམ་མོ། །འདིའི་དོན་དུ་བརྩོན་འགྲུས་བརྩམ་མོ་སྙམ་དུ། དེས་བརྩོན་འགྲུས་དེ་ལྟར་བརྩམས་བས། བརྩོན་འགྲུས་ཉིད་དུ་འགྱུར་གྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ལ་སྙོམས་པར་འཇུག་ 20-1-289a ཅིང་འདི་སྙམ་དུ་བདག་ནི་བསམ་གཏན་རྣམས་ལ་སྙོམས་པར་འཇུག་གོ། བསམ་གཏན་ནི་འདི་དག་ལ་མཉམ་བར་གཞག་གོ་སྙམ་ན། དེས་བསམ་གཏན་ལ་དེ་ལྟར་མཉམ་པར་བཞག་ པས་བསམ་གཏན་ཉིད་དུ་འགྱུར་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་བསྒོམ་ཞིང་། འདི་སྙམ་དུ་བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ ནི་འདི་སྒོམ་མོ་སྙམ་ན། དེས་ཤེས་རབ་དེ་ལྟར་བསྒོམས་བས། ཤེས་རབ་ཉིད་དུ་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་དམྱིགས་ བ་ལ་སྤྱོད་པས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། 20-1-289b བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀེའུ་ཤི་ཀ་འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་གཏོང་བའི་ཚེ། ཡོངས་སུ་གཏོང་བ་མྱི་དམྱིགས། སྦྱིན་པ་དང་། ལེན་པ་མྱི་དམྱིགས་སོ། །ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ ཁྲིམས་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་མྱི་དམྱིགས་སོ། །བཟོད་པ་སྒོམ་པའི་ཚེ། བཟོད་པ་དང་། བཟོད་པ་སྒོམ་པ་མྱི་དམྱིགས་སོ། །བརྩོན་འགྲུས་རྩོམ་པའི་ཚེ། བརྩོན་ འགྲུས་དང་། བརྩོན་འགྲུས་རྩོམ་པ་མྱི་དམྱིགས་སོ། །བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ། བསམ་གཏན་དང་། བསམ་གཏན་སྒོམ་པ་མྱི་དམྱིགས་སོ། །ཤེས་རབ་སྒོམ་ པའི་ཚེ། ཤེས་རབ་དང་། ཤེས་རབ་སྒོམ་པ་དང་། ཤེས་རབ་དང་ལྡན་པ་མྱི་དམྱིགས་སོ། །ཀེའུ་ཤི་ཀ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། 20-1-290a ཀེའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་མྱེད་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། དེ་ལྟར་ཁོང་དུ་ཆུད་པ་ མྱེད་པར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན། ཡི་གེ་དང་ལྡན་པར་ བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་མ་འོངས་པའི་དུས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་ སྟེ། དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་ཀྱང་། གཟུགས་བརྙན་དེ་ཐོས་ནས། ལམ་སྟོར་བར་འགྱུར་ཏེ། དེ་དག་ལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་ཞིང་། དེ་དག་གཟུགས་བརྙན་སྟོན་པ་ 20-1-290b བྱེད་པའོ། །བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀེའུ་ཤི་ཀ་ འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ བརྙན་ཏེ། འདི་ལྟར་གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་ གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་ འགྱུར་རོ། །གཟུགས་བདག་མྱེད་ཅེས་བྱ་བར་རྟོགས་པར་འགྱུར་རོ། །གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་གཟུགས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། གཟུགས་སྡུག་བསྔལ་ ལོ་ཞེས་བྱ་བར་རྟོག་པ་དང་། གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། ། ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན་། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དོ། །སུ་ལ་བསྟན་པ་དེ་དག་ཀྱང་། ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་བདག་མྱེད་ཅེས་བྱ་བར་ 20-1-291a རྟོག་པར་འགྱུར་རོ། །ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་ རྟོག་པ་དང་། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུ་ཤེས་མྱི་རྟག་གོ་ཞེས་བྱ་བར་སྟོན། འདུ་ཤེས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུ་ཤེས་ བདག་མྱེད་དོ་ཞེས་བྱ་བར་སྟོན། འདུ་ཤེས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འདུ་ཤེས་མྱི་རྟག་ཅེས་བྱ་བར་ རྟོག་པར་འགྱུར་རོ། །འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུ་ཤེས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་ཤེས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུ་ཤེས་མྱི་རྟག་གོ་ཞེས་བྱ་ བར་རྟོག་པ་དང་། འདུ་ཤེས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་ཤེས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་ཤེས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། ། འདུ་བྱེད་མྱི་རྟག་གོ་ཞེས་བྱ་བར་སྟོན། འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་སྟོན། འདུ་བྱེད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འདུ་བྱེད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། འདུ་བྱེད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུ་བྱེད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་མྱི་ 20-1-291b སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣམ་པར་ ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣམ་པར་ ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་མྱི་སྡུག་ཅེས་ བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་མྱི་ རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ མྱིག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ 20-1-292a ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། ། རྣ་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བ་བདག་མྱེད་དོ་ ཞེས་བྱ་བར་རྟོག་པ་དང་། རྣ་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྣ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣ་སྡུག་བསྔལ་ལོ་ཞེས་བྱ་ བར་སྟོན། སྣ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ ཀྱང་། སྣ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། ། དེ་ལྟར་དེ་དག་སྣ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྣ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། 20-1-292b འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེ་སྡུག་བསྔལ་ཞེས་བྱ་བར་ རྟོག་པར་འགྱུར་རོ། །ལྕེ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་ དང་། ལྕེ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་མྱི་སྡུག་ཅེས་བྱ་བར་ རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་མྱི་སྡུག་ གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ 20-1-293a སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་མྱི་རྟག་གོ་ཞེས་བྱ་བར་ རྟོག་པ་དང་། ཡིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ བརྙན་ལ་སྤྱོད་པར་འགྱུར་རོ། །གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་མྱི་སྡུག་གོ་ཞེས་ བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་ སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་གཟུགས་མྱི་རྟག་གོ་ཞེས་ བྱ་བར་རྟོག་པ་དང་། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྒྲ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྒྲ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྒྲ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྒྲ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྒྲ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྒྲ་སྡུག་བསྔལ་ 20-1-293b ཞེས་བྱ་བར་རྟོག་པར་འགྱུར་རོ། །སྒྲ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྒྲ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྒྲ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྒྲ་སྡུག་བསྔལ་ལོ་ཞེས་ བྱ་བར་རྟོག་པ་དང་། སྒྲ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྒྲ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དྲི་མྱི་རྟག་གོ་ཞེས་བྱ་བར་སྟོན། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དྲི་བདག་མྱེད་དོ་ཞེས་བྱ་བར་སྟོན། དྲི་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དྲི་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲི་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དྲི་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲི་མྱི་སྡུག་ཅེས་བྱ་བར་རྟོག་ པར་འགྱུར་རོ། །དེ་ལྟར་དེ་དག་དྲི་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲི་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དྲི་མྱི་སྡུག་གོ་ཞེས་བྱ་བར་རྟོག་ པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རོ་མྱི་རྟག་གོ་ཞེས་བྱ་བར་སྟོན། རོ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རོ་བདག་མྱེད་དོ་ཞེས་བྱ་བར་ སྟོན། རོ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རོ་མྱི་རྟག་ཅེས་བྱ་བར་རྟོག་པར་ འགྱུར་རོ། །རོ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རོ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རོ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རོ་མྱི་རྟག་གོ་ཞེས་བྱ་བར་ 20-1-294a རྟོག་པ་དང་། རོ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རོ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རོ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ ལ་སྤྱོད་པར་འགྱུར་རོ། །རེག་མྱི་རྟག་གོ་ཞེས་བྱ་བར་སྟོན། རེག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རེག་བདག་མྱེད་དོ་ཞེས་བྱ་བར་སྟོན། རེག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རེག་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རེག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། ། རེག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རེག་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རེག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རེག་སྡུག་བསྔལ་ལོ་ཞེས་བྱ་བར་ རྟོག་པ་དང་། རེག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རེག་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཆོས་མྱི་རྟག་གོ་ ཞེས་བྱ་བར་སྟོན། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆོས་བདག་མྱེད་དོ་ཞེས་བྱ་བར་སྟོན། ཆོས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཆོས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་བདག་མྱེད་ཅེས་ བྱ་བར་རྟོག་པར་འགྱུར་རོ། །ཆོས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཆོས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆོས་ 20-1-294b བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཆོས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་ བར་སྟོན། མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་གི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། ། མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་ རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་རྣམ་པར་ཤེས་པ་ བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་ རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་ པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བའི་རྣམ་པར་ཤེས་པ་ 20-1-295a མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་ རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་ པ་དང་། རྣ་བའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། ། སྣའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་ པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་རྣམ་པར་ཤེས་པ་མྱི་ རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། སྣའི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་ བར་རྟོག་པ་དང་། སྣའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ 20-1-295b གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་ བར་རྟོག་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། ལྕེའི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་ རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་ 20-1-296a འགྱུར་རོ། །དེ་ལྟར་དེ་དག་ལུས་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་ པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་ པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་ཀྱི་རྣམ་ པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་ འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་ རྟོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་ པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་ 20-1-296b པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་ གི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་བདག་ མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་འདུས་ཏེ་རེག་པ་མྱི་རྟག་གོ་ ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་ འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་ བར་སྟོན། རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། 20-1-297a རྣ་བའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། རྣ་བའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་མྱི་ རྟག་གོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་ དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་ པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། 20-1-297b འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། ། ལྕེའི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་ བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་ སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་ པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་ བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་ 20-1-298a པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་ འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་ སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་ བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་ འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ 20-1-298b ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་ 20-1-299a བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་ བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་ 20-1-299b བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་ པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་ སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་ བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ 20-1-300a ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་ བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་ རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ།། །།བཀྲ་ཤིས་དགེའོ།། །། །། །། །། །། །། །། །། །། །།