25-1-1a ༼ན༽ ༄༅། ༈ །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞུགས་སོ། ། (黃) 大般若經第十二部 25-1-1b ༄༅༅། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཅིག་པ། རབ་འབྱོརད་ཀྱིས་གསོལད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལད་ཏུ་ ཕྱིནད་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། རབ་འབྱོརད་ གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་ ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་ འདུ་ཤེས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་ འདུ་བྱེད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་ རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ 25-1-2a ཟབ་བོ། །རབ་འབྱོརད་མྱིག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་རྣ་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། རབ་འབྱོར་སྣ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཟབ་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གཟུགས་ཟབ་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྒྲ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དྲི་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། རབ་འབྱོར་རོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རེག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆོས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་ 25-1-2b པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣ་བའི་འདུས་ ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་ རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་ རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཟབ་བོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་བོ། །རབ་འབྱོར་སའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆུའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ 25-1-3a ཕྱིན་པ་ཟབ་བོ། །རབ་འབྱོར་མྱེའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རླུང་གི་ཁམས་ཟབ་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ནམ་མཁའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཟབ་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མ་རིག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འདུ་བྱེད་ཟབ་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་ཤེས་པའི་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིང་དང་གཟུགས་ཟབ་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྐྱེ་མཆེད་དྲུག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རེག་པ་ཟབ་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་ཟབ་བོ། །རབ་འབྱོར་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྲེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལེན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྲིད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་བོ། །རབ་འབྱོར་སྐྱེ་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྒ་ཤི་ཟབ་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ 25-1-3b སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་བོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ནང་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཕྱི་སྟོང་ པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྟོང་པ་ཉིད་ སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དོན་ དམ་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་ འབྱོར་འདུས་མ་བྱས་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་ 25-1-4a རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆོས་ ཐམས་ཅད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་བོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཟབ་བོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡང་དག་པར་སྤོང་བ་ཟབ་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དབང་པོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྟོབས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་ཟབ་པའི་ཕྱིར། ཤེས་ 25-1-4b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འཕགས་པའི་བདེན་པ་ཟབ་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བསམ་གཏན་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཚད་མྱེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དགུ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཟབ་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མངོན་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཏིང་ངེ་འཛིན་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གཟུངས་ཀྱི་སྒོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་བོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱི་འཇིགས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ཟབ་པའི་ཕྱིར། 25-1-5a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་ འབྱོར་ཐམས་ཅད་ཤེས་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ ཕུང་པོ་སྟེ། ཆོས་རིན་པོ་ཆེའི་ཕུང་པོ་རྣམས་སྒྲུབ་པའོ། །འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་སྒྲུབ་པའོ། །བསམ་གཏན་བཞི་སྒྲུབ་པའོ། །ཚད་མྱེད་པ་བཞི་སྒྲུབ་པའོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒྲུབ་པའོ། །མངོན་པར་ཤེས་པ་ལྔ་སྒྲུབ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་སྒྲུབ་པའོ། །ཡང་དག་པར་སྤོང་བ་བཞི་སྒྲུབ་པའོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་སྒྲུབ་པའོ། །དབང་པོ་ལྔ་སྒྲུབ་པའོ། །སྟོབས་ལྔ་སྒྲུབ་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒྲུབ་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒྲུབ་ པའོ། །འཕགས་པའི་བདེན་པ་བཞི་སྒྲུབ་པའོ། །རྣམ་པར་ཐར་པ་བརྒྱད་སྒྲུབ་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲུབ་པའོ། །རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒྲུབ་པའོ། །མངོན་པར་ཤེས་པ་རྣམས་སྒྲུབ་པའོ། །ཏིང་ངེ་འཛིན་རྣམས་སྒྲུབ་པའོ། །གཟུངས་ཀྱི་སྒོ་རྣམས་སྒྲུབ་པའོ། ། 25-1-5b དེ་བཞིན་གཤེགས་པའི་སྟོབས་བཅུ་སྒྲུབ་པའོ། །མྱི་འཇིགས་པ་བཞི་སྒྲུབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་སྒྲུབ་པའོ། །སྙིང་རྗེ་ཆེན་པོ་སྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་སྒྲུབ་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྒྲུབ་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒྲུབ་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་སྒྲུབ་པའོ། ། དགྲ་བཅོམ་པ་ཉིད་སྒྲུབ་པའོ། །རང་བྱང་ཆུབ་སྒྲུབ་པའོ། །ཐམས་ཅད་ཤེས་པ་ཉིད་སྒྲུབ་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་སྒྲུབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །བཅོམ་ལྡན་འདས་གཟུགས་དག་པ་དང་། ཚོར་བ་དག་པ་དང་། འདུ་ཤེས་དག་པ་དང་། འདུ་བྱེད་དག་པ་དང་། རྣམ་པར་ཤེས་པ་དག་པ་དང་། མྱིག་དག་པ་དང་། རྣ་བ་དག་པ་དང་། སྣ་དག་པ་དང་། ལྕེ་དག་པ་དང་། ལུས་དག་པ་དང་། ཡིད་དག་པ་དང་། གཟུགས་དག་པ་དང་། སྒྲ་དག་པ་དང་། དྲི་དག་པ་དང་། རོ་དག་པ་དང་། ཆོས་དག་པ་དང་། མྱིག་གི་རྣམ་པར་ཤེས་པ་དག་པ་དང་། རྣ་བའི་ རྣམ་པར་ཤེས་དག་པ་དང་། སྣའི་རྣམ་པར་ཤེས་པ་དག་པ་དང་། ལྕེའི་རྣམ་པར་ཤེས་པ་དག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་པ་ དང་། མྱིག་གི་འདུས་ཏེ་རེག་པ་དག་པ་དང་། རྣ་བའི་འདུས་ཏེ་རེག་པ་དག་པ་དང་། སྣའི་འདུས་ཏེ་རེག་པ་དག་པ་དང་། ལྕེའི་འདུས་ཏེ་རེག་པ་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ 25-1-6a དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་དག་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་ དང་། སའི་ཁམས་དག་པ་དང་། ཆུའི་ཁམས་དག་པ་དང་། མྱེའི་ཁམས་དག་པ་དང་། རླུང་གི་ཁམས་དག་པ་དང་། ནམ་མཁའི་ཁམས་དག་པ་དང་། རྣམ་པར་ཤེས་པའི་ཁམས་དག་པ་དང་། མ་རིག་པ་དག་པ་དང་། འདུ་བྱེད་དག་པ་དང་། རྣམ་པར་ཤེས་པ་དག་པ་དང་། མྱིང་དང་གཟུགས་དག་པ་དང་། སྐྱེ་མཆེད་དྲུག་དག་པ་དང་། རེག་པ་དག་པ་དང་། ཚོར་བ་དག་པ་དང་། སྲེད་པ་དག་པ་ དང་། ལེན་པ་དག་པ་དང་། སྲིད་པ་དག་པ་དང་། སྐྱེ་བ་དག་པ་དང་། རྒ་ཤི་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ནང་སྟོང་པ་ ཉིད་དག་པ་དང་། ཕྱི་སྟོང་པ་ཉིད་དག་པ་དང་། ཕྱི་ནང་སྟོང་པ་ཉིད་དག་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དག་པ་དང་། ཆེན་པོ་སྟོང་པ་ཉིད་དག་པ་དང་། དོན་དམ་པ་སྟོང་པ་ཉིད་དག་པ་དང་། འདུས་ བྱས་སྟོང་པ་ཉིད་དག་པ་དང་། འདུས་མ་བྱས་སྟོང་པ་ཉིད་དག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དག་པ་དང་། དོར་བ་མྱེད་པ་སྟོང་པ་ 25-1-6b ཉིད་དག་པ་དང་། རང་བཞིན་སྟོང་པ་ཉིད་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་དག་པ་དང་། དངོས་པོ་ མྱེད་པ་སྟོང་པ་ཉིད་དག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དྲན་པ་ཉེ་བར་གཞག་པ་དག་པ་དང་། ཡང་དག་པར་སྤོང་བ་དག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དག་པ་དང་། དབང་པོ་དག་པ་དང་། སྟོབས་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་དག་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་པ་དང་། འཕགས་པའི་བདེན་ པ་དག་པ་དང་། བསམ་གཏན་དག་པ་དང་། ཚད་མྱེད་པ་དག་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པ་དག་པ་དང་། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དག་པ་དང་། མངོན་པར་ཤེས་པ་དག་པ་དང་། ཏིང་ངེ་འཛིན་དག་ པ་དང་། གཟུངས་ཀྱི་སྒོ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་པ་དང་། མྱི་འཇིགས་པ་བཞི་དག་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དག་པ་དང་། སྙིང་རྗེ་ཆེན་པོ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་པ་དང་། ཐམས་ཅད་ཤེས་པ་ཉིད་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དག་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལྟ་བུ་བསྟན་ 25-1-7a པའི་ཚེ། བར་ཆད་མང་དུ་མྱི་འབྱུང་བ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ལ་བར་ཆད་མང་པོ་འབྱུང་སྟེ། དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀླག་པ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བ་ལ་བར་ཆད་དུ་མྱི་འགྱུར་བར་བྲི་ན་ཡང་མྱུར་དུ་བྲི་བར་བྱའོ། །ཀླག་ན་ཡང་མྱུར་དུ་ཀླག་གོ། །བསྟན་ན་ཡང་མྱུར་དུ་བསྟན་ཏོ། །ཚུལ་བཞིན་ དུ་ཡིད་ལ་བྱ་ན་ཡང་མྱུར་དུ་ཚུལ་བཞིན་དུ་ཡིད་བྱའོ། །བསྒོམ་ན་ཡང་མྱུར་དུ་བསྒོམ་མོ། །རབ་འབྱོར་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་ཟླ་བ་གཅིག་གིས་བྲི་བར་བྱ་ན་ཡང་དེས་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཉིས་སམ། གལ་ཏེ་ཟླ་བ་གསུམ་འམ། གལ་ཏེ་ཟླ་བ་བཞི་འམ། གལ་ཏེ་ཟླ་བ་ལྔ་ འམ། གལ་ཏེ་ཟླ་བ་དྲུག་གམ། གལ་ཏེ་ལོའི་བར་གྱིས་བྲི་བར་བྱ་ན་ཡང་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཅིག་གིས་བསྟན་པ་དང་། ལུང་དབོག་པ་དང་། ཁ་ཏོན་བྱ་ བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ལོའི་བར་གྱིས་བསྒོམ་པར་བྱ་ན། ཡང་དེ་བཞིན་དུ་བསྒོམ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་འབྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཇི་ནས་ཀྱང་མྱི་ 25-1-7b བྲི་བ་དང་། མྱི་ཀླག་པ་དང་། མྱི་བསྟན་པ་དང་། ཁ་ཏོན་མྱི་བགྱི་བ་དང་། ཡིད་ལ་མྱི་བགྱི་བ་དང་། མྱི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཅན་དག་བར་ཆད་མྱི་བགྱིད་པ་ངོ་མཚར་ཆེའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཅི་ནས་ཀྱང་མྱི་བྲི་བ་དང་། མྱི་ཀླག་པ་དང་། མྱི་བསྟན་པ་དང་། ཁ་ཏོན་མྱི་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་མྱི་བྱ་བ་དང་། མྱི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཅན་བར་ཆད་མྱི་བྱེད་པ་ཡང་མ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། བསྒོམ་པ་རྣམས་ལ་བར་ཆད་བྱ་བར་མྱི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་ བ་དང་། ཀླག་པ་དང་། ཁ་ཏོན་དུ་བགྱི་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱི་བ་དང་། བསྒོམ་པ་ལ་བདུད་སྡིག་ཏོ་ཅན་བགེགས་བགྱིད་པར་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །ཤ་ར་དྭ་ཏིའི་བུ་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་ 25-1-8a བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་ཤིང་། འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་མཐུས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་ སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དགོངས་ཤིང་ཡོངས་སུ་འཛིན་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ གིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་ དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱིས་ཡོངས་སུ་ ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ། བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་ནི་གང་ དེ་ལྟར་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་ བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་ལ་དགོངས་པ་མཛད་པ་དང་། 25-1-8b ཀློག་ཅིང་སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་ལ་དགོངས་པ་མཛད་པ་ནི་ཆོས་ཉིད་ཀྱིས་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་ཞིང་ཀློག་པ་དང་། སྟོན་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེས་ཀྱང་བདག་ནི་སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ཀློག་གོ། །སྟོན་ཏོ། །ཁ་ཏོན་དུ་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །སྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གསོལ་པ། བཅོམ་ལྡན་ འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཚུལ་ བཞིན་དུ་ཡིད་ལ་བགྱིད་པ་དང་། སྒོམ་མོ་འཚལ་ཀུན་ཀྱང་སངས་རྒྱས་ཀྱི་མཐུ་ལགས་སམ། ཀུན་ཀྱང་སངས་རྒྱས་ཀྱི་གཟུངས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་ཞིང་ཀློག་པ་ དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱའོ། །དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ གཟུངས་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་ཞིང་ཀློག་པ་དང་། སྟོན་ 25-1-9a ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་ན་ སངས་རྒྱས་བཅོམ་ལྡན་འདས་ཚད་དང་གྲངས་མ་མཆིས་པ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གིས་མཁྱེན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྤྱན་གྱིས་གཟིགས་སོ། ། ཐུགས་སུ་ཆུད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་དག་ནི། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་ སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཚད་མྱེད་གྲངས་མྱེད་པ་དེ་དག་གིས་མཁྱེན་ཏོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཐུགས་སུ་ཆུད་དོ། །ཤ་ར་དྭ་ཏིའི་བུ་དེ་ ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་ 25-1-9b བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་གིས་ཀྱང་། འདི་ལྟར་བདག་ཅག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཉེ་བར་གྱུར་ཏོ། །ཞེས་བྱ་བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ བྲིས་ཏེ་གླེགས་བམ་དུ་བྱས་ཏེ། འཆང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་ཏེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེ་ཏོག་ དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་ པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་འཆང་བ་དེ་དག་ཀྱང་དོན་ཆེ་བ་དང་། ལེགས་པ་ཆེ་བ་དང་། འབྲས་བུ་ཆེ་ བ་དང་། རྣམ་པར་སྨྱིན་པ་ཆེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིར་མྱི་ལྡོག་པའི་ས་ཡོངས་སུ་མནོད་ཀྱི་བར་དུ་དགེ་བའི་རྩ་བ་དེས་ནམ་ཡང་ངན་ སོང་དུ་སྐྱེ་བར་མྱི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །ཚུལ་ཁྲིམས་ 25-1-10a ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་ བྲལ་བར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་དང་ནམ་ ཡང་བྲལ་བར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་དང་ནམ་ ཡང་བྲལ་བར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མི་འགྱུར་རོ། ། ཆོས་ཐམས་ཅད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་ བར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ 25-1-10b དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་དང་། ནམ་ཡང་བྲལ་བར་མྱི་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དབང་པོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྟོབས་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་ནམ་ཡང་ བྲལ་བར་མྱི་འགྱུར་རོ། །བསམ་གཏན་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ནམ་ཡང་བྲལ་བར་ མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་མྱི་ འགྱུར་རོ། །ཏིང་ངེ་འཛིན་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུགས་ཀྱི་སྒོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནམ་ཡང་བྲལ་ བར་མྱི་འགྱུར་རོ། །མྱི་འཇིགས་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་དང་ནམ་ཡང་ 25-1-11a བྲལ་བར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་ བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་ འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་ གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། 25-1-11b བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་ནི་ན་སྤྱོད་པར་གྱུར་ཏེ། དེ་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ དག་མོས་པ་དམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་ བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་ པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་རིམ་གྲོ་དང་། བཀུར་བསྟི་དང་། ཕུ་དུད་དང་། མཆོད་པར་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་ 25-1-12a ན་སྤྱོད་པར་འགྱུར་ཏེ། དེ་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མོས་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་ ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་ འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་། བྱང་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ 25-1-12b པ་དེ་ནི། དེ་བཞིན་གཤེགས་པའི་དགོངས་པའོ། །ཤ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ། དམ་པའི་ཆོས་ནུབ་པར་མྱི་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་ བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་འདྲི་ཤིང་བྲིས་ནས་ཀྱང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་ བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པ་དེ་དག་ཀྱང་དགོངས་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་ པར་ལྟུང་བར་མྱི་འདོང་སྟེ། དེ་དག་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་ འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟིར་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ 25-1-13a ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བརྗོད་དོ། ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བསྟོད་དོ། །བསྔགས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ཀྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ 25-1-13b པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་ སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ལྷོའི་ཕྱོགས་ མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ 25-1-14a རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་ གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ་བསྟོད་དོ། །བསྔགས་སོ། །རིགས་ ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནུབ་བྱང་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འོག་གི་ཕྱོགས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ 25-1-14b དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་ཏེ། དེ་ལ་ཤ་ར་དྭ་ཏིའི་ བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་མོས་པར་འགྱུར་རོ། །མོས་པར་ བྱས་ནས་ཀྱང་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པར་འགྱུར་རོ། ། 25-1-15a ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་མོས་པར་བྱེད་པ་དང་། མོས་པར་བྱས་ནས་འདྲི་ཞིང་ འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ ཞུགས་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ ལྡན་འདས་སླད་མའི་དུས་སླད་མའི་ཚེ། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ ཐོས་ནས་མོས་པར་བགྱིད་པ་དང་། མོས་པར་བགྱིས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བཞིན་ ཉིད་དུ་ནན་ཏན་དུ་བགྱིད་པ་དེ་ལྟ་བུ་ཇི་སྙེད་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་མང་དུ་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མྱི་འཇུམ་ཡོངས་སུ་མྱི་འཇུམ། མྱི་འཇིགས་མྱི་སྔང་། སྐྲག་པར་མྱི་འགྱུར་བ་དེ་ལྟ་བུ་ནི་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་། 25-1-15b རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས། ཡོངས་སུ་དྲིས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ དག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་ དང་རིགས་ཀྱི་བུ་མོ་དེ་དག་ནི། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། ། 25-1-16a རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འདུས་བྱས་སྟོང་པ་ཉིད་ཡོངས་ སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཐའ་ལས་འདས་ པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་ མོ་དེ་དག་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་ དང་རིགས་ཀྱི་བུ་མོ་དེ་དག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཡང་དག་ 25-1-16b པར་སྤོང་བ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ ནི་དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟོབས་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་ཀྱི་ཡན་ ལག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ ནི་འཕགས་པའི་བདེན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ དེ་དག་ནི། ཚད་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་བུ་མོ་དེ་དག་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་ རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཏིང་ངེ་འཛིན་ཡོངས་ 25-1-17a སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་གཟུངས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ དེ་བཞིན་གཤེགས་པ་སྟོབས་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྙིང་རྗེ་ཆེན་པོ་ཡོངས་སུ་ རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བས་ཉེ་བར་བརྟན་པར་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ། །འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ། །དེ་དག་ཚེ་འདས་ནས་ཀྱང་འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཉིད་དུ་འགྱུར་ཏེ་དེ་དག་གཞན་ལ་ཡང་འདི་ལྟ་ 25-1-17b སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་ཏུ་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་པར་བཞག་པར་གྱུར་ཏེ། དེ་དག་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མྱི་ནུས་ན། སྡིག་ཏོ་ལ་མོས་པ་དང་། སྡིག་ཏོའི་སྤྱོད་པ་ཅན་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་བ་གཞན་གྱིས་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ཐོས་ནས། དགའ་ཞིང་ཉམས་བདེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །འདི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་ སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ཏུ་རབ་ཏུ་དགོད་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །ཡང་དག་པར་བསྐུལ་བར་བགྱིའོ། །ཡང་དག་པར་གཟེང་བསྟོད་ པར་བགྱིའོ། །ཡང་དག་པར་དགའ་བར་བགྱིའོ། །ཕྱིར་མྱི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ གི་ཚིག་ནི་སེམས་ལ་སེམས་ཀྱིས་རྣམ་པར་བལྟ་སྟེ། ངས་རྗེས་སུ་དགྱེས་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ 25-1-18a རྣམས་ཀྱི་སྤྱན་སྔར་ཡང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་འདི་སྐད་དུ་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ཏུ་དགོད་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །ཡང་དག་པར་བསྐུལ་བར་བགྱིའོ། ། ཡང་དག་པར་གཟེང་བསྟོད་པར་བགྱིའོ། །ཡང་དག་པར་དགའ་བར་བགྱིའོ། །ཕྱིར་མྱི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་ཐུགས་ཀྱིས་རྣམ་པར་གཟིགས་ཏེ་ རྗེས་སུ་དགྱེས་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་ པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་འགོད་པར་འགྱུར། ཡང་དག་པར་སྟོན་པར་འགྱུར། ཡང་དག་པར་བསྐུལ་བར་འགྱུར། ཡང་དག་པར་གཟེང་སྟོད་པར་འགྱུར། ཡང་དག་པར་དགའ་བར་བྱེད་པར་འགྱུར། ཕྱིར་མྱི་ལྡོག་པར་ལུང་སྟོན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་མོས་པ་རླབས་པོ་ཆེར་འགྱུར་ཏེ། དེ་དག་སྦྱིན་པ་རླབས་པོ་ཆེ་གཏོང་བར་འགྱུར་རོ། །སྦྱིན་པ་རླབས་པོ་ཆེར་གཏང་ཞིང་། དགེ་བའི་རྩ་བ་ 25-1-18b རླབས་པོ་ཆེ་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་རླབས་པོ་ཆེ་མངོན་པར་འདུ་བྱས་ནས། རྣམ་པར་སྨྱིན་པ་རླབས་པོ་ཆེ་ཡོངས་སུ་འཛིན་པར་འགྱུར་ཏེ། རྣམ་པར་སྨྱིན་པ་རླབས་པོ་ཆེ་ཡོངས་སུ་བཟུང་ནས། སེམས་ཅན་དེ་དག་ཉིད་ཀྱི་དོན་ཏུ་རྣམ་པར་སྨྱིན་པ་རླབས་ཆེན་པོ་ལས་དེ་བས་ཀྱང་ཆེས་རླབས་ཆེ་བའི་རྣམ་པར་སྨྱིན་པ་ཡོངས་སུ་འཛིན་ པར་འགྱུར་རོ། །འདི་ལྟར་ཕྱི་འམ་ནང་གི་དངོས་པོ་དེ་དག་ཀྱང་། སེམས་ཅན་དེ་དག་ཉིད་ལ་ཡོངས་སུ་གཏོང་བར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཀྱི་ཆོས་སྟོན་པ་མངོན་ དུ་གྱུར་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དག་ལ་རྟེན་པར་འགྱུར་རོ། །དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་མངོན་སུམ་དུ་ཐོས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྟོན་པར་འགྱུར་རོ། །ཡང་དག་པར་སྐུལ་བར་འགྱུར་རོ། །ཡང་དག་པར་གཟེང་སྟོད་པར་འགྱུར་རོ། །ཡང་དག་པར་དགའ་བར་བྱེད་པར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལས། ཆོས་གང་ 25-1-19a ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་ཏེ། དེ་བཞིན་ཉིད་དང་། ཆོས་ཉིད་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །སེམས་ཅན་རྣམས་ཀྱི་སེམས་ ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་པ་ནི་ངོ་མཚར་ཆེ་སྟེ། འདི་ལྟར་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ ཡོངས་སུ་མཁྱེན་ཏོ། །འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །ད་ལྟར་བྱུང་བའི་དེ་བཞིན་ གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་ སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་ཡོངས་སུ་ཚོལ་བའི་ཚེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཕ་རོལ་ཏུ་ཕྱིན་པ་ 25-1-19b དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བ་ལས་ཀྱང་ལ་ལས་ནི་བཙལ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར། ལ་ལས་ནི་ཐོབ་པར་མྱི་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་དེ་ལྟ་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་འགྲུས་མྱི་གཏོང་བ་དེ་དག་ཀུན་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ། ། གསོལ་པ་ཅི་ལགས། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་ཀུན་ཀྱང་འགྲུབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་མྱི་འགྲུབ་པར་འགྱུར་བ་དེ་ ལྟ་བུའི་གནས་སྐབས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་རྣམས་ཡང་དག་པར་སྟོན་ཅིང་། ཡང་དག་པར་ བསྐུལ་བ་དང་། ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། འགོད་ཅིང་རབ་ཏུ་གཞོགས་པ་ལས་ཀྱང་དེ་བཞིན་དུ་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་ཚེ་འདས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འགྲུབ་པར་འགྱུར་རོ། །དེ་དག་ནི་ནམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨྱིན་ 25-1-20a པར་མ་བྱས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཇི་སྐད་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ ལས་བརྩོན་འགྲུས་ཉམས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གཅིག་གོ། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། སེམས་ཅན་ཡོངས་སུ་སྨྱིན་པར་བགྱིད་པ། སངས་རྒྱས་ ཀྱི་ཞིང་ཡོངས་སུ་འཛིན་པར་བགྱིད་པ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སྤྱོད་པ་དེ་དག་ལ་བར་ཆད་དུ་འགྱུར་བ་ཇི་ལྟ་བུ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར། དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ 25-1-20b པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་ བར་ཡོངས་སུ་རྫོགས་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་རྣམ་གྲངས་དེས་ཤིན་ཏུ་འཕྱི་སྟེ་སྐྱེ་བར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་ བྱའོ། །རབ་འབྱོར་གཞན་ཡང་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར། དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཧ་ཅང་མྱུར་བར་ སྤོབས་པ་སྐྱེ་ལ་དེས་རློམ་སེམས་སུ་བྱེད་ན། རབ་འབྱོར་རྣམ་གྲངས་དེས་ན་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་ 25-1-21a བྱའོ། །རབ་འབྱོར་གཞན་ཡང་གླལ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་ བྱའོ། །རབ་འབྱོར་གཞན་ཡང་དགོད་ཅིང་འབྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཕན་ཚུན་སྟེག་ཅིང་འབྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །སེམས་གཡེང་ཞིང་འབྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མྱི་ཤེས་པར་འབྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་ སུ་རིག་པར་བྱའོ། །འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་གླལ་ཅིང་ལུང་འབོག་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གླལ་ཅིང་ཁ་ཏོན་བྱེད་དམ། འཛིན་ཏམ་ཀློག་གམ། སྟོན་པ་དང་། གླལ་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་ དགོད་ཅིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་ 25-1-21b སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་སྟེག་ཅིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་སེམས་གཡེང་པས་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་ དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་ གཞན་ལ་ཆགས་ཤིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ གང་འདི་སྐད་དུ་འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བཀའ་སྩལ་ན། བཅོམ་ ལྡན་འདས་ཅིའི་སླད་དུ་འདིའི་རོ་མི་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། 25-1-22a སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བདག་ཅག་ལུང་མ་བསྟན་ཏོ་ཞེས། མ་དད་པའི་ཡིད་ཀྱིས་སྟན་ལས་ལངས་ཤིང་འདོང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་པ་དེ་དག་སྟན་ལས་ལངས་ཤིང་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྐྱོན་མྱེད་པར་མ་ཆུད་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མྱི་བསྟན་ཏོ། །དེ་ལ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མྱི་འབྱུང་ངོ་། ། བདག་གི་མྱིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པར་མ་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་ འདས་ཅིའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མྱིང་ཡོངས་སུ་མ་བརྗོད་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མྱིང་ནི་ཡོངས་སུ་མྱི་བརྗོད་དེ། དེ་ལ་བདག་གི་མྱིང་ཡང་འདི་ལས་མྱི་འབྱུང་། བདག་གང་དུ་ སྐྱེས་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་གྱི་མྱིང་འདི་ཡང་མྱི་འབྱུང་ངོ་ཞེས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་མཉན་ཏོ་སྙམ་བྱེད་ཅིང་། འཁོར་དེ་ནས་འགྲོ་བར་སེམས་ན་ 25-1-22b སེམས་བསྐྱེད་པ་དེས་ཇི་ལྟ་ཇི་ལྟར་འགྲོ་བར་སེམས་ཤིང་གོམ་པ་ཇི་སྙེད་ཅིག་བོར་བ་དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་བཟོད་བརྩོན་པར་བྱ་དགོས་སོ། །དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མྱི་སྒྲུབ་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་ཏེ། དེས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ་དེ་ཉིད་ཀྱི་ཡན་ལག་དང་། འདབ་མ་དང་། ལོ་མ་ལ་འཇུ་བར་སེམས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མྱི་ སྒྲུབ་པའི་མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པར་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་གང་ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ལྡན་ པ་དག་སྟེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ཏེ། དེ་དག་ལ་གནས་ཤིང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་འཐོབ་པ་དང་། རང་བྱང་ཆུབ་འཐོབ་པ་འགྱུར་གྱི། བླ་ན་ 25-1-23a མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་མྱི་འགྱུར་བ་སྟེ། རབ་འབྱོར་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ ཞིང་ཀུན་ཆུབ་པར་བྱ་བར་སེམས་དཔའ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མྱི་སྒྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་འབྱུང་བར་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ལ་ལ་ཞིག་རྗེ་བོའི་ ཟན་ནར་མ་བོར་ཏེ་ལས་མྱི་ལས་ཟན་བཙལ་བར་སེམས་པ་དང་འདྲ་བར་དེ་བཞིན་དུ། རབ་འབྱོར་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་འདི་བོར་ཏེ། ཡལ་ག་དང་། ལོ་མ་དང་། འདབ་མ་ལྟ་བུའི་མདོ་སྡེ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་ པ་དག་ལ་བསྟེན་པར་སེམས་པ་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་ བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས་ཁེ་དང་བཀུར་སྟིའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་ 25-1-23b པའི་མདོ་སྡེ་རྣམས་ཀུན་ཆུབ་པར་བྱ་བར་སེམས་དཔའ་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ མྱི་ལ་ལ་ཞིག་གླང་པོ་འདོད་ལ་དེས་གླང་པོ་རྙེད་ན་གླང་པོའི་རྗེས་བཙལ་བར་སེམས་དཔའ་ཡོད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་བོར་ཞིང་མདོ་སྡེ་གང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་དེ་དག་བཙལ་བར་སེམས་དཔའ་དག་ཀྱང་དཔེ་དེ་དང་འདྲ་བར་རིག་པར་བྱ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་ཞིག་རྒྱ་མཚོ་ཆེན་པོ་བལྟ་བར་འདོད་ལ། བ་ལང་གི་རྗེས་བཙལ་བར་སེམས་ ཤིང་། དེས་བ་གླང་གི་རྗེས་མཐོང་ནས་ཀྱང་འདི་སྙམ་དུ་རྒྱ་མཚོ་ཆེན་པོའི་ཚད་འདི་དང་མཉམ་འམ་མྱི་མཉམ་སྙམ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་ དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ 25-1-24a བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་གཟུང་བ་དང་ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་རྣམ་པ་དེ་ལྟར་རིག་པར་བྱ་སྟེ། རབ་འབྱོར་ དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱ་མཁན་ནམ་ཕྱ་མཁན་གྱི་སློབ་མ་རྣམ་པར་རྒྱལ་བའི་ཁང་པའི་ ཚད་དུ་ཁང་པ་ཞིག་དབུབ་ཅིང་བསླང་བར་འདོད་དེ་ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་ཡོངས་སུ་བཙལ་བར་སེམས་ཤིང་། ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་ལས་ཚད་བླང་བར་སེམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེས་ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་གི་ཚད་ཀྱིས་རྣམ་པར་རྒྱལ་བའི་ཁང་པའི་ཚད་དང་དཔེ་ཚུལ་བཟུང་སྟེ། དེ་དང་འདྲ་བར་ཁང་པ་དབུབ་པར་ ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱ་མཁན་ནམ། ཕྱ་མཁན་གྱི་སློབ་མ་དེ་ མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེ་ནི་བྱིས་པའི་ངང་ཚུལ་ཅན་དུ་རིག་པར་བགྱི་སྟེ། མཁས་པའི་ངང་ཚུལ་ཅན་མ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་ 25-1-24b བར་སེམས་དཔའ་འབྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བར་འདོད་ལ། དེས་ཁམས་ཀྱི་རྒྱལ་ཕྲན་མཐོང་ནས་ འདི་སྙམ་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཁ་དོག་དང་། དབྱིབས་ཀྱིས་ཇི་འདྲ་བ་ཞིག་ཡོད་ཅེས་ཁམས་ཀྱི་རྒྱལ་ཕྲན་མཐོང་བའི་ཁ་དོག་དང་དབྱིབས་ཀྱི་མཚན་མ་བཟུང་བར་བསམས་ཏེ། འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་ཁ་དོག་དང་། དབྱིབས་དང་ཚུལ་དང་མཚན་མ་ཡང་སའི་བདག་པོ་འདི་འདྲ་བ་ཞིག་ཡོད་གྲང་ཞེས་ཟེར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ཀྱང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་དཔའ་འབྱུང་ 25-1-25a ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཤིན་ཏུ་བཀྲེས་པ་ལ་ལ་ཞིག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་རྙེད་ཀྱང་དྲུག་ཅུ་པའི་ཁ་ཟས་བཙལ་བར་སེམས་ཤིང་། དེས་ཁ་ཟས་རོ་བརྒྱ་དང་ལྡན་པ་དེ་བོར་ནས། དྲུག་ཅུ་པའི་ཁ་ཟས་ ལ་བཟའ་བར་བསམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ཐོས་ཤིང་རྙེད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཡོངས་སུ་བཙལ་བར་སེམས་དཔའ་འབྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ། 25-1-25b རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་རིན་ཐང་མྱེད་པ་རྙེད་ནས། ནོར་བུ་མཆིང་བུ་དང་བསྒྲུན་པར་བསམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་འབྱུང་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། སྤོབས་པ་མང་པོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་དཀྲུགས་མར་འགྱུར་བ་དེ་ལྟ་བུ་སྐྱེ་བར་འགྱུར་བ་སྟེ། འདི་ལྟར་གཟུགས་ཀྱི་སྤོབས་པ་དང་། སྒྲའི་སྤོབས་པ་དང་། དྲིའི་སྤོབས་པ་དང་། རོའི་སྤོབས་པ་དང་། རེག་གི་སྤོབས་པ་དང་། ཆོས་ཀྱི་སྤོབས་པ་དང་། སྦྱིན་པའི་སྤོབས་པ་དང་། ཚུལ་ 25-1-26a ཁྲིམས་ཀྱི་སྤོབས་པ་དང་། བཟོད་པའི་སྤོབས་པ་དང་། བརྩོན་འགྲུས་ཀྱི་སྤོབས་པ་དང་། བསམ་གཏན་གྱི་སྤོབས་པ་དང་། ཤེས་རབ་ཀྱི་སྤོབས་པ་དང་། འདོད་པའི་ཁམས་ཀྱི་ སྤོབས་པ་དང་། གཟུགས་ཀྱི་ཁམས་ཀྱི་སྤོབས་པ་དང་། གཟུགས་མྱེད་པའི་ཁམས་ཀྱི་སྤོབས་པ་དང་། ལུང་དབོག་པ་དང་། ཁ་ཏོན་བྱ་བའི་སྤོབས་པ་དང་། རིམ་གྲོར་བྱ་བའི་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པའི་སྤོབས་པ་དང་། ཡང་དག་པར་སྤོང་བའི་སྤོབས་པ་དང་། རྫུ་འཕྲུལ་གྱི་རྐང་པའི་སྤོབས་པ་དང་། དབང་པོའི་སྤོབས་པ་དང་། སྟོབས་ཀྱི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ ལག་གི་སྤོབས་པ་དང་། ལམ་གྱི་སྤོབས་པ་དང་། བསམ་གཏན་གྱི་སྤོབས་པ་དང་། རྣམ་པ་ཐར་པའི་སྤོབས་པ་དང་། ཏིང་ངེ་འཛིན་གྱི་སྤོབས་པ་དང་། སྙོམས་པར་འཇུག་པའི་སྤོབས་པ་དང་། ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དོན་ དམ་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་གི་ མཚན་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དངོས་པོ་ 25-1-26b མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་ དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། སྟོབས་བཅུའི་སྤོབས་ པ་དང་། མྱི་འཇིགས་པའི་སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྤོབས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྤོབས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྤོབས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྤོབས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་སྤོབས་པ་དང་། དགྲ་བཅོམ་པའི་སྤོབས་པ་དང་། རང་བྱང་ཆུབ་ཀྱི་སྤོབས་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱི་སྤོབས་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིན་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོབས་པ་མྱེད་པས་རྣམ་པར་བྱང་བའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་བསམ་གྱིས་མྱི་ཁྱབ་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་མྱེད་ཅིང་འགག་པ་མྱེད་པའོ། ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་ཀུན་ནས་ཉོན་མོངས་པ་མྱེད་ཅིང་རྣམ་པར་བྱང་བ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མྱེད་པའོ། །རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་དུ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་བྱང་བ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པ་མྱེད་ 25-1-27a པའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མྱེད་ཅིང་མྱི་དམྱིགས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་ པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཆོས་དེ་དག་གིས་འཁྲུག་པར་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་ མ་ཡིན་ཏེ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་ སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཡོད་པ་མ་ཡིན་ 25-1-27b ཏེ་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོད་པ་མ་ཡིན་ཏེ་མྱི་ དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཡོད་ པ་མ་ཡིན་ཏེ་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་ དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། ། 25-1-28a འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་ཀྱི་ ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་ པ་མ་ཡིན་ཏེ་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྣམ་པ་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨྱོན་པ་མྱེད་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་ དམྱིགས་སོ། །མྱི་འཇིགས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོའི་ ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་ མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ངོ་བོ་ཉིད་མྱི་ 25-1-28b དམྱིགས་པ་གང་ཡིན་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དངོས་པོ་མྱེད་པས་དངོས་པོ་མྱེད་པ་བྲི་བར་མྱི་ནུས་སོ། །རབ་འབྱོར་གལ་ཏེ་བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དངོས་པོ་མྱེད་ཅེས་བྱ་བར་འདུ་ཤེས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། ། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་བདག་གིས་བྲིས་སོ་ཞེས་མཆི་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེར་མངོན་པར་ཆགས་པ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ ཡི་གེར་མ་མཆིས་པའོ། །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་ མ་མཆིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུགས་ནི་ཡི་གེ་མ་མཆིས་པའོ། ། ཚོར་བ་ནི་ཡི་གེ་མ་མཆིས་པའོ། །འདུ་ཤེས་ནི་ཡི་གེ་མ་མཆིས་པའོ། །འདུ་བྱེད་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་ནི་ཡི་གེ་མ་མཆིས་ པའོ། །རྣ་བ་ནི་ཡི་གེ་མ་མཆིས་པའོ། །སྣ་ནི་ཡི་གེ་མ་མཆིས་པའོ། །ལྕེ་ནི་ཡི་གེ་མ་མཆིས་པའོ། །ལུས་ནི་ཡི་གེ་མ་མཆིས་པའོ། །ཡིད་ནི་ཡི་གེ་མ་མཆིས་པའོ། །གཟུགས་ 25-1-29a ནི་ཡི་གེ་མ་མཆིས་པའོ། །སྒྲ་ནི་ཡི་གེ་མ་མཆིས་པའོ། །དྲི་ནི་ཡི་གེ་མ་མཆིས་པའོ། །རོ་ནི་ཡི་གེ་མ་མཆིས་པའོ། །རེག་ནི་ཡི་གེ་མ་མཆིས་པའོ། །ཆོས་ནི་ཡི་གེ་མ་མཆིས་ པའོ། །མྱིག་གི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །སྣའི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་རྣམ་པར་ཤེས་པ་ ནི་ཡི་གེ་མ་མཆིས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། ། རྣ་བའི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །སྣའི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་ཡི་གེ་མ་ མཆིས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ནི་ཡི་གེ་མ་མཆིས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །སའི་ཁམས་ནི་ཡི་གེ་མ་མཆིས་པའོ། །ཆུའི་ཁམས་ནི་ཡི་གེ་མ་ མཆིས་པའོ། །མྱེའི་ཁམས་ནི་ཡི་གེ་མ་མཆིས་པའོ། །རླུང་གི་ཁམས་ནི་ཡི་གེ་མ་མཆིས་པའོ། །ནམ་མཁའི་ཁམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པ་ཤེས་པའི་ཁམས་ནི་ཡི་ 25-1-29b གེ་མ་མཆིས་པའོ། །མ་རིག་པ་ནི་ཡི་གེ་མ་མཆིས་པའོ། །འདུ་བྱེད་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །མྱིང་དང་གཟུགས་ནི་ཡི་གེ་མ་མཆིས་པའོ། ། སྐྱེ་མཆེད་དྲུག་ནི་ཡི་གེ་མ་མཆིས་པའོ། །རེག་པ་ནི་ཡི་གེ་མ་མཆིས་པའོ། །ཚོར་བ་ནི་ཡི་གེ་མ་མཆིས་པའོ། །སྲེད་པ་ནི་ཡི་གེ་མ་མཆིས་པའོ། །ལེན་པ་ནི་ཡི་གེ་མ་མཆིས་པའོ། །སྲིད་པ་ནི་ ཡི་གེ་མ་མཆིས་པའོ། །སྐྱེ་བ་ནི་ཡི་གེ་མ་མཆིས་པའོ། །རྒ་ཤི་ནི་ཡི་གེ་མ་མཆིས་པའོ། །ནང་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཕྱི་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཕྱི་ནང་ སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །འདུས་ བྱས་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ནི་ཡི་གེ་མ་མཆིས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །རང་བཞིན་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། ། རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ ནི་ཡི་གེ་མ་མཆིས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །ཡང་དག་པར་སྤོང་བ་རྣམས་ནི་ 25-1-30a ཡི་གེ་མ་མཆིས་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །དབང་པོ་རྣམས་ནི་ཡི་གེ་མ་མཆིས་པའོ། །སྟོབས་རྣམས་ནི་ཡི་གེ་མ་མཆིས་པའོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ནི་ཡི་གེ་མ་མཆིས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡི་གེ་མ་མཆིས་པའོ། །འཕགས་པའི་བདེན་པ་རྣམས་ནི་ཡི་གེ་མ་མཆིས་པའོ། ། བསམ་གཏན་རྣམས་ནི་ཡི་གེ་མ་མཆིས་པའོ། །ཚད་མྱེད་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ ཐར་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ དང་། སྨོན་པ་མྱེད་པ་ནི་ཡི་གེ་མ་མཆིས་པའོ། །མངོན་པར་ཤེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །ཏིང་ངེ་འཛིན་རྣམས་ནི་ཡི་གེ་མ་མཆིས་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཡི་གེ་མ་མཆིས་ པའོ། །དེ་བཞིན་གཤེགས་པ་སྟོབས་རྣམས་ནི་ཡི་གེ་མ་མཆིས་པའོ། །མྱི་འཇིགས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། ། སྙིང་རྗེ་ཆེན་པོ་ནི་ཡི་གེ་མ་མཆིས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །ཐམས་ཅད་ཤེས་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ ཉིད་ནི་ཡི་གེ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡི་ 25-1-30b གེ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ལ། ཡི་གེ་མ་མཆིས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ཅིང་། ཡི་གེ་མ་ མཆིས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་ མ་མཆིས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་ མཆིས་པའི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཕྱི་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཕྱི་ནང་སྟོང་པ་ཉིད་ལ་ མངོན་པ་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཆེན་པོ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་ བགྱིད་པ་དང་། ཡི་གེ་མ་མཆིས་པའི་དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་འདུས་བྱས་སྟོང་པ་ཉིད་ལ་མངོན་པ་ཆགས་པར་བགྱིད་པ་དང་། ཡི་གེ་མ་ མཆིས་པའི་འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རང་བཞིན་སྟོང་ 25-1-31a པ་ཉིད་ལ་མངོན་པ་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རང་གི་མཚན་ཉིད་ སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དངོས་པོ་མྱེད་པ་སྟོང་པ་ ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཡང་དག་པར་སྤོང་བ་རྣམས་ལ་ མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དབང་པོ་རྣམས་ལ་མངོན་པར་ཆགས་ པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྟོབས་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་ དང་། ཡི་གེ་མ་མཆིས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཆགས་ པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བསམ་གཏན་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཚད་མྱེད་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། 25-1-31b ཡི་གེ་མ་མཆིས་པའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྣམ་པར་ཐར་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་ པ་དང་། ཡི་གེ་མ་མཆིས་པའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མངོན་པར་ཤེས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ ཏིང་ངེ་འཛིན་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མྱི་འཇིགས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སོ་སོ་ཡང་དག་ པར་རིག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྙིང་རྗེ་ཆེན་པོ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་ཆགས་ པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ 25-1-32a རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་། ཞུ་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ ཡིད་ལ་བྱེད་པ་དང་། སྒོམ་པའི་ཚེ་ཡུལ་གྱི་ཡིད་ལ་བྱ་བ་མང་པོ་སྐྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་། ཞུ་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་སྒོམ་པའི་ཚེ། གྲོང་གི་ཡིད་ལ་བྱ་བ་དང་། གྲོང་རྡལ་གྱི་ཡིད་ལ་བྱ་བ་དང་། ཁམས་ཀྱི་ཡིད་ལ་བྱ་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་ གྱི་ཡིད་ལ་བྱ་བ་དང་། ཁྱིམ་གྱི་ཡིད་ལ་བྱ་བ་དང་། བླ་མ་དང་། མཁན་པོའི་ཡིད་ལ་བྱ་བ་དང་། མ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕུ་ནུ་དང་ལྡན་པའི་ ཡིད་ལ་བྱ་བ་དང་། སྲིང་མོ་དང་ལྡན་པའི་ཡིད་ལ་བྱ་བ་དང་། གཉེན་བཤེས་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཀུན་པོ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕྱག་དར་བ་དང་ལྡན་པའི་ཡིད་ལ་བྱ་བ་ དང་། འཇིག་རྟེན་པ་དང་ལྡན་པའི་ཡིད་ལ་བྱ་བ་དང་། སྨད་འཚོང་མ་དང་ལྡན་པའི་ཡིད་ལ་བྱ་བ་དང་། བུད་མྱེད་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཡིད་ལ་བྱ་བ་གཞན་མང་པོ་སྐྱེ་ན། རབ་འབྱོར་ 25-1-32b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཟབ་མོ་འདི་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། ལུང་བསྟན་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བར་ ཆད་བྱ་བའི་ཕྱིར་བདུད་སྡིག་ཏོ་ཅན་འཁྲུག་པར་འགྱུར་བ་ཉེ་བར་སྦྱོར་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བའི་ཚེ། ཁེ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། ཆོས་གོས་དང་ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་བྱུང་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་འདྲི་བ་དང་ལུང་དབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། དེ་དག་གི་རོ་མྱོང་བར་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བར་ཆད་ དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པའི་ཚེ་བདུད་སྡིག་ཏོ་ཅན་དག་མདོ་སྡེ་ཟབ་མོ་ཟབ་མོ་གང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་ 25-1-33a དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དག་ཉེ་བར་བསྙེན་པར་བྱེད་དེ། དེ་དག་ ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐབས་མཁས་པས་བདུད་ཀྱིས་བསྙེན་པའི་མདོ་སྡེ་ཟབ་མོ་ཟབ་མོ་དེ་དག་ལ་འདོད་པ་མྱི་སྐྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ ཞེ་ན། དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་མྱི་མཁས་པ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ཐོས་ནས་སྤང་བར་སེམས་ཏེ། དེ་ལ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐབས་མཁས་པ་ཡང་རྒྱ་ཆེར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཀྱང་ ཐབས་མཁས་པ་རྒྱ་ཆེ་བར་བཙལ་བར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ ཞིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་མཁས་པ་བཙལ་བར་སེམས་དཔའ་ཡོད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་གཉིས་སོ།། །། 25-1-33b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་དགའ་ལ་ཆོས་སྨྲ་བ་ནི་ཕྱི་ཤོལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་ཕྱི་ཤོལ་མྱི་བྱེད་ལ། ཆོས་ཉན་པ་ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་འདོད་ལ། ཆོས་སྨྲ་བ་ ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཁེ་དང་བཀུར་བསྟི་དང་། ཚིགས་ སུ་བཅད་པ་ལྷུར་ལེན་ཅིང་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལྷུར་ལེན་ལ་ཆོས་ཉན་པ་ནི་འདོད་པ་ཉུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མྱི་གཡེང་བ་སེམས་རྩེ་གཅིག་ཏུ་འདུས་པས་ཤེས་རབ་དང་ལྡན་པ་ཞིག་སྟེ། ཁེ་དང་བཀུར་བསྟིས་འཇིགས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ 25-1-34a སྨྲ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མྱི་གཡེང་བ། སེམས་རྩེ་གཅིག་ཏུ་འདུས་པ། ཤེས་རབ་དང་ལྡན་པ་ཞིག་སྟེ། ཁེ་དང་ བཀུར་བསྟིས་འཇིགས་ལ་ཆོས་ཉན་པ་ནི་འདོད་པ་ཆེ་ཞིང་སྡིག་ཏོ་འདོད་ལ། ཁེ་དང་བཀུར་བསྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་ཅིང་། གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ ལྷུར་ལེན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཟས་ཕྱིས་མྱི་ལེན་པ། སྟན་གཅིག་པ། ཅི་ཐོབ་པའི་བསོད་སྙོམས་ལེན་ པ། དུར་ཁྲོད་པ། བླ་གབ་མྱེད་པ། ཤིང་དྲུང་པ། ཅོག་པུ་པ། གཞི་ཇི་བཞིན་པ། ཆོས་གོས་གསུམ་པར་གྱུར་ལ། ཆོས་ཉན་པ་ནི་དགོན་པ་པ་མ་ཡིན། བསོད་སྙོམས་པ་མ་ཡིན། ཕྱག་དར་ཁྲོད་པ་ མ་ཡིན། ཟས་ཕྱིས་མྱི་ལེན་པ་མ་ཡིན། སྟན་ཅིག་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་པ་མ་ཡིན། བླ་གབ་མྱེད་པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་པུ་པ་མ་ ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་གོས་གསུམ་པ་མ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། 25-1-34b ཟས་ཕྱིས་མྱི་ལེན་པ། སྟན་ཅིག་པ། ཟས་ཅི་ཐོབ་པའི་བསོད་སྙོམས་ལེན་པ། དུར་ཁྲོད་པ། བླ་གབ་མྱེད་པ། ཤིང་དྲུང་པ། ཅོག་པུ་པ། གཞི་ཅི་བཞིན་པ། ཆོས་ གོས་གསུམ་པར་གྱུར་ལ། ཆོས་སྨྲ་བ་ནི་དགོན་པ་པ་མ་ཡིན། བསོད་སྙོམས་པ་མ་ཡིན། ཕྱག་དར་ཁྲོད་པ་མ་ཡིན། ཟས་ཕྱིས་མྱི་ལེན་པ་མ་ཡིན། སྟན་ཅིག་པ་མ་ཡིན། ཅི་ཐོབ་པའི་ བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་པ་མ་ཡིན། བླ་གབ་མྱེད་པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་པུ་པ་མ་ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་གོས་གསུམ་པ་མ་ཡིན་ན། རབ་ འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱེད་པར་འདོད་ལ། ཆོས་སྨྲ་བ་ནི་མ་དད་པ། ཚུལ་ཁྲིམས་ངན་པ་ཅན། སྡིག་པའི་ཆོས་ཅན་ཞིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་འདོད། ལུང་འབོག་ 25-1-35a པར་འདོད། ཁ་ཏོན་བྱེད་པར་འདོད་ལ། ཆོས་ཉན་པ་ནི་མ་དད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་ པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། བདོག་པ་ཐམས་ཅད་ ཡོངས་སུ་གཏོང་ཞིང་སེམས་ལ་ཆགས་པ་མྱེད་ལ། ཆོས་ཉན་པ་ནི་སེར་སྣ་ཅན་ཆགས་པའི་སེམས་དང་ལྡན་ཞིང་འཇུངས་པར་འགྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་ཆོས་ཉན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་ཆགས་པ་མྱེད་ལ། ཆོས་སྨྲ་བ་ནི་སེར་སྣ་ཅན་ཆགས་པའི་སེམས་དང་ལྡན་ཞིང་འཇུངས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བ་ལ་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ཡོངས་སུ་གཏོང་བར་འདོད་ལ་ཆོས་སྨྲ་བ་ནི་ལེན་པར་མྱི་ འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ 25-1-35b ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གླེངས་པ་ཙམ་གྱིས་ཤེས་ལ། ཆོས་ཉན་པ་ནི་དཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གླེངས་པ་ཙམ་གྱིས་ཤེས་ལ། ཆོས་སྨྲ་བ་ནི་བཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་ དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ་ཆོས་ཉན་པ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་ པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་ བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་མྱི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་ 25-1-36a རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མདོ་དང་། དབྱངས་ ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་ དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ། ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་ དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་ པ་བསྟན་པའི་ཆོས་ཀྱི་ཁྱད་པར་མྱི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་ དྲུག་དང་མྱི་ལྡན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མྱི་ལྡན་ན། 25-1-36b རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ། ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མྱི་ མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུག་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ། ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་ཐབས་མྱི་མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་སྨྲ་བ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ 25-1-37a འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདྲི་བར་འདོད། ཀླག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱ་བར་འདོད། བསྒོམ་པར་འདོད་ལ། ཆོས་ཉན་པ་ནི་བྲི་བར་མྱི་འདོད། ཀླག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱ་བར་མྱི་འདོད། མཉན་པར་མྱི་འདོད། བསྒོམ་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བྲི་བར་འདོད། ཀླག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱ་བར་འདོད། མཉན་པར་འདོད་ལ་ཆོས་སྨྲ་བ་ནི་བྲི་བར་མྱི་འདོད། ཀླག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱ་བར་མྱི་འདོད། བསྒོམ་པར་མྱི་འདོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་སྙོམ་པ་དང་། གཉིད་དང་འགྱོད་པ་དང་ བྲལ་ཐེ་ཙོམ་དང་བྲལ་ལ། ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས་ཐེ་ཙོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་ 25-1-37b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ། ཐེ་ཙོམ་དང་བྲལ་ལ། ཆོས་སྨྲ་བ་ནི་འདོད་པའི་ སྲེད་པ་དང་བཅས། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས། ཐེ་ཙོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ལ་ལ་ཞིག་དེར་འོངས་ཏེ། སེམས་ཅན་ དམྱལ་བའི་མྱི་སྙན་པ་རྗོད། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་གྱི་མྱི་སྙན་པ་རྗོད་ཅིང་། སེམས་ཅན་དམྱལ་བ་ནི་འདི་ལྟར་སྡུག་བསྔལ་ལོ། །བྱོལ་སོང་གི་ སྐྱེ་གནས་ནི་འདི་ལྟར་སྡུག་བསྔལ་ལོ། །ཡི་དགས་ཀྱི་ཡུལ་ནི་འདི་ལྟར་སྡུག་བསྔལ་ལོ། །ཁྱོད་ཀྱིས་སྡུག་བསྔལ་འདི་ཉིད་དུ་མཐར་ཕྱིན་པར་གྱིས་ཤིག །གང་ལ་སྡུག་བསྔལ་སྟོང་ཕྲག་མང་པོ་ཉམས་སུ་ མྱོང་བར་འགྱུར་བས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ། ཁྱོད་ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་ཏ་རེ་ཞེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་ 25-1-38a རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ལ་ལ་ཞིག་དེར་འོངས་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལེགས་པ་བརྗོད་ཅིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། འཚེ་མའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགའ་ལྡན་གྱི་ལྷ་ རྣམས་ཀྱི་ལེགས་པ་རྗོད། འཕྲུལ་དགའི་ལྷ་རྣམས་ཀྱི་ལེགས་པ་རྗོད། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་ལྷ་ཉེ་ཕན་གྱི་ ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་ཆེན་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་སྣང་གི་ལྷ་རྣམས་ ཀྱི་ལེགས་པ་རྗོད། ཚད་མྱེད་སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཀུན་སྣང་དང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་དགེའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚད་མྱེད་དགེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་ཆེའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚད་མྱེད་ཆེ་བའི་ལྷ་རྣམས་ ཀྱི་ལེགས་པ་རྗོད། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། མྱི་ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། མྱི་གདུང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ལེགས་ 25-1-38b པ་རྗོད། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། འོག་མྱིན་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ནམ་མཁའ་མཐའ་ཡས་སྐྱེས་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད་ཅིང་། འདོད་པའི་ ཁམས་ནི་འདོད་པ་ལ་ལོངས་སྤྱོད་པས་འདི་ལྟར་བདེའོ། །གཟུགས་ཀྱི་ཁམས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱི་འདི་ལྟར་བདེའོ། །གཟུགས་མྱེད་པའི་ཁམས་ནི་སྙོམས་པར་ འཇུག་པ་ཞི་བ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཀྱང་མྱི་རྟག་ཅིང་སྡུག་བསྔལ་ལ་བདག་མྱེད་པའོ། །རྣམ་པར་འགྱུར་བའི་ཆོས་ཅན་ཟད་པའི་ཆོས་ཅན། འཇིགས་པའི་ཆོས་ཅན། སྐྱེ་བའི་ ཆོས་ཅན། འགག་པའི་ཆོས་ཅན་ཡིན་གྱིས། ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིང་། འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཕྱིན་ཆད་འཁོར་བ་ན་མ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ་ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ 25-1-39a འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་ཉན་པ་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་ཚོགས་ཡོངས་སུ་སྡུད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་ འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་ པ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་ཚོགས་ཡོངས་སུ་སྡུད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདི་སྐད་དུ། སུ་ངའི་ཕྱི་བཞིན་འབྲང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲིར་སྦྱིན་ནོ་ཞེས་ཟེར་ལ། ཆོས་ཉན་པ་ནི་ཕྱི་བཞིན་མྱི་འབྲང་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ 25-1-39b འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་འདོད་ལ་ཆོས་སྨྲ་བ་ནི་དྲུང་དུ་འགྲོ་བའི་སྐབས་མྱི་འབྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ ཆོས་སྨྲ་བ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་འདོད། ཀློག་ཏུ་གཞུག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱེད་ཏུ་གཞུག་པར་ འདོད་ལ། ཆོས་ཉན་པ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར་དྲུང་དུ་འགྲོ་བར་མ་མོས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་ པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཟང་ཟིང་ཆུང་ཟད་ ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་འདོད། ཀློག་པར་འདོད། ལུང་འབོག་པར་འདོད། བསྒོམ་པར་འདོད། ཉན་པར་འདོད་ལ་ཆོས་སྨྲ་བ་ནི་ཟང་ཟིང་ ཆུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་མྱི་འདོད། འདྲིར་གཞུག་པར་མྱི་འདོད། ཀློག་ཏུ་གཞུག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་དུ་གཞུག་པར་མྱི་འདོད། 25-1-40a སྒོམ་དུ་གཞུག་པར་མྱི་འདོད། ཉན་དུ་གཞུག་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་བར་ འདོད་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་བར་ འདོད་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཟས་དཀོན་པ་དང་། གང་ན་ཆུ་དཀོན་པའི་ཕྱོགས་ དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་ པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེས་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་ན་ཟས་དཀོན་པ་དང་། ཆུ་དཀོན་པའི་ 25-1-40b ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་ མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཟས་མོད་པ་དང་། ཆུ་མོད་ པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ཡང་རྗེས་སུ་འབྲང་ན། དེས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཟང་ཟིང་གི་དོན་ཏུ་སོང་སྟེ་ཇི་རུང་། ལེགས་པར་བསམ་པ་སེམས་པར་གྱིས་ཤིག ། ཟས་ཐོབ་མ་ཐོབ་དང་བསོད་མྱི་བསོད་ཀྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། དེའི་ཕྱིར་ཆོས་སྟོན་པ་དེས་ཀྱང་། ཐབས་ཕྲ་མོས་ཆོས་ལ་སྤང་བ་བྱས་པར་འགྱུར་ཏེ། དེ་ཡང་མྱི་དགའ་ཞིང་འདི་ སྙམ་དུ་འདུ་ཤེས་ཏེ། འདི་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་གྱི། སྤོང་བའི་མཚན་མ་ཡིན་ནོ་སྙམ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེས་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་ གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྦྲུལ་གྱི་འཇིགས་པ་དང་། འབྲོག་དགོན་པའི་འཇིགས་པ་ཡོད་ པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཆོས་ཀྱི་དོན་ཏུ་ཆོས་ཀྱིས་སྐོམ་ཞིང་རྗེས་སུ་འབྲང་ན། དགེ་སློང་ཆོས་སྨྲ་བས་ཆོས་ཉན་པ་དེ་དག་ལ་འདི་སྐད་སྨྲས་ཏེ། རིགས་ཀྱི་བུ་དག་ཁྱོད་གང་ན་རྐུན་ 25-1-41a པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྦྲུལ་གྱི་འཇིག་པ་དང་། འབྲོག་དགོན་པའི་ འཇིགས་པ་ཡོད་པ་དེར་དོང་སྟེ། ཇི་རུང་ཞེས་དེ་ལྟར་དགེ་སློང་ཆོས་སྨྲ་བ་དེས་ཆོས་མྱི་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་མྱི་འདོད། ཀློག་ཏུ་ གཞུག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་དུ་གཞུག་པར་མྱི་འདོད། ཉན་དུ་གཞུག་པར་མྱི་འདོད་པར་གྱུར་ལ། དེ་དག་གིས་དགེ་སློང་ཆོས་སྨྲ་བའི་ཚིག་དེ་དག་ཐོས་ ནས། མྱི་དགའ་ཞིང་མྱི་དགའ་བའི་ཚུལ་ཅན་དུ་གྱུར་ཏེ། དགེ་སློང་ཆོས་སྨྲ་བ་གང་ན་བ་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་དགེ་སློང་ཆོས་སྨྲ་བ་ནི་བསོད་སྙོམས་གཏོང་བའི་གྲོང་ཁྱེར་གཙོ་བོར་བྱེད་པར་འགྱུར་ཏེ། དེ་བསོད་སྙོམས་གཏོང་བའི་གྲོང་ཁྱེར་གཙོ་བོར་གྱུར་པས་གསོད་སྙོམས་གཏོང་བའི་གྲོང་ཁྱེར་དེ་ དག་ཡང་དང་ཡང་བལྟ་བར་སེམས་ཤིང་། དེར་ཡང་དང་ཡང་བལྟ་བས་ཆོས་ཉན་པ་ཟློག་ཅིང་། ཚེ་དང་ལྡན་པ་དག་ངས་ནི་བསོད་སྙོམས་གཏོང་བའི་གྲོང་བལྟ་དགོས་ཏེ། བསོད་སྙོམས་ གཏོང་བའི་གྲོང་དུ་འགྲོ་དགོས་སོ་ཞེས་ཟེར་ནས། དེས་ཆོས་ཉན་པ་དེ་དག་ཕྱིར་བཟློག་པས་ཕྱིར་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་ 25-1-41b པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་ དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། ཇི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མྱི་འགྱུར་བ་དང་། ལུང་འབོག་པར་མྱི་འགྱུར་བ་དང་། ཁ་ཏོན་བྱེད་པར་མྱི་འགྱུར་ བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མྱི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བགྱིས་ཤིང་། ཇི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མྱི་འགྱུར་བ་དང་། ལུང་ འབོག་པར་མྱི་འགྱུར་བ་དང་། ཁ་ཏོན་བྱེད་པར་མྱི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་མྱི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། འདི་སྐད་དུ་ངེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིན་ཏེ་ ཇི་སྐད་དུ་ཁྱེད་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་དབེན་བྱེད་ཅིང་ཟློག་ལ་མོས་པ་མྱེད་པར་བྱེད་དོ། །རབ་འབྱོར་དེ་ལ་བདུད་སྡིག་ཏོ་ཅན་གྱིས་དེ་ལྟར་དབྱེན་བྱས་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ལུང་མ་བསྟན་པ་དེ་དག་ནི་ཐེ་ཙོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐེ་ཙོམ་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འདྲི་བར་འགྱུར། མྱི་ཀློག་པར་ 25-1-42a འགྱུར། ལུང་མྱི་འབོག་པར་འགྱུར། ཁ་ཏོན་མྱི་བྱེད་པར་འགྱུར། མྱི་སྒོམ་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མྱི་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཤིང་འདི་སྐད་དུ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་ཡང་དག་པའི་མཐའ་མངོན་ཏུ་བྱེད་པར་འགྱུར་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ འཐོབ་པར་འགྱུར་རོ། །དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་འཐོབ་པར་འགྱུར་རོ། །དེ་ནི་རང་བྱང་ཆུབ་འཐོབ་ པར་འགྱུར་རོ་ཞེས་ཟེར་ན། དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་ཟབ་མོ་འདི་སྟོན་པའི་ཚེ། བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་མང་དུ་འབྱུང་སྟེ། བདུད་ཀྱི་ལས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ 25-1-42b ཀྱི་ལས་སུ་རིག་པར་བྱའོ། །རིག་པར་བྱས་ནས་རྣམ་པར་སྤང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདུད་ཀྱི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བགྱི་སྟེ། སྤང་བར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ ལས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱ་སྟེ། རྣམ་པར་སྤང་བར་བྱའོ། ། རབ་འབྱོར་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་དག་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱ་སྟེ་རྣམ་པར་ སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་དང་། ཕྱི་སྟོང་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་ སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་ 25-1-43a པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་ པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པ་ཐར་པའི་སྒོ་ སྟོང་པ་ཉིད་དང་། རྣམ་པ་ཐར་པའི་སྒོ་མཚན་མ་མྱེད་པ་དང་། རྣམ་པ་ཐར་པའི་སྒོ་སྨོན་པ་མྱེད་པ་གང་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བ་དང་། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འཐོབ་པར་འགྱུར་བ་དེ་དག་ཀྱང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱེད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉེ་བར་སྙེན་ཏེ། དེ་ཡང་དེ་ལ་དགའ་བ་སྐྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་ལུས་གསེར་གྱི་ཁ་དོག་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། འོད་འདོམ་གང་བ་དང་ལྡན་པར་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་ 25-1-43b དཔའ་ཆེན་པོའི་དྲུང་དུ་འོངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མོས་པ་སྐྱེད་དོ། །དེས་མོས་པ་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་ པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་མདུན་དུ་སངས་རྒྱས་ལས་སྩོགས་ པའི་དགེ་སློང་གི་དགེ་འདུན་ཉེ་བར་སྟོན་ཏེ། དེས་དེ་ལ་འདོད་པ་བསྐྱེད་ཅིང་། བདག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་འདི་ལྟ་བུར་ཤོག་ཤིག །ཇི་ལྟར་དེ་བཞིན་གཤེགས་པ་འདིས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ་བདག་གིས་ཀྱང་ཚོགས་ཡོངས་སུ་བསྡུ་བར་བྱའོ། །དེ་བཞིན་གཤེགས་པ་ འདིས་ཆོས་ཇི་ལྟར་སྟོན་པ་དེ་བཞིན་དུ་བདག་གིས་ཀྱང་བསྟན་པར་བྱའོ་ཞེས་དེ་དེ་ལ་འདོད་པ་སྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ། སྦྱིན་པའི་ཕ་ 25-1-44a རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟ་བུ་དག་ཉེ་བར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དེ་དག་ལ་འདོད་ པ་སྐྱེད་པར་འགྱུར་རོ། །དེས་དེ་དག་ལ་འདོད་པ་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མྱེད་དོ། །ཚོར་བ་མྱེད་དོ། ། འདུ་ཤེས་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིག་མྱེད་དོ། །རྣ་བ་མྱེད་དོ། །སྣ་མྱེད་དོ། །ལྕེ་མྱེད་དོ། །ལུས་མྱེད་དོ། །ཡིད་མྱེད་དོ། །གཟུགས་མྱེད་དོ། ། སྒྲ་མྱེད་དོ། །དྲི་མྱེད་དོ། །རོ་མྱེད་དོ། །རེག་མྱེད་དོ། །ཆོས་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱེད་དོ། ། ལྕེའི་རྣམ་པ་ཤེས་པ་མྱེད་དོ། །ལུས་ཀྱི་རྣམ་པ་ཤེས་པ་མྱེད་དོ། །ཡིད་ཀྱི་རྣམ་པ་ཤེས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །སྣའི་ 25-1-44b འདུས་ཏེ་རེག་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སའི་ཁམས་མྱེད་དོ། །ཆུའི་ཁམས་མྱེད་དོ། །མྱེའི་ཁམས་མྱེད་དོ། །རླུང་གི་ཁམས་མྱེད་དོ། ། ནམ་མཁའི་ཁམས་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ། །མ་རིག་པ་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིང་དང་གཟུགས་མྱེད་དོ། །སྐྱེ་མཆེད་དྲུག་ མྱེད་དོ། །རེག་པ་མྱེད་དོ། །ཚོར་བ་མྱེད་དོ། །སྲེད་པ་མྱེད་དོ། །ལེན་པ་མྱེད་དོ། །སྲིད་པ་མྱེད་དོ། །སྐྱེ་བ་མྱེད་དོ། །རྒ་ཤི་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་དོ། །ནང་སྟོང་པ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱེད་དོ། །དོན་དམ་སྟོང་པ་ཉིད་མྱེད་དོ། །འདུས་བྱས་ སྟོང་པ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་མྱེད་དོ། ། 25-1-45a ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་ པ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ མྱེད་དོ། །དབང་པོ་རྣམས་མྱེད་དོ། །སྟོབས་རྣམས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་དོ། །འཕགས་པའི་བདེན་པ་ རྣམས་མྱེད་དོ། །བསམ་གཏན་རྣམས་མྱེད་དོ། །ཚད་མྱེད་པ་རྣམས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་དོ། །རྣམ་པར་ཐར་པ་བརྒྱད་མྱེད་དོ། །མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་དོ། །རྣམ་པ་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ མྱེད་དོ། །ཏིང་ངེ་འཛིན་རྣམས་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མྱེད་དོ། །མྱི་འཇིགས་པ་བཞི་མྱེད་དོ། །སོ་སོ་ཡང་དག་ པར་རིག་པ་བཞི་མྱེད་དོ། །བྱམས་པ་ཆེན་པོ་མྱེད་དོ། །སྙིང་རྗེ་ཆེན་པོ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ མྱེད་དོ། །ལེན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ཉིད་མྱེད་དོ། །རང་བྱང་ཆུབ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ 25-1-45b མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་དོ། །རབ་འབྱོར་གང་ལ་གཟུགས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་ མྱེད་དོ། །རང་སངས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུ་ཤེས་མྱེད་ པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ སྟོང་ངོ་། །གང་ལ་འདི་བྱེད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་ སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་ 25-1-46a སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣ་མྱེད་པ་དེ་ལ་སངས་ རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེ་མྱེད་པ་ དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ ལུས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། ། གང་ལ་ཡིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། ། གང་ལ་གཟུགས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་ གྱིས་སྟོང་ངོ་། །གང་ལ་སྒྲ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་ བཞིན་གྱིས་སྟོང་ངོ་། །གང་ལ་དྲི་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ 25-1-46b ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རོ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རེག་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཆོས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་གི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་ མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བའི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་ མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣའི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་རྣམ་པར་ཤེས་པ་མྱེད་པ་ དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལུས་ཀྱི་ 25-1-47a རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་གི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། ། ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བའི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་ མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣའི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་འདུས་ཏེ་རེག་པ་མྱེད་པ་ དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ ལུས་ཀྱི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་ 25-1-47b གྱིས་སྟོང་ངོ་། །གང་ལ་ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་ གྱིས་སྟོང་ངོ་། །གང་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་ མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ 25-1-48a སྟོང་ངོ་། །གང་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། ། ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཆུའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱེའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་ སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རླུང་གི་ཁམས་མྱེད་པ་དེ་ལ་སངས་ རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ནམ་ མཁའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་ བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཤེས་པའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། 25-1-48b རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མ་རིག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུ་བྱེད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། ། ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིང་དང་གཟུགས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་ སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྐྱེ་མཆེད་དྲུག་མྱེད་པ་དེ་ལ་སངས་རྒྱས་ མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རེག་པ་མྱེད་པ་ དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། ། གང་ལ་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་ 25-1-49a གྱིས་སྟོང་ངོ་། །གང་ལ་སྲེད་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལེན་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྲིད་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྐྱེ་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་ དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྒ་ཤི་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་ དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། ། ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་ 25-1-49b མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་ དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དེ་ལ་ སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ནང་ སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ སྟོང་ངོ་། །གང་ལ་ཕྱི་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཕྱི་ནང་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྟོང་པ་ཉིད་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་ 25-1-50a མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཆེན་ པོ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དོན་དམ་པ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུས་བྱས་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུས་མ་བྱས་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་ མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། ། 25-1-50b དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དོར་བ་མྱེད་པ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་ སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རང་བཞིན་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱི་དམྱིགས་པ་སྟོང་པ་ཉིད་མྱེད་པ་དེ་ལ་ སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ སྟོང་ངོ་། །གང་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་ 25-1-51a བཞིན་གྱིས་སྟོང་ངོ་། །གང་ལ་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དྲན་པ་ཉེ་བར་གཞག་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཡང་དག་པར་སྤོང་བ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་ མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དབང་པོ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་ མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྟོབས་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་ མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་ 25-1-51b སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་ དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འཕགས་པའི་བདེན་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བསམ་གཏན་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་ དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཚད་མྱེད་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་ མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་ པར་ཐར་པ་བརྒྱད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ ངོ་། །གང་ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ 25-1-52a ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། རང་སངས་རྒྱས་མྱེད་དོ། །ཉན་ཐོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མངོན་པར་ཤེས་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་ དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཏིང་ངེ་འཛིན་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། ། བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་གཟུངས་ཀྱི་སྒོ་རྣམས་མྱེད་པ་དེ་ལ་སངས་རྒྱས་ མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་ མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱི་འཇིགས་པ་ རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སོ་སོ་ཡང་དག་ པར་རིག་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ 25-1-52b སྙིང་རྗེ་ཆེན་པོ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་ རང་བཞིན་གྱིས་སྟོང་ངོ་། །གང་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཕྱིར་མྱི་འོང་བའི་འབྲས་བུ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དགྲ་བཅོམ་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རང་བྱང་ཆུབ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། ། 25-1-53a རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བར་ཆད་དུ་འགྱུར་བ་མང་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་ འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་ཡང་བར་ཆད་དུ་འགྱུར་བ་མང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་འདི་རིན་པོ་ཆེ་གསེར་དང་། ནོར་བུ་དང་། མུ་ཏིག་དང་། བེ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་བར་ཆད་དུ་འགྱུར་བ་མང་ཞིང་ཕྱིར་རྒོལ་བ་མང་བ་དག་གོ། །རབ་འབྱོར་ དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་བར་འགྱུར་རོ། །བར་ཆད་མང་པོ་འབྱུང་བར་འགྱུར་རོ། །ཕྱིར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ བཞིན་ཏེ། བདེ་བར་གཤེགས་པ་དེ་ནི་དེ་བཞིན་ཏེ། འཛམ་བུའི་གླིང་འདི་རིན་པོ་ཆེ་གསེར་དང་། ནོར་བུ་དང་། མུ་ཏིག་དང་། བེ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་ གང་ཇི་སྙེད་ཅིག་མཆིས་པ་དེ་དག་ནི་བར་ཆད་དུ་འགྱུར་བ་མང་ཞིང་སླར་རྒོལ་བ་མང་བ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 25-1-53b ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་བར་འགྱུར་རོ། །བར་ཆད་མང་པོ་ འབྱུང་བར་འགྱུར་རོ། །སླར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དག་གི་བར་ཆད་བགྱིད་པ་ནི་བདུད་ཀྱི་བྱིན་ཀྱིས་བརླབས་པ་སྟེ། བཅོམ་ལྡན་འདས་ སྐྱེས་བུ་གླེན་པ་དེ་དག་ནི་བློ་ཆུང་ཞིང་བློ་ཞན་པར་འགྱུར་རོ། །བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གི་བར་ཆད་བགྱིད་པ་དེ་དག་ནི་བློ་རྒྱ་ཤིན་ཏུ་ཆུང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ་དེ་དག་ གི་སེམས་མྱི་འཇུག་གོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འདྲི་མྱི་ཀློག །ལུང་མྱི་འབོག །ཁ་ཏོན་མྱི་བགྱིད། །ཚུལ་བཞིན་དུ་ཡིད་ལ་མྱི་བགྱིད་དེ། གཞན་འདྲི་ཞིང་ཀློག་པ་ དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དག་ལ་ཡང་བར་ཆད་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འདྲི་མྱི་ཀློག །ལུང་མྱི་འབོག །ཁ་ཏོན་མྱི་བྱེད། མྱི་སྒོམ། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་། གཞན་འདྲི་བ་དང་། 25-1-54a ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་གི་བར་ཆད་བྱེད་པ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་སྟེ། ཐེག་པ་ལ་གསར་དུ་ཞུགས་པ་ དགེ་བའི་རྩ་བ་མ་བསྐྱེད་པ། དགེ་བའི་རྩ་བ་ཤིན་ཏུ་ཆུང་བ། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་མ་བསྒྲུབས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་ཤ་སྟག་འབྱུང་སྟེ། རིགས་ཀྱི་བུ་དང་རིགས་ ཀྱི་བུ་མོ་དེ་དག་ནི་བློ་ཆུང་ཞིང་བློ་ཞན་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མྱི་འདྲི། མྱི་ཀློག །ལུང་མྱི་འབོག །ཁ་ཏོན་མྱི་བྱེད། མྱི་སྒོམ། ཚུལ་བཞིན་དུ་ཡིད་ ལ་མྱི་བྱེད་ཅིང་། གཞན་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་གི་བར་ཆད་བྱེད་པ་དག་ནི་བློ་རྒྱ་ཤིན་ཏུ་ཆུང་བར་འགྱུར་ཏེ། སངས་རྒྱས་ ཀྱི་ཆོས་རླབས་པོ་ཆེ་དག་ལ་དེ་དག་གི་སེམས་མྱི་འཇུག་གོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་ བཞིན་དུ་ཡིད་ལ་བྱེད་པ་དག་ལ་བདུད་ཀྱི་ལས་འདི་དག་ཀྱང་འབྱུང་མོད་ཀྱི་འོན་ཀྱང་། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་ཅིང་ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གོང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ 25-1-54b པ་དང་། གོང་དུ་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་པ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། འདུས་ མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། དོར་བ་ མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། གོང་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་ བྱེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་ རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། གོང་དུ་འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། བསམ་ 25-1-55a གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་ པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་ པར་བྱེད་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་དེ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱ་སྟེ། དེས་རིགས་ ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ཀློག་གོ། །ལུང་འབོག་གོ། །ཁ་ཏོན་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །གོང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ 25-1-55b ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །གོང་དུ་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་ པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། ། གོང་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་རྣམས་ ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་ 25-1-56a པར་བྱེད་དོ། །གོང་དུ་འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་ སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ཡོངས་ སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་ བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཤར་ཕྱོགས་ ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་ འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ 25-1-56b ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ ཕྱིར་དགོངས་པ་མཛད་དོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ཤར་ ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ 25-1-57a ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་ པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །འོག་གི་ཕྱོགས་ ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་ དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ཤར་ ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་ 25-1-57b གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། བསྟེན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། ། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་ མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ལྷོ་ནུབ་ཀྱི་ 25-1-58a ཕྱོགས་མཚམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་ འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །འོག་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་ མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །སྟེང་གི་ ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་ཏུ་བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བུད་མྱེད་ལ་ལ་ཞིག་ལ་བུ་ལྔ་འམ། བཅུ་འམ་ཉི་ ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། བརྒྱ་འམ། སྟོང་ཞིག་ཡོད་ན། དེ་དག་གི་མ་དེ་ཅི་ནས་ཀྱང་མྱི་ན་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ཅིང་། བདག་ཅག་གི་མ་འདི་ཇི་ལྟར་ན་ནད་མྱེད་པར་འགྱུར། བདག་ 25-1-58b ཅག་གི་མ་འདི་ལ་ཇི་ལྟར་ན་བར་ཆད་དུ་མྱི་འགྱུར། བདག་ཅག་གི་མ་འདི་ཇི་ལྟར་ན་རིང་དུ་འཚོ་བར་འགྱུར། བདག་ཅག་གི་མ་འདི་རིང་དུ་འཚོ་བར་བྱ་ན་ཇི་ལྟར་བྱ། བདག་ཅག་གི་མ་འདི་ལུས་ལ་མྱི་བདེ་བའི་ཉམས་ མྱེད་པར་བྱ་ན་ཇི་ལྟར་ན། འདི་ནི་བདག་ཅག་སྐྱེད་སྐྱེད་པ་སྟེ། སྲོག་གི་སྦྱིན་བདག་གོ་ཞེས་དེ་དག་མ་དེ་ལ་རིམ་གྲོ་ལེགས་པར་བྱ་བས་རིམ་གྲོ་བྱེད་དོ། །དེ་དག་ནི་འདིའི་སྲོག་གི་བར་ཆད་དུ་གྱུར་དུ་འོང་ངོ་། །ལུས་ཉམས་ ཆུང་བར་གྱུར་དུ་འོང་ངོ་། །ལུས་ལ་ཤ་སྦྲང་དང་། སྦྲང་བུ་དང་། སྦྲུལ་གྱིས་གཙེ་བའི་མྱི་བདེ་བས་བབ་ཏུ་འོང་ངོ་། །ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པས་མྱི་བདེ་བར་འགྱུར་དུ་འོང་ངོ་ཞེས་ཕུ་དུད་ལེགས་པར་བྱ་ བས་ཕུ་དུད་དུ་བྱེད་དོ། །དེ་ལྟར་བུ་དེ་དག་མ་དེ་ལ་འདི་ནི་བདག་ཅག་སྐྱེད་སྐྱེད་པའོ། །འདི་ནི་འཇིག་རྟེན་འདི་སྟོན་པའོ་ཞེས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རྒྱུན་ཏུ་རིམ་གྲོ་བྱེད་ཅིང་། སྟི་སྟང་དང་། བཀུར་སྟི་ཆེར་བྱེད་དོ། ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པ་གཟིགས་ཤིང་ དགོངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་ཅག་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་སྐྱེད་པའོ། །འཇིག་རྟེན་འདི་སྟོན་སྟོན་པའོ་ཞེས་རྒྱུན་ཏུ་གཟིགས་ཤིང་དགོངས་སོ། །ཤར་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་ སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ 25-1-59a གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་ མ་སྙེད་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་ རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་ རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ 25-1-59b པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་ རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་ རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དེ་དག་ན། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་ གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 25-1-60a སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་ རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་སྐྱེད་པའོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཡེ་ཤེས་འདི་ཡང་སྟོན་སྟོན་པའོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་ རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་ནང་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ཕྱི་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ལས་ བྱུང་བ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་འདུས་མ་བྱས་ སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་རང་ 25-1-60b བཞིན་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་དངོས་ པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ལས་བྱུང་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ལས་ བྱུང་བ་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་ལས་བྱུང་བ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་ལས་བྱུང་བ་ནི་དབང་པོ་རྣམས་སོ། །འདི་ལས་བྱུང་བ་ནི་སྟོབས་རྣམས་སོ། །འདི་ལས་བྱུང་བ་ནི་ བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་ལས་བྱུང་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ལས་བྱུང་བ་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་ལས་བྱུང་བ་ནི་བསམ་གཏན་རྣམས་ སོ། །འདི་ལས་བྱུང་བ་ནི་ཚད་མྱེད་པ་རྣམས་སོ། །འདི་ལས་བྱུང་བ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ལས་བྱུང་བ་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་ལས་བྱུང་བ་ནི་མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །འདི་ལས་བྱུང་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །འདི་ལས་བྱུང་བ་ནི་མངོན་པར་ཤེས་པ་རྣམས་ སོ། །འདི་ལས་བྱུང་བ་ནི་ཏིང་ངེ་འཛིན་རྣམས་སོ། །འདི་ལས་བྱུང་བ་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །འདི་ལས་བྱུང་བ་ནི་མྱི་འཇིགས་པ་ རྣམས་སོ། །འདི་ལས་བྱུང་བ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །འདི་ལས་བྱུང་བ་ནི་སྙིང་རྗེ་ཆེན་པོའོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །འདི་ལས་བྱུང་བ་ནི་ 25-1-61a རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ལས་བྱུང་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ལས་བྱུང་བ་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །འདི་ལས་བྱུང་བ་ནི་དགྲ་བཅོམ་པ་ཉིད་དོ། ། འདི་ལས་བྱུང་བ་ནི་རང་བྱང་ཆུབ་བོ། །འདི་ལས་བྱུང་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ལས་བྱུང་བ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདི་ལས་བྱུང་བ་ནི་རྒྱུན་ཏུ་ཞུགས་ པ་རྣམས་སོ། །འདི་ལས་བྱུང་བ་ནི་ལན་ཅིག་ཕྱིར་འོང་བ་རྣམས་སོ། །འདི་ལས་བྱུང་བ་ནི་ཕྱིར་མྱི་འོང་བ་རྣམས་སོ། །འདི་ལས་བྱུང་བ་ནི་དགྲ་བཅོམ་པ་རྣམས་སོ། །འདི་ལས་བྱུང་བ་ནི་རང་སངས་རྒྱས་ རྣམས་སོ། །འདི་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། བསྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ཀྱང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མྱི་འཆད་པར་གཟིགས་ཤིང་དགོངས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་ 25-1-61b པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཅི་ནས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ ཉམ་པར་མྱི་འགྱུར་བར་རྟག་ཏུ་རྒྱུན་མྱི་འཆད་པར་སྲུང་བ་མཛད་དོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་སྟོན་པའོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་སྟོན་པ་ལགས། བཅོམ་ ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྲུན་པ་ལགས། འཇིག་རྟེན་ནི་དེ་བཞིན་གཤེགས་པས་གང་ལ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་དོ། །མྱི་འཇིགས་པ་བཞི་བསྐྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་དོ། །བྱམས་པ་ཆེན་པོ་བསྐྱེད་ དོ། །སྙིང་རྗེ་ཆེན་པོ་བསྐྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྐྱེད་དོ། །ཐམས་ཅད་ཤེས་པ་ཉིད་བསྐྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསྐྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་བསྐྱེད་དོ། །རབ་འབྱོར་ཆོས་དེ་དག་གིས་ནི་དེ་བཞིན་གཤེགས་པར་བརྗོད་དེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་གཤེགས་པ་བསྐྱེད་དོ། ། 25-1-62a གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་འཇིག་རྟེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་ནི་དེ་བཞིན་ གཤེགས་པས་འཇིག་རྟེན་དུ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཟབ་མོས་ཕུང་པོ་ལྔ་ནི་ཇི་ལྟར་བསྟན་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ཇི་ལྟར་ཕུང་པོ་ལྔ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་ པར་སྟོན་པ་མ་ཡིན་ཏེ། སྐྱེ་ཞེས་བྱ་བར་མྱི་སྟོན་ཏོ། །འགག་ཅེས་བྱ་བར་མྱི་སྟོན་ཏོ། །ཀུན་ནས་ཉོན་མོངས་ཤེས་བྱ་བར་མྱི་སྟོན་ཏོ། །རྣམ་པར་བྱང་ཞེས་བྱ་བར་མྱི་སྟོན་ཏོ། །འཕེལ་ཞེས་བྱ་བར་མྱི་ སྟོན་ཏོ། །འགྲིབ་ཅེས་བྱ་བར་མྱི་སྟོན་ཏོ། །བླང་ཞེས་བྱ་བར་མྱི་སྟོན་ཏོ། །དོར་ཞེས་བྱ་བར་མྱི་སྟོན་ཏོ། །འདས་ཤེས་བྱ་བར་མྱི་སྟོན་ཏོ། །མ་འོངས་ཤེས་བྱ་བར་མྱི་སྟོན་ཏོ། །ད་ལྟར་བྱུང་ཞེས་བྱ་ བར་མྱི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་འཇིག་པ་མྱེད་དོ། །རབ་ཏུ་འཇིག་པ་མྱེད་དོ། །མཚན་མ་མྱེད་པ་ལ་འཇིག་པ་མྱེད་དོ། །རབ་ཏུ་འཇིག་པ་མྱེད་དོ། །སྨོན་པ་མྱེད་པ་ལ་འཇིག་པ་ མྱེད་དོ། །རབ་ཏུ་འཇིག་པ་མྱེད་དོ། །མངོན་པར་འདུ་བྱ་བ་མྱེད་པ་ལ་འཇིག་པ་མྱེད་དོ། །རབ་ཏུ་འཇིག་པ་མྱེད་དོ། །སྐྱེ་བ་མྱེད་པ་ལ་འཇིག་པ་མྱེད་དོ། །རབ་ཏུ་འཇིག་པ་མྱེད་དོ། །དངོས་པོ་མྱེད་པ་ ལ་འཇིག་པ་འམ་རབ་ཏུ་འཇིག་པ་མྱེད་དོ། །རང་བཞིན་མྱེད་པ་ལ་འཇིག་པའམ་རབ་ཏུ་འཇིག་པ་མྱེད་དོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ 25-1-62b སྟོན་པར་གསུངས་ཏེ། རབ་འབྱོར་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་སེམས་དང་སྤྱོད་པ་མཁྱེན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཏེ། རབ་ འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སེམས་ཅན་མྱེད་དོ། །སེམས་ཅན་དུ་གདགས་པ་མྱི་དམྱིགས་སོ། །གཟུགས་མྱེད་དོ། །གཟུགས་སུ་གདགས་པ་མྱི་དམྱིགས་སོ། །ཚོར་བ་ མྱེད་དོ། །ཚོར་བར་གདགས་པ་མྱི་དམྱིགས་སོ། །འདུ་ཤེས་མྱེད་དོ། །འདུ་ཤེས་སུ་གདགས་པ་མི་དམྱིགས་སོ། །འདུ་བྱེད་མྱེད་དོ། །འདུ་བྱེད་དུ་གདགས་པ་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱེད་དོ། ། རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །མྱིག་མྱེད་དོ། །མྱིག་ཏུ་གདགས་པ་མྱི་དམྱིགས་སོ། །རྣ་བ་མྱེད་དོ། །རྣ་བར་གདགས་པ་མྱི་དམྱིགས་སོ། །སྣ་མྱེད་དོ། །སྣར་གདགས་པ་མྱི་དམྱིགས་ སོ། །ལྕེ་མྱེད་དོ། །ལྕེར་གདགས་པ་མྱི་དམྱིགས་སོ། །ལུས་མྱེད་དོ། །ལུས་སུ་གདགས་པ་མྱི་དམྱིགས་སོ། །ཡིད་མྱེད་དོ། །ཡིད་དུ་གདགས་པ་མྱི་དམྱིགས་སོ། །གཟུགས་མྱེད་དོ། །གཟུགས་ སུ་གདགས་པ་མྱི་དམྱིགས་སོ། །སྒྲ་མྱེད་དོ། །སྒྲར་གདགས་པ་མྱི་དམྱིགས་སོ། །དྲི་མྱེད་དོ། །དྲིར་གདགས་པ་མྱི་དམྱིགས་སོ། །རོ་མྱེད་དོ། །རོར་གདགས་པ་མྱི་དམྱིགས་སོ། །རེག་མྱེད་དོ། །རེག་ཏུ་ གདགས་པ་མྱི་དམྱིགས་སོ། །ཆོས་མྱེད་དོ། །ཆོས་སུ་གདགས་པ་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་ མྱེད་དོ། །རྣ་བའི་རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །སྣའི་རྣམ་པར་ཤེས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་མྱེད་དོ། །ལྕེའི་ 25-1-63a རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་དོ། ། ཡིད་ཀྱི་རྣམ་པར་ཤེས་པར་གདགས་པར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པར་གདགས་པ་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །རྣ་བའི་འདུས་ཏེ་ རེག་པར་གདགས་པ་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་མྱེད་དོ། །སྣའི་འདུས་ཏེ་རེག་པར་གདགས་པ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པར་གདགས་པ་མྱི་དམྱིགས་ སོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པར་གདགས་པ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པར་གདགས་པ་མྱི་དམྱིགས་སོ། །མྱིག་གི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བར་གདགས་པ་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གདགས་པ་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བར་གདགས་པ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་མྱི་དམིགས་སོ། །སའི་ཁམས་མྱེད་དོ། ། 25-1-63b སའི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །ཆུའི་ཁམས་མྱེད་དོ། །ཆུའི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །མྱེའི་ཁམས་མྱེད་དོ། །མྱེའི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །རླུང་གི་ ཁམས་མྱེད་དོ། །རླུང་གི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །ནམ་མཁའི་ཁམས་མྱེད་དོ། །ནམ་མཁའི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ། ། རྣམ་པར་ཤེས་པའི་ཁམས་སུ་གདགས་པ་མྱི་དམྱིགས་སོ། །མ་རིག་པ་མྱེད་དོ། །མ་རིག་པར་གདགས་པ་མྱི་དམྱིགས་སོ། །འདུ་བྱེད་མྱེད་དོ། །འདུ་བྱེད་དུ་གདགས་པ་མྱི་དམྱིགས་སོ། །རྣམ་པར་ ཤེས་པ་མྱེད་དོ། །རྣམ་པར་ཤེས་པར་གདགས་པ་མྱི་དམྱིགས་སོ། །མྱིང་དང་གཟུགས་མྱེད་དོ། །མྱིང་དང་གཟུགས་སུ་གདགས་པ་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་མྱེད་དོ། །སྐྱེ་མཆེད་དྲུག་ཏུ་ གདགས་པ་མྱི་དམྱིགས་སོ། །རེག་པ་མྱེད་དོ། །རེག་པར་གདགས་པ་མྱི་དམྱིགས་སོ། །ཚོར་བ་མྱེད་དོ། །ཚོར་བར་གདགས་པ་མྱི་དམྱིགས་སོ། །སྲེད་པ་མྱེད་དོ། །སྲེད་པར་གདགས་པ་མྱི་ དམྱིགས་སོ། །ལེན་པ་མྱེད་དོ། །ལེན་པར་གདགས་པ་མྱི་དམྱིགས་སོ། །སྲིད་པ་མྱེད་དོ། །སྲིད་པར་གདགས་པ་མྱི་དམྱིགས་སོ། །སྐྱེ་བ་མྱེད་དོ། །སྐྱེ་བར་གདགས་པར་མྱི་དམྱིགས་སོ། །རྒ་ ཤི་མྱེད་དོ། །རྒ་ཤིར་གདགས་པ་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ 25-1-64a ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་ དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་མྱེད་དོ། །ནང་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། ། ཕྱི་སྟོང་པ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །སྟོང་ པ་ཉིད་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་དུ་གདགས་ པ་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་དུ་གདགས་པ་མྱི་ དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་དུ་ གདགས་པ་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ 25-1-64b ཉིད་དུ་གདགས་པ་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ དུ་གདགས་པ་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱེད་དོ། །དྲན་པ་ཉེ་བར་གཞག་པར་གདགས་པ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་མྱེད་དོ། །ཡང་དག་པར་སྤོང་ བར་གདགས་པ་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པར་གདགས་པ་མྱི་དམྱིགས་སོ། །དབང་པོ་རྣམས་མྱེད་དོ། །དབང་པོར་གདགས་པ་མྱི་དམྱིགས་སོ། ། སྟོབས་རྣམས་མྱེད་དོ། །སྟོབས་སུ་གདགས་པ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་དུ་གདགས་པ་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་ པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་གདགས་པ་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་མྱེད་དོ། །འཕགས་པའི་བདེན་པར་གདགས་པ་མྱི་དམྱིགས་སོ། །བསམ་ གཏན་རྣམས་མྱེད་དོ། །བསམ་གཏན་དུ་གདགས་པ་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་མྱེད་དོ། །ཚད་མྱེད་པར་གདགས་པ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པར་གདགས་པ་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་མྱེད་དོ། །རྣམ་པར་ཐར་པ་བརྒྱད་དུ་གདགས་པ་མྱི་དམྱིགས་སོ། །མཐར་ཀྱིས་གནས་ 25-1-65a པའི་སྙོམས་པར་འཇུག་པ་དགུ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་གདགས་པ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་གདགས་པ་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་མྱེད་དོ། །མངོན་པར་ ཤེས་པར་གདགས་པ་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་མྱེད་དོ། །ཏིང་ངེ་འཛིན་དུ་གདགས་པ་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་མྱེད་དོ། །གཟུངས་ཀྱི་སྒོར་གདགས་པ་མྱི་དམྱིགས་ སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་སུ་གདགས་པ་མྱི་དམྱིགས་སོ། །མྱི་འཇིགས་པ་རྣམས་མྱེད་དོ། །མྱི་འཇིགས་པར་གདགས་པ་ མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་མྱེད་དོ། །སོ་སོ་ཡང་དག་པར་རིག་པར་གདགས་པ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་མྱེད་དོ། །སྙིང་རྗེ་ཆེན་པོར་གདགས་པ་མྱི་དམྱིགས་སོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་གདགས་པ་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་དུ་གདགས་པ་ མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་གདགས་པ་མྱི་དམྱིགས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཇིག་རྟེན་སྟོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ 25-1-65b ཕྱིན་པ་ཟབ་མོ་འདི་ནི་གཟུགས་སྟོན་པར་བྱེད་པ་མ་ཡིན་ནོ། །ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །འདུ་ཤེས་སྟོན་པར་བྱེད་པ་མ་ཡིན་ནོ། །འདུ་བྱེད་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་ པ་སྟོན་པར་བྱེད་པ་མ་ཡིན་ནོ། །མྱིག་སྟོན་པར་བྱེད་པ་མ་ཡིན་ནོ། །རྣ་བ་སྟོན་པར་བྱེད་པ་མ་ཡིན་ནོ། །སྣ་སྟོན་པར་བྱེད་པ་མ་ཡིན་ནོ། །ལྕེ་སྟོན་པར་བྱེད་པ་མ་ཡིན་ནོ། །ལུས་སྟོན་པར་བྱེད་པ་མ་ ཡིན་ནོ། །ཡིད་སྟོན་པར་བྱེད་པ་མ་ཡིན་ནོ། །གཟུགས་སྟོན་པར་བྱེད་པ་མ་ཡིན་ནོ། །སྒྲ་སྟོན་པར་བྱེད་པ་མ་ཡིན་ནོ། །དྲི་སྟོན་པར་བྱེད་པ་མ་ཡིན་ནོ། །རོ་སྟོན་པར་བྱེད་པ་མ་ཡིན་ནོ། །རེག་སྟོན་པར་བྱེད་ པ་མ་ཡིན་ནོ། །ཆོས་སྟོན་པར་བྱེད་པ་མ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་ མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་སྟོན་ པར་བྱེད་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་ རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་ 25-1-66a པའི་རྐྱེན་ཀྱིས་ཚོར་ན་སྟོན་པར་བྱེད་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །སའི་ཁམས་སྟོན་པར་བྱེད་པ་མ་ཡིན་ནོ། །ཆུའི་ཁམས་ སྟོན་པར་བྱེད་པ་མ་ཡིན་ནོ། །མྱེའི་ཁམས་སྟོན་པར་བྱེད་པ་མ་ཡིན་ནོ། །རླུང་གི་ཁམས་སྟོན་པར་བྱེད་པ་མ་ཡིན་ནོ། །ནམ་མཁའི་ཁམས་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་སྟོན་ པར་བྱེད་པ་མ་ཡིན་ནོ། །མ་རིག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །འདུ་བྱེད་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །མྱིང་དང་གཟུགས་སྟོན་པར་བྱེད་པ་མ་ ཡིན་ནོ། །སྐྱེ་མཆེད་དྲུག་སྟོན་པར་བྱེད་པ་མ་ཡིན་ནོ། །རེག་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ཚོར་བ་སྟོན་པར་བྱེད་པ་མ་ཡིན་ནོ། །སྲེད་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ལེན་པ་སྟོན་ པར་བྱེད་པ་མ་ཡིན་ནོ། །སྲིད་པ་སྟོན་པར་བྱེད་པ་མ་ཡིན་ནོ། །སྐྱེ་བ་སྟོན་པར་བྱེད་པ་མ་ཡིན་ནོ། །རྒ་ཤི་སྟོན་པར་བྱེད་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་སྟོན་པར་ བྱེད་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། ། 25-1-66b དོན་དམ་པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །མཐའ་ལས་འདས་ པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་སྟོན་ པར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་ པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །དབང་པོ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། ། སྟོབས་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པར་བྱེད་པ་མ་ཡིན་ནོ། །འཕགས་པའི་བདེན་པ་ རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །བསམ་གཏན་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །ཚད་མྱེད་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོན་ པར་བྱེད་པ་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། 25-1-67a མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོན་པར་བྱེད་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །གཟུངས་ ཀྱི་སྒོ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །མྱི་འཇིགས་པ་རྣམས་སྟོན་པར་བྱེད་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམས་ སྟོན་པར་བྱེད་པ་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་སྟོན་པར་བྱེད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོན་པར་བྱེད་པ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མྱེད་ཅིང་མྱི་དམྱིགས་ན། གཟུགས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུ་ ཤེས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུ་བྱེད་ཡོད་པ་འམ། དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། རྣ་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཡོད་པ་ འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུགས་ཡོད་པ་འམ་དམིགས་པར་ལྟ་ག་ལ་འགྱུར། སྒྲ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དྲི་ཡོད་ 25-1-67b པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རོ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རེག་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆོས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་རྣམ་ པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བའི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་རྣམ་ པར་ཤེས་པ་ཡོད་པ་འམ་དམྱིགས་པ་ལྟ་ག་ལ་འགྱུར། ལུས་ཀྱི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་ འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བའི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་འདུས་ ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཀྱི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཀྱི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཡོད་པའམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་ལྟ་ག་ ལ་འགྱུར། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པའམ་དམྱིགས་པར་ལྟ་ག་ལ་འགྱུར། སའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆུའི་ཁམས་ཡོད་པ་འམ་དམྱིགས་པར་ 25-1-68a ལྟ་ག་ལ་འགྱུར། མྱེའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རླུང་གི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ནམ་མཁའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། རྣམ་པར་ཤེས་པའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མ་རིག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུ་བྱེད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་ པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིང་དང་གཟུགས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྐྱེ་མཆེད་དྲུག་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རེག་པ་ཡོད་པ་འམ་དམྱིགས་པར་ ལྟ་ག་ལ་འགྱུར། ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྲེད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལེན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྲིད་པ་ཡོད་པ་འམ་དམྱིགས་ པར་ལྟ་ག་ལ་འགྱུར། སྐྱེ་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྒ་ཤི་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ནང་སྟོང་ པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཕྱི་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཕྱི་ནང་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་སྟོང་ 25-1-68b པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆེན་པོ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དོན་དམ་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུས་བྱས་སྟོང་ པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུས་མ་བྱས་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རང་བཞིན་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་ པར་ལྟ་ག་ལ་འགྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་ པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དྲན་པ་ཉེ་བར་གཞག་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡང་དག་པར་སྤོང་བ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྫུ་འཕྲུལ་གྱི་ རྐང་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དབང་པོ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྟོབས་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བྱང་ཆུབ་ཀྱི་ཡན་ལག་ རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འཕགས་པའི་བདེན་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ 25-1-69a ལ་འགྱུར། བསམ་གཏན་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཚད་མྱེད་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐར་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མངོན་པར་ཤེས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཏིང་ངེ་འཛིན་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུངས་ཀྱི་སྒོ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། མྱི་འཇིགས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྙིང་རྗེ་ཆེན་པོ་ཡོད་པ་འམ་དམྱིགས་པར་ལྟ་ག་ ལ་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཐམས་ཅད་ཤེས་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། རབ་འབྱོར་གཞན་ཡང་སེམས་ཅན་གང་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ། གཟུགས་ཡོད་པ་འམ་གཟུགས་མྱེད་པ་འམ། འདུ་ཤེས་ཡོད་པ་འམ་འདུ་ཤེས་མྱེད་པ་འམ། འདུ་ཤེས་ཡོད་པ་ཡང་ 25-1-69b མ་ཡིན། འདུས་ཤེས་མྱེད་པ་ཡང་མ་ཡིན་པ་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་གི་ཡང་རུང་སྟེ། དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་དེ་དག་ཀྱང་དེ་བཞིན་ གཤེགས་པས་སེམས་བསྡུས་པ་དང་སྤྲོས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གསོལ་ པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཆོས་ཉིད་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དེ་ནི་ཆོས་ཉིད་གང་ལ་ཆོས་ཉིད་ཀྱང་མྱི་དམྱིགས་ན། སེམས་བསྡུས་པ་དང་སྤྲོས་པ་ལྟ་སྨོས་ཀྱང་མྱི་སྨོས་པའི་ཆོས་ཉིད་དེས། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་ སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཇི་ལྟར་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཟད་པའི་རྣམ་པར་ཡང་དག་ 25-1-70a པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་འདོད་ཆགས་ དང་བྲལ་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ ནི་འགོག་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་ པ་ནི་སྤོང་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་ པ་ནི་ཞི་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ ནི་དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སེམས་ཅན་དེ་དག་གི་སེམས་བསྡུས་ པ་དང་སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་ 25-1-70b བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བྲལ་བའི་ སེམས་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་པ་ལགས། ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། གཏི་མུག་དང་བཅས་པའི་སེམས་ལ་གཏི་ མུག་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་ནི་ སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བའི་སེམས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་ཞེ་སྡང་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། ། 25-1-71a དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། སེམས་ཞེ་སྡང་དང་བཅས་པ་འམ། ཞེ་ སྡང་དང་བྲལ་བའི་སེམས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་གཏི་མུག་དང་བཅས་པ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་བའི་སེམས་དམྱིགས་པ་ལྟ་ཅི་ཞིག་སྨོས། དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ ལ་གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་ མ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་ 25-1-71b སེམས་འདོད་ཆགས་དང་བྲལ་བ་ལ། འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་ དག་གི་སེམས་ཞེ་སྡང་དང་བྲལ་བ་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཞེ་སྡང་དང་བྲལ་བ་གང་ཡིན་པ་དེ་ནི། སེམས་ཀྱི་ཞེ་ སྡང་དང་བཅས་པ་ཉིད་མ་ཡིན། ཞེ་སྡང་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ སེམས་ཅན་དེ་དག་གི་སེམས་ཞེ་སྡང་དང་བྲལ་བ་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་ སེམས་གཏི་མུག་དག་བྲལ་བ་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ནི། སེམས་ཀྱི་ གཏི་མུག་དང་བཅས་པ་ཉིད་མ་ཡིན། གཏི་མུག་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ 25-1-72a དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་དེ་རྒྱ་ཆེ་བར་མྱི་འགྱུར། སེམས་དེ་ རྒྱ་ཆུང་བར་མྱི་འགྱུར། སེམས་དེ་འཕེལ་བར་མྱི་འགྱུར། སེམས་དེ་འགྲིབ་པར་མྱི་འགྱུར། སེམས་དེ་འོང་བར་མྱི་འགྱུར། སེམས་དེ་འགྲོ་བར་མྱི་འགྱུར་ཏེ། སེམས་དེ་དངོས་པོ་མྱེད་པས་རྒྱ་ཆེ་ བར་འགྱུར་བ་མ་ཡིན། རྒྱ་ཆུང་བར་འགྱུར་བ་མ་ཡིན། འཕེལ་བར་འགྱུར་བ་མ་ཡིན། འགྲིབ་པར་འགྱུར་བ་མ་ཡིན། འོང་བར་འགྱུར་པ་མ་ཡིན། འགྲོ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ལ་གང་གིས་རྒྱ་ཆེན་པོར་འགྱུར་བ་འམ། རྒྱ་ཆུང་བར་འགྱུར་བ་འམ། འཕེལ་བར་འགྱུར་བ་འམ། འགྲིབ་པར་འགྱུར་བ་འམ། འོང་བར་འགྱུར་བ་ འམ། འགྲོ་བར་འགྱུར་བའི་ངོ་བོ་ཉིད་མྱེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ 25-1-72b རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་ལ་འོང་བ་མྱི་གཟིགས་སོ། །འགྲོ་བ་མྱི་གཟིགས་སོ། །སྐྱེ་བ་མྱི་གཟིགས་སོ། །འགག་པ་མྱི་གཟིགས་སོ། །གནས་པ་མྱི་གཟིགས་སོ། །གནས་པ་ལས་ གཞན་དུ་འགྱུར་བ་མྱི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དེ་ལ་གང་འོང་བར་འགྱུར་བ་འམ། འགྲོ་བར་འགྱུར་བ་འམ། སྐྱེ་བར་འགྱུར་བ་འམ། འགག་པར་འགྱུར་བ་འམ། གནས་པར་འགྱུར་བ་ འམ། གནས་པ་ལས་གཞན་དུ་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མྱེད་པ་ལ་སེམས་ཚད་མྱེད་པའོ་ཞེས་བྱ་བར་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ 25-1-73a ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མྱེད་པ་ལ་སེམས་ཚད་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་དེ་དག་གི་སེམས་དེ་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས། རྣམ་པར་གནས་པར་ཡང་དག་པར་རྗེས་སུ་མྱི་ གཟིགས། ཡོངས་སུ་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས། ཉེ་བར་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཀྱི་རྒྱུད་ནི་རྟེན་མྱེད་ཅིང་ཚད་མྱེད་ པ་སྟེ། སེམས་ཀྱི་རྒྱུད་དེ་དག་ལ་གང་ལ་གནས་པར་བྱ་བའི་རྟེན་མྱེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མྱེད་པ་ལ་སེམས་ཚད་མྱེད་ཅེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་བསྟན་ཏུ་མྱེད་པ་ལ་སེམས་ བསྟན་ཏུ་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་བསྟན་ཏུ་མྱེད་པ་ལ་སེམས་བསྟན་ཏུ་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ 25-1-73b ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཚན་ཉིད་མྱེད་པའི་སེམས་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མཚན་ཉིད་མྱེད་པའི་སེམས་ཤེས་བྱ་བར་ཡང་ དག་པ་ཇི་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་ཏུ་མྱེད་པ་ལ་བསྟན་ཏུ་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་ སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ ལ་དེ་བཞིན་གཤེགས་པའི་སྤྱན་སྔ་ལ་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་དག་སྣང་བར་མྱི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་སེམས་ཤེས་བྱ་བར་ 25-1-74a ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་ དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པ་གང་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ཅད་ཀྱང་ གཟུགས་ལ་བརྟེན། ཚོར་བ་ལ་བརྟེན། འདུ་ཤེས་ལ་བརྟེན། འདུ་བྱེད་ལ་བརྟེན། རྣམ་པར་ཤེས་པ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་སེམས་ཅན་ཕ་རོལ་དང་། གང་ཟག་ ཕ་རོལ་པོ་དེ་དག་གི་སེམས་དེ་དག་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་ 25-1-74b པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམ་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་ རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་མྱི་རྟག་ཅེས་བྱ་བར་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་ གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ། མྱི་རྟག་ཀྱང་མྱི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་ རྟག་པ་ཡང་མ་ཡིན་མྱི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་ འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བར་དེ་ནི་གཟུགས་ལ་གནས་པའོ། ། དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་མཐའ་དང་མྱི་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་ 25-1-75a གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ཉིད་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། ། བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མྱི་ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། ། དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་ གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་ པའོ། །ལུས་དེ་སྲོག་དང་ལྡན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་ བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། ། དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བདེན་ གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་ལྟར་དེ་བཞིན་ 25-1-75b གཤེགས་པ་གྲོངས་ནས་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ་མྱེད་ཀྱང་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ་ཡང་མ་ཡིན་ མྱེད་པར་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་བདེན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་པ་མྱེད་པ་དེ་ལྟར་མཁྱེན་ཏོ། །ཚོར་བ་མཁྱེན་ཏོ། །ཚོར་བ་ཇི་ལྟར་མཁྱེན་ཅེ་ ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །འདུ་ཤེས་མཁྱེན་ཏོ། ། འདུ་ཤེས་ཅི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ། མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་ 25-1-76a མཁྱེན་ཏོ། །འདུ་བྱེད་མཁྱེན་ཏོ། །འདུ་བྱེད་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་ པ་མྱེད་ལ། མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །མ་ནོར་བ་དེ་བཞིན་ ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །འགྱུར་བ་མྱེད་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །རྣམ་པར་རྟོག་པ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །མཚན་མ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །བྱེད་པ་ མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །སྤྲོས་པ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །དམྱིགས་སུ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །དེ་ལྟར་ན་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོའི་དེ་བཞིན་ཉིད་དོ། །ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཁམས་ཀྱི་དེ་བཞིན་ ཉིད་དོ། །ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། ། 25-1-76b ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །སྟོང་པ་ ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་དེ་ནི་ བསམ་གཏན་བཞིའི་དེ་བཞིན་ཉིད་དོ། །བསམ་གཏན་བཞིའི་དེ་བཞིན་ཉིད་གང་ཡིན་དེ་ནི་ཚད་མྱེད་པ་བཞིའི་དེ་བཞིན་ཉིད་དོ། །ཚད་མྱེད་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཟུགས་མྱེད་པའི་ སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་ལྔའི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པ་ ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་ བཞིན་ཉིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་ བཞིན་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་དེ་བཞིན་ཉིད་དོ། །མྱི་འཇིགས་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་ 25-1-77a བཞིའི་དེ་བཞིན་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་དེ་བཞིན་ཉིད་དོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། ། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མྱི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །མྱི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ ཉིད་དོ། །འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཟག་པ་མྱེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། ། ཟག་པ་མྱེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྒྱུན་ཏུ་ 25-1-77b ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་ བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དགྲ་བཅོམ་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ ཉིད་གཅིག་པ་ཉིད་དེ་ཐ་མྱི་དད་པའི་དེ་བཞིན་ཉིད་དོ། །ཐ་མྱི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མྱི་ཟད་པ་སྟེ། མྱི་ཟད་པའི་ཕྱིར་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རབ་འབྱོར་དེ་ནི་ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །དེ་བཞིན་ཉིད་དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 25-1-78a སངས་རྒྱས་ཤེས་བྱའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་ འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་དེས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་ བརྗོད་ཅིང་སྨོས་སོ། །བཅོམ་ལྡན་འདས་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་རྣམས་དང་། དགྲ་བཅོམ་པ་ཟག་པ་ཟད་པ་ རྣམས་མ་གཏོགས་པར་སུ་ཞིག་འདི་ལ་མོས་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་པ་ནི་ཤིན་ ཏུ་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་ཉིད་ནི་མྱི་ཟད་པ་སྟེ། དེ་ཅིའི་ཕྱིར་མྱི་ཟད་ཅེ་ན། ཆོས་ཐམས་ཅད་མྱི་ཟད་པའི་ཕྱིར་ཏེ། རབ་འབྱོར་དེ་ བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ རྣམས་ལ་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གསུམ་མོ།། །། དེ་ནས་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་མངོན་པར་འཐོར་ཞིང་བཅོམ་ལྡན་འདས་གང་ན་བ་དེར་ 25-1-78b དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ ལྷའི་བུ་གང་ཇི་སྙེད་པ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་མ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྨོན་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི། མངོན་པར་འདུ་བྱ་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྐྱེ་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ནི་འགག་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཉོན་མོངས་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་ནི་རྣམ་པར་བྱང་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དངོས་པོ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ནི་ངོ་བོ་ཉིད་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ 25-1-79a འདི་ནི་མྱི་གནས་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ནམ་མཁའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ནི་མཚན་ཉིད་དེ་ལྟ་བུ་ཡིན་ཡང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་ རྟེན་གྱིས་གཞན་དུ་བྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་དེ། ལྷའི་བུ་དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མྱི་བྱེད་དོ། ། མཚན་ཉིད་ནི་མཚན་ཉིད་མྱེད་པར་མྱི་བྱེད་དོ། །མཚན་ཉིད་ནི་མཚན་ཉིད་མྱེད་པར་ཤེས་པར་མྱི་བྱེད་དོ། །མཚན་ཉིད་མྱེད་པ་ནི་མཚན་ཉིད་མྱེད་པར་ཤེས་པར་མྱི་བྱེད་དོ། །དེ་ལྟར་མཚན་ཉིད་དང་། མཚན་ ཉིད་མྱེད་པ་དང་། མཚན་ཉིད་ཡོད་པ་དང་། མཚན་ཉིད་མྱེད་པ་དེ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བ་དང་། གང་ཤེས་པར་བྱེད་པ་དང་། གང་ཤེས་པར་བྱེད་པ་དེ་ལྟ་བུ་མྱི་སྲིད་དོ། །ལྷའི་བུ་དག་ མཚན་ཉིད་དེ་དག་ནི་གཟུགས་ཀྱིས་འདུ་བྱས་པ་མ་ཡིན་ནོ། །ཚོར་བས་འདུ་བྱས་པ་མ་ཡིན་ནོ། །འདུ་ཤེས་ཀྱིས་འདུ་བྱས་པ་མ་ཡིན་ནོ། །འདུ་བྱེད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རྣམ་པར་ཤེས་པས་འདུ་ བྱས་པ་མ་ཡིན་ནོ། །ཁམས་ཀྱིས་འདུ་བྱས་པ་མ་ཡིན་ནོ། །སྐྱེ་མཆེད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བས་འདུ་བྱས་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་ པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་པ་མ་ཡིན་ནོ། ། 25-1-79b བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུ་བྱས་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱིས་འདུ་ བྱས་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །དོན་དམ་པ་སྟོང་ པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འདུ་ བྱས་པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །དངོས་པོ་མྱེད་པ་ སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པས་འདུ་བྱས་ པ་མ་ཡིན་ནོ། །ཡང་དག་པར་སྤོང་བས་འདུ་བྱས་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པས་འདུ་བྱས་པ་མ་ཡིན་ནོ། །དབང་པོས་འདུ་བྱས་པ་མ་ཡིན་ནོ། །སྟོབས་ཀྱིས་འདུ་བྱས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ ཡན་ལག་གིས་འདུ་བྱས་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་འདུ་བྱས་པ་མ་ཡིན་ནོ། །འཕགས་པའི་བདེན་པས་འདུ་བྱས་པ་མ་ཡིན་ནོ། །བསམ་གཏན་གྱིས་འདུ་བྱས་པ་མ་ 25-1-80a ཡིན་ནོ། །ཚད་མྱེད་པས་འདུ་བྱས་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པས་འདུ་བྱས་པ་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུས་འདུ་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །མཚན་མ་མྱེད་པས་འདུ་བྱས་པ་མ་ཡིན་ནོ། །སྨོན་པ་མྱེད་པས་འདུ་བྱས་པ་མ་ཡིན་ནོ། །མངོན་པར་ཤེས་ པས་འདུ་བྱས་པ་མ་ཡིན་ནོ། །ཏིང་ངེ་འཛིན་གྱིས་འདུ་བྱས་པ་མ་ཡིན་ནོ། །གཟུངས་ཀྱི་སྒོས་འདུ་བྱས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུས་འདུ་བྱས་པ་མ་ཡིན་ནོ། །མྱི་འཇིགས་པ་བཞིས་འདུ་ བྱས་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞིས་འདུ་བྱས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུས་འདུ་བྱས་པ་ མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་འདུ་བྱས་པ་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུས་འདུ་བྱས་པ་མ་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུས་འདུ་བྱས་པ་མ་ཡིན་ནོ། །རང་བྱང་ཆུབ་ཀྱིས་འདུ་ བྱས་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མྱིའམ་མྱི་མ་ཡིན་པའམ། ཟག་པ་དང་བཅས་པ་འམ། ཟག་པ་མྱེད་པ་འམ། འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པ་འམ། འདུ་བྱས་སམ། འདུ་མ་བྱས་ཀྱིས་མ་ཡིན་ཏེ། ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་མཁའི་ མཚན་ཉིད་གང་ཡིན་ཞེས་ཟེར་ན། ཇི་དེ་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་བ་མ་ལགས་སོ། ། 25-1-80b དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདུས་མ་བགྱིས་པའི་སླད་དུ། ནམ་མཁའ་ལ་ནི་མཚན་ཉིད་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་གཤེགས་པ་ རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མྱེད་པའི་དབྱིངས་དེ་ནི་དེ་བཞིན་དུ་གནས་སོ། །མཚན་ཉིད་མྱེད་པའི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་དེ་ནི་དེ་བཞིན་ གཤེགས་པས་མ་ནོར་བར་མངོན་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ནས་འདོད་པ་ན་སྤྱོད་པའ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་དེ་དག་ནི་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པར་འཇུག་ ཅིང་མཚན་ཉིད་དེ་དག་ལ་ཞུགས་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་ འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྟན་པས། མཚན་ཉིད་རྣམས་རབ་ཏུ་བསྟན་པ་ནི་དེ་ བཞིན་གཤེགས་པས་མཚན་ཉིད་ཟབ་མོ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ། དེ་ལ་སྤྱད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 25-1-81a བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་ བ་མཛད་དེ། འདི་ལྟར་གཟུགས་ཀྱི་མཚན་ཉིད་དང་། ཚོར་བའི་མཚན་ཉིད་དང་། འདུ་ཤེས་ཀྱི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། །མྱིག་གི་ མཚན་ཉིད་དང་། རྣ་བའི་མཚན་ཉིད་དང་། སྣའི་མཚན་ཉིད་དང་། ལྕེའི་མཚན་ཉིད་དང་། ལུས་ཀྱི་མཚན་ཉིད་དང་། ཡིད་ཀྱི་མཚན་ཉིད་དང་། གཟུགས་ཀྱི་མཚན་ཉིད་དང་། སྒྲའི་མཚན་ཉིད་དང་། དྲིའི་མཚན་ཉིད་དང་། རོའི་མཚན་ཉིད་དང་། རེག་གི་མཚན་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། མྱིག་གི་རྣམ་པར་ཤེས་པའི་མཚན་ཉིད་དང་། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་དང་། སྣའི་རྣམ་པར་ཤེས་པའི་མཚན་ཉིད་དང་། ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ དང་། མྱིག་གི་འདུས་ཏེ་རེག་པའི་མཚན་ཉིད་དང་། རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་དང་། སྣའི་འདུས་ཏེ་རེག་པའི་མཚན་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། ལུས་ཀྱི་འདུས་ཏེ་ 25-1-81b རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། སའི་ཁམས་ཀྱི་མཚན་ཉིད་དང་། ཆུའི་ཁམས་ཀྱི་མཚན་ཉིད་དང་། མྱེའི་ཁམས་ཀྱི་མཚན་ཉིད་དང་། རླུང་གི་ཁམས་ཀྱི་མཚན་ཉིད་དང་། ནམ་མཁའི་ཁམས་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དང་། མ་རིག་ པའི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། མྱིང་དང་གཟུགས་ཀྱི་མཚན་ཉིད་དང་། སྐྱེ་མཆེད་དྲུག་གི་མཚན་ཉིད་དང་། རེག་པའི་ མཚན་ཉིད་དང་། ཚོར་བའི་མཚན་ཉིད་དང་། སྲེད་པའི་མཚན་ཉིད་དང་། ལེན་པའི་མཚན་ཉིད་དང་། སྲིད་པའི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། རྒ་ཤིའི་མཚན་ཉིད་དང་། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ ཉིད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། འདུས་བྱས་སྟོང་པ་ཉིད་ ཀྱི་མཚན་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དོར་བ་མྱེད་པ་ 25-1-82a སྟོང་པ་ཉིད་ཀྱི་མཚན་ཉིད་དང་། རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་མཚན་ཉིད་དང་། དྲན་པ་ཉེ་བར་གཞག་པའི་མཚན་ཉིད་དང་། ཡང་དག་པར་སྤོང་བའི་མཚན་ཉིད་དང་། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་དང་། དབང་པོའི་མཚན་ཉིད་དང་། སྟོབས་ཀྱི་མཚན་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་དང་། འཕགས་པའི་བདེན་པའི་མཚན་ཉིད་དང་། བསམ་གཏན་གྱི་མཚན་ཉིད་དང་། ཚད་མྱེད་པའི་མཚན་ཉིད་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་དང་། རྣམ་པར་ཐར་པ་བརྒྱད་ཀྱི་མཚན་ཉིད་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་ཉིད་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མཚན་མ་མྱེད་པའི་མཚན་ཉིད་དང་། སྨོན་པ་མྱེད་པའི་མཚན་ཉིད་དང་། མངོན་པར་ ཤེས་པའི་མཚན་ཉིད་དང་། ཏིང་ངེ་འཛིན་གྱི་མཚན་ཉིད་དང་། གཟུངས་ཀྱི་སྒོའི་མཚན་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་མཚན་ཉིད་དང་། མྱི་འཇིགས་ པ་བཞིའི་མཚན་ཉིད་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་མཚན་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མཚན་ཉིད་དང་། རྒྱུན་ཏུ་ཞུགས་པའི་ 25-1-82b འབྲས་བུའི་མཚན་ཉིད་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་དང་། ཕྱིར་མྱི་འོང་བའི་འབྲས་བུའི་མཚན་ཉིད་དང་། དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་དང་། རང་བྱང་ཆུབ་ཀྱི་མཚན་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ནི་གཞིག་ ཏུ་རུང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་ པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །འདུ་ཤེས་ནི་འཛིན་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་ པར་སངས་རྒྱས་སོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ ཤེས་པ་ནི་སོ་སོའི་བྱེ་བྲག་ཤེས་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕུང་པོ་རྣམས་ནི་སྡུག་བསྔལ་ གྱི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཁམས་རྣམས་ནི་གདུག་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་ 25-1-83a གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐྱེ་མཆེད་རྣམས་ནི་འབྱུང་བའི་སྒོའི་མཚན་ཉིད་དེ། དེ་དག་གི་ནི་དེ་བཞིན་གཤེགས་པས་མཚན་ ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་ རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་ པར་སངས་རྒྱས་སོ། །ལྷའི་བུ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུང་བ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་ སངས་རྒྱས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་སྡུད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཆགས་པ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་བཞི་དང་། ཚད་མྱེད་ 25-1-83b པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དག་ནི་མྱི་འཁྲུགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་ པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་ སངས་རྒྱས་སོ། །རྣམ་པར་ཐར་པ་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ནི་ཞི་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་ པའི་སྒོ་སྨོན་པ་མྱེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པ་རྣམས་ ནི་འགྲེལ་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་ མྱི་ཟ་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །མྱི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་ མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོངས་སུ་མྱི་ 25-1-84a ཆོད་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱམས་པ་ཆེན་པོ་ནི་ཕན་པ་སྒྲུབ་ པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྙིང་རྗེ་ཆེན་པོ་ནི་སྐྱོབ་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་ གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་ མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བཏང་སྙོམས་ཆེན་པོ་ནི་མ་འདྲེས་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་ རྫོགས་པར་སངས་རྒྱས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མྱི་འཕྲོགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་ མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་ མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་པས་ དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆགས་པ་མྱི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། 25-1-84b བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ བཞིན་གཤེགས་པ་སྐྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་འདི་སྟོན་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་རྟེན་ཅིང་རྣམ་པར་སྤྱོད་དོ། །ཆོས་དེ་ལ་རིམ་གྲོར་མཛད་ཅིང་། མཆོད་པ་མཛད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་སྟི་མཛད་པ་དང་། ཕུ་དུད་མཛད་པ་དང་། མཆོད་པ་མཛད་པ་དེ་ནི་ ཆོས་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་སྟེ། རབ་འབྱོར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་མཁྱེན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ནི་བྱས་པ་དགོངས་པའོ། །རབ་འབྱོར་གང་ལ་ལ་ཞིག་ཡང་དག་པར་སྨྲ་བས་བྱས་པ་ཤེས་ཤིང་། བྱས་པ་དྲན་པའོ། །ཞེས་སྨྲ་ན། དེ་བཞིན་གཤེགས་ པ་ལ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ། །ཞེས་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་བྱས་པ་མཁྱེན་ 25-1-85a ཅིང་བྱས་པ་དགོངས་པ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་གིས་བྱོན་པ་དང་། ལམ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཐེག་པ་དེ་ཉིད་དང་། ལམ་དེ་ཉིད་ལ་དེ་བཞིན་ གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་སྟི་མཛད་པ་དང་། ཕུ་དུད་དུ་མཛད་པ་དང་། མཆོད་པ་མཛད་པ་དང་། ཡོངས་སུ་སྲུང་བ་མཛད་པའི་ཕྱིར་ཏེ། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པར་བལྟའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས། ཆོས་ཐམས་ ཅད་མཚན་མ་མྱེད་པ་ལ་བརྟེན་ཏེ། བྱེད་པ་པོ་མྱེད་པའི་ཕྱིར། ཆོས་ཐམས་ཅད་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལུས་མྱེད་ པའི་ཕྱིར། མ་བྱས་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ ཏེ། ཆོས་ཐམས་ཅད་ལ་བྱ་བ་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པའོ། ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མྱེད་པ་ 25-1-85b ཆོས་ཐམས་ཅད་ལ་འཇུག་པ་མྱེད་པའི་བརྡས་འཇུག་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པའོ། ། འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་ཤེས་པ་པོ་མ་མཆིས་ཤིང་། མཐོང་བ་པོ་མ་མཆིས་ ན་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་། འཇིག་རྟེན་འདི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་གསོག་ གསོབ་དབང་མྱེད་པ་སྙིང་པོ་མྱེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པའོ། །རབ་འབྱོར་ གཞན་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པ་སྟེ། རབ་འབྱོར་ཇི་ལྟར་ན། ཆོས་ཐམས་ཅད་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པ་ཡིན་ ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མྱི་གནས་ཤིང་ཁོངས་སུ་ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ཤེས་པ་པོ་མྱེད་ཅིང་ མཐོང་བ་པོ་མྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །དེ་ཡང་གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚོར་བ་མཐོང་བ་མྱེད་པའི་ཕྱིར་ 25-1-86a སྟོན་པའོ། །འདུ་ཤེས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། རྣ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །གཟུགས་ མཐོང་བ་མྱེད་པའི་སྟོན་པའོ། །སྒྲ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དྲི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རོ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རེག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆོས་མཐོང་བ་མྱེད་པའི་ ཕྱིར་སྟོན་པའོ། །མྱིག་གི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣ་བའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་རྣམ་ པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་གི་འདུས་ཏེ་རེག་པ་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །རྣ་བའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་ཀྱི་ འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་ཀྱི་ 25-1-86b འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆུའི་ཁམས་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱེའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རླུང་གི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མཁའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤེས་ པའི་ཁམས་མཐོང་བ་མྱེད་པའི་སྟོན་པའོ། །མ་རིག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིང་དང་ གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྐྱེ་མཆེད་དྲུག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྲེད་པ་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །ལེན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྲིད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྐྱེ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྒ་ཤི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནང་སྟོང་པ་ཉིད་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །ཕྱི་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཕྱི་ནང་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆེན་པོ་སྟོང་པ་ཉིད་ 25-1-87a མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དོན་དམ་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུས་བྱས་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུས་མ་བྱས་སྟོང་པ་ཉིད་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། རང་བཞིན་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་ སྟོན་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡང་དག་པར་སྤོང་བ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དབང་པོ་ རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྟོབས་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐོང་ བ་མྱེད་པའི་ཕྱིར་སྟོན་པའོ། །འཕགས་པའི་བདེན་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བསམ་གཏན་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚད་མྱེད་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཐར་པ་བརྒྱད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐོང་བ་མྱེད་པའི་ 25-1-87b ཕྱིར་སྟོན་པའོ། །སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མཚན་མ་མྱེད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྨོན་པ་མྱེད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མངོན་པར་ཤེས་པ་རྣམས་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །ཏིང་ངེ་འཛིན་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །གཟུངས་ཀྱི་སྒོ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དེ་བཞིན་གཤེགས་པ་སྟོབས་བཅུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། མྱི་འཇིགས་པ་བཞི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྙིང་རྗེ་ཆེན་པོ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དགྲ་བཅོམ་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རང་བྱང་ཆུབ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཚོར་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འདུ་ཤེས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འདུ་བྱེད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱིག་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། 25-1-88a ཇི་ལྟར་ན་རྣ་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྣ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལྕེ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ ན་ལུས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཡིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྒྲ་ མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དྲི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རོ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རེག་མཐོང་བ་མ་མཆིས་ པའི་སླད་དུ་སྟོན་ལགས། ཇི་ལྟར་ན་ཆོས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱིག་གི་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་ པ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་ རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་ པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་ 25-1-88b པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་ བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་མཐོང་བ་མ་མཆིས་ པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མ་མཆིས་པའི་ སླད་དུ་སྟོན་པ་ལགས། ཇི་ལྟར་ན་སའི་ཁམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཆུའི་ཁམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱེའི་ཁམས་མཐོང་བ་མ་མཆིས་ པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རླུང་གི་ཁམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་ པའི་ཁམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མ་རིག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འདུ་བྱེད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱིང་དང་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྐྱེ་མཆེད་དྲུག་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ ལགས། ཇི་ལྟར་ན་རེག་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཚོར་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྲེད་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ 25-1-89a ལགས། ཇི་ལྟར་ན་ལེན་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྲིད་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྐྱེ་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་ པ་ལགས། ཇི་ལྟར་ན་རྒ་ཤི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་མཆིས་པའི་སླད་དུ་ སྟོན་པ་ལགས། ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ ན་ནང་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དོན་དམ་པ་སྟོང་པ་ཉིད་ མཐོང་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་ སྟོན་པ་ལགས། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ 25-1-89b ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་ སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་ སླད་དུ་སྟོན་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཡང་དག་ པར་སྤོང་བ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དབང་པོ་རྣམས་མཐོང་བ་མ་མཆིས་ པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྟོབས་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་བསམ་གཏན་ རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཚད་མྱེད་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཐོང་བ་ 25-1-90a མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐོང་ བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྟོང་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མཚན་མ་མྱེད་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ སྨོན་པ་མྱེད་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་མཐོང་བ་མ་མཆིས་པའི་ སླད་དུ་སྟོན་པ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་མྱི་འཇིགས་པ་བཞི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་མཐོང་བ་མ་ མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བ་མ་མཆིས་པའི་སླད་ དུ་སྟོན་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ ན་དགྲ་བཅོམ་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་མཐོང་བ་མ་མཆིས་ 25-1-90b པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་དམྱིགས་ པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འདུ་ ཤེས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འདུ་ཤེས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འདུ་བྱེད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་ པའོ། །ནམ་རྣམ་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱིག་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱིག་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣ་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྣ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྣ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལྕེ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལྕེ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལུས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལུས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཡིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཡིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་གཟུགས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་ འབྱུང་བའི་ཚེ། གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྒྲ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྒྲ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དྲི་དམྱིགས་པའི་རྣམ་པར་ 25-1-91a ཤེས་པ་མྱི་འབྱུང་བའི་ཚེ། དྲི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རོ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རོ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རེག་ལ་དམྱིགས་པའི་རྣམ་ པར་ཤེས་པ་མྱི་འབྱུང་བའི་ཚེ། རེག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཆོས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཆོས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱིག་གི་རྣམ་པར་ཤེས་ པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱིག་གི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣ་བའི་རྣམ་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣ་བའི་ རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྣའི་རྣམ་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྣའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལྕེའི་རྣམ་ པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལྕེའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལུས་ཀྱི་རྣམ་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ ཚེ། ལུས་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཡིད་ཀྱི་རྣམ་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་ པའོ། །ནམ་མྱིག་གི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱིག་གི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣ་བའི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་ པ་མྱི་འབྱུང་བའི་ཚེ། རྣ་བའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྣའི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྣའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་ 25-1-91b སྟོན་པའོ། །ནམ་ལྕེའི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལྕེའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལུས་ཀྱི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ ཤེས་པ་མྱི་འབྱུང་བའི་ཚེ། ལུས་ཀྱི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཡིད་ཀྱི་འདུས་ཏེ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པ་མཐོང་བ་ མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། ནམ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྣའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་ པར་ཤེས་པ་མྱི་འབྱུང་བའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སའི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཆུའི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་ 25-1-92a པ་མྱི་འབྱུང་བའི་ཚེ། ཆུའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱེའི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱེའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རླུང་ གི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རླུང་གི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ནམ་མཁའི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ནམ་མཁའི་ཁམས་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་པར་ཤེས་པའི་ཁམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣམ་པར་ཤེས་པའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མ་རིག་པ་དམྱིགས་ པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མ་རིག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འདུ་བྱེད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་ པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱིང་དང་གཟུགས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱིང་དང་ གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྐྱེ་མཆེད་དྲུག་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྐྱེ་མཆེད་དྲུག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རེག་པ་ལ་དམྱིགས་པའི་རྣམ་པར་ཤེས་ པ་མྱི་འབྱུང་བའི་ཚེ། རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཚོར་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྲེད་པ་ལ་དམྱིགས་པའི་ རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྲེད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལེན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལེན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྲིད་པ་ལ་ 25-1-92b དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྲིད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྐྱེ་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྐྱེ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། ནམ་རྒ་ཤི་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྒ་ཤི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་ རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་ སྟོན་པའོ། །ནམ་ནང་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ནང་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཕྱི་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཕྱི་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཕྱི་ནང་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཕྱི་ནང་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྟོང་པ་ཉིད་སྟོང་པ་ 25-1-93a ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཆེན་པོ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཆེན་པོ་ སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དོན་དམ་པ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དོན་དམ་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འདུས་བྱས་སྟོང་པ་ ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འདུས་བྱས་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འདུས་མ་བྱས་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འདུས་ མ་བྱས་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། ནམ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཐོག་མ་དང་ཐ་མ་མྱེད་པའི་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དོར་བ་མྱེད་པ་སྟོང་པ་ཉིད་ལ་དམྱིགས་ པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རང་བཞིན་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རང་བཞིན་སྟོང་པ་ཉིད་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རང་གི་མཚན་ ཉིད་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱི་དམྱིགས་པ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་ 25-1-93b འབྱུང་བའི་ཚེ། མྱི་དམྱིགས་པའི་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་མཐོང་བ་ མྱེད་པའི་ཕྱིར་སྟོན་པའོ། །ནམ་ངོ་བོ་ཉིད་སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དྲན་པ་ཉེ་བར་གཞག་པ་ལ་དམྱིགས་པའི་རྣམ་པར་ཤེས་ པ་མྱི་འབྱུང་བའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཡང་དག་པར་སྤོང་བ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཡང་དག་པར་སྤོང་བ་རྣམས་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྫུ་འཕྲུལ་གྱི་རྐང་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དབང་པོ་ལ་དམྱིགས་ པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དབང་པོ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྟོབས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྟོབས་རྣམས་མཐོང་བ་མྱེད་པའི་ཕྱིར་ སྟོན་པའོ། །ནམ་བྱང་ཆུབ་ཀྱི་ཡན་ལག་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་འཕགས་པའི་བདེན་པ་ལ་དམྱིགས་པའི་རྣམ་པར་ཤེས་ 25-1-94a པ་མྱི་འབྱུང་བའི་ཚེ། འཕགས་པའི་བདེན་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་བསམ་གཏན་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། བསམ་གཏན་རྣམས་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཚད་མྱེད་པ་རྣམས་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཚད་མྱེད་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་པར་ཐར་པ་བརྒྱད་ལ་དམྱིགས་པའི་རྣམ་ པར་ཤེས་པ་མྱི་འབྱུང་བའི་ཚེ། རྣམ་པར་ཐར་པ་བརྒྱད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དམྱིགས་པའི་རྣམ་པར་ཤེས་ པ་མྱི་འབྱུང་བའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མངོན་པར་ཤེས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་ འབྱུང་བའི་ཚེ། མངོན་པར་ཤེས་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཏིང་ངེ་འཛིན་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཏིང་ངེ་འཛིན་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་ པའོ། །ནམ་གཟུངས་ཀྱི་སྒོ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། གཟུངས་ཀྱི་སྒོ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དམྱིགས་པའི་ 25-1-94b རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མྱི་འཇིགས་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། མྱི་འཇིགས་པ་རྣམས་མཐོང་ བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སོ་སོ་ཡང་དག་པར་རིག་པ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སོ་སོ་ཡང་དག་པར་རིག་པ་རྣམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སྙིང་རྗེ་ཆེན་པོ་ལ་ དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སྙིང་རྗེ་ཆེན་པོ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བ་མྱེད་པའི་ ཕྱིར་སྟོན་པའོ། །ནམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ཕྱིར་མྱི་འོང་བའི་འབྲས་ བུ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ཕྱིར་མྱི་འོང་བའི་འབྲས་བུ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དགྲ་བཅོམ་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། དགྲ་བཅོམ་པ་ ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རང་བྱང་ཆུབ་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། རང་བྱང་ཆུབ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་དམྱིགས་ པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། ལམ་གྱི་རྣམ་པར་ཤེས་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམྱིགས་པའི་རྣམ་པར་ཤེས་པ་མྱི་འབྱུང་བའི་ཚེ། 25-1-95a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་ གཞན་ཡང་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་དུ་སྟོང་པ་ཞེས་རྗོད་དེ། འཇིག་རྟེན་དུ་ཅི་ སྟོང་པ་ཞེས་རྗོད་ཅེ་ན། གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུ་ཤེས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུ་བྱེད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་ དུ་རྗོད་དོ། །རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མྱིག་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣ་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྣ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་ དོ། །ལྕེ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལུས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཡིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། སྒྲ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དྲི་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རོ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རེག་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཆོས་སྟོང་ངོ་ཞེས་བྱ་བར་ འཇིག་རྟེན་དུ་རྗོད་དོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྣའི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་ རྟེན་དུ་རྗོད་དོ། །ལྕེའི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་ 25-1-95b རྗོད་དོ། །མྱིག་གི་འདུས་ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྣའི་འདུས་ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལྕེའི་འདུས་ ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སའི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཆུའི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མྱེའི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་ རྗོད་དོ། །རླུང་གི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ནམ་མཁའི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པར་ཤེས་པའི་ཁམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། མ་རིག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུ་བྱེད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མྱིང་དང་གཟུགས་སྟོང་ངོ་ཞེས་བྱ་བར་ འཇིག་རྟེན་དུ་རྗོད་དོ། །སྐྱེ་མཆེད་དྲུག་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་ཏུ་རྗོད་དོ། །རེག་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཚོར་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྲེད་པ་སྟོང་ངོ་ 25-1-96a ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལེན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྲིད་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྐྱེ་བ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྒ་ཤི་ སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་ རྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ནང་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཕྱི་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་ རྗོད་དོ། །ཕྱི་ནང་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཆེན་པོ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་ དུ་རྗོད་དོ། །དོན་དམ་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུས་བྱས་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། དོར་བ་མྱེད་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རང་བཞིན་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རང་གི་མཚན་ 25-1-96b ཉིད་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ངོ་བོ་ཉིད་ སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། ཡང་དག་པར་སྤོང་བ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དབང་པོ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྟོབས་ རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། ། འཕགས་པའི་བདེན་པ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བསམ་གཏན་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཚད་མྱེད་པ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པར་ཐར་པ་བརྒྱད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ངོ་ ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །མངོན་པར་ཤེས་པ་རྣམས་སྟོང་ངོ་ཞེས་བྱ་བར་ འཇིག་རྟེན་དུ་རྗོད་དོ། །ཏིང་ངེ་འཛིན་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །གཟུངས་ཀྱི་སྒོ་རྣམས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་ངོ་ཞེས་བྱ་བར་ 25-1-97a འཇིག་རྟེན་དུ་རྗོད་དོ། །མྱི་འཇིགས་པ་བཞི་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བྱམས་པ་ཆེན་པོ་སྟོང་ ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྙིང་རྗེ་ཆེན་པོ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་ བུ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དགྲ་བཅོམ་ ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རང་བྱང་ཆུབ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་སྟོན། འཇིག་རྟེན་སྟོང་ཞེས་བྱ་བར་རྗོད། འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན་ཏེ། འཇིག་རྟེན་སྟོང་ཞེས་བྱ་ བར་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ན་གཟུགས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འདུ་ཤེས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འདུ་བྱེད་སྟོང་ཞེས་ 25-1-97b བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱིག་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣ་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྣ་སྟོང་ཞེས་བྱ་ བར་སྟོན་ཏོ། །འཇིག་རྟེན་ན་ལྕེ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལུས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཡིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་གཟུགས་སྟོང་ཞེས་བྱ་བར་ སྟོན་ཏོ། །འཇིག་རྟེན་ན་སྒྲ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དྲི་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རོ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རེག་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ ན་ཆོས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྣའི་རྣམ་པར་ ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཡིད་ཀྱི་རྣམ་པར་ཤེས་ པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྣའི་འདུས་ཏེ་རེག་པ་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལྕེའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་ བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ 25-1-98a སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སའི་ཁམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཆུའི་ ཁམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱེའི་ཁམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རླུང་གི་ཁམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ནམ་མཁའི་ཁམས་སྟོང་ཞེས་བྱ་བར་ སྟོན་ཏོ། །འཇིག་རྟེན་ན་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མ་རིག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འདུ་བྱེད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱིང་དང་གཟུགས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རེག་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་ རྟེན་ན་ཚོར་བ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྲེད་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལེན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྲིད་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྐྱེ་བ་ སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྒ་ཤི་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བསམ་གཏན་ 25-1-98b གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཕྱི་སྟོང་པ་ཉིད་ སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ ཏོ། །འཇིག་རྟེན་ན་དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། ། འཇིག་རྟེན་ན་མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དོར་བ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་ བྱ་བར་སྟོན་ཏོ། །འཇིག་རྟེན་ན་རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ ན་ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དབང་པོ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ 25-1-99a སྟོབས་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བར་སྟོན་ཏོ། ། འཇིག་རྟེན་ན་འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བསམ་གཏན་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཚད་མྱེད་པ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣམ་པར་ཐར་པ་བརྒྱད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མངོན་པར་ཤེས་པ་རྣམས་ སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་མྱི་འཇིགས་བཞི་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་བྱམས་པ་ཆེན་པོ་སྟོང་ཞེས་བྱ་བར་ སྟོན་ཏོ། །འཇིག་རྟེན་ན་སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་ ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཕྱིར་མྱི་འོང་བའི་འབྲས་བུ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དགྲ་བཅོམ་པ་ཉིད་ 25-1-99b སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རང་བྱང་ཆུབ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཇི་ལྟར་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ ཏོ། །འདུ་བྱེད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱིག་གི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ ཅེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་ བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་ བྱ་བར་སྟོན་ཏོ། །སྒྲའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། ། 25-1-100a རེག་གི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་ བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པའི་ འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་ བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཡིད་ ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ 25-1-100b ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། ། མྱེའི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་ བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་ དྲུག་གི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྲེད་པའི་ འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྐྱེ་བའི་ འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ 25-1-101a པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་བསམ་ གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འཇིག་ རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དོན་དམ་ པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ ཅེས་བྱ་བར་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དོར་བ་ མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་ མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་ པ་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ 25-1-101b ཅེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྟོབས་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་ བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། ། མངོན་པར་ཤེས་པ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་བསམ་གྱིས་མྱི་ ཁྱབ་ཅེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་བཞིའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སོ་སོ་ཡང་ 25-1-102a དག་པར་རིག་པ་བཞིའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་བསམ་གྱིས་མྱི་ ཁྱབ་ཅེས་བྱ་བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་ བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏེ། འཇིག་རྟེན་ཇི་ལྟར་དབེན་ཞེས་བྱ་བར་སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་ དབེན་ཞེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་ 25-1-102b སྟོན་ཏོ། །སྒྲའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རེག་གི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་དབེན་ ཞེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། ། ལྕེའི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ ཏེ་རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་ དབེན་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ དབེན་ཞེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རླུང་གི་ 25-1-103a ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་ རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་ དྲུག་གི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྲེད་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་ རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྐྱེ་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། ། ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ དབེན་ཞེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ 25-1-103b ཞེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་ པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་ བར་གཞག་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། ། དབང་པོ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྟོབས་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་ སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་ 25-1-104a དབེན་ཞེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་རིག་ པ་རྣམས་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་ བའི་འབྲས་བུའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་ རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ 25-1-104b ཅེ་ན། གཟུགས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འཇིག་རྟེན་མཐའ་ལས་ འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་ པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་ པ་ཞེས་བྱ་བར་སྟོན་ཏོ། །སྒྲའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །རེག་གི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་ པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་ 25-1-105a མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་ པ་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་ པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་མཐའ་ ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ ཏོ། །ཆུའི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། ནམ་མཁའི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་རྟེན་མཐའ་ལས་འདས་པ་ 25-1-105b སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་ མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དྲུག་གི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་ རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྲེད་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྲིད་པའི་ འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་མཐའ་ལས་འདས་པ་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ 25-1-106a ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་ སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ 25-1-106b ཞེས་བྱ་བར་སྟོན་ཏོ། །སྟོབས་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་ འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་མཐའ་ ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་འཇིག་རྟེན་མཐའ་ལས་ འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ཀྱི་འཇིག་རྟེན་ མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་བཞིའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་རིག་ པ་བཞིའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་ 25-1-107a བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱིར་མི་འོང་བའི་འབྲས་བུའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དགྲ་བཅོམ་ པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་ པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་ རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏེ། །ཇི་ལྟར་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་ པ་ཞེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཏོ། །མྱིག་གི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་ངོ་བོ་ཉིད་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། 25-1-107b སྒྲའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རེག་གི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ ཏོ། །ཆོས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། སྣའི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་ངོ་བོ་ཉིད་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་ པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་ 25-1-108a རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་ བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དྲུག་གི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ ཞེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྲེད་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། ལེན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་བའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་ངོ་བོ་ ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བཟོད་པའི་ ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ 25-1-108b ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་ རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་ 25-1-109a རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྟོབས་ རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་ངོ་བོ་ཉིད་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་ རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་ རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། །སྨོན་པ་མྱེད་པའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་ངོ་བོ་ ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། མྱི་འཇིགས་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་ངོ་བོ་ 25-1-109b ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་ པའི་འབྲས་བུའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་རྟེན་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ ལ་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་ལ་ཇི་ལྟར་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཏོ། །མྱིག་གི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་ 25-1-110a སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་ འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྒྲའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རེག་གི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་པར་ཤེས་ པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་ རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ 25-1-110b ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་ བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་ བར་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཏོ། །མ་རིག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ 25-1-111a འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དྲུག་གི་འཇིག་རྟེན་དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། སྲེད་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་བའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་ 25-1-111b པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་དངོས་པོ་ 25-1-112a མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་ རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྟོབས་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་ རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཇིག་རྟེན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ 25-1-112b ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འཇིག་རྟེན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་བཞིའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞིའི་འཇིག་རྟེན་དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཞེས་བྱ་བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འཇིག་རྟེན་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་འཇིག་རྟེན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཞེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 25-1-113a དེ་བཞིན་གཤེགས་པ་ལ་ཇི་ལྟར་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་ རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་ རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལྕེའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་ སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྒྲའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རེག་གི་ འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་ སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྣའི་འདུས་ ཏེ་རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་ 25-1-113b འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་ སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་ པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དྲུག་གི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། ཚོར་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྲེད་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྐྱེ་བའི་ འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་ 25-1-114a རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་ ཞི་ཞེས་བྱ་བར་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་ ཞི་ཞེས་བྱ་བར་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་སྟོང་ པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རང་གི་མཚན་ཉིད་སྟོང་ པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། 25-1-114b ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྟོབས་ རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་ དགུའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། །མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མངོན་པར་ཤེས་པ་ རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་ སྟོབས་བཅུའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་བཞིའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞིའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་ པོའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་ 25-1-115a འབྲས་བུའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། ། དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཅེ་ན། གཟུགས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་ སྟོན་ཏོ། །ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འདུ་ཤེས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་ པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱིག་གི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣ་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྣའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། ། ལྕེའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་འཇིག་རྟེན་སྟོང་པ་ཉིད་ ཅེས་བྱ་བར་སྟོན་ཏོ། །སྒྲའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དྲིའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རོའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རེག་གི་འཇིག་རྟེན་སྟོང་ 25-1-115b པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཆོས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འཇིག་རྟེན་སྟོང་ པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྣའི་རྣམ་པར་ཤེས་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་ པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། ། རྣ་བའི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་ བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་སྟོང་ པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སའི་ཁམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཆུའི་ཁམས་ཀྱི་ 25-1-116a འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱེའི་ཁམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རླུང་གི་ཁམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ནམ་མཁའི་ཁམས་ ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མ་རིག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འདུ་བྱེད་ཀྱི་འཇིག་རྟེན་ སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཤེས་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱིང་དང་གཟུགས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དྲུག་གི་འཇིག་རྟེན་སྟོང་པ་ཉིད་ཅེས་ བྱ་བར་སྟོན་ཏོ། །རེག་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཚོར་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྲེད་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལེན་པའི་འཇིག་རྟེན་ སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྲིད་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྐྱེ་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྒ་ཤིའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ ཉིད་ཅེས་བྱ་བར་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ནང་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཕྱི་ནང་སྟོང་ 25-1-116b པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དོན་དམ་ པ་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་ རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རང་གི་ མཚན་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འཇིག་རྟེན་ སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དྲན་ པ་ཉེ་བར་གཞག་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ ཉིད་ཅེས་བྱ་བར་སྟོན་ཏོ། །དབང་པོ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྟོབས་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཇིག་རྟེན་ 25-1-117a སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་ བྱ་བར་སྟོན་ཏོ། །བསམ་གཏན་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ དགུའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མངོན་ པར་ཤེས་པ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་ བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །མྱི་འཇིགས་པ་བཞིའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སོ་སོ་ཡང་དག་པར་ རིག་པ་བཞིའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །བྱམས་པ་ཆེན་པོའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་ 25-1-117b འབྲས་བུའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ ཏོ། །རང་བྱང་ཆུབ་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་ཅི་ལྟར་སྟོན་ཅེ་ན། ཇི་ནས་ཀྱང་འཇིག་རྟེན་འདིའི་འདུ་ཤེས་སུ་ཡང་མྱི་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་འདུ་ ཤེས་སུ་ཡང་མྱི་འགྱུར་བ་དེ་ལྟར་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་འཇིག་རྟེན་འདིའི་འདུ་ཤེས་སུ་འགྱུར་བའམ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་ མྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསམ་གྱིས་ མྱི་ཁྱབ་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དཔག་ཏུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་དོན་གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་མྱི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་ 25-1-118a འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ནི་དོན་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དཔག་ཏུ་མྱེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ནི་དོན་གཞལ་དུ་མྱེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཆེན་པོའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་ཆེན་པོ་སྟེ། འདི་ལྟར་སེམས་ ཅན་ཐམས་ཅད་བསྐྱབ་པའི་དོན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏང་བའི་དོན་ཏོ། །རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕྱིན་པ་དོན་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མྱི་ཁྱབ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ 25-1-118b ཕྱིན་པ་དོན་དཔག་ཏུ་མྱེད་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སེམས་ཅན་དུ་བསྡུ་བས་བསྡུས་པ་ལ་གང་གིས་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང་དཔག་པར་ནུས་པ་དེ་ལྟ་བུ་གང་ཡང་མྱེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་དཔག་ཏུ་མྱེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གཞལ་དུ་མྱེད་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་ འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་མྱེད་དེ། སུས་ཀྱང་གཞལ་བར་མྱི་ནུས་སོ། །རབ་འབྱོར་རྣམ་གྲངས་ དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་གཞལ་དུ་མྱེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉམ་པས་ མཉམ་པ་ཡང་སུ་ཡང་མྱེད་ན། ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་དོན་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་ 25-1-119a མཁྱེན་པ་ཉིད་ནི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མྱི་ཁྱབ་བོ། །རབ་འབྱོར་ སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་དཔག་ཏུ་མྱེད་གཞལ་དུ་མྱེད་དེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་ ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པའོ། །རབ་འབྱོར་འདུ་ཤེས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་འདུ་བྱེད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་ འབྱོར་མྱིག་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣ་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྣ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལྕེ་ཡང་བསམ་གྱིས་མྱི་ཁྱབ་དཔག་ 25-1-119b ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལུས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཡིད་ ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པའོ། །རབ་འབྱོར་སྒྲ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དྲི་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རོ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རེག་ཀྱང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ 25-1-120a ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣ་ བའི་འདུས་ཏེ་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ཡང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལྕེའི་ 25-1-120b འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སའི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པའོ། །རབ་འབྱོར་ཆུའི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱེའི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རླུང་གི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ ནམ་མཁའི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མ་རིག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་ འབྱོར་འདུ་བྱེད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣམ་པར་ཤེས་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ 25-1-121a དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱིང་དང་གཟུགས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ སྐྱེ་མཆེད་དྲུག་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རེག་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པའོ། །རབ་འབྱོར་ཚོར་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྲེད་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལེན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྲིད་པ་ཡང་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྐྱེ་བ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པའོ། །རབ་འབྱོར་རྒ་ཤི་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ 25-1-121b ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ ནང་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་ སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ མཉམ་པ་དང་མཉམ་པའོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཐོག་མ་དང་ 25-1-122a ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་ 25-1-122b པའོ། །རབ་འབྱོར་དབང་པོ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྟོབས་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བསམ་གཏན་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཚད་མྱེད་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཀྱང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ 25-1-123a པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མངོན་ཤེས་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ ཏིང་ངེ་འཛིན་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་མྱི་འཇིགས་པ་ རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བྱམས་པ་ཆེན་པོ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ཡང་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་ཡང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ 25-1-123b མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་རང་བྱང་ཆུབ་ཀྱང་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མྱི་དམྱིགས་སོ། །སེམས་ལས་བྱུང་བའི་ ཆོས་རྣམས་ཀྱང་མྱི་དམྱིགས་སོ། །རབ་འབྱོར་གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ་མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཚོར་བ་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འདུ་ཤེས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འདུ་བྱེད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པ་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱིག་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ 25-1-124a མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣ་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ སྣ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལྕེ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡིད་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྒྲ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དྲི་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རོ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་ སོ། །རབ་འབྱོར་རེག་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཆོས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་ 25-1-124b མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་ དམྱིགས་སོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་ རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་ ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་ 25-1-125a མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་ སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་ སོ། །རབ་འབྱོར་ཆུའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱེའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རླུང་གི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ 25-1-125b ནམ་མཁའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མ་རིག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ འདུ་བྱེད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱིང་དང་གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་ མཆེད་དྲུག་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྲེད་ པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལེན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྲིད་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་བ་ 25-1-126a བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྒ་ཤི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་ པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཕྱི་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཕྱི་ནང་སྟོང་པ་ ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ 25-1-126b པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མཐའ་ལས་འདས་ པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ རང་བཞིན་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། ། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་ 25-1-127a མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་ སོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ ཡང་མྱི་དམྱིགས་སོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དབང་པོ་རྣམས་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྟོབས་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། ། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཚད་མྱེད་པ་རྣམས་བསམ་གྱིས་མྱི་ 25-1-127b ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། །མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པ་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་ རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་ སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སོ་སོ་ཡང་ དག་པར་རིག་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་བྱམས་པ་ཆེན་པོ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། 25-1-128a མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སྙིང་རྗེ་ཆེན་པོ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། ། རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་དགྲ་བཅོམ་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་ མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རང་བྱང་ཆུབ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ལམ་གྱི་ རྣམ་པར་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ཡང་མྱི་དམྱིགས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུ་ཤེས་བསམ་ 25-1-128b གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུ་བྱེད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་ པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེ་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་ དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྒྲ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་ དུ་དྲི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རོ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མྱི་ 25-1-129a མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རེག་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆོས་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་ མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་ དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་འདུས་ ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ ཤིང་མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ 25-1-129b ལྕེའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་ དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་ མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་ པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སའི་ཁམས་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆུའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་ 25-1-130a མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱེའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རླུང་གི་ཁམས་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ནམ་མཁའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་ མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པའི་ཁམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་མ་རིག་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུ་བྱེད་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་ མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིང་དང་གཟུགས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་སྐྱེ་མཆེད་དྲུག་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རེག་ པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚོར་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་ 25-1-130b གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྲེད་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལེན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྲིད་པ་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྐྱེ་བ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྒ་ཤི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་ སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་ 25-1-131a གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཕྱི་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་ པ་ལགས། ཅིའི་སླད་དུ་ཕྱི་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་ དུ་སྟོང་པ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆེན་པོ་སྟོང་པ་ཉིད་ བསམ་གྱི་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དོན་དམ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུས་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་ མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུས་མ་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་ 25-1-131b གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མཐའ་ལས་འདས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་ མྱི་དམྱིགས་པ་ལགས། ཅིའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་ སླད་དུ་རང་བཞིན་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་ མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་ པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་ 25-1-132a སླད་དུ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ། དྲན་པ་ཉེ་བར་གཞག་པ་ རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡང་དག་པར་སྤོང་བ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་ མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་ པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དབང་པོ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ སྟོབས་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་ མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འཕགས་པའི་བདེན་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་ དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བསམ་གཏན་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚད་མྱེད་པ་ 25-1-132b རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཐར་པ་བརྒྱད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་ མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་ གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མངོན་པར་ཤེས་པ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཏིང་ངེ་འཛིན་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་ མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུངས་ཀྱི་སྒོ་རྣམས་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་ པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་ 25-1-133a མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱི་འཇིགས་པ་བཞི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་ པ་ལགས། ཅིའི་སླད་དུ་སོ་སོ་ཡང་དག་པར་རིག་པ་བཞི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བྱམས་པ་ཆེན་པོ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྙིང་རྗེ་ཆེན་པོ་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་ དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཕྱིར་མྱི་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དགྲ་བཅོམ་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་ 25-1-133b མྱི་དམྱིགས་པ་ལགས། ཅིའི་སླད་དུ་རང་བྱང་ཆུབ་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མ་མཆིས་གཞལ་དུ་མ་མཆིས་ཤིང་། མྱི་མཉམ་པ་དང་མཉམ་པ་མྱི་དམྱིགས་པ་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། བཅོམ་ལྡན་འདས་ཀྱི་བཀའ་ སྩལ་པ། རབ་འབྱོར་གཟུགས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུ་ཤེས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུ་བྱེད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་ དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལྕེ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་ 25-1-134a དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུགས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་ དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྒྲ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དྲི་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རོ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རེག་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་ དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་ དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་རྣམ་པར་ ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་ པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་ 25-1-134b འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་ དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སའི་ཁམས་ལ་ཡང་བསམ་པ་དང་། དཔག་པ་དང་། ཚད་དང་མཉམ་པ་དང་། མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆུའི་ཁམས་ ལ་ཡང་བསམ་པ་དང་། དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱེའི་ཁམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རླུང་གི་ཁམས་ལ་ཡང་ 25-1-135a བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ནམ་མཁའི་ཁམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་ པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མ་རིག་པ་ལ་ཡང་བསམ་པ་དང་ དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུ་བྱེད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིང་དང་གཟུགས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་མཆེད་དྲུག་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རེག་པ་ལ་ཡང་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚོར་བ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་ འབྱོར་སྲེད་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལེན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྲིད་པ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་བ་ལ་ཡང་བསམ་པ་དང་དཔག་པ་དང་། 25-1-135b ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྒ་ཤི་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ ནང་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་ 25-1-136a མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུས་བྱས་ སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་ དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ ཐམས་ཅད་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་ 25-1-136b དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དྲན་པ་ ཉེ་བར་གཞག་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་ འབྱོར་དབང་པོ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྟོབས་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་ འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་ མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚད་མྱེད་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུགས་མྱེད་ 25-1-137a པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ལ་ཡང་བསམ་པ་དང་དཔག་ པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་མངོན་པར་ཤེས་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་ དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་ མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བྱམས་པ་ཆེན་པོ་ལ་ ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། 25-1-137b རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རང་བྱང་ཆུབ་ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ ལ་ཡང་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་ པ་མྱི་དམྱིགས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚོར་བ་ལ་ བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུ་ཤེས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ ལགས། ཅིའི་སླད་དུ་འདུ་བྱེད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་ 25-1-138a མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བ་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་ པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྒྲ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དྲི་ལ་བསམ་པ་དང་ དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རོ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ རེག་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆོས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བའི་རྣམ་པར་ཤེས་པ་ 25-1-138b ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་ པ་ལགས། ཅིའི་སླད་དུ་ལྕེའི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པ་ལ་བསམ་པ་ དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣ་བའི་འདུས་ཏེ་རེག་པ་ལ་ བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་ པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེའི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་ པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། 25-1-139a ཅིའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སའི་ ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆུའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་ པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱེའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རླུང་གི་ཁམས་ལ་བསམ་པ་ དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ནམ་མཁའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མ་རིག་པ་ལ་ 25-1-139b བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུ་བྱེད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱིང་དང་གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྐྱེ་མཆེད་དྲུག་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རེག་པ་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་ སླད་དུ་སྲེད་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལེན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་སྲིད་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྐྱེ་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྒ་ཤི་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་ 25-1-140a མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ ལགས། ཅིའི་སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ནང་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཕྱི་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཕྱི་ནང་སྟོང་པ་ཉིད་ལ་བསམ་པ་དང་ དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྟོང་པ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཆེན་པོ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ དོན་དམ་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུས་བྱས་སྟོང་པ་ཉིད་ལ་བསམ་པ་དང་དཔག་ 25-1-140b པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འདུས་མ་བྱས་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རང་བཞིན་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་ དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ 25-1-141a དམྱིགས་པ་ལགས། ཅིའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཡང་དག་པར་ སྤོང་བ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་ དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དབང་པོ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྟོབས་རྣམས་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་ པ་ལགས། ཅིའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་འཕགས་པའི་བདེན་པ་རྣམས་ ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་བསམ་གཏན་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཚད་མྱེད་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཐར་པ་བརྒྱད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ 25-1-141b པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མངོན་ པར་ཤེས་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཏིང་ངེ་འཛིན་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་གཟུངས་ཀྱི་སྒོ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་མྱི་འཇིགས་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་ དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ བྱམས་པ་ཆེན་པོ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སྙིང་རྗེ་ཆེན་པོ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྒྱུན་ 25-1-142a ཏུ་ཞུགས་པའི་འབྲས་བུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ཕྱིར་མྱི་འོང་བའི་འབྲས་བུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་ དགྲ་བཅོམ་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རང་བྱང་ཆུབ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་པ་ལགས། ཅིའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད། བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུ་ཤེས་ཀྱི་ངོ་ བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འདུ་ཤེས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། 25-1-142b རབ་འབྱོར་འདུ་བྱེད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འདུ་བྱེད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མྱིག་ལ་བསམ་པ་དང་དཔག་ པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣ་བ་ལ་བསམ་པ་ དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྣ་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལྕེ་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལུས་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཡིད་ལ་བསམ་ 25-1-143a པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྒྲའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྒྲ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དྲིའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དྲི་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རོའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རོ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རེག་གི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་ སྟེ། དེའི་ཕྱིར་རེག་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་ སྟེ། དེའི་ཕྱིར་ཆོས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་ མཉམ་པ་སྟེ། དེའི་ཕྱིར་མྱིག་གི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་ 25-1-143b མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་རྣམ་པར་ཤེས་ པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྣའི་རྣམ་པར་ཤེས་པ་ལ། བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་སོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལྕེའི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལུས་ཀྱི་རྣམ་པར་ཤེས་པ་ ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་ མཉམ་པ་སྟེ། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མྱིག་གི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་ འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣ་བའི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ 25-1-144a དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྣའི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལྕེའི་འདུས་ཏེ་རེག་ པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་ མཉམ་པ་སྟེ། དེའི་ཕྱིར་ལུས་ཀྱི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ 25-1-144b བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་སོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སའི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སའི་ཁམས་ལ་བསམ་པ་དང་དཔག་པ་ དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆུའི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཆུའི་ཁམས་ལ་བསམ་ པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱེའི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ 25-1-145a པ་སྟེ། དེའི་ཕྱིར་མྱེའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རླུང་གི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ནམ་མཁའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པའི་ཁམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་ པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མ་རིག་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མ་རིག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུ་བྱེད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འདུ་བྱེད་ལ་བསམ་པ་ དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱིང་དང་གཟུགས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ 25-1-145b དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མྱིང་དང་གཟུགས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྐྱེ་མཆེད་དྲུག་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རེག་པའི་ངོ་བོ་ཉིད་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རེག་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚོར་ བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཚོར་བ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་སྲེད་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྲེད་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་ དམྱིགས་སོ། །རབ་འབྱོར་ལེན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལེན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་ མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྲིད་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྲིད་པ་ལ་བསམ་པ་དང་དཔག་པ་དང་། ཚད་ དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྐྱེ་བའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྐྱེ་བ་ལ་བསམ་པ་དང་དཔག་ 25-1-146a པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྒ་ཤིའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྒ་ཤི་ལ་ བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་ མཉམ་པ་སྟེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་ 25-1-146b སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ནང་སྟོང་པ་ཉིད་ལ་ བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ པ་སྟེ། དེའི་ཕྱིར་ཕྱི་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཕྱི་ནང་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཆེན་པོ་སྟོང་པ་ཉིད་ལ་བསམ་པ་ དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ 25-1-147a པ་སྟེ། དེའི་ཕྱིར་དོན་དམ་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འདུས་བྱས་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འདུས་མ་བྱས་ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མཐའ་ལས་ འདས་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་སོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ལ་བསམ་པ་དང་ 25-1-147b དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་ སྟེ། དེའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསམ་པ་དང་དཔག་པ་དང་། 25-1-148a ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ པ་སྟེ། དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཡང་དག་པར་སྤོང་བ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དབང་པོ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དབང་པོ་ རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྟོབས་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་ དང་མཉམ་པ་སྟེ། དེའི་ཕྱིར་སྟོབས་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། 25-1-148b རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་ དང་མཉམ་པ་སྟེ། དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་བསམ་གཏན་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། རབ་འབྱོར་ཚད་མྱེད་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཚད་མྱེད་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་ མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ པ་སྟེ། དེའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཐར་པ་བརྒྱད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། 25-1-149a རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསམ་པ་དང་ དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་མངོན་པར་ཤེས་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་ རྣམས་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་གཟུངས་ཀྱི་སྒོ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་ མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་ 25-1-149b པའི་སྟོབས་བཅུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་མྱི་འཇིགས་པ་བཞིའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་ མཉམ་པ་སྟེ། དེའི་ཕྱིར་མྱི་འཇིགས་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་ འབྱོར་བྱམས་པ་ཆེན་པོའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་བྱམས་པ་ཆེན་པོ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་ མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ལ་བསམ་པ་དང་དཔག་ པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་ པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། ། 25-1-150a རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བསམ་པ་དང་ དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ ཕྱིར་ཕྱིར་མྱི་འོང་བའི་འབྲས་བུ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དགྲ་བཅོམ་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་རང་བྱང་ཆུབ་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རང་བྱང་ཆུབ་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པ་ཤེས་པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་ མྱི་དམྱིགས་སོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་ལ། མྱི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ལ་བསམ་པ་དང་དཔག་པ་དང་། ཚད་དང་མཉམ་པ་དང་མྱི་མཉམ་པ་མྱི་དམྱིགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། རབ་འབྱོར་དེ་ཇི་སྙམ་ 25-1-150b དུ་སེམས། གཟུགས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་གཟུགས་དམྱིགས་སུ་ཡོད་དམ། ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཚོར་བ་དམྱིགས་སུ་ཡོད་དམ། འདུ་ཤེས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་འདུ་ཤེས་ དམྱིགས་སུ་ཡོད་དམ། འདུ་བྱེད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་འདུ་བྱེད་དམྱིགས་སུ་ཡོད་དམ། རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། མྱིག་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པ་དེ་ལ་མྱིག་དམྱིགས་སུ་ཡོད་དམ། རྣ་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣ་བ་དམྱིགས་སུ་ཡོད་དམ། སྣ་གང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྣ་དམྱིགས་སུ་ཡོད་དམ། ལྕེ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་དེ་ལ་ལྕེ་དམྱིགས་སུ་ཡོད་དམ། ལུས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལུས་དམྱིགས་སུ་ཡོད་དམ། ཡིད་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཡིད་དམྱིགས་སུ་ཡོད་དམ། གཟུགས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ 25-1-151a པ་དེ་ལ་གཟུགས་དམྱིགས་སུ་ཡོད་དམ། སྒྲ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྒྲ་དམྱིགས་སུ་ཡོད་དམ། དྲི་གང་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་དྲི་དམྱིགས་སུ་ཡོད་དམ། རོ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རོ་ དམྱིགས་སུ་ཡོད་དམ། རེག་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རེག་དམྱིགས་སུ་ཡོད་དམ། ཆོས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཆོས་དམྱིགས་སུ་ཡོད་དམ། མྱིག་གི་རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ དེ་ལ་མྱིག་གི་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། རྣ་བའི་རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣ་བའི་རྣམ་པར་ཤེས་པ་ དམྱིགས་སུ་ཡོད་དམ། སྣའི་རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྣའི་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། ལྕེའི་རྣམ་ པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་དམྱིགས་སུ་ཡོད་དམ། ལུས་ཀྱི་རྣམ་པར་ཤེས་པ་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། ཡིད་ཀྱི་རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ 25-1-151b དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། མྱིག་གི་འདུས་ཏེ་རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་དེ་ལ་མྱིག་གི་འདུས་ཏེ་རེག་པ་དམྱིགས་སུ་ཡོད་དམ། རྣ་བའི་འདུས་ཏེ་རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣ་བའི་འདུས་ཏེ་རེག་ པ་དམྱིགས་སུ་ཡོད་དམ། སྣའི་འདུས་ཏེ་རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྣའི་འདུས་ཏེ་རེག་པ་དམྱིགས་སུ་ཡོད་དམ། ལྕེའི་འདུས་ཏེ་ རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལྕེའི་འདུས་ཏེ་རེག་པ་དམྱིགས་སུ་ཡོད་དམ། ལུས་ཀྱི་འདུས་ཏེ་རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་ཡོད་དམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་ མཉམ་པ་དེ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པ་དེ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ 25-1-152a དང་མཉམ་པ་དེ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ མཉམ་པ་དང་མཉམ་པ་དེ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པ་དེ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་ མཉམ་པ་དང་མཉམ་པ་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་ཡོད་དམ། སའི་ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པ་དེ་ལ་སའི་ཁམས་དམྱིགས་སུ་ཡོད་དམ། ཆུའི་ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཆུའི་ཁམས་དམྱིགས་སུ་ཡོད་དམ། མྱེའི་ ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་མྱེའི་ཁམས་དམྱིགས་སུ་ཡོད་དམ། རླུང་གི་ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རླུང་གི་ཁམས་དམྱིགས་སུ་ཡོད་དམ། ནམ་མཁའི་ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པ་དེ་ལ་ནམ་མཁའི་ཁམས་དམྱིགས་སུ་ཡོད་དམ། རྣམ་པར་ཤེས་པའི་ཁམས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པར་ཤེས་ 25-1-152b པའི་ཁམས་དམྱིགས་སུ་ཡོད་དམ། མ་རིག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་མ་རིག་པ་དམྱིགས་སུ་ཡོད་དམ། འདུ་བྱེད་གང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་འདུ་བྱེད་དམྱིགས་སུ་ཡོད་དམ། རྣམ་པར་ཤེས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པར་ཤེས་པ་དམྱིགས་སུ་ཡོད་དམ། མྱིང་དང་གཟུགས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་མྱིང་དང་གཟུགས་ དམྱིགས་སུ་ཡོད་དམ། སྐྱེ་མཆེད་དྲུག་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྐྱེ་མཆེད་དྲུག་དམྱིགས་སུ་ཡོད་དམ། རེག་པ་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རེག་པ་དམྱིགས་སུ་ཡོད་དམ། ཚོར་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པ་དེ་ལ་ཚོར་བ་དམྱིགས་སུ་ཡོད་དམ། སྲེད་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྲེད་པ་དམྱིགས་སུ་ཡོད་དམ། ལེན་པ་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལེན་པ་དམྱིགས་སུ་ཡོད་དམ། སྲིད་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་ པ་དེ་ལ་སྲིད་པ་དམྱིགས་སུ་ཡོད་དམ། སྐྱེ་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྐྱེ་བ་དམྱིགས་སུ་ཡོད་དམ། རྒ་ཤི་གང་བསམ་གྱིས་མྱི་ 25-1-153a ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྒ་ཤི་དམྱིགས་སུ་ཡོད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་ སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་ཡོད་དམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པ་དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་ཡོད་དམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་ཡོད་དམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་ཡོད་དམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་དམྱིགས་སུ་ཡོད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་ཡོད་ དམ། ནང་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ནང་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། ཕྱི་སྟོང་པ་ཉིད་གང་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཕྱི་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། ཕྱི་ནང་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། 25-1-153b མྱི་མཉམ་པ་དང་མཉམ་པ་དེ་ལ་ཕྱི་ནང་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། སྟོང་པ་ཉིད་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་སྟོང་པ་ཉིད་ སྟོང་པ་ཉིད་དམྱིགས་སུ་ཡོད་དམ། ཆེན་པོ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཆེན་པོ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། དོན་ དམ་པ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་དོན་དམ་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། འདུས་བྱས་སྟོང་པ་ཉིད་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་འདུས་བྱས་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། འདུས་མ་བྱས་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་འདུས་མ་བྱས་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པ་དེ་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། དོར་བ་མྱེད་པ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ དེ་ལ་དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། རང་བཞིན་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རང་བཞིན་སྟོང་པ་ཉིད་དམྱིགས་ 25-1-154a སུ་ཡོད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་ ཡོད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། མྱི་དམྱིགས་པ་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། དངོས་པོ་མྱེད་པ་ སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། ངོ་བོ་ཉིད་སྟོང་པ་ཉིད་གང་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་ མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་ཡོད་དམ། དྲན་པ་ཉེ་བར་གཞག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་དྲན་པ་ཉེ་བར་གཞག་པ་རྣམས་དམྱིགས་སུ་ཡོད་དམ། ཡང་དག་པར་སྤོང་བ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་ཡང་དག་པར་སྤོང་བ་རྣམས་དམྱིགས་སུ་ཡོད་དམ། རྫུ་འཕྲུལ་གྱི་རྐང་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་ 25-1-154b དེ་དག་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་དམྱིགས་སུ་ཡོད་དམ། དབང་པོ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་དབང་པོ་རྣམས་དམྱིགས་སུ་ཡོད་ དམ། སྟོབས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་སྟོབས་རྣམས་དམྱིགས་སུ་ཡོད་དམ། བྱང་ཆུབ་ཀྱི་ཡན་ལག་གང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་བྱང་ཆུབ་ཀྱི་ཡན་ལག་དམྱིགས་སུ་ཡོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམྱིགས་སུ་ཡོད་དམ། འཕགས་པའི་བདེན་པ་གང་བསམ་གྱིས་ མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་འཕགས་པའི་བདེན་པ་དམྱིགས་སུ་ཡོད་དམ། བསམ་གཏན་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་བསམ་གཏན་རྣམས་དམྱིགས་སུ་ཡོད་དམ། ཚད་མྱེད་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་ ཚད་མྱེད་པ་རྣམས་དམྱིགས་སུ་ཡོད་དམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་ཡོད་དམ། རྣམ་པར་ཐར་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་རྣམ་པར་ཐར་ 25-1-155a པ་རྣམས་དམྱིགས་སུ་ཡོད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་ཡོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་བསམ་གྱིས་མྱི་ཁྱབ་དཔག་ ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དམྱིགས་སུ་ཡོད་དམ། མངོན་པར་ཤེས་པ་གང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་མངོན་པར་ཤེས་པ་རྣམས་དམྱིགས་སུ་ཡོད་དམ། ཏིང་ངེ་འཛིན་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཏིང་ངེ་འཛིན་རྣམས་དམྱིགས་སུ་ཡོད་དམ། གཟུངས་ཀྱི་སྒོ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པ་དེ་དག་ལ་གཟུངས་ཀྱི་སྒོ་རྣམས་དམྱིགས་སུ་ཡོད་དམ། དེ་བཞིན་གཤེགས་པའི་སྟོབས་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་ དེ་བཞིན་གཤེགས་པའི་སྟོབས་རྣམས་དམྱིགས་སུ་ཡོད་དམ། མྱི་འཇིགས་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་མྱི་འཇིགས་པ་རྣམས་ དམྱིགས་སུ་ཡོད་དམ། སོ་སོ་ཡང་དག་པར་རིག་པ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་སོ་སོ་ཡང་དག་པར་རིག་པ་རྣམས་དམྱིགས་ 25-1-155b སུ་ཡོད་དམ། བྱམས་པ་ཆེན་པོ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་བྱམས་པ་ཆེན་པོ་དམྱིགས་སུ་ཡོད་དམ། སྙིང་རྗེ་ཆེན་པོ་གང་བསམ་ གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་སྙིང་རྗེ་ཆེན་པོ་དམྱིགས་སུ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམྱིགས་སུ་ཡོད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་བསམ་གྱིས་མྱི་ ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དམྱིགས་སུ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་བསམ་གྱིས་མྱི་ཁྱབ་ དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམྱིགས་སུ་ཡོད་དམ། ཕྱིར་མྱི་འོང་བའི་འབྲས་བུ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ཕྱིར་མྱི་འོང་བའི་འབྲས་བུ་དམྱིགས་སུ་ཡོད་དམ། དགྲ་བཅོམ་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་ པ་དང་མཉམ་པ་དེ་ལ་དགྲ་བཅོམ་པ་ཉིད་དམྱིགས་སུ་ཡོད་དམ། རང་བྱང་ཆུབ་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རང་བྱང་ཆུབ་དམྱིགས་སུ་ ཡོད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་དམྱིགས་སུ་ཡོད་དམ། 25-1-156a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམྱིགས་སུ་ཡོད་དམ། གསོལ་ པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་རྣམ་གྲངས་འདིས་ཆོས་ཐམས་ཅད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་ དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མྱི་ཁྱབ་པའོ། །དཔག་པ་དང་བྲལ་བའི་ཕྱིར་དཔག་ཏུ་མྱེད་པའོ། །ཚད་ དང་བྲལ་བའི་ཕྱིར་གཞལ་དུ་མྱེད་པའོ། །མཉམ་པ་དང་མྱི་མཉམ་པ་དང་བྲལ་བའི་ཕྱིར་མྱི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་ དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་ལས་ཡོངས་སུ་འདས་པས་ན། བསམ་གྱིས་མྱི་ཁྱབ་པའོ། ། དཔག་པ་ལས་ཡོངས་སུ་འདས་པས་ན་དཔག་ཏུ་མྱེད་པའོ། །ཚད་ལས་ཡོངས་སུ་འདས་པས་ན་གཞལ་དུ་མྱེད་པའོ། །མཉམ་པ་དང་མྱི་མཉམ་པ་ལས་ཡོངས་སུ་འདས་པས་ན། མྱི་མཉམ་པ་དང་མཉམ་ པའོ། །རབ་འབྱོར་བསམ་གྱིས་མྱི་ཁྱབ་ཅེས་བྱ་བ་འདི་ནི་བསམ་དུ་མྱེད་པའི་ཚིག་བླ་དགས་སོ། །རབ་འབྱོར་དཔག་ཏུ་མྱེད་ཅེས་བྱ་བ་འདི་ནི་དཔག་ཏུ་མྱི་རུང་བའི་ཚིག་བླ་དགས་ཏེ། རབ་ འབྱོར་གཞལ་དུ་མྱེད་ཅེས་བྱ་བ་འདི་ནི་ཚད་མྱེད་པའི་ཚིག་བླ་དགས་སོ། །རབ་འབྱོར་མྱི་མཉམ་པ་དང་མཉམ་པ་ཞེས་བྱ་བ་འདི་ནི་མཉམ་པ་མྱེད་པའི་ཚིག་བླ་དགས་ཏེ། 25-1-156b རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་གཞལ་དུ་མྱེད་པ་སྟེ། མྱི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བསམ་གྱིས་མྱི་ ཁྱབ་ཅེས་བྱ་བ་ནི་ནམ་མཁའ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དཔག་ཏུ་མྱེད་ཅེས་བྱ་བ་ནི་ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར་རོ། །གཞལ་དུ་མྱེད་ཅེས་བྱ་བ་ནི་ནམ་མཁའ་ཚད་མྱེད་པའི་ཕྱིར་རོ། ། མི་མཉམ་པ་དང་མཉམ་པའི་ཞེས་བྱ་བ་ནི་ནམ་མཁའ་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མྱི་ཁྱབ་དཔག་ཏུ་མྱེད་ གཞལ་དུ་མྱེད་པ། མྱི་མཉམ་པ་དང་མཉམ་པ་སྟེ། དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསམ་པའམ་དཔག་པར་མྱི་ནུས་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ནི་གཞལ་ དུ་མྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་གཞལ་དུ་མྱེད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས་མྱི་ཁྱབ་པ་དང་དཔག་ཏུ་མྱེད་པ་དང་གཞལ་དུ་མྱེད་པ་དང་། མྱི་ མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བརྒྱ་ཕྲག་ཉི་ཤུས་ཉེ་བར་ལེན་པ་མྱེད་ པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་སྟོང་ཕྲག་དྲུག་ཅུ་དང་། དགེ་བསྙེན་མ་སྟོང་ཕྲག་སུམ་ཅུས་ནི་ཆོས་རྣམས་ལ་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མྱིག་རྣམ་ པར་དག་གོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུས་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་ 25-1-157a བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་བཞིའོ།། །། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་དོན་ཚད་མ་མཆིས་པའི་སླད་དུ་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དཔག་ཏུ་མ་མཆིས་པའི་སླད་དུ་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་མྱི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་པའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ དོན་བསམ་གྱི་མྱི་ཁྱབ་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཚད་མྱེད་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དཔག་ཏུ་མྱེད་ པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདིར་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདུས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ནི་ནང་སྟོང་པ་ཉིད་འདུས་སོ། །ཕྱི་སྟོང་པ་ཉིད་འདུས་སོ། །ཕྱི་ནང་སྟོང་པ་ཉིད་འདུས་སོ། །སྟོང་པ་ 25-1-157b ཉིད་སྟོང་པ་ཉིད་འདུས་སོ། །ཆེན་པོ་སྟོང་པ་ཉིད་འདུས་སོ། །དོན་དམ་པ་སྟོང་པ་ཉིད་འདུས་སོ། །འདུས་བྱས་སྟོང་པ་ཉིད་འདུས་སོ། །འདུས་མ་བྱས་སྟོང་པ་ཉིད་འདུས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ འདུས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་འདུས་སོ། །རང་བཞིན་སྟོང་པ་ཉིད་འདུས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདུས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདུས་ སོ། །མྱི་དམྱིགས་པ་སྟོང་པ་ཉིད་འདུས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འདུས་སོ། །ངོ་བོ་ཉིད་སྟོང་པ་ཉིད་འདུས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུས་སོ། །དྲན་པ་ཉེ་བར་གཞག་པ་བཞི་ འདུས་སོ། །ཡང་དག་པར་སྤོང་བ་བཞི་འདུས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་འདུས་སོ། །དབང་པོ་ལྔ་འདུས་སོ། །སྟོབས་ལྔ་འདུས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་འདུས་སོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་འདུས་སོ། །འཕགས་པའི་བདེན་པ་བཞི་འདུས་སོ། །བསམ་གཏན་བཞི་འདུས་སོ། །ཚད་མྱེད་པ་བཞི་འདུས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ འདུས་སོ། །རྣམ་པར་ཐར་པ་བརྒྱད་འདུས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ འདུས་སོ། །མངོན་པར་ཤེས་པ་རྣམས་འདུས་སོ། །ཏིང་ངེ་འཛིན་རྣམས་འདུས་སོ། །གཟུངས་ཀྱི་སྒོ་རྣམས་འདུས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འདུས་སོ། །མྱི་འཇིགས་པ་བཞི་ འདུས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་འདུས་སོ། །བྱམས་པ་ཆེན་པོ་འདུས་སོ། །སྙིང་རྗེ་ཆེན་པོ་འདུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདུས་སོ། །རྒྱུན་ཏུ་ཞུགས་ 25-1-158a པའི་འབྲས་བུ་འདུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་འདུས་སོ། །དགྲ་བཅོམ་པ་ཉིད་འདུས་སོ། །རང་བྱང་ཆུབ་འདུས་སོ། །ལམ་གྱི་རྣམ་ པ་ཤེས་པ་ཉིད་འདུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྲིད་བརྟན་པར་གྱུར་པའི་རྒྱལ་ པོའི་དགོས་པ་འམ། ཡུལ་གྱི་དགོས་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་བློན་པོ་ལས་སུ་བཅུག་ན། དེའི་ཚེ་རྒྱལ་པོ་ནི་རྒྱལ་པོའི་དགོས་པ་དང་ཡུལ་གྱི་དགོས་པ་ལ་སྙིང་ལས་ཆུང་ཞིང་ཁུར་ བོར་བ་ཡིན། རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ཡང་རུང་སྟེ། དེ་དག་ ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གི་བྱ་བ་བྱེད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོའི་ཕྱིར་ཉེ་བར་གནས་ པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་དཔག་ཏུ་མྱེད་པའི་ཕྱིར་ཉེ་བར་གནས་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་གཞལ་དུ་མྱེད་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་མྱི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ནི་གཟུགས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཚོར་བ་ལ་ 25-1-158b ཡོངས་སུ་འཛིན་པ་མྱེད་པ་དང་མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འདུ་ཤེས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འདུ་བྱེད་ལ་ཡོངས་སུ་ འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱིག་ལ་ ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣ་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྣ་ལ་ ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལྕེ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལུས་ལ་ ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཡིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །གཟུགས་ལ་ ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྒྲ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དྲི་ལ་ཡོངས་ སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རོ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རེག་ལ་ཡོངས་སུ་ འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཆོས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱིག་གི་རྣམ་པར་ཤེས་པ་ལ་ 25-1-159a ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣ་བའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། སྣའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལྕེའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་ བར་གནས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱིག་གི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣ་བའི་འདུས་ཏེ་རེག་པ་ལ་ཡོངས་ སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྣའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལྕེའི་ འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ ཉེ་བར་གནས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་ འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་ 25-1-159b པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་ དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཡིད་ཀྱི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སའི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་ པའོ། །ཆུའི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱེའི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་ པའོ། །རླུང་གི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ནམ་མཁའི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་ མྱེད་པར་ཉེ་བར་གནས་པའོ། །རྣམ་པར་ཤེས་པའི་ཁམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མ་རིག་པ་ལ་ཡོངས་སུ་འཛིན་པ་མྱེད་ པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འདུ་བྱེད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣམ་པར་ཤེས་པ་ལ་ཡོངས་ སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱིང་དང་གཟུགས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། 25-1-160a སྐྱེ་མཆེད་དྲུག་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རེག་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་ པར་ཉེ་བར་གནས་པའོ། །ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྲེད་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་ མྱེད་པར་ཉེ་བར་གནས་པའོ། །ལེན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྲིད་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་ མྱེད་པར་ཉེ་བར་གནས་པའོ། །སྐྱེ་བ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྒ་ཤི་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་ པར་ཉེ་བར་གནས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་ པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ནང་སྟོང་པ་ཉིད་ 25-1-160b ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཕྱི་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། ཕྱི་ནང་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་ པར་ཉེ་བར་གནས་པའོ། །ཆེན་པོ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དོན་དམ་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་ དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འདུས་བྱས་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འདུས་མ་ བྱས་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་ པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དོར་བ་མྱེད་པ་སྟོང་ པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རང་བཞིན་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་ གནས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་ 25-1-161a མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དངོས་པོ་མྱེད་ པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་ གནས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡོངས་སུ་ འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྫུ་འཕྲུལ་ གྱི་རྐང་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དབང་པོ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་ བར་གནས་པའོ། །སྟོབས་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །འཕགས་ པའི་བདེན་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བསམ་གཏན་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་ 25-1-161b པར་ཉེ་བར་གནས་པའོ། །ཚད་མྱེད་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་ སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣམ་པར་ཐར་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་ པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །གཟུངས་ཀྱི་སྒོ་རྣམས་ལ་ ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་ མྱེད་པར་ཉེ་བར་གནས་པའོ། །མྱི་འཇིགས་པ་བཞི་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་ སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བྱམས་པ་ཆེན་པོ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། ། 25-1-162a སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་ པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་ བུ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་ གནས་པའོ། །དགྲ་བཅོམ་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །རང་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་ པ་མྱེད་པར་ཉེ་བར་གནས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལ་ཡོངས་སུ་འཛིན་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་ཉེ་བར་གནས་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་ཡོངས་སུ་ འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པ་ཉེ་ བར་གནས་པ་ལགས། ཇི་ལྟར་ན་འདུ་ཤེས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་འདུ་བྱེད་ལ་ཡོངས་སུ་འཛིན་ 25-1-162b པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱིག་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣ་བ་ལ་ཡོངས་སུ་འཛིན་ པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྣ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་ བར་གནས་པ་ལགས། ཇི་ལྟར་ན་ལྕེ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལུས་ལ་ཡོངས་སུ་འཛིན་པ་མ་ མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཡིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་ པ་ལགས། ཇི་ལྟར་ན་གཟུགས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྒྲ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དྲི་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རོ་ལ་ ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རེག་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་ 25-1-163a པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཆོས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ མྱིག་གི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་ མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་ པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལུས་ཀྱི་ རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་ པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་ བར་གནས་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་ལ་ ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་ 25-1-163b པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་ འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་ པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་ གནས་པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སའི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཆུའི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། 25-1-164a ཇི་ལྟར་ན་མྱེའི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རླུང་གི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་ པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ ལགས། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མ་རིག་པ་ལ་ཡོངས་སུ་འཛིན་ པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་འདུ་བྱེད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་ གནས་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱིང་དང་གཟུགས་ལ་ཡོངས་ སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྐྱེ་མཆེད་དྲུག་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་ མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རེག་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཚོར་བ་ལ་ཡོངས་ སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྲེད་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་ 25-1-164b མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལེན་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་སྲིད་པ་ལ་ཡོངས་སུ་འཛིན་ པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྐྱེ་བ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་ པ་ལགས། ཇི་ལྟར་ན་རྒ་ཤི་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་ མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་ མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ 25-1-165a ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་ལ་ཡོངས་སུ་ འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་ མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དོན་ དམ་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་ མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་ པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་ མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ 25-1-165b ཉེ་བར་གནས་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་ སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་ དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་ བར་གནས་པ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡོངས་སུ་འཛིན་ པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་ མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དབང་པོ་ རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སྟོབས་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ 25-1-166a ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་ པ་ལགས། ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་འཕགས་ པའི་བདེན་པ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བསམ་གཏན་རྣམས་ལ་ཡོངས་སུ་འཛིན་པ་མ་ མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཚད་མྱེད་པ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་ པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ ལགས། ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་འཛིན་ 25-1-166b པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་ མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་མྱི་འཇིགས་བཞི་ ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་སུ་འཛིན་པ་མ་མཆིས་ པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བྱམས་པ་ཆེན་པོ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ ཉེ་བར་གནས་པ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་ འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་ 25-1-167a པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་ གནས་པ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་ལ་ཡོངས་སུ་ འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་ པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་ མཆིས་པར་ཉེ་བར་གནས་པ་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་འམ། མངོན་པར་ཆགས་པར་བྱ་བ་ 25-1-167b དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་ བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འདུ་ཤེས་གང་ཡོངས་ སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་ གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འདུ་བྱེད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་ པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། 25-1-168a བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱིག་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་ བྱ་བ་དེ་ལྟ་བུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣ་བ་གང་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་ གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། ཁྱོད་ཀྱིས་སྣ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལྕེ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། 25-1-168b མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལུས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཡིད་གང་ཡོངས་སུ་གཟུང་བར་བྱ་ བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་ འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། ཁྱོད་ཀྱིས་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། 25-1-169a ཁྱོད་ཀྱིས་སྒྲ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དྲི་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་ གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རོ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རེག་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། 25-1-169b བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་ བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱི་མྱིག་གི་རྣམ་པར་ཤེས་ པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣ་བའི་རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་ པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྣའི་རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ 25-1-170a ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལྕེའི་རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལུས་ཀྱིས་རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་ མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཡིད་ཀྱིས་རྣམ་པར་ཤེས་པ་ གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ 25-1-170b ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱིག་གི་འདུས་ཏེ་རེག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་ པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་ འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣ་བའི་འདུས་ཏེ་རེག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྣའི་འདུས་ཏེ་རེག་ པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་ སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ 25-1-171a དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལྕེའི་འདུས་ཏེ་རེག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་ པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་ དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་ མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་གང་ཡོངས་སུ་ གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་ བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། 25-1-171b མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་ བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། ཁྱོད་ཀྱིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། 25-1-172a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལུས་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་ པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སའི་ཁམས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་ མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆུའི་ཁམས་གང་ཡོངས་སུ་ 25-1-172b གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་ འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱེའི་ཁམས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རླུང་གི་ཁམས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་ འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ནམ་མཁའི་ཁམས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ 25-1-173a པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་ པར་ཤེས་པའི་ཁམས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་ འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མ་རིག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་ བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འདུ་བྱེད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་ བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་པར་ཤེས་པ་ 25-1-173b གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་ བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། ཁྱོད་ཀྱིས་མྱིང་དང་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྐྱེ་མཆེད་དྲུག་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རེག་པ་གང་ཡོངས་སུ་གཟུང་བར་ བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱ་བའམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། 25-1-174a མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཚོར་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྲེད་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལེན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་ གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྲིད་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ 25-1-174b པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་ བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྐྱེ་བ་གང་ཡོངས་སུ་གཟུང་བར་ བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྒ་ཤི་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་ པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། 25-1-175a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་ བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་ འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་ 25-1-175b བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་ བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ ཀྱིས་ནང་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་ སྙམ་དུ་སེམས། ཁྱོད་ཀྱིས་ཕྱི་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་ བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཕྱི་ནང་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ 25-1-176a ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་ པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆེན་པོ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དོན་དམ་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འདུས་བྱས་སྟོང་པ་ཉིད་གང་ཡོངས་སུ་ 25-1-176b གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འདུས་མ་བྱས་སྟོང་པ་ ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་ བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་ དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། 25-1-177a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དོར་བ་མྱེད་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རང་བཞིན་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་ བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཐམས་ཅད་སྟོང་པ་ ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་ གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། ཁྱོད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་ 25-1-177b པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། གང་ གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་ སྙམ་དུ་སེམས། ཁྱོད་ཀྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་ པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་ དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་ 25-1-178a བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དྲན་པ་ཉེ་བར་གཞག་པ་གང་ཡོངས་སུ་གཟུང་བར་བྱ་ བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཡང་དག་ པར་སྤོང་བ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་ སྙམ་དུ་སེམས། ཁྱོད་ཀྱིས་རྫུ་འཕྲུལ་གྱི་རྐང་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་ 25-1-178b འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དབང་པོ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་ བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྟོབས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་ པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་འཕགས་པའི་ལམ་ཡན་ལག་ བརྒྱད་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་ 25-1-179a སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ ཇི་སྙམ་དུ་སེམས། ཁྱོད་ཀྱིས་འཕགས་པའི་བདེན་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བསམ་གཏན་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཚད་མྱེད་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་ མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་ པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་ཡོངས་སུ་གཟུང་བར་བྱ་བ་ 25-1-179b འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་ བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་པར་ཐར་པ་གང་ཡོངས་སུ་ གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། 25-1-180a བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མངོན་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་དག་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཏིང་ངེ་འཛིན་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་དང་། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གཟུངས་ཀྱི་སྒོ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་ དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་ པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ་གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་ 25-1-180b པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་མྱི་འཇིགས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སོ་སོ་ཡང་དག་པར་རིག་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བྱམས་པ་ཆེན་པོ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ 25-1-181a ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཕྱིར་མྱི་འོང་བའི་འབྲས་བུ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ 25-1-181b མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དགྲ་བཅོམ་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་ གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རང་བྱང་ཆུབ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་ གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་ དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ། གང་གིས་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། 25-1-182a གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ལེགས་སོ། །ལེགས་སོ། །རབ་འབྱོར་ངས་ཀྱང་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ ལེན་ཏོ། །རབ་འབྱོར་ངས་ཀྱང་ཚོར་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས། ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ ཀྱང་འདུ་ཤེས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན་ཡོངས་སུ་མྱི་འཛིན་པས། ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འདུ་བྱེད་ཡང་དག་པར་རྗེས་སུ་མ་ མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་ མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱིག་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས། ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣ་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ ལེན་ཏོ། །རབ་འབྱོར་ངས་ཀྱང་སྣ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ 25-1-182b ཀྱང་ལྕེ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལུས་ཡང་དག་པར་རྗེས་སུ་ མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཡིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས། ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་ མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྒྲ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ ངས་ཀྱང་དྲི་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རོ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རེག་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཆོས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་ མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱིག་གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས། 25-1-183a ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་ བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། ། རབ་འབྱོར་ངས་ཀྱང་ལྕེའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལུས་ཀྱི་ རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་ རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱིག་གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་ འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལྕེའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། ། 25-1-183b རབ་འབྱོར་ངས་ཀྱང་ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན་ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་ པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མ་ མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས། ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་ མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སའི་ཁམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་ 25-1-184a མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཆུའི་ཁམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་ འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱེའི་ཁམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ ལེན་ཏོ། །རབ་འབྱོར་ངས་ཀྱང་རླུང་གི་ཁམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ནམ་ མཁའི་ཁམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པར་ཤེས་པའི་ཁམས་ཡང་དག་ པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མ་རིག་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་ རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འདུ་བྱེད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་ འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་ བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱིང་དང་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ 25-1-184b སྐྱེ་མཆེད་དྲུག་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རེག་པ་ཡང་དག་པར་རྗེས་སུ་ མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཚོར་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྲེད་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལེན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྲིད་ པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་ རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྒ་ཤི་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་ བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། ། 25-1-185a རབ་འབྱོར་ངས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ ངས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་ མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ ཏོ། །རབ་འབྱོར་ངས་ཀྱང་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དོན་ 25-1-185b དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འདུས་བྱས་སྟོང་པ་ཉིད་ཡང་དག་པར་ རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་ པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་ འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་ པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ ངས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རང་གི་མཚན་ཉིད་ སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་ 25-1-186a མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་ པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་ འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་ སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ ཏོ། །རབ་འབྱོར་ངས་ཀྱང་ཡང་དག་པར་སྤོང་བ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྫུ་འཕྲུལ་གྱི་ རྐང་པ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དབང་པོ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྟོབས་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་ སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་ 25-1-186b མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་ མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་འཕགས་པའི་བདེན་པ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ ཀྱང་བསམ་གཏན་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཚད་མྱེད་པ་རྣམས་ཡང་དག་པར་ རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡང་དག་པར་ རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་ དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་ དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དག་པར་ རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་ 25-1-187a སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་ རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་ འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་ འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། ། རབ་འབྱོར་ངས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་བྱམས་ པ་ཆེན་པོ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མ་ མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་ 25-1-187b རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དགྲ་བཅོམ་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་ བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རང་བྱང་ཆུབ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་སངས་རྒྱས་ཀྱི་ས་ཡང་དག་ པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་ 25-1-188a རྗེས་སུ་མ་མཐོང་བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་ངས་ཀྱང་དེ་བཞིན་གཤེགས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ བས་ཡོངས་སུ་མྱི་འཛིན། ཡོངས་སུ་མྱི་འཛིན་པས་ཉེ་བར་མྱི་ལེན་ཏོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་ བྱའོ། །ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འདུ་ཤེས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འདུ་བྱེད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་ གཟུང་བར་མྱི་བྱའོ། །རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱིག་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། ། ཡོངས་སུ་གཟུང་བར་མྱི་བྱའོ། །སྣ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལྕེ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལུས་ལ་མངོན་པར་ཆགས་པར་མྱི་བྱའོ། ། ཡོངས་སུ་གཟུང་བར་མྱི་བྱའོ། །ཡིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །གཟུགས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྒྲ་ལ་མངོན་པར་ཆགས་པར་མྱི་ བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དྲི་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རོ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རེག་ལ་མངོན་པར་ ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཆོས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱིག་གི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། ། 25-1-188b ཡོངས་སུ་གཟུང་བར་མྱི་བྱའོ། །རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྣའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་ བར་མྱི་བྱའོ། །ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། ། ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་ ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྣའི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པར་མྱི་ བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་ བར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། ། ཡོངས་སུ་གཟུང་བར་མྱི་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་ 25-1-189a རྐྱེན་ཀྱིས་ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སའི་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཆུའི་ཁམས་ལ་མངོན་པར་ཆགས་ པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱེའི་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རླུང་གི་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། ། ནམ་མཁའི་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣམ་པར་ཤེས་པའི་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མ་རིག་པ་ལ་མངོན་ པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འདུ་བྱེད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་ གཟུང་བར་མྱི་བྱའོ། །མྱིང་དང་གཟུགས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྐྱེ་མཆེད་དྲུག་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རེག་པ་ལ་ མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཚོར་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྲེད་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་ མྱི་བྱའོ། །ལེན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྲིད་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྐྱེ་བ་ལ་མངོན་པར་ཆགས་པར་ མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྒ་ཤི་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་ 25-1-189b བར་མྱི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཕྱི་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་ བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། ། ཆེན་པོ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་མངོན་ པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་ བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་ གཟུང་བར་མྱི་བྱའོ། །རང་བཞིན་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རང་གི་ 25-1-190a མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་ པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་ཆགས་པར་མྱི་ བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དབང་པོ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། ། སྟོབས་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །བསམ་གཏན་རྣམས་ལ་མངོན་ པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཚད་མྱེད་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་ པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣམ་པར་ཐར་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ 25-1-190b ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་ བར་མྱི་བྱའོ། །མངོན་པར་ཤེས་པ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཏིང་ངེ་འཛིན་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །གཟུངས་ཀྱི་ སྒོ་རྣམས་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །མྱི་འཇིགས་པ་བཞི་ལ་མངོན་ པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །བྱམས་པ་ཆེན་པོ་ལ་མངོན་པར་ཆགས་པར་མྱི་བྱའོ། ། ཡོངས་སུ་གཟུང་བར་མྱི་བྱའོ། །སྙིང་རྗེ་ཆེན་པོ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་ གཟུང་བར་མྱི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་ བར་མྱི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དགྲ་བཅོམ་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རང་བྱང་ ཆུབ་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །སངས་རྒྱས་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ 25-1-191a ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དེ་བཞིན་གཤེགས་པ་ཉིད་ལ་ མངོན་པར་ཆགས་པར་མྱི་བྱའོ། །ཡོངས་སུ་གཟུང་བར་མྱི་བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ཅིང་བལྟ་དཀའ་ལ། རྟོགས་པར་དཀའ་བ་སྟེ། མྱི་བརྟག་པ་ལ་བརྟག་པའི་སྤྱོད་ཡུལ་མ་ལགས་པ། ཞི་ཞིང་ཕྲ་བ་ལ་མཁས་པ་དང་། བྱང་བ་དང་ཡིད་གསལ་བས་འཚལ་བར་བགྱི་བའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ། ། བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་དགེ་བའི་རྩ་བ་བསྐྱེད་པའོ། །བཅོམ་ལྡན་འདས་ གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་གྱུར་ཏེ། དེ་དག་ཐམས་ཅད་ལ་ཡེ་ཤེས་དང་སྤོང་བ་གང་ཇི་སྙེད་ཅིག་ཏུ་མཆིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་མོས་ཤིང་། བསམས་ཏེ་གཞལ་བ་དང་། བརྟག་པ་དང་དཔྱད་པ་གཉིས་ནི། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་ཅིག་དུ་མོས་པ་དེ་ 25-1-191b ཉིད་མཆིས་ལགས་པའི་མཆོག་ཏུ་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་དད་པའི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཅི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཅི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །བརྒྱུད་པའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །རྒྱུན་ཏུ་ཞུགས་པའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་ པར་འདུས་སོ། །ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་གང་ཅི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ཕྱིར་མྱི་ འོང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །དགྲ་བཅོམ་པ་ཉིད་ཀྱི་ཡེ་ཤེས་གང་ཇི་ ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་ གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ 25-1-192a ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དད་པའི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །བརྒྱད་པའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ ཐོབ་པའི་བཟོད་པར་འདུས་སོ། །རྒྱུན་ཏུ་ཞུགས་པའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་ འདུས་སོ། །ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། ། ཕྱིར་མྱི་འོང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །དགྲ་བཅོམ་པའི་ཡེ་ ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཇི་ཙམ་ པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ལྷའི་བུ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ 25-1-192b སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་འདྲི་བ་དང་། བྲིས་ནས་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི་མྱུར་ཏུ་འབྱུང་བར་ཤེས་ པར་བྱ་བའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ། མདོ་སྡེ་གཞན་ལ་བསྐལ་པ་དང་། བསྐལ་པའི་ལྷག་མར་སྤྱོད་པ་དག་ནི་ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཕུལ་དུ་བྱ་བའི་ཆོས་གང་ལ་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱིས་བསླབ་པར་བྱ་བ་དང་། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པར་བྱ་བ་དང་ གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང་། མངོན་པར་རྫོགས་ པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་རྒྱ་ཆེར་བསྟན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཆེད་དུ་བརྗོད་པས་ཆེད་དུ་ བརྗོད་དེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་སྟེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མ་མཆིས་པའི་ཕ་རོལ་ཏུ་ ཕྱིན་པའོ། །འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་མྱི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལ་བསླབས་ཤིང་། དད་པའི་ 25-1-193a རྗེས་སུ་འབྲང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། བརྒྱད་པ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་ འབྱུང་བར་གྱུར། རྒྱུན་ཏུ་ཞུགས་པ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། ལན་ཅིག་ཕྱིར་འོང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། ཕྱིར་མྱི་འོང་བའི་རྣམས་བྱུང་བར་གྱུར་ ཏེ། འབྱུང་ཞིང་འབྱུང་བར་འགྱུར། དགྲ་བཅོམ་པ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་གྱུར། དེ་ལ་བསླབས་ཤིང་རང་སངས་རྒྱས་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། དེ་ལ་བསླབས་ ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ འགྲིབ་པ་འམ། འཕེལ་བར་ཡང་མྱི་གདའ་འོ་ཞེས་ནས། འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་ བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་དོང་སྟེ། དེ་དག་ཤིན་ཏུ་ཡང་མྱི་རིང་བ་ཞིག་ཏུ་ཕྱིན་ནས་མྱི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་ པའི་ལྷའི་བུ་དག་ནི། འདོད་པའི་ཁམས་སུ་འཁོད་དོ། །གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་ནི་གཟུགས་ཡོད་པའི་ཁམས་སུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་ཞིང་། གོང་དུ་འདྲི་བ་དང་། འཛིན་པ་དང་། 25-1-193b འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། དེ་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་ཞུམ་པར་མྱི་འགྱུར། ཡོངས་སུ་ཞུམ་པར་མྱི་འགྱུར་ལ། རྨོངས་པར་མྱི་འགྱུར་ཞིང་ཐེ་རྩོམ་མྱི་ཟ་ ནེམ་ནུར་མྱི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་མངོན་པར་དགའ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཀྱང་ཡིད་ལ་བྱ་བ་དེ་དག་དང་མྱི་འབྲལ་ལ། ཡིད་ལ་བྱ་ བ་དེ་དག་འགྲོ་འམ། འོང་ངམ་འགྲེང་ངམ། འདུག་གམ་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མྱི་འཆད་པར་འཇིག་པར་མྱི་བྱེད་ཅིང་། ཆོས་སྨྲ་བའི་གང་ཟག་དེ་ལ་ཡང་རྟག་ཏུ་རྒྱུན་མྱི་འཆད་པར་འབྲང་སྟེ། རབ་འབྱོར་དཔེར་ ན་བ་དྲུས་མ་བེའུ་མྱི་འདོར་བ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དུ། ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མངོན་དུ་མ་བྱས། དྲན་པས་ འདྲིས་པར་མ་བྱས། ཡིད་ཀྱིས་རྟོགས་པར་མ་བྱས། ལྟ་བས་ཤིན་ཏུ་ཁོང་དུ་ཆུད་པར་མ་བྱས་ཀྱི་བར་དུ་ཆོས་སྨྲ་བ་དེ་མྱི་གཏོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་མྱིའི་ནང་ ནས་ཤི་འཕོས་ནས་མྱིའི་ནང་དུ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་བཟུང་བ་དང་། བཅངས་པ་དང་། ཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པར་གྱུར་ཏོ། །གོང་དུ་ཡང་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། 25-1-194a བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱས་པར་གྱུར་ཏོ། །བཀུར་སྟི་དང་ཕུ་དུད་དང་། མཆོད་པ་བྱས་པར་གྱུར་ཏོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་ མྱིའི་ནང་ནས་ཤི་འཕོས་ནས། མྱིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡང་ཐོས་མ་ཐག་ཏུ་མོས་པར་གྱུར་པར་བལྟའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་། མོས་པར་གྱུར་ནས་ཀྱང་འདྲི་བ་དང་། བྲིས་ནས་ལུང་འབོག་པ་དང་། ཁ་ཏོན་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་ལས་ ཡོན་ཏན་འདི་དག་ཉིད་དང་ལྡན་ཞིང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བགྱིད་པ་ལས་ཤི་འཕོས་ཏེ། འདིར་སྐྱེས་པ་དེ་ལྟ་བུའི་རྣམ་གྲངས་མཆིས་སམ། མ་མཆིས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱེད་དེ། དེ་བྱས་པ་ལས་དེ་ནས་ཤི་ འཕོས་ཏེ། འདིར་སྐྱེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་རོ། །མོས་པར་བྱས་ནས་ཀྱང་འདྲིའོ། །བྲིས་ནས་ཀྱང་ལུང་འབོག་གོ། །ཁ་ཏོན་བྱེད་དོ། །ཚུལ་བཞིན་དུ་ ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སོ། །ཐོས་ནས་བཟུང་ ངོ་བཅངས་སོ། །ཡོངས་སུ་བཅངས་སོ། །ཀླགས་སོ། །ཀུན་ཆུབ་པར་བྱས་སོ། །ཁ་ཏོན་དུ་བྱས་སོ། །ཚུལ་བཞིན་དུ་ཡིད་ལ་བྱས་སོ། །དེ་ནི་དགེ་བའི་རྩ་བ་དེ་ཉིད་དང་། ཡིད་ལ་བྱེད་པ་དེ་ཉིད་ཀྱིས་འདིར་སྐྱེས་ 25-1-194b པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་དང་། སྐལ་པ་མཉམ་པ་ལས་ཤི་འཕོས་ནས། མྱིའི་ནང་དུ་མྱི་དང་བསྐལ་པ་མཉམ་པར་སྐྱེས་ན་ཡང་ དེ་ནི་ཡོན་ཏན་དེ་དག་ཉིད་དང་ལྡན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲི་བ་དང་། ཡོངས་སུ་བརྟག་པ་བྱས་པས། དེ་ནི་དགེ་བའི་རྩ་བ་དེས་འདིར་སྐྱེས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ། བམ་པོ་བཅུ་གསུམ་པ། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་རྟོག་པ་ མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་ སྔོན་གྱི་མཐར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར་ 25-1-195a སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པར་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་ སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་ འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ ཐེག་པ་པ་གང་གིས་སྔོན་གྱི་མཐར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་ འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ནང་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཕྱི་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། 25-1-195b ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཕྱི་ནང་སྟོང་པ་ཉིད་ཐོས་ཀྱང་ ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་ འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་སྟོང་པ་ཉིད་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར་སེམས་ཞུམ་པར་འགྱུར་སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཆེན་པོ་སྟོང་པ་ ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་ གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དོན་དམ་པ་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ ཐེག་པ་པ་གང་གིས་སྔོན་གྱི་མཐར་འདུས་བྱས་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། 25-1-196a རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་འདུས་མ་བྱས་སྟོང་པ་ཉིད་ཐོས་ཀྱང་ ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་ དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་མཐའ་ལས་འདས་པ་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་ པ་པ་གང་གིས་སྔོན་གྱི་མཐར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དོར་བ་མྱེད་པ་སྟོང་པ་ཉིད་ཐོས་ ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་ རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་རང་བཞིན་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་ 25-1-196b པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཆོས་ཐམས་ཅད་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་རང་གི་མཚན་ ཉིད་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་ འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་མྱི་དམྱིགས་པ་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་ བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དངོས་པོ་མྱེད་པ་སྟོང་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་ 25-1-197a སྔོན་གྱི་མཐར་ངོ་བོ་ཉིད་སྟོང་པ་ཉིད་ཐོས་ཀྱང་། ཡོངས་སུ་མ་དྲིས་ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་ འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཐོས་ཀྱང་ ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་ འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དྲན་པ་ཉེ་བར་གཞག་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་ པ་པ་གང་གིས་སྔོན་གྱི་མཐར་ཡང་དག་པར་རིག་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོས་ཀྱང་ཡོངས་སུ་མ་ དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། ། 25-1-197b རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་དབང་པོ་ལྔ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ སྟོབས་ལྔ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བྱང་ཆུབ་ཀྱི་ཡན་ལག་བདུན་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་ པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་ གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ གང་གིས་སྔོན་གྱི་མཐར་འཕགས་པའི་བདེན་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། 25-1-198a རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བསམ་གཏན་བཞི་ཐོས་ ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་ དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཚད་མྱེད་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ ཐེག་པ་པ་གང་གིས་སྔོན་གྱི་མཐར་རྣམ་པར་ཐར་པ་བརྒྱད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་ འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ 25-1-198b དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་མངོན་པར་ཤེས་པ་ ལྔ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཏིང་ངེ་འཛིན་རྣམས་ཐོས་ཀྱང་། ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་ མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་གཟུངས་ཀྱི་སྒོ་རྣམས་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ གང་གིས་སྔོན་གྱི་མཐར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་ 25-1-199a འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་མྱི་འཇིགས་ པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་སོ་སོ་ཡང་དག་པར་རིག་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་ སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བྱམས་པ་ཆེན་པོ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་ དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར། སྙིང་རྗེ་ཆེན་པོ་ཐོས་ ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་ པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་ 25-1-199b པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་ གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཐམས་ཅད་ཤེས་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ལམ་ གྱི་རྣམ་པ་ཤེས་པ་ཉིད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་ འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། ། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། ཡོངས་སུ་བརྟག་པ་མ་བྱས་ཏེ། ཉི་མ་གཅིག་གམ། གཉིས་སམ། གསུམ་ འམ། བཞི་འམ། ལྔར་རྗེས་སུ་མ་འབྲངས་ན། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་བརྟག་པ་དང་། ཉི་མ་གཅིག་གམ། གཉིས་སམ། གསུམ་འམ། བཞི་ 25-1-200a འམ་ལྔར་རྗེས་སུ་འབྲང་བར་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འཕྲོགས་པར་མྱི་འགྱུར་རོ། །ཡོངས་སུ་དྲི་བ་དང་ཡང་མྱི་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་དེ་ལྟར་ཡང་འགྱུར་ཏེ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་མ་དྲིས། ཡོངས་སུ་མ་བརྟགས། རྗེས་འབྲང་བ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་མཉན་པ་ལ་དེ་ཙམ་གྱིས་དགེ་བའི་བསམ་པ་དང་། མོས་པ་སྐྱེ་བར་འགྱུར་ཏེ། དེ་ནི་བར་བར་མོས་ཤིང་། བར་བར་མོས་པ་མྱེད་པར་འགྱུར་ཏེ། དེ་ནི་ལྡམ་ལྡེམ་གྱི་བློ་དེས་འཕྲོགས་ཤིང་། ཤིང་བལ་ གྱི་འདབ་མ་བཞིན་དུ་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་ཡུན་རིང་པོ་ནས། ཐེག་པ་ལ་ཞུགས་པ་མ་ཡིན་པར་རིག་པར་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ བཟུང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་པའོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ལུང་མ་མནོས། ཁ་ ཏོན་དུ་མ་བྱས་ལ་ཚུལ་བཞིན་དུ་ཡིད་ལ་མ་བྱས་ཏེ། དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ བསླབས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །ནང་སྟོང་པ་ཉིད་ལ་མ་བསླབས་སོ། །ཕྱི་ སྟོང་པ་ཉིད་ལ་མ་བསླབས་སོ། །ཕྱི་ནང་སྟོང་པ་ཉིད་ལ་མ་བསླབས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མ་བསླབས་སོ། །ཆེན་པོ་སྟོང་པ་ཉིད་ལ་མ་བསླབས་སོ། །དོན་དམ་པ་སྟོང་པ་ཉིད་ལ་མ་བསླབས་ 25-1-200b སོ། །འདུས་བྱས་སྟོང་པ་ཉིད་ལ་མ་བསླབས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་མ་བསླབས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མ་བསླབས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མ་བསླབས་སོ། ། དོར་བ་མྱེད་པ་སྟོང་པ་ཉིད་ལ་མ་བསླབས་སོ། །རང་བཞིན་སྟོང་པ་ཉིད་ལ་མ་བསླབས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མ་བསླབས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མ་བསླབས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ ལ་མ་བསླབས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མ་བསླབས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མ་བསླབས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མ་བསླབས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མ་བསླབས་ སོ། །ཡང་དག་པར་སྤོང་བ་རྣམས་ལ་མ་བསླབས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མ་བསླབས་སོ། །དབང་པོ་རྣམས་ལ་མ་བསླབས་སོ། །སྟོབས་རྣམས་ལ་མ་བསླབས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མ་ བསླབས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་བསླབས་སོ། །འཕགས་པའི་བདེན་པ་རྣམས་ལ་མ་བསླབས་སོ། །བསམ་གཏན་རྣམས་ལ་མ་བསླབས་སོ། །ཚད་མྱེད་པ་རྣམས་ལ་མ་བསླབས་སོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མ་བསླབས་སོ། །རྣམ་པར་ཐར་པ་བརྒྱད་ལ་མ་བསླབས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མ་བསླབས་སོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མ་བསླབས་སོ། །མངོན་པར་ཤེས་པ་རྣམས་ལ་མ་བསླབས་སོ། །ཏིང་ངེ་འཛིན་རྣམས་ལ་མ་བསླབས་སོ། །གཟུངས་ཀྱི་སྒོ་རྣམས་ལ་མ་ བསླབས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མ་བསླབས་སོ། །མྱི་འཇིགས་པ་བཞི་ལ་མ་བསླབས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་བསླབས་སོ། །བྱམས་པ་ཆེན་པོ་ལ་མ་བསླབས་སོ། ། 25-1-201a སྙིང་རྗེ་ཆེན་པོ་ལ་མ་བསླབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མ་བསླབས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མ་བསླབས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མ་ བསླབས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མ་བསླབས་སོ། །དགྲ་བཅོམ་པ་ཉིད་ལ་མ་བསླབས་སོ། །རང་བྱང་ཆུབ་ལ་མ་བསླབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མ་བསླབས་སོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་མ་བསླབས་སོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་ཐེག་པ་ལ་གསར་དུ་ཞུགས་པར་རིག་པར་བྱ་སྟེ། དེ་ནི་དད་པ་ཙམ་དང་། དགའ་བ་ཙམ་དང་། མོས་པ་ ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀླག་པ་དང་། ལུང་འབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བར་མྱི་ནུས་སོ། །རབ་འབྱོར་བྱང་ ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འདྲི་ཞིང་ལུང་མྱི་འབོག་པ་དང་། ཁ་ཏོན་མྱི་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ལ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་གཞན་ལ་ཕན་མྱི་འདོགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་མྱི་འདོགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་མྱི་ འདོགས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་མྱི་འདོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་མྱི་འདོགས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་མྱི་འདོགས་ པ་དང་། ནང་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཕྱི་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། སྟོང་པ་ཉིད་སྟོང་པ་ 25-1-201b ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱིས་གཞན་ལ་ ཕན་མྱི་འདོགས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་གཞན་ ལ་ཕན་མྱི་འདོགས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་ པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་ དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་གཞན་ལ་ཕན་མྱི་ འདོགས་པ་དང་། ཡང་དག་པར་སྤོང་བ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དབང་པོ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་ པ་དང་། སྟོབས་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་གཞན་ལ་ཕན་མྱི་འདོགས་ པ་དང་། འཕགས་པའི་བདེན་པ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། བསམ་གཏན་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ཚད་མྱེད་པ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་ 25-1-202a དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུས་གཞན་ལ་ཕན་མྱི་འདོགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་གཞན་ལ་ཕན་མྱི་འདོགས་པ་དང་། མངོན་པར་ཤེས་པ་རྣམས་ཀྱིས་ གཞན་ལ་ཕན་མྱི་འདོགས་པ་དང་། ཏིང་ངེ་འཛིན་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུས་གཞན་ ལ་ཕན་མྱི་འདོགས་པ་དང་། མྱི་འཇིགས་པ་བཞིས་གཞན་ལ་ཕན་མྱི་འདོགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞིས་གཞན་ལ་ཕན་མྱི་འདོགས་པ་དང་། བྱམས་པ་ཆེན་པོས་གཞན་ལ་ཕན་མྱི་ འདོགས་པ་དང་། སྙིང་རྗེ་ཆེན་པོས་གཞན་ལ་ཕན་མྱི་འདོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུས་གཞན་ལ་ ཕན་མྱི་འདོགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུས་གཞན་ལ་ཕན་མྱི་འདོགས་པ་དང་། ཕྱིར་མྱི་འོང་བའི་འབྲས་བུས་གཞན་ལ་ཕན་མྱི་འདོགས་པ་དང་། དགྲ་བཅོམ་པ་ཉིད་ཀྱིས་གཞན་ ལ་ཕན་མྱི་འདོགས་པ་དང་། རང་བྱང་ཆུབ་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་གཞན་ལ་ཕན་མྱི་འདོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ གཞན་ལ་ཕན་མྱི་འདོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་མྱི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་མྱི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ 25-1-202b པར་མྱི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་མྱི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་མྱི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་མྱི་སྤྱོད། ནང་སྟོང་པ་ཉིད་དང་མཐུན་པར་ མྱི་སྤྱོད། ཕྱི་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། ཕྱི་ནང་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། ཆེན་པོ་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། དོན་དམ་པ་སྟོང་པ་ ཉིད་དང་མཐུན་པར་མྱི་སྤྱོད། འདུས་བྱས་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། དོར་བ་མྱེད་པ་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། རང་བཞིན་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། རང་གི་ མཚན་ཉིད་སྟོང་པ་ཉིད་དང་མཐུན་པར་མྱི་སྤྱོད། མྱི་དམྱིགས་པ་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འཐུན་པར་མྱི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་དང་འཐུན་པར་མྱི་སྤྱོད། ཡང་དག་པར་སྤོང་བ་རྣམས་དང་འཐུན་པར་མྱི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་འཐུན་པར་མྱི་སྤྱོད། དབང་པོ་རྣམས་དང་འཐུན་པར་མྱི་སྤྱོད། སྟོབས་རྣམས་དང་འཐུན་པར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འཐུན་པར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་འཐུན་པར་མྱི་སྤྱོད། འཕགས་པའི་བདེན་པ་རྣམས་དང་འཐུན་པར་མྱི་སྤྱོད། བསམ་གཏན་རྣམས་དང་འཐུན་པར་མྱི་སྤྱོད། ཚད་མྱེད་པ་རྣམས་དང་འཐུན་པར་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་ 25-1-203a འཐུན་པར་མྱི་སྤྱོད། རྣམ་པར་ཐར་པ་བརྒྱད་དང་འཐུན་པར་མྱི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་འཐུན་པར་མྱི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་དང་འཐུན་པར་མྱི་སྤྱོད། མངོན་པར་ཤེས་པ་རྣམས་དང་འཐུན་པར་མྱི་སྤྱོད། ཏིང་ངེ་འཛིན་རྣམས་དང་འཐུན་པར་མྱི་སྤྱོད། གཟུངས་ཀྱི་སྒོ་རྣམས་དང་འཐུན་པར་མྱི་སྤྱོད། དེ་བཞིན་ གཤེགས་པའི་སྟོབས་རྣམས་དང་འཐུན་པར་མྱི་སྤྱོད། མྱི་འཇིགས་པ་བཞི་དང་འཐུན་པར་མྱི་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་དང་འཐུན་པར་མྱི་སྤྱོད། བྱམས་པ་ཆེན་པོ་དང་འཐུན་པར་མྱི་སྤྱོད། སྙིང་རྗེ་ ཆེན་པོ་དང་འཐུན་པར་མྱི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་འཐུན་པར་མྱི་སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་འཐུན་པར་མྱི་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འཐུན་པར་མྱི་ སྤྱོད། ཕྱིར་མྱི་འོང་བའི་འབྲས་བུ་དང་འཐུན་པར་མྱི་སྤྱོད། དགྲ་བཅོམ་པ་ཉིད་དང་འཐུན་པར་མྱི་སྤྱོད། རང་བྱང་ཆུབ་དང་འཐུན་པར་མྱི་སྤྱོད། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་འཐུན་པར་མྱི་སྤྱོད། རྣམ་ པར་ཐམས་ཅད་མཁྱེན་པ་ཉིད་དང་འཐུན་པར་མྱི་སྤྱོད་ན། དེ་ནི་གནས་གཉིས་དང་། ས་གཉིས་པོ་ལས་ས་ཅིག་ལ་གནས་པར་འགྱུར་ཏེ། དེ་ནི་འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་བྲིས་མ་བསྟན། ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་ བྱས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕན་མ་བཏགས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་འཐུན་པར་མ་ 25-1-203b སྤྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་གནས་གཉིས་དང་། ས་གཉིས་པོ་དེ་ལས་ཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་བཅུ་ལྔའོ།། །། རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་ཞིག་ལ་མྱི་རྣམས་ཤིང་ངམ། ཤིང་དུམ་འམ། ཤིང་ལེབ་འམ། རྐྱལ་པ་འམ། རོ་ལ་མྱི་འཇུ་མྱི་འཛིན་ན། རབ་འབྱོར་མྱི་དེ་དག་ནི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པར་དུས་བྱེད་པར་རིག་པར་བྱའོ། །རབ་འབྱོར་མྱི་གང་རྒྱ་མཚོའི་དབུས་སུ་གྲུ་ཞིག་པའི་ཚེ་ ཤིང་ངམ་ཤིང་དུམ་འམ། ཤིང་ལེབ་འམ། རྐྱལ་པ་འམ། རོ་ལ་འཇུ་ཞིང་འཛིན་པ་དེ་དག་ནི་རྒྱ་མཚོར་དུས་བྱེད་པར་མྱི་འགྱུར་ཏེ། བདེ་ཞིང་ཉམ་ཉེས་མྱེད་པར་རྒྱ་མཚོ་ཆེན་པོ་ནས་ཕ་རོལ་ཀྱི་འགྲམ་དུ་ ཕྱིན་པར་འགྱུར་ཏེ། མ་ཉེས་མ་ཉམས་པར་ཐང་ལ་ཕྱིན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་ཙམ་དང་དགའ་བ་ཙམ་དང་། མོས་ པ་ཙམ་དང་ལྡན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་འདྲི་མྱི་སྟོན་ ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། 25-1-204a ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད་ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ནང་སྟོང་པ་ཉིད་མྱི་འདྲི་ མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཕྱི་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཕྱི་ ནང་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཆེན་པོ་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དོན་དམ་པ་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། འདུས་བྱས་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། འདུས་མ་བྱས་ སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་འདྲི་ མྱི་སྟོན་ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རང་བཞིན་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། 25-1-204b ཆོས་ཐམས་ཅད་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་ དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་འདྲི་མྱི་ སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད་ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་ མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཡང་དག་པར་སྤོང་བ་རྣམས་མྱི་འདྲི་མྱི་སྟོན་ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རྫུ་འཕྲུལ་ གྱི་རྐང་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དབང་པོ་རྣམས་མྱི་འདྲི་མྱི་སྟོན་ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་ བྱེད་ཅིང་མྱི་རྟེན་པ་དང་། སྟོབས་རྣམས་མྱི་འདྲི་མྱི་སྟོན་ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་ བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། 25-1-205a འཕགས་པའི་བདེན་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད་ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། བསམ་གཏན་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཚད་མྱེད་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་ འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རྣམ་པར་ཐར་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། མངོན་པར་ཤེས་པ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་ མྱི་རྟེན་པ་དང་། ཏིང་ངེ་འཛིན་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། གཟུངས་ཀྱི་སྒོ་རྣམས་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། མྱི་འཇིགས་པ་བཞི་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་། མྱི་རྟེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། 25-1-205b བྱམས་པ་ཆེན་པོ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། སྙིང་རྗེ་ཆེན་པོ་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་ མྱི་རྟེན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ཐམས་ཅད་ཤེས་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་ མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མྱི་འདྲི་མྱི་སྟོན། ཁ་ཏོན་དུ་མྱི་བྱེད། ཚུལ་བཞིན་དུ་ཡིད་ལ་མྱི་བྱེད་ཅིང་མྱི་རྟེན་པ་དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་མ་ཐོབ་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པར་འགྱུར། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད་ཅིང་། བཟོད་པ་དང་མོས་པ་དང་། ལྷག་པའི་བསམ་པ་དང་། དགའ་བ་དང་། སྤྲོ་བ་དང་། མྱི་གཏོང་བ་ཡང་ཡོད་ཅིང་། བརྩོན་འགྲུས་མྱི་འདོར་བ་དེ་ དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ལུང་འབོག་གོ། །ཁ་ཏོན་དུ་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །རྟེན་པར་བྱེད་དོ། །དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དད་པ་ཡོད། བཟོད་པ་ཡོད། མོས་པ་ཡོད། ལྷག་པའི་བསམ་པ་ཡོད། དགའ་བ་ཡོད། སྤྲོ་བ་ཡོད། མྱི་གཏོང་བ་ཡོད། བརྩོན་འགྲུས་མྱི་འདོར་བ་ 25-1-206a ཡོད་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཡོངས་སུ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ནང་སྟོང་པ་ ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཆེན་པོ་ སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ བཟུང་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། མྱི་དམྱིགས་པ་སྟོང་ པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ ཡོངས་སུ་བཟུང་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། ཡང་དག་པར་སྤོང་བས་ཡོངས་སུ་བཟུང་བ་དང་། རྫུ་འཕྲུལ་གྱི་རྐང་པས་ཡོངས་སུ་བཟུང་བ་དང་། དབང་ 25-1-206b པོས་ཡོངས་སུ་བཟུང་བ་དང་། སྟོབས་ཀྱིས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་ཀྱི་ཡན་ལག་གིས་ཡོངས་སུ་བཟུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་བ་དང་། འཕགས་པའི་བདེན་ པས་ཡོངས་སུ་བཟུང་བ་དང་། བསམ་གཏན་གྱིས་ཡོངས་སུ་བཟུང་བ་དང་། ཚད་མྱེད་པས་ཡོངས་སུ་བཟུང་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པས་ཡོངས་སུ་བཟུང་བ་དང་། རྣམ་པར་ཐར་པ་བརྒྱད་ ཀྱིས་ཡོངས་སུ་བཟུང་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་ བ་དང་། མངོན་པར་ཤེས་པས་ཡོངས་སུ་བཟུང་བ་དང་། ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བ་དང་། གཟུངས་ཀྱི་སྒོས་ཡོངས་སུ་བཟུང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་བ་ དང་། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་བ་དང་། བྱམས་པ་ཆེན་པོས་ཡོངས་སུ་བཟུང་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་བཅོ་བརྒྱད་ཀྱིས་ཡོངས་སུ་བཟུང་བ་དང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། བར་མ་དོར་ཉེ་ཞོ་མྱེད་པར་ཉན་ཐོས་ཀྱི་ས་ལས་འདས། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། བུད་མྱེད་དམ་སྐྱེས་པ་ལ་ལ་ཞིག་གིས་ 25-1-207a བུམ་པ་མ་བསྲེགས་ཤིང་། སོ་མ་བཏང་བས་ཆུ་བཅུ་བར་སེམས་ན། རབ་འབྱོར་བུམ་པ་དེ་ནི་རིང་པོར་མྱི་གནས་ཏེ། མྱུར་ཏུ་གྱེས་ཤིང་འཇིག་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ བུམ་པ་དེ་སོ་མ་བཏང་བའི་ཕྱིར་ཏེ། དེ་ནི་ཐ་མར་ས་ཉིད་དུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ ཡང་ཡོད། བརྩོན་འགྲུས་མྱི་འདོར་བ་ཡང་ཡོད་མོད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་བཞིན་ 25-1-207b སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་ སུ་མ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་ སུ་མ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་ལྔས་ཡོངས་སུ་མ་ བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་ མ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་མ་བཟུང་། བྱམས་པ་ཆེན་པོས་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་ 25-1-208a ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་ཉེ་ཞོར་འགྱུར་བར་ཤེས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་བར་མ་དོར་ཉེ་ཞོར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་པ་འམ། བུད་མྱེད་ལ་ལ་ཞིག་བུམ་པ་སོ་ལེགས་པར་བཏང་བས་ཆུ་ཀླུང་ངམ། འཚོ་འམ་མཚེའུ་འམ། ཁྲོན་པ་ནས་ཆུ་འཆུ་ན། རབ་འབྱོར་ཆུ་འཆུ་བ་དེའི་བུམ་ པ་དེས་ནི་བདེ་བར་ཁྱིམ་དུ་ཕྱིན་པར་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་ པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་འགྲུས་མྱི་འདོར་བ་ཡང་ཡོད་ལ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ 25-1-208b ཡོངས་སུ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དྲན་པ་ཉེ་བར་གཞག་པས་ཡོངས་སུ་བཟུང་། ཡང་དག་པར་སྤོང་བས་ཡོངས་སུ་བཟུང་། རྫུ་འཕྲུལ་གྱི་རྐང་པས་ཡོངས་སུ་བཟུང་། དབང་པོས་ཡོངས་སུ་བཟུང་། སྟོབས་ཀྱིས་ཡོངས་སུ་བཟུང་། བྱང་ཆུབ་ཀྱི་ ཡན་ལག་གིས་ཡོངས་སུ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་། འཕགས་པའི་བདེན་པས་ཡོངས་སུ་བཟུང་། བསམ་གཏན་གྱིས་ཡོངས་སུ་བཟུང་། ཚད་མྱེད་པས་ཡོངས་སུ་ བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པས་ཡོངས་སུ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་། མངོན་པར་ཤེས་པས་ཡོངས་སུ་བཟུང་། ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་། གཟུངས་ཀྱི་སྒོས་ཡོངས་སུ་བཟུང་། དེ་བཞིན་ 25-1-209a གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་། བྱམས་པ་ཆེན་པོས་ཡོངས་སུ་བཟུང་། སྙིང་རྗེ་ཆེན་ པོས་ཡོངས་སུ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ཞོར་མྱི་འགྱུར་ཏེ། མ་ཉེས་མ་ཉམས་ པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གྲུ་མ་བསྡམས་ཤིང་། ཟག་ཀླན་མ་བྱས་པར་རྫས་བཅུག་ ཏེ་ཆུ་ལ་བཏང་ན། རབ་འབྱོར་གྲུ་དེ་ཞིག་པར་འགྱུར་ཏེ། གྲུ་ཡང་ལོགས་ཤིག །རྫས་ཀྱང་ལོགས་ཤིག་ཏུ་སོང་ནས། དེ་ལྟར་ཚོང་པ་དེ་ཐབས་མྱི་མཁས་པས། གནོད་པ་ཆེན་པོ་དང་ལྡན་པར་འགྱུར་ཞིང་། རིན་པོ་ཆེ་ཆེན་པོ་ལས་ཡོངས་སུ་འཕང་བར་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་འགྲུས་མྱི་གཏོང་བ་ཡང་ཡོད་མོད་ཀྱི། དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། 25-1-209b བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོན་དམ་པ་སྟོང་པ་ ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་ གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུགས་མྱེད་ 25-1-210a པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་བཟུང་། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུངས་ཀྱི་སྒོ་ རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་མ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་མ་བཟུང་། བྱམས་པ་ ཆེན་པོས་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་ རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེའི་དོན་ཆེན་པོ་དང་བྲལ་ཞིང་རིན་པོ་ཆེ་ཆེན་པོ་ལས་འཕང་བར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བར་མ་ དོར་ཉེ་ཞོར་གང་ཞེ་ན། འདི་ལྟར་སྟེ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཁས་པའི་ངང་ཚུལ་ཅན་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་གྲུ་ཤིན་ཏུ་བསྡམས་ཤིང་ ཤིན་ཏུ་བསྟར་བ་ཆུ་ལ་གཏོང་ཞིང་རྫས་འཇུག་ན། རབ་འབྱོར་རྒྱ་མཚོའི་གྲུ་དེ་ནི་བར་མ་དོར་ཞིག་པར་མྱི་འགྱུར་ཏེ། གྲུ་དེས་ཕྱོགས་གང་དུ་བགྲོད་པ་དེར་ཕྱིན་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་དེ་ 25-1-210b བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་ བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་འགྲུས་མྱི་འདོར་བ་ཡང་ཡོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པས་ཡོངས་སུ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ ཡོངས་སུ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ ཡོངས་སུ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ ཀྱིས་ཡོངས་སུ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ ཡོངས་སུ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བཟུང་། རྫུ་འཕྲུལ་གྱི་རྐང་ 25-1-211a པ་རྣམས་ཀྱིས་ཡོངས་སུ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་བཟུང་། འཕགས་པའི་ལམ་ཡན་ལག་ བརྒྱད་པས་ཡོངས་སུ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ཀྱིས་ཡོངས་སུ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བཟུང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བཟུང་། དེ་བཞིན་ གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་། བྱམས་པ་ཆེན་པོས་ཡོངས་སུ་བཟུང་། སྙིང་རྗེ་ཆེན་པོས་ ཡོངས་སུ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་བཟུང་། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བར་མ་དོར་ཉེ་ཞོར་མྱི་འགྱུར་བར་རིག་པར་བྱའོ། ། རབ་འབྱོར་དེ་ནི་དེ་ལྟར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། 25-1-211b ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་འགྲུས་མྱི་འདོར་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། ཐབས་མཁས་ པས་ཡོངས་སུ་ཟིན་པར་གྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། འདུས་ བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱིས་ཡོངས་སུ་ཟིན་པར་གྱུར། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། རྫུ་འཕྲུལ་གྱི་ 25-1-212a རྐང་པ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། དབང་པོ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། སྟོབས་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་ ཟིན་པར་གྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་ཟིན་པར་གྱུར། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། བསམ་གཏན་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་ཟིན་པར་གྱུར། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་ཟིན་པར་གྱུར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་ཟིན་པར་གྱུར། མངོན་པར་ཤེས་པ་རྣམས་ཀྱིས་ ཡོངས་སུ་ཟིན་པར་གྱུར། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་ཟིན་པར་གྱུར། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་ཟིན་པར་གྱུར། མྱི་འཇིགས་ པ་བཞིས་ཡོངས་སུ་ཟིན་པར་གྱུར། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་ཟིན་པར་གྱུར། བྱམས་པ་ཆེན་པོས་ཡོངས་སུ་ཟིན་པར་གྱུར། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པར་གྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ཀྱིས་ཡོངས་སུ་ཟིན་པར་གྱུར། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་ཟིན་ པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མྱི་ལྟུང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་ན་ཚོད་ཀྱིས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ། དགོག་ཏུ་ 25-1-212b གྱུར་པ། འཁོགས་པ་ཞིག་ཡོད་ལ། དེའི་ལུས་ལ་རླུང་ངམ། མཁྲིས་པ་འམ། བད་ཀན་ནམ། འདུས་པའི་ནད་ཀྱིས་གཏབ་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། མྱི་དེ་ཅིག་པུ་ཉམ་རངས་སུ་ཁྲི་ལས་ལྡང་ནུས་ སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་ཁྲི་ལས་ལྡང་ནུས་སུ་ལགས་ཀྱང་། རྒྱང་གྲགས་ཅིག་གམ། རྒྱང་གྲགས་གཉིས་སུ་ཡང་མཆི་བར་མྱི་ནུས་ཏེ། དེ་རྒས་པ་དང་། བྲོ་ འཚལ་བས་ཉམས་དམས་པའི་སླད་དུ། ཁྲི་ལས་ལྡང་ནུས་སུ་ལགས་ཀྱང་མཆི་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་ འགྲུས་མྱི་འདོར་བ་ཡང་ཡོད་མོད་ཀྱི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་ སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ 25-1-213a ཡོངས་སུ་མ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་ སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་ བ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་ རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་མ་བཟུང་། སོ་སོ་ 25-1-213b ཡང་དག་པར་རིག་པ་བཞིས་ཡོངས་སུ་མ་བཟུང་། བྱམས་པ་ཆེན་པོས་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི་བར་མ་དོར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། ཐབས་མཁས་ པས་ཡོངས་སུ་མ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ བཟུང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་བ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ ཡོངས་སུ་མ་བཟུང་བ་དང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་ 25-1-214a སུ་མ་བཟུང་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཡང་དག་པར་སྤོང་བ་རྣམས་ ཀྱིས་ཡོངས་སུ་མ་བཟུང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། སྟོབས་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། བྱང་ཆུབ་ཀྱི་ཡན་ ལག་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་བ་དང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། བསམ་གཏན་རྣམས་ཀྱིས་ཡོངས་ སུ་མ་བཟུང་བ་དང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་བཟུང་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་བ་དང་། མངོན་པར་ཤེས་པ་ རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་བ་དང་། མྱི་འཇིགས་པ་བཞིས་ཡོངས་སུ་མ་བཟུང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་མ་བཟུང་བ་དང་། བྱམས་པ་ཆེན་པོས་ཡོངས་སུ་མ་བཟུང་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་ 25-1-214b མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་ན་ཚོད་ཀྱིས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ་དགོག་ཏུ་གྱུར་པ། འཁོགས་པ་དེ་ཉིད། རླུང་ངམ། མཁྲིས་ པ་འམ། བད་ཀན་ནམ། འདུས་པའི་ནད་ཀྱིས་བཏབ་པར་གྱུར་ལ། དེ་ཁྲི་ལས་ལྡང་བར་འདོད་ན། དེ་ལ་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་བློ་གཡས་གཡོན་ནས་བཟུང་སྟེ། བརྟེན་ནས་ འདི་སྐད་དུ་ཀྱེ་སྐྱེས་བུ་ཁྱོད་ཅི་དགའ་བའི་དོན་དུ་གར་འདོད་པར་འདོང་ངོ་། །ཁྱོད་ནི་བདག་ཅག་གིས་གཟུང་གིས་གནས་དེར་མ་ཕྱིན་གྱི་བར་དུ་ལམ་དུ་བར་མ་དོར་རྡེག་འཆ་བས་འཇིགས་པར་མྱི་འགྱུར་རོ་ཞེས་ བསྒོ་བ་དེ་བཞིན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མྱི་གཏོང་བ་ཡང་ཡོད། བརྩོན་འགྲུས་མྱི་འདོར་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་ མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཕྱི་ནང་སྟོང་པ་ཉིད་ 25-1-215a ཀྱིས་ཡོངས་སུ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་ བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་བཟུང་། བྱང་ཆུབ་ཀྱི་ ཡན་ལག་རྣམས་ཀྱིས་ཡོངས་སུ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ ཡོངས་སུ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་ 25-1-215b སུ་བཟུང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་། བྱམས་ པ་ཆེན་པོས་ཡོངས་སུ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱིས་ཡོངས་སུ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་མྱི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ནི་འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དང་མ་བྲལ་བའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དང་མ་བྲལ་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ལེགས་སོ། །ལེགས་སོ། །རབ་འབྱོར་ འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་སྦྱིན་པ་ཡོངས་སུ་གཏོང་ན། དེ་བདག་དང་བདག་གིར་ལྟུང་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་ཞིང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་ པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་ན། དེ་ཡང་བདག་དང་བདག་གིར་ལྷུང་བའི་སེམས་ཀྱིས་ཤེས་རབ་སྒོམ་སྟེ། དེ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། 25-1-216a འདི་སྙམ་དུ་སེམས་ཏེ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །འདི་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་། །བདག་ནི་སྦྱིན་པ་བྱེད་པའོ། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། །བདག་ནི་ཚུལ་ཁྲིམས་ དང་ལྡན་ནོ། །བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ། །བདག་ནི་བཟོད་པ་དང་ལྡན་པའོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ། །བདག་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་ནི་ བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་འདི་དག་ལ་སྙོམས་པར་འཇུག་གོ། །བདག་ནི་བསམ་གཏན་དང་ལྡན་པའོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ། །བདག་ནི་ཤེས་རབ་དང་ལྡན་པའོ་སྙམ་ ནས། དེ་སྦྱིན་པ་རློམ་སེམས་སུ་བྱེད། སྦྱིན་པས་རློམ་སེམས་སུ་བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་རློམ་སེམས་སུ་བྱེད། དེ་ཚུལ་ཁྲིམས་རློམ་སེམས་སུ་བྱེད། ཚུལ་ཁྲིམས་ཀྱིས་རློམས་སུ་བྱེད། བདག་ནི་ཚུལ་ ཁྲིམས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་བཟོད་པ་རློམ་སེམས་སུ་བྱེད། བཟོད་པས་རློམ་སེམས་སུ་བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་བརྩོན་འགྲུས་རློམ་སེམས་སུ་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་བསམ་གཏན་རློམ་སེམས་སུ་བྱེད། བསམ་གཏན་གྱིས་རློམ་སེམས་སུ་བྱེད། བདག་ནི་བསམ་ གཏན་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་དོ། །དེ་ཅིའི་ཕྱིར་ ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ 25-1-216b ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མྱེད་དེ། རིང་དུ་སོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའོ། །དེ་ལྟ་ཡིན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་རིང་དུ་སོང་བ་ཡང་མྱི་ཤེས། ཕ་རོལ་ཡང་མྱི་ཤེས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པས་ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ ཡོངས་སུ་མ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་ སུ་མ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་བཞིན་སྟོང་པ་ཉིད་ ཀྱིས་ཡོངས་སུ་མ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་ 25-1-217a སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཚད་མྱེད་པ་རྣམས་ ཀྱིས་ཡོངས་སུ་མ་བཟུང་། གཟུགས་མྱེད་པ་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་ བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུངས་ ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་མ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་མ་བཟུང་། བྱམས་པ་ ཆེན་པོས་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་ པར་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ 25-1-217b ཉིད་དུ་མྱི་འབྱུང་ངོ་། །རབ་འབྱོར་དེ་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་མྱི་མཁས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་ཐབས་མྱེད་པར་སྦྱིན་པ་ ཡོངས་སུ་གཏོང་། ཐབས་མྱེད་པར་ཚུལ་ཁྲིམས་སྲུང་། ཐབས་མྱེད་པར་བཟོད་པར་སྒོམ། ཐབས་མྱེད་པར་བརྩོན་འགྲུས་རྩོམ། ཐབས་མྱེད་པར་བསམ་གཏན་ལ་སྙོམས་པར་འཇུག །ཐབས་མྱེད་པར་ཤེས་ རབ་སྒོམ་ཞིང་། དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་ནི་འདི་ཡོངས་སུ་གཏོང་ངོ་། །འདི་ལ་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། །བདག་ ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ། །བདག་ནི་བརྩོན་འགྲུས་བརྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ། །བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་ལ་སྙོམས་པར་འཇུག་གོ། ། བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ། །ཞེས་དེ་སྦྱིན་པ་རློམ་སེམས་སུ་བྱེད། སྦྱིན་པས་རློམ་སེམས་སུ་བྱེད། བདག་ནི་སྦྱིན་པ་བྱེད་པའོ། །ཞེས་རློམ་སེམས་སུ་བྱེད། དེ་ཚུལ་ཁྲིམས་རློམ་སེམས་སུ་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་བཟོད་པ་རློམ་སེམས་སུ་བྱེད། བཟོད་པས་རློམ་སེམས་སུ་བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་རློམ་སེམས་ སུ་བྱེད། དེ་བརྩོན་འགྲུས་རློམ་སེམས་སུ་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་བསམ་གཏན་རློམ་སེམས་སུ་བྱེད། བསམ་གཏན་གྱིས་རློམ་ སེམས་སུ་བྱེད། བདག་ནི་བསམ་གཏན་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། དེ་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་ 25-1-218a བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་རྣམ་པར་རྟོག་པའི་རྟོག་པ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་ པའོ། །ཇི་ལྟར་དེ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །ཇི་ལྟར་ དེ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །ཇི་ལྟར་དེ་རྣམ་པར་རྟོག་པའི་རྣམ་ པར་རྟོག་པ་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །ཇི་ལྟར་དེ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དེ་ དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །ཇི་ལྟར་དེ་རྣམ་པ་རྟོག་པའི་རྣམ་པར་རྟོག་པ་དེ་དག་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་ཡིན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་རིང་དུ་སོང་བ་ཡང་མྱི་ཤེས། ཕ་རོལ་ཀྱང་མྱི་ཤེས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་ 25-1-218b བཟུང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ ཡོངས་སུ་མ་བཟུང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པ་རྣམས་ ཀྱིས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཀྱིས་ཡོངས་ སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། བསམ་གཏན་ རྣམས་ཀྱིས་ཡོངས་སུ་མ་བཟུང་། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་རྣམས་ཀྱིས་ 25-1-219a ཡོངས་སུ་མ་བཟུང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་བཞིས་ཡོངས་སུ་མ་བཟུང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་ མ་བཟུང་། བྱམས་པ་ཆེན་པོས་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་པར་ཤེས་ པ་ཉིད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་འབྱུང་ངོ་། །རབ་འབྱོར་ཇི་ལྟར་གང་ཟག་ བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མྱི་ལྟུང་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་ འགྱུར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་སྦྱིན་པ་ཡོངས་སུ་གཏོང་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ ཁྲིམས་སྲུང་ན། བདག་དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་ན། བདག་དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་ན་བདག་ དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་མོ། །བསམ་གཏན་སྒོམ་ན། བདག་དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་བསམ་གཏན་སྒོམ་མོ། །ཤེས་རབ་སྒོམ་ན། བདག་དང་བདག་གིར་བྱ་བར་ མ་ལྷུང་བའི་སེམས་ཀྱིས་ཤེས་རབ་སྒོམ་སྟེ། དེ་འདི་སྙམ་དུ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །འདི་ལ་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བར་མྱི་སེམས་སོ། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། ། 25-1-219b ཞེས་བྱ་བར་མྱི་སེམས་སོ། །བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ་ཞེས་བྱ་བར་མྱི་སེམས་སོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ་ཞེས་བྱ་བར་མྱི་སེམས་སོ། །བདག་ནི་བསམ་གཏན་ལ་སྙོམས་ པར་འཇུག་གོ། །བསམ་གཏན་ནི་འདི་དག་ལ་སྙོམས་པར་འཇུག་གོ་ཞེས་བྱ་བར་མྱི་སེམས་སོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ་ཞེས་བྱ་བར་མྱི་སེམས་ཏེ། དེ་སྦྱིན་པ་རློམ་སེམས་སུ་མྱི་བྱེད་སྦྱིན་པས་རློམ་སེམས་སུ་མྱི་ བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་བྱ་བར་རློམ་སེམས་སུ་མྱི་བྱེད་དོ། །ཚུལ་ཁྲིམས་རློམ་སེམས་སུ་མྱི་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མྱི་བྱེད་ དོ། །བཟོད་པ་རློམ་སེམས་སུ་མྱི་བྱེད། བཟོད་པས་རློམས་སུ་མྱི་བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་བྱ་བར་སེམས་སུ་མྱི་བྱེད་དོ། །བརྩོན་འགྲུས་རློམ་སེམས་སུ་མྱི་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མྱི་བྱེད་དོ། །བསམ་གཏན་རློམ་སེམས་སུ་མྱི་བྱེད། བསམ་གཏན་གྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་བསམ་གཏན་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མྱི་ བྱེད་དོ། །ཤེས་རབ་རློམ་སེམས་སུ་མྱི་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་དེ་རློམ་སེམས་སུ་བྱེད་ པའི་རྣམ་པར་རྟོག་པ་དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་མྱེད་དེ། འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་ 25-1-220a པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། ། དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་ རྟོག་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་ཡིན་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ཡང་རིང་དུ་སོང་བ་ཤེས་ཤིང་ཕ་རོལ་ཤེས་ ཏེ། དེས་ཀྱང་རློམ་སེམས་སུ་མྱི་བྱེད་ཅིང་། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་ 25-1-220b པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དོན་ དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་ བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་ 25-1-221a པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ འགྲུབ་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །རང་གི་མཚན་ཉིད་ སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་ སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་ རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་ སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ 25-1-221b སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱང་འགྲུབ་པར་འགྱུར་རོ། །དབང་པོ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །སྟོབས་རྣམས་ ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །འཕགས་པའི་བདེན་པ་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བསམ་གཏན་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་ པར་འགྱུར་རོ། །ཚད་མྱེད་པ་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་ 25-1-222a པར་འཇུག་པ་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །རྣམ་པ་ཐར་པ་བརྒྱད་ཀྱིས་ཡོངས་སུ་ བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། ། 25-1-222b སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །བྱམས་པ་ཆེན་ པོས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས། ཉན་ ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་ཡོངས་སུ་བཟུང་བས། ཉན་ ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་ལྔ་པ། རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ། ཐབས་མཁས་པས་ཡོངས་སུ་བཟུང་བ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་ 25-1-223a སུ་བཟུང་བ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། སྟོང་པ་ཉིད་ སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། འདུས་ མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། དོར་བ་མྱེད་པ་སྟོང་པ་ཉིད་ ཀྱིས་ཡོངས་སུ་བཟུང་བ། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ ཡོངས་སུ་བཟུང་བ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བཟུང་བ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། དབང་པོ་རྣམས་ཀྱིས་ཡོངས་སུ་བཟུང་བ། སྟོབས་རྣམས་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་བཟུང་བ། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་ 25-1-223b བ། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། བསམ་གཏན་རྣམས་ཀྱིས་ཡོངས་སུ་བཟུང་བ། ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། གཟུགས་མྱེད་པ་སྙོམས་པར་འཇུག་པ་ རྣམས་ཀྱིས་ཡོངས་སུ་བཟུང་བ། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་བ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་བ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་བ། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བཟུང་བ། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་ སུ་བཟུང་བ། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་བ། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་བ། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་བ། བྱམས་པ་ ཆེན་པོས་ཡོངས་སུ་བཟུང་བ། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་བཟུང་བ། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་ སུ་བཟུང་བ། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མྱི་ལྟུང་ངོ་། །རབ་འབྱོར་ཇི་ལྟར་ན་ གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་ཐབས་དང་ལྡན་པར་སྦྱིན་པ་ ཡོངས་སུ་གཏོང་། ཐབས་དང་ལྡན་པར་ཚུལ་ཁྲིམས་སྲུང་། ཐབས་དང་ལྡན་པར་བཟོད་པ་སྒོམ། ཐབས་དང་ལྡན་པར་བརྩོན་འགྲུས་རྩོམ། ཐབས་དང་ལྡན་པར་བསམ་གཏན་ལ་སྙོམས་པར་འཇུག །ཐབས་ 25-1-224a དང་ལྡན་པར་ཤེས་རབ་སྒོམ་ཞིང་། འདི་ལྟར་དེ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་འདི་ཡོངས་སུ་གཏོང་ངོ་། །འདི་ལ་སྦྱིན་པ་ཡོངས་སུ་གཏང་ངོ་སྙམ་དུ་མྱི་སེམས་ སོ། །འདི་ལྟར་བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་དུ་མྱི་སེམས་སོ། །འདི་ལྟར་བདག་ནི་བཟོད་པ་བསྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ་སྙམ་དུ་མྱི་སེམས་སོ། ། འདི་ལྟར་བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ་སྙམ་དུ་མྱི་སེམས་སོ། །འདི་ལྟར་བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་ ལ་སྙོམས་པར་འཇུག་གོ་སྙམ་དུ་མྱི་སེམས་སོ། །འདི་ལྟར་བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ་སྙམ་དུ་མྱི་སེམས་སོ། །དེ་སྦྱིན་པ་རློམ་སེམས་སུ་མྱི་བྱེད། སྦྱིན་པས་ རློམ་སེམས་སུ་མྱི་བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་རློམ་སེམས་སུ་མྱི་བྱེད་དོ། །དེ་ཚུལ་ཁྲིམས་རློམ་སེམས་སུ་མྱི་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་ཚུལ་ ཁྲིམས་དང་ལྡན་པའོ་ཞེས་རློམ་སེམས་སུ་མྱི་བྱེད་དོ། །དེ་བཟོད་པ་རློམ་སེམས་སུ་མྱི་བྱེད། བཟོད་པས་རློམ་སེམས་སུ་མྱི་བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་རློམ་སེམས་སུ་ མྱི་བྱེད་དོ། །དེ་བརྩོན་འགྲུས་རློམ་སེམས་སུ་མྱི་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་མྱི་བྱེད་དོ། །དེ་བསམ་ གཏན་རློམ་སེམས་སུ་མྱི་བྱེད། བསམ་གཏན་གྱིས་རློམ་སེམས་སུ་མྱི་བྱེད་དོ། །བདག་ནི་བསམ་གཏན་པའོ་ཞེས་རློམ་སེམས་སུ་མྱི་བྱེད་དོ། །དེ་ཤེས་རབ་རློམ་སེམས་སུ་མྱི་བྱེད། 25-1-224b ཤེས་རབ་ཀྱིས་རློམ་སེམས་སུ་མྱི་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་རྣམ་པར་མྱི་རྟོག་པས་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་དེ་རྣམ་ པར་མྱི་རྟོག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་དེ་རྣམ་པར་མྱི་རྟོག་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་དེ་རྣམ་པར་མྱི་རྟོག་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་དེ་རྣམ་པར་རྟོག་པས་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། །དེ་ལྟར་དེ་རྣམ་པར་མྱི་ རྟོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མྱེད་པའོ། ། 25-1-225a དེ་ལྟ་ཡང་ཡིན་ལ། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་རིང་དུ་སོང་བ་ཡང་ཤེས་ཤིང་། ཕ་རོལ་ཤེས་ཀྱང་དེས་རློམ་སེམས་མྱེད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་བཟུང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་ སུ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ་དང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་ དང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། འདུས་མ་བྱས་སྟོང་པ་ ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དོར་བ་མྱེད་པ་སྟོང་ པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ ཀྱིས་ཡོངས་སུ་བཟུང་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་ 25-1-225b སུ་བཟུང་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། ཡང་དག་པར་སྤོང་བ་རྣམས་ ཀྱིས་ཡོངས་སུ་བཟུང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། དབང་པོ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། སྟོབས་རྣམས་ཀྱིས་ཡོངས་སུ་བཟུང་ བ་དང་། བྱང་ཆུབ་ཀྱིས་ཡན་ལག་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་བ་དང་། འཕགས་པའི་བདེན་པ་བཞིས་ ཡོངས་སུ་བཟུང་བ་དང་། བསམ་གཏན་བཞིས་ཡོངས་སུ་བཟུང་བ་དང་། ཚད་མྱེད་པ་བཞིས་ཡོངས་སུ་བཟུང་བ་དང་། གཟུགས་མྱེད་པ་སྙོམས་པར་འཇུག་པ་བཞིས་ཡོངས་ སུ་བཟུང་བ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་བ་དང་། རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བཟུང་བ་དང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་ བཟུང་བ་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ཡོངས་སུ་བཟུང་བ་དང་། མྱི་འཇིགས་པ་བཞིས་ཡོངས་སུ་བཟུང་བ་ དང་། སོ་སོ་ཡང་དག་པར་རིག་པ་བཞིས་ཡོངས་སུ་བཟུང་བ་དང་། བྱམས་པ་ཆེན་པོས་ཡོངས་སུ་བཟུང་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་དང་། སངས་རྒྱས་ཀྱི་ཆོས་ 25-1-226a མ་འདྲེས་པ་བཅོ་བརྒྱད་ཀྱིས་ཡོངས་སུ་བཟུང་བ་དང་། ཐམས་ཅད་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་དྲུག་གོ།། །། དེ་ནས་ཚེ་དང་ལྡན་པར་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ལས་དང་པོ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་འདོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་འདོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་བསླབ་པར་འདོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་འདོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ 25-1-226b ཕྱིན་པ་ལ་བསླབ་པར་འདོད་པས། དགེ་བའི་བཤེས་གཉེན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་སྟོན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ། དེ་དག་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། ། བསྙེན་བཀུར་བར་བྱའོ། །དེ་དག་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་སྦྱིན་པ་གང་དང་གང་སྦྱིན་པ་དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་ཚུལ་ཁྲིམས་གང་དང་གང་སྲུང་བ་དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ ཤིག །ཚུར་རིགས་ཀྱི་བུ་བཟོད་པ་གང་དང་གང་སྒྲུབ་པ་དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །ཚུར་རིགས་ཀྱི་བུ་བརྩོན་འགྲུས་གང་དང་ གང་རྩོམ་པ་དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་བསམ་གཏན་གང་དང་གང་ལ་སྙོམས་པར་འཇུག་པ་དེ་ཐམས་ ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་ཤེས་རབ་གང་དང་གང་སྒོམ་པ་དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སྔོས་ཤིག །ཚུར་རིགས་ཀྱི་བུ་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་སུ་རྟོག་པར་མ་བྱེད་ཅིག །ཚོར་བ་རྟོག་པར་མ་བྱེད་ཅིག །འདུ་ཤེས་སུ་རྟོག་པར་ 25-1-227a མ་བྱེད་ཅིག །འདུ་བྱེད་དུ་རྟོག་པར་མ་བྱེད་ཅིག །རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །མྱིག་ཏུ་རྟོག་པར་མ་བྱེད་ཅིག །རྣ་བར་རྟོག་པར་མ་བྱེད་ཅིག །སྣར་རྟོག་པར་མ་ བྱེད་ཅིག །ལྕེར་རྟོག་པར་མ་བྱེད་ཅིག །ལུས་སུ་རྟོག་པར་མ་བྱེད་ཅིག །ཡིད་དུ་རྟོག་པར་མ་བྱེད་ཅིག །གཟུགས་སུ་རྟོག་པར་མ་བྱེད་ཅིག །སྒྲར་རྟོག་པར་མ་བྱེད་ཅིག །དྲིར་རྟོག་པར་ མ་བྱེད་ཅིག །རོར་རྟོག་པར་མ་བྱེད་ཅིག །རེག་ཏུ་རྟོག་པར་མ་བྱེད་ཅིག །ཆོས་སུ་རྟོག་པར་མ་བྱེད་ཅིག །མྱིག་གི་རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །རྣ་བའི་རྣམ་པར་ཤེས་པར་ རྟོག་པར་མ་བྱེད་ཅིག །སྣའི་རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །ལྕེའི་རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །ལུས་ཀྱི་རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །ཡིད་ཀྱི་ རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །མྱིག་གི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག །རྣ་བའི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག །སྣའི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག ། ལྕེའི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག །ལུས་ཀྱི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག །ཡིད་ཀྱི་འདུས་ཏེ་རེག་པར་རྟོག་པར་མ་བྱེད་ཅིག །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་ རྟོག་པར་མ་བྱེད་ཅིག །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་རྟོག་པར་མ་བྱེད་ཅིག །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་རྟོག་པར་མ་བྱེད་ཅིག །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བར་རྟོག་པར་མ་བྱེད་ཅིག །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་རྟོག་པར་མ་བྱེད་ཅིག །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་ 25-1-227b བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སའི་ཁམས་སུ་རྟོག་པར་མ་བྱེད་ཅིག །ཆུའི་ཁམས་སུ་རྟོག་པར་མ་བྱེད་ཅིག །མྱེའི་ཁམས་སུ་རྟོག་པར་མ་བྱེད་ཅིག །རླུང་གི་ཁམས་སུ་ རྟོག་པར་མ་བྱེད་ཅིག །ནམ་མཁའི་ཁམས་སུ་རྟོག་པར་མ་བྱེད་ཅིག །རྣམ་པར་ཤེས་པའི་ཁམས་སུ་རྟོག་པར་མ་བྱེད་ཅིག །མ་རིག་པར་རྟོག་པར་མ་བྱེད་ཅིག །འདུ་བྱེད་དུ་རྟོག་པར་མ་ བྱེད་ཅིག །རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །མྱིང་དང་གཟུགས་སུ་རྟོག་པར་མ་བྱེད་ཅིག །སྐྱེ་མཆེད་དྲུག་དུ་རྟོག་པར་མ་བྱེད་ཅིག །རེག་པར་རྟོག་པར་མ་བྱེད་ཅིག །ཚོར་བར་ རྟོག་པར་མ་བྱེད་ཅིག །སྲེད་པར་རྟོག་པར་མ་བྱེད་ཅིག །ལེན་པར་རྟོག་པར་མ་བྱེད་ཅིག །སྲིད་པར་རྟོག་པར་མ་བྱེད་ཅིག །སྐྱེ་བར་རྟོག་པར་མ་བྱེད་ཅིག །རྒ་ཤིར་རྟོག་པར་མ་བྱེད་ ཅིག །རིགས་ཀྱི་བུ་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བཟོད་ པའི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནང་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཕྱི་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཕྱི་ནང་ སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །སྟོང་པ་ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཆེན་པོ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དོན་དམ་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །འདུས་བྱས་ 25-1-228a སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །འདུས་མ་བྱས་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །མཐའ་ལས་འདས་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དོར་བ་མྱེད་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རང་བཞིན་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོག་པར་མ་ བྱེད་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །མྱི་དམྱིགས་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ངོ་བོ་ཉིད་ སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དྲན་པ་ཉེ་བར་ གཞག་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །ཡང་དག་པར་སྤོང་བ་རྣམས་སུ་རྟོག་པར་མ་བྱེད་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །དབང་པོ་རྣམས་སུ་རྟོག་པར་མ་ བྱེད་ཅིག །སྟོབས་རྣམས་སུ་རྟོག་པར་མ་བྱེད་ཅིག །བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་རྟོག་པར་མ་བྱེད་ཅིག །ལམ་རྣམས་སུ་རྟོག་པར་མ་བྱེད་ཅིག །འཕགས་པའི་བདེན་པ་རྣམས་སུ་ རྟོག་པར་མ་བྱེད་ཅིག །བསམ་གཏན་བཞིར་རྟོག་པར་མ་བྱེད་ཅིག །ཚད་མྱེད་པ་བཞིར་རྟོག་པར་མ་བྱེད་ཅིག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིར་རྟོག་པར་མ་བྱེད་ཅིག ། རྣམ་པར་ཐར་པ་བརྒྱད་དུ་རྟོག་པར་མ་བྱེད་ཅིག །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་རྟོག་པར་མ་བྱེད་ཅིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། 25-1-228b སྨོན་པ་མྱེད་པར་རྟོག་པར་མ་བྱེད་ཅིག །མངོན་པར་ཤེས་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །ཏིང་ངེ་འཛིན་རྣམས་སུ་རྟོག་པར་མ་བྱེད་ཅིག །གཟུངས་ཀྱི་སྒོ་རྣམས་སུ་རྟོག་པར་མ་བྱེད་ཅིག ། དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་རྟོག་པར་མ་བྱེད་ཅིག །མྱི་འཇིགས་པ་བཞིར་རྟོག་པར་མ་བྱེད་ཅིག །སོ་སོ་ཡང་དག་པར་རིག་པ་བཞིར་རྟོག་པར་མ་བྱེད་ཅིག །བྱམས་པ་ཆེན་ པོར་རྟོག་པར་མ་བྱེད་ཅིག །སྙིང་རྗེ་ཆེན་པོར་རྟོག་པར་མ་བྱེད་ཅིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་རྟོག་པར་མ་བྱེད་ཅིག །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་རྟོག་པར་མ་བྱེད་ཅིག །ཐམས་ཅད་ཤེས་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་པར་མ་ བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མ་བརྟགས་པའི་གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཚོར་བ་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འདུ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འདུ་བྱེད་ནི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱིག་ནི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྣ་ནི་རྣམ་པ་ཐམས་ཅད་མཁྱེན་ 25-1-229a པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལྕེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལུས་སུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཡིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྒྲ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དྲི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། ཡོངས་སུ་མ་བརྟགས་པའི་རོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རེག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་ སུ་མ་བརྟགས་པའི་ཆོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱིག་གི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣ་བའི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྣའི་རྣམ་པར་ཤེས་པ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལྕེའི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལུས་ ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། 25-1-229b ཡོངས་སུ་མ་བརྟགས་པའི་མྱིག་གི་འདུས་ཏེ་རེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣ་བའི་འདུས་ཏེ་རེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྣའི་འདུས་ཏེ་རེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལྕེའི་འདུས་ཏེ་རེག་པ་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལུས་ཀྱི་འདུས་ཏེ་རེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཡིད་ཀྱི་འདུས་ཏེ་རེག་པ་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་ བརྟགས་པའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་ མ་བརྟགས་པའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སའི་ཁམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཆུའི་ཁམས་ནི་རྣམ་པ་ 25-1-230a ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱེའི་ཁམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རླུང་གི་ཁམས་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ནམ་མཁའི་ཁམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣམ་པར་ ཤེས་པའི་ཁམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མ་རིག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ འདུ་བྱེད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣམ་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ མྱིང་དང་གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྐྱེ་མཆེད་དྲུག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ རེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཚོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྲེད་པ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྲིད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྐྱེ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྒ་ཤི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། 25-1-230b ཡོངས་སུ་མ་བརྟགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་ བརྟགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ནང་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། ཡོངས་སུ་མ་བརྟགས་པའི་ཕྱི་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཕྱི་ནང་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། ཡོངས་སུ་མ་བརྟགས་པའི་སྟོང་པ་ཉིད་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཆེན་པོ་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ བྱེད་དོ། །ཡོངས་སུ་མ་བརྟགས་པའི་དོན་དམ་པ་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འདུས་བྱས་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འདུས་མ་བྱས་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མཐའ་ལས་འདས་པ་སྟོང་པ་ཉིད་ནི་རྣམ་ 25-1-231a པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་ པའི་དོར་བ་མྱེད་པ་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རང་བཞིན་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་ སུ་མ་བརྟགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རང་གི་མཚན་ཉིད་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱི་དམྱིགས་པ་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དྲན་པ་ཉེ་བར་གཞག་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། ། ཡོངས་སུ་མ་བརྟགས་པའི་ཡང་དག་པར་སྤོང་བ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དབང་པོ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྟོབས་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 25-1-231b ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་ པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་འཕགས་པའི་བདེན་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་བསམ་ གཏན་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཚད་མྱེད་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣམ་པར་ཐར་པ་བརྒྱད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ བྱེད་དོ། །ཡོངས་སུ་མ་བརྟགས་པའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མངོན་པར་ཤེས་པ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཏིང་ངེ་འཛིན་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་གཟུངས་ཀྱི་སྒོ་རྣམས་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་མྱི་འཇིགས་ 25-1-232a པ་བཞི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་ མ་བརྟགས་པའི་བྱམས་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་སྙིང་རྗེ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་ བརྟགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ཐམས་ཅད་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དོ། །ཡོངས་སུ་མ་བརྟགས་པའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རིགས་ཀྱི་བུ་ཁྱོད་གཟུགས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་གཟུགས་སོ། །ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཚོར་བའོ། །འདུ་ཤེས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འདུ་ཤེས་སོ། །འདུ་བྱེད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འདུ་བྱེད་དོ། །རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་པར་ཤེས་པའོ། །མྱིག་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱིག་གོ། །རྣ་བ་ལ་འདོད་པ་མ་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣ་བའོ། །སྣ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྣའོ། །ལྕེ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། 25-1-232b རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལྕེའོ། །ལུས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལུས་སོ། །ཡིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ འདོད་པ་མྱེད་པ་ནི་ཡིད་དོ། །གཟུགས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་གཟུགས་སོ། །སྒྲ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་ པ་མྱེད་པ་ནི་སྒྲའོ། །དྲི་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དྲིའོ། །རོ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རོའོ། །རེག་ལ་ འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རེག་གོ། །ཆོས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཆོས་སོ། །མྱིག་གི་རྣམ་པར་ཤེས་པ་ ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་ པ་ནི་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ལ་འདོད་པ་མ་ སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལུས་ ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །མྱིག་གི་འདུས་ཏེ་རེག་པ་ལ་འདོད་ 25-1-233a པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་ པ་ནི་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ལ་འདོད་པ་མ་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལུས་ཀྱི་འདུས་ཏེ་ རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་ པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་ པ་མྱེད་པ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལྕེའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། ། 25-1-233b ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སའི་ཁམས་ལ་འདོད་ པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སའི་ཁམས་སོ། །ཆུའི་ཁམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཆུའི་ཁམས་སོ། ། མྱེའི་ཁམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱེའི་ཁམས་སོ། །རླུང་གི་ཁམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ ནི་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ལ་འདོད་པ་མ་སྐྱེད་ ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མ་རིག་པའོ། ། འདུ་བྱེད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འདུ་བྱེད་དོ། །རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་པར་ ཤེས་པའོ། །མྱིང་དང་གཟུགས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ ཀྱི་བུ་འདོད་པ་མྱེད་པ་ནི་སྐྱེ་མཆེད་དྲུག་གོ། །རེག་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རེག་པའོ། །ཚོར་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། 25-1-234a རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཚོར་བའོ། །སྲེད་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྲེད་པའོ། །ལེན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལེན་པའོ། །སྲིད་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྲིད་པའོ། །སྐྱེ་བ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ ཀྱི་བུ་འདོད་པ་མྱེད་པ་ནི་སྐྱེ་བའོ། །རྒ་ཤི་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ ཀྱི་བུ་འདོད་པ་མྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་ པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་ 25-1-234b མྱེད་པ་ནི་ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་ པ་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་ པ་མྱེད་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་ མྱེད་པ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་ མྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མྱི་དམྱིགས་པ་ 25-1-235a སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་འདོད་པ་མ་ སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་ མྱེད་པ་ནི་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་རྣམས་ལ་ འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དབང་པོ་རྣམས་སོ། །སྟོབས་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྟོབས་ རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། 25-1-235b རིགས་ཀྱི་བུ་འདོད་པ་མྱེད་པ་ནི་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་བསམ་གཏན་རྣམས་སོ། །ཚད་མྱེད་ པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཚད་མྱེད་པ་རྣམས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་ པར་ཐར་པ་བརྒྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ པ་དགུའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་ འཛིན་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་རྣམས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ འདོད་པ་མྱེད་པ་ནི་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ 25-1-236a སོ། །མྱི་འཇིགས་པ་བཞི་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་མྱི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་འདོད་པ་མ་སྐྱེད་ ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ བྱམས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་འདོད་པ་མ་སྐྱེད་ ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །ཐམས་ཅད་ཤེས་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་ པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རིགས་ཀྱི་བུ་ཁྱོད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རིགས་ཀྱི་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ལན་ཅིག་ ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ལ་འདོད་པ་མ་སྐྱེད་ 25-1-236b ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་རང་བྱང་ཆུབ་བོ། །བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མྱེད་པ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཆོས་རྣམས་ རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་ནི་དཀའ་བ་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་དེ་ལྟར་ཆོས་རྣམས་རང་གི་ མཚན་ཉིད་ཀྱིས་སྟོང་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ འདོད་པ་ནི་དཀའ་བ་བྱེད་པའོ། །རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨྱི་ལམ་ལྟ་བུར་རིག་ནས་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་གྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 25-1-237a བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་མགོན་དུ་འགྱུར་བར་བྱའོ་ཞེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་སྐྱབས་ སུ་འགྱུར་བར་བྱའོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ དག་པར་ཞུགས་སོ། །འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བར་བྱའོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་གླིང་དུ་འགྱུར་བར་བྱའོ་ཞེས་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་སྣང་བར་འགྱུར་བར་བྱའོ། །ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ སོ། །འཇིག་རྟེན་གྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་དང་། དེད་དཔོན་དང་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ་ཞེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། ། འཇིག་རྟེན་གྱི་ལམ་དུ་འགྱུར་བར་བྱའོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་ཅིང་འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཇི་གཏོང་བ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་རོ། །ཚུལ་ཁྲིམས་ 25-1-237b ཅི་སྲུང་བ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་རོ། །བཟོད་པ་ཅི་སྒོམ་པ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་ རོ། །བརྩོན་འགྲུས་ཅི་རྩོམ་པ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་རོ། །གང་བསམ་གཏན་ལ་མཉམ་པར་གཞོག་པ་དེ་ཐམས་ཅད་ཀྱང་སེམས་ཅན་ རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་རོ། །ཤེས་རབ་ཅི་སྒོམ་པ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་ཕན་པའི་ཕྱིར། ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སེམས་ཅན་རྣམས་འགྲོ་བའི་རྒྱུད་ལྔ་ནས་ཡོངས་སུ་བཏོན་ཅིང་། མྱི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །རབ་འབྱོར་ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ 25-1-238a ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་ སུ་བཀྲོལ་ཞིང་། མྱི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། འཁོར་བ་ན་ཡོད་པའི་སྡུག་བསྔལ་གང་ཅི་ཡང་རུང་སྟེ། དེ་དག་ལས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་ཅིང་། དེ་དག་སྤང་བའི་ཕྱིར་ཆོས་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་ 25-1-238b དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་སྐྱེ་བའི་ཆོས་ཅན་དང་སེམས་ཅན་རྒ་བའི་ཆོས་ཅན་དང་། སེམས་ཅན་ན་བའི་ཆོས་ཅན་དང་། སེམས་ཅན་འཆི་བའི་ཆོས་ཅན་དང་། སེམས་ཅན་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་སྐྱེ་ བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་བཀྲོལ་ཞིང་། ཕུང་པོ་མ་ལུས་པའི་མྱ་ངན་ ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱ་བར་འདོད་པ། འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པ། ཆོས་ཐམས་ཅད་འདྲེ་བ་མྱེད་པར་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་འདྲེ་བ་མ་མཆིས་པ་ལགས། 25-1-239a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་འབྲེལ་བ་མྱེད་པའོ། །གཟུགས་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མྱེད་པའོ། །གཟུགས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འགག་པ་མྱེད་པའོ། །གཟུགས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འདྲེ་བ་མྱེད་པའོ། །ཚོར་བའི་འདྲེ་བ་ མྱེད་པ་གང་ཡིན་པ་དེ་ནི་ཚོར་བའི་འབྲེལ་བ་མྱེད་པའོ། །ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ཚོར་བའི་སྐྱེ་བ་མྱེད་པའོ། །ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚོར་བའི་འགག་པ་མྱེད་པའོ། །ཚོར་ བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ཚོར་བའི་འདྲེ་བ་མྱེད་པའོ། །འདུ་ཤེས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འབྲེལ་པ་མྱེད་པའོ། །འདུ་ཤེས་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། འདུ་ཤེས་ ཀྱི་སྐྱེ་བ་མྱེད་པའོ། །འདུ་ཤེས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འགག་པ་མྱེད་པའོ། །འདུ་ཤེས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འདྲེ་བ་མྱེད་པའོ། །འདུ་བྱེད་ཀྱི་འདྲེ་བ་མྱེད་པ་ གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འབྲེལ་པ་མྱེད་པའོ། །འདུ་བྱེད་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་སྐྱེ་བ་མྱེད་པའོ། །འདུ་བྱེད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འགག་པ་མྱེད་པའོ། ། འདུ་བྱེད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་འདྲེ་བ་མྱེད་པའོ། །རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །རྣམ་པར་ཤེས་པའི་འབྲེལ་པ་མྱེད་ པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ 25-1-239b ཡིན་པ་དེ་ནི། རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །མྱིག་གི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འབྲེལ་པ་མྱེད་པའོ། །མྱིག་གི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་སྐྱེ་བ་མྱེད་པའོ། ། མྱིག་གི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འགག་པ་མྱེད་པའོ། །མྱིག་གི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདྲེ་བ་མྱེད་པའོ། །རྣ་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་འབྲེལ་པ་མྱེད་པ་ འོ། །རྣ་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་སྐྱེ་བ་མྱེད་པའོ། །རྣ་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་འགག་པ་མྱེད་པའོ། །རྣ་བའི་འགག་པའི་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་འདྲེ་བ་མྱེད་པའོ། ། སྣའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་སྣའི་འབྲེལ་པ་མྱེད་པའོ། །སྣའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་སྣའི་སྐྱེ་བ་མྱེད་པའོ། །སྣའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་སྣའི་འགག་པ་མྱེད་པའོ། །སྣའི་ འགག་པ་མྱེད་པ་གང་ཡིན་པ་དེ་ནི་སྣའི་འདྲེ་བ་མྱེད་པའོ། །ལྕེའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ལྕེའི་འབྲེལ་པ་མྱེད་པའོ། །ལྕེའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ལྕེའི་སྐྱེ་བ་མྱེད་པའོ། །ལྕེའི་སྐྱེ་བ་མྱེད་ པ་གང་ཡིན་པ་དེ་ནི་ལྕེའི་འགག་པ་མྱེད་པའོ། །ལྕེའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ལྕེའི་འདྲེ་བ་མྱེད་པའོ། །ལུས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་འབྲེལ་པ་མྱེད་པའོ། །ལུས་ཀྱི་ འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་སྐྱེ་བ་མྱེད་པའོ། །ལུས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་འགག་པ་མྱེད་པའོ། །ལུས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་འདྲེ་བ་ མྱེད་པའོ། །ཡིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་འབྲེལ་པ་མྱེད་པའོ། །ཡིད་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་སྐྱེ་བ་མྱེད་པའོ། །ཡིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་ 25-1-240a ཡིད་ཀྱི་འགག་པ་མྱེད་པའོ། །ཡིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་འདྲེ་བ་མྱེད་པའོ། །གཟུགས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འབྲེལ་པ་མྱེད་པའོ། ། གཟུགས་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མྱེད་པའོ། །གཟུགས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འགག་པ་མྱེད་པའོ། །གཟུགས་ཀྱི་འགག་པ་མྱེད་པ་གང་ ཡིན་པ་དེ་ནི་གཟུགས་ཀྱི་འདྲེ་བ་མྱེད་པའོ། །སྒྲའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་སྒྲའི་འབྲེལ་པ་མྱེད་པའོ། །སྒྲའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་སྒྲའི་སྐྱེ་བ་མྱེད་པའོ། །སྒྲའི་སྐྱེ་བ་མྱེད་པ་གང་ ཡིན་པ་དེ་ནི་སྒྲའི་འགག་པ་མྱེད་པའོ། །སྒྲའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་སྒྲའི་འདྲེ་བ་མྱེད་པའོ། །དྲིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་དྲིའི་འབྲེལ་པ་མྱེད་པའོ། །དྲིའི་འབྲེལ་པ་མྱེད་པ་གང་ཡིན་པ་ དེ་ནི་དྲིའི་སྐྱེ་བ་མྱེད་པའོ། །དྲིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་དྲིའི་འགག་པ་མྱེད་པའོ། །དྲིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་དྲིའི་འདྲེ་བ་མྱེད་པའོ། །རོའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་རོའི་འབྲེལ་པ་ མྱེད་པའོ། །རོའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་རོའི་སྐྱེ་བ་མྱེད་པའོ། །རོའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་རོའི་འགག་པ་མྱེད་པའོ། །རོའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་རོའི་འདྲེ་བ་མྱེད་པའོ། །རེག་གི་འདྲེ་ བ་མྱེད་པ་གང་ཡིན་པ་དེ་ནི་རེག་གི་འབྲེལ་པ་མྱེད་པའོ། །རེག་གི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་རེག་གི་སྐྱེ་བ་མྱེད་པའོ། །རེག་གི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་རེག་གི་འགག་པ་མྱེད་པའོ། །རེག་གི་འགག་པ་ མྱེད་པ་གང་ཡིན་པ་དེ་ནི་རེག་གི་འདྲེ་བ་མྱེད་པའོ། །ཆོས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་འབྲེལ་པ་མྱེད་པའོ། །ཆོས་ཀྱི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐྱེ་བ་མྱེད་པའོ། །ཆོས་ཀྱི་སྐྱེ་བ་མྱེད་ 25-1-240b པ་གང་ཡིན་པ་དེ་ནི་ཆོས་ཀྱི་འགག་པ་མྱེད་པའོ། །ཆོས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་འདྲེ་བ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ ཤེས་པའི་འབྲེལ་པ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་ དེ་ནི་མྱིག་གི་རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པའི་ འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །རྣ་བའི་རྣམ་ པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། ། སྣའི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །སྣའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་པའི་སྐྱེ་བ་ མྱེད་པའོ། །སྣའི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །སྣའི་རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་ པའི་འདྲེ་བ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི་ 25-1-241a ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པའི་འགག་ པ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །ལུས་ ཀྱི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པའི་ འགག་པ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ ཀྱི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་ འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པའོ། །མྱིག་གི་འདུས་ ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་འགག་པ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། ། 25-1-241b རྣ་བའི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་ སྐྱེ་བ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་འགག་པ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་ འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་འགག་པ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པ་གང་ཡིན་པ་ དེ་ནི། ལྕེའི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་འགག་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་འགག་པ་མྱེད་པ་གང་ཡིན་ པ་དེ་ནི་ལྕེའི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་འབྲེལ་ པ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་འགག་པ་མྱེད་པའོ། །ལུས་ཀྱི་འདུས་ཏེ་ 25-1-242a རེག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་འབྲེལ་ པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་ རེག་པའི་འགག་པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་འདྲེ་བ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་ པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་སྐྱེ་བ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །མྱིག་གི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པ་གང་ ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་སྐྱེ་བ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །རྣ་བའི་འདུས་ཏེ་ 25-1-242b རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པ་གང་ཡིན་ པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ སྐྱེ་བ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་ པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པའོ། ། 25-1-243a ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འབྲེལ་པ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པའོ། ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགག་པ་ མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདྲེ་བ་མྱེད་པའོ། །སའི་ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སའི་ཁམས་ཀྱི་འབྲེལ་པ་མྱེད་པའོ། །སའི་ཁམས་ཀྱི་འབྲེལ་ བ་མྱེད་པ་གང་ཡིན་པ་དེ་ནི། སའི་ཁམས་ཀྱི་སྐྱེ་བ་མྱེད་པའོ། །སའི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སའི་ཁམས་ཀྱི་འགག་པ་མྱེད་པའོ། །སའི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སའི་ཁམས་ཀྱི་འདྲེ་བ་མྱེད་པའོ། །ཆུའི་ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་ཀྱི་འབྲེལ་བ་མྱེད་པའོ། །ཆུའི་ཁམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་ཀྱི་སྐྱེ་བ་ མྱེད་པའོ། །ཆུའི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་ཀྱི་འགག་པ་མྱེད་པའོ། །ཆུའི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་ཀྱི་འདྲེ་བ་མྱེད་པའོ། །མྱེའི་ 25-1-243b ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱེའི་ཁམས་ཀྱི་འབྲེལ་བ་མྱེད་པའོ། །མྱེའི་ཁམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མྱེའི་ཁམས་ཀྱི་སྐྱེ་བ་མྱེད་པའོ། །མྱེའི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ ཡིན་པ་དེ་ནི། མྱེའི་ཁམས་ཀྱི་འགག་པ་མྱེད་པའོ། །མྱེའི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མྱེའི་ཁམས་ཀྱི་འདྲེ་བ་མྱེད་པའོ། །རླུང་གི་ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་ཀྱི་ འབྲེལ་བ་མྱེད་པའོ། །རླུང་གི་ཁམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་ཀྱི་སྐྱེ་བ་མྱེད་པའོ། །རླུང་གི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་ཀྱི་འགག་པ་མྱེད་པའོ། ། རླུང་གི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་ཀྱི་འདྲེ་བ་མྱེད་པའོ། །ནམ་མཁའི་ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་ཀྱི་འབྲེལ་བ་མྱེད་པའོ། །ནམ་ མཁའི་ཁམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་ཀྱི་སྐྱེ་བ་མྱེད་པའོ། །ནམ་མཁའི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་ཀྱི་འགག་པ་མྱེད་པའོ། །ནམ་ མཁའི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་ཀྱི་འདྲེ་བ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་ཀྱི་འབྲེལ་བ་མྱེད་ པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ ཁམས་ཀྱི་འགག་པ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་ཀྱི་འདྲེ་བ་མྱེད་པའོ། །མ་རིག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། 25-1-244a མ་རིག་པའི་འབྲེལ་བ་མྱེད་པའོ། །མ་རིག་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མ་རིག་པའི་སྐྱེ་བ་མྱེད་པའོ། །མ་རིག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མ་རིག་པའི་འགག་ པ་མྱེད་པའོ། །མ་རིག་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མ་རིག་པའི་འདྲེ་བ་མྱེད་པའོ། །འདུ་བྱེད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འབྲེལ་བ་མྱེད་པའོ། །འདུ་བྱེད་ ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་སྐྱེ་བ་མྱེད་པའོ། །འདུ་བྱེད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འགག་པ་མྱེད་པའོ། །འདུ་བྱེད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འདྲེ་བ་མྱེད་པའོ། །རྣམ་པར་ཤེས་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འབྲེལ་བ་མྱེད་པའོ། །རྣམ་པར་ཤེས་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མྱེད་ པའོ། །རྣམ་པར་ཤེས་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འགག་པ་མྱེད་པའོ། །རྣམ་པར་ཤེས་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འདྲེ་བ་མྱེད་པའོ། །མྱིང་དང་ གཟུགས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་ཀྱི་འབྲེལ་བ་མྱེད་པའོ། །མྱིང་དང་གཟུགས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་ཀྱི་སྐྱེ་བ་མྱེད་པའོ། །མྱིང་དང་གཟུགས་ ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་ཀྱི་འགག་པ་མྱེད་པའོ། །མྱིང་དང་གཟུགས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་ཀྱི་འདྲེ་བ་མྱེད་པའོ། །སྐྱེ་མཆེད་དྲུག་ གི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་གི་འབྲེལ་བ་མྱེད་པའོ། །སྐྱེ་མཆེད་དྲུག་གི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་གི་སྐྱེ་བ་མྱེད་པའོ། །སྐྱེ་མཆེད་དྲུག་གི་སྐྱེ་བ་མྱེད་པ་གང་ 25-1-244b ཡིན་པ་དེ་ནི། སྐྱེ་མཆེད་དྲུག་གི་འགག་པ་མྱེད་པའོ། །སྐྱེ་མཆེད་དྲུག་གི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་གི་འདྲེ་བ་མྱེད་པའོ། །རེག་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རེག་པའི་ འབྲེལ་བ་མྱེད་པའོ། །རེག་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རེག་པའི་སྐྱེ་བ་མྱེད་པའོ། །རེག་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རེག་པའི་འགག་པ་མྱེད་པའོ། །རེག་པའི་འགག་པ་མྱེད་པ་གང་ ཡིན་པ་དེ་ནི། རེག་པའི་འདྲེ་བ་མྱེད་པའོ། །ཚོར་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚོར་བའི་འབྲེལ་བ་མྱེད་པའོ། །ཚོར་བའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཚོར་བའི་སྐྱེ་བ་མྱེད་པའོ། །ཚོར་བའི་ སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚོར་བའི་འགག་པ་མྱེད་པའོ། །ཚོར་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཚོར་བའི་འདྲེ་བ་མྱེད་པའོ། །སྲེད་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྲེད་པའི་འབྲེལ་བ་མྱེད་པའོ། ། སྲེད་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྲེད་པའི་སྐྱེ་བ་མྱེད་པའོ། །སྲེད་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྲེད་པའི་འགག་པ་མྱེད་པའོ། །སྲེད་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྲེད་པའི་ འདྲེ་བ་མྱེད་པའོ། །ལེན་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལེན་པའི་འབྲེལ་བ་མྱེད་པའོ། །ལེན་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ལེན་པའི་སྐྱེ་བ་མྱེད་པའོ། །ལེན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་ དེ་ནི། ལེན་པའི་འགག་པ་མྱེད་པའོ། །ལེན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལེན་པའི་འདྲེ་བ་མྱེད་པའོ། །སྲིད་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྲིད་པའི་འབྲེལ་བ་མྱེད་པའོ། །སྲིད་པའི་འབྲེལ་བ་ མྱེད་པ་གང་ཡིན་པ་དེ་ནི། སྲིད་པའི་སྐྱེ་བ་མྱེད་པའོ། །སྲིད་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྲིད་པའི་འགག་པ་མྱེད་པའོ། །སྲིད་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྲིད་པའི་འདྲེ་བ་མྱེད་པའོ། ། 25-1-245a སྐྱེ་བའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་བའི་འབྲེལ་བ་མྱེད་པའོ། །སྐྱེ་བའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་བའི་སྐྱེ་བ་མྱེད་པའོ། །སྐྱེ་བའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་བའི་འགག་ པ་མྱེད་པའོ། །སྐྱེ་བའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྐྱེ་བའི་འདྲེ་བ་མྱེད་པའོ། །རྒ་ཤིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྒ་ཤིའི་འབྲེལ་བ་མྱེད་པའོ། །རྒ་ཤིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྒ་ཤིའི་སྐྱེ་བ་མྱེད་པའོ། །རྒ་ཤིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྒ་ཤིའི་འགག་པ་མྱེད་པའོ། །རྒ་ཤིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྒ་ཤིའི་འདྲེ་བ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདྲེ་ བ་མྱེད་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། །སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ འདྲེ་བ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་ མྱེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་ མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པ་གང་ཡིན་ 25-1-245b པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་ པའི་འདྲེ་བ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་ བ་མྱེད་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་ མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པ་གང་ཡིན་ པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པའོ། །ཤེས་རབ་ཀྱི་ཕ་ 25-1-246a རོལ་ཏུ་ཕྱིན་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་འགག་པ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདྲེ་བ་མྱེད་པའོ། །ནང་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་ པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ནང་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །ནང་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་ཀྱི་ འབྲེལ་བ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། ། ཕྱི་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ཕྱི་ནང་སྟོང་ པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ 25-1-246b ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ཆེན་པོ་སྟོང་པ་ ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །ཆེན་པོ་སྟོང་པ་ ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །དོན་ དམ་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་འགག་ པ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། འདུས་བྱས་ སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ ནི། འདུས་བྱས་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འདྲེ་ 25-1-247a བ་མྱེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་ པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་ སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འགག་ པ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་ པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་ གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། ། 25-1-247b དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་ པ་ཉིད་ཀྱི་འགག་པ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ཆོས་ ཐམས་ཅད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འགག་པ་མྱེད་ པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །རང་གི་ མཚན་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་ 25-1-248a པ་ཉིད་ཀྱི་འགག་པ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འདྲེ་བ་ མྱེད་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །མྱི་ དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་ པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །དངོས་པོ་མྱེད་པ་ སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་ པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགག་ པ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་ 25-1-248b མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འབྲེལ་བ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་ པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འབྲེལ་བ་མྱེད་པའོ། ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དྲན་ པ་ཉེ་བར་གཞག་པ་རྣམས་ཀྱི་འགག་པ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འདྲེ་བ་མྱེད་པའོ། །ཡང་དག་པར་སྤོང་ བ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་འབྲེལ་བ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་ སྐྱེ་བ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་འགག་པ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་ དེ་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་འདྲེ་བ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འབྲེལ་བ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་ 25-1-249a པ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ ཀྱི་འགག་པ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འདྲེ་བ་མྱེད་པའོ། །དབང་པོ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དབང་ པོ་རྣམས་ཀྱི་འབྲེལ་བ་མྱེད་པའོ། །དབང་པོ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་ཀྱི་སྐྱེ་བ་མྱེད་པའོ། །དབང་པོ་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་ ཀྱི་འགག་པ་མྱེད་པའོ། །དབང་པོ་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་ཀྱི་འདྲེ་བ་མྱེད་པའོ། །སྟོབས་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོབས་རྣམས་ཀྱི་འབྲེལ་ བ་མྱེད་པའོ། །སྟོབས་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོབས་རྣམས་ཀྱི་སྐྱེ་བ་མྱེད་པའོ། །སྟོབས་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྟོབས་རྣམས་ཀྱི་འགག་པ་མྱེད་པའོ། ། སྟོབས་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སྟོབས་རྣམས་ཀྱི་འདྲེ་བ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འབྲེལ་བ་ མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགག་པ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འདྲེ་བ་མྱེད་པའོ། །འཕགས་པའི་ 25-1-249b ལམ་ཡན་ལག་བརྒྱད་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འབྲེལ་བ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགག་པ་མྱེད་ པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འདྲེ་བ་མྱེད་པའོ། །འཕགས་པའི་བདེན་པ་བཞིའི་འདྲེ་བ་མྱེད་པ་ གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་བཞིའི་འབྲེལ་བ་མྱེད་པའོ། །འཕགས་པའི་བདེན་པ་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་བཞིའི་སྐྱེ་བ་མྱེད་པའོ། །འཕགས་ པའི་བདེན་པ་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་བཞིའི་འགག་པ་མྱེད་པའོ། །འཕགས་པའི་བདེན་པ་བཞིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་ བཞིའི་འདྲེ་བ་མྱེད་པའོ། །བསམ་གཏན་བཞིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་བཞིའི་འབྲེལ་བ་མྱེད་པའོ། །བསམ་གཏན་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། བསམ་ གཏན་བཞིའི་སྐྱེ་བ་མྱེད་པའོ། །བསམ་གཏན་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་བཞིའི་འགག་པ་མྱེད་པའོ། །བསམ་གཏན་བཞིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་བཞིའི་འདྲེ་བ་མྱེད་པའོ། །ཚད་མྱེད་པ་བཞིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚད་མྱེད་པ་བཞིའི་འབྲེལ་བ་མྱེད་པའོ། །ཚད་མྱེད་པ་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། 25-1-250a ཚད་མྱེད་པ་བཞིའི་སྐྱེ་བ་མྱེད་པའོ། །ཚད་མྱེད་པ་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཚད་མྱེད་པ་བཞིའི་འགག་པ་མྱེད་པའོ། །ཚད་མྱེད་པ་བཞིའི་འགག་པ་མྱེད་པ་གང་ཡིན་ པ་དེ་ནི། ཚད་མྱེད་པ་བཞིའི་འདྲེ་བ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འབྲེལ་བ་ མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་སྐྱེ་བ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འགག་པ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འགག་པ་མྱེད་པ་ གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་འདྲེ་བ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་འབྲེལ་བ་མྱེད་པའོ། ། རྣམ་པར་ཐར་པ་བརྒྱད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་སྐྱེ་བ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་ འགག་པ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་འདྲེ་བ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་འབྲེལ་བ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་འབྲེལ་བ་མྱེད་པ་གང་ཡིན་ 25-1-250b པ་དེ་ནི། མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་སྐྱེ་བ་མྱེད་པའོ། །མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་གནས་པའི་སྙོམས་པར་ འཇུག་པ་དགུའི་འགག་པ་མྱེད་པའོ། །མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་འདྲེ་བ་མྱེད་པའོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ འབྲེལ་བ་མྱེད་པའོ། །རྣམ་པར་ཐར་པ་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པའི་སྐྱེ་བ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འགག་པ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འདྲེ་བ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་ རྣམས་ཀྱི་འབྲེལ་བ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་ཀྱི་སྐྱེ་བ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱི་སྐྱེ་བ་མྱེད་ 25-1-251a པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་ཀྱི་འགག་པ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་ཀྱི་འདྲེ་བ་ མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་ཀྱི་འབྲེལ་བ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་ ཀྱི་སྐྱེ་བ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་ཀྱི་འགག་པ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་ རྣམས་ཀྱི་འདྲེ་བ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་འབྲེལ་བ་མྱེད་པའོ། །གཟུགས་ཀྱི་སྒོ་རྣམས་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་འགག་པ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་འགག་པ་མྱེད་པ་ གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་འདྲེ་བ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་འབྲེལ་བ་མྱེད་པའོ། ། དེ་བཞིན་གཤེགས་པའི་སྟོབས་བཅུའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྐྱེ་བ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་འགག་པ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་འདྲེ་བ་མྱེད་པའོ། །མྱི་ 25-1-251b འཇིགས་པ་བཞིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་འབྲེལ་བ་མྱེད་པའོ། །མྱི་འཇིགས་པ་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་སྐྱེ་བ་མྱེད་པའོ། ། མྱི་འཇིགས་པ་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་འགག་པ་མྱེད་པའོ། །མྱི་འཇིགས་པ་བཞིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་འདྲེ་བ་མྱེད་པའོ། ། སོ་སོ་ཡང་དག་པར་རིག་པ་བཞིའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞིའི་འབྲེལ་བ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞིའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སོ་སོ་ ཡང་དག་པར་རིག་པ་བཞིའི་སྐྱེ་བ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞིའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞིའི་འགག་པ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་ བཞིའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞིའི་འདྲེ་བ་མྱེད་པའོ། །བྱམས་པ་ཆེན་པོའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་འབྲེལ་བ་མྱེད་པའོ། །བྱམས་ པ་ཆེན་པོའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་སྐྱེ་བ་མྱེད་པའོ། །བྱམས་པ་ཆེན་པོའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་འགག་པ་མྱེད་པའོ། །བྱམས་པ་ ཆེན་པོའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་འདྲེ་བ་མྱེད་པའོ། །སྙིང་རྗེ་ཆེན་པོའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་འབྲེལ་བ་མྱེད་པའོ། །སྙིང་རྗེ་ཆེན་པོའི་ འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་སྐྱེ་བ་མྱེད་པའོ། །སྙིང་རྗེ་ཆེན་པོའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་འགག་པ་མྱེད་པའོ། །སྙིང་རྗེ་ཆེན་པོའི་འགག་པ་མྱེད་པ་གང་ 25-1-252a ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་འདྲེ་བ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འབྲེལ་ བ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྐྱེ་བ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འགག་པ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ཀྱི་འདྲེ་བ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་འབྲེལ་བ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འབྲེལ་ བ་མྱེད་པ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་འགག་པ་མྱེད་པའོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདྲེ་བ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་ འབྲས་བུའི་འབྲེལ་བ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་ མྱེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འགག་པ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདྲེ་བ་མྱེད་པའོ། ། 25-1-252b ཕྱིར་མྱི་འོང་བའི་འབྲས་བུའི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུའི་འབྲེལ་བ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུའི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བ་ མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུའི་འགག་པ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུའི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་ འབྲས་བུའི་འདྲེ་བ་མྱེད་པའོ། །དགྲ་བཅོམ་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །དགྲ་བཅོམ་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་ ཀྱི་སྐྱེ་བ་མྱེད་པའོ། །དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་ཀྱི་འགག་པ་མྱེད་པའོ། །དགྲ་བཅོམ་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་ཀྱི་འདྲེ་བ་ མྱེད་པའོ། །རང་བྱང་ཆུབ་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རང་བྱང་ཆུབ་ཀྱི་འབྲེལ་བ་མྱེད་པའོ། །རང་བྱང་ཆུབ་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། རང་བྱང་ཆུབ་ཀྱི་སྐྱེ་བ་མྱེད་པའོ། །རང་བྱང་ཆུབ་ཀྱི་སྐྱེ་བ་ མྱེད་པ་གང་ཡིན་པ་དེ་ནི། རང་བྱང་ཆུབ་ཀྱི་འགག་པ་མྱེད་པའོ། །རང་བྱང་ཆུབ་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རང་བྱང་ཆུབ་ཀྱི་འདྲེ་བ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འབྲེལ་བ་མྱེད་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །ལམ་གྱི་རྣམ་པ་ ཤེས་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འགག་པ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འདྲེ་ 25-1-253a བ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འདྲེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲེལ་བ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲེལ་ བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགག་པ་ མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགག་པ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འདྲེ་བ་མྱེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཆོས་ཐམས་ཅད་འདྲེ་བ་མྱེད་པར་ཆོས་སྟོན་ཏོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་འདི་ལྟར་ཆོས་སྟོན་ཏོ། །གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ཚོར་བའི་ཕ་རོལ་གང་ཡིན་ པ་དེ་ནི་ཚོར་བ་མ་ཡིན་ནོ། །འདུ་ཤེས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན་ནོ། །འདུ་བྱེད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ 25-1-253b མ་ཡིན་ནོ། །མྱིག་གི་ཕ་རོལ་གང་ཡིན་པ་དེ་ནི་མྱིག་མ་ཡིན་ནོ། །རྣ་བའི་ཕ་རོལ་གང་ཡིན་པ་དེ་ནི་རྣ་བ་མ་ཡིན་ནོ། །སྣའི་ཕ་རོལ་གང་ཡིན་པ་དེ་ནི་སྣ་མ་ཡིན་ནོ། །ལྕེའི་ཕ་རོལ་གང་ཡིན་པ་དེ་ནི་ལྕེ་མ་ཡིན་ ནོ། །ལུས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ལུས་མ་ཡིན་ནོ། །ཡིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཡིད་མ་ཡིན་ནོ། །གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །སྒྲའི་ཕ་རོལ་གང་ཡིན་པ་དེ་ནི་ སྒྲ་མ་ཡིན་ནོ། །དྲིའི་ཕ་རོལ་གང་ཡིན་པ་དེ་ནི་དྲི་མ་ཡིན་ནོ། །རོའི་ཕ་རོལ་གང་ཡིན་པ་དེ་ནི་རོ་མ་ཡིན་ནོ། །རེག་གི་ཕ་རོལ་གང་ཡིན་པ་དེ་ནི་རེག་མ་ཡིན་ནོ། །ཆོས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་མ་ ཡིན་ནོ། །མྱིག་གི་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི། མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །སྣ་ འི་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པའི་ཕ་ རོལ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་ དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་ རེག་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཡིད་ཀྱི་ 25-1-254a འདུས་ཏེ་རེག་པའི་ཕ་རོལ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་ རོལ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་གང་ ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །སའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་སའི་ཁམས་མ་ཡིན་ནོ། །ཆུའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆུའི་ཁམས་མ་ཡིན་ ནོ། །མྱེའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་མྱེའི་ཁམས་མ་ཡིན་ནོ། །རླུང་གི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་རླུང་གི་ཁམས་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ནམ་མཁའི་ ཁམས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །མ་རིག་པའི་ཕ་རོལ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན་ནོ། །འདུ་བྱེད་ཀྱི་ཕ་ རོལ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་མྱིང་དང་གཟུགས་མ་ཡིན་ནོ། ། 25-1-254b སྐྱེ་མཆེད་དྲུག་གི་ཕ་རོལ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་མ་ཡིན་ནོ། །རེག་པའི་ཕ་རོལ་གང་ཡིན་པ་དེ་ནི་རེག་པ་མ་ཡིན་ནོ། །ཚོར་བའི་ཕ་རོལ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན་ནོ། །སྲེད་པའི་ཕ་རོལ་གང་ ཡིན་པ་དེ་ནི། སྲེད་པ་མ་ཡིན་ནོ། །ལེན་པའི་ཕ་རོལ་གང་ཡིན་པ་དེ་ནི་ལེན་པ་མ་ཡིན་ནོ། །སྲིད་པའི་ཕ་རོལ་གང་ཡིན་པ་དེ་ནི་སྲིད་པ་མ་ཡིན་ནོ། །སྐྱེ་བའི་ཕ་རོལ་གང་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ནོ། ། རྒ་ཤིའི་ཕ་རོལ་གང་ཡིན་པ་དེ་ནི་རྒ་ཤི་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་ རོལ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱི་ཕ་རོལ་གང་ ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་ མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །འདུས་ 25-1-255a བྱས་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་ པ་ཉིད་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་མ་ཡིན་ ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་ རྣམས་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །དབང་པོ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དབང་པོ་རྣམས་མ་ཡིན་ནོ། ། 25-1-255b སྟོབས་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། སྟོབས་རྣམས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པའི་ཕ་རོལ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །འཕགས་པའི་བདེན་པ་བཞིའི་ཕ་རོལ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་བཞི་མ་ཡིན་ནོ། ། བསམ་གཏན་བཞིའི་ཕ་རོལ་གང་ཡིན་པ་དེ་ནི། བསམ་གཏན་བཞི་མ་ཡིན་ནོ། །ཚད་མྱེད་པ་བཞིའི་ཕ་རོལ་གང་ཡིན་པ་དེ་ནི། ཚད་མྱེད་པ་བཞི་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པ་འཇུག་པ་རྣམས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་མ་ཡིན་ནོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུའི་ཕ་རོལ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། མངོན་པར་ ཤེས་པ་རྣམས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན་ ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕ་རོལ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན་ནོ། །མྱི་འཇིགས་པ་བཞིའི་ཕ་རོལ་གང་ཡིན་པ་དེ་ནི། མྱི་འཇིགས་པ་ 25-1-256a མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞིའི་ཕ་རོལ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན་ནོ། །བྱམས་པ་ཆེན་པོའི་ཕ་རོལ་གང་ཡིན་པ་དེ་ནི། བྱམས་ པ་ཆེན་པོ་མ་ཡིན་ནོ། །སྙིང་རྗེ་ཆེན་པོའི་ཕ་རོལ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕ་རོལ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕ་རོལ་གང་ཡིན་པ་དེ་ནི། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུའི་ཕ་རོལ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ ཉིད་མ་ཡིན་ནོ། །རང་བྱང་ཆུབ་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རང་བྱང་ཆུབ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །རབ་འབྱོར་གཟུགས་ནི་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །གསོལ་པ། གང་བཅོམ་ལྡན་ འདས་ཀྱིས་གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ མངོན་པར་སངས་རྒྱས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་ 25-1-256b མཆིས་སོ། །འདུ་ཤེས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །འདུ་བྱེད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་ གང་ཡང་མ་མཆིས་སོ། །མྱིག་གི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣ་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྣའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་ མཆིས་སོ། །ལྕེའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལུས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཡིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །གཟུགས་ ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྒྲའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དྲིའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རོའི་ཕ་རོལ་ན་རྣམ་པར་རྟོག་པ་ གང་ཡང་མ་མཆིས་སོ། །རེག་གི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཆོས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མྱིག་གི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྣའི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལྕེའི་ རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྣའི་ 25-1-257a འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་ པར་རྟོག་པ་གང་ཡང་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་ མཆིས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཆུའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་ སོ། །མྱེའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རླུང་གི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ནམ་མཁའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་ མཆིས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མ་རིག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །འདུ་བྱེད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་ མ་མཆིས་སོ། །རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མྱིང་དང་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྐྱེ་མཆེད་དྲུག་གི་ཕ་རོལ་ན་རྣམ་པར་རྟོག་པ་ 25-1-257b གང་ཡང་མ་མཆིས་སོ། །རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྲེད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། ། ལེན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྲིད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྐྱེ་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྒ་ཤིའི་ཕ་རོལ་ན་རྣམ་ པར་རྟོག་པ་གང་ཡང་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ནང་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་ མ་མཆིས་སོ། །ཕྱི་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་ པར་རྟོག་པ་གང་ཡང་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །འདུས་ བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་ 25-1-258a པར་རྟོག་པ་གང་ཡང་མ་མཆིས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ ཡང་མ་མཆིས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་ པར་རྟོག་པ་གང་ཡང་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་ སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དབང་པོ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྟོབས་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ ཡང་མ་མཆིས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་ མཆིས་སོ། །འཕགས་པའི་བདེན་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །བསམ་གཏན་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཚད་མྱེད་པ་ 25-1-258b རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣམ་པར་ཐར་པ་བརྒྱད་ཀྱི་ ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་ ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་ གང་ཡང་མ་མཆིས་སོ། །མྱི་འཇིགས་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །བྱམས་པ་ ཆེན་པོའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སྙིང་རྗེ་ཆེན་པོའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མ་མཆིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་ སོ། །ཕྱིར་མྱི་འོང་བའི་འབྲས་བུའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །དགྲ་བཅོམ་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རང་བྱང་ཆུབ་ཀྱི་ཕ་རོལ་ན་ 25-1-259a རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མ་མཆིས་སོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གོ། །འདི་ནི་རྣ་བའོ། །འདི་ནི་སྣའོ། ། འདི་ནི་ལྕེའོ། །འདི་ནི་ལུས་སོ། །འདི་ནི་ཡིད་དོ། །འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །འདི་ནི་དྲིའོ། །འདི་ནི་རོའོ། །འདི་ནི་རེག་གོ། །འདི་ནི་ཆོས་སོ། །འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདི་ནི་ རྣ་བའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའོ། །འདི་ནི་ལྕེའི་རྣམ་པར་ཤེས་པའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གི་འདུས་ ཏེ་རེག་པའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདི་ནི་སྣའི་འདུས་ཏེ་རེག་པའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སའི་ཁམས་སོ། །འདི་ནི་ཆུའི་ཁམས་སོ། །འདི་ནི་མྱེའི་ཁམས་སོ། ། འདི་ནི་རླུང་གི་ཁམས་སོ། །འདི་ནི་ནམ་མཁའི་ཁམས་སོ། །འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་མ་རིག་པའོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིང་དང་གཟུགས་ 25-1-259b སོ། །འདི་ནི་སྐྱེ་མཆེད་དྲུག་གོ། །འདི་ནི་རེག་པའོ། །འདི་ནི་ཚོར་བའོ། །འདི་ནི་སྲེད་པའོ། །འདི་ནི་ལེན་པའོ། །འདི་ནི་སྲིད་པའོ། །འདི་ནི་སྐྱེ་བའོ། །འདི་ནི་རྒ་ཤིའོ། །འདི་ནི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་ པ་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་ སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ སོ། །འདི་ནི་དབང་པོ་རྣམས་སོ། །འདི་ནི་སྟོབས་རྣམས་སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་ནི་ བསམ་གཏན་རྣམས་སོ། །འདི་ནི་ཚད་མྱེད་པ་རྣམས་སོ། །འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ 25-1-260a པ་དགུའོ། །འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །འདི་ནི་མངོན་པར་ཤེས་པ་རྣམས་སོ། །འདི་ནི་ཏིང་ངེ་འཛིན་རྣམས་སོ། །འདི་ནི་གཟུངས་ ཀྱི་སྒོ་རྣམས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་ནི་མྱི་འཇིགས་པ་བཞིའོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའོ། ། འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །འདི་ནི་དགྲ་བཅོམ་ པ་ཉིད་དོ། །འདི་ནི་རང་བྱང་ཆུབ་བོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བགྱི་བའི་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདུ་ཤེས་ཀྱི་ཕ་རོལ་ན་ རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདུ་བྱེད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མྱིག་གི་ཕ་རོལ་ན་རྣམ་པར་རྟོག་པ་གང་ ཡང་མ་མཆིས་སོ། །རྣ་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྣའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལྕེའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལུས་ཀྱི་ཕ་རོལ་ན་རྣམ་ པར་རྟོག་པ་གང་ཡང་མྱེད་དོ། །ཡིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྒྲའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། ། 25-1-260b དྲིའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རོའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རེག་གི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཆོས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་ དོ། །མྱིག་གི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྣའི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་ པ་གང་ཡང་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཕ་རོལ་ན་ རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྣའི་འདུས་ཏེ་རེག་ པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཡིད་ཀྱི་ འདུས་ཏེ་རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་ 25-1-261a མྱེད་དོ། །སའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཆུའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མྱེའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་ མྱེད་དོ། །རླུང་གི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ནམ་མཁའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །མ་རིག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདུ་བྱེད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་ མྱེད་དོ། །མྱིང་དང་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྐྱེ་མཆེད་དྲུག་གི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རེག་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། ། ཚོར་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྲེད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལེན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྲིད་པའི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །སྐྱེ་བའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྒ་ཤིའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་ གང་ཡང་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ན་རྣམ་ 25-1-261b པར་རྟོག་པ་གང་ཡང་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕ་རོལ་ ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དབང་པོ་རྣམས་ཀྱི་ཕ་ 25-1-262a རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྟོབས་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བསམ་གཏན་རྣམས་ཀྱི་ཕ་རོལ་ ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། ། རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཏིང་ངེ་འཛིན་ རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཕ་རོལ་ན་རྣམ་པར་ རྟོག་པ་གང་ཡང་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །བྱམས་པ་ཆེན་པོའི་ ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སྙིང་རྗེ་ཆེན་པོའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་ 25-1-262b དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་ཕ་ རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །དགྲ་བཅོམ་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རང་བྱང་ཆུབ་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མྱེད་དོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་ བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གོ། །འདི་ནི་རྣ་བའོ། །འདི་ནི་སྣའོ། །འདི་ནི་ལྕེའོ། །འདི་ནི་ལུས་སོ། །འདི་ནི་ཡིད་དོ། །འདི་ནི་གཟུགས་སོ། །འདི་ནི་སྒྲའོ། ། འདི་ནི་དྲིའོ། །འདི་ནི་རོའོ། །འདི་ནི་རེག་གོ། །འདི་ནི་ཆོས་སོ། །འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདི་ནི་རྣ་བའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའོ། །འདི་ནི་ལྕེའི་རྣམ་པར་ ཤེས་པའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདི་ནི་སྣའི་འདུས་ཏེ་རེག་པའོ། ། འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའོ། །འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ 25-1-263a ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སའི་ཁམས་སོ། །འདི་ནི་ཆུའི་ཁམས་སོ། །འདི་ནི་མྱེའི་ཁམས་སོ། །འདི་ནི་རླུང་གི་ཁམས་སོ། །འདི་ནི་ནམ་མཁའི་ཁམས་སོ། ། འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་མ་རིག་པའོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིང་དང་གཟུགས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ། །འདི་ནི་རེག་པའོ། །འདི་ནི་ཚོར་ བའོ། །འདི་ནི་སྲེད་པའོ། །འདི་ནི་ལེན་པའོ། །འདི་ནི་སྲིད་པའོ། །འདི་ནི་སྐྱེ་བའོ། །འདི་ནི་རྒ་ཤིའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ནང་སྟོང་པ་ཉིད་ དོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་དོ། ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་ནི་དབང་པོ་རྣམས་སོ། །འདི་ནི་སྟོབས་ 25-1-263b རྣམས་སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་ནི་བསམ་གཏན་རྣམས་སོ། །འདི་ནི་ ཚད་མྱེད་པ་རྣམས་སོ། །འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །འདི་ནི་མངོན་པར་ཤེས་པའོ། །འདི་ནི་ཏིང་ངེ་འཛིན་རྣམས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་དེ་ བཞིན་གཤེགས་པའི་སྟོབས་རྣམས་སོ། །འདི་ནི་མྱི་འཇིགས་པ་རྣམས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་ནི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ ནི་རང་བྱང་ཆུབ་བོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པ་གང་ཡང་མྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཆོས་དེ་ལྟར་ཞི་བ་དག་ལ་རྟོག་ཀྱང་ཞུམ་པར་མྱི་འགྱུར་ཞིང་། བདག་གིས་ཆོས་དེ་དག་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་དེ་ལྟར་ཞི་བ་དང་དེ་ལྟར་བཟང་བ་དེ་དག་བཤད་པར་བྱའོ་སྙམ་དུ་སེམས་དཔའ་ནི་དཀའ་བ་བྱེད་པ་སྟེ། དེ་ལྟར་ 25-1-264a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་དཔུང་གཉེན་དུ་གྱུར་པ་ཡིན་ནོ། །རབ་འབྱོར་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་གླིང་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་ འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་ངམ། ཆུ་བྲན་ནམ། རྒྱ་མཚོ་ཆེན་པོའི་ནང་ན་ཆུས་ཡོངས་སུ་བཅད་པའི་གནས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་གླིང་ཞེས་བྱ་སྟེ། རབ་འབྱོར་དེ་བཞིན་དུ་གཟུགས་ ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཚོར་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འདུ་ཤེས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འདུ་བྱེད་ནི་ སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱིག་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣ་བ་ནི་ སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྣ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལྕེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལུས་ནི་སྔོན་ གྱི་མཐའ་དད་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཡིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྒྲ་ནི་ སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དྲི་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རོ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རེག་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཆོས་ནི་ 25-1-264b སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱིག་གི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་ མཐའ་ཡོངས་སུ་ཆད་པའོ། །སྣའི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལྕེའི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། ། ལུས་ཀྱི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱིག་གི་འདུས་ཏེ་ རེག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྣའི་འདུས་ཏེ་རེག་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལྕེའི་འདུས་ཏེ་རེག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ ཆད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ ཡོངས་སུ་ཆད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྔོན་ 25-1-265a གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སའི་ཁམས་ནི་སྔོན་གྱི་ མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཆུའི་ཁམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱེའི་ཁམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རླུང་གི་ ཁམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ནམ་མཁའི་ཁམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པར་ཤེས་པའི་ཁམས་ནི་སྔོན་གྱི་མཐའ་དང་ཕྱི་ མའི་མཐའ་ཡོངས་སུ་ཆད་པའོ། །མ་རིག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འདུ་བྱེད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པར་ཤེས་པ་ནི་སྔོན་ གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱིང་དང་གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྐྱེ་མཆེད་དྲུག་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་ པའོ། །རེག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཚོར་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྲེད་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་ སུ་ཆད་པའོ། །ལེན་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྲིད་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྐྱེ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ ཡོངས་སུ་ཆད་པའོ། །རྒ་ཤི་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཚུལ་ཁྲིམས་ཀྱི་ཕ་ 25-1-265b རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་ དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ནང་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཕྱི་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཕྱི་ནང་སྟོང་ པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་ མའི་མཐའ་ཡོངས་སུ་ཆད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། ། འདུས་མ་བྱས་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྔོན་གྱི་མཐའ་ དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ 25-1-266a ཡོངས་སུ་ཆད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་ པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དྲན་པ་ཉེ་བར་ གཞག་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྔོན་ གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དབང་པོ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྟོབས་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །འཕགས་པའི་བདེན་པ་ རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བསམ་གཏན་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཚད་མྱེད་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ ཡོངས་སུ་ཆད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པར་ཐར་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ ཆད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ 25-1-266b སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མངོན་པར་ཤེས་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཏིང་ངེ་འཛིན་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ ཆད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །མྱི་འཇིགས་ པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །བྱམས་པ་ཆེན་པོ་ནི་སྔོན་གྱི་མཐའ་དང་ ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྙིང་རྗེ་ཆེན་པོ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ ཆད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཕྱིར་ མྱི་འོང་བའི་འབྲས་བུ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །དགྲ་བཅོམ་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རང་བྱང་ཆུབ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ ཡོངས་སུ་ཆད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། ། རབ་འབྱོར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་ཡོངས་སུ་ཆད་པ་སྟེ། རབ་འབྱོར་ཆོས་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་ 25-1-267a པ་གང་ཡིན་པ་དེ་ནི་ཞི་བའོ། །དེ་ནི་བཟང་པོའོ། །དེ་ནི་ཡང་དག་པ་སྟེ། འདི་ལྟར་སྟོང་པ་ཉིད་དང་། དམྱིགས་སུ་མྱེད་པ་དང་། ལམ་གྱི་རྒྱུན་ཆད་པ་དང་། སྲེད་པ་ཟད་པ་དང་། འདྲེ་བ་མྱེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་མྱ་ངན་ལས་འདས་པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ནས། དེ་ལྟར་ཞི་བ་དང་། དེ་ལྟར་བཟང་པོའི་ཆོས་དེ་དག་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་གླིང་དུ་གྱུར་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་བརྒྱད་པ། རབ་འབྱོར་ཇི་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་སྣང་བ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་དུ་མ་རིག་པའི་སྒོ་ངའི་སྦུབས་ཀྱི་རབ་རིབ་ཀྱིས་ཀུན་ནས་འཁྲིས་ཤིང་མུན་པས་ཟིལ་གྱིས་ནོན་པའི་སེམས་ཅན་རྣམས་ལ་ཤེས་རབ་ཀྱིས་སྣང་བར་བྱེད་ ཅིང་། གཏི་མུག་གི་མུན་པ་དང་། མ་རིག་པའི་མུན་ནག་དང་། མྱི་ཤེས་པའི་རབ་རིབ་སེལ་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་ནས། འཇིག་རྟེན་གྱི་སྣང་བར་གྱུར་པ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 25-1-267b བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་། འོད་འབྱིན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། མདོ་སྡེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ། བྱིན་ཀྱི་རླབས་བཞི་དང་ལྡན་པ། བསྡུ་བའི་དངོས་པོ་བཞི་དང་ལྡན་ པ་དེ་དག་ནི་དོན་མ་ནོར་བར་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་ཏེ། སེམས་ཅན་རྣམས་ཀྱང་དེ་ལ་ཡང་དག་པར་སྐུལ་ཞིང་སྦྱོར་ལ། གཞོག་ཅིང་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་ཡིན་ནོ། །རབ་འབྱོར་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ལམ་ངན་པར་ཞུགས་ཤིང་ཚུལ་ མ་ཡིན་པ་བཞི་ལ་ཞེན་པ་རྣམས་ལ་སེམས་ཅན་རྣམ་པར་དག་པར་བྱ་བའི་དོན་ཏུ་མྱ་ངན་དང་གནོད་པ་ལས་ཡང་དག་པར་བཟླ་བ་དང་། སྡུག་བསྔལ་དང་ཡིད་མྱི་བདེ་བ་ནུབ་པར་བྱ་བ་དང་། རིག་པ་དང་ ལྡན་པའི་ཆོས་གོ་བར་བྱ་བ་དང་། མྱ་ངན་ལས་འདས་པ་སྔོན་དུ་བྱ་བའི་ཕྱིར་ཅིག་ལ་རྟེན་པའི་ལམ་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་ 25-1-268a པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་འདྲེན་པར་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཚོར་བ་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འདུ་ཤེས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ ཆོས་སྟོན་ཏོ། །འདུ་བྱེད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱིག་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣ་བ་སྐྱེ་བ་ མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྣ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་ བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལྕེ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལུས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། 25-1-268b ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཡིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། ། གཟུགས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྒྲ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་ དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དྲི་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རོ་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རེག་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ ཕྱིར་ཆོས་སྟོན་ཏོ། །ཆོས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་ དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་ པའི་ཕྱིར་ཆོས་སྟོན་ཏོ། །སྣའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་ 25-1-269a བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པ་སྐྱེ་བ་ མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་ བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་ པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་ པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་ པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ 25-1-269b ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སའི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ ཆོས་སྟོན་ཏོ། །ཆུའི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱེའི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རླུང་གི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ནམ་ མཁའི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མ་རིག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འདུ་བྱེད་སྐྱེ་བ་མྱེད་ པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་ བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱིང་དང་གཟུགས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྐྱེ་མཆེད་དྲུག་སྐྱེ་བ་མྱེད་པ་དང་། 25-1-270a འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རེག་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་ པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཚོར་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྲེད་པ་སྐྱེ་བ་མྱེད་པ་དང་། འགག་པ་ མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལེན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་ པའི་ཕྱིར་ཆོས་སྟོན་ཏོ། །སྲིད་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྐྱེ་བ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྒ་ཤི་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་ སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་ དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་ དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། ། 25-1-270b བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ནང་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་ བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཕྱི་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་ བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འདུས་བྱས་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་ པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མཐའ་ལས་ འདས་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་ 25-1-271a པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་ མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། ། ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་ མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ ཆོས་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་ མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་ 25-1-271b སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དབང་པོ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་ པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྟོབས་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་ པའི་ཕྱིར་ཆོས་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་ དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །བསམ་གཏན་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་ བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཚད་མྱེད་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་སྐྱེ་བ་མྱེད་པ་དང་། འགག་ པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། 25-1-272a ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་ དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མངོན་པར་ཤེས་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་ པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ཏིང་ངེ་འཛིན་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །གཟུངས་ཀྱི་སྒོ་ རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྐྱེ་བ་མྱེད་པ་དང་། འགག་པ་ མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །མྱི་འཇིགས་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་ དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སྙིང་རྗེ་ཆེན་པོ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་ 25-1-272b མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་ བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། ། ཕྱིར་མྱི་འོང་བའི་འབྲས་བུ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །དགྲ་བཅོམ་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་ མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རང་བྱང་ཆུབ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་ བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་གྱུར་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 25-1-273a བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚོར་བ་ ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་ཤེས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་བྱེད་ནི་ནམ་མཁའི་ངང་ཚུལ་ཅན་ ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྣ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། ལྕེ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ནི་ནམ་མཁའི་ངང་ཚུལ་ ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྒྲ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དྲི་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རོ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །རེག་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་ 25-1-273b གི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། སྣའི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ ཏོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་ བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པ་ནི་ནམ་མཁའི་ངང་ཚུལ་ ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ནམ་ མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ 25-1-274a ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་ སྟོན་ཏོ། །སའི་ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆུའི་ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། མྱེའི་ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རླུང་གི་ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ནམ་མཁའི་ ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། མ་རིག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་བྱེད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་པ་ནི་ ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིང་དང་གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྐྱེ་མཆེད་དྲུག་ནི་ནམ་ མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རེག་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚོར་བ་ནི་ནམ་མཁའི་ངང་ཚུལ་ 25-1-274b ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྲེད་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལེན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །སྲིད་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྐྱེ་བ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། རྒ་ཤི་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ ལ་ཆོས་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་ བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ནང་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཕྱི་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ནི་ནམ་མཁའི་ངང་ 25-1-275a ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུས་ བྱས་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་ སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་ བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ནི་ནམ་མཁའི་ངང་ ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དངོས་པོ་མྱེད་པ་ སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་ 25-1-275b རྣམས་ལ་ཆོས་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དབང་པོ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྟོབས་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ནམ་མཁའི་ངང་ཚུལ་ཅན་ ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བསམ་གཏན་རྣམས་ནི་ནམ་མཁའི་ངང་ ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚད་མྱེད་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ནམ་ མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ནི་ 25-1-276a ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་ པའི་སྟོབས་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱི་འཇིགས་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྙིང་རྗེ་ ཆེན་པོ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྒྱུན་ ཏུ་ཞུགས་པའི་འབྲས་བུ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་ སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དགྲ་བཅོམ་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །རང་བྱང་ཆུབ་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ 25-1-276b ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་ཤེས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་བྱེད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་ པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་གི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ཆོས་སྟོན་ཏོ། །སྣའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་ འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་སྟོང་པ་ ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ ལ་ཆོས་སྟོན་ཏོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྒྲའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དྲིའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རོའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་ 25-1-277a སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རེག་གི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ ཏོ། །ཆོས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་ མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིག་གི་འདུས་ཏེ་རེག་པའི་སྟོང་ པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་ 25-1-277b པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ ཅན་རྣམས་ལ་ཆོས་སྟོན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སའི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་ པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆུའི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ 25-1-278a ཆོས་སྟོན་ཏོ། །མྱེའི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ཆོས་སྟོན་ཏོ། །རླུང་གི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་ མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མ་རིག་པའི་སྟོང་པ་ཉིད་ ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུ་བྱེད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱིང་དང་གཟུགས་ཀྱི་སྟོང་ པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རེག་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚོར་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་ པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྲེད་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ 25-1-278b ཏོ། །ལེན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྲིད་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྐྱེ་བའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྒ་ཤིའི་སྟོང་པ་ཉིད་ནི་ འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་ བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་ 25-1-279a འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་ མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུས་བྱས་ སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་ འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་ འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ 25-1-279b ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་ འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་ བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དབང་པོ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་ འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྟོབས་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་ནི་འགྲོ་བ་ 25-1-280a མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཕགས་པའི་བདེན་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བསམ་གཏན་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚད་མྱེད་པ་རྣམས་ཀྱི་སྟོང་པ་ ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་ མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཐར་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། །དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་ སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་ 25-1-280b སྟོབས་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མྱི་འཇིགས་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་ འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། བྱམས་པ་ཆེན་པོའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟོང་པ་ཉིད་ནི་འགྲོ་བ་ མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུའི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །དགྲ་བཅོམ་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་བྱང་ཆུབ་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ 25-1-281a ཆོས་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མྱེད་པ་སྟེ། དེ་ནི་མྱི་འགྲོ་མྱི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་ པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའ་འོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འགྲོ་ བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མྱེད་པའི་ངང་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མྱེད་པ་ལ་འགྲོ་བ་ འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི། སྨོན་པ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའ་འོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མྱེད་ པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའ་འོ། །དེ་ཅིའི་ཕྱིར་ ཞེ་ན། མངོན་པར་འདུ་བྱ་བ་མྱེད་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི། མྱི་སྐྱེ་མྱི་འགག་པའི་ངང་ཚུལ་ཅན་ཏེ། དེ་དག་ ནི་ངང་ཚུལ་དེ་ལས་མྱི་འདའ་འོ། །དེ་ཅིའི་ཕྱིར་ཞེ་ན། མྱི་སྐྱེ་མྱི་འགག་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། ། 25-1-281b རབ་འབྱོར་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་ལ་འགྲོ་བ་ འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྒྱུ་མའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ ཆོས་ཐམས་ཅད་ནི་སྒྲ་བརྙན་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་བརྙན་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་མྱིག་ཡོར་གྱི་ངང་ ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་ཡོར་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་གཟུགས་བརྙན་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། གཟུགས་བརྙན་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་སྨྱིག་རྒྱུའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྨྱིག་ རྒྱུ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཆུ་ཟླའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་ཟླ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་ སོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྤྲུལ་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ 25-1-282a ཅད་ནི་མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་ཡས་ཀུན་ཏུ་མཐའ་ཡས་པ་ལ་འགྲོ་བ་འམ་འོང་བ་ མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྱུང་བ་དང་མྱི་དབྱུང་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དབྱུང་བ་དང་མྱི་དབྱུང་བ་མྱེད་པ་ལ་ འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྲི་བ་དང་བསྣན་པ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དབྲི་བ་དང་བསྣན་ པ་མྱེད་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འོང་བ་མྱེད་པ་ལ་ འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། བླང་བ་དང་དོར་བ་ མྱེད་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། རབ་འབྱོར་ཆོས་ཐམས་ཅད་ནི་ཕྲད་པ་མྱེད་ པ་དང་འབྲལ་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། ཕྲད་པ་མྱེད་པ་དང་འབྲལ་བ་མྱེད་པ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ ཆོས་ཐམས་ཅད་ནི་འདྲེ་བ་མྱེད་པ་དང་། མྱི་འདྲེ་བ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འདྲེ་བ་མྱེད་པ་དང་མྱི་འདྲེ་བ་མྱེད་པ་ལ་འགྲོ་བ་འམ་ 25-1-282b འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སེམས་ཅན་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་ ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྲོག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སྲོག་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འགྲོ་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགྲོ་བ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གསོ་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་གསོ་བ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྐྱེས་བུའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེས་བུ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གང་ཟག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཤེད་ཅན་གྱི་ངང་ཚུལ་ཅན་ཏེ། 25-1-283a དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེད་ཅན་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཤེད་བདག་ གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེད་བདག་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ ནི་བྱེད་པ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱེད་པ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ ཐམས་ཅད་ནི་བྱེད་དུ་འཇུག་པ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱེད་དུ་འཇུག་པ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སློང་བ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སློང་བ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་ འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཡོངས་སུ་སློང་བ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡོངས་སུ་སློང་བ་པོ་ཉིད་ཀྱང་ཤིན་ཏུ་ མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཚོར་བ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་པོ་ཉིད་ ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཚོར་བ་བྱེད་པ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ 25-1-283b ཚོར་བ་བྱེད་པ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཤེས་པ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་པ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མཐོང་བ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་མཐོང་བ་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྟག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟག་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བདེ་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདེ་བ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་བདག་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྡུག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྡུག་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མྱི་རྟག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་ འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་རྟག་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྡུག་བསྔལ་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ 25-1-284a ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྡུག་བསྔལ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བདག་མྱེད་པའི་ ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་མྱེད་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ མྱི་སྡུག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་སྡུག་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ ཅད་ནི་འདོད་ཆགས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདོད་ཆགས་ཀྱི་དངོས་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཞེ་སྡང་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེ་སྡང་གི་དངོས་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་ བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གཏི་མུག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཏི་མུག་གི་དངོས་པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ལྟ་བའི་རྣམ་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྟ་བའི་རྣམ་པའི་དངོས་ པོ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། 25-1-284b རབ་འབྱོར་དེ་བཞིན་ཉིད་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཆོས་ཀྱི་དབྱིངས་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་ དག་པའི་མཐའ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཉམ་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་ པ་ཉིད་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་བསམ་གྱི་མྱི་ཁྱབ་པའི་དབྱིངས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་མྱི་གཡོ་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་གང་ལ་ཡང་གཡོ་བ་མྱེད་དེ། འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་ མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཚོར་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འདུ་ཤེས་ཀྱི་ངང་ཚུལ་ཅན་ཏེ། 25-1-285a དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་ཤེས་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ འདུ་བྱེད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ ཅད་ནི་རྣམ་པར་ཤེས་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་ མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ ཆོས་ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ 25-1-285b ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་ཚུལ་ཅན་ཏེ། དེ་ དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ནང་ སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ ཆོས་ཐམས་ཅད་ནི་ཕྱི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཆེན་པོ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ 25-1-286a ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དོན་ དམ་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འདུས་བྱས་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་སྟོང་པ་ ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་ འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་ བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། 25-1-286b དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རང་ བཞིན་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཤིན་ ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ ཅད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་ བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ 25-1-287a ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དྲན་པ་ ཉེ་བར་གཞག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པར་སྤོང་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱང་ཤིན་ཏུ་མྱི་ དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྫུ་འཕྲུལ་གྱི་རྐང་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དབང་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དབང་པོ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྟོབས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་ འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཡན་ལག་གི་ངང་ཚུལ་ཅན་ཏེ། 25-1-287b དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འཕགས་ པའི་ལམ་ཡན་ལག་བརྒྱད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་ འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འཕགས་པའི་བདེན་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱང་ ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བསམ་གཏན་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ བསམ་གཏན་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཚད་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཚད་མྱེད་པ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་ངང་ཚུལ་ ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་ 25-1-288a འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་ཤེས་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གཟུངས་ཀྱི་སྒོའི་ ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྟོབས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཤིན་ཏུ་མྱི་དམྱིགས་ 25-1-288b ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མྱི་འཇིགས་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་འཇིགས་ པ་བཞི་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སོ་སོ་ཡང་དག་པར་རིག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བྱམས་པ་ཆེན་པོའི་ངང་ཚུལ་ ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱམས་པ་ཆེན་པོ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ ཅད་ནི་སྙིང་རྗེ་ཆེན་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་ འབྱོར་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ཀྱང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ལན་ཅིག་ཕྱིར་འོང་བའི་ 25-1-289a འབྲས་བུའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཤིན་ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཕྱིར་མྱི་འོང་བའི་འབྲས་བུའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཤིན་ ཏུ་མྱི་དམྱིགས་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ དགྲ་བཅོམ་པ་ཉིད་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རང་བྱང་ཆུབ་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་རང་བྱང་ཆུབ་ཀྱང་ཤིན་ཏུ་མྱེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་འགྲོ་བ་འམ་འོང་བ་མྱི་དམྱིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུ་ཞིག་མོས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་སྤྱད་པར་གྱུར་པ། དགེ་བའི་རྩ་བ་ཡོངས་སུ་སྨྱིན་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ། དགེ་ 25-1-289b བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞིག་ཏུ་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཚུལ་དང་། མཚན་ མ་དང་། རྣམ་པ་ནི་ཇི་ལྟ་བུ་ཞིག་ཏུ་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་བཅུ་བདུན་ནོ།། །། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་ནི། འདོད་ཆགས་རྣམ་པར་བསྩལ་བས་དབེན་པའི་རང་ བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང་གཏི་མུག་རྣམ་པར་བསྩལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་ཀྱི་ཚུལ་གྱིས་དབེན་པའི་རང་བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང་གཏི་མུག་གི་ཚུལ་གྱིས་དབེན་ པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་གྱི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་གཏི་མུག་གི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་ཀྱི་རྣམ་ 25-1-290a པས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་གཏི་མུག་གི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ། །གསོལ་ པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་འཚལ་བར་འགྱུར་བ་དེ་དག་གི་ངང་ཚུལ་ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་ཤེས་པར་འགྱུར་བ་དེ་དག་ནི། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་དུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་ རྣམས་ཀྱི་རྟེན་དུ་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ ལས་བཟླ་བར་བྱའོ་ཞེས་གོ་ཆ་འདི་འཚལ་ཀྱང་དེ་ལ་སེམས་ཅན་དང་། སེམས་ཅན་དུ་གདགས་པ་མྱི་དམྱིགས་པ་དེ་དག་ནི་དཀའ་བ་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱང་ཤིན་ཏུ་མྱེད་ལ་ 25-1-290b བྱང་ཆུབ་སེམས་དཔའི་གོ་ཅ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཅ་དེ་ནི་ཚོར་བ་དང་འབྲེལ་པ་མ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཅ་ཡང་མྱེད་པས། དེའི་ཕྱིར་གོ་ཅ་དེ་ནི་ཚོར་བ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་གོ་ཅ་དེ་ནི་འདུ་ཤེས་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་ཤེས་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཅ་ཡང་མྱེད་པས། དེའི་ཕྱིར་གོ་ཅ་དེ་ནི་ འདུ་ཤེས་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་འདུ་བྱེད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འདུ་བྱེད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པར་ཤེས་པ་ དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི། རྣམ་པར་ཤེས་པ་དང་འབྲེལ་བ་མ་ ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱིག་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་ གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱིག་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣ་བ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། 25-1-291a རབ་འབྱོར་རྣ་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣ་བ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་གོ་ཆ་དེ་ནི་སྣ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྣ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལྕེ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལྕེ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལུས་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱང་ཤིན་ ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལུས་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཡིད་དང་ འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཡིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྒྲ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྲ་ 25-1-291b ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྒྲ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དྲི་དང་ འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲི་ཡང་ཤིན་ཏུ་མྱེད་ལ་བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དྲི་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཅ་དེ་ ནི་རོ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རེག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རེག་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཆོས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཆོས་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་གོ་ཆ་དེ་ནི་མྱིག་གི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱིག་གི་རྣམ་པར་ཤེས་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣ་བའི་རྣམ་པར་ཤེས་པ་དང་འབྲེལ་བ་མ་ཡིན་ཏེ། 25-1-292a དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣ་བའི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་ བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྣའི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྣའི་རྣམ་པར་ཤེས་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལྕེའི་རྣམ་ པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལྕེའི་རྣམ་པར་ ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ལུས་ཀྱི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཤིན་ཏུ་མྱེད་ལ་བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱིག་ 25-1-292b གི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱིག་གི་འདུས་ ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣ་བའི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་ འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣ་བའི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྣའི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྣའི་འདུས་ཏེ་རེག་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལྕེའི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལྕེའི་འདུས་ཏེ་རེག་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་དང་ 25-1-293a འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་ 25-1-293b པས། དེའི་ཕྱིར་གོ་ཆ་དེ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་ པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལུས་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སའི་ཁམས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སའི་ཁམས་ཀྱང་ཤིན་ཏུ་མྱེད་ ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སའི་ཁམས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཆུའི་ཁམས་ དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆུའི་ཁམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སའི་ཁམས་དང་འབྲེལ་པ་མ་ཡིན་ཞེས་ བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱེའི་ཁམས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱེའི་ཁམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་ 25-1-294a དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱེའི་ཁམས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རླུང་གི་ཁམས་དང་ འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རླུང་གི་ཁམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རླུང་གི་ཁམས་དང་འབྲེལ་པ་མ་ཡིན་ ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ནམ་མཁའི་ཁམས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནམ་མཁའི་ཁམས་ཀྱང་ཤིན་ཏུ་ མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ནམ་མཁའི་ཁམས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ རྣམ་པར་ཤེས་པའི་ཁམས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱང་ཤིན་ཏུ་མྱེད་ལ་བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་ དེ་ནི་རྣམ་པར་ཤེས་པའི་ཁམས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མ་རིག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་མ་རིག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མ་རིག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་གོ་ཆ་དེ་ནི་འདུ་བྱེད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འདུ་བྱེད་དང་འབྲེལ་ 25-1-294b བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ཡང་ཤིན་ཏུ་ མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱིང་ དང་གཟུགས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་དང་གཟུགས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱིང་དང་གཟུགས་ དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྐྱེ་མཆེད་དྲུག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་མཆེད་དྲུག་ཀྱང་ཤིན་ཏུ་མྱེད་ ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྐྱེ་མཆེད་དྲུག་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རེག་ པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རེག་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཚོར་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་ པས། དེའི་ཕྱིར་གོ་ཆ་དེ་ནི་ཚོར་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྲེད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲེད་ 25-1-295a པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྲེད་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ གོ་ཆ་དེ་ནི་ལེན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལེན་པ་དང་འབྲེལ་པ་མ་ཡིན་ ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྲིད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྲིད་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྐྱེ་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་སྐྱེ་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྐྱེ་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ དེ་ནི་རྒ་ཤི་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤི་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྒ་ཤི་དང་འབྲེལ་པ་མ་ཡིན་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བདག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བདག་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སེམས་ཅན་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ 25-1-295b སེམས་ཅན་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སེམས་ཅན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་གོ་ཆ་དེ་ནི་སྲོག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲོག་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྲོག་དང་འབྲེལ་པ་མ་ཡིན་ཞེས་ བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་འགྲོ་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགྲོ་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འགྲོ་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གསོ་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གསོ་བ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་གསོ་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་གོ་ཆ་དེ་ནི་སྐྱེས་བུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེས་བུ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྐྱེས་བུ་དང་ འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གང་ཟག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་ཀྱང་ཤིན་ཏུ་མྱེད་ལ། བྱང་ ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་གང་ཟག་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཤེད་ཅན་དང་འབྲེལ་པ་མ་ 25-1-296a ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེད་ཅན་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཤེད་ཅན་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཤེད་བདག་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེད་བདག་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་ པས། དེའི་ཕྱིར་གོ་ཆ་དེ་ནི་ཤེད་བདག་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བྱེད་པ་པོ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱེད་པ་པོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བྱེད་པ་པོ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་གོ་ཆ་དེ་ནི་ཚོར་བ་པོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་པོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཚོར་བ་པོ་ དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཤེས་པ་པོ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་པ་པོ་ཡང་ཤིན་ཏུ་མྱེད་ ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཤེས་པ་པོ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མཐོང་བ་པོ་དང་འབྲེལ་ བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐོང་བ་པོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མཐོང་བ་པོ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་ 25-1-296b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་ དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་ 25-1-297a པས། དེའི་ཕྱིར་གོ་ཆ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ནང་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱང་ ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ནང་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ གོ་ཆ་དེ་ནི་ཕྱི་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ ཕྱི་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཕྱི་ནང་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཕྱི་ནང་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཕྱི་ནང་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། 25-1-297b དེའི་ཕྱིར་གོ་ཆ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཆེན་པོ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཆེན་པོ་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དོན་དམ་པ་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་ མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དོན་དམ་པ་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་འདུས་བྱས་སྟོང་པ་ཉིད་དང་འབྲེལ་པ་ མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འདུས་བྱས་སྟོང་པ་ཉིད་དང་འབྲེལ་པ་ མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་ སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་ 25-1-298a གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རང་བཞིན་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རང་བཞིན་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཆོས་ཐམས་ཅད་ སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཆོས་ཐམས་ ཅད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། 25-1-298b རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དངོས་པོ་མྱེད་ པ་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དངོས་པོ་མྱེད་པ་ སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་ སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་གོ་ཆ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། 25-1-299a རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། དྲན་པ་ཉེ་བར་གཞག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཤིན་ ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ ཡང་དག་པར་སྤོང་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཡང་དག་པར་ སྤོང་བ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་གོ་ཆ་དེ་ནི། དབང་པོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབང་པོ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དབང་ པོ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྟོབས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྟོབས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། བྱང་ཆུབ་ཀྱི་ 25-1-299b ཡན་ལག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བྱང་ཆུབ་ཀྱི་ཡན་ ལག་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་འབྲེལ་པ་མ་ཡིན་ ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། འཕགས་པའི་བདེན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱང་ ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་འཕགས་པའི་བདེན་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ གོ་ཆ་དེ་ནི། བསམ་གཏན་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བསམ་ གཏན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། ཚད་མྱེད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་མྱེད་པ་རྣམས་ ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཚད་མྱེད་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ 25-1-300a དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་ སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། རྣམ་པར་ཐར་པ་བརྒྱད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པར་ ཐར་པ་བརྒྱད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་ གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ 25-1-300b དཔའ་ཆེན་པོའི་གོ་ཆ་དེ་ནི། མངོན་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མངོན་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཏིང་ངེ་འཛིན་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཏིང་ངེ་འཛིན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། གཟུངས་ཀྱི་སྒོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ ཕྱིར་གོ་ཆ་དེ་ནི་གཟུངས་ཀྱི་སྒོ་རྣམས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་དང་ འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། མྱི་འཇིགས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་འཇིགས་པ་རྣམས་ ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་མྱི་འཇིགས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ 25-1-301a གོ་ཆ་དེ་ནི། སོ་སོ་ཡང་དག་པར་རིག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་ པས། དེའི་ཕྱིར་གོ་ཆ་དེ་ནི་སོ་སོ་ཡང་དག་པར་རིག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བྱམས་པ་ཆེན་པོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་བྱམས་པ་ཆེན་པོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་བྱམས་པ་ཆེན་པོ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྙིང་རྗེ་ཆེན་པོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྙིང་རྗེ་ཆེན་པོ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་འབྲེལ་ པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ ཞུགས་པའི་འབྲས་བུ་ཡང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། ། 25-1-301b རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཤིན་ཏུ་མྱེད་ ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཤིན་ཏུ་མྱེད་ལ་བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་དང་ འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། དགྲ་བཅོམ་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱང་ཤིན་ཏུ་མྱེད་ ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་དགྲ་བཅོམ་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། རང་བྱང་ ཆུབ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བྱང་ཆུབ་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རང་བྱང་ཆུབ་དང་འབྲེལ་པ་མ་ཡིན་ཞེས་ བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 25-1-302a པོའི་གོ་ཆ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤིན་ཏུ་མྱེད་ལ། བྱང་ཆུབ་སེམས་དཔའི་ གོ་ཆ་ཡང་མྱེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ལ་སྤྱོད་པ་གང་དག་གིས། སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས། གོ་ཅ་བགོས་པ་དེ་དག་གི་གོ་ཆ་ནི་ཆོས་ཐམས་ཅད་དང་འབྲེལ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས། གོ་ཆ་འཚལ་བ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ སའི་གནས་གཉིས་སུ་དོགས་པར་མྱི་བགྱི་སྟེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས། གོ་ཆ་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བའི་གནས་དང་སྐབས་མ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ས་འཚམས་བཅད་དེ། སེམས་ཅན་གྱི་དོན་དུ་གོ་ཆ་འཚལ་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་བགོས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའི་གནས་གཉིས་སུ་དོགས་ 25-1-302b པར་མྱི་བྱའོ་ཞེས་སྨྲས། གསོལ་པ། བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སེམས་ཅན་ཉི་ཚེ་ཉུང་ཟད་ཞིག་གི་སླད་དུ་གོ་ཆ་འཚལ་པ་མ་ལགས། ཡེ་ཤེས་ཉུང་ཟད་ ཉི་ཚེ་ཞིག་གི་སླད་དུ་གོ་ཆ་འཚལ་པ་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་སླད་དུ་གོ་ཆ་ འཚལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སླད་དུ་གོ་ཆ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན། ཡེ་ཤེས་ཅུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན་གྱི་རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་དུ་གོ་ཆ་བགོས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་པ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མྱི་བགྱི། ཅི་ཡང་བསྒོམ་པར་མྱི་བགྱི། གང་དུ་ཡང་བསྒོམ་པར་མྱི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གང་བསྒོམ་པ་འམ། གང་བསྒོམ་པར་བགྱི་བ་འམ། གང་གིས་བསྒོམ་པར་བགྱི་བའི་ཆོས་གང་ཡང་ཡོངས་སུ་གྲུབ་པར་དམྱིགས་སུ་མ་མཆིས་ཏེ། བཅོམ་ལྡན་འདས་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ནམ་མཁའ་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཆོས་ཐམས་ཅད་བསྒོམ་པའོ། ། 25-1-303a བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། མ་མཆིས་པ་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཡོངས་སུ་ འཛིན་པ་མ་མཆིས་པ་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་གང་བསྒོམ་པ་རྣམ་པར་བསྒོམ་པ་ཡིན། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུགས་བསྒོམ་ པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་འདི་ནི། འདུ་ཤེས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུ་བྱེད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ ནི། མྱིག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལྕེ་བསྒོམ་པ་རྣམ་པར་བསྒོམ་པའོ། ། 25-1-303b བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྒྲ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དྲི་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་ འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རེག་བསྒོམ་པ་ རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆོས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིག་གི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བའི་རྣམ་པར་ཤེས་པ་ བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལྕེའི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་ 25-1-304a རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིག་གི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། རྣ་བའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་ བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལྕེའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་ བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། 25-1-304b ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་ པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆུའི་ ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱེའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རླུང་གི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ནམ་མཁའི་ ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མ་རིག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། འདུ་བྱེད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། 25-1-305a བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིང་དང་གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་འདི་ནི། སྐྱེ་མཆེད་དྲུག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ ནི། སྲེད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལེན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྲིད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྐྱེ་བ་བསྒོམ་པ་རྣམ་པར་ བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྒ་ཤི་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། བདག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སེམས་ཅན་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྲོག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། 25-1-305b འགྲོ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གསོ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྐྱེས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གང་ཟག་བསྒོམ་པ་རྣམ་པར་ བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེད་ཅན་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པ་འདི་ནི། ཤེད་བདག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱེད་པ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚོར་བ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེས་པ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མཐོང་བ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ 25-1-306a བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ནང་སྟོང་པ་ཉིད་ བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱི་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱི་ནང་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆེན་པོ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དོན་དམ་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པ་འདི་ནི། འདུས་བྱས་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུས་མ་བྱས་སྟོང་པ་ཉིད་བསྒོམ་པ་ 25-1-306b རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ ནི། དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་བཞིན་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་ པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱི་དམྱིགས་པ་སྟོང་ པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་ འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་ 25-1-307a བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡང་དག་པར་སྤོང་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དབང་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྟོབས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་རྣམ་པར་བསྒོམ་ པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འཕགས་པའི་བདེན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་འདི་ནི། བསམ་གཏན་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚད་མྱེད་པ་བསྒོམ་པ་རྣམ་པར་བསྒོམ་ པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཐར་པ་བརྒྱད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མཐར་ 25-1-307b ཀྱིས་གནས་པའི་སྙོམས་པར་འཇུག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མངོན་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་ པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཏིང་ངེ་འཛིན་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། གཟུངས་ཀྱི་སྒོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་བསྒོམ་པ་ རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱི་འཇིགས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སོ་སོ་ཡང་དག་པར་རིག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱམས་པ་ ཆེན་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྙིང་རྗེ་ཆེན་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 25-1-308a བསྒོམ་པ་འདི་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱིར་མྱི་འོང་བའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དགྲ་བཅོམ་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་བྱང་ཆུབ་བསྒོམ་པ་རྣམ་ པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚོར་བ་བསྒོམ་ པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུ་ཤེས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། འདུ་བྱེད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་ 25-1-308b འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བ་བསྒོམ་པ་རྣམ་པར་ བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལྕེ་ བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། ཡིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྒྲ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དྲི་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་ འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རེག་བསྒོམ་པ་རྣམ་ པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆོས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་འདི་ནི། མྱིག་གི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བའི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་ 25-1-309a པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། ལྕེའི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ ནི། མྱིག་གི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ ནི། ལྕེའི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པ་འདི་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣ་བའི་འདུས་ཏེ་ 25-1-309b རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་ བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡིད་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆུའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱེའི་ཁམས་བསྒོམ་པ་རྣམ་པར་བསྒོམ་ པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རླུང་གི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ནམ་ མཁའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པའི་ཁམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མ་རིག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུ་བྱེད་བསྒོམ་ 25-1-310a པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱིང་དང་གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྐྱེ་ མཆེད་དྲུག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རེག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚོར་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྲེད་པ་བསྒོམ་པ་རྣམ་པར་ བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལེན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་འདི་ནི། སྲིད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྐྱེ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྒ་ཤི་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བདག་བསྒོམ་པ་རྣམ་པར་བསྒོམ་ པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སེམས་ཅན་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ 25-1-310b པ་འདི་ནི། སྲོག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འགྲོ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གསོ་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྐྱེས་བུ་ བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གང་ཟག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེད་ཅན་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེད་བདག་བསྒོམ་པ་རྣམ་ པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱེད་པ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ འདི་ནི། ཚོར་བ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེས་པ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མཐོང་བ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་ པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། 25-1-311a བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་ པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ནང་སྟོང་པ་ཉིད་བསྒོམ་ པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱི་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱི་ནང་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་ བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆེན་པོ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི། དོན་དམ་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུས་བྱས་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་ པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འདུས་མ་བྱས་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 25-1-311b བསྒོམ་པ་འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་ པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་བཞིན་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པ་ རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དངོས་པོ་མྱེད་པ་སྟོང་པ་ ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ འདི་ནི། དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཡང་དག་པར་སྤོང་བ་བསྒོམ་པ་རྣམ་པར་བསྒོམ་པའོ། ། 25-1-312a རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་འདི་ནི། དབང་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སྟོབས་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་འདི་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། འཕགས་པའི་བདེན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བསམ་གཏན་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཚད་མྱེད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་འདི་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཐར་པ་བསྒོམ་ པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། 25-1-312b རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། མངོན་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་འདི་ནི། ཏིང་ངེ་འཛིན་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། གཟུངས་ཀྱི་སྒོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ འདི་ནི། མྱི་འཇིགས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སོ་སོ་ཡང་དག་པར་རིག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། བྱམས་པ་ཆེན་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་འདི་ནི། སྙིང་རྗེ་ཆེན་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒོམ་པ་རྣམ་པར་ བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། 25-1-313a ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ཕྱིར་མྱི་འོང་བའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། དགྲ་བཅོམ་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རང་བྱང་ཆུབ་ བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མྱི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་མངོན་པར་ཆགས་པ་མྱེད་དམ་ཞེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 25-1-313b པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་ སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ནང་སྟོང་པ་ཉིད་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཕྱི་སྟོང་པ་ཉིད་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཕྱི་ནང་ སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་ དམ་ཞེས་སྟོང་པ་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེན་པོ་སྟོང་པ་ཉིད་ལ་མངོན་ 25-1-314a པར་ཆགས་པ་མྱེད་དམ་ཞེས་ཆེན་པོ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ དམ་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་དོན་དམ་པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདུས་བྱས་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་འདུས་བྱས་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། འདུས་མ་བྱས་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། མཐའ་ལས་འདས་ པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ མངོན་པར་ཆགས་པ་མྱེད་དམ་ཞེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་དོར་བ་མྱེད་པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་ 25-1-314b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རང་བཞིན་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། རང་བཞིན་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་ སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་རང་གི་མཚན་ཉིད་ སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་ ཆགས་པ་མྱེད་དམ་ཞེས། མྱི་དམྱིགས་པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ངོ་བོ་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་ པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ 25-1-315a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཆགས་ པ་མྱེད་དམ་ཞེས། དྲན་པ་ཉེ་བར་གཞག་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཡང་དག་པར་སྤོང་བ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་ བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་དབང་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་སྟོབས་རྣམས་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། བྱང་ཆུབ་ ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ 25-1-315b ལ་མངོན་པར་ཆགས་པར་མྱེད་དམ་ཞེས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་འཕགས་པའི་བདེན་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་ བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་བསམ་གཏན་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚད་མྱེད་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་ཚད་མྱེད་པ་རྣམས་ལ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ མངོན་པར་ཆགས་པ་མྱེད་དམ་ཞེས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། རྣམ་པར་ཐར་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་རྣམ་པར་ཐར་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་ འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ 25-1-316a ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ ལ་མངོན་པར་ཆགས་པ་མྱེད་དམ་ཞེས་མངོན་པར་ཤེས་པ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། ཏིང་ངེ་འཛིན་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་ སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ། ཞེས་གཟུངས་ཀྱི་སྒོ་རྣམས་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་ སྟོབས་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་ 25-1-316b བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་འཇིགས་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། མྱི་འཇིགས་པ་རྣམས་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མངོན་པར་ ཆགས་པ་མྱེད་དམ་ཞེས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་བྱམས་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་སྙིང་རྗེ་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། ཐམས་ཅད་ཤེས་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་ 25-1-317a བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས། ལམ་གྱི་རྣམ་ པ་ཤེས་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པ་མྱེད་དམ་ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །དགེའོ།། །།་