26-1-1a ༼པ༽ ༄༅། ༈ །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞུགས་སོ། ། (黃) 大般若經第十三部 26-1-1b ༄༅༅། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཅིག་པ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་ རོལད་ཏུ་ཕྱིནད་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་རོལ་གྱིས་སྨྲས་པ་དང་། ཕ་རོལ་གྱིས་བསྟན་ པ་ལ་སྙིང་པོར་མྱི་ལྟ་འམ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་རོལ་གྱི་དད་ པས་མྱི་འགྲོ་འམ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདོད་ཆགས་དང་ བཅས་པའི་སེམས་བསྐྱེད་པས་འཕྲོགས་པ་མ་ཡིན་ནམ། ཞེ་སྡང་དང་བཅས་པའི་སེམས་ 26-1-2a བསྐྱེད་པས་འཕྲོགས་པ་མ་ཡིན་ནམ། གཏི་མུག་དང་བཅས་པའི་སེམས་བསྐྱེད་པས་འཕྲོགས་པ་མ་ཡིན་ནམ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ བར་མ་གྱུར་ཏམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ་ཞེས་ ཡོངས་སུ་བརྟག་པར་བྱ་སྟེ། གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོ་འདི་འཆད་པའི་ཚེ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ ལ། ཞུམ་པ་དང་ཡོངས་སུ་ཞུམ་པར་མྱི་འགྱུར་ཞིང་། དེའི་ཡིད་ཕྱིར་ནུར་བར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པར་དགའ་ལ། ཐོས་ནས་ཀྱང་འཛིན་ཅིང་འཆང་ལ། ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། ཚུལ་བཞིན་དུ་ཡིད་ལ་བྱེད་ལ། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲིས་ཤིང་ཡོངས་སུ་བརྟག་པ་བྱས་པ་དང་། བཟུང་ཞིང་བཅངས་ཏེ། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པའི་ཚེ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་གྱུར་ལ། ཞུམ་པར་མྱི་འགྱུར། 26-1-2b ཡོངས་སུ་ཞུམ་པར་མྱི་འགྱུར་ཞིང་། དེའི་ཡིད་ཕྱིར་མྱི་ལྡོག་ལ། ཐོས་ནས་ཀྱང་གོང་དུ་འཛིན་ཅིང་འཆང་ལ། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། ཞུམ་པར་མྱི་འགྱུར། ཡོངས་སུ་ཞུམ་པར་མྱི་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཇི་ལྟར་བརྟག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་པ་ཉིད་ལ་གཞོལ་བའི་བསམས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་མཚན་མ་མེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་སྨོན་པ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། 26-1-3a རབ་འབྱོར་ནམ་མཁའ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་སྐྱེ་བ་མྱེད་པ་ ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་འགག་པ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་ཀུན་ནས་ཉོན་མོངས་པ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་རྣམ་པར་བྱང་བ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ལ་རྟོག་པ་ཡིན། རབ་འབྱོར་དེ་བཞིན་ཉིད་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་ཆོས་ཀྱི་དབྱིངས་ལ་ གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་ཡང་དག་པའི་མཐའ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་མཉམ་པ་ཉིད་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། 26-1-3b རབ་འབྱོར་མངོན་པར་འདུ་བྱ་བ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་རྨྱི་ལམ་ལ་གཞོལ་ བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་གཟུགས་བརྙན་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་སྒྲ་བརྙན་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ལ་རྟོག་པ་ཡིན། རབ་འབྱོར་སྨྱིག་རྒྱུ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་སྒྱུ་མ་ལ་གཞོལ་བའི་ བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྟོག་པ་ཡིན། རབ་འབྱོར་སྤྲུལ་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སྟོང་པ་ཉིད་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། མཚན་མ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་ པར་འགྱུར། སྨོན་པ་མྱེད་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། ནམ་མཁའ་ 26-1-4a ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། སྐྱེ་བ་མ་མཆིས་པ་ལ་གཞོལ་བའི་བསམ་ པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། འགག་པ་མ་མཆིས་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། དེ་བཞིན་ཉིད་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། ཆོས་ཀྱི་དབྱིངས་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། ཡང་དག་པའི་མཐའ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། མཉམ་པ་ཉིད་ལ་གཞོལ་བའི་བསམ་ པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ 26-1-4b ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། རྨྱི་ལམ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། གཟུགས་བརྙན་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། སྒྲ་བརྙན་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། སྨྱིག་རྒྱུ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། སྒྱུ་མ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར། སྤྲུལ་པ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ལ་རྟོག་པར་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་རྟོག་པ་ལགས་སམ། ཚོར་བ་ལ་རྟོག་པ་ལགས་སམ། འདུ་ཤེས་ལ་ རྟོག་པ་ལགས་སམ། འདུ་བྱེད་ལ་རྟོག་པ་ལགས་སམ། རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། མྱིག་ལ་རྟོག་པ་ལགས་སམ། རྣ་བ་ལ་རྟོག་པ་ལགས་སམ། སྣ་ལ་རྟོག་པ་ལགས་སམ། ལྕེ་ལ་རྟོག་པ་ལགས་སམ། ལུས་ལ་རྟོག་པ་ལགས་སམ། ཡིད་ལ་རྟོག་པ་ལགས་སམ། གཟུགས་ལ་རྟོག་པ་ལགས་སམ། སྒྲ་ལ་རྟོག་པ་ 26-1-5a ལགས་སམ། དྲི་ལ་རྟོག་པ་ལགས་སམ། རོ་ལ་རྟོག་པ་ལགས་སམ། རེག་ལ་རྟོག་པ་ལགས་སམ། ཆོས་ལ་རྟོག་པ་ལགས་སམ། མྱིག་གི་རྣམ་པར་ཤེས་པ་ལ་རྟོག་ པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། སྣའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་ པ་ལ་རྟོག་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། རྣའི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། སྣའི་འདུས་ ཏེ་རེག་པ་ལ་རྟོག་པ་ལགས་སམ། ལྕེའི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། རྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་ སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་ པ་ལགས་སམ། སའི་ཁམས་ལ་རྟོག་པ་ལགས་སམ། ཆུའི་ཁམས་ལ་རྟོག་པ་ལགས་སམ། མྱེའི་ཁམས་ལ་རྟོག་པ་ལགས་སམ། རླུང་གི་ཁམས་ལ་རྟོག་པ་ལགས་སམ། ནམ་མཁའི་ཁམས་པ་རྟོག་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་ལ་རྟོག་པ་ལགས་སམ། མ་རིག་པ་ལ་རྟོག་པ་ལགས་སམ། འདུ་བྱེད་ལ་རྟོག་པ་ལགས་སམ། རྣམ་པར་ཤེས་པ་ལ་ 26-1-5b རྟོག་པ་ལགས་སམ། མྱིང་དང་གཟུགས་ལ་རྟོག་པ་ལགས་སམ། སྐྱེ་མཆེད་དྲུག་ལ་རྟོག་པ་ལགས་སམ། རེག་པ་ལ་རྟོག་པ་ལགས་སམ། ཚོར་བ་ལ་རྟོག་པ་ལགས་སམ། སྲེད་པ་ལ་རྟོག་པ་ལགས་ སམ། ལེན་པ་ལ་རྟོག་པ་ལགས་སམ། སྲིད་པ་ལ་རྟོག་པ་ལགས་སམ། སྐྱེ་བ་ལ་རྟོག་པ་ལགས་སམ། རྒ་ཤི་ལ་རྟོག་པ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་ པ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ རྟོག་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་ལགས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་ལགས་སམ། ནང་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། ཕྱི་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། ཕྱི་ནང་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། སྟོང་པ་ཉིད་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། ཆེན་པོ་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། དོན་དམ་པ་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། འདུས་བྱས་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་ ལ་རྟོག་པ་ལགས་སམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། དོར་བ་མྱེད་པ་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། རང་བཞིན་སྟོང་པ་ཉིད་ལ་ རྟོག་པ་ལགས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། མྱི་དམྱིགས་པ་སྟོང་པ་ཉིད་ 26-1-6a ལ་རྟོག་པ་ལགས་སམ། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། ངོ་བོ་ཉིད་སྟོང་པ་ཉིད་ལ་རྟོག་པ་ལགས་སམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རྟོག་པ་ལགས་ སམ། དྲན་པ་ཉེ་བར་གཞག་པ་རྣམས་ལ་རྟོག་པ་ལགས་སམ། ཡང་དག་པར་སྤོང་བ་རྣམས་ལ་རྟོག་པ་ལགས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྟོག་པ་ལགས་སམ། དབང་པོ་རྣམས་ལ་ རྟོག་པ་ལགས་སམ། སྟོབས་རྣམས་ལ་རྟོག་པ་ལགས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རྟོག་པ་ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྟོག་པ་ལགས་སམ། འཕགས་པའི་བདེན་པ་རྣམས་ལ་རྟོག་པ་ལགས་སམ། བསམ་གཏན་རྣམས་ལ་རྟོག་པ་ལགས་སམ། ཚད་མྱེད་པ་རྣམས་པ་རྟོག་པ་ལགས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ རྣམས་ལ་རྟོག་པ་ལགས་སམ། རྣམ་པར་ཐར་པ་རྣམས་ལ་རྟོག་པ་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་པ་ལགས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྟོག་པ་ལགས་སམ། མངོན་པར་ཤེས་པ་རྣམས་ལ་རྟོག་པ་ལགས་སམ། ཏིང་ངེ་འཛིན་རྣམས་ལ་རྟོག་པ་ལགས་སམ། གཟུངས་ཀྱི་ སྒོ་རྣམས་ལ་རྟོག་པ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་རྟོག་པ་ལགས་སམ། མྱི་འཇིགས་རྣམས་ལ་རྟོག་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་ལ་རྟོག་པ་ ལགས་སམ། བྱམས་པ་ཆེན་པོ་ལ་རྟོག་པ་ལགས་སམ། སྙིང་རྗེ་ཆེན་པོ་ལ་རྟོག་པ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་ལགས་སམ། ཐམས་ཅད་ཤེས་ 26-1-6b པ་ཉིད་ལ་རྟོག་པ་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིས་ལ་རྟོག་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་ལ་རྟོག་པ་མ་ཡིན་ནོ། །ཚོར་བ་ལ་རྟོག་པ་མ་ཡོན་ནོ། །འདུ་ཤེས་ལ་རྟོག་པ་མ་ཡིན་ནོ། །འདུ་བྱེད་ལ་རྟོག་པ་ མ་ཡིན་ནོ། །རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །མྱིག་ལ་རྟོག་པ་མ་ཡིན་ནོ། །རྣ་བ་ལ་རྟོག་པ་མ་ཡིན་ནོ། །སྣ་ལ་རྟོག་པ་མ་ཡིན་ནོ། །ལྕེ་ལ་རྟོག་པ་མ་ཡིན་ནོ། །ལུས་ལ་རྟོག་པ་མ་ ཡིན་ནོ། །ཡིད་ལ་རྟོག་པ་མ་ཡིན་ནོ། །གཟུགས་ལ་རྟོག་པ་མ་ཡིན་ནོ། །སྒྲ་ལ་རྟོག་པ་མ་ཡིན་ནོ། །དྲི་ལ་རྟོག་པ་མ་ཡིན་ནོ། །རོ་ལ་རྟོག་པ་མ་ཡིན་ནོ། །རེག་ལ་རྟོག་པ་མ་ཡིན་ནོ། །ཆོས་ལ་ རྟོག་པ་མ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ལ་ རྟོག་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་ལ་རྟོག་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ལ་ རྟོག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ལ་རྟོག་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ལ་རྟོག་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་ མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ 26-1-7a མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ལ་རྟོག་པ་མ་ཡིན་ནོ། །སའི་ཁམས་ལ་རྟོག་པ་མ་ཡིན་ནོ། །ཆུའི་ཁམས་ལ་རྟོག་པ་མ་ཡིན་ནོ། །མྱེའི་ཁམས་ལ་རྟོག་པ་མ་ཡིན་ནོ། །རླུང་གི་ཁམས་ལ་རྟོག་པ་མ་ཡིན་ནོ། །ནམ་མཁའི་ཁམས་ ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ལ་རྟོག་པ་མ་ཡིན་ནོ། །མ་རིག་པ་ལ་རྟོག་པ་མ་ཡིན་ནོ། །འདུ་བྱེད་ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །མྱིང་དང་གཟུགས་ ལ་རྟོག་པ་མ་ཡིན་ནོ། །སྐྱེ་མཆེད་དྲུག་ལ་རྟོག་པ་མ་ཡིན་ནོ། །རེག་པ་ལ་རྟོག་པ་མ་ཡིན་ནོ། །ཚོར་བ་ལ་རྟོག་པ་མ་ཡིན་ནོ། །སྲེད་པ་ལ་རྟོག་པ་མ་ཡིན་ནོ། །ལེན་པ་ལ་རྟོག་པ་མ་ཡིན་ནོ། །སྲིད་པ་ལ་ རྟོག་པ་མ་ཡིན་ནོ། །སྐྱེ་བ་ལ་རྟོག་པ་མ་ཡིན་ནོ། །རྒ་ཤི་ལ་རྟོག་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་རྟོག་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ རྟོག་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་ 26-1-7b པ་ཉིད་ལ་རྟོག་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་རྟོག་ པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །མྱི་དམྱིགས་པ་ སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རྟོག་པ་མ་ཡིན་ནོ། ། དྲན་པ་ཉེ་བར་བཞག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ལ་རྟོག་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །དབང་པོ་རྣམས་ལ་རྟོག་པ་མ་ཡིན་ནོ། ། སྟོབས་རྣམས་ལ་རྟོག་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རྟོག་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྟོག་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ ལ་རྟོག་པ་མ་ཡིན་ནོ། །བསམ་གཏན་རྣམས་ལ་རྟོག་པ་མ་ཡིན་ནོ། །ཚད་མྱེད་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། ། རྣམ་པར་ཐར་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྟོག་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ལ་རྟོག་པ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ལ་རྟོག་པ་མ་ཡིན་ནོ། །དེ་བཞིན་གཤེགས་ 26-1-8a པའི་སྟོབས་རྣམས་ལ་རྟོག་པ་མ་ཡིན་ནོ། །མྱི་འཇིགས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །བྱམས་པ་ཆེན་པོ་ལ་རྟོག་པ་མ་ཡིན་ནོ། ། སྙིང་རྗེ་ཆེན་པོ་ལ་རྟོག་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་རྟོག་པ་མ་ཡིན་ནོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་མ་བྱས། རྣམ་པར་མ་བྱས། གང་ནས་ཀྱང་ མ་འོངས། གང་དུ་ཡང་མ་སོང་། ཕྱོགས་ན་ཡང་མྱི་གནས། ཡུལ་ན་ཡང་མྱི་གནས། གང་ན་ཡང་མྱི་གནས་པ་སྟེ། དེ་ལ་གྲངས་མྱི་དམྱིགས་སོ། །འགྲོ་བ་དང་འོང་བ་ཡང་མྱི་དམྱིགས་སོ། །གང་ལ་ གྲངས་མྱི་དམྱིགས་ཤིང་། འགྲོ་བ་དང་འོང་བ་མྱི་དམྱིགས་པ་དེ་ནི་གང་གིས་ཀྱང་མངོན་པར་འཚང་རྒྱ་བར་མྱི་ནུས་ཏེ། གཟུགས་ཀྱིས་མ་ཡིན་ནོ། །ཚོར་བས་མ་ཡིན་ནོ། །འདུ་ཤེས་ཀྱིས་མ་ཡིན་ནོ། །འདུ་བྱེད་ ཀྱིས་མ་ཡིན་ནོ། །རྣམ་པར་ཤེས་པས་མ་ཡིན་ནོ། །མྱིག་གིས་མ་ཡིན་ནོ། །རྣ་བས་མ་ཡིན་ནོ། །སྣས་མ་ཡིན་ནོ། །ལྕེས་མ་ཡིན་ནོ། །ལུས་ཀྱིས་མ་ཡིན་ནོ། །ཡིད་ཀྱིས་མ་ཡིན་ནོ། །གཟུགས་ཀྱིས་མ་ ཡིན་ནོ། །སྒྲས་མ་ཡིན་ནོ། །དྲིས་མ་ཡིན་ནོ། །རོས་མ་ཡིན་ནོ། །རེག་གིས་མ་ཡིན་ནོ། །ཆོས་ཀྱིས་མ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པས་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པས་མ་ཡིན་ནོ། ། སྣའི་རྣམ་པར་ཤེས་པས་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པས་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པས་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པར་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པས་མ་ 26-1-8b ཡིན་ནོ། །རྣ་བའི་འདུས་ཏེ་རེག་པས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པས་མ་ཡིན་ནོ། །མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཡིན་ནོ། །སའི་ཁམས་ཀྱིས་མ་ཡིན་ནོ། །ཆུའི་ཁམས་ཀྱིས་མ་ཡིན་ནོ། །མྱེའི་ཁམས་ ཀྱིས་མ་ཡིན་ནོ། །རླུང་གི་ཁམས་ཀྱིས་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱིས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱིས་མ་ཡིན་ནོ། །མ་རིག་པས་མ་ཡིན་ནོ། །འདུ་བྱེད་ཀྱིས་མ་ཡིན་ནོ། །རྣམ་ པར་ཤེས་པས་མ་ཡིན་ནོ། །མྱིང་དང་གཟུགས་ཀྱིས་མ་ཡིན་ནོ། །སྐྱེ་མཆེད་དྲུག་གིས་མ་ཡིན་ནོ། །རེག་པས་མ་ཡིན་ནོ། །ཚོར་བས་མ་ཡིན་ནོ། །སྲེད་པས་མ་ཡིན་ནོ། །ལེན་པས་མ་ཡིན་ནོ། ། སྲིད་པས་མ་ཡིན་ནོ། །སྐྱེ་བས་མ་ཡིན་ནོ། །རྒ་ཤིས་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་མ་ ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ཕྱི་སྟོང་པ་ ཉིད་ཀྱིས་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། ། 26-1-9a འདུས་མ་བྱས་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དངོས་པོ་ མྱེད་པ་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ ཀྱིས་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་མ་ཡིན་ནོ། །དབང་པོ་རྣམས་ཀྱིས་མ་ཡིན་ནོ། །སྟོབས་རྣམས་ཀྱིས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་མ་ཡིན་ནོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པས་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱིས་མ་ཡིན་ནོ། །བསམ་གཏན་རྣམས་ཀྱིས་མ་ཡིན་ནོ། །ཚད་མྱེད་པ་རྣམས་ཀྱིས་མ་ཡིན་ནོ། །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱིས་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་ཀྱིས་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་དང་། སྨོན་པ་མྱེད་པས་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཀྱིས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱིས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱིས་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ཀྱིས་མ་ཡིན་ནོ། །མྱི་འཇིགས་པ་རྣམས་ཀྱིས་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་མ་ཡིན་ནོ། །བྱམས་པ་ཆེན་པོས་མ་ཡིན་ནོ། །སྙིང་རྗེ་ཆེན་པོས་མ་ཡིན་ནོ། ། 26-1-9b སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུས་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུས་མ་ཡིན་ ནོ། །དགྲ་བཅོམ་པ་ཉིད་ཀྱིས་མ་ཡིན་ནོ། །རང་བྱང་ཆུབ་ཀྱིས་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདུ་ཤེས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདུ་བྱེད་ཉིད་ཀྱང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དོ། །རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱིག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣ་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྣ་ཉིད་ཀྱང་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལྕེ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལུས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཡིད་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གཟུགས་ཉིད་ ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྒྲ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དྲི་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རོ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རེག་ཉིད་ ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱིག་གི་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣ་བའི་རྣམ་པར་ཤེས་པ་ ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྣའི་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལུས་ཀྱི་ 26-1-10a རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱིག་གི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དོ། །རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྣའི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སའི་ཁམས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཆུའི་ཁམས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དོ། །མྱེའི་ཁམས་ཉིད་ཀྱང་རྣམ་ཐམས་ཅད་མཁྱེན་པ་ཉིད་དོ། །རླུང་གི་ཁམས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ནམ་མཁའི་ཁམས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མ་རིག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདུ་བྱེད་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པར་ 26-1-10b ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱིང་དང་གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྐྱེ་མཆེད་དྲུག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རེག་པ་ ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚོར་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྲེད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ལེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དོ། །སྲིད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྐྱེ་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྒ་ཤི་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ནང་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དོན་དམ་པ་སྟོང་པ་ ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མཐའ་ 26-1-11a ལས་འདས་པ་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རང་གི་མཚན་ཉིད་ སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱི་དམིགས་པ་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དོ། །ཡང་དག་པར་སྤོང་བ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དབང་པོ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། སྟོབས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། འཕགས་པའི་བདེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བསམ་གཏན་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚད་མྱེད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པར་ཐར་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་རྣམ་པ་ 26-1-11b ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མངོན་པར་ཤེས་པ་ཉིད་ཀྱང་རྣམ་པ་ ཐམས་ཅད་ཉིད་དོ། །ཏིང་ངེ་འཛིན་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གཟུངས་ཀྱི་སྒོ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མྱི་འཇིགས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བྱམས་པ་ཆེན་པོ་ཉིད་ ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྙིང་རྗེ་ཆེན་པོ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ནི་དེ་བཞིན་ཉིད་གཅིག་པའོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱིག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ 26-1-12a གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྣའི་དེ་བཞིན་ཉིད་ གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལྕེའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དྲིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ གཅིག་པའོ། །རེག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ 26-1-12b པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྣའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ དེ་བཞིན་ཉིད་གཅིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱིག་གི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལུས་ཀྱི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ 26-1-13a པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ དེ་བཞིན་ཉིད་གཅིག་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པའོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། 26-1-13b རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་ གཅིག་པའོ། །མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པའོ། །སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། 26-1-14a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ བཞིན་ཉིད་གཅིག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ 26-1-14b མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ནི་དེ་བཞིན་ཉིད་གཅིག་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྟོང་པ་ཉིད་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ ཉིད་གཅིག་པའོ། །འདུས་མ་བྱས་སྟོང་པ་ཉིད་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ 26-1-15a ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། 26-1-15b རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །འཕགས་པའི་བདེན་པ་རྣམས་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བཞིན་ཉིད་གཅིག་པའོ། ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ 26-1-16a དགུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་པ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །མངོན་པར་ ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ ཉིད་གཅིག་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །བྱམས་ པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ 26-1-16b ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་བཅུ་བརྒྱད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མ་དང་། ལྷ་ རྫས་ཀྱི་མེ་ཏོག་ཨུད་པ་ལ་དང་། པད་མོ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་འཐོར་བར་གྱུར་ཏོ། །གཏོར་ནས་བཅོམ་ལྡན་འདས་ གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་འདི་སྐད་དུ། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ 26-1-17a པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིག་ཉིད་རྣམ་ པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གོ། །རྣ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའོ། །སྣ་ཉིད་རྣམ་པ་ཐམས་ ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའོ། །ལྕེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའོ། །ལུས་ཉིད་རྣམ་པ་ཐམས་ཅད་མཁྱེན་ པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་སོ། །ཡིད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་དོ། །གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །སྒྲ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྲའོ། །དྲི་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དྲིའོ། །རོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རོའོ། །རེག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་རེག་གོ། །ཆོས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་སོ། །མྱིག་གི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། ། 26-1-17b སྣའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་ པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མྱིག་གི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་ པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་ པའོ། །སྣའི་འདུས་ཏེ་རེག་པའི་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ ཀྱི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ 26-1-18a པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱི་ཚོར་བའོ། །སའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆུའི་ཁམས་སོ། །མྱེའི་ཁམས་ཉིད་ རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱེའི་ཁམས་སོ། །རླུང་གི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རླུང་གི་ཁམས་ སོ། །ནམ་མཁའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཉིད་རྣམ་ 26-1-18b པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། ། མྱིང་དང་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རེག་པའོ། །ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚོར་བའོ། །སྲེད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྲེད་པའོ། །ལེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལེན་པའོ། །སྲིད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྲིད་པའོ། །སྐྱེ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་ པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། 26-1-19a བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་ པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་ པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་ པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། ། དོན་དམ་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་ འདས་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ 26-1-19b མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ དོར་བ་མྱེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པ་ཐམས་ཅད་ མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་གི་ མཚན་ཉིད་སྟོང་པ་ཉིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པ་ཐམས་ ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་བཞག་པ་ཉིད་རྣམ་པ་ཐམས་ཅད་ མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དྲན་པ་ཉེ་བར་བཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་ སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ 26-1-20a པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་རྣམ་པ་ ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། ། བསམ་གཏན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མྱེད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ ཚད་མྱེད་པ་རྣམས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ ཐར་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་རྣམ་པ་ཐམས་ ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པ་ཤེས་པ་ཉིད་རྣམ་པ་ཐམས་ཅད་ 26-1-20b མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་ཉིད་ རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་གཤེགས་ པའི་སྟོབས་རྣམས་སོ། །མྱི་འཇིགས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱམས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོ་ཉིད་རྣམ་ པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་སོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་ མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུ་ཤེས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ 26-1-21a ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་ 26-1-21b མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་ བྱར་མྱེད་དོ། །དྲིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རོའི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རེག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ 26-1-22a ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་ སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་ 26-1-22b སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་ སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་ མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་ གཉིས་སུ་བྱར་མྱེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་ གཉིས་སུ་བྱར་མྱེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་ 26-1-23a བྱར་མྱེད་དོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་ བྱར་མྱེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ནམ་མཁའི་ ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་ 26-1-23b གཉིས་སུ་བྱར་མྱེད་དོ། །རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚོར་བའི་ དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་ སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་ མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། 26-1-24a བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་ སུ་བྱར་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ ཅིང་གཉིས་སུ་བྱར་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་ མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་ མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་ བྱར་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱི་ ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྟོང་པ་ཉིད་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཆེན་པོ་སྟོང་པ་ 26-1-24b ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུས་བྱས་སྟོང་པ་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ 26-1-25a ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ 26-1-25b ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚད་མྱེད་པ་རྣམས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། 26-1-26a གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་ གཉིས་སུ་བྱར་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ 26-1-26b ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ 26-1-27a མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ 26-1-27b ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཞེས་སྟོན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ། ཁོང་དུ་ཆུད་པར་དཀའ་ཞིང་ བརྟག་ཏུ་མ་མཆིས་ལ་རྟོག་གེའི་སྤྱོད་ཡུལ་མ་ལགས་ཏེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བགྱི་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིག་ཉིད་རྣམ་པ་ཐམས་ཅད་མཁྱེན་ 26-1-28a པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གོ། །རྣ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའོ། །སྣ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའོ། །ལྕེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའོ། །ལུས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་ལུས་སོ། །ཡིད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་དོ། །གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱང་གཟུགས་སོ། །སྒྲ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྲའོ། །དྲི་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དྲིའོ། ། རོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རོའོ། །རེག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རེག་གོ། །ཆོས་ཉིད་རྣམ་པ་ཐམས་ཅད་ མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་སོ། །མྱིག་གི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་རྣམ་པར་ཤེས་པའོ། ། རྣ་བའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ 26-1-28b ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མྱིག་གི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་ འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་ པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ 26-1-29a ཐམས་ཅད་མཁྱེན་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའོ། །སའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་ཆུའི་ཁམས་སོ། །མྱེའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱེའི་ཁམས་སོ། །རླུང་གི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ ཁམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིང་དང་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཉིད་རྣམ་པ་ཐམས་ 26-1-29b ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །རེག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རེག་པའོ། །ཚོར་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚོར་བའོ། །སྲེད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྲེད་པའོ། །ལེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་ལེན་པའོ། །སྲིད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྲིད་པའོ། །སྐྱེ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ 26-1-30a ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནང་སྟོང་པའོ། །ཕྱི་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཕྱི་སྟོང་པ་ ཉིད་དོ། །ཕྱི་ནང་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་རྣམ་པ་ ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུས་ བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པ་ཐམས་ ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་རྣམ་པ་ཐམས་ ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་ཐམས་ཅད་ 26-1-30b སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་ པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་བཞག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དྲན་པ་ཉེ་བར་བཞག་པ་རྣམས་སོ། །ཡང་དག་ པར་སྤོང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཉིད་ རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་ 26-1-31a པའོ། །འཕགས་པའི་བདེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་ཉིད་རྣམ་པ་ ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མྱེད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚད་མྱེད་ པ་རྣམས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་ པར་ཐར་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་ མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་པ་མྱེད་པ་དང་། སྨོན་པ་ མྱེད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པར་ཤེས་པ་ཉིད་ རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་ཉིད་རྣམ་པ་ 26-1-31b ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མྱི་འཇིགས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་མྱི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་ སོ། །བྱམས་པ་ཆེན་པོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱམས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ 26-1-32a ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་ སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ལྕེའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ 26-1-32b བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དྲིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ ཅིང་གཉིས་སུ་བྱར་མྱེད་དོ། །རེག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་ མྱེད་དོ། །ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་ གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། 26-1-33a ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། 26-1-33b རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ 26-1-34a ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་ མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་ མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རེག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ 26-1-34b ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་ སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་ དོ། །སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྐྱེ་བའི་དེ་བཞིན་ཉིད་ གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། 26-1-35a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱི་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་ 26-1-35b བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། 26-1-36a གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ ཅིང་གཉིས་སུ་བྱར་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྫུ་ འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དབང་ 26-1-36b པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྟོབས་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་ བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། 26-1-37a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཏིང་ངེ་འཛིན་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །མྱི་འཇིགས་པ་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སོ་སོ་ཡང་ 26-1-37b དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱམས་ པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ 26-1-38a ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །རང་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ 26-1-38b ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །ལྷའི་བུ་དག་དོན་གྱི་དབང་དེ་གཟིགས་པས། དེ་བཞིན་གཤེགས་པ་ཕྲིན་ལས་ཆུང་བ་ལ་ཐུགས་གཞོལ་ཏེ། ཆོས་བསྟན་པ་ལ་གཞོལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བྱང་ཆུབ་འདི་ནི་ཟབ་ཅིང་བལྟ་དཀའ་ལ། ཁོང་དུ་ཆུད་པར་དཀའ་ཞིང་བརྟག་ཏུ་མྱེད་ ལ། རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། ཞི་ཞིང་ཕྲ་བ་ཞིབ་མོས་མཁས་ཤིང་རྟོགས་པས་རིག་པར་བྱ་བ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་སྟེ། དེ་ནི་སུས་ཀྱང་མངོན་པར་སངས་མ་རྒྱས། ནམ་ཡང་མངོན་པར་སངས་མ་རྒྱས། གར་ཡང་མངོན་པར་སངས་མ་རྒྱས་ཏེ། གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མྱེད་པ་དེ་ནི་ཆོས་རྣམས་ཀྱི་ཟབ་པ་ཉིད་དོ། །ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་དེ་བཞིན་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཆོས་ཀྱི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡང་དག་པའི་མཐའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བསམ་ གྱིས་མྱི་ཁྱབ་པའི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐའ་ཡས་མུ་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འོང་བ་དང་འགྲོ་བ་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་ བུ་དག་མྱི་སྐྱེ་མྱི་འགག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་དང་། མངོན་པར་ རྫོགས་པར་བྱང་ཆུབ་པ་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མངོན་པར་འདུ་བྱ་བ་མྱེད་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ 26-1-39a ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སེམས་ཅན་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྲོག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འགྲོ་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་གསོའ་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྐྱེས་བུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གང་ཟག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཤེད་ཅན་ཟབ་པའི་ཕྱིར་ཆོས་འདི་ ཟབ་བོ། །ལྷའི་བུ་དག་ཤེད་བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བྱེད་པ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཚོར་བ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཤེས་པ་པོ་ ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐོང་བ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཚོར་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ འདུ་ཤེས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འདུ་བྱེད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱིག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་རྣ་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྣ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལྕེ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལུས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་ དག་ཡིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྒྲ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དྲི་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་ དག་རོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རེག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཆོས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱིག་གི་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་ 26-1-39b འདི་ཟབ་བོ། །ལྷའི་བུ་དག་རྣ་བའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྣའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལྕེའི་རྣམ་པར་ཤེས་ པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལུས་ཀྱི་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་མྱིག་གི་འདུས་ཏེ་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྣའི་འདུས་ཏེ་རེག་པ་ཟབ་པའི་ ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལྕེའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལུས་ཀྱི་འདུས་ཏེ་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡིད་ཀྱི་འདུས་ ཏེ་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར་ཆོས་ འདི་ཟབ་བོ། །ལྷའི་བུ་དག་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་སའི་ཁམས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཆུའི་ཁམས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱེའི་ཁམས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། 26-1-40a ལྷའི་བུ་དག་རླུང་གི་ཁམས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ནམ་མཁའི་ཁམས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཤེས་པའི་ཁམས་ཟབ་པའི་ཕྱིར་ ཆོས་འདི་ཟབ་བོ། །ལྷའི་བུ་དག་མ་རིག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འདུ་བྱེད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་ དག་མྱིང་དང་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྐྱེ་མཆེད་དྲུག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རེག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཚོར་བ་ཟབ་ པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྲེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལེན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྲིད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་ བོ། །ལྷའི་བུ་དག་སྐྱེ་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྒ་ཤི་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་ བུ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་ནང་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཕྱི་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཕྱི་ནང་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ 26-1-40b སྟོང་པ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཆེན་པོ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དོན་དམ་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འདུས་བྱས་སྟོང་ པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འདུས་མ་བྱས་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དོར་བ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རང་བཞིན་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱི་དམྱིགས་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་ བོ། །ལྷའི་བུ་དག་དངོས་པོ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར་ ཆོས་འདི་ཟབ་བོ། །ལྷའི་བུ་དག་དྲན་པ་ཉེ་བར་བཞག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡང་དག་པར་སྤོང་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྫུ་འཕྲུལ་གྱི་རྐང་པ་ཟབ་པའི་ ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དབང་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྟོབས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བྱང་ཆུབ་ཀྱི་ཡན་ལག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། ། ལྷའི་བུ་དག་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འཕགས་པའི་བདེན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བསམ་གཏན་ཟབ་པའི་ཕྱིར་ཆོས་འདི་ 26-1-41a ཟབ་བོ། །ལྷའི་བུ་དག་ཚད་མྱེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཐར་པ་ཟབ་པའི་ཕྱིར་ ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པ་ཟབ་པའི་ཕྱིར། ཆོས་འདི་ཟབ་བོ། །ལྷའི་བུ་དག་མངོན་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཏིང་ངེ་འཛིན་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུངས་ཀྱི་སྒོ་ཟབ་པའི་ཕྱིར་ ཆོས་འདི་ཟབ་བོ། །ལྷའི་བུ་དག་དེ་བཞིན་གཤེགས་པའི་སྟོབས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མྱི་འཇིགས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སོ་སོ་ཡང་དག་པར་རིག་པ་ཟབ་པའི་ ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བྱམས་པ་ཆེན་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྙིང་རྗེ་ཆེན་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཟབ་པའི་ཕྱིར་ ཆོས་འདི་ཟབ་བོ། །ལྷའི་བུ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཕྱིར་མྱི་འོང་བའི་ འབྲས་བུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དགྲ་བཅོམ་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རང་བྱང་ཆུབ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ལམ་གྱི་རྣམ་པ་ཤེས་པ་ ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱིས་ 26-1-41b ཡིད་ཆེས་པར་དཀའ་བའི་ཆོས་བསྟན་པ་ནི་ངོ་མཚར་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་གཟུགས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཚོར་བ་ གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། འདུ་ཤེས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་ལགས། འདུ་བྱེད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་ལགས། རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་ལགས། མྱིག་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་ པ་མ་ལགས། རྣ་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་ལགས། སྣ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་ལགས། ལྕེ་གཟུང་བའི་ སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལུས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཡིད་གཟུང་བའི་སླད་དུ་མ་ལགས། མྱི་ གཟུང་བའི་སླད་དུ་བསྟན་པ་མ་ལགས། གཟུགས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྒྲ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ ལགས། དྲི་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རོ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རེག་གཟུང་བའི་སླད་ དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཆོས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མྱིག་གི་རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། 26-1-42a མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣ་བའི་རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྣའི་རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལྕེའི་རྣམ་པ་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མྱིག་གི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣ་བའི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྣའི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལྕེའི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་ 26-1-42b བའི་སླད་དུ་བསྟན་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་སླད་དུ་ མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སའི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཆུའི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་ དུ་བསྟན་པ་མ་ལགས། མྱེའི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རླུང་གི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ནམ་མཁའི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣམ་པར་ཤེས་པའི་ཁམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མ་རིག་ པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། འདུ་བྱེད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣམ་པར་ཤེས་པ་གཟུང་བའི་སླད་ དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མྱིང་དང་གཟུགས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྐྱེ་མཆེད་དྲུག་གཟུང་བའི་ སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རེག་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཚོར་བ་གཟུང་བའི་སླད་དུ་མ་ ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྲེད་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ལེན་པ་གཟུང་བའི་སླད་དུ་མ་ལགས། 26-1-43a མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྲིད་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྐྱེ་བ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་ བའི་སླད་དུ་བསྟན་པ་མ་ལགས། རྒ་ཤི་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་ དུ་བསྟན་པ་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཟུང་ བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ནང་ སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཕྱི་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཕྱི་ ནང་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྟོང་པ་ཉིད་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཆེན་པོ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དོན་དམ་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། 26-1-43b འདུས་བྱས་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། འདུས་མ་བྱས་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མཐའ་ ལས་འདས་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ ལགས། དོར་བ་མྱེད་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རང་བཞིན་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ ལགས། ཆོས་ཐམས་ཅད་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་ སླད་དུ་བསྟན་པ་མ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་ གཟུང་བའི་སླད་དུ་བསྟན་པ་མ་ལགས། ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་སླད་དུ་མ་ ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དྲན་པ་ཉེ་བར་བཞག་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཡང་དག་པར་སྤོང་བ་རྣམས་གཟུང་ བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དབང་པོ་རྣམས་ 26-1-44a གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྟོབས་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། འཕགས་པའི་བདེན་ པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བསམ་གཏན་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཚད་མྱེད་པ་རྣམས་ གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣམ་པར་ཐར་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་ བསྟན་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མངོན་པར་ཤེས་པ་ རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཏིང་ངེ་འཛིན་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། གཟུང་ཀྱི་སྒོ་རྣམས་གཟུང་ བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། མྱི་འཇིགས་ 26-1-44b པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བྱམས་པ་ཆེན་པོ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སྙིང་རྗེ་ཆེན་པོ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཕྱིར་མྱི་འོང་བའི་འབྲས་བུ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་ སླད་དུ་བསྟན་པ་མ་ལགས། དགྲ་བཅོམ་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རང་བྱང་ཆུབ་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་ བསྟན་པ་མ་ལགས། ལམ་གྱི་རྣམ་པར་ཤེས་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་སླད་དུ་མ་ལགས། མྱི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གི་གཟུགས་སོ། །བདག་ནི་གཟུགས་ཅན་ནོ། །བདག་ནི་ཚོར་བའོ། །བདག་གིས་ཚོར་བར་བྱའོ། །བདག་གི་ འདུ་ཤེས་སོ། །བདག་ནི་འདུ་ཤེས་ཅན་ནོ། །བདག་གི་འདུ་བྱེད་དོ། །བདག་གིས་མངོན་པར་འདུ་བྱའོ། །བདག་གི་རྣམ་པར་ཤེས་པའོ། །བདག་གིས་རྣམ་པར་ཤེས་པར་བྱའོ། །བདག་གི་མྱིག་གོ། ། 26-1-45a བདག་གིས་བལྟ་བར་བྱའོ། །བདག་གི་རྣ་བའོ། །བདག་གིས་ཐོས་པར་བྱའོ། །བདག་གི་སྣའོ། །བདག་གིས་བསྣམ་མོ། །བདག་གི་ལྕེའོ། །བདག་གིས་མྱོང་བར་བྱའོ། །བདག་གི་ལུས་སོ། ། བདག་གིས་རེག་པར་བྱའོ། །བདག་གི་ཡིད་དོ། །བདག་ནི་ཡིད་ཅན་ནོ། །བདག་གི་གཟུགས་སོ། །བདག་ནི་གཟུགས་དང་ལྡན་པའོ། །བདག་གི་སྒྲའོ། །བདག་ནི་ཉན་པའོ། །བདག་གི་དྲིའོ། །བདག་ ནི་སྣོམ་པའོ། །བདག་གི་རོའོ། །བདག་ནི་རོ་མྱོང་བའོ། །བདག་གི་རེག་གོ། །བདག་ནི་རེག་པར་བྱེད་པའོ། །བདག་གི་ཆོས་སོ། །བདག་ནི་ཆོས་ཤེས་པའོ། །བདག་གི་མྱིག་གི་རྣམ་པར་ ཤེས་པའོ། །བདག་ནི་མྱིག་གི་རྣམ་པར་ཤེས་པ་ཅན་ནོ། །བདག་གི་རྣ་བའི་རྣམ་པར་ཤེས་པའོ། །བདག་ནི་རྣ་བའི་རྣམ་པར་ཤེས་པ་ཅན་ནོ། །བདག་གི་སྣའི་རྣམ་པར་ཤེས་པའོ། །བདག་ནི་ སྣའི་རྣམ་པར་ཤེས་པ་ཅན་ནོ། །བདག་གི་ལྕེའི་རྣམ་པར་ཤེས་པའོ། །བདག་ནི་ལྕེའི་རྣམ་པར་ཤེས་ཅན་ནོ། །བདག་གི་ལུས་ཀྱི་རྣམ་པར་ཤེས་པའོ། །བདག་ནི་ལུས་ཀྱི་རྣམ་པར་ཤེས་པ་ཅན་ ནོ། །བདག་གི་ཡིད་ཀྱི་རྣམ་པར་ཤེས་པའོ། །བདག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཅན་ནོ། །བདག་གི་མྱིག་གི་འདུས་ཏེ་རེག་པའོ། །བདག་ནི་མྱིག་གི་འདུས་ཏེ་རེག་པ་ཅན་ནོ། །བདག་གི་རྣ་བའི་ འདུས་ཏེ་རེག་པའོ། །བདག་ནི་རྣ་བའི་འདུས་ཏེ་རེག་པ་ཅན་ནོ། །བདག་གི་སྣའི་འདུས་ཏེ་རེག་པའོ། །བདག་ནི་སྣའི་འདུས་ཏེ་རེག་པ་ཅན་ནོ། །བདག་གི་ལྕེའི་འདུས་ཏེ་རེག་པའོ། །བདག་ནི་ལྕེའི་ འདུས་ཏེ་རེག་པ་ཅན་ནོ། །བདག་གི་ལུས་ཀྱི་འདུས་ཏེ་རེག་པའོ། །བདག་ནི་ལུས་ཀྱི་འདུས་ཏེ་རེག་པ་ཅན་ནོ། །བདག་གི་ཡིད་ཀྱི་འདུས་ཏེ་རེག་པའོ། །བདག་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཅན་ནོ། ། 26-1-45b བདག་གི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །བདག་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །བདག་ནི་རྣ་བའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །བདག་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། ། བདག་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །བདག་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །བདག་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཚོར་བའོ། །བདག་གི་སའི་ཁམས་སོ། །བདག་ནི་སའི་ཁམས་ལས་རྣམ་པར་མ་འདས་པའོ། ། བདག་གི་ཆུའི་ཁམས་སོ། །བདག་ནི་ཆུའི་ཁམས་ལས་རྣམ་པར་མ་འདས་པའོ། །བདག་གི་མྱེའི་ཁམས་སོ། །བདག་ནི་མྱེའི་ཁམས་ལས་རྣམ་པར་མ་འདས་པའོ། །བདག་གི་རླུང་གི་ཁམས་ སོ། །བདག་ནི་རླུང་གི་ཁམས་ལས་རྣམ་པར་མ་འདས་པའོ། །བདག་གི་ནམ་མཁའི་ཁམས་སོ། །བདག་ནི་ནམ་མཁའི་ཁམས་ལས་རྣམ་པར་མ་འདས་པའོ། །བདག་གི་རྣམ་ པར་ཤེས་པའི་ཁམས་སོ། །བདག་ནི་རྣམ་པར་ཤེས་པའི་ཁམས་ལས་རྣམ་པར་མ་འདས་པའོ། །བདག་གི་མ་རིག་པའོ། །བདག་ནི་མ་རིག་པ་ཅན་ནོ། །བདག་གི་འདུ་བྱེད་དོ། །བདག་ནི་འདུ་ བྱེད་པའོ། །བདག་གི་རྣམ་པར་ཤེས་པའོ། །བདག་ནི་རྣམ་པར་ཤེས་པར་བྱེད་པའོ། །བདག་གི་མྱིང་དང་གཟུགས་སོ། །བདག་ནི་མྱིང་དང་གཟུགས་ཅན་ནོ། །བདག་གི་སྐྱེ་མཆེད་དྲུག་གོ། ། 26-1-46a བདག་ནི་སྐྱེ་མཆེད་དྲུག་ཅན་ནོ། །བདག་གི་རེག་པའོ། །བདག་ནི་རེག་པར་བྱེད་པའོ། །བདག་གི་ཚོར་བའོ། །བདག་ནི་ཚོར་བར་བྱེད་པའོ། །བདག་གི་སྲེད་པའོ། །བདག་ནི་སྲེད་པར་བྱེད་པའོ། །བདག་ གི་ལེན་པའོ། །བདག་ནི་ལེན་པ་ཅན་ནོ། །བདག་གི་སྲིད་པའོ། །བདག་ནི་སྲིད་པ་ཅན་ནོ། །བདག་གི་སྐྱེ་བའོ། །བདག་ནི་སྐྱེ་བའི་ཆོས་ཅན་ནོ། །བདག་གི་རྒ་ཤིའོ། །བདག་ནི་རྒ་ཤིའི་ཆོས་ཅན་ནོ། ། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱའོ། །བདག་གི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་བསམ་གཏན་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་ནང་སྟོང་པ་ཉིད་དོ། །བདག་གིས་ནང་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་ཕྱི་སྟོང་པ་ཉིད་དོ། ། བདག་གིས་ཕྱི་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་ཕྱི་ནང་སྟོང་པ་ཉིད་དོ། །བདག་གིས་ཕྱི་ནང་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་སྟོང་པ་ཉིད་སྟོང་པ་ཉིད་དོ། །བདག་གིས་སྟོང་པ་ཉིད་སྟོང་ པ་ཉིད་ལ་གོམས་པར་བྱའོ། །བདག་གི་ཆེན་པོ་སྟོང་པ་ཉིད་དོ། །བདག་གིས་ཆེན་པོ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་དོན་དམ་པ་སྟོང་པ་ཉིད་དོ། །བདག་གིས་དོན་དམ་པ་སྟོང་པ་ཉིད་ལ་གོམས་ 26-1-46b པར་བྱའོ། །བདག་གི་འདུས་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་བྱས་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་འདུས་མ་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་མ་བྱས་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་ མཐའ་ལས་འདས་པ་སྟོང་པ་ཉིད་དོ། །བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ གོམས་པར་བྱའོ། །བདག་གི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་རང་བཞིན་སྟོང་པ་ཉིད་དོ། །བདག་གིས་རང་བཞིན་སྟོང་པ་ཉིད་ལ་གོམས་པར་བྱའོ། ། བདག་གི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གོམས་པར་བྱའོ། ། བདག་གི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་ གི་ངོ་བོ་སྟོང་པ་ཉིད་དོ། །བདག་གིས་ངོ་བོ་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་ གི་དྲན་པ་ཉེ་བར་བཞག་པ་རྣམས་སོ། །བདག་གིས་དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་ཡང་དག་པར་སྤོང་བ་རྣམས་སོ། །བདག་གིས་ཡང་དག་པར་སྤོང་བ་རྣམས་ལ་སྤྱད་པར་བྱའོ། །བདག་ གི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་དབང་པོ་རྣམས་སོ། །བདག་གིས་དབང་པོ་རྣམས་ལ་སྤྱད་པར་བྱའོ། །བདག་གི་སྟོབས་རྣམས་སོ། ། 26-1-47a བདག་གིས་སྟོབས་རྣམས་ལ་སྤྱད་པར་བྱའོ། །བདག་གི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱད་པར་བྱའོ། །བདག་གི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། ། བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བྱའོ། །བདག་གི་འཕགས་པའི་བདེན་པ་རྣམས་སོ། །བདག་གིས་འཕགས་པའི་བདེན་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་བསམ་ གཏན་རྣམས་སོ། །བདག་གིས་བསམ་གཏན་རྣམས་ལ་སྤྱད་པར་བྱའོ། །བདག་གི་ཚད་མྱེད་པ་རྣམས་སོ། །བདག་གིས་ཚད་མྱེད་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་སོ། །བདག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་རྣམ་པར་ཐར་པ་རྣམས་སོ། །བདག་གིས་རྣམ་ཐར་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པའོ། །བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད་པར་བྱའོ། །བདག་གི་མངོན་པར་ཤེས་པ་རྣམས་སོ། །བདག་གིས་མངོན་པར་ཤེས་པ་རྣམས་ལ་ སྤྱད་པར་བྱའོ། །བདག་གི་ཏིང་ངེ་འཛིན་རྣམས་སོ། །བདག་གིས་ཏིང་ངེ་འཛིན་རྣམས་ལ་སྤྱད་པར་བྱའོ། །བདག་གི་གཟུངས་ཀྱི་སྒོ་རྣམས་སོ། །བདག་གིས་གཟུངས་ཀྱི་སྒོ་རྣམས་ལ་སྤྱད་པར་བྱའོ། །བདག་ གི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །བདག་གིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱད་པར་བྱའོ། །བདག་གི་མྱི་འཇིགས་པ་རྣམས་སོ། །བདག་གིས་མྱི་འཇིགས་པ་རྣམས་ལ་སྤྱད་པར་ 26-1-47b བྱའོ། །བདག་གི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བདག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་བྱམས་པ་ཆེན་པོའོ། །བདག་གིས་བྱམས་པ་ཆེན་པོ་ལ་སྤྱད་པར་བྱའོ། ། བདག་གི་སྙིང་རྗེ་ཆེན་པོའོ། །བདག་གིས་སྙིང་རྗེ་ཆེན་པོ་ལ་སྤྱད་པར་བྱའོ། །བདག་གི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱད་པར་བྱའོ། །བདག་གི་ རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །བདག་ནི་རྒྱུན་ཏུ་ཞུགས་པར་འགྱུར་རོ། །བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བདག་ནི་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །བདག་གི་ཕྱིར་མྱི་འོང་བའི་འབྲས་བུའོ། ། བདག་ནི་ཕྱིར་མྱི་འོང་བར་འགྱུར་རོ། །བདག་གི་དགྲ་བཅོམ་པ་ཉིད་དོ། །བདག་ནི་དགྲ་བཅོམ་པར་འགྱུར་རོ། །བདག་གི་རང་བྱང་ཆུབ་བོ། །བདག་ནི་རང་བྱང་ཆུབ་ཉིད་དུ་འགྱུར་རོ། །བདག་གི་རང་སངས་རྒྱས་སོ། ། བདག་ནི་རང་སངས་རྒྱས་སུ་འགྱུར་རོ། །བདག་གི་ལམ་གྱི་རྣམ་པར་ཤེས་པ་ཉིད་དོ། །བདག་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་འགྱུར་རོ་ཞེས་བགྱི་བར་འཛིན་པ་ལ་སྤྱོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འདུ་ཤེས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འདུ་བྱེད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། 26-1-48a རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱིག་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣ་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྣ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལྕེ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལུས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་ གཟུང་བའི་ཕྱིར་མ་ཡིན། ཡིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྒྲ་གཟུང་བའི་ཕྱིར་བསྟན་པ་མ་ ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དྲི་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རོ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རེག་གཟུང་བའི་ཕྱིར་བསྟན་ པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཆོས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱིག་གི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣ་བའི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྣའི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལྕེའི་རྣམ་པར་ཤེས་པ་གཟུང་ བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱིག་གི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣ་བའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྣའི་འདུས་ཏེ་ 26-1-48b རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལྕེའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་ བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སའི་ཁམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཆུའི་ཁམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱེའི་ཁམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རླུང་གི་ཁམས་གཟུང་བའི་ཕྱིར་ བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ནམ་མཁའི་ཁམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣམ་པར་ཤེས་པའི་ཁམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ ཕྱིར་མ་ཡིན། མ་རིག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འདུ་བྱེད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། 26-1-49a མྱི་གཟུང་བའི་ཕྱིར་མ་ཡིན། མྱིང་དང་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྐྱེ་མཆེད་དྲུག་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ ཕྱིར་མ་ཡིན། རེག་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཚོར་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྲེད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལེན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྲིད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྐྱེ་བ་གཟུང་བའི་ཕྱིར་བསྟན་ པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྒ་ཤི་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ནང་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཕྱི་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཕྱི་ནང་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། 26-1-49b ཆེན་པོ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དོན་དམ་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འདུས་བྱས་སྟོང་པ་ཉིད་གཟུང་བའི་ ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ ཡིན། རང་བཞིན་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དྲན་པ་ ཉེ་བར་བཞག་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཡང་དག་པར་སྤོང་བ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་གཟུང་བའི་ཕྱིར་བསྟན་ པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དབང་པོ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྟོབས་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བྱང་ཆུབ་ཀྱི་ 26-1-50a ཡན་ལག་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། འཕགས་པའི་ བདེན་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བསམ་གཏན་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཚད་མྱེད་པ་རྣམས་གཟུང་བའི་ཕྱིར་བསྟན་པ་ མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣམ་པར་ཐར་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། མངོན་པར་ཤེས་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཏིང་ངེ་འཛིན་རྣམས་གཟུང་བའི་ཕྱིར་བསྟན་ པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། གཟུངས་ཀྱི་སྒོ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་ གཟུང་བའི་ཕྱིར་མ་ཡིན། མྱི་འཇིགས་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། བྱམས་ པ་ཆེན་པོ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སྙིང་རྗེ་ཆེན་པོ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཟུང་བའི་ཕྱིར་བསྟན་པ་ 26-1-50b མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། དགྲ་བཅོམ་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རང་བྱང་ཆུབ་ གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་ཕྱིར་ བསྟན་པ་མ་ཡིན། མྱི་གཟུང་བའི་ཕྱིར་མ་ཡིན། ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འདུ་ཤེས་ གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འདུ་བྱེད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱིག་གཟུང་བའི་ ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྣ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལྕེ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ ཕྱིར་སྤྱོད་པ་དང་། ལུས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། གཟུགས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་ པ་དང་། སྒྲ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དྲི་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རོ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རེག་ 26-1-51a གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཆོས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱིག་གི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བའི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྣའི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལྕེའི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་ རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱིག་གི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྣའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་ བའི་ཕྱིར་སྤྱོད་པ་དང་། ལྕེའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གཟུང་བའི་ ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་ གཟུང་བའི་ཕྱིར་སྤྱོད་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་ སྤྱོད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། 26-1-51b སའི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཆུའི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱེའི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རླུང་ གི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ནམ་མཁའི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཤེས་པའི་ཁམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་ པ་དང་། མ་རིག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འདུ་བྱེད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱིང་དང་ གཟུགས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྐྱེ་མཆེད་དྲུག་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རེག་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚོར་བ་གཟུང་ བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྲེད་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལེན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྲིད་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་ སྤྱོད་པ་དང་། སྐྱེ་བ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྒ་ཤི་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་ གཟུང་བའི་ཕྱིར་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ནང་སྟོང་པ་ཉིད་གཟུང་བའི་ཕྱིར་ 26-1-52a རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྟོང་པ་ཉིད་སྟོང་ པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རང་ བཞིན་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་ སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་ བའི་ཕྱིར་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དྲན་པ་ཉེ་བར་བཞག་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཡང་དག་པར་སྤོང་བ་ རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དབང་པོ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྟོབས་ 26-1-52b རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཟུང་བའི་ཕྱིར་རམ། མྱི་གཟུང་ བའི་ཕྱིར་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། བསམ་གཏན་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚད་མྱེད་པ་རྣམས་གཟུང་བའི་ ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཐར་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཟུང་བའི་ཕྱིར་རམ། མྱི་གཟུང་ བའི་ཕྱིར་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་གཟུང་བའི་ཕྱིར་ རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། མྱི་འཇིགས་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སོ་སོ་ཡང་ དག་པར་རིག་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། བྱམས་པ་ཆེན་པོ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་ 26-1-53a བུ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། དགྲ་བཅོམ་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ ཕྱིར་སྤྱོད་པ་དང་། རང་བྱང་ཆུབ་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་གཟུང་བའི་ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་ ཕྱིར་རམ། མྱི་གཟུང་བའི་ཕྱིར་སྤྱོད་པ་དེ་དག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མྱི་ནུས་སོ། །ནང་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། ། ཕྱི་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །ཕྱི་ནང་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །ཆེན་པོ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །དོན་དམ་པ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། ། འདུས་བྱས་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །དོར་བ་མྱེད་ པ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །རང་བཞིན་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་ པར་མྱི་ནུས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་མྱི་ནུས་སོ། །དྲན་པ་ཉེ་བར་བཞག་པ་རྣམས་བསྒོམ་ 26-1-53b པར་མྱི་ནུས་སོ། །ཡང་དག་པར་སྤོང་བ་རྣམས་བསྒོམ་པར་མྱི་ནུས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་མྱི་ནུས་སོ། །དབང་པོ་རྣམས་བསྒོམ་པར་མྱི་ནུས་སོ། །སྟོབས་རྣམས་བསྒོམ་པར་མྱི་ནུས་སོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་བསྒོམ་པར་མྱི་ནུས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་མྱི་ནུས་སོ། །འཕགས་པའི་བདེན་པ་རྣམས་བསྒོམ་པར་མྱི་ནུས་སོ། །བསམ་གཏན་རྣམས་བསྒོམ་པར་མྱི་ནུས་སོ། ། ཚད་མྱེད་པ་རྣམས་བསྒོམ་པར་མྱི་ནུས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་མྱི་ནུས་སོ། །རྣམ་པར་ཐར་པ་རྣམས་བསྒོམ་པར་མྱི་ནུས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་བསྒོམ་པར་མྱི་ནུས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་མྱེད་པ་བསྒོམ་པར་མྱི་ནུས་སོ། །མངོན་པར་ཤེས་པ་རྣམས་བསྒོམ་པར་མྱི་ནུས་སོ། །ཏིང་ངེ་འཛིན་རྣམས་བསྒོམ་ པར་མྱི་ནུས་སོ། །གཟུངས་ཀྱི་སྒོ་རྣམས་བསྒོམ་པར་མྱི་ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པར་མྱི་ནུས་སོ། །མྱི་འཇིགས་པ་རྣམས་བསྒོམ་པར་མྱི་ནུས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་ པར་མྱི་ནུས་སོ། །བྱམས་པ་ཆེན་པོ་བསྒོམ་པར་མྱི་ནུས་སོ། །སྙིང་རྗེ་ཆེན་པོ་བསྒོམ་པར་མྱི་ནུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་མྱི་ནུས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ བསྒོམ་པར་མྱི་ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པར་མྱི་ནུས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་བསྒོམ་པར་མྱི་ནུས་སོ། །དགྲ་བཅོམ་པ་ཉིད་བསྒོམ་པར་མྱི་ནུས་སོ། །རང་བྱང་ཆུབ་བསྒོམ་པར་མྱི་ནུས་ སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པར་མྱི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པར་མྱི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། 26-1-54a བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་རྗེས་སུ་འཐུན་པ་སྟེ། ཆོས་འདི་ཆོས་གང་རྣམས་དང་རྗེས་སུ་འཐུན་པ་ལགས་ཤེ་ན། ཆོས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་ འཐུན་པའོ། །ཆོས་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ནང་སྟོང་པ་ཉིད་དང་རྗེས་ སུ་འཐུན་པའོ། །ཆོས་འདི་ནི་ཕྱི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཕྱི་ནང་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཆེན་ པོ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དོན་དམ་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་འདུས་བྱས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་འདུས་མ་བྱས་སྟོང་པ་ཉིད་དང་ རྗེས་སུ་འཐུན་པའོ། །ཆོས་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དོར་བ་མྱེད་པ་སྟོང་པ་ ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རང་བཞིན་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དང་རྗེས་སུ་ 26-1-54b འཐུན་པའོ། །ཆོས་འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཡང་དག་པར་སྤོང་བ་རྣམས་ དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དབང་པོ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་སྟོབས་རྣམས་དང་རྗེས་སུ་འཐུན་པའོ། ། ཆོས་འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་འཕགས་པའི་བདེན་པ་རྣམས་དང་ རྗེས་སུ་འཐུན་པའོ། །ཆོས་འདི་ནི་བསམ་གཏན་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཚད་མྱེད་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྣམ་པར་ཐར་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་མངོན་པར་ཤེས་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཏིང་ངེ་འཛིན་རྣམས་དང་རྗེས་ སུ་འཐུན་པའོ། །ཆོས་འདི་ནི་གཟུངས་ཀྱི་སྒོ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་མྱི་འཇིགས་པ་རྣམས་དང་རྗེས་སུ་འཐུན་ པའོ། །ཆོས་འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་བྱམས་པ་ཆེན་པོ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་སྙིང་རྗེ་ཆེན་པོ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ 26-1-55a སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ཕྱིར་མྱི་འོང་བའི་འབྲས་བུ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དགྲ་བཅོམ་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རང་བྱང་ཆུབ་དང་རྗེས་སུ་འཐུན་པའོ། ། ཆོས་འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་པ་སྟེ། ཅི་ལ་ཐོགས་པ་ མ་མཆིས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཚོར་བ་ལ་ཐོགས་པ་མ་མཆིས་སོ། །འདུ་ཤེས་ལ་ཐོགས་པ་མ་མཆིས་སོ། །འདུ་བྱེད་ལ་ཐོགས་པ་མ་མཆིས་སོ། །རྣམ་པར་ཤེས་པ་ལ་ཐོགས་ པ་མ་མཆིས་སོ། །མྱིག་ལ་ཐོགས་པ་མ་མཆིས་སོ། །རྣ་བ་ལ་ཐོགས་པ་མ་མཆིས་སོ། །སྣ་ལ་ཐོགས་པ་མ་མཆིས་སོ། །ལྕེ་ལ་ཐོགས་པ་མ་མཆིས་སོ། །ལུས་ལ་ཐོགས་པ་མ་མཆིས་སོ། །ཡིད་ལ་ ཐོགས་པ་མ་མཆིས་སོ། །གཟུགས་ལ་ཐོགས་པ་མ་མཆིས་སོ། །སྒྲ་ལ་ཐོགས་པ་མ་མཆིས་སོ། །དྲི་ལ་ཐོགས་པ་མ་མཆིས་སོ། །རོ་ལ་ཐོགས་པ་མ་མཆིས་སོ། །རེག་ལ་ཐོགས་པ་མ་མཆིས་སོ། ། ཆོས་ལ་ཐོགས་པ་མ་མཆིས་སོ། །མྱིག་གི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །སྣའི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་ སོ། །ལྕེའི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །མིག་གི་འདུས་ཏེ་རེག་པ་ལ་ཐོགས་ 26-1-55b པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པ་ལ་ཐོགས་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པ་ལ་ཐོགས་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པ་ལ་ཐོགས་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ ལ་ཐོགས་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ཐོགས་པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཐོགས་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ ཐོགས་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཐོགས་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཐོགས་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ལ་ཐོགས་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཐོགས་པ་མ་མཆིས་སོ། །སའི་ཁམས་ལ་ཐོགས་པ་མ་མཆིས་སོ། །ཆུའི་ཁམས་ལ་ཐོགས་པ་མ་མཆིས་སོ། །མྱེའི་ ཁམས་ལ་ཐོགས་པ་མ་མཆིས་སོ། །རླུང་གི་ཁམས་ལ་ཐོགས་པ་མ་མཆིས་སོ། །ནམ་མཁའི་ཁམས་ལ་ཐོགས་པ་མ་མཆིས་སོ། །རྣམ་པར་ཤེས་པའི་ཁམས་ལ་ཐོགས་པ་མ་མཆིས་སོ། །མ་རིག་ པ་ལ་ཐོགས་པ་མ་མཆིས་སོ། །འདུ་བྱེད་ལ་ཐོགས་པ་མ་མཆིས་སོ། །རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །མྱིང་དང་གཟུགས་ལ་ཐོགས་པ་མ་མཆིས་སོ། །སྐྱེ་མཆེད་དྲུག་ལ་ཐོགས་པ་མ་ མཆིས་སོ། །རེག་པ་ལ་ཐོགས་པ་མ་མཆིས་སོ། །ཚོར་བ་ལ་ཐོགས་པ་མ་མཆིས་སོ། །སྲེད་པ་ལ་ཐོགས་པ་མ་མཆིས་སོ། །ལེན་པ་ལ་ཐོགས་པ་མ་མཆིས་སོ། །སྲིད་པ་ལ་ཐོགས་པ་མ་མཆིས་སོ། ། སྐྱེ་བ་ལ་ཐོགས་པ་མ་མཆིས་སོ། །རྒ་ཤི་ལ་ཐོགས་པ་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །བཟོད་པའི་ 26-1-56a ཕ་རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཐོགས་པ་མ་མཆིས་སོ། །ནང་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ ལ་ཐོགས་པ་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །འདུས་བྱས་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །འདུས་མ་བྱས་སྟོང་པ་ ཉིད་ལ་ཐོགས་པ་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། ། རང་བཞིན་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཐོགས་ པ་མ་མཆིས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །དྲན་པ་ཉེ་བར་ བཞག་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །ཡང་དག་པར་སྤོང་བ་རྣམས་ལ་ཐོགས་པ་མ་མཆིས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །དབང་པོ་རྣམས་ལ་ཐོགས་པ་མ་མཆིས་ སོ། །སྟོབས་རྣམས་ལ་ཐོགས་པ་མ་མཆིས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཐོགས་པ་མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཐོགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་ 26-1-56b ལ་ཐོགས་པ་མ་མཆིས་སོ། །བསམ་གཏན་རྣམས་ལ་ཐོགས་པ་མ་མཆིས་སོ། །ཚད་མྱེད་མ་རྣམས་ལ་ཐོགས་པ་མ་མཆིས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཐོགས་པ་མ་མཆིས་སོ། ། རྣམ་པར་ཐར་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་དང་། སྨོན་ པ་མྱེད་པ་ལ་ཐོགས་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་ལ་ཐོགས་པ་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་ལ་ཐོགས་པ་མ་མཆིས་སོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ལ་ཐོགས་པ་མ་མཆིས་སོ། །མྱི་འཇིགས་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །བྱམས་པ་ཆེན་པོ་ལ་ཐོགས་པ་མ་ མཆིས་སོ། །སྙིང་རྗེ་ཆེན་པོ་ལ་ཐོགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཐོགས་པ་མ་མཆིས་སོ། །ལན་ཅིག་ཕྱིར་འོང་ བའི་འབྲས་བུ་ལ་ཐོགས་པ་མ་མཆིས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཐོགས་པ་མ་མཆིས་སོ། །དགྲ་བཅོམ་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །རང་བྱང་ཆུབ་ལ་ཐོགས་པ་མ་མཆིས་སོ། །ལམ་གྱི་རྣམ་པ་ཤེས་ པ་ཉིད་ལ་ཐོགས་པ་མ་མཆིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཆོས་འདི་ནི་ནམ་མཁའ་མཉམ་པ་ཉིད་དང་། དེ་བཞིན་ཉིད་མཉམ་པ་ཉིད་དང་། ཆོས་ཀྱི་དབྱིངས་མཉམ་པ་ ཉིད་དང་། ཡང་དག་པའི་མཐའ་མཉམ་པ་ཉིད་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་མཉམ་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཉམ་པ་ཉིད་དང་། སྐྱེ་བ་མ་མཆིས་པ་དང་། 26-1-57a འགག་པ་མ་མཆིས་པ་མཉམ་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་མཉམ་པ་ཉིད་ཀྱི་སླད་དུ་ཐོགས་པ་མ་མཆིས་པའི་མཚན་ཉིད་དོ། །ཆོས་འདི་ནི་ གཟུགས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། འདུ་ཤེས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། འདུ་བྱེད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། མྱིག་ གི་སྐྱེ་བ་མྱི་དམྱིགས་པ་དང་། རྣ་བའི་སྐྱེ་བ་མྱི་དམྱིགས་པ་དང་། སྣའི་སྐྱེ་བ་མྱི་དམྱིགས་པ་དང་། ལྕེའི་སྐྱེ་བ་མྱི་དམྱིགས་པ་དང་། ལུས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཡིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། གཟུགས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། སྒྲའི་སྐྱེ་བ་མྱི་དམྱིགས་པ་དང་། དྲིའི་སྐྱེ་བ་མྱི་དམྱིགས་པ་དང་། རོའི་སྐྱེ་བ་མྱི་དམྱིགས་པ་དང་། རེག་གི་སྐྱེ་བ་མྱི་དམྱིགས་པ་དང་། ཆོས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མྱིག་གི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། རྣ་བའི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། སྣའི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་ དང་། ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། མྱིག་གི་འདུས་ཏེ་རེག་པའི་སྐྱེ་བ་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པའི་སྐྱེ་བ་ མྱི་དམྱིགས་པ་དང་། སྣའི་འདུས་ཏེ་རེག་པའི་སྐྱེ་བ་མྱི་དམྱིགས་པ་དང་། ལྕེའི་འདུས་ཏེ་རེག་པའི་སྐྱེ་བ་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་མྱི་དམྱིགས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་ སྐྱེ་བ་མྱི་དམྱིགས་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། སྣའི་འདུས་ཏེ་རེག་པ་ལས་ 26-1-57b བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། ཡིད་ཀྱི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བའི་སྐྱེ་བ་མྱི་དམྱིགས་པ་དང་། སའི་ཁམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཆུའི་ཁམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མྱེའི་ཁམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རླུང་གི་ཁམས་ཀྱི་ སྐྱེ་བ་མྱི་དམྱིགས་པ་དང་། ནམ་མཁའི་ཁམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མ་རིག་པའི་སྐྱེ་བ་མྱི་དམྱིགས་པ་དང་། འདུ་བྱེད་ཀྱི་སྐྱེ་བ་མྱི་དམྱིགས་ པ་དང་། རྣམ་པར་ཤེས་པའི་སྐྱེ་བ་མྱི་དམྱིགས་པ་དང་། མྱིང་དང་གཟུགས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། སྐྱེ་མཆེད་དྲུག་གི་སྐྱེ་བ་མྱི་དམྱིགས་པ་དང་། རེག་པའི་སྐྱེ་བ་མྱི་དམྱིགས་པ་དང་། ཚོར་བའི་སྐྱེ་བ་མྱི་དམྱིགས་ པ་དང་། སྲེད་པའི་སྐྱེ་བ་མྱི་དམྱིགས་པ་དང་། ལེན་པའི་སྐྱེ་བ་མྱི་དམྱིགས་པ་དང་། སྲིད་པའི་སྐྱེ་བ་མྱི་དམྱིགས་པ་དང་། སྐྱེ་བའི་སྐྱེ་བ་མྱི་དམྱིགས་པ་དང་། རྒ་ཤིའི་སྐྱེ་བ་མྱི་དམྱིགས་པ་དང་། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་དམྱིགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་དམྱིགས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་དམྱིགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་ དམྱིགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་དམྱིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་དམྱིགས་པ་དང་། ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བ་ མྱི་དམྱིགས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་ 26-1-58a དམྱིགས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ སྐྱེ་བ་མྱི་དམྱིགས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཡང་དག་པར་སྤོང་བ་རྣམས་ ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། དབང་པོ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། སྟོབས་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་ རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བ་མྱི་དམྱིགས་པ་དང་། འཕགས་པའི་བདེན་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། བསམ་གཏན་རྣམས་ཀྱི་སྐྱེ་ བ་མྱི་དམྱིགས་པ་དང་། ཚད་མྱེད་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྣམ་པར་ཐར་པ་རྣམས་ཀྱི་སྐྱེ་བ་མྱི་ དམྱིགས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྐྱེ་བ་ 26-1-58b མྱི་དམྱིགས་པ་དང་། མངོན་པར་ཤེས་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། གཟུངས་ཀྱི་སྒོའི་སྐྱེ་བ་མྱི་དམྱིགས་པ་དང་། དེ་བཞིན་གཤེགས་པའི་ སྟོབས་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། མྱི་འཇིགས་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། བྱམས་པ་ཆེན་པོའི་སྐྱེ་བ་ མྱི་དམྱིགས་པ་དང་། སྙིང་རྗེ་ཆེན་པོའི་སྐྱེ་བ་མྱི་དམྱིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བ་མྱི་དམྱིགས་པ་དང་། ལན་ ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་མྱི་དམྱིགས་པ་དང་། ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བ་མྱི་དམྱིགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རང་བྱང་ཆུབ་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མྱི་དམྱིགས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ། །ཆོས་འདི་ནི་གཟུགས་ཀྱི་རྟེན་མྱི་དམྱིགས་པ་དང་། ཚོར་བའི་རྟེན་མྱི་དམྱིགས་པ་དང་། འདུ་ཤེས་ཀྱི་རྟེན་མྱི་དམྱིགས་པ་དང་། འདུ་བྱེད་ཀྱི་རྟེན་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། མྱིག་གི་རྟེན་མྱི་དམྱིགས་པ་དང་། རྣ་བའི་རྟེན་མྱི་དམྱིགས་པ་དང་། སྣའི་རྟེན་མྱི་དམྱིགས་པ་དང་། ལྕེའི་རྟེན་མྱི་དམྱིགས་པ་དང་། ལུས་ཀྱི་རྟེན་མྱི་དམྱིགས་པ་དང་། ཡིད་ཀྱི་རྟེན་མྱི་དམྱིགས་པ་དང་། གཟུགས་ཀྱི་རྟེན་མྱི་དམྱིགས་པ་དང་། སྒྲའི་རྟེན་མྱི་དམྱིགས་པ་དང་། དྲིའི་རྟེན་མྱི་དམྱིགས་པ་དང་། རོའི་རྟེན་མྱི་དམྱིགས་པ་དང་། རེག་གི་རྟེན་མྱི་དམྱིགས་པ་དང་། ཆོས་ཀྱི་རྟེན་མྱི་དམྱིགས་པ་དང་། མྱིག་གི་རྣམ་པར་ཤེས་པའི་རྟེན་ 26-1-59a མྱི་དམྱིགས་པ་དང་། རྣ་བའི་རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། སྣའི་རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། ལྕེའི་རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྟེན་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པའི་ རྟེན་མྱི་དམྱིགས་པ་དང་། སྣའི་འདུས་ཏེ་རེག་པའི་རྟེན་མྱི་དམྱིགས་པ་དང་། ལྕེའི་འདུས་ཏེ་རེག་པའི་རྟེན་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྟེན་མྱི་དམྱིགས་པ་དང་། ཡིད་ཀྱི་འདུས་ཏེ་རེག་ པའི་རྟེན་མྱི་དམྱིགས་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་པ་དང་། སྣའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་ པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྟེན་མྱི་དམྱིགས་པ་དང་། སའི་ཁམས་ཀྱི་རྟེན་མྱི་དམྱིགས་པ་དང་། ཆུའི་ཁམས་ཀྱི་རྟེན་མྱི་དམྱིགས་པ་དང་། མྱེའི་ཁམས་ཀྱི་རྟེན་མྱི་ དམྱིགས་པ་དང་། རླུང་གི་ཁམས་ཀྱི་རྟེན་མྱི་དམྱིགས་པ་དང་། ནམ་མཁའི་ཁམས་ཀྱི་རྟེན་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་མྱི་དམྱིགས་པ་དང་། མ་རིག་པའི་ རྟེན་མྱི་དམྱིགས་པ་དང་། འདུ་བྱེད་ཀྱི་རྟེན་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། མྱིང་དང་གཟུགས་ཀྱི་རྟེན་མྱི་དམྱིགས་པ་དང་། སྐྱེ་མཆེད་དྲུག་གི་རྟེན་མྱི་དམྱིགས་ 26-1-59b པ་དང་། རེག་པའི་རྟེན་མྱི་དམྱིགས་པ་དང་། ཚོར་བའི་རྟེན་མྱི་དམྱིགས་པ་དང་། སྲེད་པའི་རྟེན་མྱི་དམྱིགས་པ་དང་། ལེན་པའི་རྟེན་མྱི་དམྱིགས་པ་དང་། སྲིད་པའི་རྟེན་མྱི་དམྱིགས་པ་དང་། སྐྱེ་བའི་རྟེན་ མྱི་དམྱིགས་པ་དང་། རྒ་ཤིའི་རྟེན་མྱི་དམྱིགས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྟེན་མྱི་དམྱིགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་མྱི་དམྱིགས་པ་དང་། བཟོད་པའི་ཕ་རོལ་ཏུ་ ཕྱིན་པའི་རྟེན་མྱི་དམྱིགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་མྱི་དམྱིགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་མྱི་དམྱིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་རྟེན་མྱི་དམྱིགས་པ་དང་། ནང་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། ཕྱི་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྟེན་ མྱི་དམྱིགས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། འདུས་མ་བྱས་སྟོང་པ་ ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རྟེན་མྱི་ དམྱིགས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྟེན་མྱི་དམྱིགས་ 26-1-60a པ་དང་། དྲན་པ་ཉེ་བར་བཞག་པའི་རྟེན་མྱི་དམྱིགས་པ་དང་། ཡང་དག་པར་སྤོང་བའི་རྟེན་མྱི་དམྱིགས་པ་དང་། རྫུ་འཕྲུལ་གྱི་རྐང་པའི་རྟེན་མྱི་དམྱིགས་པ་དང་། དབང་པོའི་རྟེན་ མྱི་དམྱིགས་པ་དང་། སྟོབས་ཀྱི་རྟེན་མྱི་དམྱིགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྟེན་མྱི་དམྱིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྟེན་མྱི་དམྱིགས་པ་དང་། འཕགས་ པའི་བདེན་པའི་རྟེན་མྱི་དམྱིགས་པ་དང་། བསམ་གཏན་གྱི་རྟེན་མྱི་དམྱིགས་པ་དང་། ཚད་མྱེད་པའི་རྟེན་མྱི་དམྱིགས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་རྟེན་མྱི་དམྱིགས་ པ་དང་། རྣམ་པར་ཐར་པའི་རྟེན་མྱི་དམྱིགས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་རྟེན་མྱི་དམྱིགས་པ་དང་། རྣམ་པར་མཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ དང་། སྨོན་པ་མྱེད་པའི་རྟེན་མྱི་དམྱིགས་པ་དང་། མངོན་པར་ཤེས་པའི་རྟེན་མྱི་དམྱིགས་པ་དང་། ཏིང་ངེ་འཛིན་ཀྱི་རྟེན་མྱི་དམྱིགས་པ་དང་། གཟུངས་ཀྱི་སྒོའི་རྟེན་མྱི་དམྱིགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཀྱི་རྟེན་མྱི་དམྱིགས་པ་དང་། མྱི་འཇིགས་པའི་རྟེན་མྱི་དམྱིགས་པ་དང་། སོ་སོ་ཡང་དག་པར་རིག་པའི་རྟེན་མྱི་དམྱིགས་པ་དང་། བྱམས་པ་ཆེན་པོའི་རྟེན་མྱི་ དམྱིགས་པ་དང་། སྙིང་རྗེ་ཆེན་པོའི་རྟེན་མྱི་དམྱིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྟེན་མྱི་དམྱིགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རྟེན་མྱི་དམྱིགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རྟེན་མྱི་དམྱིགས་པ་དང་། ཕྱིར་མྱི་འོང་བའི་འབྲས་བུའི་རྟེན་མྱི་དམྱིགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། རང་བྱང་ཆུབ་ཀྱི་ 26-1-60b རྟེན་མྱི་དམྱིགས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རྟེན་མྱི་དམྱིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་མྱི་དམྱིགས་པའི་སླད་དུ་རྟེན་མ་མཆིས་པའོ། །དེ་ནས་འདོད་ པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྟོན་ཏོ། །མཚན་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་ཉིད་བརྩམས་ ཤིང་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གང་འདི་སྐད་དུ་བཅོམ་ལྡན་ འདས་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་ཟེར་བ་ནི། ཇི་ལྟར་རྗེས་སུ་སྐྱེས་པས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ཞེ་ན། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་མ་སོང་བ་དེ་བཞིན་དུ། གནས་བརྟན་རབ་ འབྱོར་ཀྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བས་ན། ཐོག་མ་ནས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ ཡིན་པ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་སྟེ། དེ་བཞིན་གཤེགས་ 26-1-61a པའི་དེ་བཞིན་ཉིད་དེ་ཡང་དེ་བཞིན་ཉིད་མ་ཡིན་ནོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཇི་ལྟ་བ་དེ་བཞིན་ཉིད་དུ། གནས་བརྟན་རབ་འབྱོར་གནས་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་ རྟོག་པ་མྱེད་པ་དེ་བཞིན་དུ། གནས་བརྟན་རབ་འབྱོར་ཀྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མྱེད་ པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཅི་ལ་ཡང་ཐོགས་པ་མྱེད་དེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་དེ་བཞིན་ཉིད་གཅིག་ཅིང་གཉིས་སུ་བྱར་མྱེད་ལ། དེ་བཞིན་ཉིད་དེ་ཡང་མ་བྱས་པ་སྟེ། དེ་བཞིན་ཉིད་དེ་ནི་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མྱེད་དེ། དེ་བཞིན་ཉིད་ དེ་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མྱེད་པས། དེའི་ཕྱིར་དེ་བཞིན་ཉིད་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་ སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་སྟེ། དེ་བཞིན་དུ་རབ་འབྱོར་ཀྱི་དེ་བཞིན་ཉིད་ ཀྱང་ཐམས་ཅད་དུ་འགྱུར་བ་མྱེད་ཅིང་རྣམ་པར་མྱི་རྟོག །རྣམ་པར་རྟོག་པ་མྱེད་ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མྱི་དད་པ་དབྱེར་མྱེད་པ་འབྱེད་པ་མ་ཡིན་པ་ 26-1-61b དམྱིགས་སུ་མྱེད་པ་དེ་བཞིན་དུ། རབ་འབྱོར་ཀྱི་དེ་བཞིན་ཉིད་ཀྱང་ཐ་མྱི་དད་པ་དབྱེར་མྱེད་པ། འབྱེད་པ་མ་ཡིན་པ་དམྱིགས་སུ་མྱེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་ བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དེ་ནམ་ཡང་དེ་བཞིན་ཉིད་མ་ ཡིན་པ་མ་ཡིན་ཏེ། རྟག་ཏུ་དེ་བཞིན་ཉིད་དོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་ཀྱང་རྣམ་པ་གཞན་མ་ཡིན་པར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང་གར་ཡང་རྗེས་སུ་སྐྱེས་པ་མྱེད་པ་ སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་སྟེ། འདས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་འདས་པའི་དེ་བཞིན་ཉིད་དོ། །མ་འོངས་པའི་དེ་བཞིན་ ཉིད་ཀྱི་མཉམ་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་མ་འོངས་པའི་དེ་བཞིན་ཉིད་མཉམ་ པ་ཉིད་དོ། །ད་ལྟར་འབྱུང་བའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ ཀྱིས་ད་ལྟར་བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་། 26-1-62a དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་ ཤེས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུ་ཤེས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་ 26-1-62b པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། མྱིག་གི་དེ་བཞིན་ཉིད་དེ། དེ་ལྟར་ ན་མྱིག་གི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་རྣ་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣའི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ལྕེའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། ལྕེའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་དེ་བཞིན་ཉིད་དེ། །དེ་ལྟར་ན་ལུས་ཀྱི་དེ་བཞིན་ ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱི་ དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། 26-1-63a དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྒྲའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྒྲའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྒྲའི་དེ་བཞིན་ཉིད་ དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དྲིའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་དྲིའི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲིའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རོའི་དེ་བཞིན་ཉིད་དེ། དེ་ལྟར་ན་རོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་དོ། །རེག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རེག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་རེག་གི་དེ་བཞིན་ ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆོས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་ཆོས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་དེ་ 26-1-63b བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱིག་གི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། ལྕེའི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་དེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ། གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་རྣམ་ 26-1-64a པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། 26-1-64b དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མྱིག་ གི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ 26-1-65a ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་སྣའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་འབྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ 26-1-65b མྱེད་དེ་གཉིས་སུ་བྱར་མྱེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ ན་སའི་ཁམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཆུའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆུའི་ཁམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། མེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མྱེའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱེའི་ཁམས་ཀྱི་དེ་བཞིན་ ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ནམ་མཁའི་ཁམས་ ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དང་། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ 26-1-66a དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །མ་རིག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མ་རིག་པའི་དེ་བཞིན་ཉིད་དེ། །དེ་ལྟར་ན་མ་རིག་པའི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ འདུ་བྱེད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་གཉིས་སུ་བྱར་མྱེད་དོ། །མྱིང་ དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རེག་པའི་དེ་བཞིན་ཉིད་ཀྱིས་དེ་ 26-1-66b བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རེག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་ དེ་གཉིས་སུ་བྱར་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཚོར་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྲེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྲེད་ པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྲེད་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལེན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལེན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལེན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྲིད་ པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྲིད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྲིད་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྐྱེ་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྐྱེ་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྐྱེ་བའི་དེ་ བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྒ་ཤིའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ 26-1-67a ཉིད་ཀྱིས་རྒ་ཤིའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྒ་ཤིའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་ སུ་བྱར་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ 26-1-67b པའི་དེ་བཞིན་ཉིད་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་ དེ་གཉིས་སུ་བྱར་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ དེ་བཞིན་ཉིད་དེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོང་པ་ཉིད་སྟོང་ 26-1-68a པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་ དེ་གཉིས་སུ་བྱར་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་དེ། དེ་ལྟར་ན་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུས་མ་བྱས་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་ 26-1-68b དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དོར་བ་མྱེད་ པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རང་བཞིན་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་ 26-1-69a མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་དེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ 26-1-69b གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་ མྱེད་དོ། །ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡང་དག་པར་སྤོང་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡང་ དག་པར་སྤོང་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དབང་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དབང་པོའི་ དེ་བཞིན་ཉིད་དེ། དེ་ལྟར་ན་དབང་པོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྟོབས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོབས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སྟོབས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ 26-1-70a ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་ དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་ལམ་ཡན་ལག་ བརྒྱད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། འཕགས་པའི་བདེན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་བདེན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་འཕགས་པའི་ བདེན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །བསམ་གཏན་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བསམ་གཏན་གྱི་དེ་བཞིན་ཉིད་དེ། དེ་ལྟར་ན་བསམ་གཏན་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་ མྱེད་དོ། །ཚད་མྱེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚད་མྱེད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཚད་མྱེད་པའི་དེ་བཞིན་ 26-1-70b ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་ པར་ཐར་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཐར་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ ཉིད་དེ། དེ་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་དང་། 26-1-71a དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་མངོན་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མངོན་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཏིང་ངེ་ འཛིན་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཏིང་ངེ་འཛིན་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཏིང་ངེ་འཛིན་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུངས་ ཀྱི་སྒོའི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མྱི་འཇིགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་མྱི་འཇིགས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མྱི་འཇིགས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སོ་སོ་ཡང་དག་པར་རིག་པའི་དེ་ 26-1-71b བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དེ་དེ་ལྟར་ན་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྙིང་ རྗེ་ཆེན་པོའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་ བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་ བཞིན་ཉིད་དེ། དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་ 26-1-72a བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུའི་ དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དགྲ་བཅོམ་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་དགྲ་བཅོམ་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་དགྲ་བཅོམ་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རང་བྱང་ཆུབ་ཀྱི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལམ་གྱི་རྣམ་ པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདི་ནི་རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་ 26-1-72b སེམས་དཔའ་ཆེན་པོས་དེ་བཞིན་ཉིད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཞེས་བྱ་བའི་མྱིང་ཐོབ་པར་འགྱུར་བའོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ། །རབ་ཏུ་ལྡེག་གོ། ། ཀུན་ཏུ་ལྡེག་གོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །ཤར་ཕྱོགས་མཐོ་ན་ ནི་ནུབ་ཕྱོགས་དམའ། ཤར་ཕྱོགས་དམའ་ན་ནི་ནུབ་ཕྱོགས་མཐོ། བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ། བྱང་ཕྱོགས་དམའ་ན་ནི་ལྷོ་ཕྱོགས་མཐོ། དབུང་མཐོ་ན་ནི་མཐའ་དམའ། དབུང་དམའ་ ན་ནི་མཐའ་མཐོ་བར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་དང་། གནས་བརྟན་རབ་འབྱོར་ལ་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས། འདི་སྐད་དུ་བཅོམ་ལྡན་འདས་དེ་ལྟར་གནས་བརྟན་རབ་འབྱོར་འདི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་ ཏོ་ཞེས་ཚིག་ཏུ་བརྗོད་དོ། །དེ་ནས་གནས་བརྟན་རབ་འབྱོར་ཀྱིས་ལྷའི་བུ་དེ་དག་གི་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་ན་ལྷའི་བུ་དག་གནས་བརྟན་ རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། 26-1-73a ཚོར་བའི་རྗེས་སུ་མ་སྐྱེས། ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་ཤེས་ཀྱི་རྗེས་སུ་ མ་སྐྱེས། འདུ་ཤེས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་རྗེས་སུ་མ་སྐྱེས། མྱིག་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱིག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་རྗེས་སུ་མ་སྐྱེས། རྣ་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། རྣ་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་རྗེས་སུ་མ་སྐྱེས། སྣ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་དེ་ བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་རྗེས་སུ་མ་སྐྱེས། ལྕེ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ ཀྱི་རྗེས་སུ་མ་སྐྱེས། ལུས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ལས་གཞན་གྱི་རྗེས་ 26-1-73b སུ་མ་སྐྱེས་སོ། །ཡིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྒྲའི་རྗེས་སུ་མ་སྐྱེས། སྒྲ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྒྲའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྒྲའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲིའི་རྗེས་སུ་མ་སྐྱེས། དྲི་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲིའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དྲིའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་ སྐྱེས་སོ། །རོའི་རྗེས་སུ་མ་སྐྱེས། རོ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་གི་རྗེས་སུ་མ་སྐྱེས། རེག་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རེག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཀྱི་རྗེས་སུ་མ་སྐྱེས། ཆོས་ལས་གཞན་གྱི་རྗེས་སུ་མ་ སྐྱེས་སོ། །ཆོས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆོས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། མྱིག་གི་རྣམ་པར་ཤེས་པ་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་རྣམ་པར་ ཤེས་པའི་རྗེས་སུ་མ་སྐྱེས། རྣ་བའི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ 26-1-74a ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། སྣའི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། ལྕེའི་རྣམ་པར་ཤེས་ པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་རྣམ་ པར་ཤེས་པའི་རྗེས་སུ་མ་སྐྱེས། ལུས་ཀྱི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། མྱིག་གི་འདུས་ཏེ་རེག་པ་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པའི་རྗེས་ སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ 26-1-74b མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་ མ་སྐྱེས། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་ རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་ རྗེས་སུ་མ་སྐྱེས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་ 26-1-75a དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སའི་ཁམས་ཀྱི་རྗེས་སུ་མ་སྐྱེས་སོ། །སའི་ ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆུའི་ཁམས་ཀྱི་རྗེས་སུ་མ་སྐྱེས། ཆུའི་ 26-1-75b ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱེའི་ཁམས་ཀྱི་རྗེས་སུ་མ་སྐྱེས། མྱེའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རླུང་གི་ཁམས་ཀྱི་རྗེས་ སུ་མ་སྐྱེས། རླུང་གི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། ནམ་མཁའི་ཁམས་ཀྱི་རྗེས་སུ་མ་སྐྱེས། ནམ་མཁའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མ་རིག་པའི་རྗེས་སུ་མ་སྐྱེས། མ་རིག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མ་རིག་ པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མ་རིག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་ དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། 26-1-76a རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིང་དང་གཟུགས་ཀྱི་རྗེས་སུ་མ་སྐྱེས། མྱིང་དང་གཟུགས་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་མཆེད་ དྲུག་གི་རྗེས་སུ་མ་སྐྱེས། སྐྱེ་མཆེད་དྲུག་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །རེག་པའི་རྗེས་སུ་མ་སྐྱེས། རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། ཚོར་བའི་རྗེས་སུ་མ་སྐྱེས། ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲེད་པའི་ རྗེས་སུ་མ་སྐྱེས། སྲེད་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྲེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལེན་པའི་རྗེས་སུ་མ་ སྐྱེས། ལེན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལེན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལེན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲིད་པའི་རྗེས་སུ་མ་སྐྱེས། སྲིད་པ་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲིད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྲིད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་བའི་རྗེས་སུ་མ་སྐྱེས། སྐྱེ་བ་ལས་ 26-1-76b གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྐྱེ་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒ་ཤིའི་རྗེས་སུ་མ་སྐྱེས། རྒ་ཤི་ལས་གཞན་གྱི་རྗེས་སུ་མ་སྐྱེས་ སོ། །རྒ་ཤིའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྒ་ཤིའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ མ་སྐྱེས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། 26-1-77a བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ནང་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ནང་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་སྟོང་པ་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རྗེས་སུ་མ་ སྐྱེས། ཕྱི་ནང་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆེན་པོ་སྟོང་པ་ཉིད་ལས། གཞན་གྱི་ 26-1-77b རྗེས་སུ་མ་སྐྱེས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ རྗེས་སུ་མ་སྐྱེས། དོན་དམ་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་ མ་སྐྱེས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་ མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དོར་བ་མྱེད་པ་སྟོང་པ་ཉིད་ 26-1-78a ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་བཞིན་སྟོང་ པ་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བཞིན་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ རྗེས་སུ་མ་སྐྱེས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱི་དམྱིགས་པ་སྟོང་ པ་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱི་དམྱིགས་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་ 26-1-78b མ་སྐྱེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། དྲན་པ་ཉེ་བར་བཞག་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲན་པ་ཉེ་བར་བཞག་པའི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་རྗེས་སུ་མ་སྐྱེས། ཡང་དག་པར་སྤོང་བ་རྣམས་ལས་གཞན་གྱི་རྗེས་ སུ་མ་སྐྱེས་སོ། །ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། རྫུ་ འཕྲུལ་གྱི་རྐང་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དབང་པོ་ རྣམས་ཀྱི་རྗེས་སུ་མ་སྐྱེས། དབང་པོ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དབང་པོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དབང་པོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོབས་རྣམས་ཀྱི་ རྗེས་སུ་མ་སྐྱེས། སྟོབས་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོབས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྟོབས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བྱང་ཆུབ་ཀྱི་ཡན་ 26-1-79a ལག་རྣམས་ཀྱི་རྗེས་སུ་མ་སྐྱེས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བྱང་ཆུབ་ཀྱི་ཡན་ལག་ གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མ་སྐྱེས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་བདེན་པ་རྣམས་ ཀྱི་རྗེས་སུ་མ་སྐྱེས། འཕགས་པའི་བདེན་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་བདེན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འཕགས་པའི་བདེན་པའི་དེ་བཞིན་ཉིད་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་རྣམས་ཀྱི་རྗེས་སུ་མ་སྐྱེས། བསམ་གཏན་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་གྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བསམ་གཏན་ གྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚད་མྱེད་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། ཚད་མྱེད་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚད་མྱེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚད་མྱེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་ 26-1-79b སོ། །རྣམ་པར་ཐར་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཐར་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པའི་དེ་ བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མངོན་པར་ཤེས་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མངོན་པར་ཤེས་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། མངོན་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མངོན་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཏིང་ངེ་འཛིན་རྣམས་ཀྱི་རྗེས་སུ་མ་སྐྱེས། ཏིང་ངེ་འཛིན་རྣམས་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཏིང་ངེ་འཛིན་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཏིང་ངེ་འཛིན་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་རྗེས་སུ་མ་ 26-1-80a སྐྱེས། གཟུངས་ཀྱི་སྒོ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རྗེས་སུ་མ་སྐྱེས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་གཤེགས་པའི་ སྟོབས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱི་འཇིགས་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མྱི་འཇིགས་ པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མྱི་འཇིགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མྱི་འཇིགས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སོ་སོ་ཡང་ དག་པར་རིག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བྱམས་པ་ཆེན་པོའི་རྗེས་སུ་མ་སྐྱེས། བྱམས་པ་ཆེན་པོ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བྱམས་པ་ཆེན་པོའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྙིང་རྗེ་ཆེན་པོའི་རྗེས་སུ་མ་སྐྱེས། སྙིང་རྗེ་ཆེན་པོ་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ 26-1-80b ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་རྗེས་སུ་མ་སྐྱེས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལན་ ཅིག་ཕྱིར་འོང་བའི་འབྲས་བུའི་རྗེས་སུ་མ་སྐྱེས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ སྐྱེས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱིར་མྱི་འོང་བའི་འབྲས་བུའི་རྗེས་སུ་མ་སྐྱེས། ཕྱིར་མྱི་འོང་བའི་འབྲས་བུ་ལས་གཞན་གྱི་རྗེས་ སུ་མ་སྐྱེས་སོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དགྲ་བཅོམ་པ་ཉིད་ཀྱི་རྗེས་ སུ་མ་སྐྱེས། དགྲ་བཅོམ་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །རང་བྱང་ཆུབ་ཀྱི་རྗེས་སུ་མ་སྐྱེས། རང་བྱང་ཆུབ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བྱང་ཆུབ་ 26-1-81a ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི། དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་ བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་གང་རྗེས་སུ་སྐྱེས་པ་དང་། གང་གིས་རྗེས་སུ་བསྐྱེད་པ་དང་། གང་རྗེས་སུ་བསྐྱེད་པ་དང་། གང་གིས་རྗེས་སུ་བསྐྱེད་པ་དང་། གང་རྗེས་སུ་སྐྱེ་བར་འགྱུར་བའམ། གང་གིས་ རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མྱེད་ཅིང་མྱི་དམྱིགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་ 26-1-81b ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་ཟབ་པ་སྟེ་ དེ་ལ་གཟུགས་མྱི་དམྱིགས། གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་ཉིད་ཀྱང་མྱི་དམྱིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མྱི་དམྱིགས། ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་ཤེས་མྱི་དམྱིགས། འདུ་ཤེས་ཀྱི་དེ་བཞིན་ཉིད་ མྱི་དམྱིགས་ཏེ། འདུ་ཤེས་ཉིད་མྱི་དམྱིགས་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་མྱི་དམྱིགས། འདུ་བྱེད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུ་བྱེད་ཉིད་ཀྱང་མྱི་དམྱིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མྱི་དམྱིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་མྱི་དམྱིགས་མྱིག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་ ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བ་མྱི་དམྱིགས། རྣ་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བ་ཉིད་ཀྱང་མྱི་དམྱིགས་ན། རྣ་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣ་མྱི་དམྱིགས། སྣའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣ་ཉིད་ཀྱང་མྱི་དམྱིགས་ན། སྣའི་དེ་བཞིན་ཉིད་ལྟ་དམྱིགས་ 26-1-82a པར་ག་ལ་འགྱུར། དེ་ལ་ལྕེ་མྱི་དམྱིགས། ལྕེའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་མྱི་དམྱིགས། ལུས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་མྱི་དམྱིགས། ཡིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། ཡིད་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་གཟུགས་མྱི་དམྱིགས། གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་ཉིད་ཀྱང་ མྱི་དམྱིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྒྲ་མྱི་དམྱིགས། སྒྲའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྒྲ་ཉིད་ཀྱང་མྱི་དམྱིགས་ན། སྒྲའི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་དྲི་མྱི་དམྱིགས། དྲིའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དྲི་ཉིད་ཀྱང་མྱི་དམྱིགས་ན། དྲིའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རོ་མྱི་དམྱིགས། རོའི་དེ་ བཞིན་ཉིད་མྱི་དམྱིགས་ཏེ། རོ་ཉིད་ཀྱང་མྱི་དམྱིགས་ན། རོའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རེག་མྱི་དམྱིགས། རེག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རེག་ཉིད་ཀྱང་མྱི་དམྱིགས་ ན། རེག་གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆོས་མྱི་དམྱིགས། ཆོས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆོས་ཉིད་ཀྱང་མྱི་དམྱིགས་ན། ཆོས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ ག་ལ་འགྱུར། དེ་ལ་མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་གི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་རྣམ་པར་ 26-1-82b ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་རྣམ་པར་ཤེས་པ་མྱི་དམྱིགས། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་ མྱི་དམྱིགས་ན། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་རྣམ་པར་ཤེས་པ་མྱི་དམྱིགས། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣའི་རྣམ་ པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མྱི་ དམྱིགས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་གི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། རྣ་བའི་ 26-1-83a འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་མྱི་དམྱིགས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣའི་འདུས་ཏེ་ རེག་པ་ཉིད་ཀྱང་མྱི་དམྱིགས་ན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ མྱི་དམྱིགས་ཏེ། ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་འདུས་ཏེ་རེག་པའི་དེ་ བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་ བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། 26-1-83b རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ མྱི་དམྱིགས་ཏེ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སའི་ཁམས་མྱི་དམྱིགས། སའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། སའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆུའི་ཁམས་མྱི་དམྱིགས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆུའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱེའི་ཁམས་མྱི་དམྱིགས། མྱེའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱེའི་ཁམས་ཉིད་ཀྱང་ 26-1-84a མྱི་དམྱིགས་ན། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རླུང་གི་ཁམས་མྱི་དམྱིགས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རླུང་གི་ཁམས་ ཉིད་ཀྱང་མྱི་དམྱིགས་ན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ནམ་མཁའི་ཁམས་མྱི་དམྱིགས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པའི་ཁམས་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་ ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མ་རིག་པ་མྱི་ དམྱིགས། མ་རིག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མ་རིག་པ་ཉིད་ཀྱང་མྱི་དམྱིགས་ན། མ་རིག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་མྱི་དམྱིགས། འདུ་བྱེད་ ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུ་བྱེད་ཉིད་ཀྱང་མྱི་དམྱིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མྱི་དམྱིགས། རྣམ་པར་ཤེས་པའི་དེ་བཞིན་ ཉིད་མྱི་དམྱིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིང་དང་གཟུགས་མྱི་དམྱིགས། མྱིང་དང་གཟུགས་ ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིང་དང་གཟུགས་ཉིད་ཀྱང་མྱི་དམྱིགས་ན། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྐྱེ་མཆེད་དྲུག་མྱི་དམྱིགས། སྐྱེ་ 26-1-84b མཆེད་དྲུག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་མྱི་དམྱིགས་ན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རེག་པ་མྱི་དམྱིགས། རེག་ པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རེག་པ་ཉིད་ཀྱང་མྱི་དམྱིགས་ན། རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མྱི་དམྱིགས། ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྲེད་པ་མྱི་དམྱིགས། སྲེད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྲེད་པ་ཉིད་ཀྱང་མྱི་དམྱིགས་ ན། སྲེད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལེན་པ་མྱི་དམྱིགས། ལེན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལེན་པ་ཉིད་ཀྱང་མྱི་དམྱིགས་ན། ལེན་པའི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་སྲིད་པ་མྱི་དམྱིགས། སྲིད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྲིད་པ་ཉིད་ཀྱང་མྱི་དམྱིགས་ན། སྲིད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྐྱེ་བ་མྱི་དམྱིགས། སྐྱེ་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྐྱེ་བ་ཉིད་ཀྱང་མྱི་དམྱིགས་ན། སྐྱེ་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྒ་ཤི་མྱི་དམྱིགས། རྒ་ཤིའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྒ་ཤི་ ཉིད་ཀྱང་མྱི་དམྱིགས་ན། རྒ་ཤིའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཚུལ་ཁྲིམས་ 26-1-85a ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ནང་སྟོང་པ་ཉིད་མྱི་དམྱིགས། ནང་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མྱི་དམྱིགས་ཏེ། ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཕྱི་སྟོང་པ་ཉིད་མྱི་དམྱིགས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་ 26-1-85b དམྱིགས་ཏེ། ཕྱི་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། ཕྱི་ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མྱི་དམྱིགས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆེན་པོ་སྟོང་པ་ཉིད་མྱི་དམྱིགས། ཆེན་པོ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུས་བྱས་སྟོང་ པ་ཉིད་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུས་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་ འགྱུར། དེ་ལ་འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། འདུས་མ་བྱས་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། མཐའ་ 26-1-86a ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དོར་བ་མྱེད་ པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རང་བཞིན་སྟོང་པ་ཉིད་མྱི་དམྱིགས། རང་ བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་བཞིན་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་མྱི་ དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དངོས་པོ་མྱེད་ 26-1-86b པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱང་མྱི་དམྱིགས་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དྲན་པ་ཉེ་བར་བཞག་པ་རྣམས་མྱི་ དམྱིགས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དྲན་པ་ཉེ་བར་བཞག་པ་ཉིད་ཀྱང་མྱི་དམྱིགས་ན། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་ འགྱུར། དེ་ལ་ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་མྱི་དམྱིགས་ན། ཡང་དག་པར་སྤོང་བ་རྣམས་ ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་མྱི་དམྱིགས་ ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དབང་པོ་རྣམས་མྱི་དམྱིགས། དབང་པོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དབང་པོ་ཉིད་ཀྱང་མྱི་དམྱིགས་ན། དབང་ པོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྟོབས་རྣམས་མྱི་དམྱིགས། སྟོབས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྟོབས་ཉིད་ཀྱང་མྱི་དམྱིགས་ན། སྟོབས་རྣམས་ཀྱི་དེ་བཞིན་ 26-1-87a ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་མྱི་ དམྱིགས་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་ པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་མྱི་དམྱིགས་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ ལ་འཕགས་པའི་བདེན་པ་རྣམས་མྱི་དམྱིགས། འཕགས་པའི་བདེན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འཕགས་པའི་བདེན་པ་ཉིད་ཀྱང་མྱི་དམྱིགས་ན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་རྣམས་མྱི་དམྱིགས། བསམ་གཏན་གྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བསམ་གཏན་ཉིད་ཀྱང་མྱི་དམྱིགས་ན། བསམ་གཏན་རྣམས་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཚད་མྱེད་པ་རྣམས་མྱི་དམྱིགས། ཚད་མྱེད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚད་མྱེད་པ་ཉིད་ཀྱང་མྱི་དམྱིགས་ན། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་མྱེད་པའི་སྙོམས་པར་འཇུག་ པ་ཉིད་ཀྱང་མྱི་དམྱིགས་ན། གཟུགས་མྱེད་པའི་སྙོམས་པར་འཇུག་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པ་རྣམས་མྱི་དམྱིགས། རྣམ་པར་ཐར་པའི་དེ་བཞིན་ཉིད་ 26-1-87b མྱི་དམྱིགས་ཏེ། རྣམ་པར་ཐར་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཐར་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མྱི་དམྱིགས་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མངོན་པར་ཤེས་པ་རྣམས་མྱི་དམྱིགས། མངོན་པར་ཤེས་པའི་དེ་བཞིན་ ཉིད་མྱི་དམྱིགས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཏིང་ངེ་འཛིན་རྣམས་མྱི་དམྱིགས། ཏིང་ངེ་འཛིན་གྱི་དེ་ བཞིན་ཉིད་མྱི་དམྱིགས་ཏེ། ཏིང་ངེ་འཛིན་ཉིད་ཀྱང་མྱི་དམྱིགས་ན། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས། གཟུངས་ཀྱི་སྒོའི་དེ་བཞིན་ ཉིད་མྱི་དམྱིགས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་མྱི་དམྱིགས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས། 26-1-88a དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་མྱི་དམྱིགས་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་ འགྱུར། དེ་ལ་མྱི་འཇིགས་པ་རྣམས་མྱི་དམྱིགས། མྱི་འཇིགས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱི་འཇིགས་པ་ཉིད་ཀྱང་མྱི་དམྱིགས་ན། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ ལ་སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་མྱི་དམྱིགས་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་སྙིང་རྗེ་ཆེན་པོ་མྱི་དམྱིགས། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་མྱི་དམྱིགས་ན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ ལ་འགྱུར། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་མྱི་དམྱིགས་ན། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉིད་ཀྱང་མྱི་དམྱིགས་ན། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས། ལན་ཅིག་ཕྱིར་འོང་བའི་ འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་མྱི་དམྱིགས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཕྱིར་མྱི་འོང་བའི་འབྲས་ 26-1-88b བུ་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཕྱིར་མྱི་འོང་བའི་འབྲས་བུ་ཉིད་ཀྱང་མྱི་དམྱིགས་ན། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དགྲ་བཅོམ་པ་ཉིད་མྱི་དམྱིགས། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དགྲ་བཅོམ་པ་ཉིད་ཀྱང་མྱི་དམྱིགས་ན། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རང་བྱང་ཆུབ་མྱི་དམྱིགས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་བྱང་ཆུབ་ཉིད་ཀྱང་མྱི་དམྱིགས་ན། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལམ་ གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་ དམྱིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ བཞིན་ཉིད་འདི་ནི་ཟབ་པ་སྟེ། དེ་ལ་གཟུགས་མྱི་དམྱིགས། གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་ཉིད་ཀྱང་མྱི་དམྱིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མྱི་དམྱིགས། ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་ཤེས་མྱི་དམྱིགས། འདུ་ཤེས་ཀྱི་ 26-1-89a དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུ་ཤེས་ཉིད་ཀྱང་མྱི་དམྱིགས་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་མྱི་དམྱིགས། འདུ་བྱེད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། འདུ་བྱེད་ཉིད་ཀྱང་མྱི་དམྱིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མྱི་དམྱིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་མྱི་དམྱིགས། མྱིག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་ཉིད་ཀྱང་མྱི་དམྱིགས་ན། མྱིག་ གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བ་མྱི་དམྱིགས། རྣ་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བ་ཉིད་ཀྱང་མྱི་དམྱིགས་ན། རྣ་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ སྣ་མྱི་དམྱིགས། སྣའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣ་ཉིད་ཀྱང་མྱི་དམྱིགས་ན། སྣའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེ་མྱི་དམྱིགས། ལྕེའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་མྱི་དམྱིགས། ལུས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་མྱི་དམྱིགས། ཡིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ གཟུགས་མྱི་དམྱིགས། གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་ཉིད་ཀྱང་མྱི་དམྱིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྒྲ་མྱི་དམྱིགས། 26-1-89b སྒྲའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྒྲ་ཉིད་ཀྱང་མྱི་དམྱིགས་ན། སྒྲའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དྲི་མྱི་དམྱིགས། དྲིའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དྲི་ཉིད་ཀྱང་མྱི་དམྱིགས་ ན། དྲིའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རོ་མྱི་དམྱིགས། རོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རོ་ཉིད་ཀྱང་མྱི་དམྱིགས་ན། རོའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རེག་མྱི་དམྱིགས། རེག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རེག་ཉིད་ཀྱང་མྱི་དམྱིགས་ན། རེག་གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆོས་མྱི་དམྱིགས། ཆོས་ཀྱི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། ཆོས་ཉིད་ཀྱང་མྱི་དམྱིགས་ན། ཆོས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། མྱིག་གི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་རྣམ་པར་ཤེས་པ་མྱི་དམྱིགས། རྣ་བའི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་རྣམ་པར་ཤེས་ པ་མྱི་དམྱིགས། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ 26-1-90a ལ་འགྱུར། དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་གི་འདུས་ཏེ་རེག་ པ་ཉིད་ཀྱང་མྱི་དམྱིགས་ན། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ ན། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་མྱི་དམྱིགས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣའི་འདུས་ཏེ་རེག་པ་ཉིད་ ཀྱང་མྱི་དམྱིགས་ན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེའི་ འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ ཉིད་མྱི་དམྱིགས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས། 26-1-90b ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིག་གི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་ དམྱིགས་ན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྣའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལུས་ཀྱི་ 26-1-91a འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཡིད་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སའི་ཁམས་མྱི་དམྱིགས། སའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། སའི་ཁམས་ ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆུའི་ཁམས་མྱི་དམྱིགས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆུའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། ཆུའི་ཁམས་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱེའི་ཁམས་མྱི་དམྱིགས། མྱེའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱེའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་རླུང་གི་ཁམས་མྱི་དམྱིགས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རླུང་གི་ཁམས་ཉིད་ཀྱང་མྱི་དམྱིགས་ན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་ནམ་མཁའི་ཁམས་མྱི་དམྱིགས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་མྱི་དམྱིགས་ན། ནམ་མཁའི་ཁམས་ཀྱི་ དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པའི་ཁམས་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ 26-1-91b མྱི་དམྱིགས་ན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མ་རིག་པ་མྱི་དམྱིགས། མ་རིག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མ་རིག་པ་ཉིད་ཀྱང་མྱི་ དམྱིགས་ན། མ་རིག་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་ཀྱི་མྱི་དམྱིགས། འདུ་བྱེད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུ་བྱེད་ཉིད་ཀྱང་མྱི་དམྱིགས་ན། འདུ་བྱེད་ཀྱི་ དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མྱི་དམྱིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ ཤེས་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱིང་དང་གཟུགས་མྱི་དམྱིགས། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱིང་དང་གཟུགས་ཉིད་ཀྱང་མྱི་དམྱིགས་ན། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྐྱེ་མཆེད་དྲུག་མྱི་དམྱིགས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་མྱི་དམྱིགས་ན། སྐྱེ་ མཆེད་དྲུག་གི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རེག་པ་མྱི་དམྱིགས། རེག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རེག་པ་ཉིད་ཀྱང་མྱི་དམྱིགས་ན། རེག་པའི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མྱི་དམྱིགས། ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚོར་བ་ཉིད་ཀྱང་མྱི་དམྱིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ ལ་སྲེད་པ་མྱི་དམྱིགས། སྲེད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྲེད་པ་ཉིད་ཀྱང་མྱི་དམྱིགས་ན། སྲེད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལེན་པ་མྱི་དམྱིགས། ལེན་པའི་དེ་ 26-1-92a བཞིན་ཉིད་མྱི་དམྱིགས་ཏེ། ལེན་པ་ཉིད་ཀྱང་མྱི་དམྱིགས་ན། ལེན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྲིད་པ་མྱི་དམྱིགས། སྲིད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྲིད་པ་ཉིད་ཀྱང་མྱི་དམྱིགས་ན། སྲིད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྐྱེ་བ་མྱི་དམྱིགས། སྐྱེ་བའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྐྱེ་བ་ཉིད་ཀྱང་མྱི་དམྱིགས་ན། སྐྱེ་བའི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྒ་ཤི་མྱི་དམྱིགས། རྒ་ཤིའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྒ་ཤི་ཉིད་ཀྱང་མྱི་དམྱིགས་ན། རྒ་ཤིའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་ དམྱིགས་པར་ག་ལ་འགྱུར། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་ དམྱིགས་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། 26-1-92b དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཉིད་ཀྱང་མྱི་དམྱིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ནང་སྟོང་པ་ཉིད་མྱི་དམྱིགས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཕྱི་སྟོང་པ་ཉིད་མྱི་དམྱིགས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཕྱི་སྟོང་པ་ཉིད་ ཀྱང་མྱི་དམྱིགས་ན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཕྱི་ནང་སྟོང་པ་ཉིད་ ཀྱང་མྱི་དམྱིགས་ན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྟོང་ པ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆེན་པོ་སྟོང་པ་ཉིད་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས། དོན་དམ་པ་སྟོང་པ་ 26-1-93a ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འདུས་བྱས་སྟོང་པ་ཉིད་ མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུས་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་ པར་ག་ལ་འགྱུར། དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དོར་བ་མྱེད་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རང་བཞིན་སྟོང་པ་ཉིད་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་བཞིན་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ 26-1-93b མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ ལ་འགྱུར། དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ མྱི་དམྱིགས་ན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ ཏེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དྲན་པ་ཉེ་བར་བཞག་པ་རྣམས་མྱི་དམྱིགས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དྲན་པ་ཉེ་བར་བཞག་པ་ཉིད་ 26-1-94a ཀྱང་མྱི་དམྱིགས་ན། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས། ཡང་དག་པར་སྤོང་བའི་དེ་བཞིན་ ཉིད་མྱི་དམྱིགས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་མྱི་དམྱིགས་ན། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་མྱི་དམྱིགས་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དབང་པོ་རྣམས་ མྱི་དམྱིགས། དབང་པོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དབང་པོ་ཉིད་ཀྱང་མྱི་དམྱིགས་ན། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྟོབས་རྣམས་མྱི་དམྱིགས། སྟོབས་རྣམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྟོབས་ཉིད་ཀྱང་མྱི་དམྱིགས་ན། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་མྱི་དམྱིགས་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་མྱི་དམྱིགས་ ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་འཕགས་པའི་བདེན་པ་རྣམས་མྱི་དམྱིགས། འཕགས་པའི་བདེན་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། 26-1-94b འཕགས་པའི་བདེན་པ་ཉིད་ཀྱང་མྱི་དམྱིགས་ན། འཕགས་པའི་བདེན་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་རྣམས་མྱི་དམྱིགས། བསམ་གཏན་གྱི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། བསམ་གཏན་ཉིད་ཀྱང་མྱི་དམྱིགས་ན། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། ཚད་མྱེད་པ་རྣམས་མྱི་དམྱིགས། ཚད་མྱེད་པའི་དེ་བཞིན་ཉིད་མྱི་ དམྱིགས་ཏེ། ཚད་མྱེད་པ་ཉིད་ཀྱང་མྱི་དམྱིགས་ན། ཚད་མྱེད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མྱི་དམྱིགས་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པ་རྣམས་མྱི་དམྱིགས། རྣམ་པར་ཐར་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཐར་པ་ཉིད་ཀྱང་མྱི་དམྱིགས་ ན། རྣམ་པར་ཐར་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མྱི་དམྱིགས་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ 26-1-95a དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མངོན་པར་ཤེས་པ་རྣམས་མྱི་དམྱིགས། མངོན་པར་ཤེས་པའི་དེ་བཞིན་ཉིད་ མྱི་དམྱིགས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ཏིང་ངེ་འཛིན་རྣམས་མྱི་དམྱིགས། ཏིང་ངེ་འཛིན་ ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཏིང་ངེ་འཛིན་ཉིད་ཀྱང་མྱི་དམྱིགས་ན། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་མྱི་དམྱིགས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དེ་བཞིན་གཤེགས་ པའི་སྟོབས་རྣམས་མྱི་དམྱིགས། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་མྱི་དམྱིགས་ན། དེ་བཞིན་གཤེགས་པའི་ སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་མྱི་འཇིགས་པ་རྣམས་མྱི་དམྱིགས། མྱི་འཇིགས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། མྱི་འཇིགས་པ་ཉིད་ཀྱང་ མྱི་དམྱིགས་ན། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་ 26-1-95b མྱི་དམྱིགས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་མྱི་དམྱིགས་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་བྱམས་པ་ཆེན་པོ་མྱི་དམྱིགས། བྱམས་པ་ཆེན་པོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། བྱམས་པ་ཆེན་པོ་ཉིད་ཀྱང་མྱི་དམྱིགས་ན། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སྙིང་རྗེ་ཆེན་པོ་མྱི་དམྱིགས། སྙིང་ རྗེ་ཆེན་པོའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་མྱི་དམྱིགས་ན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་མྱི་དམྱིགས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ ཉིད་ཀྱང་མྱི་དམྱིགས་ན། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས། ལན་ཅིག་ཕྱིར་འོང་ བའི་འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་མྱི་དམྱིགས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ ལ་འགྱུར། དེ་ལ་ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ཕྱིར་མྱི་འོང་བའི་འབྲས་བུ་ཉིད་ཀྱང་མྱི་དམྱིགས་ན། ཕྱིར་མྱི་འོང་བའི་ འབྲས་བུའི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་དགྲ་བཅོམ་པ་མྱི་དམྱིགས། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། དགྲ་བཅོམ་པ་ཉིད་ཀྱང་མྱི་དམྱིགས་ 26-1-96a ན། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་རང་བྱང་ཆུབ་མྱི་དམྱིགས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རང་བྱང་ཆུབ་ཉིད་ཀྱང་མྱི་ དམྱིགས་ན། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། ལམ་ གྱི་རྣམ་པ་ཤེས་པ་ཉིད་ཀྱང་མྱི་དམྱིགས་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ལ་འགྱུར། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མྱི་དམྱིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་དམྱིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམྱིགས་པར་ག་ ལ་འགྱུར།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱ་ཉེ་བར་ལེན་པ་མྱེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་ རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་། ལྷ་དང་མྱི་རྣམས་ཀྱིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམ་ པའི་ཆོས་ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མྱེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ནི་སངས་རྒྱས་ལྔ་བརྒྱ་ 26-1-96b བསྙེན་བཀུར་ཏེ། ཐམས་ཅད་དུ་ཡང་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་རབ་བསྒོམས་ཀྱང་། དེ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང་། ཐབས་མཁས་པས་ཡོངས་སུ་མ་བཟུང་བས། སྦྱིན་པ་བྱིན་ཏེ། འདི་ནི་སྦྱིན་པའོ། །འདི་ལ་བདག་གིས་སྦྱིན་པར་བྱའོ། །འདི་ལ་སྦྱིན་ པར་མྱི་བྱའོ། །འདི་ནི་ཚུལ་ཁྲིམས་སོ། །བདག་གིས་ནི་བསྲུང་བར་བྱའོ། །འདི་ནི་བཟོད་པའོ། །བདག་གིས་ནི་བསྒོམ་པར་བྱའོ། །འདི་ནི་བརྩོན་འགྲུས་སོ། །བདག་གིས་ནི་བརྩོམ་པར་ བྱའོ། །འདི་ནི་བསམ་གཏན་ནོ། །བདག་གིས་ནི་མཉམ་པར་བཞག་པར་བྱའོ། །འདི་ནི་ཤེས་རབ་བོ། །བདག་གིས་ནི་བསྒོམ་པར་བྱའོ། །ཞེས་ཐ་དད་པར་སྤྱོད་པར། དེ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་མཁས་པར་ཡོངས་སུ་མ་བཟུང་བར་སྦྱིན་པ་གཏོང་། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་ གཏན་ལ་མཉམ་པར་བཞག །ཤེས་རབ་སྒོམ་པར་བྱེད་ཅིང་། དེ་དག་འདུ་ཤེས་སྣ་ཚོགས་ཀྱིས་སྤྱོད་པས། ཐ་མྱི་དད་པ་མ་དམྱིགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ མ་ཞུགས་སོ། །དེ་དག་བྱང་ཆུབ་སེམས་དཔའ་སྐྱོན་མྱེད་པར་མ་ཞུགས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་བོ། ། དགྲ་བཅོམ་པ་ཉིད་ཐོབ་བོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་པ་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དམ། མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་ཡོད་མོད་ཀྱི། དེ་དག་ཤེས་རབ་ 26-1-97a ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་མཁས་པས་ཡོང་སུ་མ་བཟུང་ན། ཡང་དག་པའི་མཐའ་མངོན་དུ་བྱས་ནས། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ། །གསོལ་ པ། བཅོམ་ལྡན་འདས་ཅིའི་སླད་དུ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་སྒོམ་དུ་འདྲའ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ ཞིང་། ཐབས་མཁས་པ་དང་བྲལ་བ་རྣམས་ཀྱི་ཡང་དག་པའི་མཐའ་མངོན་དུ་བགྱིས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་སུ་འགྱུར་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ ཐབས་མཁས་པར་ཡོངས་སུ་བཟུང་བ་དག་ནི་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་སྒོམ་དུ་བས་ཀྱང་ཐབས་མཁས་པ་ལ་བརྟེན་ ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་ཁ་ཅིག་རྣམ་པ་ ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་འབའ་ཤིག་སྒོམ་པ་ནི་ཐབས་མཁས་པ་མ་ཐོབ་པས། ཉན་ཐོས་དང་རང་སངས་ རྒྱས་དག་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་རྣམས་ནི། སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་རྣམས་ལ་སྒོམ་ཞིང་། ཐབས་མཁས་པ་ཐོབ་པས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 26-1-97b བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བྱ་ཞིག་ལ་ལུས་དཔག་ཚད་བརྒྱ་པ་འམ། དཔག་ཚད་ཉིས་བརྒྱ་པ་འམ། དཔག་ཚད་སུམ་བརྒྱ་ པ་འམ། དཔག་ཚད་བཞི་བརྒྱ་པ་འམ། དཔག་ཚད་ལྔ་བརྒྱ་པ་ཞིག་ཡོད་ལ། དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་འདིར་འོང་བར་འདོད་ལ། བྱ་དེ་ལ་འདབ་མ་མྱེད་པ་ཞིག་སྟེ། དེ་ འཛམ་བུའི་གླིང་དུ་གནས་སོ་སྙམ་ནས། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་བདག་ཉིད་མཆོངས་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས། གལ་ཏེ་བྱ་དེ་ལམ་ནས་མ་ལ་ བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་བྱའོ་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས། བྱ་དེས་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་ པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལམ་ནས་འདི་སྙམ་དུ་མ་ལ་བདག་གིས་ཅི་ནས་ཀྱང་མ་སྨས་ མ་སྨད་པར་འཛམ་བུའི་གླིང་དུ་འདུག་པར་བྱའོ་སྙམ་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས། བྱ་དེ་འཛམ་བུའི་གླིང་དེ་མ་སྨས་མ་སྣད་པར་འདུག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་འཛམ་བུའི་གླིང་དུ་ལྷུང་ནས། སྨས་པ་འམ་སྣད་པར་ཡང་འགྱུར། འགུམ་པ་འམ་གུམ་ལ་ཐུག་པར་སྡུག་བསྔལ་བར་ ཡང་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ལུས་ཆེ་ལ་མདབ་མ་མ་མཆིས་པ་དེ་ནི། དེ་ལྟར་འགྱུར་དུ་གདོན་མྱི་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་ 26-1-98a སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་། བཟོད་པ་བསྒོམ། བརྩོན་འགྲུས་རྩོམ། བསམ་ གཏན་ལ་མཉམ་པར་གཞོག་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དེའི་སྨོན་པ་ཡང་ཆེ། དེའི་སེམས་བསྐྱེད་པ་ཡང་ཆེ། ཡོངས་ སུ་འཛིན་པ་ཡང་ཚད་མྱེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མྱི་ལྡན་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་ འགྲུས་བརྩམས། བསམ་གཏན་བསྒྲུབས་པས། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་མཁས་པར་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་སེམས་ཤིང་། འཛིན་ལ་མཚན་མར་བྱེད་ཀྱང་། དེ་བཞིན་གཤེགས་ པ་རྣམས་ཀྱི་ཚུལ་ཁྲིམས་མྱི་ཤེས། ཏིང་ངེ་འཛིན་མྱི་ཤེས། ཤེས་རབ་མྱི་ཤེས། རྣམ་པར་གྲོལ་བ་མྱི་ཤེས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མྱི་ཤེས་ན། དེ་མྱི་ཤེས་ 26-1-98b ཁོང་དུ་མ་ཆུད་པས་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྒྲ་ཐོས་ནས། དེ་ནི་དེ་དག་ལ་ཞི་བར་མཚན་མར་འཛིན་ཏེ། དེས་དེ་དག་ལ་ཞི་བར་མཚན་མར་བཟུང་ཞིང་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །དེ་ལྟར་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། ། ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བས་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ སྔོ་བ་དེ་ནི། དེ་ལྟར་འགྱུར་དུ་གདོན་མྱི་ཟའོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་ པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་ཞིང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དང་མ་བྲལ་བ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་ འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དེ་ལ་མཚན་མར་མྱི་བྱེད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་མཚན་མར་མྱི་འཛིན། མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་མཚན་མར་མྱི་འཛིན། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་མཚན་མར་མྱི་འཛིན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ 26-1-99a ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་མྱི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེས་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་། ཚུལ་ཁྲིམས་བསྲུངས་ཀྱང་མཚན་མར་མ་བཟུང་། བཟོད་པ་བསྒྲུབས་ཀྱང་ མཚན་མར་མ་བཟུང་། བརྩོན་འགྲུས་བརྩམས་ཀྱང་མཚན་མར་མ་བཟུང་། བསམ་གཏན་ལ་མཉམ་པར་བཞག་ཀྱང་མཚན་མར་མ་བཟུང་། ཤེས་རབ་བསྒོམས་ཀྱང་མཚན་ མར་མ་བཟུང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་ བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མཚན་མར་མ་བཟུང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམས་བསྒོམས་ཀྱང་མཚན་མར་མ་ བཟུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ལྟར་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བ་དང་། མཚན་མ་ དང་བྲལ་བའི་སེམས་ཀྱིས་བཟོད་པ་སྒྲུབ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བསམ་གཏན་ལ་མཉམ་ པར་གཞོག་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཤེས་རབ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ནང་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ 26-1-99b ཀྱིས་ཕྱི་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱི་ནང་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་དང་། མཚན་ མ་དང་བྲལ་བའི་སེམས་ཀྱིས་ཆེན་པོ་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོན་དམ་པ་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་ བྱས་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མཐའ་ལས་འདས་པ་སྟོང་ པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོར་བ་མྱེད་པ་ སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བཞིན་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། མཚན་ མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དྲན་པ་ཉེ་བར་བཞག་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་ 26-1-100a བའི་སེམས་ཀྱིས་ཡང་དག་པར་སྤོང་བ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ ཀྱིས་དབང་པོ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་སྟོབས་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འཕགས་པའི་བདེན་པ་རྣམས་སྒོམ་པ་དང་། མཚན་ མ་དང་བྲལ་བའི་སེམས་ཀྱིས་བསམ་གཏན་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚད་མྱེད་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པར་ཐར་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ ཀྱིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མངོན་པར་ཤེས་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཏིང་ངེ་འཛིན་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པ་དང་། མཚན་མ་ 26-1-100b དང་བྲལ་བའི་སེམས་ཀྱིས་མྱི་འཇིགས་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ སྙིང་རྗེ་ཆེན་པོ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་ བུ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱིར་མྱི་འོང་བའི་འབྲས་བུ་སྒོམ་པ་དང་། མཚན་ མ་དང་བྲལ་བའི་སེམས་ཀྱིས་དགྲ་བཅོམ་པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བྱང་ཆུབ་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ལམ་གྱི་རྣམ་པ་ཤེས་ པ་ཉིད་སྒོམ་པ་དང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ། །གསོལ་ པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་ བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་ན། དེའི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཙོམ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་ 26-1-101a མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ་རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་ པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་ པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ། ཡིད་ ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་འམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ 26-1-101b འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་ བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་ པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་ རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་ མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་ 26-1-102a པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་ བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་དམྱིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་གི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཙོམ་མ་མཆིས་ པར་རིག་པར་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སྦྱིན་པ་ཅི་དང་ཅི་བཏང་བ་ དེ་ཐམས་ཅད་མཚན་མར་བཟུང་སྟེ་བཏང་། དེ་བཞིན་དུ་ཚུལ་ཁྲིམས་གང་དང་གང་བསྲུངས་པ་དང་། བཟོད་པ་ཅི་དང་ཅི་བསྒྲུབས་པ་དང་། བརྩོན་འགྲུས་གང་དང་གང་བརྩམས་ པ་དང་། བསམ་གཏན་གང་དང་གང་ལ་མཉམ་པར་གཞག་པ་དང་། ཤེས་རབ་གང་དང་གང་བསྒོམས་པ་དེ་དག་ཐམས་ཅད་མཚན་མར་བཟུང་སྟེ། བསྒོམས་པས། དེའི་སླད་དུ་ བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཙོམ་མ་མཆིས་པར་རིག་པར་བགྱིའོ། །བཅོམ་ 26-1-102b ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བར་རིག་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་ཏེ། མྱི་དམྱིགས་པའི་ཚུལ་གྱིས་མཚན་མ་ མྱེད་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏང་བར་བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྒྲུབ་པར་བགྱིའོ། །བརྩོན་འགྲུས་བརྩམས་པར་བགྱིའོ། །བསམ་ གཏན་ལ་མཉམ་པར་བཞག་པར་བགྱིའོ། །ཤེས་རབ་བསྒོམ་པར་བགྱིའོ། །ནང་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཕྱི་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱད་ པར་བགྱིའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱད་ པར་བགྱིའོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དོར་བ་མྱེད་ པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་བཞིན་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །མྱི་ དམྱིགས་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་ 26-1-103a བགྱིའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱད་པར་བགྱིའོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱད་པར་བགྱིའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱད་པར་བགྱིའོ། །དབང་ པོ་རྣམས་ལ་སྤྱད་པར་བགྱིའོ། །སྟོབས་རྣམས་ལ་སྤྱད་པར་བགྱིའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱད་པར་བགྱིའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བགྱིའོ། ། འཕགས་པའི་བདེན་པ་རྣམས་ལ་སྤྱད་པར་བགྱིའོ། །བསམ་གཏན་རྣམས་ལ་སྤྱད་པར་བགྱིའོ། །ཚད་མྱེད་པ་རྣམས་ལ་སྤྱད་པར་བགྱིའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ སྤྱད་པར་བགྱིའོ། །རྣམ་པར་ཐར་པ་རྣམས་ལ་སྤྱད་པར་བགྱིའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད་པར་བགྱིའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད་པར་བགྱིའོ། །མངོན་པར་ཤེས་པ་རྣམས་ལ་སྤྱད་པར་བགྱིའོ། །ཏིང་ངེ་འཛིན་རྣམས་ལ་སྤྱད་པར་བགྱིའོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱད་པར་བགྱིའོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱད་པར་བགྱིའོ། །མྱི་འཇིགས་པ་རྣམས་ལ་སྤྱད་པར་བགྱིའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱད་པར་བགྱིའོ། །བྱམས་པ་ཆེན་པོ་ལ་སྤྱད་པར་བགྱིའོ། །སྙིང་རྗེ་ཆེན་པོ་ལ་སྤྱད་པར་ བགྱིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱད་པར་བགྱིའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱད་པར་བགྱིའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱད་པར་བགྱིའོ། །ཕྱིར་མྱི་འོང་བའི་ འབྲས་བུ་ལ་སྤྱད་པར་བགྱིའོ། །དགྲ་བཅོམ་པ་ཉིད་ལ་སྤྱད་པར་བགྱིའོ། །རང་བྱང་ཆུབ་ལ་སྤྱད་པར་བགྱིའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་པར་བགྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ 26-1-103b ཉིད་ལ་སྤྱད་པར་བགྱིའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་ལ། ཆོས་དེ་དག་ཀྱང་མ་མཆིས་ཤིང་མྱི་དམྱིགས་པར། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །ལྷའི་བུ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་དམ་པར་ན་གང་མངོན་པར་རྫོགས་པར་ འཚང་རྒྱ་བ་འམ། གང་གི་མངོན་པར་རྫོགས་པར་འཚང་རྒྱ་བ་འམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གང་ཡང་མ་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ དག་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་གསུངས་པ་བཅོམ་ལྡན་འདས་ཇི་ལྟར་གསུངས་པའི་དོན་བདག་གིས་འཚལ་པ་དང་། བདག་སེམས་དཔའ་ལྟར་ན་བཅོམ་ ལྡན་འདས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ནི་མྱི་དཀའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ 26-1-104a ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ ཡང་མ་མཆིས་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ ཆོས་དེ་ལྟ་བུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ཆོས་གང་ཡང་འཕེལ་བར་བགྱི་བའི་སླད་དུ། ཡོངས་སུ་འགྲིབ་པར་ བགྱི་བའི་སླད་དུ་སྦྱིན་པ་ཡོངས་སུ་གཏོང་བ་འམ། ཚུལ་ཁྲིམས་སྲུང་བ་འམ། བཟོད་པ་བསྒོམ་པ་འམ། བརྩོན་འགྲུས་རྩོམ་པ་འམ། བསམ་གཏན་ལ་མཉམ་པར་བཞག་ པ་འམ། ཤེས་རབ་བསྒོམ་པ་འམ། ནང་སྟོང་པ་ཉིད་བསྒོམ་པ་འམ། ཕྱི་སྟོང་པ་ཉིད་བསྒོམ་པ་འམ། ཕྱི་ནང་སྟོང་པ་ཉིད་བསྒོམ་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་ པ་འམ། ཆེན་པོ་སྟོང་པ་ཉིད་བསྒོམ་པ་འམ། དོན་དམ་པ་སྟོང་པ་ཉིད་བསྒོམ་པ་འམ། འདུས་བྱས་སྟོང་པ་ཉིད་བསྒོམ་པ་འམ། འདུས་མ་བྱས་སྟོང་པ་ཉིད་བསྒོམ་པ་འམ། མཐའ་ ལས་འདས་པ་སྟོང་པ་ཉིད་བསྒོམ་པ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པ་འམ། དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པ་འམ། རང་བཞིན་སྟོང་པ་ཉིད་བསྒོམ་པ་འམ། ཆོས་ ཐམས་ཅད་སྟོང་པ་ཉིད་བསྒོམ་པ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་འམ། མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པ་འམ། 26-1-104b ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་འམ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་འམ། ཡང་དག་པར་སྤོང་བ་རྣམས་བསྒོམ་ པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པ་འམ། དབང་པོ་རྣམས་བསྒོམ་པ་འམ། སྟོབས་རྣམས་བསྒོམ་པ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པ་འམ། འཕགས་ པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་འམ། འཕགས་པའི་བདེན་པ་རྣམས་བསྒོམ་པ་འམ། བསམ་གཏན་རྣམས་བསྒོམ་པ་འམ། ཚད་མྱེད་པ་རྣམས་བསྒོམ་པ་འམ། གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པ་འམ། རྣམ་པར་ཐར་པ་རྣམས་བསྒོམ་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པ་འམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པ་འམ། མངོན་པར་ཤེས་པ་རྣམས་བསྒོམ་པ་འམ། ཏིང་ངེ་འཛིན་རྣམས་བསྒོམ་པ་འམ། གཟུངས་ཀྱི་སྒོ་རྣམས་བསྒོམ་ པ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པ་འམ། མྱི་འཇིགས་པ་རྣམས་བསྒོམ་པ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པ་འམ། བྱམས་པ་ཆེན་པོ་བསྒོམ་པ་འམ། སྙིང་རྗེ་ཆེན་པོ་བསྒོམ་པ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྒོམ་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་བསྒོམ་པ་འམ། དགྲ་བཅོམ་པ་ཉིད་བསྒོམ་པ་འམ། རང་བྱང་ཆུབ་བསྒོམ་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 26-1-105a ཀྱི་དོན་ཏུ་བསླབ་པའི་ཆོས་དེ་དག་ཀྱང་མ་མཆིས་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་འམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་འམ། གང་མངོན་པར་རྫོགས་པར་ འཚང་རྒྱ་བར་བགྱི་བའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཚོར་བ་ནི་ཚོར་བའི་རང་ བཞིན་གྱིས་སྟོང་ངོ་། །འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་གྱིས་སྟོང་ངོ་། །འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། ། མྱིག་ནི་མྱིག་གི་རང་བཞིན་གྱིས་སྟོང་ངོ་། །རྣ་བ་ནི་རྣ་བའི་རང་བཞིན་གྱིས་སྟོང་ངོ་། །སྣ་ནི་སྣའི་རང་བཞིན་གྱིས་སྟོང་ངོ་། །ལྕེ་ནི་ལྕེའི་རང་བཞིན་གྱིས་སྟོང་ངོ་། །ལུས་ནི་ལུས་ཀྱི་རང་བཞིན་གྱིས་ སྟོང་ངོ་། །ཡིད་ནི་ཡིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་། །སྒྲ་ནི་སྒྲའི་རང་བཞིན་གྱིས་སྟོང་ངོ་། །དྲི་ནི་དྲིའི་རང་བཞིན་གྱིས་སྟོང་ངོ་། །རོ་ནི་རོའི་ རང་བཞིན་གྱིས་སྟོང་ངོ་། །རེག་ནི་རེག་གི་རང་བཞིན་གྱིས་སྟོང་ངོ་། །ཆོས་ནི་ཆོས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་པའི་རང་བཞིན་གྱིས་ སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་རྣམ་པར་ 26-1-105b ཤེས་པ་ནི་ལྕེའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ གྱིས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་ནི་མྱིག་གི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་ པའི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་ རང་བཞིན་གྱིས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །སྣའི་འདུས་ཏེ་རེག་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་ལས་བྱུང་བའི་ཚོར་བ་ནི་ཡིད་ཀྱི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །སའི་ཁམས་ནི་སའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཆུའི་ཁམས་ནི་ཆུའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མྱེའི་ཁམས་ནི་མྱེའི་ཁམས་ཀྱི་རང་བཞིན་གྱིས་ སྟོང་ངོ་། །རླུང་གི་ཁམས་ནི་རླུང་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་ 26-1-106a པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མ་རིག་པ་ནི་མ་རིག་པའི་རང་བཞིན་གྱིས་སྟོང་ངོ་། །འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ རང་བཞིན་གྱིས་སྟོང་ངོ་། །མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གི་རང་བཞིན་གྱིས་སྟོང་ངོ་། །རེག་པ་ནི་རེག་པའི་རང་བཞིན་ གྱིས་སྟོང་ངོ་། །ཚོར་བ་ནི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་། །སྲེད་པ་ནི་སྲེད་པའི་རང་བཞིན་གྱིས་སྟོང་ངོ་། །ལེན་པ་ནི་ལེན་པའི་རང་བཞིན་གྱིས་སྟོང་ངོ་། །སྲིད་པ་ནི་སྲིད་པའི་རང་བཞིན་གྱིས་ སྟོང་ངོ་། །སྐྱེ་བ་ནི་སྐྱེ་བའི་རང་བཞིན་གྱིས་སྟོང་ངོ་། །རྒ་ཤི་ནི་རྒ་ཤིའི་རང་བཞིན་གྱིས་སྟོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ་། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའི་རང་བཞིན་གྱིས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ་། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ ངོ་། །ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ 26-1-106b ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་ སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་ པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་ བཞིན་གྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་བཞག་པའི་རང་བཞིན་གྱིས་སྟོང་ངོ་། །ཡང་དག་པར་སྤོང་ བ་རྣམས་ནི་ཡང་དག་པར་སྤོང་བའི་རང་བཞིན་གྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་གྱིས་སྟོང་ངོ་། །དབང་པོ་རྣམས་ནི་དབང་པོའི་རང་བཞིན་གྱིས་ 26-1-107a སྟོང་ངོ་། །སྟོབས་རྣམས་ནི་སྟོབས་ཀྱི་རང་བཞིན་གྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་གྱིས་སྟོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་ པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་གྱིས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པའི་རང་བཞིན་གྱིས་སྟོང་ངོ་། །བསམ་གཏན་རྣམས་ནི་བསམ་ གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །ཚད་མྱེད་པ་རྣམས་ནི་ཚད་མྱེད་པའི་རང་བཞིན་གྱིས་སྟོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་ རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པའི་རང་བཞིན་གྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ པའི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པའི་རང་བཞིན་གྱིས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་སྟོང་ངོ་། །གཟུངས་ཀྱི་ སྒོ་རྣམས་ནི་གཟུངས་ཀྱི་སྒོའི་རང་བཞིན་གྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མྱི་འཇིགས་པ་རྣམས་ ནི་མྱི་འཇིགས་པའི་རང་བཞིན་གྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པའི་རང་བཞིན་གྱིས་སྟོང་ངོ་། །བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོའི་རང་བཞིན་གྱིས་སྟོང་ངོ་། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ 26-1-107b གྱིས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་གྱིས་སྟོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་གྱིས་ སྟོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་གྱིས་སྟོང་ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་ནི། ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་གྱིས་སྟོང་ ངོ་། །དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པའི་རང་བཞིན་གྱིས་སྟོང་ངོ་། །རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱི་རང་བཞིན་གྱིས་སྟོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པའི་རང་བཞིན་ གྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་རི་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་ དང་ལྡན་པ་རབ་འབྱོར་དེ་ནི་འདི་ལྟར་ནམ་མཁའ་ནི་འདི་སྙམ་དུ་བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མྱི་སེམས་སོ། །ཚེ་དང་ ལྡན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྙམ་དུ་བདག་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བར་བྱའོ་སྙམ་དུ་མྱི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ 26-1-108a ཅད་ནམ་མཁའ་ལྟ་བུར་མོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་ཐམས་ཅ་ནམ་མཁའ་ལྟ་བུར་མོས་པར་བྱེད་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་ བ་མྱེད་ན་ནི། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མྱི་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་ དེས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་དཀའ་བ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་སླ་བ་མ་ཡིན་པར་ཤེས་སོ། །རབ་འབྱོར་ ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་འདུ་ཤེས་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་འདུ་བྱེད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་ 26-1-108b རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ཇི་སྙམ་དུ་སེམས། མྱིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣ་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྣ་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལྕེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལུས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་ཅི་ཡིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་ སེམས། གཟུགས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྒྲ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དྲི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། 26-1-109a འོ་ན་ཅི་རེག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཆོས་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣ་བའི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྣའི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལྕེའི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་ཅི་ལུས་ཀྱི་རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཡིད་ཀྱི་ རྣམ་པར་ཤེས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་ དུ་སེམས། མྱིག་གི་འདུས་ཏེ་རེག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣ་བའི་འདུས་ཏེ་རེག་པ་ 26-1-109b བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྣའི་འདུས་ཏེ་རེག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལྕེའི་འདུས་ཏེ་རེག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལུས་ཀྱི་འདུས་ཏེ་རེག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཡིད་ཀྱི་འདུས་ ཏེ་རེག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་ 26-1-110a འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སའི་ཁམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ ཆུའི་ཁམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མྱེའི་ཁམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རླུང་གི་ཁམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་ཅི་ནམ་མཁའི་ཁམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པར་ཤེས་པའི་ཁམས་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མ་རིག་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འདུ་བྱེད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པར་ཤེས་པ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མྱིང་དང་གཟུགས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ 26-1-110b ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྐྱེ་མཆེད་དྲུག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རེག་པ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཚོར་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྲེད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལེན་པ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྲེད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྐྱེ་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྒ་ཤི་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། 26-1-111a སྨྲས་པ་འོ་ན་ཅི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བླ་ ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་ པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཕྱི་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཕྱི་ནང་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་ པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཆེན་པོ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དོན་དམ་པ་ སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འདུས་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འདུས་མ་བྱས་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ 26-1-111b དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དོར་བ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རང་བཞིན་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཆོས་ཐམས་ཅད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རང་གི་མཚན་ ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མྱི་དམྱིགས་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དངོས་པོ་མྱེད་པ་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ ནོ། །སྨྲས་པ་འོ་ན་ཅི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་། ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ།། །། 26-1-112a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་བཞག་པ་རྣམས་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཡང་དག་པར་སྤོང་བ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་ པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དབང་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ ཡིན་ནོ། །སྨྲས་པ་འོ་ན་ཅི་སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ བྱང་ཆུབ་ཀྱི་ཡན་ལག་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འཕགས་པའི་ ལམ་ཡན་ལག་བརྒྱད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འཕགས་པའི་བདེན་ པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་བསམ་གཏན་རྣམས་བླ་ན་མྱེད་པ་ཡང་ 26-1-112b དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཚད་མྱེད་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པར་ཐར་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་ པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མངོན་པར་ཤེས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཏིང་ངེ་འཛིན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་གཟུངས་ཀྱི་སྒོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ 26-1-113a ན་ཅི་དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་མྱི་ འཇིགས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་བྱམས་པ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྙིང་རྗེ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ ནོ། །སྨྲས་པ་འོ་ན་ཅི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཐམས་ཅད་ཤེས་ པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལམ་གྱི་རྣམ་པ་ཤེས་པ་ཉིད་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 26-1-113b བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཚོར་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འདུ་ཤེས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འདུ་བྱེད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་ལས་གུད་ན་གང་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣ་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྣ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལྕེ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ 26-1-114a པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལུས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཡིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྒྲ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་དྲི་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རོ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རེག་ལས་གུད་ན་གང་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན། ཆོས་ལས་གུད་ན་ 26-1-114b གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་ སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣ་བའི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན། སྣའི་རྣམ་པར་ཤེས་པ་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལྕེའི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། 26-1-115a མྱིག་གི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་སྣའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ལྕེའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་ པ་འོ་ན་ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་ པ་འོ་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་ 26-1-115b མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལྕེའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ཇི་སྙམ་དུ་སེམས། སའི་ཁམས་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན། ཆུའི་ཁམས་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། 26-1-116a སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་མྱེའི་ཁམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་ སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རླུང་གི་ཁམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ནམ་མཁའི་ཁམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣམ་པར་ཤེས་པའི་ཁམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མ་རིག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ ན་འདུ་བྱེད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ 26-1-116b དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་མྱིང་དང་གཟུགས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྐྱེ་མཆེད་དྲུག་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རེག་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་ དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཚོར་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྲེད་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལེན་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་ དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྲིད་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་ དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྐྱེ་བ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། 26-1-117a སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྒ་ཤི་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་ པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ ནོ། །སྨྲས་པ་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ 26-1-117b ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཕྱི་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཕྱི་ནང་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཆེན་པོ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་དོན་དམ་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འདུས་བྱས་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འདུས་མ་བྱས་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ 26-1-118a ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་མཐའ་ལས་འདས་པ་སྟོང་པ་ཉིད་ལས་ གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ དོར་བ་མྱེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ རང་བཞིན་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་མྱི་དམྱིགས་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ 26-1-118b ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་རྣམས་ལས། གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ 26-1-119a ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་དབང་པོ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྟོབས་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་ པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་འཕགས་པའི་བདེན་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་བསམ་གཏན་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་འོ་ན། ཚད་མྱེད་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་ 26-1-119b པ་འོ་ན་རྣམ་པར་ཐར་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ ན་མངོན་པར་ཤེས་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཏིང་ངེ་འཛིན་རྣམས་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་གཟུངས་ཀྱི་སྒོ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་མྱི་འཇིགས་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ 26-1-120a ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་བྱམས་པ་ཆེན་པོ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་ བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སྙིང་རྗེ་ཆེན་པོ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་ པ་འོ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ཕྱིར་མྱི་འོང་བའི་འབྲས་བུ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་དགྲ་ བཅོམ་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རང་བྱང་ཆུབ་ལས་གུད་ན་གང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ 26-1-120b པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་དེ་བཞིན་ཉིད་གང་ ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། 26-1-121a སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྒྲའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། རེག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣའི་འདུས་ཏེ་རེག་པའི་དེ་བཞིན་ 26-1-121b ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ཀྱི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་ གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆུའི་ཁམས་ཀྱི་དེ་བཞིན་ 26-1-122a ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མྱེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རླུང་གི་ཁམས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་ དུ་སེམས། མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ 26-1-122b རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བཟོད་པའི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ 26-1-123a ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དངོས་པོ་ 26-1-123b མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། 26-1-124a མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། གཟུངས་ཀྱི་སྒོ་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སོ་སོ་ཡང་དག་པར་རིག་པ་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 26-1-124b བྱང་ཆུབ་ལས་ལྡོག་གམ། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། སྨྲས་པ་ཚེ་དང་ལྡན་ པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚོར་བའི་དེ་བཞིན་ཉིད་ ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཤེས་པའི་ དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ 26-1-125a ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྒྲའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དྲིའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། རེག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་ 26-1-125b བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་འདུས་ཏེ་རེག་པའི་དེ་ 26-1-126a བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་ 26-1-126b དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཆུའི་ཁམས་ ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་ གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ ཇི་སྙམ་དུ་སེམས། མ་རིག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྐྱེ་མཆེད་ 26-1-127a དྲུག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། སྲེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལེན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྲིད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་ དམ། སྐྱེ་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྒ་ཤིའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ 26-1-127b ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་ དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དོན་དམ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་ གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 26-1-128a བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་ དམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དངོས་པོ་མྱེད་ 26-1-128b པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ལས་ གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དབང་པོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྟོབས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བྱང་ཆུབ་ཀྱི་ཡན་ ལག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འཕགས་པའི་བདེན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བསམ་གཏན་གྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། 26-1-129a ཚད་མྱེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་ བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཐར་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མངོན་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཏིང་ངེ་འཛིན་ ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། མྱི་འཇིགས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སོ་སོ་ཡང་དག་པར་ 26-1-129b རིག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རང་བྱང་ཆུབ་ཀྱི་དེ་ བཞིན་ཉིད་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ ཉིད་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ 26-1-130a ཉིད་ལས་གུད་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དབྱིངས་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་ གནས་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་སྐྱོན་མྱེད་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཡང་དག་པའི་མཐའ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། 26-1-130b སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བསམ་གྱིས་མྱི་ཁྱབ་པའི་དབྱིངས་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དབྱིངས་ལས་གུད་ན་གང་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་གནས་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་སྐྱོན་མྱེད་ 26-1-131a པ་ཉིད་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཡང་དག་པའི་མཐའ་ལས་གུད་ན་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལས་གུད་ན་གང་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་ དེ་དག་མྱི་དམྱིགས་ན། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ཞིག་ཡོད། སྨྲས་པ། གནས་བརྟན་རབ་འབྱོར་ཀྱིས་ཆོས་ ཀྱི་ཚུལ་དང་རྣམ་པ་དེས་བསྟན་པ་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མྱེད་དེ། དེ་ལྟར་ན་གང་ཟག་ བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ་དེ་བཞིན་གཤེགས་པས་བསྟན་པའི། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གསུམ་པོ་དེ་དག་གི། བྱང་ཆུབ་ རྣམ་པར་དགོད་པར་ཡང་མྱི་འགྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་འདིས། བྱང་ཆུབ་སེམས་དཔའ་བསྟན་པ་ལྟར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ 26-1-131b ཆེན་པོ་ནི་སངས་རྒྱས་ཀྱི་ཐེག་པ་པ་གཅིག་པུར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གནས་བརྟན་རབ་ འབྱོར་འདི་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་དམ། གནས་བརྟན་རབ་འབྱོར་འདི་ལ་དྲི་དགོས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ་པ་འདོད་དམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་པ་དང་རང་ སངས་རྒྱས་ཀྱི་ཐེག་པ་པ་དང་། སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའ་གསུམ་དུ་འདོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུ་གཅིག་གམ། རྒྱུ་གཉིས་སམ། རྒྱུ་གསུམ་གྱིས་ དེ་བཞིན་ཉིད་དམྱིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གཅིག་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མྱི་དམྱིགས་ན། ཅི་ལས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་འདི་ནི་ཉན་ཐོས་ཀྱི་ཐེག་པ་པའོ། ། བྱང་ཆུབ་སེམས་དཔའ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ། །ཞེས་བྱ་བར་སེམས་པར་གྱུར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་ 26-1-132a དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མྱེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་ཞིང་འགོང་བ་མྱེད་ལ་ཡིད་ལ་འགྱོད་ པ་མྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར། ཁྱོད་ཀྱིས་ཚིག་བརྗོད་པ་ལེགས་པར་སྤོབས་སོ། །རབ་འབྱོར་དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མྱེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་ཞིང་འགོང་བ་མྱེད་ལ་ཡིད་འགྱོད་པ་མྱེད་ ཅིང་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་གང་གིས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་ 26-1-132b པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། མྱི་མཉམ་པའི་སེམས་བསྐྱེད་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ ཀྱིས་དམྱིགས་པར་བྱ་སྟེ། མྱི་མཉམ་པའི་སེམས་ཀྱིས་དམྱིགས་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་ པའི་སེམས་ཀྱིས་དམྱིགས་པར་བྱ་སྟེ། བརླང་བའི་སེམས་ཀྱིས་དམྱིགས་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་མྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་གཡོ་མྱེད་པར་བྱའོ། ། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམྱིགས་པར་བྱ་སྟེ། གནོད་པའི་སེམས་ཀྱིས་ དམྱིགས་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མྱེད་པའི་སེམས་བསྐྱེད་པར་བྱ་སྟེ། ཁོང་ཁྲོ་བའི་སེམས་བསྐྱེད་པར་མྱི་བྱའོ། །སེམས་ཅན་ཐམས་ཅད་ལ་མྱི་འཚེ་བའི་སེམས་ བསྐྱེད་པར་བྱ་སྟེ། འཚེ་བའི་སེམས་མྱི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མྱི་འཚེ་བའི་སེམས་ཀྱིས་དམྱིགས་པར་བྱ་སྟེ། འཚེ་བའི་སེམས་ཀྱིས་དམྱིགས་པར་མྱི་བྱའོ། །སེམས་ཅན་ཐམས་ ཅད་ལ་མའི་སེམས་དང་། ཕའི་སེམས་དང་། ཕུ་ནུའི་སེམས་དང་། སྲིང་མོའི་སེམས་དང་། གྲོགས་པོ་དང་། གཉེན་པ་དང་། རུས་གཅིག་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ ཅད་ལ་མ་དང་། ཕའི་སེམས་དང་། ཕུ་ནུ་དང་། སྲིང་མོའི་སེམས་དང་། གྲོགས་པོ་དང་། གཉེན་པ་དང་། རུས་གཅིག་པའི་སེམས་ཀྱིས་དམྱིགས་པར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ། 26-1-133a གཞན་ཡང་སྲོག་གཅོད་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤང་བར་བྱ། གཞན་ཡང་མ་བྱིན་པར་ལེན་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་མ་བྱིན་ པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤང་བར་བྱ། གཞན་ཡང་འདོད་པས་ལོག་པར་གཡེམ་བ་སྤང་བ་ལ་ཡང་དག་པར་ བསྐུལ་བར་བྱ། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤང་བར་བྱ། གཞན་ཡང་བརྫུན་དུ་སྨྲ་བ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་ དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཕྲ་མ་སྤང་བར་བྱ། གཞན་ཡང་ཕྲ་མ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་ གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཞེ་གཅོད་པ་སྤང་བར་བྱ། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བར་བྱ། ཞེ་གཅོད་པ་སྤོང་བའི་ལེགས་པ་ བརྗོད་པར་བྱ། གཞན་གང་གིས་ཞེ་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚིག་ཀྱལ་བ་སྤང་བར་བྱ། གཞན་ཡང་ཚིག་ཀྱལ་བ་སྤང་བ་ལ་ཡང་དག་པར་སྐུལ་ 26-1-133b བར་བྱ། ཚིག་ཀྱལ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ཚིག་ཀྱལ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཆགས་སེམས་སྤང་བར་བྱ། གཞན་ ཡང་ཆགས་སེམས་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ཆགས་སེམས་སྤང་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་ གིས་ཀྱང་གནོད་སེམས་སྤང་བར་བྱ། གཞན་ཡང་གནོད་སེམས་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་ བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ལོག་པར་ལྟ་བ་སྤང་བར་བྱ། གཞན་ཡང་ལོག་པར་ལྟ་བ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མྱི་དམྱིགས་པའི་ཚུལ་གྱིས་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བདག་གིས་ཀྱང་བསམ་གཏན་དང་པོ་ལ་ མཉམ་པར་བཞག་པར་བྱ། གཞག་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་ཡང་བསམ་གཏན་དང་པོ་ ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གཉིས་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་ 26-1-134a པར་བསྐུལ་བར་བྱ། བསམ་གཏན་གཉིས་པ་པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་ཡང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གསུམ་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་གསུམ་པ་ལ་ སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་ཡང་བསམ་གཏན་གསུམ་པ་ལ་སྙོམ་ས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གི་ཀྱང་བསམ་གཏན་ བཞི་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་ཡང་བསམ་ གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མྱི་དམྱིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་བྱམས་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བྱམས་པ་ལ་ཡང་དག་པར་བསྐུལ་བར་ བྱ། བྱམས་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བྱམས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྙིང་རྗེ་ཆེན་པོ་ལ་མཉམ་པར་གཞག་ པར་བྱ། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བྱ། སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པར་བྱ། གཞན་ཡང་སྙིང་རྗེ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། ། 26-1-134b བདག་གིས་ཀྱང་དགའ་བ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དགའ་བ་ལ་ཡང་དག་པར་བསྐུལ་བར་བྱ། དགའ་བའི་ལེགས་པ་བརྗོད་པར་བྱ། གཞན་གང་དགའ་བ་ལ་སྙོམས་པར་འཇུག་པ་དེ་ དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བཏང་སྙོམས་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བཏང་སྙོམས་ལ་ཡང་དག་པར་བསྐུལ་བར་བྱ། བཏང་ སྙོམས་ཀྱི་ལེགས་པ་བརྗོད་པར་བྱ། གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་མྱེད་པའི་ སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་ ལེགས་པ་བརྗོད་པར་བྱ། གཞན་གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ 26-1-135a པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ བར་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་ བྱའོ། །བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་ 26-1-135b དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མྱི་དམྱིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་ ནང་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ནང་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ནང་སྟོང་པ་ཉིད་ལ་ སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཕྱི་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་ བྱ། ཕྱི་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱི་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཕྱི་ནང་ སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཕྱི་ནང་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཕྱི་ནང་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱི་ནང་སྟོང་པ་ཉིད་ ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ ཡང་དག་པར་བསྐུལ་བར་བྱ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཆེན་པོ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཆེན་པོ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་ 26-1-136a བྱ། སེམས་ཅན་གཞན་གང་ཆེན་པོ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དོན་དམ་པ་སྟོང་པ་ཉིད་ལ་མཉམ་པར་ གཞག་པར་བྱ། གཞན་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དོན་དམ་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དོན་དམ་པ་སྟོང་པ་ཉིད་ལ་སྙོམས་ པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འདུས་བྱས་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་འདུས་བྱས་སྟོང་པ་ཉིད་ལ་ཡང་དག་ པར་བསྐུལ་བར་བྱ། འདུས་བྱས་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འདུས་བྱས་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་འདུས་མ་བྱས་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། འདུས་མ་བྱས་སྟོང་པ་ ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འདུས་མ་བྱས་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ལེགས་ པ་བརྗོད་པར་བྱ། སེམས་ཅན་གཞན་གང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཐོག་མ་དང་ཐ་ 26-1-136b མ་མྱེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ལ་མཉམ་ པར་གཞག་པར་བྱ། གཞན་ཡང་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དོར་བ་མྱེད་པ་སྟོང་ པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རང་བཞིན་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རང་བཞིན་ སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། རང་བཞིན་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བཞིན་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་ པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་ བར་བྱ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། 26-1-137a རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་ གིས་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་ པར་བྱ། སེམས་ཅན་གཞན་གང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ལ་མཉམ་ པར་གཞག་པར་བྱ། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་ འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ 26-1-137b སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་ དག་པར་བསྐུལ་བར་བྱ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་ཡང་དག་པར་སྤོང་བ་བཞི་བསྒོམ་པར་བྱ། གཞན་ཡང་ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། ཡང་དག་པར་སྤོང་བ་རྣམས་ཀྱི་ལེགས་པ་བརྗོད་ པར་བྱ། སེམས་ཅན་གཞན་གང་ཡང་དག་པར་སྤོང་བ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་ བྱ། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྫུ་འཕྲུལ་གྱི་རྐང་པ་ བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དབང་པོ་ལྔ་བསྒོམ་པར་བྱ། གཞན་ཡང་དབང་པོ་ལྔ་ལ་ཡང་དག་པར་བསྐུལ་བར་བྱ། དབང་པོ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དབང་པོ་ལྔ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྟོབས་ལྔ་ བསྒོམ་པར་བྱ། གཞན་ཡང་སྟོབས་ལྔ་ལ་ཡང་དག་པར་བསྐུལ་བར་བྱ། སྟོབས་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྟོབས་ལྔ་བསྒོམ་པ་དེ་དག་གི་ལེགས་ 26-1-138a པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་བསྐུལ་ བར་བྱ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་ བྱའོ། །བདག་གིས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་བསྐུལ་བར་བྱ། འཕགས་པའི་ ལམ་ཡན་ལག་བརྒྱད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་འཕགས་པའི་བདེན་པ་བཞི་བསྒོམ་པར་བྱ། གཞན་ཡང་འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། འཕགས་པའི་བདེན་པ་རྣམས་ཀྱི་ལེགས་པ་བརྗོད་ པར་བྱ། སེམས་ཅད་གཞན་གང་འཕགས་པའི་བདེན་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་བཞི་བསྒོམ་པར་ བྱ། གཞན་ཡང་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བསམ་གཏན་བཞི་སྒོམ་པ་ དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚད་མྱེད་པ་བཞི་བསྒོམ་པར་བྱ། གཞན་ཡང་ཚད་མྱེད་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། ཚད་མྱེད་པ་ 26-1-138b རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚད་མྱེད་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་བསྒོམ་པར་བྱ། གཞན་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་ བྱ། སེམས་ཅན་གཞན་གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་ཐར་པ་བརྒྱད་བསྒོམ་ པར་བྱ། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པར་ཐར་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པར་ཐར་པ་བརྒྱད་སྒོམ་པ་ དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ། གཞན་ཡང་མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བར་བྱ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་ པར་བྱ། གཞན་ཡང་རྣམ་པ་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ 26-1-139a པ་དང་། སྨོན་པ་མྱེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པ་དེ་དག་གི་ ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མངོན་པར་ཤེས་པ་རྣམས་བསྒོམ་པར་བྱ། གཞན་ཡང་མངོན་པར་ཤེས་པ་རྣམས་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མངོན་པར་ཤེས་པ་རྣམས་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ ཀྱང་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱ། གཞན་ཡང་ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་བསྐུལ་བར་བྱ། ཏིང་ངེ་འཛིན་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཏིང་ངེ་ འཛིན་རྣམས་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱ། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་ དག་པར་བསྐུལ་བར་བྱ། གཟུངས་ཀྱི་སྒོ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་བསྐུལ་བར་བྱ། དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱི་ལེགས་པར་བརྗོད་པར་བྱ། སེམས་ཅན་གཞན་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། ། 26-1-139b བདག་གིས་ཀྱང་མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱ། གཞན་ཡང་མྱི་འཇིགས་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། མྱི་འཇིགས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ ཅན་གཞན་གང་མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་ པར་བྱ། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སོ་སོ་ཡང་ དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བྱམས་ པ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བྱ། སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་ སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་བསྐུལ་བར་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་ 26-1-140a གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ དང་ལུགས་མ་ཡིན་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། རྟེན་ཅིང་འབྲེལ་བར་ འབྱུང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མྱི་དམྱིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་སྡུག་ བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་བ་རབ་ཏུ་སྤང་བར་བྱ། འགོག་པ་མངོན་ཏུ་བྱ། ལམ་བསྒོམ་པར་བྱ། གཞན་གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་ འབྱུང་བ་རབ་ཏུ་སྤང་བ་དང་། འགོག་པ་མངོན་ཏུ་བྱ་བ་དང་། ལམ་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་རབ་ཏུ་སྤོང་བ་དང་། འགོག་པ་ མངོན་ཏུ་བྱེད་པ་དང་། ལམ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད་པ་དང་། ཀུན་འབྱུང་བ་རབ་ཏུ་སྤོང་བ་དང་། འགོག་པ་མངོན་ཏུ་ བྱེད་པ་དང་། ལམ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་ཏུ་བྱ་བའི་ཕྱིར། ཤེས་པ་བསྐྱེད་དེ། 26-1-140b ཡང་དག་པའི་མཐའ་མངོན་ཏུ་མྱི་བྱ། གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་ཏུ་བྱ་བའི་ལེགས་ པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་ བུ་ཤེས་པ་མངོན་ཏུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མྱི་བྱའོ། །གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་ཏུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་ཏུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ་ཤེས་པ་མངོན་ཏུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མྱི་བྱ། གཞན་ཡང་ཕྱིར་མྱི་འོང་ བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། ཕྱིར་མྱི་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱིར་མྱི་ འོང་བའི་འབྲས་བུ་ཤེས་པ་མངོན་ཏུ་བྱེད་པ་དེ་དག་གིས་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་ཏུ་མྱི་བྱ། གཞན་ཡང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་ཏུ་བྱ་བའི་ལེགས་ 26-1-141a པ་བརྗོད་པར་བྱ། སེམས་ཅན་གཞན་གང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རང་བྱང་ཆུབ་ ཤེས་པ་མངོན་ཏུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། རང་བྱང་ཆུབ་ཤེས་པ་མངོན་ཏུ་བྱ་བས་ཡང་དག་པའི་མཐའ་མངོན་ཏུ་མྱི་བྱ། གཞན་ཡང་རང་བྱང་ཆུབ་ཤེས་པ་མངོན་ཏུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། རང་བྱང་ཆུབ་ཤེས་པ་མངོན་ཏུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བྱང་ཆུབ་ཤེས་པ་མངོན་ཏུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ།། །།ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པ་ལ་ཡང་ དག་པར་བསྐུལ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པ་དེ་དག་གི་ལེགས་ པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས་ གནས་པར་བྱའོ། །བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ། གཞན་ཡང་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། སེམས་ཅན་ཡོངས་སུ་སྨྱིན་ པར་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ 26-1-141b ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ། གཞན་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་ཡང་དག་པར་བསྐུལ་བར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ལེགས་པ་བརྗོད་པར་བྱ། སེམས་ ཅན་གཞན་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་བསྐྱེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་ བྱ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་ གཞན་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་ པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། བག་ཆགས་ཀྱི་མཚམས་སྦྱོར་ བའི་ཉོན་མོངས་པ་ཐམས་ཅད་སྤང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་དེ་དག་གི་ལེགས་པ་བརྗོད་ཅིང་ 26-1-142a འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མྱི་དམྱིགས་པའི་ ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་བར་བྱ། ཚེ་ཕུན་སུམ་ཚོགས་ པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བ་ལ་ཡང་དག་པར་བསྐུལ་བར་བྱ། དམ་པའི་ཆོས་གནས་པ་ཡོངས་སུ་ གཟུང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། རབ་ འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས་གནས་པར་བྱའོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་བསླབ་པར་བྱའོ། །དེ་དེ་ལྟར་སློབ་ཅིང་དེ་དེ་ལྟར་གནས་པས། དེའི་གཟུགས་སྒྲིབ་པ་མྱེད་པར་འགྱུར་རོ། །ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །འདུ་ཤེས་སྒྲིབ་པ་མྱེད་པར་འགྱུར་རོ། །འདུ་བྱེད་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པར་ཤེས་པ་ 26-1-142b སྒྲིབ་པ་མྱེད་པར་འགྱུར་རོ། །མྱིག་སྒྲིབ་པ་མྱེད་པར་འགྱུར་རོ། །རྣ་བ་སྒྲིབ་པ་མྱེད་པར་འགྱུར་རོ། །སྣ་སྒྲིབ་པ་མྱེད་པར་འགྱུར་རོ། །ལྕེ་སྒྲིབ་པ་མྱེད་པར་འགྱུར་རོ། །ལུས་སྒྲིབ་ པ་མྱེད་པར་འགྱུར་རོ། །ཡིད་སྒྲིབ་པ་མྱེད་པར་འགྱུར་རོ། །གཟུགས་སྒྲིབ་པ་མྱེད་པར་འགྱུར་རོ། །སྒྲ་སྒྲིབ་པ་མྱེད་པར་འགྱུར་རོ། །དྲི་སྒྲིབ་པ་མྱེད་པར་འགྱུར་རོ། །རོ་སྒྲིབ་པ་མྱེད་པར་ འགྱུར་རོ། །རེག་སྒྲིབ་པ་མྱེད་པར་འགྱུར་རོ། །ཆོས་སྒྲིབ་པ་མྱེད་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་ འགྱུར་རོ། །སྣའི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ཡིད་ ཀྱི་རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ སྒྲིབ་པ་མྱེད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་མྱེད་པར་ འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་ 26-1-143a འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །སའི་ཁམས་སྒྲིབ་པ་མྱེད་པར་འགྱུར་རོ། །ཆུའི་ཁམས་སྒྲིབ་པ་མྱེད་པར་འགྱུར་རོ། ། མྱེའི་ཁམས་སྒྲིབ་པ་མྱེད་པར་འགྱུར་རོ། །རླུང་གི་ཁམས་སྒྲིབ་པ་མྱེད་པར་འགྱུར་རོ། །ནམ་མཁའི་ཁམས་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་སྒྲིབ་པ་ མྱེད་པར་འགྱུར་རོ། །མ་རིག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །འདུ་བྱེད་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པར་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །མྱིང་དང་གཟུགས་སྒྲིབ་པ་མྱེད་ པར་འགྱུར་རོ། །སྐྱེ་མཆེད་དྲུག་སྒྲིབ་པ་མྱེད་པར་འགྱུར་རོ། །རེག་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ཚོར་བ་སྒྲིབ་པ་མྱེད་པར་འགྱུར་རོ། །སྲེད་པ་སྒྲིབ་པ་མྱེད་པར་འགྱུར་རོ། ། ལེན་པ་སྒྲིབ་པ་མྱེད་པར་འགྱུར་རོ། །སྲིད་པ་སྒྲིབ་པ་མྱེད་པར་འགྱུར་རོ། །སྐྱེ་བ་སྒྲིབ་པ་མྱེད་པར་འགྱུར་རོ། །རྒ་ཤི་སྒྲིབ་པ་མྱེད་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་ པ་མྱེད་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མྱེད་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མྱེད་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྒྲིབ་པ་མྱེད་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ནང་སྟོང་པ་ཉིད་སྒྲིབ་པ་མྱེད་ པར་འགྱུར་རོ། །ཕྱི་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། ། 26-1-143b ཆེན་པོ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །འདུས་མ་བྱས་ སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །དོར་བ་མྱེད་ པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྒྲིབ་པ་མྱེད་པར་ འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒྲིབ་པ་མྱེད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་སྒྲིབ་པ་མྱེད་ པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །དབང་པོ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །སྟོབས་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒྲིབ་པ་མྱེད་པར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །བསམ་ གཏན་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །ཚད་མྱེད་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པར་ཐར་པ་ 26-1-144a བརྒྱད་སྒྲིབ་པ་མྱེད་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒྲིབ་པ་མྱེད་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་སྒྲིབ་པ་མྱེད་ པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །མྱི་འཇིགས་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྒྲིབ་པ་ མྱེད་པར་འགྱུར་རོ། །བྱམས་པ་ཆེན་པོ་སྒྲིབ་པ་མྱེད་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་སྒྲིབ་པ་མྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲིབ་པ་མྱེད་པར་འགྱུར་རོ། ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་པ་སྒྲིབ་པ་མྱེད་ པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །རང་སངས་རྒྱས་ཤེས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པ་སྒྲིབ་པ་མྱེད་ པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲིབ་པ་མྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་སྒྲིབ་པ་མྱེད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་ཡེ་ཤེས་སྒྲིབ་པ་མྱེད་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྒྲིབ་པ་མྱེད་པར་འགྱུར་རོ། །ཚེ་ཕུན་སུམ་ཚོགས་པ་སྒྲིབ་པ་མྱེད་པར་འགྱུར་རོ། ། 26-1-144b དམ་པའི་ཆོས་གནས་པ་སྒྲིབ་པ་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་ མ་བཟུང་། ཚོར་བ་ཡོངས་སུ་མ་བཟུང་། འདུ་ཤེས་ཡོངས་སུ་མ་བཟུང་། འདུ་བྱེད་ཡོངས་སུ་མ་བཟུང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་། །མྱིག་ཡོངས་སུ་མ་བཟུང་། རྣ་བ་ཡོངས་སུ་མ་བཟུང་། སྣ་ཡོངས་སུ་མ་བཟུང་། ལྕེ་ཡོངས་སུ་མ་བཟུང་། ལུས་ཡོངས་སུ་མ་བཟུང་། ཡིད་ཡོངས་སུ་མ་བཟུང་ངོ་། །གཟུགས་ཡོངས་སུ་མ་བཟུང་། སྒྲ་ཡོངས་སུ་མ་བཟུང་། དྲི་ཡོངས་སུ་མ་བཟུང་། རོ་ཡོངས་སུ་མ་བཟུང་། རེག་ཡོངས་སུ་མ་བཟུང་། ཆོས་ཡོངས་སུ་མ་བཟུང་ངོ་། །མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་ བཟུང་། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་། སྣའི་འདུས་ཏེ་རེག་པ་ཡོངས་ སུ་མ་བཟུང་། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་ངོ་། །མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་། ལྕེའི་འདུས་ཏེ་རེག་པའི་ 26-1-145a རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་ངོ་། ། སའི་ཁམས་ཡོངས་སུ་མ་བཟུང་། ཆུའི་ཁམས་ཡོངས་སུ་མ་བཟུང་། མྱེའི་ཁམས་ཡོངས་སུ་མ་བཟུང་། རླུང་གི་ཁམས་ཡོངས་སུ་མ་བཟུང་། ནམ་མཁའི་ཁམས་ཡོངས་སུ་ མ་བཟུང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་ངོ་། །མ་རིག་པ་ཡོངས་སུ་མ་བཟུང་། འདུ་བྱེད་ཡོངས་སུ་མ་བཟུང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། མྱིང་དང་གཟུགས་ ཡོངས་སུ་མ་བཟུང་། སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་། རེག་པ་ཡོངས་སུ་མ་བཟུང་། ཚོར་བ་ཡོངས་སུ་མ་བཟུང་། སྲེད་པ་ཡོངས་སུ་མ་བཟུང་། ལེན་པ་ཡོངས་སུ་མ་བཟུང་། སྲིད་པ་ ཡོངས་སུ་མ་བཟུང་། སྐྱེ་བ་ཡོངས་སུ་མ་བཟུང་། རྒ་ཤི་ཡོངས་སུ་མ་བཟུང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་མ་བཟུང་ངོ་། །ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་། ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་། 26-1-145b མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་མ་ བཟུང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་ སུ་མ་བཟུང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་ བ་རྣམས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མ་བཟུང་། དབང་པོ་རྣམས་ཡོངས་སུ་མ་བཟུང་། སྟོབས་རྣམས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་ངོ་། །འཕགས་པའི་བདེན་པ་རྣམས་ཡོངས་སུ་མ་བཟུང་། བསམ་གཏན་རྣམས་ཡོངས་སུ་མ་བཟུང་། ཚད་མྱེད་ པ་རྣམས་ཡོངས་སུ་མ་བཟུང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་རྣམས་ཡོངས་སུ་མ་བཟུང་། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་མ་བཟུང་ངོ་། །མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་མ་བཟུང་། མྱི་འཇིགས་པ་རྣམས་ཡོངས་སུ་ 26-1-146a མ་བཟུང་། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་མ་བཟུང་། བྱམས་པ་ཆེན་པོ་ཡོངས་སུ་མ་བཟུང་། སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་ཡོངས་སུ་མ་བཟུང་ངོ་། །ཐམས་ཅད་ཤེས་པ་ཉིད་ཡོངས་སུ་མ་བཟུང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཡོངས་ སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣམ་ པར་ཤེས་པ་མ་ཡིན། མྱིག་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིག་མ་ཡིན། རྣ་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣ་བ་མ་ཡིན། སྣ་ཡོངས་སུ་གཟུང་དུ་མྱེད་པ་གང་ ཡིན་པ་དེ་ནི་སྣ་མ་ཡིན། ལྕེ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལྕེ་མ་ཡིན། ལུས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལུས་མ་ཡིན། ཡིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་ དེ་ནི་ཡིད་མ་ཡིན། གཟུགས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། སྒྲ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྒྲ་མ་ཡིན། དྲི་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་ དེ་ནི་དྲི་མ་ཡིན། རོ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རོ་མ་ཡིན། རེག་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རེག་མ་ཡིན། ཆོས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཆོས་ 26-1-146b མ་ཡིན། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན། སྣའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་ གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན། ཡིད་ཀྱི་རྣམ་པར་ ཤེས་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ ཡིན། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ཡིན། སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྣའི་ འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་ པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། མྱིག་གི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ 26-1-147a ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། སའི་ཁམས་ཡོངས་ སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སའི་ཁམས་མ་ཡིན། ཆུའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཆུའི་ཁམས་མ་ཡིན། མྱེའི་ཁམས་ཡོངས་སུ་གཟུང་དུ་མྱེད་ པ་གང་ཡིན་པ་དེ་ནི་མྱེའི་ཁམས་མ་ཡིན། རླུང་གི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་ གང་ཡིན་པ་དེ་ནི། ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ཡིན། མ་རིག་པ་ ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན། འདུ་བྱེད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མྱེད་ 26-1-147b པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་ཡོངས་སུ་གཟུང་དུ་མྱེད་པ་ གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་མ་ཡིན། རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན། ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། སྲེད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྲེད་པ་མ་ཡིན། ལེན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལེན་པ་མ་ཡིན། སྲིད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ ཡིན་པ་དེ་ནི་སྲིད་པ་མ་ཡིན། སྐྱེ་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྐྱེ་བ་མ་ཡིན། རྒ་ཤི་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྒ་ཤི་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ 26-1-148a ཡིན་པ་དེ་ནི་ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་ དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་ པ་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན། འདུས་བྱས་སྟོང་པ་ཉིད་ཡོངས་སུ་ གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་ པ་ཉིད་མ་ཡིན། རང་བཞིན་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་གཟུང་ དུ་མྱེད་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་ 26-1-148b སྟོང་པ་ཉིད་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་ སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་མ་ ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དྲན་པ་ཉེ་བར་གཞག་པ་ རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་ དེ་ནི། ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་ རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་མ་ཡིན། སྟོབས་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། སྟོབས་རྣམས་མ་ཡིན། བྱང་ཆུབ་ ཀྱི་ཡན་ལག་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་ 26-1-149a གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་རྣམས་མ་ཡིན། བསམ་གཏན་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། བསམ་གཏན་རྣམས་མ་ཡིན། ཚད་མྱེད་ པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཚད་མྱེད་པ་རྣམས་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་རྣམས་མ་ཡིན། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན། མངོན་ པར་ཤེས་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་ རྣམས་ཡིན། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་དུ་ མྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། མྱི་འཇིགས་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་རྣམས་མ་ཡིན། 26-1-149b སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་ པ་དེ་ནི། བྱམས་པ་ཆེན་པོ་མ་ཡིན། སྙིང་རྗེ་ཆེན་པོ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་གཟུང་ དུ་མྱེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་ བུ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་ མྱེད་པ་གང་ཡིན་པ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་མ་ཡིན། རང་བྱང་ཆུབ་ཡོངས་སུ་ གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རང་བྱང་ཆུབ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་ སེམས་དཔའ་ཉིས་སྟོང་གིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་བཅུ་དགུའོ།། །། 26-1-150a དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས། ཚུལ་ནི་གང་ལགས། མཚན་མ་ནི་གང་ལགས། ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ ཕྱིར་མྱི་ལྡོག་པའོ་ཞེས་བགྱི་བར་འཚལ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ ལ་སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། དེ་བཞིན་གཤེགས་པའི་སར་བཤད་པ་དེ་དག་ཐམས་ཅད་ཀྱང་ དེ་བཞིན་ཉིད་ལ་འགྱུར་བ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དེ་ནི་དེ་བཞིན་ཉིད་དེ་ཇི་ལྟ་བ་དེ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ལ་རྣམ་ པར་མྱི་རྟོག་ཅིང་། དེ་ལྟར་རྣམ་པར་མྱི་རྟོག་པར་འཇུག་སྟེ། དེ་ལྟར་ཞུགས་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོས་ནས་དེ་ལས་འདས་ཏེ། དེ་དག་དེ་བཞིན་ཉིད་ལ་རེ་རེ་དང་། གཉིས་ ཀ་དང་། གཉིས་ཀ་མ་ཡིན་པར་ཐེ་ཙོམ་ཟ་བ་གང་ཡང་མྱེད་དོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། དོན་དང་ལྡན་པར་སྨྲའི། དོན་དང་མྱི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་ པ་དང་མ་བྱས་པ་ལ་མྱི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ 26-1-150b སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མྱེད་པ་ཚུལ་མྱེད་པ། མཚན་མ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། ཚུལ་མ་མཆིས་པ། མཚན་མ་མཆིས་པ་ལགས་ན། ཆོས་གང་རྣམས་ལས་སླར་ལོག་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྱིར་མྱི་ལྡོག་པ་ཞེས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལོག་པ། ཚོར་བ་ལས་ཕྱིར་ལོག་པ། འདུ་ཤེས་ལས་ཕྱིར་ལོག་པ། འདུ་བྱེད་ལས་ཕྱིར་ལོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མྱིག་ལས་ཕྱིར་ལོག་པ། རྣ་བ་ལས་ཕྱིར་ལོག་པ། སྣ་ལས་ཕྱིར་ལོག་པ། ལྕེ་ལས་ཕྱིར་ལོག་པ། ལུས་ལས་ཕྱིར་ལོག་པ། ཡིད་ལས་ཕྱིར་ལོག་པ། གཟུགས་ལས་ཕྱིར་ ལོག་པ། སྒྲ་ལས་ཕྱིར་ལོག་པ། དྲི་ལས་ཕྱིར་ལོག་པ། རོ་ལས་ཕྱིར་ལོག་པ། རེག་ལས་ཕྱིར་ལོག་པ། ཆོས་ལས་ཕྱིར་ལོག་པ། མྱིག་གི་རྣམ་པར་ཤེས་པ་ལས་ཕྱིར་ལོག་ པ། རྣ་བའི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། སྣའི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། ལྕེའི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། ལུས་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། 26-1-151a ཡིད་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མྱིག་གི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། རྣའི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། སྣའི་འདུས་ཏེ་རེག་པ་ལས་ཕྱིར་ལོག་ པ། ལྕེའི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། ལུས་ཀྱི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། ཡིད་ཀྱི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ ལས་ཕྱིར་ལོག་པ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལོག་པ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལོག་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ལས་ཕྱིར་ལོག་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལོག་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལོག་པ། སའི་ཁམས་ལས་ཕྱིར་ལོག་པ། ཆུའི་ཁམས་ལས་ཕྱིར་ལོག་པ། མྱེའི་ཁམས་ལས་ཕྱིར་ལོག་པ། རླུང་གི་ཁམས་ལས་ཕྱིར་ལོག་པ། ནམ་མཁའི་ཁམས་ལས་ཕྱིར་ལོག་པ། རྣམ་པར་ཤེས་པའི་ཁམས་ ལས་ཕྱིར་ལོག་པ། མ་རིག་པ་ལས་ཕྱིར་ལོག་པ། འདུ་བྱེད་ལས་ཕྱིར་ལོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མྱིང་དང་གཟུགས་ལས་ཕྱིར་ལོག་པ། སྐྱེ་མཆེད་དྲུག་ལས་ ཕྱིར་ལོག་པ། རེག་པ་ལས་ཕྱིར་ལོག་པ། ཚོར་བ་ལས་ཕྱིར་ལོག་པ། སྲེད་པ་ལས་ཕྱིར་ལོག་པ། ལེན་པ་ལས་ཕྱིར་ལོག་པ། སྲིད་པ་ལས་ཕྱིར་ལོག་པ། སྐྱེ་བ་ལས་ཕྱིར་ ལོག་པ། རྒ་ཤི་ལས་ཕྱིར་ལོག་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ 26-1-151b ཕྱིར་ལོག་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ནང་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཕྱི་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཕྱི་ནང་སྟོང་པ་ཉིད་ལས་ཕྱིར་ལོག་པ། སྟོང་པ་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཆེན་པོ་སྟོང་པ་ཉིད་ལས་ ཕྱིར་ལོག་པ། དོན་དམ་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། འདུས་བྱས་སྟོང་པ་ཉིད་ལས་ཕྱིར་ལོག་པ། འདུས་མ་བྱས་སྟོང་པ་ཉིད་ལས་ཕྱིར་ལོག་པ། མཐའ་ལས་འདས་པ་སྟོང་ པ་ཉིད་ལས་ཕྱིར་ལོག་པ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། དོར་བ་མྱེད་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། རང་བཞིན་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཕྱིར་ལོག་པ། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། མྱི་དམྱིགས་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཕྱིར་ ལོག་པ། ངོ་བོ་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཕྱིར་ལོག་པ། ཡང་དག་པར་སྤོང་བ་ རྣམས་ལས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཕྱིར་ལོག་པ། དབང་པོ་རྣམས་ལས་ཕྱིར་ལོག་པ། སྟོབས་རྣམས་ལས་ཕྱིར་ལོག་པ། བྱང་ཆུབ་ཀྱི་ཡན་ལག་རྣམས་ ལས་ཕྱིར་ལོག་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཕྱིར་ལོག་པ། འཕགས་པའི་བདེན་པ་རྣམས་ལས་ཕྱིར་ལོག་པ། བསམ་གཏན་རྣམས་ལས་ཕྱིར་ལོག་པ། 26-1-152a ཚད་མྱེད་པ་རྣམས་ལས་ཕྱིར་ལོག་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཕྱིར་ལོག་པ། རྣམ་པར་ཐར་པ་བརྒྱད་ལས་ཕྱིར་ལོག་པ། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ལས་ཕྱིར་ལོག་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལས་ཕྱིར་ལོག་པ། མངོན་པར་ཤེས་པ་རྣམས་ལས་ཕྱིར་ལོག་ པ། ཏིང་ངེ་འཛིན་རྣམས་ལས་ཕྱིར་ལོག་པ། གཟུངས་ཀྱི་སྒོ་རྣམས་ལས་ཕྱིར་ལོག་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཕྱིར་ལོག་པ། མྱི་འཇིགས་པ་བཞི་ལས་ཕྱིར་ལོག་ པ། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཕྱིར་ལོག་པ། བྱམས་པ་ཆེན་པོ་ལས་ཕྱིར་ལོག་པ། སྙིང་རྗེ་ཆེན་པོ་ལས་ཕྱིར་ལོག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་ཕྱིར་ ལོག་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལོག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཕྱིར་ལོག་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རབ་འབྱོར་དེ་ནི་འདི་ལྟར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་ཤེས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མྱེད་དོ། ། 26-1-152b གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་མྱིག་གི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་སྣའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ སྒྲའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ པར་འགྱུར་བའི་རོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རེག་གི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་ཆོས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་ 26-1-153a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་ རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གནས་པར་འགྱུར་བའི་ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་འདུས་ ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་ 26-1-153b སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་སའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆུའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱེའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རླུང་གི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མ་རིག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 26-1-154a ཆེན་པོ་གནས་པར་འགྱུར་བའི་མྱིང་དང་གཟུགས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་ བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྲེད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་ལེན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྲིད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་སྐྱེ་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒ་ཤིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 26-1-154b པོ་གནས་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 26-1-155a པོ་གནས་པར་འགྱུར་བའི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་བཞིན་སྟོང་པ་ཉིད་ཀྱི་ངོ་ བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱི་དམྱིགས་པ་སྟོང་ པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དབང་པོ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་ 26-1-155b སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བསམ་གཏན་ རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚད་མྱེད་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཐར་ པ་བརྒྱད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཚན་མ་མྱེད་པའི་ ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྨོན་པ་མྱེད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ 26-1-156a པར་འགྱུར་བའི་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དེ་བཞིན་ གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱི་འཇིགས་པ་བཞིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བྱམས་ པ་ཆེན་པོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒྱུན་ཏུ་ཞུགས་པའི་ འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དགྲ་བཅོམ་པ་ཉིད་ཀྱི་ 26-1-156b ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་བྱང་ཆུབ་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གནས་པར་འགྱུར་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། ། ཡང་དག་པར་ལྟ་བ་འདོགས་པ་འདོགས་སོ་ཞེས་འདི་ལས་ཕྱིར་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་གཞན་དག་གི་ངོར་མྱི་ལྟ་སྟེ། དེ་ནི་གནས་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ཚུལ་ཁྲིམས་ དང་བརྟུལ་ཞུགས་མྱི་སྙེམས། ལྟ་བ་ངན་པར་མྱི་ལྟུང་། བཀྲ་ཤིས་དང་ལྟས་ཀྱིས་གཙང་མར་མྱི་འདོགས་ཏེ། ལྷ་གཞན་ལ་ཕྱག་མྱི་འཚལ་ཞིང་། མེ་ཏོག་གམ། ཕྲེང་བ་ འམ། སྤོས་སམ། བྱུག་པ་འམ། ཕྱེ་མ་འམ། གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་དག་དེ་ལ་སྦྱིན་ཅིང་། བྱ་བར་མྱི་སེམས་ཏེ། རབ་འབྱོར་ རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་དམྱལ་བར་མྱི་སྐྱེ། བྱོལ་སོང་གི་སྐྱེ་གནས་སུ་མྱི་སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མྱི་སྐྱེ། 26-1-157a ལྷ་ཚེ་རིངས་པོའི་ནང་དུ་མྱི་སྐྱེ། གང་ན་སྐྱེ་བོ་གླེན་ཞིང་ལྐུག་པ་དགེ་བའི་ཆོས་མྱི་སྤྱོད་པའི་ནང་དུ་མྱི་སྐྱེ། ཡུལ་མཐའ་འཁོབ་ཀྱི་སྐྱེ་བོ་མ་རུངས་པ་དང་། ཀླ་གློའི་ནང་དུ་མྱི་ སྐྱེ། ལོག་པར་ལྟ་བའི་རིགས་སུ་མྱི་སྐྱེ། གང་ན་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་མྱི་གྲག་པ་དེར་མྱི་སྐྱེ་སྟེ། དེ་ལྟར་མྱི་ཁོམ་པ་བརྒྱད་པོ་འདི་དག་གི་ནང་དུ་ མྱི་སྐྱེ་ཞིང་། བུད་མྱེད་དུ་འགྱུར་བ་ཡོངས་སུ་མྱི་འཛིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ཞིང་སྤྱོད་དོ། ། བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་ གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་ཤིང་། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་ བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ འདོད་པས་ལོག་པར་གཡེམ་པ་སྤངས་ཤིང་། གཞན་ཡང་འདོད་པས་ལོག་པར་གཡེམ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་ 26-1-157b པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་ཤིང་། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ ཀྱང་ཕྲ་མ་སྤངས་ཤིང་། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་ འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཞེ་གཅོད་པ་སྤངས་ཤིང་། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཚིག་ཀྱལ་བ་སྨྲ་བ་སྤངས་ཤིང་། གཞན་ཡང་ཚིག་ཀྱལ་བ་སྨྲ་བ་ སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚིག་ཀྱལ་བ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཚིག་ཀྱལ་བ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་ཤིང་། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་ གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་ཤིང་། གཞན་ཡང་གནོད་སེམས་སྤོང་ 26-1-158a བ་ལ་ཡང་དག་པར་སྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་ཤིང་། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ་ན་ ཡང་མྱི་དགེ་བ་བཅུའི་ལས་ཀྱི་ལམ་མྱི་དམྱིགས་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནམ་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྦྱིན་པ་དེ་ཡོངས་སུ་གཏོང་ངོ་། །ནམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ ཐམས་ཅད་ཀྱི་ཕྱིར་ཚུལ་ཁྲིམས་དེ་སྲུང་བར་བྱེད་དོ། །ནམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བཟོད་པ་དེ་སྒོམ་པར་བྱེད་དོ། །ནམ་བརྩོན་ 26-1-158b འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་དེ་རྩོམ་པར་བྱེད་དོ། །ནམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསམ་གཏན་དེ་ལ་མཉམ་པར་གཞོག་གོ། །ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཤེས་རབ་དེ་ སྒོམ་པར་བྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་ བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་ པའི་ཆོས་དེ་དང་ཆོས་ཀྱི་སྦྱིན་པ་བྱ་བའི་དོན་དུ་ཀུན་ཆུབ་པར་བྱས་ནས། དེ་ཆོས་ཀྱི་སྦྱིན་པ་དེ་ཡོངས་སུ་གཏོང་བ་དེའི་ཚེ། འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་ པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བསམས་ནས། དེས་ཆོས་ཀྱི་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སྔོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ 26-1-159a ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་ལ་ནེམ་ནུར་མྱེད། ཐེ་ཙོམ་མྱེད། ཡིད་གཉིས་མྱེད་དོ། །གསོལ་པ། གཅོམ་ལྡན་འདས་ཅིའི་སླད་དུ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཟབ་མོ་ལ་ནེམ་ནུར་མ་མཆིས། ཐེ་ཙོམ་མ་མཆིས། ཡིད་གཉིས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་གང་ཡང་ཡང་དག་པར་ རྗེས་སུ་མཐོང་བ་མྱེད། གང་ལ་ནེམ་ནུར་རམ། ཡིད་གཉིས་སམ། ཐེ་ཙོམ་དུ་འགྱུར་བའི་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ་སྣ་འམ་ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་ འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་ འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པའམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། རྣ་བའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ 26-1-159b འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་ པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་ འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་ དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་ སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་ 26-1-160a རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་ གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་སམ། སྟོང་པ་ཉིད་དམ། མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་ རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་ རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་ བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་འཇམ་པ་དང་ལྡན་པ་ཡིན། 26-1-160b ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། འདོད་པ་ལ་མོས་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་ དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་གྱི་སྒྲིབ་པ་ལྔ་པོ་འདི་དག་དང་ལྷན་ཅིག་ཏུ་མྱི་གནས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི། བག་ལ་ཉལ་བ་ཐམས་ཅད་ དུ་ཐམས་ཅད་མྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་ འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་ཞིང་འོང་ཡང་། ནོར་བའི་སེམས་ཀྱིས་མྱི་འགྲོ། ནོར་བའི་སེམས་ཀྱིས་མྱི་འོང་སྟེ། དེ་འགྲོ་འམ་འོང་ན་ 26-1-161a ཡང་དྲན་པ་ཉེ་བར་བཞག་ཅིང་འགྲོ། དྲན་པ་ཉེ་བར་བཞག་ཅིང་འོང་སྟེ། དེ་དྲན་བཞིན་དུ་འགྲོ། དྲན་བཞིན་དུ་འོང་། དྲན་བཞིན་དུ་འཆག །དྲན་བཞིན་དུ་སྡོད། དྲན་བཞིན་དུ་འདུག ། དྲན་བཞིན་དུ་ཉལ་ཏེ། དེ་འཕྲལ་ལ་ས་ལས་རྐང་པ་མྱི་འདེག །འཕྲལ་ལ་ས་ལས་རྐང་པ་མྱི་འཇོག་སྟེ། དྲན་བཞིན་དུ་རྐང་པ་འདེག །དྲན་བཞིན་དུ་རྐང་པ་འཇོག་ཅིང་། དེ་སའི་ཕྱོགས་ མཐོང་བཞིན་དུ་འགྲོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོས་ཀྱི་ཚགས་ལ་སྨད་དུ་མྱེད་པ་ཡིན། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་གཙང་སྒྲའི་སྤྱོད་པ་དང་ལྡན་ཏེ། གཙང་ཞིང་དྲི་ང་བ་མྱེད་ལ། རྔུལ་དང་དྲི་མ་དང་བྲལ་ཞིང་ནད་ཉུང་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་ དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མྱིར་འགྱུར་བ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་ བརྒྱད་ཅུ་ལུས་དེ་ཉིད་ལ་ཟ་བ་ཡོད་པ་དེ་དག་ཀྱང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། 26-1-161b འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་མྱེད་དེ། རབ་འབྱོར་ཇི་ལྟ་ཇི་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ ཏོ། །ངག་ཡོངས་སུ་དག་པ་ཡོངས་འཛིན་ཏོ། །སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་ལགས། ངག་ཡོངས་སུ་དག་པ་ལགས། སེམས་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་ གི་ལུས་དང་། ངག་དང་སེམས་མྱི་དྲང་བ་དང་། ལུས་དང་ངག་དང་སེམས་ཀྱི་གྱ་གྱུ་ཡོངས་སུ་བྱང་བར་འགྱུར་ཏེ། དེ་ཡང་དེ་ལྟ་དེ་ལྟར་ལུས་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་དོ། ། ངག་གིས་ལེགས་པར་སྤྱད་པ་རྣམ་པ་བཞི་སྤྱོད་དོ། །ཡིད་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་། ངག་དང་ 26-1-162a སེམས་ཡོངས་སུ་དག་པའོ། །དེ་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་དེས། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་ཡང་ཡང་དག་པའི་མཐའ་མངོན་ དུ་མྱི་བྱེད་དེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་ དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ལྷུར་ལེན་པ་མ་ཡིན། ཕྱག་དར་ཁྲོད་པ་ལྷུར་ལེན་པ་མ་ཡིན། སྟན་གཅིག་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ཕྱིས་མྱི་ལེན་པ་ལྷུར་ལེན་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལྷུར་ལེན་པ་མ་ཡིན། དགོན་པ་ལྷུར་ལེན་པ་མ་ཡིན། ཤིང་དྲུང་ལྷུར་ ལེན་པ་མ་ཡིན། བླ་གབ་མྱེད་པ་ལྷུར་ལེན་པ་མ་ཡིན། དུར་ཁྲོད་ལྷུར་ལེན་པ་མ་ཡིན། ཅོག་པུ་ལྷུར་ལེན་པ་མ་ཡིན། གནས་ཇི་བཞིན་ལྷུར་ལེན་པ་མ་ཡིན། ཆོས་གོས་གསུམ་པ་ལྷུར་ ལེན་པ་མ་ཡིན་ཞིང་། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་། ཡང་དག་པར་བླངས་ཏེ་སྤྱོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེར་སྣའི་སེམས་ 26-1-162b སྐྱེ་བ་མྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་སྐྱེ་བ་མྱེད་དོ། །འཁྲུག་པའི་སེམས་སྐྱེ་བ་མྱེད་དོ། །ལེ་ལོའི་སེམས་སྐྱེ་བ་མྱེད་དོ། །མཉམ་པར་མ་བཞག་པའི་སེམས་སྐྱེ་བ་མྱེད་དོ། ། ཤེས་རབ་འཆལ་བའི་སེམས་སྐྱེ་བ་མྱེད་དོ། །ཕྲག་དོག་གི་སེམས་སྐྱེ་བ་མྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བློ་བརྟན་པ་ཡིན། བློ་ཟབ་པ་ཡིན། གུས་པར་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་གང་ཅི་ཐོས་ཀྱང་། དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པ་སྒྲུབ་པ་ཡིན། འཇིག་རྟེན་པའི་བྱ་བ་གང་ ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་ཅིང་། ཆོས་གང་ཆོས་ཀྱི་དབྱིངས་དང་མྱི་འབྱོར་བ་དེ་ལྟ་བུ་གང་ཡང་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྱོར་པ་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ཏེ། རབ་འབྱོར་དེ་དག་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལ་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཏོ་ ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་དུ་སྤྲུལ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་ 26-1-163a མང་པོ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་ བྱེ་བ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང་། མྱི་བཟད་པར་སྡུག་བསྔལ་ བ་དང་། རྩུབ་པ་དང་། ཚ་བའི་ཚོར་བ་མྱོང་བར་མངོན་དུ་སྤྲུལ་ནས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་མྱི་ལྡོག་ པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་ཏེ། སེམས་ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པས་ཕྱིར་མྱི་ལྡོག་པར་ལུང་བསྟན་པ་ནི། སེམས་ཅན་ དམྱལ་བ་པར་ལུང་བསྟན་ཏེ། ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་གྱི་སེམས་འདི་ཐོང་ཤིག་དང་། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟར་བྱས་ནས་ཁྱོད་མཐོ་རིས་སུ་འགྲོ་ བར་འགྱུར་རོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཁྲུག་ཅིང་ནེམ་ནུར་མྱེད་ཐེ་ཙོམ་མྱེད་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མྱི་ལྡོག་པའི་ཁམས་སུ་གནས་པའོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་སྟེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ 26-1-163b སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་ དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ། འདི་སྐད་དུ་གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་ བདག་གིས་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཕྱི་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཆེན་པོ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་འདུས་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཐའ་ལས་འདས་པ་སྟོང་པ་ 26-1-164a ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་རང་བཞིན་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རང་གི་མཚན་ཉིད་ སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཡང་དག་པར་སྤོང་བ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་དབང་པོ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འཕགས་པའི་བདེན་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་ གཏན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཚད་མྱེད་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་ 26-1-164b སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པར་ཐར་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཚན་མ་མྱེད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྨོན་པ་མྱེད་པ་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་མངོན་པར་ཤེས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཏིང་ངེ་འཛིན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་གཟུངས་ཀྱི་སྒོ་རྣམས་ ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མྱི་འཇིགས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་ བདག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བྱམས་པ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ལམ་གྱི་ རྣམ་པར་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ནས་ཐོས་པར་གྱུར་པ་དེ་ཤོགས་ཤིག །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 26-1-165a སངས་རྒྱས་ཉན་ཐོས་དང་བཅས་པ་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ ཡི་རང་བ་དེ་དག་ཀྱང་སོ་སོར་ཤོགས་ཤིག་ཐོང་ཤིག །གང་ཁྱོད་ཀྱིས་ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དེ་ནི་རང་བཟོར་བྱས་པའོ། །གང་ངས་བཤད་པ་ནི་སངས་རྒྱས་ཀྱི་བཀའ་སྟེ། དེ་བཞིན་གཤེགས་པས་གསུངས་པའོ་ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འཁྲུག་ཅིང་ནེམ་ནུར་བྱེད་ལ། ཐེ་ཙོམ་ཟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་ མ་བསྟནད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་མ་ངེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མྱི་ལྡོག་པའི་ཁམས་སུ་གནས་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མྱི་འཁྲུག་ཅིང་། ནེམ་ནུར་མྱི་བྱེད་ཅིང་། ཐེ་ཙོམ་མྱི་ཟ་ལ། ཆོས་ཉིད་ལ་རྟེན་ཅིང་མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ལ་རྟེན་ཏེ། གཞན་ལ་ཡིད་ཆེས་པར་མྱི་འགྲོ་ཞིང་། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གཞན་གྱི་དྲིང་མྱི་འཇོག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག ། 26-1-165b ཕྱི་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཕྱི་ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །སྟོང་པ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཆེན་པོ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག ། དོན་དམ་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །འདུས་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །འདུས་མ་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །མཐའ་ལས་འདས་པ་སྟོང་ པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དོར་བ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །རང་བཞིན་སྟོང་པ་ཉིད་ལ་གཞན་གྱི་ དྲིང་མྱི་འཇོག །ཆོས་ཐམས་ཅད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །རང་གི་མཚན་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །མྱི་དམྱིགས་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག ། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ངོ་བོ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དྲན་པ་ཉེ་བར་གཞག་ པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཡང་དག་པར་སྤོང་བ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །དབང་པོ་རྣམས་ལ་གཞན་གྱི་དྲིང་ མྱི་འཇོག །སྟོབས་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གཞན་གྱི་དྲིང་མྱི་འཇོག ། འཕགས་པའི་བདེན་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །བསམ་གཏན་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཚད་མྱེད་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །གཟུགས་མྱེད་པའི་སྙོམས་པར་ 26-1-166a འཇུག་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །རྣམ་པར་ཐར་པ་བརྒྱད་ལ་གཞན་གྱི་དྲིང་མྱི་འཇོག །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གཞན་གྱི་དྲིང་མྱི་འཇོག །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གཞན་གྱི་དྲིང་མྱི་འཇོག །མངོན་པར་ཤེས་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཏིང་ངེ་འཛིན་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །གཟུངས་ ཀྱི་སྒོ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །མྱི་འཇིགས་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །སོ་སོ་ཡང་དག་པར་རིག་པ་གཞི་ལ་གཞན་ གྱི་དྲིང་མྱི་འཇོག །བྱམས་པ་ཆེན་པོ་ལ་གཞན་གྱི་དྲིང་མྱི་འཇོག །སྙིང་རྗེ་ཆེན་པོ་ལ་གཞན་གྱི་དྲིང་མྱི་འཇོག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གཞན་གྱི་དྲིང་མྱི་འཇོག །རྒྱུན་ཏུ་ཞུགས་ པའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །ཕྱིར་མྱི་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །དགྲ་བཅོམ་པ་ཉིད་ལ་གཞན་གྱི་ དྲིང་མྱི་འཇོག །རང་བྱང་ཆུབ་ལ་གཞན་གྱི་དྲིང་མྱི་འཇོག །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞན་གྱི་དྲིང་མྱི་འཇོག་པ་དང་། འདི་ལྟར་དཔེར་ན། དགྲ་བཅོམ་པ་ ཟག་པ་ཟད་པ་ནི་གཞན་ལ་ཡིད་ཆེས་པས་མྱི་འགྲོ་ཞིང་ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཏོ་ཅན་གྱིས་མྱི་འཕྲོགས་པ་ཡིན། རབ་འབྱོར་དེ་བཞིན་དུ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མྱི་ཐུབ་པ་ཡིན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ 26-1-166b ལྡོག་པའི་ཆོས་ཅན་ཡིན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མྱི་ལྡོག་པའི་ཁམས་སུ་གཞན་གྱི་དྲིང་མྱི་འཇོག་པ་ཡིན། དེ་ནི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མྱི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །རང་ སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པར་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །བདུད་སྡིག་ཏོ་ཅན་ལ་ཡིད་ཆས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ མྱེད་དོ། །མུ་སྟེགས་ཅན་དང་། ཀུན་ཏུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་ཡིད་ཆེས་པས་ འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གཟུགས་སམ་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་འམ་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །འདུ་ཤེས་སམ་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་ པ་འམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གམ། མྱིག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བ་འམ། རྣ་བའི་ དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣ་འམ། སྣའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེ་འམ། ལྕེའི་དེ་བཞིན་ཉིད་ 26-1-167a ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་སམ་ལུས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་དམ་ཡིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ སམ་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྒྲ་འམ་སྒྲའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དྲི་འམ་དྲིའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། རོ་འམ་རོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རེག་གམ་རེག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་སམ་ཆོས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །མྱིག་གི་རྣམ་པར་ཤེས་པ་འམ་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་འམ་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་འམ་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་འམ་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་འམ་ཡིད་ཀྱི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་ རེག་པ་འམ་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་འམ་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ 26-1-167b ཏེ་རེག་པ་འམ་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་འམ་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་འམ་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་འམ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་ལུས་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སའི་ཁམས་སམ་སའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆུའི་ཁམས་སམ་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །མྱེའི་ཁམས་སམ་མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རླུང་གི་ཁམས་སམ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་ 26-1-168a མཐོང་ངོ་། །ནམ་མཁའི་ཁམས་སམ་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་སམ་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མ་རིག་པ་འམ་མ་རིག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་དམ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། རྣམ་པར་ཤེས་པ་འམ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིང་དང་གཟུགས་སམ་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། སྐྱེ་མཆེད་དྲུག་གམ་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རེག་པ་འམ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་འམ་ཚོར་བའི་དེ་བཞིན་ ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲེད་པ་འམ་སྲེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལེན་པ་འམ་ལེན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། སྲིད་པ་འམ་སྲིད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་བ་འམ་སྐྱེ་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒ་ཤི་འམ་རྒ་ཤིའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། 26-1-168b བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ནང་སྟོང་པ་ཉིད་དམ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དམ་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་ནང་སྟོང་པ་ ཉིད་དམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ཆེན་པོ་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་དམ་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །འདུས་བྱས་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བཞིན་སྟོང་པ་ 26-1-169a ཉིད་དམ་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་སམ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་སམ། ཡང་དག་པར་སྤོང་ བ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དབང་པོ་རྣམས་སམ། དབང་པོ་ རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོབས་རྣམས་སམ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ ཀྱི་ཡན་ལག་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་ལམ་ཡན་ 26-1-169b ལག་བརྒྱད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་བདེན་པ་རྣམས་སམ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། བསམ་གཏན་རྣམས་སམ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚད་མྱེད་པ་རྣམས་སམ། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་ པ་རྣམས་སམ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་དམ། སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཚན་མ་མྱེད་པ་དང་། མཚན་མ་མྱེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྨོན་པ་མྱེད་པ་འམ། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མངོན་པར་ཤེས་པ་རྣམས་ སམ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་སམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། གཟུངས་ཀྱི་སྒོ་རྣམས་སམ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། དེ་བཞིན་གཤེགས་པའི་ 26-1-170a པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་འཇིགས་པ་རྣམས་སམ། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱམས་པ་ཆེན་པོ་འམ། བྱམས་པ་ཆེན་པོའི་དེ་བཞིན་ ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྙིང་རྗེ་ཆེན་པོ་འམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོངས་བའི་འབྲས་ བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དགྲ་བཅོམ་པ་ཉིད་དམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བྱང་ཆུབ་བམ། རང་བྱང་ཆུབ་ཀྱི་ དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་བམ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ 26-1-170b ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས། འདི་སྐད་དུ་འདི་ནི་འཁོར་བར་ སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་གྱིས། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང་། བདུད་སྡིག་ཏོ་ཅན་དེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལ། ལམ་གྱི་གཟུགས་བརྙན་གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་སྟོན་ཏེ། ཡང་ན་རུས་པར་འདུ་ཤེས་པ་སྟོན། ཡང་ན་ བསམ་གཏན་དང་པོ་སྟོན། ཡང་ན་བསམ་གཏན་གཉིས་པ་སྟོན། ཡང་ན་བསམ་གཏན་གསུམ་པ་སྟོན། ཡང་ན་བསམ་གཏན་གཞི་པ་སྟོན། ཡང་ན་བྱམས་པ་སྟོན། ཡང་ན་སྙིང་ རྗེ་སྟོན། ཡང་ན་དགའ་བ་སྟོན། ཡང་ན་བཏང་སྙོམས་སྟོན། ཡང་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་ཆུང་ཟད་ མྱེད་པའི་སྐྱེ་མཆེད་སྟོན། ཡང་ན་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་སྟོན་ཅིང་། ཚེ་དང་ལྡན་པ་ལམ་དང་ནན་ཏན་གང་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་པ་དང་། དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བའི་ལམ་དང་ནན་ཏན་ནི་འདི་ཡིན་ནོ། །ཚེ་དང་ལྡན་པ་ ལམ་དང་ནན་ཏན་འདིས་འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱུང་ཤིག་དང་། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བ་མྱི་འགྱུར་རོ། །ཀྱེ་མ་ཁྱོད་ཀྱི་ལུས་འདི་ 26-1-171a ཉིད་དུ་མངོན་པར་མ་གྲུབ་ན། ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཤེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ མྱི་ཁྲུག་མྱི་གཡོ་ཞིང་གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི། དགེ་སློང་འདི་བདག་ལ་ཕན་འདོགས་པ་སྟེ། ལམ་གྱི་གཟུགས་བརྙན་ དེས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་ཏུ་བྱ་བར་ཡང་མྱི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་ཏུ་བྱ་བར་ཡང་མྱི་འགྱུར། ཕྱིར་མྱི་འོང་བའི་འབྲས་བུ་མངོན་ཏུ་བྱ་བར་ཡང་ མྱི་འགྱུར། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་ཡང་མྱི་འགྱུར། རང་བྱང་ཆུབ་མངོན་ཏུ་བྱ་བར་ཡང་མྱི་འགྱུར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ཏུ་བྱ་བར་ཡང་མྱི་ འགྱུར། དེ་ལས་ཀྱང་གོང་དུ་གང་བདག་ལ་དེ་ལྟར་ཆགས་པ་སྟོན་པའི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པ་ཡིན་གྱིས་བདག་གིས་ཆགས་པ་དེ་དག་ཤེས་པར་བྱ་སྟེ། ཐེག་པ་གསུམ་པོ་ ཀུན་ལ་བསླབ་པར་བྱའོ་ཞེས་དགའ་བ་སྐྱེ་ལ། བདུད་སྡིག་ཏོ་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས། དེ་ལ་འདི་སྐད་དུ་རིགས་ཀྱི་ བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོས་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་ལ་ན་བཟའ་དང་བསོད་སྙོམས་དང་། གཟིམས་ཆ་དང་སྙུན་གྱི་ རྐྱེན་སྨན་དང་། ཡོ་བྱད་ཀྱིས་རིམ་གྲོར་བྱས་པ་དང་། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་ 26-1-171b དུ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པར་བྱས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་ པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་ དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། 26-1-172a དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་ པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ 26-1-172b གནས་པར་བགྱི་ཞེས། བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་དོན་དུ་ཀུན་དྲིས་ཤིང་ཡོངས་སུ་ཞུས་པ་རྣམས་ལ་བསྟན་པར་འདོད་དམ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ གིས་གང་བཤད་པ་ལ་དེ་བཞིན་དུ་གནས་ཏེ། དེ་བཞིན་དུ་བརྩོན་པར་བྱས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་བཏམས་པ་དང་། དེ་ལྟར་བསྟན་པ་དང་། དེ་ལྟར་གནས་པ་དང་། དེ་ལྟར་སློབ་སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་ཐོབ་ན། ཁྱོད་ཀྱིས་ལྟ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རེ་སྐན་ཞེས་བརྗོད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་ལ། སྙིང་བརྙན་བཅུག་ཀྱང་དེའི་སེམས་གཞན་དུ་མྱི་འགྱུར་ལ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། གོང་དུ་ཡང་དགེ་སློང་འདི་ནི་དེ་ལྟར་བདག་ལ་ཆགས་པ་གང་གིས་ རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་མྱི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཐོབ་པར་མྱི་འགྱུར། ཕྱིར་མྱི་འོང་བའི་འབྲས་བུ་ཡང་དག་ཐོབ་པར་མྱི་འགྱུར། དགྲ་ བཅོམ་པ་ཉིད་ཀྱང་ཐོབ་པར་མྱི་འགྱུར། རང་བྱང་ཆུབ་ཀྱང་ཐོབ་པར་མྱི་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཐོབ་པར་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་ མྱི་འགྱུར་བའི་ཆགས་པ་སྟོན་པ་ནི། བདག་ལ་ཕན་འདོགས་པའོ་ཞེས་དགའ་བ་སྐྱེས་པས། བདུད་སྡིག་ཏོ་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ལ་ཞུམ་ 26-1-173a པ་མྱེད་པར་རིག་ནས། སའི་ཕྱོགས་དེ་ཉིད་དུ་དགེ་སློང་མང་པོ་མངོན་པར་སྤྲུལ་ཏེ། དགེ་སློང་འདི་དག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་འཇུག་པ་ཤ་ སྟག་སྟེ། དེ་དག་ཀྱང་དགྲ་བཅོམ་པ་ཉིད་ལ་གནས་པར་གྱུར་ན། ཁྱོད་ལྟས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རེ་སྐན་ཞེས་ཟེར་ ཡང་། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ནི་བདུད་སྡིག་ཏོ་ཅན་ཏེ། ལམ་གྱི་གཟུགས་བརྙན་སྟོན་པའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་ཅིང་། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ ཡང་མྱི་ལྟུང་ལ། དེ་ལས་ཀྱང་གོང་དུ་འདི་སྙམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ད་ང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་ལྟར་སྤྱོད་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ མྱི་རྒྱ་བའི་གནས་མྱེད་སྐབས་མྱེད་དེ། དེ་ནི་གནས་མ་ཡིན་ནོ་སྙམ་ན། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ 26-1-173b སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབས་ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་འདི་དག་གིས་སྤྱོད་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། ནང་སྟོང་པ་ཉིད་ ལས་ཡོངས་སུ་མྱི་ཉམ། ཕྱི་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཕྱི་ནང་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། སྟོང་པ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཆེན་པོ་སྟོང་པ་ ཉིད་ལས་ཡོངས་སུ་མྱི་ཉམ། དོན་དམ་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། འདུས་བྱས་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། འདུས་མ་བྱས་སྟོང་པ་ཉིད་ལས་ཡོངས་སུ་མྱི་ ཉམ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དོར་བ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་ མྱི་ཉམ། རང་བཞིན་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། 26-1-174a མྱི་དམྱིགས་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཡོངས་སུ་མྱི་ཉམ། ཡང་དག་པར་སྤོང་བ་རྣམས་ལས་ཡོངས་སུ་མྱི་ཉམ། རྫུ་འཕྲུལ་གྱི་ རྐང་པ་རྣམས་ལས་ཡོངས་སུ་མྱི་ཉམ། དབང་པོ་རྣམས་ལས་ཡོངས་སུ་མྱི་ཉམ། སྟོབས་རྣམས་ལས་ཡོངས་སུ་མྱི་ཉམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཡོངས་སུ་ མྱི་ཉམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཡོངས་སུ་མྱི་ཉམ། འཕགས་པའི་བདེན་པ་རྣམས་ལས་ཡོངས་སུ་མྱི་ཉམ། བསམ་གཏན་རྣམས་ལས་ཡོངས་སུ་ མྱི་ཉམ། ཚད་མྱེད་པ་རྣམས་ལས་ཡོངས་སུ་མྱི་ཉམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཡོངས་སུ་མྱི་ཉམ། རྣམ་པར་ཐར་པ་རྣམས་ལས་ཡོངས་སུ་མྱི་ཉམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་ཡོངས་སུ་མྱི་ཉམ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་ཡོངས་སུ་མྱི་ཉམ། མངོན་པར་ཤེས་ པ་རྣམས་ལས་ཡོངས་སུ་མྱི་ཉམ། ཏིང་ངེ་འཛིན་རྣམས་ལས་ཡོངས་སུ་མྱི་ཉམ། གཟུངས་ཀྱི་སྒོ་རྣམས་ལས་ཡོངས་སུ་མྱི་ཉམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཡོངས་སུ་ མྱི་ཉམ། མྱི་འཇིགས་པ་བཞི་ལས་ཡོངས་སུ་མྱི་ཉམ། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཡོངས་སུ་མྱི་ཉམ། བྱམས་པ་ཆེན་པོ་ལས་ཡོངས་སུ་མྱི་ཉམ། སྙིང་རྗེ་ཆེན་པོ་ལས་ 26-1-174b ཡོངས་སུ་མྱི་ཉམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་ཡོངས་སུ་མྱི་ཉམ། ཐམས་ཅད་ཤེས་པ་ཉིད་ལས་ཡོངས་སུ་མྱི་ཉམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཡོངས་ སུ་མྱི་ཉམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མྱི་ཉམ་མོ་སྙམ་ལ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སུས་བདུད་ཀྱི་ ལས་རིག་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་མྱི་ཉམ་མོ་སྙམ་ན། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལས་སླར་ལྡོག་པའི་སླད་དུ་ཕྱིར་མྱི་ལྡོག་པ་ཞེས་བགྱི་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཚོར་བའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །འདུ་ཤེས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། ། འདུ་བྱེད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྣམ་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཁམས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཕྱིར་ ལྡོག་གོ། །འདོད་ཆགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཞེ་སྡང་གི་འདུ་ཤེས་ལས་ཕྱིར་ལྡོག་གོ། །གཏི་མུག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ལྟ་བའི་རྣམ་པའི་འདུ་ཤེས་ 26-1-175a ལས་ཕྱིར་ལྡོག་གོ། །ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྟོང་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དྲན་པ་ཉེ་བར་གཞག་པའི་འདུ་ཤེས་ལས་ཕྱིར་ལྡོག་ གོ། །ཡང་དག་པར་སྤོང་བའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྫུ་འཕྲུལ་གྱི་རྐང་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དབང་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྟོབས་ཀྱི་འདུ་ཤེས་ ལས་ཕྱིར་ལྡོག་གོ། །བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །འཕགས་པའི་བདེན་ པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བསམ་གཏན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཚད་མྱེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་ འདུ་ཤེས་ལས་ཕྱིར་ལྡོག་གོ། །རྣམ་པར་ཐར་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྟོང་པ་ཉིད་དང་ མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །མངོན་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཏིང་ངེ་འཛིན་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །གཟུངས་ ཀྱི་སྒོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །མྱི་འཇིགས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སོ་སོ་ཡང་དག་པར་ རིག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱམས་པ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྙིང་རྗེ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འདུ་ 26-1-175b ཤེས་ལས་ཕྱིར་ལྡོག་གོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཕྱིར་མྱི་འོང་བའི་འབྲས་བུའི་ འདུ་ཤེས་ལས་ཕྱིར་ལྡོག་གོ། །དགྲ་བཅོམ་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འདུ་ཤེས་ལས་ ཕྱིར་ལྡོག་གོ། །ཉན་ཐོས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་རྒྱས་ ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་ བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་སྟེ། དེས་ཆོས་རྡུལ་ཙམ་ཡང་དམྱིགས་པ་མྱེད་དོ། །དམྱིགས་པ་མྱེད་པས་མངོན་པར་འདུ་མྱི་བྱེད་དོ། །མངོན་པར་འདུ་མྱི་བྱེད་པར་སྐྱེ་བ་མྱེད་དེ། དེ་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུའོ།། །། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོང་སྟེ། མོས་པ་ཟློག་ 26-1-176a ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་འདི་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་དག་གང་ཡང་མྱི་དམྱིགས་ཏེ། ཆོས་ འདི་དག་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པས་འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི། ཁྱོད་ཉོན་མོངས་ལ་དོན་མྱེད་པར་འགྱུར་བ་སྟེ། འདི་ནི་བདུད་ཀྱིས་བསྟན་པའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ བཤད་པ་མ་ཡིན་ནོ། །རིགས་ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ལ། ཁྱོད་ཡུན་རིང་པོར་གནོད་པ་དང་། ཕན་པ་མྱེད་པར་མ་སྤྱོད་ཅིག །སྡུག་བསྔལ་དང་ལོག་པར་ལྟུང་ངོ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཚིག་དེ་དག་ཐོས་ནས། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལྟར་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་ དེ་ནི་བདུད་ཀྱི་ལས་ཏེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི་དེ་དག་སེམས་ཅན་རྣམས་ཀྱི། 26-1-176b མ་ཤེས་མ་མཐོང་ཁོང་དུ་མ་ཆུད་ཀྱིས། དེའི་ཕྱིར་བདག་གིས་ནམ་མཁའ་དང་མཚུངས་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་འབྱུང་བའི་ཆོས་བསྟན་ཏོ། །སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ རབ་ཏུ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་དགོད་པར་བྱའོ། ། རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་སྙམ་ཏུ་སེམས་བསྐྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ན་སེམས་བརྟན་པར་བྱའོ། །སེམས་མྱི་གཡོ་བར་བྱའོ། །སེམས་མྱི་འཕྲོགས་པར་བྱའོ། །དེ་ སེམས་བརྟན་པ་དང་། སེམས་མྱི་གཡོ་བ་དང་། སེམས་མྱི་འཕྲོགས་པ་དེ་དང་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པར་ འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་བཅོམ་ལྡན་འདས་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལ་ཕྱིར་མྱི་ལྡོག་པ་ཞེས་བགྱི་འམ། འོན་ཏམ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མྱི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 26-1-177a རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མྱི་ལྡོག་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་ ལྡོག་པ་ཞེས་བགྱི། ཅིའི་སླད་དུ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མྱི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་ བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མྱི་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་ སྟེ། རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་བཟློག་པར་མྱི་ནུས་སོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་ གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ། །བྱམས་པ་ལ་སྙོམས་པར་འཇུག་གོ། ། 26-1-177b སྙིང་རྗེ་ལ་སྙོམས་པར་འཇུག་གོ། །དགའ་བ་ལ་སྙོམས་པར་འཇུག་གོ། །གཏང་སྙོམས་ལ་སྙོམས་པར་འཇུག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་ འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། དྲན་པ་ཉེ་བར་གཞག་པ་བཞི་ ལ་སྙོམས་པར་འཇུག་གོ། །ཡང་དག་པར་སྤོང་བ་བཞི་ལ་སྙོམས་པར་འཇུག་གོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྙོམས་པར་འཇུག་གོ། །དབང་པོ་ལྔ་ལ་སྙོམས་པར་འཇུག་གོ། ། སྟོབས་ལྔ་ལ་སྙོམས་པར་འཇུག་གོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྙོམས་པར་འཇུག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་གོ། །སྟོང་པ་ཉིད་ དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་གོ། །མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །དེ་བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གིས་འགོག་པའི་སྙོམས་པར་འཇུག་པ་ལ་འདྲིས་པར་བྱེད། དྲན་པ་ཉེ་བར་གཞག་པ་བཞི་གོམས་པར་བྱེད། ཡང་དག་པར་སྤོང་ བ་བཞི་གོམས་པར་བྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་གོམས་པར་བྱེད། དབང་པོ་ལྔ་གོམས་པར་བྱེད། སྟོབས་ལྔ་གོམས་པར་བྱེད། བྱང་ཆུབ་ཀྱི་ཡན་ལག་བདུན་གོམས་པར་བྱེད། 26-1-178a འཕགས་པའི་ལམ་ཡན་ལག་བརྒྱད་པ་གོམས་པར་བྱེད། སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་སྟེ། བསམ་གཏན་ གྱི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ཚད་མྱེད་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །འགོག་པའི་སྙོམས་ པར་འཇུག་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ཕྱིར་མྱི་འོང་བའི་ འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །རང་བྱང་ཆུབ་ཐོབ་པར་མྱི་བྱེད་དོ། །དེ་འདོད་ན་ཆེད་དུ་བསམ་ཤིང་ལུས་ཡོངས་སུ་འཛིན་ཏེ། ལུས་གང་ གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མྱི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་ཡིན། ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན། བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་རབ་ལྷུར་ལེན་པ་མ་ཡིན། 26-1-178b ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ལྷུར་ ལེན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མཐའ་ལས་འདས་ པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ ཉིད་ལྷུར་ལེན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་ལྷུར་ལེན་པ་མ་ ཡིན། ཡང་དག་པར་སྤོང་བ་ལྷུར་ལེན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་ལྷུར་ལེན་པ་མ་ཡིན། དབང་པོ་ལྷུར་ལེན་པ་མ་ཡིན། སྟོབས་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ ཀྱི་ཡན་ལག་ལྷུར་ལེན་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལྷུར་ལེན་པ་མ་ཡིན། འཕགས་པའི་བདེན་པ་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་ པ་མ་ཡིན། ཚད་མྱེད་པ་ལྷུར་ལེན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན། རྣམ་པར་ཐར་པ་བརྒྱད་ལྷུར་ལེན་པ་མ་ཡིན། མཐར་ཀྱིས་ 26-1-179a གནས་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན། སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལྷུར་ལེན་པ་མ་ཡིན། མངོན་པར་ཤེས་པ་རྣམས་ལྷུར་ལེན་པ་མ་ཡིན། ཏིང་ངེ་འཛིན་ལྷུར་ལེན་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ལྷུར་ལེན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུར་ལེན་པ་མ་ཡིན། མྱི་འཇིགས་པ་བཞི་ལྷུར་ལེན་པ་མ་ཡིན། སོ་སོ་ ཡང་དག་པར་རིག་པ་བཞི་ལྷུར་ལེན་པ་མ་ཡིན། བྱམས་པ་ཆེན་པོ་ལྷུར་ལེན་པ་མ་ཡིན། སྙིང་རྗེ་ཆེན་པོ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལྷུར་ལེན་ པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ལྷུར་ལེན་པ་མ་ཡིན། དགྲ་བཅོམ་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བྱང་ཆུབ་ལྷུར་ལེན་པ་མ་ཡིན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་སྐྱེད་པ་ལྷུར་ལེན་པ་མ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་ བསྐྱེད་པ་དང་། གང་གིས་སྐྱེད་པ་དང་། གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བར་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ 26-1-179b ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་ བྱ་བ་དེ་དང་ལྡན་པས་སྤྱོད་ལམ་བཞིར་འགྲོ་འམ། འོང་ན་ཡང་ནོར་བའི་སེམས་ཀྱིས་མྱི་འགྲོ། ནོར་བའི་སེམས་ཀྱིས་མྱི་འོང་། ནོར་བའི་སེམས་ཀྱིས་མྱི་ལྡང་། ནོར་བའི་ སེམས་ཀྱིས་མྱི་འཆག །ནོར་བའི་སེམས་ཀྱིས་མྱི་འདུག །ནོར་བའི་སེམས་ཀྱིས་མྱི་ཉལ་ཏེ། དེ་དྲན་བཞིན་དུ་འགྲོའོ། །དྲན་བཞིན་དུ་འོང་ངོ་། །དྲན་བཞིན་དུ་འཆག་གོ། ། དྲན་བཞིན་དུ་ལྡང་ངོ་། །དྲན་བཞིན་དུ་འདུག་གོ། །དྲན་བཞིན་དུ་ཉལ་ལོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ཀྱང་ཐབས་མཁས་ པས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །དེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཟས་འདོད་པ་ལ་ཟས། སྐོམ་ འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མལ་ཆ་འདོད་པ་ལ་མལ་ཆ། མེ་ཏོག་འདོད་པ་ལ་མེ་ཏོག །བདུག་པ་འདོད་པ་ལ་བདུག་པ། སྤོས་ འདོད་པ་ལ་སྤོས། ཕྲེང་བ་འདོད་པ་ལ་ཕྲེང་བ། བྱུག་པ་འདོད་པ་ལ་བྱུག་པ། གནས་འདོད་པ་ལ་གནས། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། 26-1-180a མལ་ཤེལ་དང་། བྱི་རུ་དང་། སེར་དང་། དངུལ་འདོད་པ་ལ། ནོར་དང་འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། འཚོག་ཅས་དང་། ཡོ་བྱད་གཞན་དང་གཞན་དག་ཀྱང་དེ་འདོད་པ་རྣམས་ལ་ཡོངས་སུ་གཏོང་སྟེ། དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ དག་པར་སྐུལ་ལོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །བདག་ ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་ གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་ དགའ་བར་བྱེད་དོ། །བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་ལེགས་པ་རྗོད་དོ། །གཞན་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བསམ་གཏན་གྱི་ཕ་ 26-1-180b རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་ཡང་དག་པར་སྐུལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་ བར་བྱེད་དོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་ན་གནས་ན། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ ཡོངས་སུ་གཏོང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་འདོད་པ་ལ་ཡོངས་སུ་མྱི་སྤྱོད་དེ། རྟག་ཏུ་རྒྱུན་མྱི་ཆད་པར་ཚངས་པར་སྤྱོད་པ་ཡིན། གནོད་པ་གང་གིས་ གཞན་མྱི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་མྱི་སྐྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ 26-1-181a ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱི་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མྱི་ ཐོགས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། བདག་གིས་རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་བར་བྱའོ་ཞེས་ཡོངས་སུ་བསྲུང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་ངོ་། །ཇི་ཙམ་དུ་ལག་ན་རྡོ་རྗེའི་རིགས་རྣམས་ རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་བ་དེ་ཙམ་དུ། དེ་ལ་མྱི་འམ་མྱི་མ་ཡིན་པ་དག་གིས་གནོད་པར་མྱི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷ་འམ། བདུད་དམ་ཚངས་པ་འམ་གང་སུས་ཀྱང་ཆོས་དང་འཐུན་ པར་ཐུབ་པ་མྱེད་དེ། དེའི་སེམས་བྱང་ཆུབ་ཡིད་ལ་བྱེད་པ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྣམ་པར་འཁྲུག་པ་མྱེད་དོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་འདི་ལྟ་སྟེ། མྱིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དག་མ་ཚང་བར་མྱི་འགྱུར་རོ། །དེ་ནི་སྐྱེས་བུ་ དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཞིང་སྐྱེས་བུ་དམའ་བ་མ་ལགས། 26-1-181b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་བྱང་ཆུབ་ཀྱི་སེམས་མྱི་འཁྲུག་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ དག་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་། བུད་མྱེད་ཟེ་སློང་བ་དང་། དབང་དུ་འགྱུར་བའི་སྔགས་དང་། ཚིག་གང་ཅི་ཡང་རུང་སྟེ། ཅི་དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་དུ། ཐམས་ཅད་མྱི་སྦྱོར་སྦྱོར་དུ་མྱི་འཇུག་སྟེ། ཟེ་སློང་བའི་བག་གཞན་དང་ གཞན་དག་ཀྱང་མྱི་ཕྱེད་དོ། །བུད་མྱེད་དམ་སྐྱེས་པ་གང་ཡང་རུང་སྟེ། དེ་དག་ལ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་མྱི་བྱེད་དོ། །བུ་འམ་བུ་མོའི་རིགས་ཀྱི་ལྷ་ལྟ་བུ་ཡོང་བར་འགྱུར་རོ་ ཞེ་འམ། ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མཚན་མ་ཡང་དག་པར་རྗེས་སུ་མྱི་མཐོང་བས། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་ 26-1-182a སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དང་། ཚུལ་དང་། མཚན་མ་དེ་དག་བསྟན་ཀྱིས་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ ཤིག་དང་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཡིད་ལ་བྱེད་པ་དང་མྱི་འབྲལ་བ་ཡིན་ཏེ། ཕུང་པོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་ གནས། ཁམས་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། སྐྱེ་མཆེད་ཀྱི་སྦྱོར་བ་ལ་བརྩོན་པར་མྱི་གནས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཕུང་པོ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། ཁམས་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། སྐྱེ་མཆེད་ སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། དེ་འདུ་འཛིའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། དེ་རྒྱལ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ 26-1-182b ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་བཟང་པོ་འམ། ངན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་རྐུན་པོའི་གཏན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་གང་ལ་ཡང་བླང་བ་འམ། དབྲོག་པ་ཡང་དག་པར་རྗེས་དུ་མྱི་མཐོང་ངོ་། །དེ་དག་ཡུལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་ བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཉུང་ངུ་འམ། མང་པོར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དམག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས། ཆོས་གང་ལ་ཡང་བྱམས་པ་འམ། ཞེ་སྡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གྲོང་གི་ གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པར། ཆོས་ གང་ཡང་གཟུང་བ་འམ། མྱི་གཟུང་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་ པའི་མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བ་འམ། འབྲིབ་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། 26-1-183a སེམས་ཅན་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། སྲོག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། འགྲོ་བའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་ མྱི་གནས། གསོའ་བའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། སྐྱེས་བུའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། གང་ཟག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ པར་མྱི་གནས། ཤེད་ཅན་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། ཤེད་བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། བྱེད་པ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ པར་མྱི་གནས། ཚོར་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། ཤེས་པ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། མཐོང་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ པར་མྱི་གནས་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ། དེ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེར་སྣའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ངན་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་ སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འཁྲུག་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ལེ་ལོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་སོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཡེང་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་འཆལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་ 26-1-183b གནས་སོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། ཆོས་འདོད་པ་ཡིན་གྱི་ཆོས་མྱི་འདོད་པ་མ་ཡིན། ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་། ཆོས་ཐ་དད་པའི་ལེགས་པ་བརྗོད་པ་མ་ཡིན། དེ་སངས་རྒྱས་ བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཤེས་གཉེན་དུ་སེམས་པ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པ་པ་གང་ཇི་སྙེད་པ་དེ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་ཞིང་དགོད་དོ། །འདུལ་ལོ། །རབ་ཏུ་གཞོག་གོ། །དེ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང་། བལྟ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་འཚོ་བ་དང་། སྐྱོང་བ་དེར་སྐྱེས་ཏེ། དེར་ སྐྱེ་བར་འདོད་ཅིང་། འདི་ལྟར་སངས་རྒྱས་ཡིད་ལ་བྱ་བས་ཉིན་མཚན་དུ་རྣམ་པར་སྤྱོད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ན་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་བསྐྱེད་ཅིང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །བསམ་གཏན་དང་པོ་བསྐྱེད། བསམ་གཏན་གཉིས་པ་བསྐྱེད། བསམ་གཏན་གསུམ་པ་བསྐྱེད། བསམ་གཏན་བཞི་པ་བསྐྱེད། བྱམས་པ་བསྐྱེད། སྙིང་རྗེ་བསྐྱེད། དགའ་བ་བསྐྱེད། བཏང་སྙོམས་བསྐྱེད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ལ་སྙོམས་པར་འཇུག་པ་བསྐྱེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། ཆུང་ཟད་མྱེད་པའི་སྐྱེད་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད་ཅིང་། 26-1-184a གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེར་སྐྱེས་ཏེ། རབ་འབྱོར་རྣམ་པ་དེ་དག་ དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ནང་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་དང་། སྟོང་པ་ཉིད་སྟོང་པ་ ཉིད་ལ་གནས་པ་དང་། ཆེན་པོ་སྟོང་པ་ཉིད་ལ་གནས་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་དང་། འདུས་བྱས་སྟོང་པ་ཉིད་ལ་གནས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པ་དང་། མཐའ་ ལས་འདས་པ་སྟོང་པ་ཉིད་ལ་གནས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། རང་བཞིན་སྟོང་པ་ཉིད་ལ་གནས་པ་དང་། ཆོས་ཐམས་ ཅད་སྟོང་པ་ཉིད་ལ་གནས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། ངོ་བོ་ཉིད་སྟོང་ པ་ཉིད་ལ་གནས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་གནས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པ་དང་། དབང་པོ་རྣམས་ལ་གནས་པ་དང་། སྟོབས་རྣམས་ལ་གནས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་པ་དང་། འཕགས་པའི་ལམ་ཡན་ལག་ 26-1-184b བརྒྱད་པ་ལ་གནས་པ་དང་། འཕགས་པའི་བདེན་པ་རྣམས་ལ་གནས་པ་དང་། བསམ་གཏན་རྣམས་ལ་གནས་པ་དང་། ཚད་མྱེད་པ་རྣམས་ལ་གནས་པ་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ལ་གནས་པ་དང་། རྣམ་པར་ཐར་པ་བརྒྱད་ལ་གནས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་པ་དང་། མངོན་པར་ཤེས་པ་རྣམས་ལ་གནས་པ་དང་། ཏིང་ངེ་འཛིན་རྣམས་ལ་གནས་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་དང་། དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་གནས་པ་དང་། མྱི་འཇིགས་པ་རྣམས་ལ་གནས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་དང་། བྱམས་པ་ཆེན་པོ་ལ་གནས་པ་དང་། སྙིང་རྗེ་ཆེན་ པོ་ལ་གནས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ། ཕྱིར་མྱི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མྱི་བྱེད་དེ། དེ་ཐེ་ཙོམ་མྱི་ སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང་། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་ཏུ་ཞུགས་པའི་སྐྱེས་བུ། རྒྱུན་ཏུ་ཞུགས་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ལན་ཅིག་ ཕྱིར་འོང་བ། ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ཕྱིར་མྱི་འོང་བ་ཕྱིར་མྱི་འོང་བའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་ 26-1-185a མྱི་ཟའོ། །དགྲ་བཅོམ་པ་དགྲ་བཅོམ་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །རང་སངས་རྒྱས་རང་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ ས་ལ་གནས་པ་ཡང་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟ་ཞིང་དེ་ཕྱིར་མྱི་ལྡོག་པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་ བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་མྱི་འགྲོའོ། །བདུད་ཀྱི་ལས་དེ་དག་ཐམས་ཅད་ཀྱང་རྣམ་པར་འཇོམ་ཞིང་སྲབ་མོར་བྱེད་དོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། མཚམས་མྱེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་འཆི་ཀའི་བར་དུ་ཡང་མཚམས་མྱེད་པའི་སེམས་དང་མྱི་འབྲལ་ཞིང་། མཚམས་མྱེད་པའི་སེམས་དེ་རྗེས་སུ་འབྲང་ངོ་། །མཚམས་ མྱེད་པའི་སེམས་དེ་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཞིལ་བར་མྱི་ནུས་ཏེ། ཀུན་ནས་ལྡང་བ་དེ་འཆི་གའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མྱི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱིར་མྱི་ལྡོག་པའི་སེམས་ཀྱང་ཕྱིར་མྱི་ལྡོག་པའི་ས་ལ་གནས་པ་སྟེ། སེམས་དེ་རྣམ་པར་བརྟག་ཏུ་མྱེད་ཅིང་མྱི་སྒུལ་བས། དེ་ནི་ལྷ་དང་མྱི་དང་ 26-1-185b ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱིར་བཟློག་པར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་དེས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་ པའི་སྐྱོན་མྱེད་པ་ལ་ཞུགས་པས་དེ་རང་གི་ས་ལ་གནས་ཤིང་མངོན་པར་ཤེས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། དེ་དག་ལ་ཕྱག་བྱ་བ་དང་། ཆོས་མཉམ་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ ཡང་འགྲོའོ། །སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་ཡང་བསྐྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ ཞུ་བ་བྱེད་བསྙེན་བཀུར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་། བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་ སྐྱེས་ཤིང་བྱུང་བ་དག་གི་དབང་དུ་ཡང་མྱི་འགྲོའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་། དེ་རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མྱེད་པས་ཡང་དག་པའི་མཐའ་ལ་གཅིག་གམ་གཉིས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ཤེས་པས་ དེ་ཚེ་འཕོས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མྱི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཆོས་ 26-1-186a ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཆོས་གང་ཡང་སྐྱེ་བའམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་ འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ མྱི་འགྱུར་རོ་སྙམ་མྱི་བྱེད་དེ། གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་ གནས་པ་ནི། རང་གི་ས་ལ་ཐུབ་པ་མྱེད་པ་ཡིན་ཏེ་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མྱི་ འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་ཏེ། རབ་འབྱོར་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ། བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་ དུ་ཉེ་བར་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མྱི་སྐྱེ་བའི་ཆོས་ལ་བཟོད་ 26-1-186b པ་ཁྱོད་ཀྱིས་མ་ཐོབ་བོ། །རྣམ་པ་གང་དག་དང་། ཚུལ་གང་དག་དང་མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་ཀྱང་ཁྱོད་ལ་མྱེད་དོ། །ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་ཐོས་ ནས། མྱི་འཇུམ་མྱི་འགོང་ཞིང་དེའི་སེམས་གཞན་དུ་མྱི་འགྱུར་ལ་ཡིད་སྐྲག་པར་མྱི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བདག་ནི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་བྱིན་ཀྱིས་བརླབས་པའི་སྐྱེས་ བུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ ལུང་བསྟན་ཀྱང་། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 26-1-187a སངས་རྒྱས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་ཡང་དག་པར་སྐུལ་བ་མྱི་ མཛད་དེ། ཀྱེ་མ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་སྡིག་ཏོ་ཅན་གྱིས་བྱིན་ཀྱིས་བརླབས་པའི་སྐྱེས་བུ་ཞིག་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་སོ་སྙམ་སེམས་ པ་དང་། གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཀློག་པ་དང་། ཁ་ཏོན་བྱེད་པ་ལ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ ཆ་བྱད་དུ་ཉེ་བར་འོངས་ནས། དེ་ལ་འདི་སྐད་དུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཀྱེ་མ་གང་བདག་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་ཀྱིས་བརླབས་པའི་སྐྱེས་བུའོ། །ཞེས་བྱ་བར་རིག་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། ། 26-1-187b དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་ནི་དེ་ལ་ཡོད་དོ། །རབ་འབྱོར་ རྣམ་པ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ་སྲོག་ཡོངས་སུ་ཆད་ པར་འགྱུར་ཡང་སྡོད་ཅིང་ཆོས་དེ་ཡོངས་སུ་མྱི་གཏོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་འདི་ལྟར་བརྩོན་ པར་བྱེད་དེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང་དམ་པའི་ཆོས་ཡོངས་སུ་མྱི་གཏོང་བ་དེ་ ལྟར་བརྩོན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་གྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང་། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་ 26-1-188a པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་སྟོང་ངོ་ཞེས་ཆོས་སྟོན་ཏེ། དེ་ལ་སྐྱེས་བུ་བླུན་པོ་ལ་ལ་འདི་ནི་ཆོས་མ་ཡིན་འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་ པས་བསྟན་པ་མ་ཡིན་ནོ་ཞེས་ཕྱིར་རྒོལ་ཞིང་ངན་དུ་རྗོད་དེ། རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་ཆད་ པར་འགྱུར་ཡང་མྱི་གཏོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། གང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ འབྱུང་བར་འགྱུར་བ་དེ་དག་གི་ནང་དུ་བདག་ཀྱང་གྲངས་སུ་གཞུག་གོ། །བདག་ཀྱང་དེར་ལུང་བསྟན་ཏོ། །ཆོས་གང་ཕྱིར་བདག་ཡོངས་སུ་གཏོང་བ་དང་། སྲོག་ཡོངས་སུ་ཆད་ པར་འགྱུར་ཡང་མྱི་གཏོང་བ་དེ་ཡང་བདག་གི་ཆོས་སོ་ཞེས་བསླབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་བས། དམ་པའི་ ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པ་ཡིན་ཡང་སྡོད་པ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་ དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མྱེད། ཐེ་ཙོམ་མྱི་ཟ་ཞིང་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གསུང་པ་ 26-1-188b དེ་ཐམས་ཅད་ཡོངས་སུ་འཛིན་ཏོ། །དེ་ལྟར་བཟུང་ནས་ཀྱང་ཆུད་ཟ་བར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་གང་ཐོབ་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆབ་མྱི་འཚལ་པ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དེ་བཞིན་གཤེགས་པས་ གསུངས་པའི་མདོའ་རྣམས་ཆུད་མྱི་ཟའོ། །དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་དང་། པད་པོ་རྣམ་པར་བཀོད་པ་དང་། ཡོངས་སུ་འཛིན་པའི་གཟུངས་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི། དེ་བཞིན་གཤེགས་པས་གསུངས་པའི་མདོའ་རྣམས་ཆུད་མྱི་ཟའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཤིག །ཆབ་མྱི་འཚལ་དུ་བས་ཀྱི། ཉན་ཐོས་ཀྱིས་བཤད་པ་མ་ལགས་སམ། ལྷས་བཤད་པ་མ་ལགས་ སམ། ཀླུས་བཤད་པ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་མ་ལགས་སམ། དྲི་ཟས་བཤད་པ་མ་ལགས་སམ། ལྷ་མ་ཡིན་གྱིས་བཤད་པ་མ་ལགས་ སམ། ནམ་མཁའ་ལྡིང་གིས་བཤད་པ་མ་ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ 26-1-189a དཔའ་ཆེན་པོ་ནི། སྐད་དང་། བརྡའ་དང་། སྒྲ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་ནེམ་ནུར་མྱེད། ཐེ་ཙོམ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །རབ་འབྱོར་ རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་ པ་ལས། ཕྱིར་མྱི་ལྡོག་པའི་རྣམ་པ་དང་། ཚུལ་གྱི་ལེའུ་སྟེ། བཞི་བཅུ་རྩ་གཅིག་གོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། དེ་སྐད་ཅེས་ བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་ པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚད་མ་མཆིས། གྲངས་མ་མཆིས། དཔག་ཏུ་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ། ། བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་དེ་དེ་བཞིན་ ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པའོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་ཡོན་ཏན་དང་ལྡན་པའོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མྱེད་པའི་ཡོན་ཏན་དང་ལྡན་པའོ། ། 26-1-189b དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་མཐའ་ཡས་མུ་མྱེད་པ་རབ་ཏུ་ཐོབ་སྟེ། ཡེ་ཤེས་དེ་ལ་གནས་ཤིང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པ་གང་གིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང་ལན་ཟད་པར་མྱི་ནུས་པའི། སོ་སོ་ཡང་དག་པར་རིག་པ་ མངོན་པར་སྒྲུབ་བོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཡང་རྣམ་པ་གང་ དང་ཚུལ་གང་དང་། མཚན་མ་གང་གིས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བརྗོད་པའི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང་མཚན་ མ་རྣམས་སྟོན་པའི་མཐུའ་མངའ་ན། བཅོམ་ལྡན་འདས་གང་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་ པར་བགྱིད་པ་དང་། ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། དབང་པོ་ལྔ་ཡོངས་སུ་རྫོགས་པར་བགྱིད་པ་དང་། སྟོབས་ལྔ་ ཡོངས་སུ་རྫོགས་པར་བགྱིད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བགྱིད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། འཕགས་པའི་ བདེན་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། གཟུགས་མྱེད་པའི་ 26-1-190a སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བགྱིད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་ རྫོགས་པར་བགྱིད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བགྱིད་པ་དང་། མྱི་འཇིགས་ པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བགྱིད་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བགྱིད་ པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་ འབྱོར་ཁྱོད་དེ་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་ཏུ་དེ་བཞིན་གཤེགས་པ་ལ་གནས་ཟབ་མོ་ཟབ་མོ་རྣམས་དྲི་བར་སེམས་པ་ལེགས་སོ། །རབ་འབྱོར་ཟབ་མོ་ཞེས་བྱ་བ་འདི་ ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །འདི་ནི་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་ 26-1-190b དང་ཞི་བ་དང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །རབ་འབྱོར་འདི་ལྟ་སྟེ། གང་མྱ་ངན་ལས་འདས་པའི་ཚིག་བླ་དགས་དེ་དག་ནི་གནས་ཟབ་མོ་ཞེས་བྱ་བ་དེ་དག་གོ། ། གསོལ་པ། དེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་སུ་བས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་ དགས་ཀྱང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཟབ་བོ། །རབ་འབྱོར་ཚོར་བ་ཟབ་བོ། །རབ་འབྱོར་འདུ་ཤེས་ཟབ་བོ། །རབ་འབྱོར་འདུ་བྱེད་ཟབ་བོ། །རབ་འབྱོར་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར་མྱིག་ཀྱང་ ཟབ་བོ། །རབ་འབྱོར་རྣ་བ་ཡང་ཟབ་བོ། །རབ་འབྱོར་སྣ་ཡང་ཟབ་བོ། །རབ་འབྱོར་ལྕེ་ཡང་ཟབ་བོ། །རབ་འབྱོར་ལུས་ཀྱང་ཟབ་བོ། །རབ་འབྱོར་ཡིད་ཀྱང་ཟབ་བོ། །རབ་འབྱོར་གཟུགས་ཀྱང་ཟབ་བོ། །རབ་འབྱོར་སྒྲ་ཡང་ཟབ་བོ། ། རབ་འབྱོར་དྲི་ཡང་ཟབ་བོ། །རབ་འབྱོར་རོ་ཡང་ཟབ་བོ། །རབ་འབྱོར་རེག་ཀྱང་ཟབ་བོ། །རབ་འབྱོར་ཆོས་ཀྱང་ཟབ་བོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཡང་ཟབ་བོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ཡང་ ཟབ་བོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ཡང་ཟབ་བོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ཡང་ཟབ་བོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ཡང་ཟབ་བོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཟབ་བོ། ། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཟབ་བོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་ 26-1-191a འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་འབྱོར་ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཟབ་བོ། །རབ་འབྱོར་སའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་ཆུའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་མྱེའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་རླུང་གི་ཁམས་ཀྱང་ཟབ་བོ། ། རབ་འབྱོར་ནམ་མཁའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་མ་རིག་པ་ཡང་ཟབ་བོ། །རབ་འབྱོར་འདུ་བྱེད་ཀྱང་ཟབ་བོ། །རབ་འབྱོར་རྣམ་པར་ཤེས་པ་ཡང་ཟབ་བོ། །རབ་ འབྱོར་མྱིང་དང་གཟུགས་ཀྱང་ཟབ་བོ། །རབ་འབྱོར་སྐྱེ་མཆེད་དྲུག་ཀྱང་ཟབ་བོ། །རབ་འབྱོར་རེག་པ་ཡང་ཟབ་བོ། །རབ་འབྱོར་ཚོར་བ་ཡང་ཟབ་བོ། །རབ་འབྱོར་སྲེད་པ་ཡང་ཟབ་བོ། །རབ་འབྱོར་ལེན་པ་ཡང་ཟབ་བོ། །རབ་ འབྱོར་སྲིད་པ་ཡང་ཟབ་བོ། །རབ་འབྱོར་སྐྱེ་བ་ཡང་ཟབ་བོ། །རབ་འབྱོར་རྒ་ཤི་ཡང་ཟབ་བོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ་བོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ་བོ། །རབ་ འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ་བོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ་བོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ་བོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡང་ཟབ་བོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་ འབྱོར་ཆེན་པོ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་མཐའ་ལས་ 26-1-191b འདས་པ་སྟོང་པ་ཉིད་ཟབ་བོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་ ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་ ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱང་ཟབ་བོ། ། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་དབང་པོ་རྣམས་ཀྱང་ཟབ་བོ། །རབ་འབྱོར་སྟོབས་རྣམས་ཀྱང་ཟབ་བོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཟབ་བོ། །རབ་འབྱོར་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཟབ་བོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་བསམ་གཏན་རྣམས་ཀྱང་ཟབ་བོ། །རབ་འབྱོར་ཚད་མྱེད་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་ གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཟབ་བོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱང་ཟབ་བོ། །རབ་འབྱོར་གཟུངས་ཀྱི་སྒོ་ རྣམས་ཀྱང་ཟབ་བོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཟབ་བོ། །རབ་འབྱོར་མྱི་འཇིགས་པ་བཞི་ཡང་ཟབ་བོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་ཟབ་བོ། །རབ་འབྱོར་ 26-1-192a བྱམས་པ་ཆེན་པོ་ཡང་ཟབ་བོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ཡང་ཟབ་བོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཟབ་བོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཟབ་བོ། ། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཟབ་བོ། །རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཟབ་བོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རང་བྱང་ཆུབ་ཀྱང་ཟབ་བོ། །རབ་ འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་བྱང་ཆུབ་ཀྱང་ཟབ་བོ། །རབ་འབྱོར་ཇི་ལྟར་ན་གཟུགས་ཟབ། ཇི་ལྟར་ན་ ཚོར་བ་ཟབ། ཇི་ལྟར་ན་འདུ་ཤེས་ཟབ། ཇི་ལྟར་ན་འདུ་བྱེད་ཟབ། ཇི་ལྟར་ན་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་མྱིག་ཟབ། ཇི་ལྟར་ན་རྣ་བ་ཟབ། ཇི་ལྟར་ན་སྣ་ཟབ། ཇི་ལྟར་ན་ལྕེ་ཟབ། ཇི་ལྟར་ན་ལུས་ ཟབ། ཇི་ལྟར་ན་ཡིད་ཟབ། ཇི་ལྟར་ན་གཟུགས་ཟབ། ཇི་ལྟར་ན་སྒྲ་ཟབ། ཇི་ལྟར་ན་དྲི་ཟབ། ཇི་ལྟར་ན་རོ་ཟབ། ཇི་ལྟར་ན་རེག་ཟབ། ཇི་ལྟར་ན་ཆོས་ཟབ། ཇི་ལྟར་ན་མྱིག་གི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ ཤེས་པ་ཟབ། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་ རེག་པ་ཟབ། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་ 26-1-192b རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ། ཇི་ལྟར་ན་སའི་ཁམས་ཟབ། ཇི་ལྟར་ན་ཆུའི་ཁམས་ཟབ། ཇི་ལྟར་ན་མྱེའི་ཁམས་ཟབ། ཇི་ལྟར་ན་རླུང་གི་ཁམས་ཟབ། ཇི་ལྟར་ན་ནམ་མཁའི་ཁམས་ཟབ། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ ཟབ། ཇི་ལྟར་ན་མ་རིག་པ་ཟབ། ཇི་ལྟར་ན་འདུ་བྱེད་ཟབ། ཇི་ལྟར་ན་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་མྱིང་དང་གཟུགས་ཟབ། ཇི་ལྟར་ན་སྐྱེ་མཆེད་དྲུག་ཟབ། ཇི་ལྟར་ན་རེག་པ་ཟབ། ཇི་ལྟར་ན་ཚོར་བ་ ཟབ། ཇི་ལྟར་ན་སྲེད་པ་ཟབ། ཇི་ལྟར་ན་ལེན་པ་ཟབ། ཇི་ལྟར་ན་སྲིད་པ་ཟབ། ཇི་ལྟར་ན་སྐྱེ་བ་ཟབ། ཇི་ལྟར་ན་རྒ་ཤི་ཟབ། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ནང་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་ཟབ། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཆེན་པོ་ སྟོང་པ་ཉིད་ཟབ། ཇི་ལྟར་ན་དོན་དམ་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ཟབ། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཟབ། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ། ཇི་ལྟར་ ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ། ཇི་ལྟར་ན་ 26-1-193a རང་གི་མཚན་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཟབ། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་ཟབ། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམས་ཟབ། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཟབ། ཇི་ལྟར་ན་དབང་པོ་རྣམས་ཟབ། ཇི་ལྟར་ན་སྟོབས་རྣམས་ཟབ། ཇི་ལྟར་ན་ བྱང་ཆུབ་ཀྱི་ཡན་ལག་རྣམས་ཟབ། ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ། ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་ཟབ། ཇི་ལྟར་ན་བསམ་གཏན་རྣམས་ཟབ། ཇི་ལྟར་ན་ཚད་མྱེད་པ་རྣམས་ཟབ། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཟབ། ཇི་ལྟར་ན་རྣམ་པར་ཐར་པ་རྣམས་ཟབ། ཇི་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཟབ། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཟབ། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་ཟབ། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ཟབ། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་ཟབ། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་ཟབ། ཇི་ལྟར་ན་མྱི་ འཇིགས་པ་རྣམས་ཟབ། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་ཟབ། ཇི་ལྟར་ན་བྱམས་པ་ཆེན་པོ་ཟབ། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཟབ། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཟབ། ཇི་ལྟར་ན་རྒྱུན་ཏུ་ ཞུགས་པའི་འབྲས་བུ་ཟབ། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཟབ། ཇི་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུ་ཟབ། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཟབ། ཇི་ལྟར་ན་རང་བྱང་ཆུབ་ཟབ། ཇི་ལྟར་ན་ལམ་གྱི་རྣམ་ པ་ཤེས་པ་ཉིད་ཟབ། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་བོ། །ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ཟབ་བོ། ། 26-1-193b འདུ་ཤེས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་ཤེས་ཟབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་བྱེད་ཟབ་བོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཟབ་བོ། །མྱིག་གི་ དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱིག་ཟབ་བོ། །རྣ་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣ་བ་ཟབ་བོ། །སྣའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྣ་ཟབ་བོ། །ལྕེའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྕེ་ཟབ་བོ། །ལུས་ ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཟབ་བོ། །ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡིད་ཟབ་བོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་བོ། །སྒྲའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྒྲ་ཟབ་བོ། །དྲིའི་ དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དྲི་ཟབ་བོ། །རོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རོ་ཟབ་བོ། །རེག་གི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རེག་ཟབ་བོ། །ཆོས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་ཟབ་བོ། །མྱིག་གི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱིག་གི་རྣམ་པར་ཤེས་པ་ཟབ་བོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ཟབ་བོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ བཞིན་དུ་སྣའི་རྣམ་པར་ཤེས་པ་ཟབ་བོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྕེའི་རྣམ་པར་ཤེས་པ་ཟབ་བོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་རྣམ་པར་ ཤེས་པ་ཟབ་བོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་བོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པ་ཟབ་བོ། །རྣ་བའི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་ཟབ་བོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྣའི་འདུས་ཏེ་རེག་པ་ཟབ་བོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ 26-1-194a དུ་ལྕེའི་འདུས་ཏེ་རེག་པ་ཟབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་འདུས་ཏེ་རེག་པ་ཟབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་ རེག་པ་ཟབ་བོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་བོ། །ལྕེའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཟབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་བོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སའི་ཁམས་ཟབ་བོ། ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆུའི་ཁམས་ཟབ་བོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱེའི་ཁམས་ཟབ་བོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རླུང་གི་ཁམས་ ཟབ་བོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ནམ་མཁའི་ཁམས་ཟབ་བོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ཟབ་བོ། །མ་རིག་པའི་ དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མ་རིག་པ་ཟབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་བྱེད་ཟབ་བོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཟབ་བོ། །མྱིང་དང་ 26-1-194b གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱིང་དང་གཟུགས་ཟབ་བོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་དྲུག་ཟབ་བོ། །རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རེག་པ་ཟབ་ བོ། །ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ཟབ་བོ། །སྲེད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྲེད་པ་ཟབ་བོ། །ལེན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལེན་པ་ཟབ་བོ། །སྲིད་པའི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྲིད་པ་ཟབ་བོ། །སྐྱེ་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྐྱེ་བ་ཟབ་བོ། །རྒ་ཤིའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྒ་ཤི་ཟབ་བོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ ཇི་ལྟ་བ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་ནང་སྟོང་པ་ཉིད་ཟབ་བོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་སྟོང་པ་ཉིད་ཟབ་བོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ཟབ་བོ། །སྟོང་པ་ཉིད་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ཟབ་བོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ཟབ་བོ། །དོན་དམ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དོན་དམ་ 26-1-195a སྟོང་པ་ཉིད་ཟབ་བོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུས་བྱས་སྟོང་པ་ཉིད་ཟབ་བོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ཟབ་བོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་བོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ་བོ། ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དོར་བ་མྱེད་པ་སྟོང་པ་ཉིད་ཟབ་བོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ཟབ་བོ། །ཆོས་ཐམས་ཅད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱི་དམྱིགས་པ་སྟོང་པ་ཉིད་ཟབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཟབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ ལྟ་བ་དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ཟབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་བོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ ཉིད་ཇི་ལྟ་བ་དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཟབ་བོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ཟབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་ དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཟབ་བོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དབང་པོ་རྣམས་ཟབ་བོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྟོབས་རྣམས་ཟབ་བོ། །བྱང་ཆུབ་ཀྱི་ 26-1-195b ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཟབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་བོ། ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཟབ་བོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་རྣམས་ཟབ་བོ། །ཚད་མྱེད་པ་ རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚད་མྱེད་པ་རྣམས་ཟབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཟབ་བོ། ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ཟབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཟབ་བོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཟབ་བོ། །མངོན་པར་ཤེས་ པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ཟབ་བོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ཟབ་བོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ཟབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཟབ་བོ། །མྱི་འཇིགས་པ་རྣམས་ཀྱི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མྱི་འཇིགས་པ་རྣམས་ཟབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཟབ་བོ། །བྱམས་པ་ཆེན་ 26-1-196a པོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱམས་པ་ཆེན་པོ་ཟབ་བོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་ཟབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཟབ་བོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཟབ་བོ། །ལན་ཅིག་ཕྱིར་འོང་ བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཟབ་བོ། །ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱིར་མྱི་འོང་བའི་འབྲས་བུ་ཟབ་བོ། །དགྲ་བཅོམ་ པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཟབ་བོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་བྱང་ཆུབ་ཟབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལམ་གྱི་ རྣམ་པ་ཤེས་པ་ཉིད་ཟབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་བོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱིག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣ་བའི་དེ་བཞིན་ ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྣའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལྕེའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལུས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ 26-1-196b ལགས། བཅོམ་ལྡན་འདས་ཡིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྒྲའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས་དྲིའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རོའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རེག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཆོས་ཀྱི་དེ་བཞིན་ ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་པའི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལྕེའི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ 26-1-197a བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་ བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱེའི་ཁམས་ ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པར་ ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མ་རིག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་ པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྲེད་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ ལེན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྲིད་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྐྱེ་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྒ་ཤིའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ 26-1-197b ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ ལྟ་བུ་ལགས། བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མྱི་ 26-1-198a དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ ལགས། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ 26-1-198b ལགས། བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བྱམས་པ་ཆེན་པོའི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཕྱིར་མྱི་འོང་བའི་ འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལམ་ གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མྱེད། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཚོར་བའི་དེ་བཞིན་ཉིད་དེ་ལ། ཚོར་བ་ཡང་མྱེད། ཚོར་བ་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུ་ཤེས་ཀྱི་དེ་བཞིན་ཉིད་དེ་ལ་འདུ་ཤེས་ཀྱང་མྱེད། འདུ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ། འདུ་བྱེད་ཀྱང་མྱེད། འདུ་བྱེད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་ 26-1-199a རྣམ་པར་ཤེས་པ་ཡང་མྱེད། རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱིག་གི་དེ་བཞིན་ཉིད་དེ་ལ། མྱིག་ཀྱང་མྱེད། མྱིག་ ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱིག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་དེ་བཞིན་ཉིད་དེ་ལ། རྣ་བ་ཡང་མྱེད། རྣ་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣ་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར་སྣའི་དེ་བཞིན་ཉིད་དེ་ལ། སྣ་ཡང་མྱེད། སྣ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྣའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་དེ་བཞིན་ཉིད་དེ་ལ། ལྕེ་ཡང་མྱེད། ལྕེ་ལས་གུད་ན་ཡང་དེ་བཞིན་ཉིད་ མྱེད་དེ། ལྕེའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་དེ་བཞིན་ཉིད་དེ་ལ། ལུས་ཀྱང་མྱེད། ལུས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལུས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡིད་ཀྱི་ དེ་བཞིན་ཉིད་དེ་ལ། ཡིད་ཀྱང་མྱེད། ཡིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཡིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མྱེད། གཟུགས་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྒྲའི་དེ་བཞིན་ཉིད་དེ་ལ་སྒྲ་ཡང་མྱེད། སྒྲ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྒྲའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དྲིའི་ དེ་བཞིན་ཉིད་དེ་ལ་དྲི་ཡང་མྱེད། དྲི་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དྲིའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རོའི་དེ་བཞིན་ཉིད་དེ་ལ། རོ་ཡང་མྱེད། རོ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རོའི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རེག་གི་དེ་བཞིན་ཉིད་དེ་ལ། རེག་ཀྱང་མྱེད། རེག་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རེག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཆོས་ཀྱི་དེ་བཞིན་ཉིད་དེ་ལ། ཆོས་ཀྱང་མྱེད་ 26-1-199b ཆོས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཆོས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། མྱིག་གི་རྣམ་པར་ཤེས་པ་ཡང་མྱེད། མྱིག་གི་རྣམ་པར་ཤེས་པ་ལས་གུད་ ན་ཡང་དེ་བཞིན་ཉིད་མྱེད་དེ། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། རྣ་བའི་རྣམ་པར་ཤེས་པ་ཡང་མྱེད། རྣ་བའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། སྣའི་རྣམ་པར་ཤེས་པ་ཡང་མྱེད། སྣའི་རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་ མྱེད་དེ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། ལྕེའི་རྣམ་པར་ཤེས་པ་ཡང་མྱེད། ལྕེའི་རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལྕེའི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། ལུས་ཀྱི་རྣམ་པར་ཤེས་པ་ཡང་མྱེད། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལུས་ཀྱི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མྱེད། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཡིད་ཀྱི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། མྱིག་གི་འདུས་ཏེ་རེག་པ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱིག་གི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། རྣ་བའི་འདུས་ཏེ་རེག་པ་ཡང་མྱེད། རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣ་བའི་འདུས་ཏེ་རེག་པའི་ 26-1-200a དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། སྣའི་འདུས་ཏེ་རེག་པ་ཡང་མྱེད། སྣའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྣའི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། ལྕེའི་འདུས་ཏེ་རེག་པ་ཡང་མྱེད། ལྕེའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་ བུའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། ལུས་ཀྱི་འདུས་ཏེ་རེག་པ་ཡང་མྱེད། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ ལྟ་བུའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མྱེད། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་། དེ་བཞིན་ཉིད་མྱེད་དེ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ ལྟ་བུའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་ མྱེད་དེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་ 26-1-200b འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ ལྟ་བུའོ། །རབ་འབྱོར་སའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། སའི་ཁམས་ཀྱང་མྱེད། སའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཆུའི་ ཁམས་ཀྱི་དེ་བཞིན་ཉིད་དེ་ལ། ཆུའི་ཁམས་ཡང་མྱེད། ཆུའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱེའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། མྱེའི་ཁམས་ཀྱང་མྱེད། མྱེའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱེའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། རླུང་གི་ཁམས་ཀྱང་མྱེད། རླུང་གི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ་ནམ་མཁའི་ཁམས་ཀྱང་མྱེད། ནམ་མཁའི་ 26-1-201a ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ་རྣམ་པར་ཤེས་པའི་ཁམས་ཀྱང་མྱེད། རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མ་རིག་པའི་དེ་བཞིན་ཉིད་དེ་ལ་མ་རིག་པ་ཡང་མྱེད། མ་རིག་པ་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། མ་རིག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ་འདུ་བྱེད་ཀྱང་མྱེད་འདུ་བྱེད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། རྣམ་པར་ཤེས་པ་ཡང་མྱེད། རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱིང་དང་ གཟུགས་ཀྱི་དེ་བཞིན་ཉིད་དེ་ལ། མྱིང་དང་གཟུགས་ཀྱང་མྱེད། མྱིང་དང་གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ དེ་ལ་སྐྱེ་མཆེད་དྲུག་ཀྱང་མྱེད། སྐྱེ་མཆེད་དྲུག་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རེག་པའི་དེ་བཞིན་ཉིད་དེ་ལ་རེག་པ་ཡང་མྱེད། རེག་པ་ལས་ གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཚོར་བའི་དེ་བཞིན་ཉིད་དེ་ལ། ཚོར་བ་ཡང་མྱེད། ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཚོར་བའི་དེ་བཞིན་ཉིད་ ནི་དེ་ལྟ་བུའོ། །རབ་འབྱོར་སྲེད་པའི་དེ་བཞིན་ཉིད་དེ་ལ། སྲེད་པ་ཡང་མྱེད། སྲེད་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྲེད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལེན་པའི་དེ་བཞིན་ཉིད་དེ་ལ་ 26-1-201b ལེན་པ་ཡང་མྱེད། ལེན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལེན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྲིད་པའི་དེ་བཞིན་ཉིད་དེ་ལ། སྲིད་པ་ཡང་མྱེད། སྲིད་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྲིད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྐྱེ་བའི་དེ་བཞིན་ཉིད་དེ་ལ་སྐྱེ་བ་ཡང་མྱེད། སྐྱེ་བ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྐྱེ་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྒ་ཤིའི་དེ་བཞིན་ཉིད་དེ་ ལ་རྒ་ཤི་ཡང་མྱེད། རྒ་ཤི་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྒ་ཤིའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའི་དེ་བཞིན་ཉིད་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བསམ་གཏན་གྱི་ཕ་རོལ་ཏུ་ 26-1-202a ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། ནང་སྟོང་པ་ཉིད་ཀྱང་མྱེད། ནང་སྟོང་པ་ཉིད་ལས་ གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ཕྱི་སྟོང་པ་ཉིད་ཀྱང་མྱེད། ཕྱི་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་ མྱེད་དེ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། ཕྱི་ནང་སྟོང་པ་ཉིད་ཀྱང་མྱེད། ཕྱི་ནང་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ ཉིད་མྱེད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། ཆེན་པོ་སྟོང་པ་ཉིད་ཀྱང་མྱེད། ཆེན་པོ་སྟོང་པ་ཉིད་ལས་གུད་ན་ཡང་དེ་ བཞིན་ཉིད་མྱེད་དེ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། དོན་དམ་པ་སྟོང་པ་ཉིད་ཀྱང་མྱེད། དོན་དམ་པ་སྟོང་པ་ཉིད་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། འདུས་བྱས་སྟོང་པ་ཉིད་ཀྱང་མྱེད། འདུས་བྱས་སྟོང་པ་ཉིད་ལས་ 26-1-202b གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱེད། འདུས་མ་བྱས་ སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། མཐའ་ལས་འདས་པ་ སྟོང་པ་ཉིད་ཀྱང་མྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་དེ་ལ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་ བུའོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། དོར་བ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དོར་བ་མྱེད་པ་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། རང་བཞིན་སྟོང་པ་ཉིད་ཀྱང་མྱེད། རང་བཞིན་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རང་བཞིན་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ ཉིད་མྱེད་དེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱེད། རང་གི་མཚན་ཉིད་ 26-1-203a སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱང་མྱེད། མྱི་དམྱིགས་པ་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ དེ་ལ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་དེ་ལ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དེ་ལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མྱེད། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་དེ་བཞིན་ ཉིད་མྱེད་དེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡང་དག་པར་སྤོང་བའི་དེ་བཞིན་ཉིད་དེ་ལ། ཡང་དག་པར་སྤོང་བ་རྣམས་ཀྱང་མྱེད། ཡང་དག་པར་སྤོང་བ་རྣམས་ ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མྱེད། རྫུ་འཕྲུལ་གྱི་ 26-1-203b རྐང་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི། དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དབང་པོའི་དེ་བཞིན་ཉིད་དེ་ལ། དབང་པོ་ རྣམས་ཀྱང་མྱེད། དབང་པོ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྟོབས་ཀྱི་དེ་བཞིན་ཉིད་དེ་ལ། སྟོབས་རྣམས་ཀྱང་མྱེད། སྟོབས་ རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དེ་ལ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མྱེད། བྱང་ཆུབ་ཀྱི་ ཡན་ལག་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ་ལ། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡང་མྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ འཕགས་པའི་བདེན་པའི་དེ་བཞིན་ཉིད་དེ་ལ། འཕགས་པའི་བདེན་པ་རྣམས་ཀྱང་མྱེད། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་ བུའོ། །རབ་འབྱོར་བསམ་གཏན་གྱི་དེ་བཞིན་ཉིད་དེ་ལ། བསམ་གཏན་རྣམས་ཀྱང་མྱེད། བསམ་གཏན་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར་ཚད་མྱེད་པའི་དེ་བཞིན་ཉིད་དེ་ལ། ཚད་མྱེད་པ་རྣམས་ཀྱང་མྱེད། ཚད་མྱེད་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ 26-1-204a གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ་ལ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ ཡང་དེ་བཞིན་ཉིད་མྱེད་དེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཐར་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཐར་པ་རྣམས་ཀྱང་མྱེད། རྣམ་པར་ ཐར་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ་ལ། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱང་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པའི་དེ་བཞིན་ཉིད་དེ་ལ། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ ཡང་མྱེད། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྨོན་ པ་མྱེད་པའི་དེ་བཞིན་ཉིད་དེ་ལ། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་ཡང་མྱེད། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པའི་ 26-1-204b དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མངོན་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། མངོན་པར་ཤེས་པ་རྣམས་ཀྱང་མྱེད། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་ མྱེད་དེ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཏིང་ངེ་འཛིན་ཀྱི་དེ་བཞིན་ཉིད་དེ་ལ། ཏིང་ངེ་འཛིན་རྣམས་ཀྱང་མྱེད། ཏིང་ངེ་འཛིན་རྣམས་ལས་གུད་ན་ཡང་དེ་བཞིན་ ཉིད་མྱེད་དེ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དེ་ལ། གཟུངས་ཀྱི་སྒོ་རྣམས་ཀྱང་མྱེད། གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་དེ་བཞིན་ ཉིད་མྱེད་དེ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་དེ་ལ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མྱེད། དེ་བཞིན་གཤེགས་ པའི་སྟོབས་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མྱི་འཇིགས་པའི་དེ་བཞིན་ཉིད་དེ་ལ་མྱི་འཇིགས་པ་རྣམས་ཀྱང་ མྱེད། མྱི་འཇིགས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དེ་ལ། སོ་སོ་ཡང་དག་པར་ རིག་པ་རྣམས་ཀྱང་མྱེད། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བྱམས་པ་ཆེན་པོའི་དེ་ བཞིན་ཉིད་དེ་ལ། བྱམས་པ་ཆེན་པོ་ཡང་མྱེད། བྱམས་པ་ཆེན་པོ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྙིང་རྗེ་ཆེན་པོའི་དེ་ 26-1-205a བཞིན་ཉིད་དེ་ལ། སྙིང་རྗེ་ཆེན་པོ་ཡང་མྱེད། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ དེ་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་མྱེད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་མྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ་ལ། ཕྱིར་མྱི་འོང་བའི་འབྲས་བུ་ཡང་མྱེད། ཕྱིར་མྱི་འོང་བའི་འབྲས་བུ་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ། དགྲ་བཅོམ་པ་ཉིད་ཀྱང་མྱེད། དགྲ་བཅོམ་པ་ཉིད་ལས་གུད་ན་ཡང་ དེ་བཞིན་ཉིད་མྱེད་དེ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ་ལ། རང་བྱང་ཆུབ་ཀྱང་མྱེད། རང་བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མྱེད་དེ། རང་བྱང་ཆུབ་ཀྱི་དེ་ བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ 26-1-205b ཉིད་མྱེད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ ཐབས་ཕྲ་བས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་ བསྟན། འདུ་ཤེས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འདུ་བྱེད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱིག་ལས་ ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣ་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྣ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལྕེ་ལས་ཀྱང་བཟློག ། མྱ་ངན་ལས་འདས་པ་ཡང་བསྟན། ལུས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཡིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། གཟུགས་ལས་ཀྱང་བཟློག ། མྱ་ངན་ལས་འདས་པ་ཡང་བསྟན། སྒྲ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དྲི་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རོ་ལས་ཀྱང་བཟློག །མྱ་ངན་ ལས་འདས་པ་ཡང་བསྟན། རེག་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཆོས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱིག་གི་རྣམ་པར་ཤེས་པ་ལས་ཀྱང་ བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣ་བའི་རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྣའི་རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ 26-1-206a ཡང་བསྟན། ལྕེའི་རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལུས་ཀྱི་རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཡིད་ཀྱི་ རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱིག་གི་འདུས་ཏེ་རེག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣ་བའི་འདུས་ཏེ་རེག་པ་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། སྣའི་འདུས་ཏེ་རེག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལྕེའི་འདུས་ཏེ་རེག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལུས་ཀྱི་འདུས་ཏེ་རེག་ པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཡིད་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ ལས་འདས་པ་ཡང་བསྟན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ ཡང་བསྟན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སའི་ཁམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཆུའི་ཁམས་ལས་ཀྱང་བཟློག ། མྱ་ངན་ལས་འདས་པ་ཡང་བསྟན། མྱེའི་ཁམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རླུང་གི་ཁམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ནམ་མཁའི་ཁམས་ 26-1-206b ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣམ་པར་ཤེས་པའི་ཁམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མ་རིག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་ བསྟན། འདུ་བྱེད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱིང་དང་གཟུགས་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། སྐྱེ་མཆེད་དྲུག་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རེག་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཚོར་བ་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། སྲེད་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ལེན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྲིད་པ་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། སྐྱེ་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྒ་ཤི་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག ། མྱ་ངན་ལས་འདས་པ་ཡང་བསྟན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ ཡང་བསྟན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་ བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ནང་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཕྱི་སྟོང་པ་ཉིད་ལས་ 26-1-207a ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཕྱི་ནང་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྟོང་པ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཆེན་པོ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དོན་དམ་པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འདུས་བྱས་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། འདུས་མ་བྱས་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དོར་བ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རང་བཞིན་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་ འདས་པ་ཡང་བསྟན། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱི་དམྱིགས་ པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་ པ་ཡང་བསྟན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཡང་དག་ པར་སྤོང་བ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དབང་པོ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ 26-1-207b ཡང་བསྟན། སྟོབས་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཀྱང་ བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཕགས་པའི་བདེན་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། བསམ་གཏན་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཚད་མྱེད་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣམ་པར་ཐར་པ་བརྒྱད་ལས་ཀྱང་ བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་ ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མངོན་པར་ཤེས་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཏིང་ངེ་འཛིན་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། གཟུངས་ཀྱི་སྒོ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། མྱི་འཇིགས་པ་རྣམས་ལས་ཀྱང་བཟློག ། མྱ་ངན་ལས་འདས་པ་ཡང་བསྟན། སོ་སོ་ཡང་དག་པར་རིག་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། བྱམས་པ་ཆེན་པོ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སྙིང་རྗེ་ཆེན་ པོ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་ 26-1-208a པ་དང་། ཐུན་མོང་དང་། ཐུན་མོང་མ་ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན་ པ་དེ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་བདག་ གིས་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བརྗོད་པ་བཞིན་དུ་བདག་གིས་བསླབ་པར་བྱའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་ཟབ་མོ་འདི་དག་སེམས་ ཤིང་འཇལ་བ་དང་། རྟོག་པ་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བཤད་པ་བཞིན་དུ་སྒྲུབ་པ་དང་། དེ་བཞིན་དུ་སེམས་པ་དང་། དེ་བཞིན་དུ་ཡོངས་སུ་རྟོག་པ་དང་། དེ་བཞིན་དུ་བརྩོན་པར་བྱེད་པ་དང་། དེ་བཞིན་དུ་རྩོལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་འབད་པ་དེ་ནི་སེམས་བསྐྱེད་པ་གཅིག་གིས་ཀྱང་ གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པའི་དགེ་བའི་རྩ་བ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་བསྐལ་པ་ཚད་མྱེད་པར་འཁོར་བ་སྤོང་བར་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང་། བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འདོད་ཆགས་ཀྱི་སྤྱོད་པ་ཅན་རྟོག་པ་དག་ལྡན་པ་ལ་ལ་ཞིག་གིས། བུད་མྱེད་གཟུགས་བཟང་ཞིང་མཛེས་ལ་ བལྟ་ན་སྡུག་པ་ཞིག་བཏུས་ལ། བུད་མྱེད་དེ་གཞན་གྱིས་ཡོངས་སུ་བཟུང་བ་ཞིག་སྟེ། ཁྱིམ་ནས་ཕྱིར་འབྱུང་བར་མ་ནུས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེའི་རྟོག་པ་ཅི་དང་ལྡན་པར་ 26-1-208b འགྱུར། གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེའི་རྟོག་པ་ནི། བུད་མྱེད་དང་ལྡན་པར་འགྱུར་ཏེ། བདག་གི་བུད་མྱེད་ནི་འདི་ལྟ་བུ་ཞིག་གོ། །དེ་འོངས་ནས་དེ་དང་ལྷན་གཅིག་ཏུ་གནས་པར་བྱའོ། ། རྩེ་བར་བྱའོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཉིན་མཚན་འདས་པས་སྐྱེས་བུ་དེའི་རྟོག་པ་ཇི་སྙེད་ཅིག་འབྱུང་བར་འགྱུར། གསོལ་པ། བཅོམ་ལྡན་འདས་དེ་ནི་མང་ངོ་། །བདེ་བར་གཤེགས་པ་དེ་ནི་མང་སྟེ། སྐྱེས་བུ་དེའི་རྣམ་པར་རྟོག་པ་དེའི་ཉིན་མཚན་འདས་པས་ཤིན་ཏུ་མང་བར་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ སྐྱེས་བུ་དེའི་རྣམ་པར་རྟོག་པ་ཉིན་མཚན་འདས་པས་ཇི་སྙེད་ཅིག་འབྱུང་བ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་བལྟས་པར་འགྱུར་རོ། །གང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སློབ་པ་དང་། ཉེ་བར་རྟོག་པ་དང་། སེམས་པ་དང་། ཉེས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པའི་ཉེས་པ་དེ་དག་ཅི་ནས་ཀྱང་སྤངས་པར་འགྱུར་བ་དེ་ལྟར་བརྩོན་པར་བྱེད་ན། རབ་འབྱོར་དེ་ལྟར་བརྩོན་པས་རྗེས་སུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་གནས་པ་དེས་ཉིན་གཅིག་ལ་དགེ་བའི་རྩ་བ་གང་ཡོངས་སུ་བཟུང་བ་དེས། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་རྣམས་ཡོངས་སུ་གང་བར་གྱུར་ཀྱང་། དེས་ནི་དགེ་བའི་རྩ་བ་དེའི་ལྷག་མ་ལ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། 26-1-209a བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱའ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་ ཉེ་བར་མྱི་འགྲོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དཀོན་ མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེའི་བསོད་ ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་སྟེ། ཚད་མ་མཆིས་གྲངས་མ་མཆིས་དཔག་ཏུ་མ་མཆིས་བསམ་གྱིས་མྱི་ཁྱབ་མཚུངས་པ་ མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱེད་ ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ཚུལ་ལོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འདུག་ཅིང་། རྒྱུན་ ཏུ་ཞུགས་པ་ལ་ཡོན་ཕུལ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ 26-1-209b རྣམས་ལ་ཡོན་ཕུལ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་ མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་བསྟན་ པ་འདི་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཚོ་སྟེ། སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྒོམས་ན། དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། ཉི་མ་འགའ་ཞིག་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒྲུབས་པ་དང་། བརྩོན་འགྲུས་བརྩོམས་པ་དང་། བསམ་གཏན་ལ་མཉམ་པར་ 26-1-210a བཞག་པ་དང་། ཤེས་རབ་བསྒོམས་པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལ་གནས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་ རྒྱའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཆོས་ ཀྱི་སྦྱིན་པ་བྱིན་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་གནས་ཏེ། ཉི་མ་ འགའ་ཞིག་ཆོས་ཀྱི་སྦྱིན་པ་བྱིན་ན། དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྲལ་བའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། 26-1-210b མ་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་སྟེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་ དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་བརྩོན་པར་བྱེད་ན་ རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྙམ་དུ་བསྟན་པ་བཞིན་དུ་གནས་ཏེ། ཉི་མ་འགའ་ ཞིག་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་ 26-1-211a བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པ་དེ་ནི་གནས་མྱེད་སྐབས་མྱེད་དེ་དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་འདི་ནི་གནས་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལས་ཕྱིར་ལྡོག་པའི་གནས་ཡོད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་ སྙེད་དུ་གནས་ཏེ། ཟང་ཟིང་གི་སྦྱིན་པ་དེ་དང་། ཆོས་ཀྱི་སྦྱིན་པ་དེ་དང་ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། 26-1-211b རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་གནས་ཏེ། ཉི་མ་འགའ་ཞིག་ཟང་ཟིང་གི་སྦྱིན་པ་དེ་དང་། ཆོས་ཀྱི་སྦྱིན་ པ་དེ་དང་། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་ མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་སྔོ་བ་འདི་ནི་བསྔོ་བའི་མཆོག་གོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་ནོ། ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་ལས་བསྐལ་པ་གང་ གའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་ ཐམས་ཅད་ལ་རྗེས་སུ་ཡི་རང་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། 26-1-212a གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་གནས་ཏེ། ཉི་མ་འགའི་དགེ་བའི་རྩ་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསྔོ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་དེ་ལྟ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་ བསྔོ་བ་ལ་མཁས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པ་ནི་ཡོངས་སུ་བརྟག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཇི་ལྟར་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་བ་ལགས། བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པར་ནི་ཡང་དག་པར་ལྟ་བ་བསྐྱེད་པ་འམ། སྐྱོན་མ་མཆིས་པར་ ཡང་འཇུག་པར་མྱི་ནུས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་འམ་ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་པ་འམ། དགྲ་བཅོམ་པ་ཉིད་འཐོབ་པ་འམ་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མངོན་པར་ 26-1-212b འདུ་བྱ་བ་མྱེད་པས་ནི། ཡང་དག་པར་ལྟ་བ་སྐྱེད་པ་འམ། སྐྱོན་མྱེད་པར་འཇུག་པ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་འམ། ལམ་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་འམ། ཕྱིར་མྱི་འོང་ བའི་འབྲས་བུ་འཐོབ་པ་འམ། དགྲ་བཅོམ་པ་ཉིད་འཐོབ་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མྱི་ནུས་ཏེ། རབ་འབྱོར་དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པ་དེ་ཡང་མངོན་པར་འདུ་བྱ་བ་མྱེད་པ་སྟེ། སྟོང་པ་ཉིད་དུ་སྣང་ངོ་། །གསོབ་ཉིད་དུ་སྣང་ངོ་། །གསོག་ཉིད་དུ་སྣང་ངོ་། །སྙིང་པོ་མྱེད་ པ་ཉིད་དུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཕྱི་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། ། ཕྱི་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཆེན་པོ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དོན་དམ་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །འདུས་ བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །འདུས་མ་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ ཤིན་ཏུ་བསླབས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་བཞིན་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་གི་མཚན་ཉིད་ སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་ 26-1-213a མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང་། ཇི་ལྟ་ཇི་ལྟར་མངོན་པར་འདུ་བྱ་བ་ མྱེད་པ་དེ་དག་ལ་རབ་ཏུ་རྟོག་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་དེ་ལྟར་གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའི་བསོད་ནམས་འཕེལ་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཁྱད་པར་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མྱེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ ཁམས་སམ། འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་བར་མྱི་འགྲོ་བའོ། །རབ་འབྱོར་དཔག་ཏུ་མྱེད་པ་ཞེས་བྱ་བ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་ མྱི་དམྱིགས་པའོ། །རབ་འབྱོར་ཚད་མྱེད་པ་ཞེས་བྱ་བ་ནི་གང་གཞལ་བར་མྱི་ནུས་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་རྣམ་གྲངས་མཆིས་སམ། ཚོར་བ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང་། འདུ་ཤེས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ ཚད་མ་མཆིས་པར་འགྱུར་བ་དང་། འདུ་བྱེད་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་ 26-1-213b འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པར་འགྱུར་བ་དང་། ཚོར་བ་ཡང་གྲངས་མྱེད་ དཔག་ཏུ་མྱེད་ཚད་མྱེད་པར་འགྱུར་བ་དང་། འདུ་ཤེས་ཀྱང་གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པར་འགྱུར་བ་དང་། འདུ་བྱེད་ཀྱང་གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པར་འགྱུར་བ་དང་། རྣམ་པར་ཤེས་པ་ཡང་གྲངས་ མྱེད་དཔག་ཏུ་མྱེད་ཚད་མྱེད་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན་གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་ བ་ལགས། ཚོར་བ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་ཤེས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་བྱེད་ཀྱང་ གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་པ་སྟེ། གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའོ། །ཚོར་བ་ཡང་སྟོང་པ་སྟེ། གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའོ། །འདུ་ཤེས་ཀྱང་སྟོང་པ་སྟེ། གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའོ། །འདུ་བྱེད་ཀྱང་སྟོང་པ་སྟེ། གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའོ། །རྣམ་པར་ཤེས་པ་ཡང་སྟོང་པ་སྟེ། གྲངས་མྱེད་དཔག་ཏུ་མྱེད་ཚད་མྱེད་པའོ། །གསོལ་པ། བཅོམ་ ལྡན་འདས་གཟུགས་འབའ་ཤིག་སྟོང་། ཚོར་བ་འབའ་ཤིག་སྟོང་། འདུ་ཤེས་འབའ་ཤིག་སྟོང་། འདུ་བྱེད་འབའ་ཤིག་སྟོང་། རྣམ་པར་ཤེས་པ་འབའ་ཤིག་སྟོང་དུ་བས་ཀྱི། ཅི་ཆོས་ཐམས་ཅད་སྟོང་པ་ 26-1-214a མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་དམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པས་ཆོས་ཐམས་ཅད་སྟོང་པའོ་ཞེས་གསུངས་ཏེ། སྟོང་པ་ཉིད་གང་ལགས་པ་དེ་ནི་མྱི་ཟད་པ་སྟེ། གྲངས་མ་མཆིས་པ་ཡང་དེ་ལགས། དཔག་ཏུ་མ་མཆིས་པ་ཡང་དེ་ལགས། ཚད་མ་མཆིས་པ་ཡང་ དེ་ལགས་ཏེ། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་གྲངས་ཀྱང་མྱི་དམྱིགས། དཔག་པ་ཡང་མྱི་དམྱིགས། ཚད་ཀྱང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལ་དོན་ཏམ་ཡི་གེས་ཐ་དད་དུ་ བགྱི་བ་མྱི་དམྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་དོན་ཏམ་ཡི་གེས་ཐ་དད་དུ་བྱ་བ་མྱི་དམྱིགས་སོ། །རབ་འབྱོར་མྱི་ཟད་ པ་ཞེས་བྱ་བ་འམ། ཚད་མྱེད་པ་ཞེས་བྱ་བ་འམ། སྟོང་པ་ཞེས་བྱ་བའམ། མཚན་མ་མྱེད་པ་ཞེས་བྱ་བ་འམ། སྨོན་པ་མྱེད་པ་ཞེས་བྱ་བ་འམ། མངོན་པར་འདུ་བྱ་བ་མྱེད་པ་ཞེས་བྱ་བ་འམ། སྐྱེ་བ་མྱེད་པ་ ཞེས་བྱ་བ་འམ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་འམ། འགག་པ་མྱེད་པ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བརྗོད་དུ་མྱེད་པ་ལས་དེ་བཞིན་གཤེགས་པས་བརྗོད་དེ། མྱི་ཟད་པ་ཞེས་བྱ་བ་འམ། ཚད་མྱེད་པ་ཞེས་བྱ་འམ། སྟོང་པ་ཞེས་བྱ་བ་འམ། མཚན་མ་མྱེད་པ་ཞེས་བྱ་བ་འམ། སྨོན་པ་མྱེད་པ་ཞེས་བྱ་བ་འམ། མངོན་པར་འདུ་བྱ་བ་མྱེད་པ་ཞེས་བྱ་བ་ འམ། སྐྱེ་བ་མྱེད་པ་ཞེས་བྱ་བ་འམ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་འམ། འགག་པ་མྱེད་པ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་མངོན་པར་ 26-1-214b བསྒྲུབ་པར་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པས་བསྟན་ལ། ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་ གསུངས་པའི་དོན་བདག་གིས་འཚལ་པ་ལྟར་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མྱེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་བརྗོད་དུ་མྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་ནི་བརྗོད་པ་གང་ཡང་མྱེད་དོ། ། སྟོང་པ་ཉིད་ནི་བརྗོད་པར་མྱི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་། ཡོངས་སུ་འགྲིབ་པ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་བརྗོད་དུ་མྱེད་པའི་དོན་ལ་ནི་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་ པའི་དོན་ལ་འཕེལ་བ་དང་། ཡོངས་སུ་འགྲིབ་པ་མ་མཆིས་ན། བཅོམ་ལྡན་འདས་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ 26-1-215a ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དབང་པོ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་ པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་སྟོབས་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་འཕེལ་བ་དང་ཡོངས་ སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་ པའི་བདེན་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བསམ་གཏན་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ ལྡན་འདས་ཚད་མྱེད་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་ པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་ 26-1-215b འཇུག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་འཕེལ་བ་དང་ཡོངས་ སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བྱམས་པ་ཆེན་པོ་ཡང་འཕེལ་བ་དང་ཡོངས་ སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བརྩོན་ 26-1-216a འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ནང་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཕྱི་སྟོང་པ་ཉིད་མ་ མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཕྱི་ནང་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། སྟོང་པ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཆེན་པོ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དོན་དམ་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ གྱུར་ན། འདུས་བྱས་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། འདུས་མ་བྱས་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མཐའ་ལས་ འདས་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དོར་བ་མྱེད་པ་སྟོང་ པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རང་བཞིན་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཆོས་ཐམས་ཅད་སྟོང་པ་ཉིད་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རང་གི་མཚན་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མྱི་དམྱིགས་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། ། 26-1-216b བཅོམ་ལྡན་འདས་དེ་ལྟར་གྱུར་ན། དངོས་པོ་མྱེད་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ གྱུར་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ གྱུར་ན། །ཡང་དག་པར་སྤོང་བ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དབང་ པོ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། སྟོབས་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་མཆིས་པར་ འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། འཕགས་པའི་བདེན་པ་རྣམས་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་དེ་ལྟར་གྱུར་ན། བསམ་གཏན་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཚད་མྱེད་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རྣམ་པར་ཐར་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་མཆིས་ 26-1-217a པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མངོན་པར་ཤེས་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཏིང་ངེ་འཛིན་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ ལྡན་འདས་དེ་ལྟར་གྱུར་ན། གཟུངས་ཀྱི་སྒོ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས་དེ་ལྟར་གྱུར་ན། མྱི་འཇིགས་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། སོ་སོ་ཡང་དག་པར་རིག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ དེ་ལྟར་གྱུར་ན། བྱམས་པ་ཆེན་པོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། སྙིང་རྗེ་ཆེན་པོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་རྣམས་མ་མཆིས་པར་འགྱུར་རོ། །ཆོས་དེ་དག་མ་མཆིས་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཆིས་ན། སུ་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བརྗོད་དུ་མྱེད་པའི་དོན་ལ་ནི་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །རབ་འབྱོར་གལ་ཏེ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པའི་ཚེ། འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་ 26-1-217b བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་སྙམ་དུ་མྱི་སེམས་ཤིང་། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་མོ་སྙམ་ན། དེ་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ལ་བྱེད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཡང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་སྔོའོ། །གསོལ་པ། བཅོམ་ལྡན་འདས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱིས་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ པོ་གང་རྣམས་ཀྱི་དེ་བཞིན་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ 26-1-218a པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །མྱིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རོའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རེག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ 26-1-218b ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་རྣམ་པར་ཤེས་པའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་ 26-1-219a རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་བོ། །མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྐྱེ་མཆེད་ དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བའི་དེ་བཞིན་ཉིད་གང་ ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ 26-1-219b ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་བོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ 26-1-220a པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད། གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུས་མ་བྱས་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་ 26-1-220b པར་རྫོགས་པའི་བྱང་ཆུབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་བཞིན་ 26-1-221a གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ནི་འཕེལ་བ་ཡང་མྱེད་དོ་ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །རབ་འབྱོར་དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མྱི་འཆད་པར་རྟག་ཏུ་རྣམ་པར་སྤྱོད་དེ། ཆོས་གང་ལ་ཡང་འཕེལ་བ་འམ་ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་དེ་ལྟར་ན་ བརྗོད་དུ་མྱེད་པའི་དོན་ནི་འཕེལ་བ་མྱེད་ཅིང་ཡོངས་སུ་འགྲིབ་པ་མྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཚུལ་ཁྲིམས་ 26-1-221b ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ནང་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་ པ་ཡང་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། ། ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། ། ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་ པ་ཡང་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །རང་གི་ 26-1-222a མཚན་ཉིད་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དངོས་པོ་ མྱེད་པ་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་འཕེལ་ བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །དབང་པོ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ ཡང་མྱེད་དོ། །སྟོབས་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བསམ་གཏན་རྣམས་ལ་ འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཚད་མྱེད་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་ སུ་འགྲིབ་པ་ཡང་མྱེད་དོ། །རྣམ་པར་ཐར་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ 26-1-222b ཡང་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། ། ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །མྱི་འཇིགས་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །སོ་སོ་ཡང་ དག་པར་རིག་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །བྱམས་པ་ཆེན་པོ་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །སྙིང་རྗེ་ཆེན་པོ་ལ་འཕེལ་ བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འཕེལ་བ་ཡང་མྱེད་དོ། །ཡོངས་སུ་འགྲིབ་པ་ཡང་མྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་འཕེལ་བ་མྱེད་པ་དང་། ཡོངས་སུ་འགྲིབ་པ་མྱེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་འམ། །འོན་ཏམ་སེམས་སླད་མ་བསྐྱེད་ པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་གལ་ཏེ་སེམས་དང་པོ་བསྐྱེད་ 26-1-223a པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན་ནི། སེམས་དང་པོ་བསྐྱེད་པ་ཡང་སེམས་སླད་མ་ བསྐྱེད་པ་དང་མྱི་འགྲོགས། སེམས་སླད་མ་བསྐྱེད་པ་ཡང་སེམས་དང་པོ་བསྐྱེད་པ་དང་མྱི་འགྲོགས་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མྱི་འགྲོགས་ན། ཇི་ལྟར་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར། དགེ་བའི་རྩ་བ་མ་བསྩགས་པར་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་དཔེའ་བསྟན་ཏེ། འདི་ལ་སྐྱེས་བུ་མཁས་པ་ལ་ལ་བཤད་པའི་དོན་དཔེས་ཡོངས་སུ་ཤེས་པར་འགྱུར་རོ། །རབ་ འབྱོར་དེ་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མྱེ་འབར་བས་སྙིང་པོ་ཚིག་པར་གྱུར་པ། མྱེ་ལྕེ་དང་པོ་དང་ཕྲད་པས་སྙིང་པོ་དེ་ཚིག་གམ། དེ་སྟེ་མྱི་ལྕེ་ཕྱི་མ་དང་ཕྲད་པས་སྙིང་པོ་ཚིག །གསོལ་པ། བཅོམ་ལྡན་འདས་མྱེ་ལྕེ་དང་པོ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མྱེ་ལྕེ་དང་པོ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས། བཅོམ་ལྡན་འདས་མྱེ་ལྕེ་སླད་མ་དང་འཇལ་པས་ཀྱང་ སྙིང་པོ་དེ་ཚིག་པ་མ་ལགས། མྱེ་ལྕེ་སླད་མ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་སྙིང་པོ་དེ་ཚིག་མོད། གསོལ་པ། བཅོམ་ལྡན་འདས་དེ་ནི་ཚིག་གོ། །བདེ་བར་གཤེགས་པ་དེ་ནི་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་ 26-1-223b སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ། སེམས་ཕྱི་མ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་ བ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་བཅུ་ ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་ པར་བགྱིས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ 26-1-224a པར་འཚང་རྒྱའོ། །རིགས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །བརྒྱད་པའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ། །མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བསྲབས་པའི་ས་ཡོངས་སུ་ རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འདོད་ཆགས་དང་བྲལ་བའི་ས་ཡོངས་སུ་ རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱས་པ་རྟོགས་པའི་ས་ཡོངས་ སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རང་སངས་རྒྱས་ ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་ སེམས་དཔའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། 26-1-224b སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་སློབ་པ་ནི། སེམས་དང་པོ་བསྐྱེད་པས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་དང་ པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཕྱི་མ་བསྐྱེད་པས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་མོད་ ཀྱི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སེམས་དང་པོ་བསྐྱེད་པས་ཀྱང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་པ་དང་། སེམས་སླད་མ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ། སེམས་སླད་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 26-1-225a པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ཤིང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་གང་འགགས་ པ་དེ་ཕྱིར་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་གང་སྐྱེས་པ་དེ་འགག་པའི་ཆོས་ཅན་ ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་འགག་པའི་ཆོས་ཅན་ནོ། །བདེ་བར་གཤེགས་པ་དེ་ནི་འགག་པའི་ཆོས་ཅན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་ན། རྟག་པར་མྱི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་བོ། །གསོལ་པ། བཅོམ་ལྡན་ འདས་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་དེ་ཡང་དེ་བཞིན་ཉིད་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ 26-1-225b ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལས་སེམས་དེ་གུད་ན་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ལ་དེ་བཞིན་ཉིད་ཡོད་ དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལ་སེམས་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། བཅོམ་ལྡན་འདས་ གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་བཞིན་ཉིད་ལ་གནས་པ་ལ་ཡོངས་སུ་རྒྱུ་བ་དེ་དག་མྱི་འཇུག་མྱི་འབྱུང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་ཉིད་ནི་གང་དུ་ཡང་ཡོངས་སུ་རྒྱུ་བ་མ་མཆིས་ཏེ། དེ་ཉིད་ལ་ཡང་ གང་ཡང་རྒྱུ་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གང་ལ་སྤྱོད་ 26-1-226a པ་ཡིན། གསོལ་པ། དེ་ནི་གང་ལ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་མ་ཡིན་ནམ། དེ་མཚན་མ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་ དུ་སེམས། དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་རྣམ་པར་བཤིག་པ་ཡིན། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མ་རྣམ་པར་གཞིག་པར་བྱའོ་ཞེ་འམ། མཚན་མ་མྱེད་པ་རྣམ་པར་གཞིག་པར་བྱའོ་སྙམ་དུ་མྱི་སྦྱོར་རོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་ དག་པར་རིག་པར་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མ་བགྱིས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་སྟེ། ཐབས་མཁས་པ་དེས་ཆོས་ 26-1-226b གང་ཡང་དངོས་པོར་ཡང་མྱི་བགྱིད། དངོས་པོ་མ་མཆིས་པར་ཡང་མྱི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས། སེམས་ཅན་རྣམས་ཀྱི་དོན་ཏུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་ འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་ན། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་ཏུ་ཏིང་ངེ་འཛིན་ གསུམ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། ཏིང་ངེ་འཛིན་གསུམ་པོ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ ལ་སྤྱོད་པ་དེ་དག་ནི་མཚན་མ་མྱེད་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་སྨོན་པ་མྱེད་པ་ལ་སྤྱོད་པ་དེ་དག་ནི་སྨྱོན་པ་མྱེད་པ་ལ་སྤྱོད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཏིང་ངེ་འཛིན་གསུམ་ལ་གནས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་ པ་ལས། ལེའུ་བཞི་བཅུ་གཉིས་སོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་ལྔ་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ 26-1-227a ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨྱི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་ པས་རྣམ་པར་འཕེལ་ན། རྨྱི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྨྱི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མྱེད་པའོ། །ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ རྨྱི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཡང་ཡོད་པར་འགྱུར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་ལས་ ཤིག་བྱས་ན། ལས་དེ་ལ་སྩོགས་པ་འམ་བྲི་བར་འགྱུར་བ་ཡོད་དམ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུར་གསུངས་ན། དེ་ལ་སྩོགས་པ་འམ་འབྲི་བར་ འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་གྱི་ཆོས་གང་ཡང་སྩོགས་པ་འམ་འབྲི་བ་མྱི་དམྱིགས་ཏེ། གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི། དེ་ལ་སྩོགས་པ་འམ་འབྲི་བར་འགྱུར་ བ་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་། རྨྱི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ། །དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་དེ་ 26-1-227b རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པར་སེམས་མྱི་འབྱུང་ངོ་། །རབ་ འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པར་སེམས་པ་མྱི་འབྱུང་ངོ་། །དམྱིགས་པ་དང་བཅས་པར་ལས་ སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །མཐོང་བ་དང་ཐོས་པ་དང་བསམ་པ་དང་རྣམ་པར་ རིག་པའི་ཆོས་རྣམས་ལ་བློ་འཇུག་སྟེ། མ་མཐོང་མ་ཐོས་མ་བསམས། རྣམ་པར་མ་རིག་པའི་ཆོས་ལ་ནི་བློ་མྱི་འཇུག་གོ་དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །དེ་བས་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་ པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་། སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་ འདས་ཀྱིས་གསུངས་ན། དེ་ཇི་ལྟར་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་ པ་མྱེད་པར་མ་ཡིན་ནོ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མཚན་མར་བྱས་ན་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། ། 26-1-228a དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་སྦྱིན་ པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྒོམས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་བཅོམ་ལྡན་འདས་ཀྱིས་ཕྱིར་མྱི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན། འདི་ལ་དྲིས་ཤིག་དང་། འདི་ལན་ཀློན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ ཀྱི་བུ་གནས་བརྟན་རབ་འབྱོར་འདི་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཕྱིར་མྱི་ལྡོག་པར་བཅོམ་ལྡན་འདས་ཀྱིས་ ལུང་བསྟན་པ་སྟེ། འདི་ལ་དྲིས་ཤིག་དང་། འདི་ལན་གློན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤ་ར་ དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མྱིང་འདི་ལན་གློན་ནམ། འོན་ཏེ་གཟུགས་ལན་གློན་ནམ། འོན་ཏེ་ཚོར་བ་ལན་ 26-1-228b གློན་ནམ། འོན་ཏེ་འདུ་ཤེས་ལན་གློན་ནམ། འོན་ཏེ་འདུ་བྱེད་ལན་གློན་ནམ། འོན་ཏེ་རྣམ་པར་ཤེས་པ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་ འགྱུར་རམ། འོན་ཏེ་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་སྟོང་པ་ཉིད་གང་ ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ ལན་གློན་པའི་མཐུ་མྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་ སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་ དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་ 26-1-229a དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །བདག་གིས་ནི་གང་ལ་ལན་གླན་པ་དང་། གང་གིས་ལན་གླན་པ་དང་། གང་གིས་ལན་གློན་པ་དང་། གང་ལ་ལན་གློན་པའི་ཆོས་དེ་ལྟ་བུ་ཡང་དག་པར་ རྗེས་སུ་མ་མཐོང་ངོ་། །གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་ མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་སུམ་དུ་ བྱས་སམ། བྱམས་པས་སྨྲས་པ། ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས་ཐམས་ཅད་བདག་གིས་མངོན་སུམ་དུ་བྱས་པ་མྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། འདི་ལྟར་འདི་ཡང་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱད་པས་བསྟན་པ་སྟེ། འདི་ནི་མྱི་དམྱིགས་པར་སྤྱོད་པས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ 26-1-229b ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལུང་བསྟན་པའི་ཆོས་ དེ་ནི་འདིའོ། །ལུང་བསྟན་པར་གྱུར་པའི་ཆོས་དེ་ནི་འདིའོ། །ལུང་བསྟན་པར་འགྱུར་བའི་ཆོས་དེ་ནི་འདིའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མྱི་དམྱིགས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ལ་ཐེ་ཙོམ་སྐྱེ་བ་ མྱེད་ཅིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བ་མ་ཡིན་གྱི། བདག་ནི་ གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ 26-1-230a ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་། སེམས་ཅན་སྐོམ་པ་དང་། གོས་ངན་པ་དང་། ཟས་དང་གོས་དང་། མལ་ཆས་འཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་ སྤྱོད་དང་། སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་སྲོག་གཅོད་པ་དག་མཐོང་ངམ། སེམས་ཅན་མ་ 26-1-230b བྱིན་པར་ལེན་པ་དག་མཐོང་ངམ། སེམས་ཅན་འདོད་པས་ལོག་པར་གཡེམ་པ་དག་མཐོང་ངམ། སེམས་ཅན་རྫུན་དུ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཕྲ་མ་ཟེར་བ་དག་ མཐོང་ངམ། སེམས་ཅན་ཞེ་གཅོད་པའི་ཚིག་ཅན་དག་མཐོང་ངམ། སེམས་ཅན་ཚིག་ཀྱལ་བ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཆགས་སེམས་ཅན་དག་མཐོང་ངམ། སེམས་ཅན་གནོད་སེམས་ཅན་དག་མཐོང་ངམ། སེམས་ཅན་ལོག་པར་ལྟ་བ་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་དག་མཐོང་ངམ། སེམས་ཅན་ནད་མང་བ་དག་ མཐོང་ངམ། སེམས་ཅན་མདོག་ངན་པ་དག་མཐོང་ངམ། སེམས་ཅན་མཐུ་ཆུང་ངུ་དག་མཐོང་ངམ། སེམས་ཅན་ལོངས་སྤྱོད་ཆུང་ངུ་དག་མཐོང་ངམ། སེམས་ཅན་རིགས་ དམའ་བ་དག་མཐོང་ངམ། སེམས་ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་པར་ བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་ 26-1-231a པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། སེམས་ཅན་ཕན་ཚུན་གནོད་པར་སེམས་པ་རྡོ་དང་དབྱིག་པ་དང་། མཚོན་གྱིས་འདེབས་ཤིང་རྡེག་པ་དང་། གསོད་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་མ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕུ་ནུ་ལྟ་ བུའི་སེམས་སུ་འགྱུར་བ་དང་། སྲིང་མོ་ལྟ་བུའི་སེམས་སུ་འགྱུར་བ་དང་། བྱམས་པའི་སེམས་སུ་འགྱུར་བ་དང་། ཕན་པའི་སེམས་སུ་འགྱུར་བ་དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་ བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། སེམས་ཅན་བརྩོན་འགྲུས་ཞན་པ་དང་། ལེ་ལོའི་སེམས་དང་ལྡན་པ་དང་། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ 26-1-231b ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་འདོད་པའི་སྲེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་རྒོད་པ་དང་། འགྱོད་ པ་དང་། ཐེ་ཙོམ་དང་། སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ། བསམ་གཏན་དང་པོ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་གཉིས་པ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་གསུམ་ པ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་བཞི་པ་དང་མྱི་ལྡན་པ་མཐོང་ངམ། བྱམས་པ་དང་མྱི་ལྡན་པ་མཐོང་ངམ། སྙིང་རྗེ་དང་མྱི་ལྡན་པ་མཐོང་ངམ། དགའ་བ་དང་མྱི་ལྡན་པ་མཐོང་ངམ། བཏང་སྙོམས་དང་མྱི་ལྡན་པ་མཐོང་ངམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ 26-1-232a དང་མྱི་ལྡན་པ་མཐོང་ངམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་ འཇུག་པ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་བསམ་གཏན་ཐོབ་པ་དང་། ཚད་མྱེད་པ་ཐོབ་པར་འགྱུར་བ་ དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། ཤེས་རབ་འཆལ་པ་ཅན་གྱི་སེམས་ཅན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་དང་བྲལ་བ། བྱ་བ་མ་ཡིན་པར་སྨྲ་བ་མྱེད་པར་སྨྲ་བ། ཆད་པར་ སྨྲ་བ་རྟག་པར་སྨྲ་བ་སེམས་ཅན་དུ་སྨྲ་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ 26-1-232b པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་ལྟ་བའི་རྣམ་པ་ཐམས་ཅད་སྤངས་ ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་ སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ སྤྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་གནས་པ་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱས་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་སེམས་ཅན་ལོག་པར་ངེས་པའི་སྒྲ་ཡང་མྱི་གྲག་ཅིང་། མྱི་སྲིད་པ་དེ་ལྟ་ དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། 26-1-233a རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བའི་སེམས་ཅན་དག་མཐོང་ངམ། བྱོལ་སོང་ གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་ངན་སོང་གསུམ་གྱི་སྒྲ་ཡང་མྱི་སྒྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་ བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་ལ་སྡོང་དུམ་དང་། ཚེར་མ་དང་། སབ་སུབ་དང་། གཅོང་རོང་དང་། གཡང་ས་དང་། ལྗན་ལྗིན་དང་། ལུང་ཁུང་ དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ ཞིང་དེ་ན་སེམས་ཅན་གྱི་ཉེས་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་པ་དེ་ལྟ་དེ་ལྟར་ཕ་རོལ་ 26-1-233b ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་དང་། གསེར་དངུལ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ས་ཆེན་པོ་འདི་གཞི་བཻ་དཱུརྱ་སྔོན་པོའི་ རྒྱུ་ལས་གྲུབ་པ། གསེར་གྱི་བྱེ་མ་བདལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་ པར་བྱའོ་ནས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ ཅན་བདག་ཏུ་བྱ་བའི་ཡོངས་སུ་འཛིན་པ་ལ་གནས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ 26-1-234a རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་བདག་གིར་བྱ་བ་ལ་ཡོངས་སུ་འཛིན་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་བདག་ གི་མྱེད་པ་དང་། ཡོངས་སུ་འཛིན་པ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་ བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། རྒྱལ་རིགས་ དང་། བྲལ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། རིགས་བཞི་པོ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མྱི་གྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་ པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་ 26-1-234b འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རབ་དང་འབྲིང་དང་། ཐ་མ་མཐོང་ན། སེམས་ཅན་རིགས་མཐོ་བ་དང་། རིགས་དམའ་བ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ སངས་རྒྱས་ཀྱི་ཞིང་དེ་དག །སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་མྱི་འབྱུང་ཞིང་མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཁ་དོག་ཐ་དད་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཁ་དོག་ཐ་དད་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ ཐམས་ཅད་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་དང་། ཁ་དོག་བཟང་བ་མཆོག་ཏུ་རྒྱས་པ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། ། 26-1-235a སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དག་ལ་བདག་པོ་ཡོད་པར་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། བདག་པོར་བདགས་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་ཆོས་ཀྱི་ རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ ཚེ། སེམས་ཅན་རྣམས་ཀྱི་ལམ་ཐ་དད་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ 26-1-235b པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ལྷ་དང་། མྱི་དང་སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་ལམ་ཐ་དད་པ་མྱེད་ཅིང་མྱི་སྲིད་པ་དང་། གཞན་དུ་ ན་སེམས་ཅན་ཐམས་ཅད་ལམ་གཅིག་ཏུ་འགྱུར་ཞིང་དྲན་པ་ཉེ་བར་གཞག་པ་བཞི་དང་མ་བྲལ་བ་དང་། ཡང་དག་པར་སྤོང་བ་བཞི་དང་མ་བྲལ་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་མ་བྲལ་བ་དང་། དབང་པོ་ལྔ་དང་མ་བྲལ་བ་དང་། སྟོབས་ལྔ་དང་མ་བྲལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་མ་བྲལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་དང་། འཕགས་ པའི་བདེན་པ་བཞི་དང་མ་བྲལ་བ་དང་། བསམ་གཏན་བཞི་དང་མ་བྲལ་བ་དང་། ཚད་མྱེད་པ་བཞི་དང་མ་བྲལ་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་མ་བྲལ་བ་དང་། རྣམ་པར་ཐར་པ་བརྒྱད་དང་མ་བྲལ་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་མ་བྲལ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་དང་མ་བྲལ་བ་དང་། མངོན་པར་ཤེས་པ་ལྔ་དང་མ་བྲལ་བ་དང་། ཏིང་ངེ་འཛིན་རྣམས་དང་མ་བྲལ་བ་དང་། གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་བ་དང་། དེ་བཞིན་གཤེགས་པའི་ སྟོབས་བཅུ་དང་མ་བྲལ་བ་དང་། མྱི་འཇིགས་པ་བཞི་དང་མ་བྲལ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་མ་བྲལ་བ་དང་། བྱམས་པ་ཆེན་པོ་དང་མ་བྲལ་བ་དང་། སྙིང་རྗེ་ཆེན་པོ་དང་མ་བྲལ་ བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་མ་བྲལ་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་ 26-1-236a པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་སྐྱེ་ གནས་བཞིར་སྐྱེས་པ། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུ་བ་པ་རྣམས་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་ གནས་གསུམ་པོ་རྣམས་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་རྫུ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མངོན་པར་ཤེས་པ་ལྔ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་ 26-1-236b མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་ ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་བཤང་ཅི་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་ བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཆོས་དང་དགའ་བ་དང་། བསམ་གཏན་གྱི་ཟས་ཟ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འོད་དང་མྱི་ལྡན་པའི་སེམས་ཅན་དག་ 26-1-237a མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་རང་ལས་འོད་འབྱུང་བ་ཤ་སྟག་ཡོད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། ། སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་ པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ རྣམས་ཀྱི་ཉིན་མཚན་དང་ཟླ་བ་དང་། ཡུད་དུ་ཡན་མན་དང་། དུས་མཚམས་དང་། ལོ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉིན་མཚན་དང་། ཟླ་བ་དང་། ཡུད་དུ་ཡན་མན་དང་། དུས་མཚམས་དང་། ལོའི་ སྒྲ་ཡང་མྱི་སྒྲག་ཅིང་མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ 26-1-237b ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཚེ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་ པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ མཚན་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 26-1-238a པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དེ་དག་དགེ་བའི་རྩ་བ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་མྱི་ལྡན་པར་འགྱུར་ བ་དང་། དགེ་བའི་རྩ་བ་གང་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་ རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ནད་ཀྱིས་བཏབ་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་རླུང་དང་། ཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་གཞི་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ 26-1-238b ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་ པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། འདི་ལྟ་སྟེ་སེམས་ཅན་རྣམས་ལ་འདོད་ ཆགས་དང་། ཞེ་ལྡང་དང་། གཏི་མུག་གི་ཉོན་མོངས་པ་གསུམ་མྱི་འབྱུང་ཞིང་། སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་འགྱུར་བ་ དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མོས་པ་ཆུ་ངུ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། 26-1-239a ཅི་ནས་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ ཐེག་པ་དང་། ཐེག་པ་གཉིས་ཀྱི་སྒྲ་ཡང་མྱི་གྲག་ཅིང་། སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་ཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་ བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ང་རྒྱལ་ཅན་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ང་རྒྱལ་ཅན་གྱི་སྒྲ་ཡང་མྱི་གྲག་ཅིང་གཞན་དུ་ན། སེམས་ཅན་ཐམས་ཅད་ཡང་དག་པའི་དོན་ཤེས་ཤིང་ང་རྒྱལ་ མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་ བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ 26-1-239b ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེ་ལ་ཚད་དུ་འགྱུར་བ་དང་། འོད་ལ་ཚད་དུ་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ལ་ ཚད་དུ་འགྱུར་བ་དེ་ཙམ་གྱིས། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེའི་ཚད་མྱེད་པར་འགྱུར་བ་དང་། འོད་ཀྱི་ཚད་མྱེད་པར་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ཚད་མྱེད་པར་འགྱུར་བ་དེ་ལྟ་ དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་ འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་འགའ་ཞིག་བདག་གི་སངས་ རྒྱས་ཀྱི་ཞིང་དུ་འགྱུར་བ་དེ་ཙམ་གྱིས་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ 26-1-240a བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། གང་གའི་ཀླུང་གི་བྱེ་མ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་ བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཀྱེ་མ་འཁོར་བ་འདི་ནི་རིང་ངོ་། །ཀྱེ་མ་སེམས་ཅན་ གྱི་ཁམས་འདི་ནི་མཐའ་ཡས་པའོ། །དེས་འདི་ལྟར་ཚུལ་བཞིན་ཡིད་ལ་བྱས་ཏེ། ཀྱེ་མ་འཁོར་བ་འདི་ནི་ནམ་མཁའ་ལྟར་མུ་མྱེད་པའོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་ནམ་མཁའ་ ལྟར་མུ་མྱེད་པ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མྱེད། མྱ་ངན་ལས་འདའ་བ་ཡང་མྱེད་དེ། གཞན་དུ་ན་ཆོས་ཀྱི་བརྡར་སེམས་ཅན་ནམ། འཁོར་བ་འམ། མྱ་ངན་ལས་འདས་པ་ཞེས་ཐ་སྙད་དུ་ བཏགས་པར་ཟད་དོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་ བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གསུམ་མོ།། །། དེ་ནས་འཁོར་དེར་གང་གའི་ 26-1-240b ལྷ་མོ་ཞེས་བྱ་བའི་བུད་མྱེད་ཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ལ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སྟེ། བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་བདེ་བར་གཤེགས་པ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་ རྫོགས་པར་བགྱིས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་སྐད་དུ་བསྟན་པའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་ བཟུང་བར་བགྱིའོ་ཞེས་ནས་བུད་མྱེད་དེས་གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པའི་མེ་ཏོག་དང་། རྒྱན་ཐམས་ཅད་དང་། གསེར་གྱི་ཁ་དོག་གི་ ན་བཟའ་ཕྲུགས་སུ་སྦྱར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་གཏོར་ཏོ། །མེ་ཏོག་དང་། བདུག་པ་དང་། རྒྱན་དང་། ན་བཟའ་ཕྲུགས་སུ་སྦྱར་བ་དེ་དག་གཏོར་མ་ཐག་ཏུ། སངས་རྒྱས་ཀྱི་ མཐུས་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་གྲྭ་བཞི་དང་ལྡན་པ་ཀ་བ་བཞི་ཟུག་པ་ཆ་མཉམ་པ་ཤིན་ཏུ་སྤ་བ། མདངས་དགའ་བ། ཡིད་དུ་འོང་བ་གནས་པར་གྱུར་ཏོ། །དེ་ ནས་བུད་མྱེད་དེས་ཁང་པ་བརྩེགས་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བུད་མྱེད་དེའི་བསམ་པ་ཐུགས་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ 26-1-241a ཞལ་གྱི་སྒོ་ནས་འོད་གཟེར་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་ཐོན་ པར་གྱུར་ནས། དེ་དག་མཐའ་ཡས་མུ་མྱེད་པའི་འཇིག་རྟེན་གྱི་ཁམས་སུ་དོང་སྟེ། ཕྱིར་འོངས་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བླ་གོས་ཕྲག་པ་ཅིག་ལ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐམ་མོ་སྦྱར་བས་ བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འཛུམ་པ་མྱི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གང་གའི་ལྷ་མོ་ཞེས་བྱ་བའི་སྲིང་མོ་འདི་མ་འོངས་པའི་དུས་ན། དཔེ་སྐར་ མ་ལྟ་བུ་ཞེས་བྱ་བའི་བསྐལ་པ་ལ། གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགའ་ བོ་བུད་མྱེད་འདི་བུད་མྱེད་ཀྱི་ལུས་ཀྱི་ཐ་མ་ཡིན་ཏེ། དགའ་བོ་སྲིང་མོ་འདི་བུད་མེད་ཀྱི་ལུས་རྗེས་ཏེ། སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མྱི་སྒུལ་བའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ཏེ། དེར་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་རོ། །དགའ་བོ་བྱང་ཆུབ་ 26-1-241b སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མྱིང་ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་ཏེ། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་ནས་ཤི་ འཕོས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མྱི་འབྲལ་བར་འགྱུར་རོ། །དགའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ ལོས་སྒྱུར་བའི་རྒྱལ་པོ་ཁང་པ་ནས་ཁང་པར་འགྲོ་ཡང་དེ་ནམ་འཚོ་བ་དང་། ནམ་འཆི་བའི་དུས་ཀྱི་བར་དུ་རྐང་པའི་མཐིལ་གཉིས་ཀྱིས་ས་ལ་མྱི་འགྲོའོ། །དགའ་བོ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་གྱི་བར་དུ། སངས་རྒྱས་ཀྱི་ཞིང་ནས་ སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ སྙེད་ཅིག་འདུས་པར་འགྱུར་བ་དག་ནི་དེ་བཞིན་གཤེགས་པའི་ཚོགས་སུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་དེ་དེ་བཞིན་ཏེ། ཇི་ལྟར་ཡོངས་སུ་རྟོག་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་སངས་རྒྱས་ཀྱི་ཞིང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུ་བར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པ་ 26-1-242a འདུས་པར་བལྟ་སྟེ། དེའི་དགེ་སློང་གི་དགེ་འདུན་ཡང་ཚད་ཟིན་པར་མྱི་འགྱུར་རོ། །དེའི་དགེ་སློང་གི་དགེ་འདུན་ལ་ཉན་ཐོས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ ཐོས་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཕྲག་ནི་འདི་སྙད་ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་ཕྲག་ནི་འདི་སྙད་ཅིག་ ཡོད་དོ། །ཉན་ཐོས་བྱེ་བ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཁྲག་ཁྲིག་ནི་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ ཡོད་དོ། །ཞེས་དགེ་སློང་གི་དགེ་འདུན་དེའི་ཚད་བཟུང་བར་མྱི་ནུས་ཏེ། གཞན་དུ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་གཞལ་དུ་མྱེད་པར་འགྱུར་རོ། །དགའ་བོ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པའི་སངས་རྒྱས་པའི་ཞིང་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟན་པའི་སྐྱོན་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་དོ། །དགའ་བོས་གསོལ་པ། བཅོམ་ ལྡན་འདས་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཞིག་ལ་མཆོད་པ་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་དེ། སླར་མྱི་ལྡོག་པའི་སེམས་ བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་སྲིང་མོ་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མྱེ་མཛད་ཀྱི་དྲུང་དུ་དགེ་ 26-1-242b བའི་རྩ་བ་བསྐྱེད་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མྱེ་མཛད་དེ་ལ་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་དུ་གཉེར་བའི་ཕྱིར་གསེར་གྱི་མྱེ་ཏོག་ཉིད་ ཀྱིས་གཏོར་ཏོ། །དགའ་བོ་ངས་གང་གིས་ཚེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཏུ་གཉེར་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་ མེ་མཛད་ལ་ཨུད་པ་ལ་ལྔ་གཏོར་བ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ནས། ང་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེའི་ཚེ་སྲིང་མོ་འདིས་ང་ལུང་བསྟན་པ་དེ་ཐོས་ནས། འདི་སྙམ་དུ་བདག་ཀྱང་ཇི་ལྟར་བྲམ་ཟེའི་ཁྱེའུ་འདི་ལུང་བསྟན་པ་དེ་བཞིན་དུ། བརྩོམ་པའི་དུས་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཅིག །ཅེས་སེམས་བསྐྱེད་དེ། དགའ་བོ་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་དེའི་དྲུང་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དེ། དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་ནི་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། ། 26-1-243a དགའ་བོ་སྲིང་མོ་འདི་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། གང་ག་ལྷ་མོའི་ ལེའུ་སྟེ་བཞི་བཅུ་བཞིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པ་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མྱེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མྱེད་པ་ལ་ཡོངས་ སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་བཞག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་བཞག་པ་ རྣམས་བསྒོམ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཡང་དག་པ་སྤོང་བ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་དབང་པོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དབང་པོ་རྣམས་བསྒོམ་པར་བགྱི། ཇི་ལྟར་ སྟོབས་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། 26-1-243b ཇི་ལྟར་འཕགས་པའི་བདེན་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་བསམ་གཏན་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བསམ་གཏན་རྣམས་བསྒོམ་པར་བགྱི། ཇི་ལྟར་ཚད་མྱེད་པ་རྣམས་ ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཚད་མྱེད་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི་ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་བསྒོམ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་བསྒོམ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་མྱི་འཇིགས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། 26-1-244a ཇི་ལྟར་མྱི་འཇིགས་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་བསྒོམ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་བསྒོམ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་ཤེས་ སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བ་སྟོང་ཞེས་བྱ་བར་བརྟག་ པར་བྱའོ། །སྣ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །སྒྲ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དྲི་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རེག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་སྟོང་ ཞེས་བྱ་བར་བརྟག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་ 26-1-244b བརྟག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་ པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེའི་འདུས་ ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆུའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱེའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རླུང་གི་ ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནམ་མཁའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མ་རིག་པ་སྟོང་ཞེས་བྱ་བར་བརྟག་ པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིང་དང་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བར་བརྟག་ 26-1-245a པར་བྱའོ། །རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྲེད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལེན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། སྲིད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྒ་ཤི་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་ བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་ བྱའོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆེན་པོ་སྟོང་པ་ ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་ 26-1-245b པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དབང་པོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བསམ་གཏན་རྣམས་སྟོང་ ཞེས་བྱ་བར་བརྟག་པར་བྱའོ། །ཚད་མྱེད་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཐར་པ་རྣམས་སྟོང་ ཞེས་བྱ་བར་བརྟག་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱི་འཇིགས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་ 26-1-246a བྱའོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདོད་པའི་ཁམས་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་མྱེད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་ཡང་ཅི་ནས་ཀྱང་དེ་ལྟར་བརྟགས་ན་སེམས་གཡེང་བར་མྱི་འགྱུར་བ་དེ་ ལྟར་བརྟག་པར་བྱའོ། །དེ་སེམས་མྱི་གཡེང་བ་དང་ལྡན་པས་ཆོས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བར་མངོན་དུ་མྱི་བྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབས་པས། ཆོས་གང་ལ་ཡང་རིས་སུ་ཆད་ པར་མྱི་བྱེད་དེ། གང་མངོན་ཏུ་མྱེད་པ་དང་གང་མངོན་དུ་བྱ་བ་དང་། གང་གིས་མངོན་ཏུ་བྱ་བའི་ཆོས་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་ཀྱིས་ གསོལ་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པའི་ཆོས་རྣམས་མངོན་ཏུ་མྱི་བྱའོ། །ཞེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ། སྟོང་པ་ཉིད་མངོན་དུ་མྱི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟོག་ཏེ། མངོན་མསུ་ཏུ་མྱི་བྱེད་དོ། །མངོན་ཏུ་བྱའོ། ། 26-1-246b སྙམ་དུ་མྱི་རྟོག་གོ། །མངོན་ཏུ་བྱ་བའི་དུས་མབ་ཡིན་ནོ་ཞེས་བྱ་བར་མི་རྟོག་ཏེ། ཡོངས་སུ་འདྲིས་པར་བྱ་བར་རྟོག་ཅིང་། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། འདི་ནི་མངོན་ཏུ་བྱ་བའི་ དུས་མ་ཡིན་ནོ་ཞེས་བྱ་བར་རྟོག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམྱིགས་པ་ལ་འདོགས་ཏེ། དེས་ བར་མ་དོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཉམ་པར་མྱི་འགྱུར་ཏེ། ཟག་པ་ཟད་པ་ཡང་མངོན་ཏུ་མྱི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཡེ་ཤེས་རླབས་པོ་ཆེ་དང་ལྡན་པ་སྟེ། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང་ འདི་ལྟར་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཏེ། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས། འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་དུས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་དུས་སོ། །འདི་ནི་ཡང་དག་པར་སྤོང་བ་བསྒོམ་པའི་དུས་སོ། །འདི་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་དུས་སོ། ། 26-1-247a འདི་ནི་དབང་པོ་བསྒོམ་པའི་དུས་སོ། །འདི་ནི་སྟོབས་བསྒོམ་པའི་དུས་སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་དུས་སོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་ པའི་དུས་སོ། །འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པའི་དུས་སོ། །འདི་ནི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་ ཏིང་ངེ་འཛིན་ཐོབ་པར་བྱ་བའི་དུས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཐོབ་པར་བྱ་བའི་དུས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་མྱི་ འཇིགས་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་བྱ་བའི་དུས་ སོ། །འདི་ནི་བྱམས་པ་ཆེན་པོ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་དུས་ཡིན་ཏེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་དགྲ་བཅོམ་པའི་འབྲས་ བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་དུས་མ་ཡིན་ཏེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ ཡོངས་སུ་མྱི་བཏང་བའི་དུས་སོ། །ཞེས་བྱ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ 26-1-247b ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྟོང་པ་ཉིད་ཀྱི་རྣམ་པར་སྤྱོད་པ་ཡིན། མཚན་མ་མྱེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་ མཚན་མ་མྱེད་པས་རྣམ་པར་སྤྱོད་པ་ཡིན། སྨོན་པ་མྱེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྨོན་པ་མྱེད་པས་རྣམ་པར་སྤྱོད་པ་ཡིན། དྲན་པ་ཉེ་བར་གཞག་པ་ རྣམས་བསྒོམ་ཞིང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་བསྒོམ་ཞིང་། ཡང་དག་པར་སྤོང་བ་རྣམས་ཀྱིས་རྣམ་ པར་སྤྱོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་ཞིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། དབང་པོ་རྣམས་ལ་བསྒོམ་ཞིང་། དབང་ པོ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། སྟོབས་རྣམས་ལ་བསྒོམ་ཞིང་། སྟོབས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསྒོམ་ཞིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམ་ཡང་མངོན་པར་མྱི་བྱེད་པ་ཡིན། རབ་འབྱོར་དེ་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་མྱི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་ 26-1-248a མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་མངོན་དུ་མྱི་བྱེད་དོ། །རང་བྱང་ཆུབ་མངོན་དུ་མྱི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ ན། སྐྱེས་བུ་ཞིག་དཔའ་ཞིང་མཆོག་ཏུ་རྩལ་ཆེ་ལ་ཤིན་ཏུ་བསྟན་ཞིང་གཟུགས་མཛེས་ལ་བྱད་བཞིན་བཟང་ཞིང་བལྟ་ན་སྡུག་པ་ཁ་དོག་བཟང་པོ་མཆོག་ཏུ་རྒྱས་པ་དང་། ལྡན་པ་ འཕོང་རྩལ་མཆོག་ཏུ་བྱང་བ་མཚོན་ཆ་སྲ་བ་ཐོགས་པ། སྒྱུ་རྩལ་དྲུག་བཅུ་རྩ་བཞི་པོ་ཐམས་ཅད་ཡོངས་སུ་རྫོགས་པ། བཟོའི་གནས་དང་། ལས་ཀྱི་གནས་ཐམས་ཅད་ རྟོགས་པར་རིག་པ། འགྲོ་བ་མང་པོའི་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། བྱ་བ་གང་དང་གང་རྩོམ་ཡང་ཐམས་ཅད་དུ་རྙེད་པ་ཆེན་པོ་དང་ལྡན་ཏེ། རྙེད་པ་དེས་སྐྱེ་བོ་མང་པོ་ ལ་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད། དེ་ཤིན་ཏུ་དགའ་ཞིང་སྤྲོ་བ་དང་ཉམས་དགའ་བ་དང་། ཡིད་བདེ་ནས་དགོས་པ་ཞིག་གི་ཕྱིར། ཕ་མ་དང་བུ་དང་ཆུང་མ་དག་ཁྲིད་དེ། འབྲོག་དགོན་པ་བྱིས་པ་རྣམས་འཇིགས་ཤིང་། སྐྱི་གཡའ་བར་སོང་སྟེ། སྐྱེས་བུ་དེས་དེར་ཕྱིན་ནས། ཕ་མ་དང་བུ་དང་ཆུང་མ་ལ་ མྱི་འཇིགས་པ་བྱིན་ཏེ། འཇིགས་པར་མ་བྱེད་མ་འཇིགས་ཤིག །བདག་གིས་ཁྱེད་འབྲོག་དགོན་བ་འཇིགས་ཤིང་ཉམས་མྱི་བདེ་བ་འདི་ལས་མྱུར་ངུ་གདོན་ཅིང་མྱུར་དུ་ཐར་པར་བྱའོ་ཞེས་མྱི་ འཇིགས་པ་བྱིན་ཏེ། འབྲོག་དགོན་པ་དེར་སྐྱེས་བུ་དེ་ལ་གསོད་པའི་དགྲ་ཕྱིར་རྒོལ་བ་མང་པོ་ཉེ་བར་གྱུར་ནས་སྐྱེས་བུ་དེ་ཡང་ཤེས་རབ་ཀྱི་མཐུ་དམ་པ་དང་ལྡན་པར་གྱུར་ཏེ། 26-1-248b དེས་ཕ་མ་དང་བུ་དང་ཆུང་མ་དག་འབྲོག་དགོན་པ་དེ་ནས་བརྟོན་ཏེ། བདེ་ཞིང་ཉོན་མ་མོངས་པར་ཐར་པར་བྱས་ནས། ཕྱིར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ཀྱི་ མདབ་དུ་མ་སྣད་མ་ཉམས་པར་ཕྱིན་ནས། དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། དགྲ་ཕྱིར་རྒོལ་བའི་སེམས་ཅན་དེ་དག་ལ་ཡང་སེམས་ཀྱིས་སྡང་བར་མྱི་བྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། སྐྱེས་བུ་དེས་སྒྱུ་རྩལ་ཐམས་ཅད་ལ་བྱང་བར་བྱས་པས། དེས་འབྲོག་དགོན་པ་དེའི་དགྲ་ཕྱིར་རྒོལ་བ་དེ་དག་བས་ཕྱིར་རྒོལ་བ་གཞན་ཆེས་ཆེ་བ་ཆེས་མང་བ་ཆེས་དཔའ་བ། ཆེས་མཚོན་སྲ་བ་དང་ ལྡན་པ་དག་སྤྲུལ་ཏེ། ཕྱིར་རྒོལ་བ་དེ་དག་ཐམས་ཅད་འཇིགས་པ་དེ་མྱེད་པར་གྱུར་ནས། སྐྱེས་བུ་དེས་ཕ་མ་དང་། བུ་དང་ཆུང་མ་དེ་དག་ཉོན་མ་མོངས་པར་ཐར་པར་ བྱས་ནས། བདེ་བར་རྣམ་པར་སྤྱོད་པ་ཞིག་ཡོད་ན། རབ་འབྱོར་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་ཐམས་ཅད་བྱམས་ པར་དམྱིགས་པའི་སེམས་དང་། སྙིང་རྗེར་དམྱིགས་པའི་སེམས་དང་། དགའ་བར་དམྱིགས་པའི་སེམས་དང་། བཏང་སྙོམས་སུ་དམྱིགས་པའི་སེམས་ཀྱིས་ཁྱབ་པར་ བྱས་ནས་གནས་ཏེ། དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མྱེད་པ་བཞི་ལ་གནས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། ། ཡོངས་སུ་རྫོགས་པར་བྱས་ནས་ཟག་པ་ཟད་པ་མ་ཐོབ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། 26-1-249a མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དེ། དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མཚན་མ་ཡང་རྣམ་པར་མྱི་སྤྱོད། མཚན་མ་མྱེད་པའི་ཏིང་ངེ་འཛིན་མངོན་ཏུ་བྱས་པས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ ལྟ་བུ་ཡང་མངོན་ཏུ་མྱི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མདབ་ཆགས་བྱ་ནི་བར་སྣང་ན་རྒྱུ་ཞིང་ས་ལ་མྱི་ལྟུང་སྟེ། ནམ་མཁའ་བར་སྣང་ལ་གནས་ཀྱང་དེ་ལ་གནས་པ་མྱེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྟོང་པ་ཉིད་ལ་ཡང་རྣམ་པར་སྤྱོད། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ ཡོངས་སུ་འདྲིས་པར་བྱེད་ཅིང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་ཡང་རྣམ་པར་སྤྱོད་དེ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་མངོན་དུ་བྱ་བས་དེ་བཞིན་གཤེགས་པའི་སྟོབས་ བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་པར་ཉན་ཐོས་ ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་ཡང་མངོན་ཏུ་མྱི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་དག་ལ་སྤྱད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རབ་འབྱོར་འདི་ ལྟ་སྟེ་དཔེར་ན། སྐྱེས་བུ་མཐུ་དང་ལྡན་པ་འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ་འཕོང་རྩལ་བསླབ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་ལ། དེས་མདའ་ཞིག་གནམ་དུ་འཕངས་ཏེ། མདའ་དེ་གནམ་དུ་འཕངས་ 26-1-249b ནས་མདའ་གཞན་ཞིག་གཅིག་ནས་གཅིག་ཏུ་བརྒྱུད་དུ་འཕངས་པས། མདའ་སྔ་མ་དེ་ས་ལ་ལྟུང་དུ་མ་བཅུག་སྟེ། ཇི་སྲིད་དུ་སྐྱེས་བུ་དེས་ད་ནི་མདའ་འདི་ས་ལ་ལྟུང་བར་བྱའོ་སྙམ་དུ་འདོད་པར་མ་བྱས་པ་ དེ་སྲིད་དུ་མདའ་དེ་ས་ལ་མྱི་ལྟུང་སྟེ། ནམ་མདའ་དེ་ཕྱི་མ་མ་འཕངས་དེའི་ཚེ། མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ས་ལ་བརྟག་གོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་ མ་གྱུར་པ་དེ། དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་མངོན་ཏུ་མྱི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ན། ཡང་དག་ པའི་མཐའ་དམ་པ་མངོན་ཏུ་བྱེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་དེ་དག་གི་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་ པར་བྱའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ། ཡང་དག་པའི་མཐའ་ལ་སློབ་པ། དེ་བཞིན་ཉིད་ལ་སློབ་པ། ཆོས་ཀྱི་དབྱིངས་ ལ་སློབ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་པ། དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་པ། རང་བཞིན་སྟོང་པ་ཉིད་ལ་སློབ་པ། ཆོས་ ཐམས་ཅད་སྟོང་པ་ཉིད་ལ་སློབ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང་བར་མ་དོར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མྱི་ 26-1-250a འགྱུར་བ་ནི་དཀའ་བ་བགྱིད་པ་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ཤིན་ཏུ་གོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་ བཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟ་བུར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་བ་སྟེ། དམ་པ་མ་ཡིན་པའི་ཆོས་ལ་གནས་པ་འདི་དག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱའོ་ཞེས་དེ་ལྟ་བུའི་སེམས་མངོན་པར་སྒྲུབ་ཅིང་། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ མཁས་པ་དང་ལྡན་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་། རྣམ་པར་ཐར་པའི་ སྒོ་སྨོན་པ་མྱེད་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དེའི་ཚེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་པར་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་ པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་ 26-1-250b སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་ པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་ བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། གནས་ཟབ་མོ་དེ་དག་ལ་བརྟག་པར་འདོད་པར་གྱུར་ན། དེས་འདི་ལྟར་འདི་སྙམ་དུ་སེམས་ཅན་འདི་དག་ནི་ ཡུན་རིང་པོ་ཞིག་ནས་བདག་དུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། འགྲོ་བར་འདུ་ཤེས་པ་དང་། གསོ་བར་འདུ་ཤེས་པ་དང་། སྐྱེས་བུར་འདུ་ ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ཅན་དུ་འདུ་ཤེས་པ་དང་། ཤེད་བདག་ཏུ་འདུ་ཤེས་པ་དང་། བྱེད་པ་པོར་འདུ་ཤེས་པ་དང་། ཚོར་བ་པོར་འདུ་ཤེས་པ་ དང་། ཚོར་དུ་འཇུག་པ་པོར་འདུ་ཤེས་པས་དམྱིགས་པ་ལ་སྤྱོད་ཀྱི་དེ་དག་གི་དམྱིགས་པ་སྤང་བའི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་ པར་བྱའོ་སྙམ་དུ་སེམས་མངོན་པར་སྒྲུབ་པར་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་ པར་འཇུག་ཀྱང་ཡང་དག་པའི་མཐའ་གང་མངོན་ཏུ་བྱས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ 26-1-251a འཐོབ་པ་དང་། དགྲ་བཅོམ་པ་ཉིད་འཐོབ་པ་དང་། རང་བྱང་ཆུབ་འཐོབ་པར་འགྱུར་བ་མངོན་ཏུ་མྱི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ བསྐྱེད་པ་དེ་དང་། དགེ་བའི་རྩ་བ་དེ་དག་དང་། ཐབས་མཁས་པ་དང་ལྡན་པ་ནི་བར་མ་དོར་ཡང་དག་པའི་མཐའ་ཡང་མངོན་ཏུ་མྱི་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་ པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དོན་ དམ་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་ པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དོར་བ་ 26-1-251b མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རང་གི་ མཚན་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་ པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དྲན་པ་ ཉེ་བར་གཞག་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །དབང་པོ་ལྔ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སྟོབས་ལྔ་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཀྱང་ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མངོན་ པར་ཤེས་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཡོངས་སུ་འགྲིབ་ 26-1-252a པར་མྱི་འགྱུར་རོ། །མྱི་འཇིགས་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བྱམས་པ་ ཆེན་པོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ རྣམས་དང་ལྡན་པ་ཡིན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡོངས་སུ་འགྲིབ་པར་མྱི་འགྱུར་ཏེ། ཐབས་མཁས་པས་ཡོངས་ སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་ཞིང་དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ ལྟ་བུ་མ་ཡིན་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་སྟེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ་ རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་དག་གི་ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཅི་ནས་ཀྱང་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། སྡུག་ཅེས་བྱ་ 26-1-252b བའི་ཡོངས་སུ་སྒྱུ་བ་མྱེད་པར་ཆོས་བསྟན་པར་བྱའོ་སྙམ་སྟེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པར། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་ཏུ་མྱི་བྱེད་དོ། །དེའི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་ཏུ་མྱི་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམྱིགས་པ་ལ་སྤྱོད་སྤྱོད་པ་སྟེ། བདག་ཅེས་བྱ་བ་འམ། སེམས་ཅན་ཞེས་བྱ་འམ། སྲོག་ཅེས་བྱ་བ་འམ། འགྲོ་བ་ཞེས་བྱ་བ་ འམ། གསོའ་བ་ཞེས་བྱ་བ་འམ། སྐྱེས་བུ་ཞེས་བྱ་བ་འམ། གང་ཟག་ཅེས་བྱ་བ་འམ། ཤེད་ཅན་ཞེས་བྱ་བ་འམ། ཤེད་བདག་ཅེས་བྱ་བ་འམ། བྱེད་པ་པོ་ཞེས་བྱ་བ་ འམ། ཚོར་བ་པོ་ཞེས་བྱ་བ་འམ། ཤེས་པ་པོ་ཞེས་བྱ་བ་འམ། མཐོང་པ་པོ་ཞེས་བྱ་བ་འམ། གཟུགས་ཤེས་བྱ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། 26-1-253a འདུ་བྱེད་ཅེས་བྱ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། ཕུང་པོ་ཞེས་བྱ་བ་འམ། ཁམས་ཤེས་བྱ་བ་འམ། སྐྱེ་མཆེད་ཅེས་བྱ་བ་འམ། རྟེན་ཅིང་འབྲེལ་བར་འབྱུང་ བ་ཞེས་བྱ་བ་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ནང་སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་ སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་འམ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་འམ། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་འམ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་ བ་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དྲན་ པ་ཉེ་བར་གཞག་པ་རྣམས་ཤེས་བྱ་བ་འམ། ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བ་འམ། དབང་པོ་རྣམས་ཤེས་བྱ་བ་འམ། སྟོབས་ 26-1-253b རྣམས་ཤེས་བྱ་བ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་བྱ་བ་འམ། འཕགས་པའི་བདེན་པ་རྣམས་ཤེས་བྱ་བ་འམ། བསམ་གཏན་རྣམས་ཤེས་བྱ་བ་འམ། ཚད་མྱེད་པ་རྣམས་ཤེས་བྱ་བ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་པ་རྣམས་ཤེས་བྱ་བ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤེས་བྱ་བ་འམ། མངོན་པར་ཤེས་ པ་རྣམས་ཤེས་བྱ་བ་འམ། ཏིང་ངེ་འཛིན་རྣམས་ཤེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་ཤེས་བྱ་བ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཤེས་བྱ་བ་འམ། མྱི་འཇིགས་པ་ རྣམས་ཤེས་བྱ་བ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཤེས་བྱ་བ་འམ། བྱམས་པ་ཆེན་པོ་ཞེས་བྱ་བ་འམ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤེས་ བྱ་བར་དམྱིགས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ དམྱིགས་པའི་ཉེས་པ་དེ་དག་མྱེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་ པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་ 26-1-254a མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་པ་སྟེ། བུད་མྱེད་ཀྱི་མཚན་མ་འམ། སྐྱེས་པའི་ མཚན་མ་འམ། གཟུགས་ཀྱི་མཚན་མ་འམ། ཚོར་བའི་མཚན་མ་འམ། འདུ་ཤེས་ཀྱི་མཚན་མ་འམ། འདུ་བྱེད་ཀྱི་མཚན་མ་འམ། རྣམ་པར་ཤེས་པའི་མཚན་མ་འམ། མྱིག་གི་མཚན་མ་ འམ། རྣ་བའི་མཚན་མ་འམ། སྣའི་མཚན་མ་འམ། ལྕེའི་མཚན་མ་འམ། ལུས་ཀྱི་མཚན་མ་འམ། ཡིད་ཀྱི་མཚན་མ་འམ། གཟུགས་ཀྱི་མཚན་མ་འམ། སྒྲའི་མཚན་མ་འམ། དྲིའི་མཚན་མ་འམ། རོའི་མཚན་མ་འམ། རེག་གི་མཚན་མ་འམ། ཆོས་ཀྱི་མཚན་མ་འམ། མྱིག་གི་རྣམ་པར་ཤེས་པའི་མཚན་མ་འམ། རྣ་བའི་རྣམ་པར་ཤེས་པའི་མཚན་མ་འམ། སྣའི་རྣམ་པར་ཤེས་པའི་མཚན་མ་འམ། ལྕེའི་རྣམ་པར་ཤེས་པའི་མཚན་མ་འམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་མ་འམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མ་འམ། མྱིག་གི་འདུས་ཏེ་ རེག་པའི་མཚན་མ་འམ། རྣ་བའི་འདུས་ཏེ་རེག་པའི་མཚན་མ་འམ། སྣའི་འདུས་ཏེ་རེག་པའི་མཚན་མ་འམ། ལྕེའི་འདུས་ཏེ་རེག་པའི་མཚན་མ་འམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་མ་འམ། 26-1-254b ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའི་མཚན་མ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་མཚན་མ་འམ། སའི་ཁམས་ཀྱི་མཚན་མ་འམ། ཆུའི་ཁམས་ཀྱི་མཚན་མ་འམ། མྱེའི་ཁམས་ཀྱི་མཚན་མ་འམ། རླུང་གི་ཁམས་ཀྱི་མཚན་མ་འམ། ནམ་མཁའི་ཁམས་ཀྱི་ མཚན་མ་འམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་འམ། མ་རིག་པའི་མཚན་མ་འམ། འདུ་བྱེད་ཀྱི་མཚན་མ་འམ། རྣམ་པར་ཤེས་པའི་མཚན་མ་འམ། མྱིང་དང་གཟུགས་ཀྱི་མཚན་མ་ འམ། སྐྱེ་མཆེད་དྲུག་གི་མཚན་མ་འམ། རེག་པའི་མཚན་མ་འམ། ཚོར་བའི་མཚན་མ་འམ། སྲེད་པའི་མཚན་མ་འམ། ལེན་པའི་མཚན་མ་འམ། སྲིད་པའི་མཚན་མ་འམ། སྐྱེ་བའི་མཚན་མ་ འམ། རྒ་ཤིའི་མཚན་མ་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། ནང་སྟོང་པ་ཉིད་ཀྱི་མཚན་ མ་འམ། ཕྱི་སྟོང་པ་ཉིད་ཀྱི་མཚན་མ་འམ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་མ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་མ་འམ། དོན་དམ་པ་སྟོང་པ་ཉིད་ཀྱི་ 26-1-255a མཚན་མ་འམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་མ་འམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་མ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་ཀྱི་མཚན་མ་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་མ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་མ་འམ། རང་གི་མཚན་ཉིད་སྟོང་ པ་ཉིད་ཀྱི་མཚན་མ་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། དྲན་པ་ཉེ་བར་གཞག་པའི་མཚན་མ་འམ། ཡང་དག་པར་སྤོང་བའི་མཚན་མ་འམ། རྫུ་འཕྲུལ་གྱི་རྐང་པའི་མཚན་མ་འམ། དབང་པོའི་མཚན་མ་འམ། སྟོབས་ཀྱི་མཚན་མ་འམ། བྱང་ཆུབ་ཀྱི་ཡན་ལག་གི་མཚན་མ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་འམ། འཕགས་པའི་བདེན་པའི་མཚན་མ་འམ། བསམ་གཏན་གྱི་ མཚན་མ་འམ། ཚད་མྱེད་པའི་མཚན་མ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་མཚན་མ་འམ། རྣམ་པར་ཐར་པའི་མཚན་མ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་ མཚན་མ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མཚན་མ་འམ། མངོན་པར་ཤེས་པའི་མཚན་མ་འམ། ཏིང་ངེ་འཛིན་གྱི་མཚན་མ་འམ། གཟུངས་ ཀྱི་སྒོའི་མཚན་མ་འམ། དེ་བཞིན་གཤེགས་པའི་སྟོབས་ཀྱི་མཚན་མ་འམ། མྱི་འཇིགས་པའི་མཚན་མ་འམ། སོ་སོ་ཡང་དག་པར་རིག་པའི་མཚན་མ་འམ། བྱམས་པ་ཆེན་པོའི་མཚན་མ་ 26-1-255b འམ། སྙིང་རྗེ་ཆེན་པོའི་མཚན་མ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཚན་མ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་མ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་མ་འམ། ཕྱིར་མྱི་འོང་བའི་འབྲས་བུའི་མཚན་མ་འམ། དགྲ་བཅོམ་པ་ཉིད་ཀྱི་མཚན་མ་འམ། རང་བྱང་ཆུབ་ཀྱི་མཚན་མ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་མ་འམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་མཚན་མ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ ཉེས་པ་དེ་དག་མྱེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་སྔོན་དུ་མྱི་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། 26-1-256a འཁོར་ལོས་སྒྱུར་བ་ལ་མངོན་པར་དགའ་འོ། །གཟུགས་ལ་མངོན་པར་དགའོ། །ཚོར་བ་ལ་མངོན་པར་དགའོ། །འདུ་ཤེས་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་པར་དགའོ། ། རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མྱིག་ལ་མངོན་པར་དགའོ། །རྣ་བ་ལ་མངོན་པར་དགའོ། །སྣ་ལ་མངོན་པར་དགའོ། །ལྕེ་ལ་མངོན་པར་དགའོ། །ལུས་ལ་མངོན་པར་དགའོ། །ཡིད་ལ་མངོན་ པར་དགའོ། །གཟུགས་ལ་མངོན་པར་དགའོ། །སྒྲ་ལ་མངོན་པར་དགའོ། །དྲི་ལ་མངོན་པར་དགའོ། །རོ་ལ་མངོན་པར་དགའོ། །རེག་ལ་མངོན་པར་དགའོ། །ཆོས་ལ་མངོན་པར་དགའོ། །མྱིག་ གི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །སྣའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལུས་ཀྱི་ རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མྱིག་གི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །སྣའི་ འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །མྱིག་ གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། ། 26-1-256b སའི་ཁམས་ལ་མངོན་པར་དགའོ། །ཆུའི་ཁམས་ལ་མངོན་པར་དགའོ། །མྱེའི་ཁམས་ལ་མངོན་པར་དགའོ། །རླུང་གི་ཁམས་ལ་མངོན་པར་དགའོ། །ནམ་མཁའི་ཁམས་ལ་མངོན་པར་དགའོ། རྣམ་པར་ཤེས་པའི་ཁམས་ལ་མངོན་པར་དགའོ། །མ་རིག་པ་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་པར་དགའོ། །རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མྱིང་དང་གཟུགས་ལ་མངོན་པར་དགའོ། ། སྐྱེ་མཆེད་དྲུག་ལ་མངོན་པར་དགའོ། །རེག་པ་ལ་མངོན་པར་དགའོ། །ཚོར་བ་ལ་མངོན་པར་དགའོ། །སྲེད་པ་ལ་མངོན་པར་དགའོ། །ལེན་པ་ལ་མངོན་པར་དགའོ། །སྲིད་པ་ལ་མངོན་པར་དགའོ། ། སྐྱེ་བ་ལ་མངོན་པར་དགའོ། །རྒ་ཤི་ལ་མངོན་པར་དགའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ལ་མངོན་པར་དགའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ མངོན་པར་དགའོ། །ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། ། ཆེན་པོ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །འདུས་བྱས་སྟོང་པ་ཉིད་ལ་མངོན་པར་དགའོ། །འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་དགའོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །རང་བཞིན་སྟོང་པ་ཉིད་ལ་མངོན་ 26-1-257a པར་དགའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་དགའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དངོས་པོ་མྱེད་པ་སྟོང་པ་ ཉིད་ལ་མངོན་པར་དགའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་དགའོ། །ཡང་དག་པར་སྤོང་ བ་རྣམས་ལ་མངོན་པར་དགའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་དགའོ། །དབང་པོ་རྣམས་ལ་མངོན་པར་དགའོ། །སྟོབས་རྣམས་ལ་མངོན་པར་དགའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ མངོན་པར་དགའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་དགའོ། །འཕགས་པའི་བདེན་པ་རྣམས་ལ་མངོན་པར་དགའོ། །བསམ་གཏན་རྣམས་ལ་མངོན་པར་དགའོ། །ཚད་ མྱེད་པ་རྣམས་ལ་མངོན་པར་དགའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་དགའོ། །རྣམ་པར་ཐར་པ་རྣམས་ལ་མངོན་པར་དགའོ། །མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ལ་མངོན་པར་དགའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་དགའོ། །མངོན་པར་ཤེས་པ་རྣམས་ལ་མངོན་པར་དགའོ། ། ཏིང་ངེ་འཛིན་རྣམས་ལ་མངོན་པར་དགའོ། །གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་དགའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་དགའོ། །མྱི་འཇིགས་པ་རྣམས་ལ་མངོན་པར་ དགའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་མངོན་པར་དགའོ། །བྱམས་པ་ཆེན་པོ་ལ་མངོན་པར་དགའོ། །སྙིང་རྗེ་ཆེན་པོ་ལ་མངོན་པར་དགའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ 26-1-257b མངོན་པར་དགའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མངོན་པར་དགའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །དགྲ་ བཅོམ་པ་ཉིད་ལ་མངོན་པར་དགའོ། །རང་བྱང་ཆུབ་ལ་མངོན་པར་དགའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་དགའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་དགའོ། །དེ་ལྟ་ བས་ན་དེ་དག་གི་དོན་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་སྨོན་ལམ་གྱི་ཉེས་པ་དེ་དག་མྱེད་པར་འགྱུར་ བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་ རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་ དག་པའི་མཐའ་ཡང་མངོན་ཏུ་མྱི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། 26-1-258a བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་ པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་ རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་ རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་རྣམས་ལ་སྤྱོད་པ་དང་། མཐར་ཀྱིས་ 26-1-258b གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་ དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་ རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་འདྲིས་པར་བྱེད་ཅིང་། དེ་ལྟ་བུའི་ཡེ་ཤེས་མཐོང་ བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་འདུ་བྱ་བ་མྱེད་པར་ལྟུང་བ་འམ། ཁམས་གསུམ་པ་དང་ལྷན་ཅིག་གནས་པའི་གནས་མྱེད་ཅིང་སྐབས་མྱེད་དེ་དེ་ནི་གནས་མ་ཡིན་ནོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་སྤྱད་དེ། ཡོངས་སུ་འདྲིས་པར་བྱས་ནས་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་ གང་རྟོགས་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ ཉིད་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མྱི་བྱེད་ཅིང་། ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་པ་ཡིན། ཇི་ལྟར་ན་མཚན་མ་མྱེད་པ་ཡང་མངོན་ཏུ་མྱི་བྱེད། 26-1-259a སྨོན་པ་མྱེད་པ་ཡང་མངོན་ཏུ་མྱི་བྱེད། མངོན་པར་འདུ་བྱ་བ་མྱེད་པར་ཡང་མངོན་ཏུ་མྱི་བྱེད། སྐྱེ་བ་མྱེད་པ་ཡང་མངོན་དུ་མྱི་བྱེད། དངོས་པོ་མྱེད་པ་ཡང་མངོན་ཏུ་མྱི་བྱེད། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡང་བསྒོམ་པར་བྱ་ཞེས་དྲི་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། བྱང་ཆུབ་སེམས་དཔའ་དག་གིས་དེ་སྐད་དུ་དྲིས་ན། འདི་ལ་ལན་ གློན་ཞིང་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །དེས་མཚན་མ་མྱེད་པ་ཡིད་ལ་བྱའོ། །དེས་སྨོན་པ་མྱེད་པ་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་མྱེད་པ་ཡིད་ལ་བྱའོ། །དེས་སྐྱེ་བ་མྱེད་པ་ཡིད་ལ་བྱའོ། ། དེས་འགག་པ་མྱེད་པ་ཡིད་ལ་བྱའོ། །དེས་དངོས་པོ་མྱེད་པ་ཡིད་ལ་བྱ་བའོ་ཞེས་ཟེར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདྲིས་པར་བྱ་བ་དེ་རྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྐད་དུ་ དྲིས་ན་འདི་སྐད་དུ་ལུང་སྟོན་ཅིང་། དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་མཚན་མ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་སྨོན་པ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་ བྱའོ། །དེས་མངོན་པར་འདུ་བྱ་བ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་སྐྱེ་བ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་དངོས་པོ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། ། 26-1-259b དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །ཞེས་ཟེར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མྱི་བརྗོད་ཅིང་ལུང་མྱི་སྟོན་ལ་རབ་ཏུ་མྱི་འབྱེད་པའི་ཕྱིར་ཏེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་མྱི་རྗོད་པ་དང་། ལུང་མྱི་སྟོན་པ་དང་། རབ་ཏུ་མྱི་འབྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོངས་སུ་འདྲིས་པར་བྱས་ ནས། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མྱི་ལྡོག་པའི་ས་ནོན་པ་ལྟར། བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་རིག་པར་བྱའོ། །གསོལ་པ་ བཅོམ་ལྡན་འདས་གང་གིས་སླར་མྱི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང་། མ་ཐོས་ཀྱང་རུང་སྟེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བ་བཞིན་དུ་ལན་གློན་པའོ། ། གསོལ་པ་བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་ས་འམ། ཡོངས་སུ་སྦྱང་བ་མ་ལགས་ 26-1-260a པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མྱི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་གློན་སྟེ། གང་རྣམ་པ་དེ་ལྟར་ལན་གློན་པ་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་གྱིས་མྱི་འཕྲོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ལྔའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། དེ་ནས་ཡང་བཅོམ་ལྡན་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྨྱི་ལམ་ན་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་འམ། ཁམས་གསུམ་པ་ལ་འདོད་སེམས་མྱི་སྐྱེད། ལེགས་པའི་སེམས་སྐྱེད་ཅིང་། ཆོས་ཐམས་ཅད་རྨྱི་ལམ་དང་འདྲ་བ་ཉིད་ དུ་ལྟ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་ཉིད་དུ། ཆོས་ཐམས་ཅད་སྨྱིག་རྒྱུ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་ བ་ཉིད་དུ་ལྟ་བ་མངོན་ཏུ་མྱི་བྱེད་ན། རབ་འབྱོར་འདི་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ 26-1-260b གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨྱི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞམ་འབྲིང་བརྒྱ་ཕྲག་དུ་མ་དང་། ཞམ་འབྲིང་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བརྒྱ་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་བརྒྱ་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མངའ་བ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོས་ཀུན་ནས་བསྐོར་ཅིང་མདུན་དུ་བྱས་ཏེ་ཆོས་སྟོན་པ་མཐོང་ལ། དེས་ཆོས་དེ་ ཐོས་ནས། ཆོས་དེའི་དོན་ཤེས་པར་བྱའོ་ཞེས་ཆོས་དང་གཉེར་བའི་ཆོས་ལ་ཞུགས་ཤིང་། གནས་པ་དང་འཐུན་པར་ཞུགས་སྟེ། གཉེར་བའི་ཆོས་ལ་སྤྱོད་པ་མཐོང་ན། རབ་འབྱོར་འདི་ཡང་ ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་འཕགས་ཤིང་། དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་ལྡན་པ། འོད་འདོམ་གང་མངའ་བ། རྫུ་འཕྲུལ་དང་། ཆོ་འཕྲུལ་མང་པོ་སྟོན་པ། སྤྲུལ་པ་མང་པོ་སྟོན་པ་མཛད་ཅིང་། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་ 26-1-261a སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་ན་ཡང་གྲོང་བཅོམ་པ་འམ། གྲོང་ཁྱེར་བཅོམ་པ་འམ། མྱེ་ཐར་པ་འམ། གཅན་ཟན་ཁྲོ་བོ་མཐོང་ངམ། དེ་མ་ཡིན་ པའི་རི་དགས་གཏུམ་པོའི་རྣམ་པ་མཐོང་ངམ། མགོ་གཅོད་པར་གྱུར་བ་མཐོང་ངམ། དེ་མ་ཡིན་པའི་འཇིགས་ཤིང་མྱི་བཟད་པ་དང་། སྔང་བར་འགྱུར་བ་མཐོང་ངམ། སྡུག་བསྔལ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་མཐོང་ངམ། བཀྲེས་པ་འམ། བསྐོམ་པ་མཐོང་ངམ། ཕ་ཤི་བ་མཐོང་ངམ། མ་ཤི་བ་མཐོང་ངམ། ཕུ་ནུ་ཤི་བ་མཐོང་ངམ། བུ་སྲིང་ཤི་བ་མཐོང་ངམ། གྲོགས་པོ་འམ་གཉེན་བཤེས་ཤི་བ་མཐོང་ན། མྱ་ངན་དང་། འཇིགས་ཤིང་མྱི་བཟད་པ་དང་སྔང་བར་མྱི་འགྱུར་ལ། རྨྱི་ལམ་དེ་རྨིས་པའི་འོག་ཏུ་སད་ནས་ཀྱང་འདི་སྙམ་སྟེ། ཀྱེ་མ་ཁམས་ གསུམ་པ་འདི་དག་ཀུན་ཀྱང་རྨྱི་ལམ་ལྟ་བུ་སྟེ། བདག་གིས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཁམས་གསུམ་པོའི་ཆོས་ ཐམས་ཅད་རྨྱི་ལམ་ལྟ་བུར་བསྟན་པར་བྱའོ་སྙམ་སྟེ། རབ་འབྱོར་འདི་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཇི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་སངས་རྒྱས་ཀྱི་ཞིང་ན། 26-1-261b ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མྱེད་པར་འགྱུར་བར་རིག་པར་བྱ་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་སེམས་ཅན་དམྱལ་བའི་ སེམས་ཅན་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་མཐོང་ངམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་ན། འདི་ལྟ་བའི་དྲན་པ་འཐོབ་ཅིང་། དྲན་པ་ཐོབ་ནས་འདི་སྙམ་དུ་བདག་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ མྱེད་པར་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྨྱི་ལམ་གང་ཡིན་པ་དང་། རྨྱི་ལམ་གྱི་མཐའ་གང་ཡིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ་སྙམ་ན། རབ་འབྱོར་ འདི་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་རྨྱི་ལམ་འམ། སད་པའི་ཚེ་གྲོང་ཁྱེར་ཚིག་པར་གྱུར་ན། འདི་སྙམ་དུ་བདག་གི་རྨྱི་ལམ་འམ། སད་པའི་ཚེ་རྣམ་པ་གང་དང་ཚུལ་གང་དང་། མཚན་མ་གང་དག་མཐོང་བའི་ཚེ་རྣམ་པ་དང་ཚུལ་ དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་གལ་ཏེ་བདག་ལ་ཡོད་ན། བདེན་པ་དེ་དང་ བདེན་པའི་ཚིག་འདིས་གྲོང་ཁྱེར་མྱེ་ཐར་པ་འདི་ཞི་བར་གྱུར་ཅིག །བསིལ་བར་འགྱུར་ཅིག །མྱེད་པར་གྱུར་ཅིག་སྙམ་དུ་སེམས་ན། གལ་ཏེ་ཞི་བ་དང་བསིལ་བ་དང་མྱེད་པར་གྱུར་ན། རབ་འབྱོར་ 26-1-262a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་ཡང་མྱེའི་ ཕུང་པོ་དེ་བདེན་པའི་ཚིག་དེ་ལས་གལ་ཏེ་ཁྱིམ་ནས་ཁྱིམ་དུ་ཚིག་སྲང་ནས་སྲང་དུ་ཚིག་སྟེ། ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག །སྲང་ལ་ལ་ནི་ཚིག །སྲང་ལ་ལ་ནི་མ་ཚིག་ན། རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་འདི་དག་གི་ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག་པས་ན། སེམས་ཅན་དག་གིས་ཆོས་སྤོང་བའི་ལས་བྱས་པས། དེ་དག་གི་ལས་ ཚེ་འདི་ལ་རྣམ་པར་སྨྱིན་ཏེ། དེ་དག་ཆོས་ལ་བཀུར་བ་དེ་ཉིད་ཀྱི་ལས་ཀྱི་ལྷག་མ་ཡང་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བར་རིག་པར་བྱ་སྟེ། རབ་འབྱོར་འདི་ནི་ཕྱིར་མྱི་སྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་རྒྱུ་དང་རྐྱེན་ཏེ། རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་ གང་དང་ཚུལ་གང་དང་། མཚན་མ་གང་གིས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱ་བའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་བསྟན་ པར་བྱའོ། །རབ་འབྱོར་གལ་ཏེ་བུད་མྱེད་དམ། སྐྱེས་པ་ལ་ལ་ཞིག་མྱི་མ་ཡིན་པས་བྱིན་ཀྱིས་བརླབས་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་གལ་ཏེ་བདག་ སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བདག་གིས་བསམ་པ་ 26-1-262b ཡོངས་སུ་དག་ཅིང་། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡིད་ལ་བྱེད་པ་ཡོངས་སུ་དག་སྟེ། བདག་ལ་ཉན་ཐོས་ཀྱི་སེམས་མྱེད། བདག་ལ་རང་སངས་ རྒྱས་ཀྱི་སེམས་མྱེད་པར། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་པ་དག་ན་ སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ནི་གང་ཅི་ ཡང་མ་མཁྱེན་པ་འམ། མ་གཟིགས་པ་འམ། ཐུགས་སུ་མ་ཆུད་པ་འམ། མངོན་ཏུ་མ་མཛད་པ་འམ། མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡང་མྱེད་དེ། སངས་རྒྱས་བཅོམ་ ལྡན་འདས་དེ་དག་གིས་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བར་བདག་གི་བསམ་པ་ཐུགས་སུ་ཆུད་ཅེ་ན། བདེན་པ་དེ་དང་ བདེན་པའི་ཚིག་དེས་སྐྱེས་པ་འམ། བུད་མྱེད་འདི་མྱི་མ་ཡིན་པ་གང་གིས་བཟུང་བ་འམ། གཙེས་པར་གྱུར་བའི་མྱི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བསམ་སྟེ། སྨྲས་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྐད་དུ་བརྗོད་པར་མྱི་མ་ཡིན་པ་དེ་གུད་དུ་མ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་ 26-1-263a དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར་ གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བརྗོད་པས་མྱི་མ་ཡིན་པ་དེ་གུད་དུ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྔོན་གྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་ དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཐབས་མཁས་པ་དང་མྱི་ལྡན་པ། དྲན་པ་ཉེ་བར་གཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་འཕྲུལ་ གྱི་རྐང་པ་བཞི་ལ་མ་སྤྱད་པ། དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་སྤྱད་པ། འཕགས་པའི་བདེན་པ་བཞི་ལ་མ་སྤྱད་པ། བསམ་གཏན་བཞི་ལ་མ་སྤྱད་པ། ཚད་མྱེད་པ་བཞི་ལ་མ་སྤྱད་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་མ་སྤྱད་པ། རྣམ་པར་ཐར་པ་བརྒྱད་ལ་མ་སྤྱད་པ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ 26-1-263b པ་ལ་མ་སྤྱད་པ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མ་ཆུད་པའི་བདེན་པའི་བྱིན་ཀྱི་རླབས་ཀྱིས་བདུད་སྡིག་ཏོ་ཅན་ཉེ་བར་འོང་ནས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདེན་པའི་བྱིན་ཀྱི་རླབས་ཏེ། བདེན་པ་དང་། བདེན་པའི་ཚིག་གང་གིས་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བདེན་པ་དང་། བདེན་པའི་ཚིག་དེས་མྱི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པ་ལས། བདུད་སྡིག་ཏོ་ཅན་གྱིས་མྱི་མ་ ཡིན་པར་གྱུར་པ་དེ་ཅི་ནས་ཀྱང་གུད་དུ་འགྲོ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་སྡིག་ཏོ་ཅན་ནི་མྱི་མ་ཡིན་པ་དེ་བས་ཆེས་མཐུ་དང་ལྡན་ཞིང་ ཆེས་གཟི་བརྗིད་དང་ལྡན་པས་དེའི་ཕྱིར་བདུད་སྡིག་ཏོ་ཅན་དེའི་བྱིན་གྱི་རླབས་ཀྱིས་མྱི་མ་ཡིན་པ་དེ་གུད་དུ་སོང་བར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། དེ་ལྟར་བདག་གི་མཐུས་མྱི་མ་ཡིན་པ་དེ་གུད་དུ་སོང་ངོ་སྙམ་ནས། བདུད་ཀྱི་མཐུས་མྱི་མ་ཡིན་པ་དེ་གུད་དུ་སོང་བར་ནི་མ་ཤེས་ཏེ། དེ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཞན་དག་ལ་བརྙས་པ་དང་། འཕྱ་བ་དང་འཐིང་སླད་བྱེད་ཅིང་སྨོད་ལ་ཁྱད་དུ་གསོད་ཅིང་། བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱི། འདི་དག་གཞན་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ་ཞེས་ནས། དེ་དེ་ 26-1-264a ཙམ་གྱིས་ང་རྒྱལ་འཕེལ་བར་བྱེད་པ་དང་། ང་རྒྱལ་སྐྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད། བླ་ན་མྱེད་པའི་སངས་རྒྱས་ཀྱི་ཡེ་ཤེས་རིང་དུ་བྱེད་ན། དེ་ལྟར་ཐབས་མྱི་ མཁས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་ཙམ་གྱིས་ལྷག་པའི་ང་རྒྱལ་སྐྱེད་པས་དེས་ས་གཉིས་པོར་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །དེ་ལྟར་ན་ བདེན་པའི་བྱིན་གྱིས་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བདུད་ཀྱི་ལས་འབྱུང་སྟེ། དེ་ལ་དེ་དགེ་བའི་བཤེས་གཉེན་ལ་མྱི་སྙེན་མྱི་སྟེན་ཅིང་མྱི་འགྲོགས་ལ། བསྙེན་བཀུར་མྱི་ བྱེད་ན། དེ་ཉིད་དུ་བདུད་ཀྱི་བཅིངས་པ་དེ་དམ་པོར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ་དང་། ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཏེ། རབ་ འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། དྲན་པ་ཉེ་བར་གཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་ འཕྲུལ་གྱི་རྐང་པ་བཞི་ལ་མ་སྤྱད་པ། དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ 26-1-264b ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མ་སྤྱད་པ། སྐྱོན་མྱེད་པར་མ་ཆུད་པའི་དྲུང་དུ་བདུད་སྡིག་ཏོ་ཅན་མྱིང་གི་བྱིན་ཀྱི་རླབས་ཀྱིས་ཉེ་བར་ འོང་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་ཆ་བྱད་གང་ཡང་རུང་བས་ཉེ་བར་འོངས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། ཁྱོད་ཀྱི་མྱིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕའི་ མྱིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མའི་མྱིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕུ་ནུའི་མྱིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་བུ་སྲིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མཛའ་བོ་དང་སློབ་དཔོན་དང་གཉེན་བཤེས་ ཀྱི་མྱིང་ནི་འདི་ཞེས་བྱའོ་ཞེས་བྱ་བ་ནས། ཕ་མའི་རབས་བདུན་གྱི་ཉེ་བར་སྟོན་ཅིང་། ཁྱོད་ནི་ཡུལ་ཆེ་གེ་མོ་ཞིག་དང་། ཁྱོད་ནི་ཕྱོགས་ཆེ་གེ་མོ་ཞིག་ནས་ཡུལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། ། གྲོང་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གྲོང་རྡལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གལ་ཏེ་ངང་གིས་འཇམ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་འཇམ་པར་གྱུར་ཏོ་ཞེས་ཟེར། གལ་ ཏེ་རྣོ་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་རྣོ་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་དགོན་པ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དགོན་པ་ པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བསོད་སྙོམས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཕྱག་དར་ཁྲོད་པ་ཞིག་ཡིན་ན། 26-1-265a དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཕྱག་དར་ཁྲོད་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་ཕྱིས་མྱི་ལེན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བསོད་ སྙོམས་ཕྱིས་མྱི་ལེན་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་སྟན་ཅིག་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་སྟན་ཅིག་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཇི་ཐོབ་པའི་བསོད་སྙོམས་པ་ ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཇི་ཐོབ་པའི་བསོད་སྙོམས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དུར་ཁྲོད་པར་གྱུར་ ཏོ་ཞེས་ཟེར། གལ་ཏེ་བླ་གབ་མྱེད་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བླ་གབ་མྱེད་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཤིང་དྲུང་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་ སྔོན་ཡང་ཤིང་དྲུང་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཅོག་པུ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཅོག་པུ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་གཞི་ཇི་བཞིན་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཆོས་གོས་གསུམ་པར་གྱུར་ཏོ་ཞེས་ ཟེར། གལ་ཏེ་འདོད་པ་ཆུང་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདོད་པ་ཆུང་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཆོག་ཤེས་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་ སྔོན་ཡང་ཆོག་ཤེས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་དབེན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དབེན་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་རྐང་པ་བསྐུ་བ་དང་བྲལ་བ་ཞིག་ཡིན་ན། 26-1-265b དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་རྐང་པ་བསྐུ་བ་དང་བྲལ་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་སྨྲ་བ་ཉུང་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་སྨྲ་བ་ཉུང་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་འཐབ་པ་ཉུང་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འཐབ་པ་ཉུང་བར་གྱུར་ཏོ་ཞེས་ཟེར། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་རྣམ་པ་འདི་ལྟ་བུའི་སྦྱངས་པའི་ཡོན་ ཏན་ཡོད་པ་ལས་ན། གདོན་མྱི་ཟ་བར་སྔོན་ཡང་སྦྱང་པའི་ཡོན་ཏན་དང་། སྡོམ་པ་བསྟན་པར་རློམ་སེམས་སྐྱེད་པར་དེ་ལྟར་བདུད་སྡིག་ཏོ་ཅན་དེའི་དྲུང་དུ་ཉེ་བར་འོངས་ཤིང་འདི་སྐད་དུ་རིགས་ཀྱི་ བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ལ་ཡོན་ཏན་ཡོད་པ་ཅི་འདྲ་བ་བཞིན་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མྱི་ལྡོག་པར་ལུང་བསྟན་ཏོ་ཞེས་ཟེར་ཞིང་། ཡང་ན་དགེ་སློང་གི་ཆ་བྱད་དུ་ཉེ་བར་འོང་། ཡང་ན་དགེ་སློང་མའི་ཆ་བྱད་དུ་ཉེ་བར་འོང་། ཡང་ན་ཁྱིམ་བདག་གི་ཆ་བྱད་དུ་ཉེ་བར་འོང་། ཡང་ ན་ཕའི་ཆ་བྱད་དུ་ཉེ་བར་འོང་། ཡང་ན་མའི་ཆ་བྱད་དུ་ཉེ་བར་འོང་ཞིང་། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གང་ཇི་ སྙེད་པ་དེ་དག་ཡོད་དོ་ཞེས་ཟེར་ལ། རབ་འབྱོར་ངས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། ཚུལ་དང་མཚན་མ་གང་ 26-1-266a བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མྱེད་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འདི་ནི་བདུད་ཀྱིས་བྱིན་ཀྱིས་བརླབས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་རྣམ་པ་དང་། ཚུལ་དང་མཚན་མ་དེ་དག་ཀྱང་མྱེད་ལ། མྱིང་བསྟན་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བརྙས་པ་དང་། འཕྱ་བ་དང་སྨོད་པ་བྱེད་ཅིང་ ཁྱད་དུ་གསོད་ལ་སྨོད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་གིས་བྱིན་ཀྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་གིས་བྱིན་ཀྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས་ཕུང་པོའི་བདུད་མྱི་ཤེས་ཏེ། གཟུགས་མྱི་ཤེས། ཚོར་བ་མྱི་ཤེས། འདུ་ཤེས་མྱི་ཤེས། འདུ་བྱེད་མྱི་ཤེས། རྣམ་པར་ཤེས་པ་མྱི་ཤེས་ པས་དེ་ལ་བདུད་སྡིག་ཏོ་ཅན་མྱིང་གིས་བྱིན་གྱི་རླབས་ཀྱིས་ལུང་སྟོན་ཅིང་། ཁྱོད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་མྱིང་འདི་ཞེས་བྱ་ བར་འགྱུར་རོ། །ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་གང་བསམས་པ་དང་། དཔྱད་པ་དེ་ཉིད་བརྗོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་བའི་ 26-1-266b ངང་ཚུལ་ཅན་ཐབས་ལ་མྱི་མཁས་པ་དེ་འདི་སྙམ་སྟེ། བདག་གིས་མྱིང་གང་ཡིད་ཀྱིས་རྣམ་པར་བརྟགས་ཏེ། བསམས་པ་དང་རྗེས་སུ་དཔྱད་པ་དེ་ཉིད་བདག་བླ་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མྱིང་དུ་འགྱུར་རོ་སྙམ་སྟེ། ཇི་ལྟ་ཇི་ལྟར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷ་འམ། བདུད་ཀྱི་བྱིན་ཀྱི་རླབས་པའི་དགེ་སློང་ དག་སྟོན་པ་དེ་ལྟ་དེ་ལྟར་སེམས་ཤིང་། ཇི་ལྟར་བདག་གིས་སེམས་བསྐྱེད་པ་དང་། བདག་གི་མྱིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདིས་བསྟན་ཏེ། མྱིང་དང་མྱིང་དུ་མཐུན་གྱིས། བདག་ནི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལ་གང་ངས་ ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང་མཚན་མ་བཤད་པ་དེ་དག་ཀྱང་མྱེད་ལ་མྱིང་དེ་དང་ལུང་བསྟན་པར་བརྗོད་པ་དེས་ཀྱང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གཞན་དག་ལ་ཁྱད་དུ་གསོད་ན། དེ་རློམས་སེམས་དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་བྱེད་དོ། །དེ་ལྟར་ཐབས་མཁས་པ་དང་མྱི་ལྡན་ལ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་དགེ་བའི་བཤེས་གཉེན་དང་བྲལ་ཏེ། སྡིག་པའི་གྲོགས་པོས་ཡོངས་སུ་བཟུང་བ་དེའི་ས་ནི་གཉིས་སུ་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །ཡང་ཤིན་ཏུ་ཡུན་རིང་པོར་འཁོར་ཞིང་འཕྱན་འཕྱན་ནས་དགེ་བའི་བཤེས་གཉེན་ལ་བསྙེན་པ་དང་། བསྟེན་པ་དང་། རིམ་གྲོ་བྱས་ནས་ཤེས་རབ་ཀྱི་ཕ་ 26-1-267a རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་ དཔའ་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་བལྟ་བ་དང་། བསྙེན་བཀུར་བར་མ་གྱུར་ལ། ལུས་ཐོབ་པ་དེས་སེམས་བསྐྱེད་པ་སྔ་མ་དག་མྱི་སྨོད་མྱི་འཆགས་ན། དེ་ནི་ས་གཉིས་སུ་ འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །འདི་ལྟ་སྟེ། དཔེར་ན་དགེ་སློང་ཉན་ཐོས་ཀྱི་ཐེག་པ་པས་ལྟུང་བའི་རྩ་བ་བཞི་ལས་ལྟུང་བ་གང་ ཡང་རུང་བ་གཅིག་བྱས་ན། དགེ་སྦྱོང་མ་ཡིན་ཤཱག་ཀྱའི་བུ་མ་ཡིན་པར་འགྱུར་ཏེ། དེ་ནི་ལུས་དེ་ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ལས་དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ལ་ལ་ འཐོབ་པར་འགྱུར་བའི་སྐལ་པ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་ཅིང་མྱིང་ ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པ་དང་། འཕྱ་བ་དང་ཁྱད་དུ་གསོད་པའི་སེམས་སྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་ དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟ་མྱིང་བསྟན་པས་བདུད་ཀྱི་ལས་ཤིན་ཏུ་ཕྲ་བ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ། །རབ་འབྱོར་ལྟུང་བའི་རྩ་བ་ལྕི་བ་བཞི་པོ་ལྟ་ ཞོག་གི། བྱང་ཆུབ་སེམས་དཔའི་མྱིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་སྐྱེས་པ་དེ་ནི་མཚམས་མྱེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་ 26-1-267b པ་དེ་ནི་དེས་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དབེན་པའི་ཡོན་ཏན་སྟོན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཉེ་བར་འོངས་ཏེ། འདི་ སྐད་དུ་དེ་བཞིན་གཤེགས་པ་ནི་དབེན་པའི་ཡོན་ཏན་གསུང་པའོ་ཟེར་ཏེ། རབ་འབྱོར་ངས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་འམ། ནགས་འདབ་ འམ། བས་མཐའི་གནས་དབེན་པར་མ་བཤད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་དབེན་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་གང་ཞིག་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་ཇི་ལྟ་བུ་ཞིག་ མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་ དབེན་ན། དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་སྤྱོད་ན། རབ་འབྱོར་འདི་ནི་དབེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ངས་ གནང་བའོ། །གལ་ཏེ་དབེན་པ་འདིས་ཉིན་མཚན་དུ་རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དབེན་པས་དབེན་ པ་རྣམ་པར་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ 26-1-268a ཀྱི་ཡིད་ལ་བྱ་བ་དང་འདྲེས་པ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །གལ་ཏེ་གྲོང་ན་སྤྱོད་ཀྱང་ཉན་ཐོས་ དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་པ་དེ་ལྟ་བུ་ངས་གནང་བ་ལས་དྲིས་ཤིང་བདུད་སྡིག་ཏོ་ཅན་དེ་ལ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་སུ་རྣམ་པར་སྤྱོད་ཅིག་ ཅེས་དབེན་པ་སྟོན་ཏེ། དེ་དབེན་པ་དེས་འདུ་འཛིར་གྱུར་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དེ་དེ་ལྟར་རྣམ་པར་སྤྱོད་པ་དེས་རྣམ་པར་སྤྱོད་ཅིང་ཡིད་ལ་བྱ་བ་ཡོངས་སུ་མ་དག་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲོང་མདབ་ན་རྣམ་པར་སྤྱོད་ཅིང་ཡིད་ལ་བྱ་བ་ཡོངས་སུ་དག་པ་དང་ལྡན་པ། ཉན་ཐོས་ཀྱི་སེམས་དང་མ་འདྲིས་པ། རང་སངས་རྒྱས་ཀྱི་སེམས་ དང་མ་འདྲེས་པ། དེ་མ་ཡིན་པ་སྡིག་པའི་སེམས་གཞན་དང་མ་འདྲེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་ པ་ཡོངས་སུ་རྫོགས་པར་གྱུར་པ་དག་ལ་བརྙས་པའི་སེམས་བསྐྱེད་དེ། ཐབས་མྱི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་བས་དགོན་པ་སྤྲུལ་དང་རི་དགས་དང་། བྱ་ཡོད་པ་རྐུན་པོ་དང་། སྨེ་ 26-1-268b ཤ་ཅན་ཡོད་པ། གཅན་ཟན་མཆེ་བ་ཅན་དང་། སྲིན་པོ་རྒྱུ་བ་དཔག་ཚད་བརྒྱ་ཙམ་དུ་འཕགས་པ་དེ་ལྟ་བུའི་ནང་ན་འདུག་ཅིང་། ལོ་གཅིག་གམ། ལོ་བརྒྱ་འམ། ལོ་སྟོང་ངམ། ལོ་བརྒྱ་ཕྲག་སྟོང་ ངམ། ལོ་བྱེ་བ་འམ། ལོ་བྱེ་བ་ཕྲག་བརྒྱ་འམ། ལོ་བྱེ་བ་ཕྲག་སྟོང་ངམ། ལོ་བྱེ་བ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་ལྷག་པར་གནས་སུ་ཟིན་ཀྱང་དབེན་པ་གང་ གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་ཤིང་རྣམ་པར་སྤྱོད་པ་དེ་ལྟ་བུའི་དབེན་པ་ཤེས་པར་མྱི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་མང་པོ་དང་མ་འདྲེས་པ་ཉིད་དུ་རྣམ་པར་སྤྱོད་པར་འགྱུར་ཏེ། དབེན་པ་དེ་ལ་ཡང་དག་པར་གཙེས་པར་གནས་ཤིང་ཆགས་པ་ དང་ཞེན་ཅིང་མངོན་པར་ཞེན་པ་དེ་ཙམ་གྱིས་ནི་ངའི་སེམས་རངས་པར་མྱི་འགྱུར་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པ་གང་བཤད་པའི་དབེན་པ་དེ་དང་མྱི་ལྡན་པར་ དབེན་པ་དེ་ལ་མྱི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབེན་པ་དེ་དང་བྲལ་བའི་ཕྱིར་ཏེ། དེ་ལྟར་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཤིང་། སྟེང་གི་བར་ སྣང་ན་གནས་ཏེ། འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་བ་ཡིན་གྱིས་ཁྱོད་དབེན་པ་འདི་ཉིད་ ཀྱིས་ནི་རྣམ་པར་སྤྱོད་ཅིག །དེས་ཁྱོད་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཟེར་ཏེ། དེའི་རྒྱུས་དེ་དབེན་ 26-1-269a པ་དེ་བས་ཀྱང་དབེན་པར་གཅེས་པར་འཛིན་ཅིང་། ཕྱིར་གྲོང་མདབ་དུ་འོངས་ནས། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་པ་སེམས་དང་ཡིད་ལ་བྱ་བ་ཡོངས་སུ་དག་པ། དེས་དགེ་བའི་ཆོས་ དང་ལྡན་པ། གཞན་དག་ལ་ཚེ་དང་ལྡན་པ་འདི་དག་ནི་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་དོ་ཞེས་ཁྱད་དུ་གསོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་བར་སྤྱོད་པ་དེ་དག་ལ་འདུ་འཛིས་རྣམ་ པར་སྤྱོད་པར་སྐྱོན་དུ་གདགས་པ་དང་། འདྲེས་པར་རྣམ་པར་སྤྱོད་པས་སྐྱོན་དུ་གདགས་པས་བརྙས་པའི་སེམས་སྐྱེད་དོ། །གང་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པ་དེ་དག་ལ་ནི་དབེན་པར་རྣམ་པར་སྤྱོད་པས་འཛིན་ཅིང་། དེ་དག་ལ་རིམ་གྲོར་སྐྱེད་དོ། །གང་ལ་རིམ་འགྲོ་བསྐྱེད་པར་བྱ་བ་དེ་དག་ནི་ང་རྒྱལ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདག་མྱི་མ་ཡིན་པས་བསྐུལ་བའོ། །མྱི་མ་ཡིན་ བས་དྲན་པར་བྱའོ། །རྣམ་པར་སྤྱོད་པ་གང་གིས་བདག་སྦྱོང་བ་དེའི་རྣམ་པར་སྤྱོད་པ་མ་ནོར་བ་སྟེ། གྲོང་མདབ་ན་སྤྱོད་པ་ལ་ལྟ་ལ་སུ་ཞིག་བསྐུལ་བར་འགྱུར། གྲོང་མདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་དྲན་བར་འགྱུར་ཞེས་ང་རྒྱལ་སྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཞན་དག་ལ་སྨོད་པར་བྱེད་དེ། རབ་འབྱོར་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། །བྱང་ཆུབ་ སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །དེ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྐུན་པོ་སྟེ། དེ་ནི་ལྷ་དང་མྱི་དང་ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དགེ་སྦྱོང་གི་ཆ་བྱད་ཀྱི་རྐུན་པོར་རིག་པར་བྱ་སྟེ། ངང་ཚུལ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ དག་གིས་བསྙེན་པར་མྱི་བྱ། བསྟེན་པར་མྱི་བྱ། རིམ་གྲོར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་དེ་ལྟ་བུ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ 26-1-269b སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བསམ་པ་ཐག་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པ་དེས། གང་ཟག་དེ་ལྟ་བུའི་ངང་ ཚུལ་ཅན་བསྙེན་པར་མྱི་བྱ། བསྟེན་པར་མྱི་བྱ། རིམ་གྲོར་མྱི་བྱའི། རང་གི་དོན་དང་ལྡན་པར་འགྱུར་བ་ལ་བརྩོན་བར་བྱ་སྟེ། འཁོར་བ་ལས་རྟག་ཏུ་སྐྱོ་ཞིང་འཇིགས་པའི་ཡིད་ཀྱིས་ཁམས་གསུམ་དང་མ་ འདྲེས་པར་སྤྱད་པར་བྱའོ། །བྱང་ཆུབ་སེམས་དཔའ་གདོལ་པ་དེ་ལ་ཡང་བྱམས་པ་སྐྱེད་པར་བྱ་སྟེ། དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱའོ། །དགའ་བ་དང་གཏང་སྙོམས་བསྐྱེད་པར་ བྱའོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཅི་ནས་ཀྱང་བདག་གི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱེད་ཅིང་མྱི་སྐྱེ་བར་འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་སྐྱེས་ན་ཡང་མྱུར་དུ་སྤང་བར་ བྱའོ་ཞེས་བསླབ་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གིས་ཁོང་དུ་ཆུད་པའི་མངོན་པར་ཤེས་པའི་མཐུར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དགེ་བའི་བཤེས་གཉེན་དག་ ལ་བསྙེན་པ་བྱའོ། །བསྟེན་པར་བྱའོ། །རིམ་གྲོར་བྱའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བགྱི་བ་དེ་དག་གང་ 26-1-270a ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་ དུ་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཉན་ ཐོས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་རྗོད་ཅིང་སྟོན་པ་དང་། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་ རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། ། དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་ རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ 26-1-270b ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་ གཉེན་དུ་རིག་པར་བྱའོ། །བསམ་གཏན་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཚད་མྱེད་པ་བཞི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མངོན་པར་ ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ 26-1-271a གཤེགས་པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མྱི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཕ་རོལ་ ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །བློའོ་ཤེས་པའོ། །ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མགོན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །སྟོང་པ་ཉིད་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྟོན་པར་རིག་པར་བྱ་སྟེ། སྟོང་པ་ཉིད་ཐམས་ཅད་ནི་ལམ་ མོ། །སྟོང་པ་ཉིད་ཐམས་ཅད་ནི་སྣང་བའོ། །སྟོང་པ་ཉིད་ཐམས་ཅད་ནི་སྒྲོན་མའོ། །སྟོང་པ་ཉིད་ཐམས་ཅད་ནི་བློའོ། །སྟོང་པ་ཉིད་ཐམས་ཅད་ནི་ཤེས་པའོ། །སྟོང་པ་ཉིད་ཐམས་ཅད་ནི་ཤེས་རབ་བོ། །སྟོང་པ་ ཉིད་ཐམས་ཅད་ནི་དཔུང་གཉེན་ནོ། །སྟོང་པ་ཉིད་ཐམས་ཅད་ནི་སྐྱབས་སོ། །སྟོང་པ་ཉིད་ཐམས་ཅད་ནི་མགོན་ནོ། །སྟོང་པ་ཉིད་ཐམས་ཅད་ནི་མའོ། །སྟོང་པ་ཉིད་ཐམས་ཅད་ནི་ཕའོ། །དྲན་པ་ཉེ་བར་ 26-1-271b གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ནི་ལམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་སྣང་བའོ། །དྲན་པ་ཉེ་བར་ གཞག་པ་བཞི་ནི་སྒྲོན་མའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་དཔུང་གཉེན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་སྐྱབས་སོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་མགོན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ མའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ཕའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཡང་དག་པར་སྤོང་བ་བཞི་ནི་ལམ་ མོ། །ཡང་དག་པར་སྤོང་བ་བཞི་ནི་སྣང་བའོ། །ཡང་དག་པར་སྤོང་བ་བཞི་ནི་སྒྲོན་མའོ། །ཡང་དག་པར་སྤོང་བ་བཞི་ནི་དཔུང་གཉེན་ནོ། །ཡང་དག་པར་སྤོང་བ་བཞི་ནི་སྐྱབས་སོ། །ཡང་དག་པར་ སྤོང་བ་བཞི་ནི་མགོན་ནོ། །ཡང་དག་པར་སྤོང་བ་བཞི་ནི་མའོ། །ཡང་དག་པར་སྤོང་བ་བཞི་ནི་ཕའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་ རིག་པར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ལམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྣང་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒྲོན་མའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དཔུང་གཉེན་ནོ། །རྫུ་འཕྲུལ་གྱི་རྐང་ པ་བཞི་ནི་སྐྱབས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མགོན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཕའོ། །དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དབང་པོ་ལྔ་ནི་ལམ་མོ། །དབང་པོ་ལྔ་ནི་སྣང་བའོ། །དབང་པོ་ལྔ་ནི་སྒྲོན་མའོ། །དབང་པོ་ལྔ་ནི་དཔུང་གཉེན་ནོ། །དབང་པོ་ལྔ་ནི་སྐྱབས་སོ། །དབང་པོ་ལྔ་ནི་མགོན་ནོ། ། 26-1-272a དབང་པོ་ལྔ་ནི་མའོ། །དབང་པོ་ལྔ་ནི་ཕའོ། །སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སྟོབས་ལྔ་ནི་ལམ་མོ། །སྟོབས་ལྔ་ནི་སྣང་བའོ། ། སྟོབས་ལྔ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །སྟོབས་ལྔ་ནི་དཔུང་གཉེན་ནོ། སྟོབས་ལྔ་ནི་སྐྱབས་སོ། །སྟོབས་ལྔ་ནི་མགོན་ནོ། །སྟོབས་ལྔ་ནི་མའོ། །སྟོབས་ལྔ་ནི་ཕའོ། །བྱང་ཆུབ་ཀྱི་ ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྣང་བའོ། །བྱང་ཆུབ་ ཀྱི་ཡན་ལག་བདུན་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དཔུང་གཉེན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྐྱབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ མགོན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ཕའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་ རིག་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྣང་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྒྲོན་མའོ། །བློའོ་ཤེས་ པའོ་ཤེས་རབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དཔུང་གཉེན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྐྱབས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མགོན་ནོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་ནི་མའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཕའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། འཕགས་པའི་ 26-1-272b བདེན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། འཕགས་པའི་བདེན་པ་རྣམས་ནི་ལམ་མོ། །འཕགས་པའི་བདེན་པ་རྣམས་ནི་སྣང་བའོ། །འཕགས་ པའི་བདེན་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །འཕགས་པའི་བདེན་པ་རྣམས་ནི་དཔུང་གཉེན་ནོ། །འཕགས་པའི་བདེན་པ་རྣམས་ནི་སྐྱབས་སོ། །འཕགས་པའི་བདེན་པ་རྣམས་ ནི་མགོན་ནོ། །འཕགས་པའི་བདེན་པ་རྣམས་ནི་མའོ། །འཕགས་པའི་བདེན་པ་རྣམས་ནི་ཕའོ། །བསམ་གཏན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་ སྟེ། བསམ་གཏན་རྣམས་ནི་ལམ་མོ། །བསམ་གཏན་རྣམས་ནི་སྣང་བའོ། །བསམ་གཏན་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །བསམ་གཏན་རྣམས་ནི་དཔུང་གཉེན་ནོ། །བསམ་གཏན་རྣམས་ནི་སྐྱབས་སོ། །བསམ་ གཏན་རྣམས་ནི་མགོན་ནོ། །བསམ་གཏན་རྣམས་ནི་མའོ། །བསམ་གཏན་རྣམས་ནི་ཕའོ། །ཚད་མྱེད་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཚད་མྱེད་པ་རྣམས་ནི་ལམ་མོ། །ཚད་མྱེད་པ་རྣམས་ནི་སྣང་བའོ། །ཚད་མྱེད་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ཚད་མྱེད་པ་རྣམས་ནི་དཔུང་གཉེན་ནོ། །ཚད་མྱེད་པ་ རྣམས་ནི་སྐྱབས་སོ། །ཚད་མྱེད་པ་རྣམས་ནི་མགོན་ནོ། །ཚད་མྱེད་པ་རྣམས་ནི་མའོ། །ཚད་མྱེད་པ་རྣམས་ནི་ཕའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ལམ་མོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྣང་བའོ། །གཟུགས་ 26-1-273a མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་དཔུང་གཉེན་ནོ། །གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ནི་སྐྱབས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མགོན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་ནི་ཕའོ། །རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྣམ་པར་ཐར་པ་བརྒྱད་ནི་ལམ་མོ། །རྣམ་པར་ཐར་པ་བརྒྱད་ནི་སྣང་བའོ། ། རྣམ་པར་ཐར་པ་བརྒྱད་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །རྣམ་པར་ཐར་པ་བརྒྱད་ནི་དཔུང་གཉེན་ནོ། །རྣམ་པར་ཐར་པ་བརྒྱད་ནི་སྐྱབས་སོ། །རྣམ་པར་ཐར་པ་བརྒྱད་ནི་མགོན་ནོ། ། རྣམ་པར་ཐར་པ་བརྒྱད་ནི་མའོ། །རྣམ་པར་ཐར་པ་བརྒྱད་ནི་ཕའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་ རིག་པར་བྱ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ལམ་མོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྣང་བའོ། །མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ནི་སྒྲོན་མའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དཔུང་གཉེན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྐྱབས་སོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མགོན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ཕའོ། ། 26-1-273b རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ལམ་མོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྣང་བའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་དཔུང་ གཉེན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྐྱབས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་ པ་ནི་མགོན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མྱེད་པ་ནི་ཕའོ། །མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མངོན་པར་ཤེས་པ་རྣམས་ནི་ལམ་མོ། །མངོན་ པར་ཤེས་པ་རྣམས་ནི་སྣང་བའོ། །མངོན་པར་ཤེས་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །མངོན་པར་ཤེས་པ་རྣམས་ནི་དཔུང་གཉེན་ནོ། །མངོན་པར་ ཤེས་པ་རྣམས་ནི་སྐྱབས་སོ། །མངོན་པར་ཤེས་པ་རྣམས་ནི་མགོན་ནོ། །མངོན་པར་ཤེས་པ་རྣམས་ནི་མའོ། །མངོན་པར་ཤེས་པ་རྣམས་ནི་ཕའོ། །ཏིང་ངེ་འཛིན་རྣམས་ནི་ 26-1-274a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་རྣམས་ནི་ལམ་མོ། །ཏིང་ངེ་འཛིན་རྣམས་ནི་སྣང་བའོ། །ཏིང་ངེ་འཛིན་ རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ཏིང་ངེ་འཛིན་རྣམས་ནི་དཔུང་གཉེན་ནོ། །ཏིང་ངེ་འཛིན་རྣམས་ནི་སྐྱབས་སོ། །ཏིང་ངེ་འཛིན་རྣམས་ནི་མགོན་ནོ། །ཏིང་ངེ་ འཛིན་རྣམས་ནི་མའོ། །ཏིང་ངེ་འཛིན་རྣམས་ནི་ཕའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། གཟུངས་ཀྱི་ སྒོ་རྣམས་ནི་ལམ་མོ། །གཟུངས་ཀྱི་སྒོ་རྣམས་ནི་སྣང་བའོ། །གཟུངས་ཀྱི་སྒོ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །གཟུངས་ཀྱི་སྒོ་རྣམས་ནི་དཔུང་གཉེན་ནོ། ། གཟུངས་ཀྱི་སྒོ་རྣམས་ནི་སྐྱབས་སོ། །གཟུངས་ཀྱི་སྒོ་རྣམས་ནི་མགོན་ནོ། །གཟུངས་ཀྱི་སྒོ་རྣམས་ནི་མའོ། །གཟུངས་ཀྱི་སྒོ་རྣམས་ནི་ཕའོ། །དེ་བཞིན་གཤེགས་པའི་སྟོབས་ བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ལམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ ནི་སྣང་བའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དཔུང་གཉེན་ནོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་ནི་སྐྱབས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མགོན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མའོ། །དེ་བཞིན་གཤེགས་པའི་སྟོབས་ 26-1-274b བཅུ་ནི་ཕའོ། །མྱི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མྱི་འཇིགས་པ་བཞི་ནི་ལམ་མོ། །མྱི་འཇིགས་པ་བཞི་ནི་སྣང་བའོ། ། མྱི་འཇིགས་པ་བཞི་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །མྱི་འཇིགས་པ་བཞི་ནི་དཔུང་གཉེན་ནོ། །མྱི་འཇིགས་པ་བཞི་ནི་སྐྱབས་སོ། །མྱི་འཇིགས་པ་བཞི་ནི་མགོན་ ནོ། །མྱི་འཇིགས་པ་བཞི་ནི་མའོ། །མྱི་འཇིགས་པ་བཞི་ནི་ཕའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་ སྟེ། སོ་སོ་ཡང་དག་པར་རིག་པ་བཞི་ནི་ལམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྣང་བའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་ བོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་དཔུང་གཉེན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྐྱབས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་མགོན་ནོ། །སོ་སོ་ཡང་དག་ པར་རིག་པ་བཞི་ནི་མའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཕའོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་ པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་ལམ་མོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྣང་བའོ། །སངས་རྒྱས་ཀྱི་ཆོས་ འདྲེས་པ་བཅྭོ་བརྒྱད་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་དཔུང་གཉེན་ནོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་ 26-1-275a སྐྱབས་སོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་མགོན་ནོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་མའོ། །སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭོ་བརྒྱད་ནི་ ཕའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་མོ། །ལམ་གྱི་རྣམ་ པ་ཤེས་པ་ཉིད་ནི་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དཔུང་གཉེན་ནོ། །ལམ་གྱི་རྣམ་པ་ཤེས་ པ་ཉིད་ནི་སྐྱབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མགོན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཕའོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་འདས་ པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །རབ་ འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ 26-1-275b སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདི་ ལས་བྱུང་བའི་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་འདོད་པས་བསྡུ་བའི་དངོས་པོ་བཞིས་ སེམས་ཅན་རྣམས་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པ་སྟེ། རབ་འབྱོར་ངས་དོན་ཀྱི་དབང་དེ་ མཐོང་བས་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་གསུམ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང་། ཕ་དང་མ་དང་དཔུང་ གཉེན་དང་སྐྱབས་དང་མགོན་ཡིན་ནོ་ཞེས་བརྗོད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མྱི་འཇོག་པར་བྱ་བར་འདོད་པ་དང་། གཞན་གྱི་དྲིང་མྱི་ འཇོག་པ་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ ཡོངས་སུ་སྨྱིན་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ 26-1-276a ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་རྒྱ་ཆེར་བསྟན་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མྱེད་པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མྱེད་དོ། །གསོལ་པ་བཅོམ་ལྡན་འདས་མཚན་ཉིད་གང་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཀྱིས་སྟོང་པའོ། །རབ་ འབྱོར་རྣམ་གྲངས་དེས་ན་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་ དོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་སྟོང་ན། 26-1-276b སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་ཇི་ལྟར་མཆིས་པར་འགྱུར། བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མྱི་འགྱུར། རྣམ་པར་བྱང་ བར་མྱི་འགྱུར། སྟོང་པ་ཉིད་ནི་ཀུན་ནས་ཉོན་མོངས་པར་མྱི་འགྱུར། རྣམ་པར་བྱང་བར་མྱི་འགྱུར། དབེན་པ་དང་སྟོང་པ་ཉིད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་མྱི་རྒྱ། དབེན་པས་ནི་ཆོས་ཐམས་ཅད་གང་ཡང་མྱི་དམྱིགས། དབེན་པས་ནི་སྟོང་པ་ཉིད་ལ་སེམས་ཅན་གང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་ མྱི་དམྱིགས་ན། བཅོམ་ལྡན་འདས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་ཏེ། སེམས་ཅན་ རྣམས་ཡུན་རིང་པོ་ནས་བདག་དང་བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་བདག་དང་བདག་གིར་བྱ་བ་ དབེན་ཞིང་སྟོང་ངམ། གསོལ་པ། བཅོམ་ལྡན་འདས་དབེན་ནོ། །བདེ་བར་གཤེགས་པ་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ འོན་ཀྱང་བདག་དང་བདག་གིར་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིག་ཀུན་ཏུ་འཁོར་བར་གྱུར་ཏམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ 26-1-277a ལགས་ཏེ། བདག་ཏུ་བགྱི་བ་དང་བདག་གིར་བགྱི་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་ཏུ་བྱ་བ་མྱེད་པ་དང་། བདག་གིར་བྱ་བ་མྱེད་པ་དེ་ལ་འཛིན་པ་མྱེད། གང་ལ་འཛིན་པ་མྱེད་པ་དེ་ལ་སེམས་ ཅན་ཀུན་ཏུ་རྒྱུག་ཅིང་ཀུན་འཁོར་བ་མྱེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མྱེད་པ་ནི། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། གཟུགས་ལ་མྱི་སྤྱོད། ཚོར་བ་ལ་མྱི་སྤྱོད། འདུ་ཤེས་ལ་མྱི་སྤྱོད། འདུ་བྱེད་ལ་མྱི་སྤྱོད། རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །མྱིག་ལ་མྱི་སྤྱོད། རྣ་བ་ལ་མྱི་སྤྱོད། སྣ་ལ་མྱི་སྤྱོད། ལྕེ་ལ་མྱི་སྤྱོད། ལུས་ལ་མྱི་སྤྱོད། ཡིད་ལ་མྱི་སྤྱོད། གཟུགས་ལ་མྱི་སྤྱོད། སྒྲ་ལ་མྱི་སྤྱོད། དྲི་ལ་མྱི་སྤྱོད། རོ་ལ་མྱི་སྤྱོད། རེག་ལ་མྱི་སྤྱོད། ཆོས་ལ་མྱི་སྤྱོད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱི་སྤྱོད། རྣ་བའི་རྣམ་པར་ཤེས་པ་ལ་མྱི་ སྤྱོད། སྣའི་རྣམ་པར་ཤེས་པ་ལ་མྱི་སྤྱོད། ལྕེའི་རྣམ་པར་ཤེས་པ་ལ་མྱི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །མྱིག་གི་ འདུས་ཏེ་རེག་པ་ལ་མྱི་སྤྱོད། རྣ་བའི་འདུས་ཏེ་རེག་པ་ལ་མྱི་སྤྱོད། སྣའི་འདུས་ཏེ་རེག་པ་ལ་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པ་ལ་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད། ཡིད་ 26-1-277b ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ལ་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་ དོ། །སའི་ཁམས་ལ་མྱི་སྤྱོད། ཆུའི་ཁམས་ལ་མྱི་སྤྱོད། མྱེའི་ཁམས་ལ་མྱི་སྤྱོད། རླུང་གི་ཁམས་ལ་མྱི་སྤྱོད། ནམ་མཁའི་ཁམས་ལ་མྱི་སྤྱོད། རྣམ་པར་ཤེས་པའི་ ཁམས་ལ་མྱི་སྤྱོད་དོ། །མ་རིག་པ་ལ་མྱི་སྤྱོད། འདུ་བྱེད་ལ་མྱི་སྤྱོད། རྣམ་པར་ཤེས་པ་ལ་མྱི་སྤྱོད། མྱིང་དང་གཟུགས་ལ་མྱི་སྤྱོད། སྐྱེ་མཆེད་དྲུག་ལ་མྱི་སྤྱོད། རེག་པ་ལ་ མྱི་སྤྱོད། ཚོར་བ་ལ་མྱི་སྤྱོད། སྲེད་པ་ལ་མྱི་སྤྱོད། ལེན་པ་ལ་མྱི་སྤྱོད། སྲིད་པ་ལ་མྱི་སྤྱོད། སྐྱེ་བ་ལ་མྱི་སྤྱོད། རྒ་ཤི་ལ་མྱི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་ སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ནང་སྟོང་པ་ཉིད་ལ་མྱི་སྤྱོད། ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་མྱི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་མྱི་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་མྱི་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སྤྱོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། དོར་བ་ 26-1-278a མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། རང་བཞིན་སྟོང་པ་ཉིད་ལ་མྱི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། མྱི་དམྱིགས་པ་སྟོང་པ་ཉིད་ ལ་མྱི་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྤྱོད། ཡང་ དག་པར་སྤོང་བ་རྣམས་ལ་མྱི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་སྤྱོད། དབང་པོ་རྣམས་ལ་མྱི་སྤྱོད། སྟོབས་རྣམས་ལ་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་སྤྱོད། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མྱི་སྤྱོད། བསམ་གཏན་རྣམས་ལ་མྱི་སྤྱོད། ཚད་མྱེད་པ་རྣམས་ལ་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ལ་མྱི་སྤྱོད། རྣམ་པར་ཐར་པ་བརྒྱད་ལ་མྱི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སྤྱོད། མངོན་པར་ཤེས་པ་རྣམས་ལ་མྱི་སྤྱོད། ཏིང་ངེ་འཛིན་རྣམས་ལ་མྱི་སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་མྱི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སྤྱོད། མྱི་འཇིགས་པ་བཞི་ལ་མྱི་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་སྤྱོད། བྱམས་པ་ཆེན་པོ་ལ་མྱི་སྤྱོད། སྙིང་རྗེ་ཆེན་པོ་ལ་མྱི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མྱི་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མྱི་སྤྱོད། ཕྱིར་མྱི་འོང་བའི་འབྲས་བུ་ལ་མྱི་སྤྱོད། དགྲ་བཅོམ་པ་ཉིད་ལ་མྱི་སྤྱོད། རང་བྱང་ཆུབ་ལ་མྱི་སྤྱོད། ལམ་ 26-1-278b གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་ དག་ཐམས་ཅད་མྱི་དམྱིགས་སོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མྱི་ཐུབ་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་ཀྱིས་གནོན་པར་མྱི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མྱི་ནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མི་ནོན་ པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་པར་གྱུར་པ་དེ་དག་ནམ་མཚོའི་བར་དུ་བཞུགས་པ་དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟི་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་ཏེ། དགེ་བའི་ རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། 26-1-279a གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསོལ་བར་བྱེད་པ་དང་། ཡང་དག་པར་སྟོན་ པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་མཚོའི་བར་དུ་ བཞུགས་པ་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་ གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསོལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ 26-1-279b ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་ པར་གྱུར་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་མཚོའི་བར་དུ་བཞུགས་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་ པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས། རྣམ་པར་སྤྱོད་ན་དེའི་བསོད་ ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་སྟེ། བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་མཚོའི་བར་དུ་བཞུགས་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ 26-1-280a རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་ དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསོལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ རིམ་གྲོ་བྱས། བཀུར་བསྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་ སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་ 26-1-280b སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་ དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་ དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་ རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་ 26-1-281a རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་ པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྤྱོད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་ པ་དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་ འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་ བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་ མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། 26-1-281b རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་ འབྱོར་གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་ བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་ རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་ 26-1-282a དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚད་མྱེད་པ་བཞི་ལ་ རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་ དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་ བཀོད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་ དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་ གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། ། 26-1-282b རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་ བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་ རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་ 26-1-283a པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་འབྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྲོ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ་དེ་ལྟ་བུ་ནི་སེམས་ཅན་གང་ཡང་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ ཀྱི་བུ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་མངོན་པར་བསྒྲུབ་སྟེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་གསད་པར་འགྱུར་ བ་དང་འདྲ་བར་ལྟ་སྟེ། དེ་དག་སྙིང་རྗེ་ཆེན་པོ་འཐོབ་བོ། །དེ་དག་རྣམ་པར་སྤྱོད་པ་དེས། རྣམ་པར་སྤྱོད་པས་དགའ་བས་རབ་ཏུ་དགའ་བ་དང་། མངོན་པར་དགའ་བར་འགྱུར་ཏེ། དེ་དག་ དགའ་བ་ཆེན་པོ་མངོན་པར་སྒྲུབ་བོ། །དེ་དག་མཚན་མ་དེ་དག་ལྷན་ཅིག་མྱི་གནས་ཏེ། དེ་དག་བཏང་སྙོམས་ཆེན་པོ་འཐོབ་བོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱིས་ཤེས་རབ་ཀྱི་སྣང་བ་ཆེན་པོ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་གོ། །དེ་དག་ཤེས་རབ་ཀྱི་ 26-1-283b ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་སྤྱོད་པའི་ཕྱིར། སུའི་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལ་ཡོངས་སུ་སྤྱོད་པའི་གཏོང་བ་དང་། སྦྱིན་བདག་གི་སྦྱིན་པ་དག་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་རོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་པར་ཁམས་ཀྱི་བསོད་སྙོམས་ ལ་ཡོངས་སུ་སྤྱོད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་བསྟན་པར་འདོད་པ་དང་། སྣང་བ་ཆེན་པོ་འབྱུང་བར་འདོད་པ་དང་། ཁམས་གསུམ་གྱི་བརྩོན་ར་ན་གནས་པའི་སེམས་ ཅན་རྣམས་ཡོངས་སུ་དགྲོལ་བར་འདོད་པ་དང་། སེམས་ཅན་རྣམས་ཀྱི་བླ་ན་མྱེད་པའི་ཤེས་རབ་ཀྱི་མྱིག་བསྐྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་ བས་རྟག་ཏུ་རྒྱུན་མྱི་འཆད་པར་གནས་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་མྱི་སྤྱོད་ན་ཡང་། དེས་ ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མྱི་དབྱེ་སྟེ། དེས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཉིད་ཀྱིས་ཉིན་མཚན་དུ་མྱི་གཏོང་ཞིང་བརྩོན་པར་གནས་པ་དེ་ལྟར་བྱའོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན་སྔོན་ཅད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བའི་སྐྱེས་བུ་ཞིག་ཡོད་ལ་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རྙེད་པར་འགྱུར་ཏེ། དེས་ནོར་བུ་རིན་པོ་ཆེ་དེ་རྙེད་པར་དགའ་བ་དང་། སྤྲོ་བ་དང་། ཡིད་བདེ་བ་དང་ལྡན་པར་གྱུར་པ་ལས། དེས་ནོར་བུ་རིན་པོ་ཆེ་དེ། རྙེད་མ་ཐག་ཏུ་སྟོར་བར་གྱུར་ན། དེའི་རྒྱུས་སྡུག་བསྔལ་བ་དང་། 26-1-284a ཡིད་མྱི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མྱི་འཆད་པར་ཀྱི་ཧུད་བདག་ནི་ཡིད་དུ་འོང་བའི་ནོར་བུ་རིན་པོ་ཆེ་དེ་དང་བྲལ་བར་གྱུར་ཏོ་ཞེས་ནོར་བུ་རིན་པོ་ཆེ་དང་ལྡན་པའི་ ཡིད་ལ་བྱ་བ་ཤ་སྟག་རྒྱུན་ཏུ་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ནི་རིན་པོ་ཆེའོ་སྙམ་དུ་བསམ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ ཡིད་ལ་བྱ་བ་དང་མ་བྲལ་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་གཏོར་བར་ཡང་མྱི་བྱ་སྟེ། དེ་ལྟར་ན་རྟག་ཏུ་བདེ་བ་དང་། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ། ཡིད་ལ་བགྱི་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ལགས། བྲལ་བ་ལ་ནི་བྱང་ཆུབ་སེམས་དཔའ་མྱི་དམྱིགས། ཡིད་ལ་བགྱི་བ་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ཐམས་ཅད་ནི་རང་ བཞིན་དང་བྲལ་བ་སྟེ། དེ་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མ་མཛད་དེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་འདི་ནི་གནས་མ་ཡིན་ནོ་ཞེས་བྱ་བར་ 26-1-284b ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་ དབེན། རང་བཞིན་གྱིས་སྟོང་པ་སྟེ། དེ་ལ་འཕེལ་བ་མྱེད་དོ། །ཡོངས་སུ་འགྲིབ་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་རང་བཞིན་ གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བྱུང་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་ པར་བྱུང་ཡང་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དེ། དེ་བཞིན་ཉིད་ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །ཆོས་ཀྱི་དབྱིངས་ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །ཡང་དག་པའི་མཐའ་ ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན་གཉིས་ཀྱང་མ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་མྱི་འགོད། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པའི་དབྱིངས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། 26-1-285a རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་གང་ ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ གུད་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་གང་ཡང་དམྱིགས་སུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་སྤྱོད་དམ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། 26-1-285b བཅོམ་ལྡན་འདས་ཅི་ལགས། མྱིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྒྲ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དྲི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རེག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་རྣམ་པར་ཤེས་པ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་རྣམ་ 26-1-286a པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས་ཅི་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། 26-1-286b བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆུའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱེའི་ཁམས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རླུང་གི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ནམ་མཁའི་ཁམས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མ་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་བྱེད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱིང་དང་གཟུགས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྐྱེ་མཆེད་དྲུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རེག་པ་ཤེས་རབ་ཀྱི་ཕ་ 26-1-287a རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྲེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྲིད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྐྱེ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྒ་ཤི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས་ཅི་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ། བཅོམ་ལྡན་འདས་ཅི་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ནང་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱི་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ 26-1-287b ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱི་ནང་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆེན་པོ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དོན་དམ་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུས་བྱས་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བྱས་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་བཞིན་སྟོང་པ་ཉིད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་གི་མཚན་ཉིད་སྟོང་པ་ ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དངོས་པོ་མྱེད་ པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དངོས་པོ་མྱེད་ 26-1-288a པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། དྲན་པ་ཉེ་བར་གཞག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡང་དག་པར་སྤོང་བ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ། བཅོམ་ལྡན་འདས་ཅི་ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དབང་པོ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྟོབས་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས་ཅི་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འཕགས་པའི་བདེན་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ། བཅོམ་ལྡན་འདས་ཅི་ལགས། བསམ་གཏན་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚད་མྱེད་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཐར་པ་བརྒྱད་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། 26-1-288b རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མངོན་པར་ཤེས་པ་རྣམས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཏིང་ངེ་འཛིན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། གཟུངས་ཀྱི་སྒོ་རྣམས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱི་ འཇིགས་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྙིང་རྗེ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱིར་མྱི་འོང་བའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དགྲ་བཅོམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། 26-1-289a བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་ དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་ པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་ཤེས་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ 26-1-289b ཅི་ལགས། འདུ་བྱེད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་ མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་ པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་ པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་ བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་ མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། 26-1-290a སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣའི་སྟོང་པ་ཉིད་དང་། གསོག་ཉིད་ དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་ དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ལྕེའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་ 26-1-290b མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་ དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྒྲའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་ མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དྲི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། 26-1-291a རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། རོ་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་ དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རེག་གི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆོས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་ མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། 26-1-291b ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་ གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་ དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་ དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་ བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། 26-1-292a བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 26-1-292b སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་ པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ 26-1-293a ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོ་བ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་ དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་ 26-1-293b པ་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་དང་། 26-1-294a གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སའི་ཁམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་ མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆུའི་ཁམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་ 26-1-294b གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱེའི་ཁམས་ཀྱི་སྟོང་ པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། རླུང་གི་ཁམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་ པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་ བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། 26-1-295a སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་ དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མ་རིག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་ དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་ མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་བྱེད་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་ པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོ་བ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། 26-1-295b ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱིང་དང་གཟུགས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རེག་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་ པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་ གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། 26-1-296a ཚོར་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་ པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྲེད་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལེན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྲིད་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོ་བ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། 26-1-296b ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྐྱེ་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྒ་ཤིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་ པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་ པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་ མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། 26-1-297a ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བསམ་གཏན་ 26-1-297b གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་ དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ནང་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་ དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱི་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ 26-1-298a དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་ པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་ དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་ དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ 26-1-298b རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བྱས་ སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་ བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་ 26-1-299a པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དོར་བ་མྱེད་ པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་ བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་ 26-1-299b པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་ དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ ཉིད་དང་། གསོ་བ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ ལགས། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། 26-1-300a སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ། བཅོམ་ལྡན་འདས་ཅི་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས་དྲན་པ་ཉེ་བར་གཞག་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། 26-1-300b རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་ དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡང་དག་པར་སྤོང་བ་ བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྫུ་འཕྲུལ་གྱི་རྐང་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་ བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་ མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དབང་པོ་ལྔའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ 26-1-301a སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྟོབས་ལྔའི་སྟོང་ པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་ པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འཕགས་པའི་བདེན་པ་བཞིའི་སྟོང་པ་ 26-1-301b ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་ དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས་ཅི་ལགས། བསམ་གཏན་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་ པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚད་མྱེད་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་ པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་ མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ 26-1-302a ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཐར་ པ་བརྒྱད་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་ མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ 26-1-302b ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་ པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་ པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་ མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ 26-1-303a ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་ མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། མྱི་འཇིགས་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་ གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སོ་སོ་ཡང་ དག་པར་རིག་པ་བཞིའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་ པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བྱམས་པ་ཆེན་པོའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་ 26-1-303b བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྟོང་པ་ཉིད་དང་། གསོག་ ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ 26-1-304a རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་ པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་ མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱིར་མྱི་འོང་བའི་འབྲས་བུའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་ དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དགྲ་བཅོམ་པ་ཉིད་ཀྱི་ སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་ དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རང་བྱང་ཆུབ་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ 26-1-304b ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་ པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་ པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན། བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། 26-1-305a ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་ཁྱོད་ཀྱིས་མ་མཐོང་བའི་ཆོས་དེ་དམྱིགས་སུ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་དམྱིགས་སུ་མྱེད་པ་དེ་སྐྱེ་བ་འམ་འགག་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། རབ་འབྱོར་དེ་ནི་སྟོབས་བཅུ་དང་། མྱི་ འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ལམ་ཞེས་བྱ་སྟེ། ལམ་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་དེ་ལྟར་རྩོལ་ དེ་ལྟར་འབད་པ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས། ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མྱི་འགྱུར་ཞེས་བྱ་བའི་གནས་མྱེད་དོ། ། 26-1-305b དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཏེ། དེའི་ཕྱིར་དེ་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཆོས་ཐམས་ཅད་ཀྱི་མྱི་སྐྱེ་བ་ཉིད་གང་ ལགས་པ་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྐྱེ་བ་ཡང་མ་ལགས། མྱི་སྐྱེ་བ་ཡང་མ་ལགས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་སྐྱེ་བ་ཡང་མ་ལགས། མྱི་སྐྱེ་བ་ཡང་མ་ལགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མྱི་བསྟན་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཇི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཆོས་གང་ 26-1-306a བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་འདས་ཆོས་གང་མངོན་པར་ རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དེ་ལྟ་བུའི་ཆོས་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མྱི་དམྱིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་ དུ་བདག་ནི་མངོན་པར་རྫོགས་པར་འཚང་རྒྱའོ། །འདིས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མྱི་སེམས་སོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མྱེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མྱི་རྟོག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་དྲུག་གོ།། །། དེ་ནས་ལྷའི་དབང་པོ་ བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཟབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ དབེན་པའི་སླད་དུ་བལྟ་དཀའ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་ 26-1-306b པའི་སླད་དུ་རྟག་ཏུ་མ་མཆིས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བརྟག་པའི་སྤྱོད་ཡུལ་མ་ལགས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཞི་བ་ཕྲ་བ་ཞིབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་མཁས་ཤིང་རིག་པས་རྟོགས་པར་བགྱི་བའོ། །བཅོམ་ལྡན་འདས་སེམས་ ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མྱི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀོའུ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་། འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མྱི་འབྱེད་པ་དེ་དག་ནི་ དགེ་བའི་རྩ་བ་དང་ལྡན་པ་མ་ཡིན་ནོ། །ཀོའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར། བསམ་ གཏན་བཞི་དང་ལྡན་པར་གྱུར། ཚད་མྱེད་པ་བཞི་དང་ལྡན་པར་གྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པར་གྱུར། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ལ། རིགས་ཀྱི་ 26-1-307a བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་ལ། ཀློག་ཅིང་ཀུན་ཆུབ་པར་འགྱུར་ཏེ། བཟུང་ཞིང་བཅངས། བླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་། དེ་ བཞིན་ཉིད་དུ་ནན་ཏན་བྱེད་ན། ཀེའུ་ཤི་ཀ་དགེ་བའི་རྩ་བ་འདི་ལ་སྔ་མའི་དགེ་བའི་རྩ་བ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ ཉེ་བར་མྱི་འགྲོའོ། །གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མྱི་བཟོད་དོ། །དེ་ནས་དགེ་སློང་གཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀེའུ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མྱེད་པ་བཞི་དང་ལྡན་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་ དེ་དག་ཐམས་ཅད་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་གཡེང་བའི་སེམས་ཀྱིས་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་ པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་བླ་ན་མྱེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་ བྱུང་བའི་ཆོས་གཞན་གྱི་གོ་མྱི་འབྱེད་པ་དེ་དག་གི་ཟིལ་གྱིས་ནོན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་འཛམ་བུའི་གླིང་གི་ 26-1-307b སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མྱེད་པ་བཞི་དང་ལྡན་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་ པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་དང་པོ་བསྐྱེད་པས་ཀྱང་ཟིལ་ཀྱིས་ནོན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བཟུང་ཞིང་བཅངས་ཏེ། བླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་གནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ལྷ་དང་མྱི་དང་ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འགྲོ་ བར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ ཐམས་ཅད་ཟིལ་ཀྱིས་མནན་ཅིང་འགྲོ་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་ཡང་མ་ཟད་དེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ 26-1-308a གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་ཀྱིས་མནན་ཅིང་འགྲོ་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་ཀྱིས་གནོན་ཅིང་འགྲོ་ བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་ཀྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་ དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་ཀྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་ཀྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་ 26-1-308b དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་སྐད་དུ་བསྟན་པ་བཞིན་དུ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་པར་མྱི་ནུས་སོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་དང་འཐུན་པར་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མྱི་འཆད་པའི་དོན་དུ་གནས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་རྣམས་རྒྱང་རིང་དུ་མྱི་བྱེད་པའོ། །དེ་ལྟར་ ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་པོ་བྱང་ཆུབ་ལ་འཕང་བར་མྱི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་བྱིང་བ་རྣམས་ འདོན་པར་འདོད་པའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་སྟེ། ཉན་ཐོས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །རང་ སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ་ཉེ་བར་དོང་ཞིང་འདི་ སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་མྱུར་དུ་སློབས་ཤིག །སྐྱེས་བུ་ཆེན་པོ་སྐྱེན་པར་སློབས་ཤིག །ལྷུང་བཟེད་བཞི་པོ་འདི་དག་ནི་ཁྱོད་ཀྱིས་སྙིང་པོ་བྱང་ཆུབ་ཏུ་འདུག་སྟེ། བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བླང་བར་བྱ་སྟེ། འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ 26-1-309a ཀྱིས་བཞེས་པའོ་ཟེར་ཞིང་སྟོན་ཏོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་ རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འདོང་བར་སེམས་སོ། །དེའི་དྲུང་དུ་བདག་ཀྱང་སུམ་བཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་ མཚེ་མ་ཡང་། མཚེ་མའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་དགའ་ལྡན་ཡང་དགའ་ལྡན་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་ རབ་འཕྲུལ་དགའ་ཡང་། འཕྲུལ་དགའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་དབང་སྒྱུར་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཚངས་པ་མྱི་ མཇེད་ཀྱི་བདག་པོ་ཡང་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོང་ བར་སེམས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །མྱི་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །མྱི་གདུང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། ། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་པ་ཡིན་ཏེ། བྱང་ཆུབ་ 26-1-309b སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་ལྟར་སྤྱོད་པ་དེའི་ལུས་ལ་ནི་འཇིག་རྟེན་པའི་སྡུག་བསྔལ་གཞན་གྱིས་གནོད་པར་བྱས་པ་གང་ཇི་སྙེད་ཅིག་ལུས་ལ་ འབྱུང་བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ལུས་ལ་མྱི་འབྱུང་མྱི་འབབ་སྟེ། དགེ་སློང་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་འགྱུར་ བ་སྟེ། འདུས་པའི་ནད་རྣམས་གང་ཇི་སྙེད་པ་འདི་ལྟ་སྟེ། མྱིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལུས་ཀྱི་ནད་དམ། སྙིང་གི་ནད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ ལུས་ལ་མྱི་འབྱུང་མྱི་འབབ་སྟེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་རིག་པར་བྱའོ། །དེ་ནས་ ཚེ་དང་ལྡན་པ་དགའ་བོ་འདི་སྙམ་དུ་གྱུར་ཏེ། ལྷའི་དབང་པོ་བརྒྱ་བྱིན་འདི་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་ བརྗོད་ཅིང་། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དགའ་བོ་བདག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་བརྗོད་ པ་ནི་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་དབང་ 26-1-310a པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དང་། ལེགས་པ་བརྗོད་པ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །དེ་ནི་དེ་བཞིན་གཤེགས་པའི་ བྱིན་གྱིས་བརླབས་སོ། །དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ ཡང་དག་པའི་མཐའ་མངོན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་ ཐོབ་པར་འགྱུར་རམ་འོན་ཏེ་མ་ཡིན་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། དོགས་པ་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་གང་ གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གྱུར་པ་དེའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་ སེམས་གཅིག་ཙམ་འཁྲུག་པར་འགྱུར་བ་དང་། ཞུམ་པར་འགྱུར་བ་དང་། སྤུ་གཡོ་བར་འགྱུར་བར་སྐར་མདའ་ལྟུང་བར་གཏོང་ཞིང་འཇིགས་པ་སྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་ 26-1-310b འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་འོང་བ་མ་ཡིན་ནོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུའི་དྲུང་དུ་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་བྱང་ཆུབ་སེམས་དཔའ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ པའི་ཚེ། སེམས་མོས་པར་མ་བྱས་པ་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་འོང་ངོ་། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། འོན་ཏམ་མ་ཡིན་ཞེས་ཐེ་ཙོམ་དུ་གྱུར་པ་དེ་དག་གི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་འོང་ངོ་། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་ བཤེས་གཉེན་དང་བྲལ་ན། དེས་དགེ་བའི་གཤེས་གཉེན་མི་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་ཐོས་སོ། །མ་ཐོས་པས་མྱི་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བསྒོམ་པ་ མ་ཤེས་པས་དེ་བཞིན་ཉིད་དུ་ནན་ཏན་མྱི་བྱེད་དོ། །དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་བྲལ་ལ། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་བྱེད་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་ཤེས་རབ་ཀྱི་ 26-1-311a ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་མ་ཡིན་པ་ལ་བསྔགས་པ་རྗོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་ནི་ བདག་གི་གྲོགས་ཡིན་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་འདི་ནི། བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོའི་ནང་ནས། བདག་གིས་གྲོགས་སུ་རྙེད་པ་སྟེ། དེ་ལྟར་གང་ཟག་བྱང་ཆུབ་སེམས་ དཔའི་ཐེག་པ་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་གཉིས་ལས་གཅིག་ཏུ་གནས་པར་འགྱུར་བ་ནི། དེ་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་སྙམ་སྟེ། དགའ་བོ་བྱང་ཆུབ་སེམས་ དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ལ་བདུད་ཀྱི་གླགས་རྙེད་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པས་ཅི་ཞིག་བྱ། བསྒོམས་པ་དང་བཟུང་བ་དང་། བླགས་པ་ དང་། ཀུན་ཆུབ་པར་བྱས་པས་ཀྱང་ཅི་ཞིག་བྱ། ངས་ཀྱང་དེའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་རེ་སྐན་ཞེས་ཟེར་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། ། དགའ་བོ་གཞན་ཡང་གང་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བྱང་ཆུབ་སེམས་དཔའ་བརྙས་པ་སྐྱེད་ཅིང་། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱད་པའོ། །ང་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ 26-1-311b ཕྱིན་པ་ལ་སྤྱད་པའོ། །ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་རློམས་སེམས་སུ་བྱེད་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ཉིད་མཆོག་ཏུ་རློམས་སེམས་སྐྱེད་ན། དགའ་བོ་དེའི་ཚེ་ བདུད་སྡིག་ཏོ་ཅན་དགའ་བ་དང་། སྤྲོ་བ་དང་ཉམས་བདེ་བ་དང་། རབ་ཏུ་དགའ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་ རོ། །དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའི་མྱིང་བརྗོད་པ་འམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན། དེ་མྱིང་བརྗོད་པ་འམ་རུས་བརྗོད་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཞན་དགེ་བའི་ཆོས་ཅན་དག་ཁྱད་དུ་གསོད་ཅིང་བདག་བསྟོད་གཞན་སྨོད་ལ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་ཚུལ་དང་། མཚན་མར་བྱ་བའི་ཡོན་ཏན་དེ་ དག་ཀྱང་དེ་ལ་མྱེད་པར་རྣམ་པ་དང་ཚུལ་དང་། མཚན་མ་མྱེད་པ་དེ་དག་གིས་ཉོན་མོངས་པ་སྐྱེད་ཅིང་བདག་བསྟོད་གཞན་སྨོད་དེ། འདི་སྐད་དུ་ཇི་ལྟར་ང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། བྱང་ཆུབ་སེམས་ དཔའི་རིགས་ལ་གནས་པར་སྣང་བ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་མྱི་སྣང་ངོ་། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་མྱི་སྣང་ངོ་ཞེས་དེ་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་ 26-1-312a པ་པ་དེ་དག་ལ་མྱི་སྙན་པར་བརྗོད་ཅིང་སྨོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་གནས་ནི་སྟོངས་པར་མྱི་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དང་། བྱོལ་སོང་གི་སྐྱེ་གནས་ དང་། གཤིན་རྗེའི་འཇིག་རྟེན་དང་། ཡིད་དགས་ཀྱི་ཡུལ་ཡང་ཤིན་ཏུ་འཕེལ་བར་འགྱུར་རོ་ཞེས་ཅི་ནས་ཀྱང་དེའི་ཚིག་བཟུང་དུ་རུང་བར་འགྱུར་བ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་བྱང་ཆུབ་སེམས་དཔའ་དེ་བྱིན་ཀྱིས་ རློབ་སྟེ། དེའི་ཚིག་བཟུང་དུ་རུང་བས་སྐྱེ་བོ་མང་པོ་དག་ཀྱང་མཉན་པ་དང་། ཡིད་ཆེས་པར་བྱ་བར་སེམས་ཏེ། དེ་ལ་དེ་དག་གིས་ཐོས་སམ་མཐོང་ན། འཐུན་པར་སྤྱོད་པར་འགྱུར་ཏེ། དེ་དག་གིས་ཐོས་སམ་མཐོང་ ནས་འཐུན་པར་སྤྱོད་ཅིང་དེ་བཞིན་དུ་སློབ་སྟེ། དེ་དག་དེ་བཞིན་དུ་སློབ་པའི་ཚེ་དེ་བཞིན་ཉིད་དུ་སློབ་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པའི་ཚེ། ཉོན་མོངས་པ་ཤིན་ཏུ་འཕེལ་བར་འགྱུར་ཏེ། དེ་ལྟར་དེ་དག་བསམ་པ་ཕྱིན་ཅི་ ལོག་དུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱིས་ལས་གང་དང་གང་བརྩམས་པ་དེ་ཐམས་ཅད་མྱི་འདོད་པ་དང་། མྱི་སྡུག་པ་དང་ཡིད་དུ་མི་འོང་བར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཀྱང་རབ་ཏུ་ འཕེལ་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཡང་རབ་ཏུ་འཕེལ་བར་འགྱུར་ཏེ། བདུད་ཀྱི་གནས་ཀྱང་ཤིན་ཏུ་འཕེལ་བར་འགྱུར་བས། དགའ་བོ་དོན་ཀྱི་དབང་དེ་མཐོང་ ནས། བདུད་སྡིག་ཏོ་ཅན་དགའ་བ་དང་། སྤྲོ་བ་དང་ཚིམ་པ་དང་། ཡིད་བདེ་བ་སྐྱེ་བར་འགྱུར་རོ། །དགའ་བོ་གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་ཅིང་ང་ནི་ མཆོག་ཏུ་གྱུར་པ་ཡིན་གྱི། ཁྱོད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རིང་དུ་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ 26-1-312b ཉིད་དང་ཉེ་བར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐབ་མོ་དང་འཁྲུག་པ་དང་རྩོད་པ་དང་མཚང་འདྲུ་བར་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི་ལམ་མོ། །དེ་ནི་བྱོལ་སོང་གི་ སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །དགའ་བོ་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དུ་འཐབ་ཅིང་རྩོད་ལ། འཁྲུག་ཅིང་མཚངས་འདྲུ་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། འདི་གཉིས་ཀ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་ བྱེད་པའོ། །འདི་གཉིས་ཀ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམས་སོ་ཞེས་ནས་དགའ་ཞིང་སྤྲོ་བ་དང་། ཚིམ་ཞིང་ཡིད་བདེ་ བ་སྐྱེ་བར་འགྱུར་རོ། །དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང་། འཐབ་ཅིང་རྩོད་ལ་འཁྲུག་ཅིང་འཚང་འདྲུ་ན། གལ་ཏེ་ དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་བཏང་ཞེ་ན། ཅི་ཙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང་། འཐབ་ཅིང་རྩོད་པ་དང་། འཁྲུག་ཅིག་འཚང་འདྲུ་བར་གྱུར་པ་དེ་སྲིད་ཀྱི་བསྐལ་པར་གོ་ཅ་བགོ་བར་ བྱའོ། །དགའ་བོས་གསོལ་བ། བཅོམ་ལྡན་འདས་དེ་དག་གི་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ་འོན་ཏེ་མ་ལགས་ཀྱིས་བསྐལ་པ་དེ་སྙེད་ཁོ་ནར་གོ་ཅ་བགོ་འཚལ། བཅོམ་ལྡན་འདས་ 26-1-313a ཀྱིས་བཀའ་སྩལ་པ། དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་ བཅས་པའི་ཆོས་བསྟན་ཏེ། དགའ་བོ་དེ་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང་། འཐབ་ཅིང་རྩོད་ལ་གཤེ་ཞིང་མྱི་སྙན་དུ་བརྗོད་པ་དང་། འཐབ་ཅིང་རྩོད་དེ་གཤེ་བ་དང་། མྱི་སྙན་པར་རྗོད་པ་བྱས་ནས། ཕྱིར་མྱི་ཆགས་པར་མདུང་བར་འཛིན་ཅིང་ཁོན་ཏུ་གཟུང་སྟེ་གནས་ན། དགའ་བོ་གང་ཟག་དེ་ནི་འབྱུང་བར་ང་མྱི་སྨྲ་སྟེ། གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཡོངས་སུ་མྱི་གཏང་ཞེ་ན། གདོན་མི་ཟ་བར་བསྐལ་པ་དེ་སྙེད་དུ་གོ་ཅ་བགོ་བར་བྱའོ། །དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཐབས་ཤིང་རྩོད་དེ་གཤེ་བ་དང་མྱི་སྙན་པར་བརྗོད་ པར་གྱུར་ན་ཡང་། མདུད་པར་མྱི་འཛིན་ལ་ཕྱིན་ཆད་སྡོམ་པ་འཛིན་ཅིང་། བདག་གིས་ནི་ཐོབ་པར་བྱ་བ་ཉེས་པར་ཐོབ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསྩལ་དགོས་ན། དེ་ལྟར་ བདག་སྨྲས་པ་ལ་ཕྱིར་སྨྲ་བ་དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། དེ་ལྟར་བདག་གཞན་ལ་མི་སྙན་པར་སྨྲ་ཞིང་། ཕྱིར་ཟློགས་པ་ནི་མྱི་ཚུལ་གྱིས། བདག་གིས་དེ་ལྟར་མྱི་བྱའི། བདག་གིས་གླེན་པ་དང་། ལྐུག་པ་བཞིན་དུ་བྱའོ། །བདག་གི་བསམ་པ་ལ་འཁྲུག་པ་མྱེད་པར་བྱའོ། །སེམས་ཅན་འདི་དག་ནི་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་ཏེ། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་དགོས་ན། དེ་དག་ཉིད་ལ་བདག་ངན་སེམས་སུ་བྱེད་པ་དང་། དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱིས་ 26-1-313b བདག་གིས་དེ་དག་ལ་གནོད་སེམས་སུ་མྱི་བྱའོ། །བདག་གིས་དེ་དག་ལ་འཁྲུག་པར་མྱི་བྱའོ་སྙམ་ན། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འབྱུང་བ་ཡོད་པར་ངས་བཤད་དོ། །དེ་ལ་ནི་ བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་ཚོལ་བས་ཀྱང་གླགས་མྱི་རྙེད་དོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མྱི་བྱའོ། ། དེ་དག་དང་ལྷན་ཅིག་ཏུ་གནས་པར་མི་བྱའོ། །འདུག་པར་མྱི་བྱའོ། །གལ་ཏེ་འདུག་ན་ཡང་དེས་སུ་ལ་ཡང་གནོད་སེམས་སུ་མྱི་བྱ་འཁྲུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་འདི་དག་ལ་གནོད་ སེམས་སུ་ 26-1-314a བྱ་བ་དང་། འཁྲུག་པར་བྱ་བ་དེ་ནི་བདག་ལ་མྱི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱ་སྟེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་པ་དག་དང་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་འདི་ལྟ་སྟེ་དཔེར་ན། སྟོན་པ་དང་ཇི་ལྟར་གནས་པ་དེ་བཞིན་དུ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ། །འདིས་ཇི་ལྟར་ བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་ སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་ 26-1-314b སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་ བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ ལ་བསླབ་པར་བྱ་བ་དེ་ཉིད་ལ་བདག་གིས་ཀྱང་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དོ། །དེས་གཞན་ཡང་སེམས་འདི་ལྟར་བསྐྱེད་པར་བྱས་ཏེ། འདི་ནི་ཡང་དག་པར་རྫོགས་ པར་བྱང་ཆུབ་ཀྱི་སྟོན་པ་སྟེ། གལ་ཏེ་དེ་འདྲེས་པར་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་བྲལ་བར་གྱུར་ན། དེ་ལ་བདག་གིས་བསླབ་པར་ 26-1-315a མྱི་བྱའི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་། མ་བྲལ་བར་གནས་ན། བདག་གིས་ཀྱང་དེ་ལྟར་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་མཉམ་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བདུན་ནོ།། །།ལེགས་སོ་ལེགས་སོ།། །།་