28-1-1a ༼བ༽ ༄༅། ༈ །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞུགས་སོ། ། (黃) 大般若經第十五部 28-1-1b ࿓࿔࿔། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཅིག་ པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལད་ ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ནི་ཟབ་བོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཞུགས་པ་ཡང་དཀའ་བ་བགྱིད་པ་སྟེ། སེམས་ཅན་ཞེས་བགྱི་བ་འམ། སེམས་ཅན་དུ་ གདགས་པ་ནི་གང་ཡང་མྱི་དམྱིགས་ན། དེ་དག་ནི་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བཅོམ་ལྡན་འདས་ 28-1-2a འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་ནམ་མཁའི་གཞི་མ་མཆིས་པ་ལ་ལྗང་བུ་བསྐྱེད་པར་འཚལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ ཅན་རྣམས་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་ནི་དཀའ་བ་བྱེད་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ལྗང་བུ་སྐྱེད་པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་ རྩ་བ་མ་དམྱིགས། ཡལ་ག་མ་དམྱིགས། སྡོང་བུ་མ་དམྱིགས། ལོ་མ་མ་དམྱིགས། མེ་ཏོག་མ་དམྱིགས། འབྲས་བུ་མ་དམྱིགས་པར་ལྗང་བུ་དེའི་སྡོང་བུ་བསྐྱེད་དེ། དུས་དུས་སུ་ བྲན་ཞིང་དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཕུན་སུམ་ཚོགས་པར་གྱུར། མེ་ཏོག་ཕུན་སུམ་ཚོགས་པར་གྱུར། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ པ་དང་། དེ་ལྗང་བུ་དེའི་འདབ་མ་ལ་སྤྱོད་པ་དང་། མེ་ཏོག་ལ་སྤྱོད་པ་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ ཕྱིར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ 28-1-2b པར་བྱེད་དེ། དེ་དག་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །རབ་འབྱོར་དེ་ལ་ལོ་མ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ལ་བརྟེན་ཅིང་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འགྲོལ་བའོ། །མེ་ཏོག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཅིང་རྒྱལ་རིགས་ཆེ་ཞིང་མཐོའ་བར་ སྐྱེ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོའ་བར་སྐྱེ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོའ་བར་སྐྱེ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་དང་། སུམ་བཅུ་རྩ་གསུམ་གྱི་ ལྷར་སྐྱེ་བ་དང་། མཚེ་མའི་ལྷར་སྐྱེ་བ་དང་། དགའ་ལྡན་གྱི་ལྷར་སྐྱེ་བ་དང་། འཕྲུལ་དགའི་ལྷར་སྐྱེ་བ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བ་དང་། ཚངས་རིས་ཀྱི་ལྷར་སྐྱེ་བ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བ་དང་། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བ་དང་། ཚངས་ཆེན་གྱི་ལྷར་སྐྱེ་བ་དང་། སྣང་བའི་ལྷར་སྐྱེ་བ་དང་། ཆུང་སྣང་གི་ལྷར་སྐྱེ་བ་དང་། ཚད་མྱེད་སྣང་ བའི་ལྷར་སྐྱེ་བ་དང་། ཀུན་སྣང་དང་བའི་ལྷར་སྐྱེ་བ་དང་། དགེ་བའི་ལྷར་སྐྱེ་བ་དང་། ཆུང་དགེའི་ལྷར་སྐྱེ་བ་དང་། ཚད་མྱེད་དགེ་བའི་ལྷར་སྐྱེ་བ་དང་། དགེ་རྒྱས་ཀྱི་ལྷར་ སྐྱེ་བ་དང་། ཆེ་བའི་ལྷར་སྐྱེ་བ་དང་། ཆུང་ཆེའི་ལྷར་སྐྱེ་བ་དང་། ཚད་མྱེད་ཆེ་བའི་ལྷར་སྐྱེ་བ་དང་། འབྲས་བུ་ཆེ་བའི་ལྷར་སྐྱེ་བ་དང་། མྱི་ཆེ་བའི་ལྷར་སྐྱེ་བ་དང་། མྱི་གདུང་བའི་ ལྷར་སྐྱེ་བ་དང་། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བ་དང་། གྱ་ནོམ་སྣང་བའི་ལྷར་སྐྱེ་བ་དང་། འོག་མྱིན་གྱི་ལྷར་སྐྱེ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་ 28-1-3a དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའོ། །འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། སེམས་ཅན་དེ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་འགོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ལ་རྟེན་ཅིང་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། དེ་དག་ཀྱང་སེམས་ཅན་ཐམས་ཅད་འབྲས་བུ་ལ་ཉེ་བར་འཚོ་བ་བཞིན་ཉེ་བར་འཚོ་བར་འགྱུར་བ་དང་། དེ་ལ་ གང་གིས་ཡོན་ཕུལ་བ་དེ་དག་ཀྱང་རིམ་གྱིས་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས། ཡོངས་སུ་མྱ་ངན་ལས་འདའ་བ་ དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཡང་། དེ་ལ་སེམས་ཅན་དུ་ཡང་མྱི་འདོགས། སེམས་ཅན་དུ་གདགས་པ་ཡང་མྱེད་པར་སེམས་ཅན་དུ་འཛིན་ པ་ལས་ཡོངས་སུ་འགྲེལ་བ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གང་གི་དོན་ཏུ་བདག་གིས་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་ནས། ཞེས་བྱ་བའི་སེམས་ཅན་ནམ། སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ 28-1-3b སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་ དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་འཆད་པར་འགྱུར། མྱི་ཁོམ་པ་དང་ངན་སོང་ ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །དབུལ་པོ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །ཤུལ་གྱི་རྒྱུན་དམའ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །འདོད་པའི་ཁམས་ཐམས་ཅད་རྒྱུན་འཆད་ པར་འགྱུར་རོ། །གཟུགས་ཀྱི་ཁམས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །གཟུགས་མྱེད་པའི་ཁམས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མྱེད་ན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མྱི་འགྱུར། རང་ སངས་རྒྱས་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་མྱི་འགྱུར། དགྲ་བཅོམ་པ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱང་འཇིག་རྟེན་ཏུ་ འབྱུང་བར་མྱི་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་ 28-1-4a རྒྱུན་འཆད་པར་མྱི་འགྱུར། འདོད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཟུགས་ཀྱི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཟུགས་མྱེད་པའི་ཁམས་ཐམས་ཅད་ ཀྱང་རྒྱུན་འཆད་པར་མྱི་འགྱུར་རོ། །རབ་འབྱོར་དེ་བས་ན་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །ཞེས་ཟེར་བ་ནི་རབ་འབྱོར་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་ གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པ་ཐམས་ཅད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་ཤེས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་བྱེད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པར་གདགས་ པ་དང་། དེ་བཞིན་ཉིད་གང་གིས་མྱིག་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལྕེར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྒྲར་གདགས་པ་དང་། དེ་བཞིན་ཉིད་གང་གིས་དྲིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རོར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རེག་ཏུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆོས་སུ་གདགས་པ་དང་། དེ་བཞིན་ཉིད་ 28-1-4b གང་གིས་མྱིག་གི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་ གང་གིས་ལྕེའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་ཀྱི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་ གིས་མྱིག་གི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣའི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ ལྕེའི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་ཀྱི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ མྱིག་གིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆུའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་ གང་གིས་མྱེའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རླུང་གི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ནམ་མཁའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པའི་ཁམས་ 28-1-5a སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མ་རིག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་བྱེད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ མྱིང་དང་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྐྱེ་མཆེད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་ གང་གིས་སྲེད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལེན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྲིད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྐྱེ་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ རྒ་ཤིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བཟོད་པའི་ ཕ་རོལ་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ནང་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱི་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱི་ནང་སྟོང་པ་ཉིད་དུ་ གདགས་པ་དང་། དེ་བཞིན་ཉིད་གང་གིས་སྟོང་པ་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆེན་པོ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དོན་དམ་པ་སྟོང་པ་ཉིད་དུ་གདགས་པ་ དང་། དེ་བཞིན་ཉིད་གང་གིས་འདུས་བྱས་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་མ་བྱས་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མཐའ་ལས་འདས་པ་སྟོང་པ་ཉིད་དུ་ 28-1-5b གདགས་པ་དང་། དེ་བཞིན་ཉིད་གང་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དོར་བ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་བཞིན་སྟོང་པ་ཉིད་དུ་གདགས་ པ་དང་། དེ་བཞིན་ཉིད་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱི་དམྱིགས་པ་སྟོང་པ་ཉིད་དུ་གདགས་ པ་དང་། དེ་བཞིན་ཉིད་གང་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་ པ་དང་། དེ་བཞིན་ཉིད་གང་གིས་དྲན་པ་ཉེ་བར་གཞག་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡང་དག་པར་སྤོང་བ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་ གདགས་པ་དང་། དེ་བཞིན་ཉིད་གང་གིས་དབང་པོ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྟོབས་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་གདགས་ པ་དང་། དེ་བཞིན་ཉིད་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པའི་བདེན་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་བསམ་ གཏན་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚད་མྱེད་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཐར་པ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཐར་པའི་ 28-1-6a སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མངོན་པར་ཤེས་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཏིང་ངེ་འཛིན་རྣམས་སུ་གདགས་པ་ དང་། དེ་བཞིན་ཉིད་གང་གིས་གཟུགས་ཀྱི་སྒོ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱི་འཇིགས་པ་བཞིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སོ་སོ་ཡང་དག་པར་རིག་པ་བཞིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བྱམས་པ་ཆེན་པོར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྙིང་རྗེ་ཆེན་པོར་གདགས་པ་དང་། དེ་བཞིན་ཉིད་ གང་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུར་ གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱིར་མྱི་འོང་བའི་འབྲས་བུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་དགྲ་བཅོམ་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་བྱང་ཆུབ་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་བྱས་ཀྱི་ཁམས་སུ་ གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་གདགས་པ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་དེ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་དེ་བཞིན་ཉིད་ཚད་ 28-1-6b མར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསློབ་བོ། །ཆོས་ཐམས་ཅད་ཀྱི་ དེ་བཞིན་ཉིད་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱས་ཤིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་འགྱུར་བ་ཐོབ་ པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་འགྱུར་བ་ཐོབ་པར་བྱས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པར་བྱེད་དོ། །དབང་པོ་ལ་མཁས་པར་བྱས་ཤིང་། དབང་པོ་ཡོངས་སུ་ བསྐང་བ་ལ་མཁས་པ་ཐོབ་པར་བྱེད་དོ། །དབང་པོ་ཡོངས་སུ་བསྐང་བ་ལ་མཁས་པ་ཐོབ་པར་བྱས་ཤིང་། སེམས་ཅན་རྣམས་ཀྱི་ལས་རང་གིས་བྱས་པ་ཤེས་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་རང་གི་ལས་ཤེས་པར་བྱས་ཤིང་། སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ཤིང་། དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱེད་དོ། །དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱས་ཤིང་། བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ཤིང་། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་དོ། ། 28-1-7a སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་ནས། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་ལེགས་པ་ཐམས་ཅད་མཐོང་ནས་བདག་གིས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་ པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །གསོལ་པ་ བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་གི་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། 28-1-7b བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་བསོད་ནམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ལས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དེ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་དེ་དག་གི་བསོད་ནམས་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་ སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ལས་བྱུང་བ་ན། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ 28-1-8a འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་མྱི་བཟོད། དཔེར་ཡང་མྱི་ བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་འམ། རང་སངས་རྒྱས་ཀྱི་ཡོན་ཏན་དང་ ལྡན་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་ དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། ། བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་ 28-1-8b བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ལས་བྱུང་བ་ནི། དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་ བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རིགས་ཀྱི་ས་ལ་གནས་པ་རྣམས་ཏེ། རིགས་ཀྱི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ 28-1-9a ཀྱི་སེམས་ཅན་དེ་དག་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། ། བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་ བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བརྒྱད་པའི་ས་རྣམས་ཏེ། བརྒྱད་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་སེམས་ཅན་དེ་དག་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། 28-1-9b རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་མཐོང་བའི་ས་རྣམས་ཏེ། མཐོང་བའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་ བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། བསྲབས་པའི་ས་ལ་གནས་པ་རྣམས་ཏེ། བསྲབས་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་ 28-1-10a པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། འདོད་ཆགས་དང་བྲལ་བའི་ས་ལ་ གནས་པ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་ གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་ གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། ། 28-1-10b དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། བྱས་པ་རྟོགས་པའི་ས་ལ་གནས་པ་རྣམས་ཏེ། བྱས་པ་རྟོགས་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་ མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་ བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རང་སངས་རྒྱས་རྣམས་ཏེ། རང་སངས་རྒྱས་ ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་ པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་ 28-1-11a དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། ། བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་གྱུར་པ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་ མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ 28-1-11b སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པས་ཅི་ཡིད་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས། དམྱིགས་པ་ཇི་ལྟ་བུ་ཞིག་མཆིས། རྣམ་པ་ཇི་ལྟ་བུ་ཞིག་མཆིས། མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། དངོས་པོ་མྱེད་པ། མཚན་ཉིད་མྱེད་པ། མཚན་མ་མྱེད་པ། བྱེད་པ་མྱེད་པ། སྐྱེ་བ་མྱེད་པ། འབྱུང་བ་མྱེད་པ་སྟེ། རབ་འབྱོརད་གང་ཡང་འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམྱིགས་པ་ཇི་ལྟ་བུ་ཞིག་ཡོད་ཅེས་ཟེར་བ་ནི། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམྱིགས་པ་མྱེད་པ་སྟེ། དྲན་པས་དབང་ སྒྱུར་བ། ཞི་བའི་རྣམ་པ་མཚན་ཉིད་མྱེད་པ་ཡིན་ཏེ། རབ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམྱིགས་པའོ། །འདི་ནི་དབང་སྒྱུར་བའོ། །འདི་ནི་རྣམ་པའོ། །འདི་ནི་མཚན་ ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། མ་ལགས་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། འདུ་ཤེས་ཀྱང་དངོས་པོ་མ་མཆིས་པ་ལགས། འདུ་བྱེད་ཀྱང་དངོས་པོ་མ་མཆིས་པ་ལགས་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་ ཀྱང་དངོས་པོ་མ་མཆིས་པ་ལགས། རྣ་བ་ཡང་དངོས་པོ་མ་མཆིས་པ་ལགས། སྣ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱང་དངོས་པོ་མ་ 28-1-12a མཆིས་པ་ལགས། ཡིད་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། སྒྲ་ཡང་དངོས་པོ་མ་མཆིས་པ་ལགས། དྲི་ཡང་དངོས་པོ་མ་མཆིས་པ་ ལགས། རོ་ཡང་དངོས་པོ་མ་མཆིས་པ་ལགས། རེག་ཀྱང་དངོས་པོ་མ་མཆིས་པ་ལགས། ཆོས་ཀྱང་དངོས་པོ་མ་མཆིས་པ་ལགས། མྱིག་གི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། རྣ་བའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱི་རྣམ་ པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་གི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། རྣ་བའི་འདུས་ཏེ་རེག་ པ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེའི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་ མ་མཆིས་པ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། རྣ་བའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ ལགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སའི་ཁམས་ 28-1-12b ཀྱང་དངོས་པོ་མ་མཆིས་པ་ལགས། ཆུའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། མྱེའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། རླུང་གི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། ནམ་མཁའི་ཁམས་ ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཤེས་པའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། མ་རིག་པ་ཡང་དངོས་པོ་མ་མཆིས་པ་ལགས། འདུ་བྱེད་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་ལགས། མྱིང་དང་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། སྐྱེ་མཆེད་དྲུག་ཀྱང་དངོས་པོ་མ་མཆིས་པ་ལགས། རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སྲེད་པ་ཡང་དངོས་པོ་མ་མཆིས་པ་ལགས། ལེན་པ་ཡང་དངོས་པོ་མ་མཆིས་པ་ལགས། སྲིད་པ་ཡང་དངོས་པོ་མ་མཆིས་པ་ལགས། སྐྱེ་བ་ཡང་དངོས་པོ་ མ་མཆིས་པ་ལགས། རྒ་ཤི་ཡང་དངོས་པོ་མ་མཆིས་པ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། ནང་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཕྱི་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཕྱི་ནང་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཆེན་པོ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དོན་དམ་པ་སྟོང་པ་ཉིད་ 28-1-13a ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དངོས་ པོ་མ་མཆིས་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་ པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ ལགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཡང་དག་པར་སྤོང་བ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ ལགས། དབང་པོ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སྟོབས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡང་དངོས་པོ་མ་མཆིས་པ་ལགས། འཕགས་པའི་བདེན་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བསམ་གཏན་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཚད་མྱེད་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཐར་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། 28-1-13b མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དངོས་པོ་མ་མཆིས་པ་ལགས། མངོན་པར་ཤེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཏིང་ངེ་འཛིན་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུངས་ཀྱི་སྒོ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། མྱི་འཇིགས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱམས་པ་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། སྙིང་རྗེ་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། དགའ་བ་ཆེན་པོ་ ཡང་དངོས་པོ་མ་མཆིས་པ་ལགས། བཏང་སྙོམས་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། འདུས་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་ པོ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །གཟུགས་ཀྱང་དངོས་པོ་མྱེད་པའོ། །ཚོར་བ་ཡང་ དངོས་པོ་མྱེད་པའོ། །འདུ་ཤེས་ཀྱང་དངོས་པོ་མྱེད་པའོ། །འདུ་བྱེད་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །མྱིག་ཀྱང་དངོས་པོ་མྱེད་པའོ། །རྣ་བ་ཡང་དངོས་པོ་ མྱེད་པའོ། །སྣ་ཡང་དངོས་པོ་མྱེད་པའོ། །ལྕེ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱང་དངོས་པོ་མྱེད་པའོ། །ཡིད་ཀྱང་དངོས་པོ་མྱེད་པའོ། །གཟུགས་ཀྱང་དངོས་པོ་མྱེད་པའོ། །སྒྲ་ཡང་དངོས་པོ་ 28-1-14a མྱེད་པའོ། །དྲི་ཡང་དངོས་པོ་མྱེད་པའོ། །རོ་ཡང་དངོས་པོ་མྱེད་པའོ། །རེག་ཀྱང་དངོས་པོ་མྱེད་པའོ། །ཆོས་ཀྱང་དངོས་པོ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། ། རྣ་བའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །སྣའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། ། ལྕེའི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་ མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མྱེད་པའོ། །སའི་ཁམས་ཀྱང་དངོས་པོ་ མྱེད་པའོ། །ཆུའི་ཁམས་ཀྱང་དངོས་པོ་མྱེད་པའོ། །མྱེའི་ཁམས་ཀྱང་དངོས་པོ་མྱེད་པའོ། །རླུང་གི་ཁམས་ཀྱང་དངོས་པོ་མྱེད་པའོ། །ནམ་མཁའི་ཁམས་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ ཀྱང་དངོས་པོ་མྱེད་པའོ། །མ་རིག་པ་ཡང་དངོས་པོ་མྱེད་པའོ། །འདུ་བྱེད་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །མྱིང་དང་གཟུགས་ཀྱང་དངོས་པོ་མྱེད་པའོ། ། 28-1-14b སྐྱེ་མཆེད་དྲུག་ཀྱང་དངོས་པོ་མྱེད་པའོ། །རེག་པ་ཡང་དངོས་པོ་མྱེད་པའོ། །ཚོར་བ་ཡང་དངོས་པོ་མྱེད་པའོ། །སྲེད་པ་ཡང་དངོས་པོ་མྱེད་པའོ། །ལེན་པ་ཡང་དངོས་པོ་མྱེད་པའོ། །སྲིད་པ་ཡང་དངོས་པོ་མྱེད་པའོ། ། སྐྱེ་བ་ཡང་དངོས་པོ་མྱེད་པའོ། །རྒ་ཤི་ཡང་དངོས་པོ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ དངོས་པོ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ནང་སྟོང་པ་ཉིད་ ཀྱང་དངོས་པོ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ དངོས་པོ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཐོག་མ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་ པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །མྱི་དམྱིགས་ པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དྲན་པ་ཉེ་བར་གཞག་ པ་རྣམས་ཀྱང་དངོས་པོ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱང་དངོས་པོ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །དབང་པོ་རྣམས་ཀྱང་དངོས་པོ་མྱེད་པའོ། །སྟོབས་རྣམས་ཀྱང་དངོས་པོ་མྱེད་ 28-1-15a པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དངོས་པོ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དངོས་པོ་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །བསམ་གཏན་རྣམས་ཀྱང་དངོས་པོ་ མྱེད་པའོ། །ཚད་མྱེད་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཐར་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དངོས་པོ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱང་དངོས་པོ་མྱེད་པའོ། ། གཟུངས་ཀྱི་སྒོ་རྣམས་ཀྱང་དངོས་པོ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་དངོས་པོ་མྱེད་པའོ། །མྱི་འཇིགས་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་དངོས་པོ་མྱེད་པའོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །བྱམས་པ་ཆེན་པོ་ཡང་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དངོས་པོ་མྱེད་པའོ། །དགའ་བ་ཆེན་པོ་ཡང་དངོས་པོ་མྱེད་པའོ། །བཏང་སྙོམས་ཆེན་པོ་ཡང་ དངོས་པོ་མྱེད་པའོ། །འདུས་བྱས་ཀྱི་ཁམས་ཀྱང་དངོས་པོ་མྱེད་པའོ། །འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མྱེད་དེ། རབ་འབྱོར་ གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ འདུས་པའི་ངོ་བོ་ཉིད་མྱེད་པ་དེ། གང་ལ་འདུས་པའི་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །རབ་འབྱོར་རྣམ་གྲངས་དེས་ནི། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ 28-1-15b ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མྱེད་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མྱེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ ཅད་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ཐབས་གང་དང་ལྡན་པས། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་ པར་བགྱིད་པ་ལགས། བསམ་གཏན་དང་པོ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་གཉིས་པ་ལ་སྤྱོད་ཅིང་། 28-1-16a སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་གསུམ་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་བཞི་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བྱམས་པ་ལ་ སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྙིང་རྗེ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་ སྨྱིན་པར་བགྱིད་པ་ལགས། དགའ་བ་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བཏང་སྙོམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་ པར་བགྱིད་པ་ལགས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། 28-1-16b ཕྱི་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་ པར་བགྱིད་པ་ལགས། ཆེན་པོ་སྟོང་ལ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དོན་དམ་པ་སྟོང་པ་ཉིད་ལ་ སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་ པར་བགྱིད་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ 28-1-17a ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ ལགས། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཡང་དག་པར་སྤོང་བ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྫུ་འཕྲུལ་ གྱི་རྐང་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དབང་པོ་ལྔ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྟོབས་ལྔ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བྱང་ཆུབ་ཀྱི་ཡན་ལག་ 28-1-17b བདུན་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འཕགས་པའི་བདེན་པ་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་ པར་བགྱིད་པ་ལགས། བསམ་གཏན་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཚད་མྱེད་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨྱོན་པ་མྱེད་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མངོན་པར་ཤེས་པ་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་ 28-1-18a སྨྱིན་པར་བགྱིད་པ་ལགས། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དེ་བཞིན་ གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མྱི་འཇིགས་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་ བགྱིད་པ་ལགས། བྱམས་པ་ཆེན་པོ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་། སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་ སུ་སྨྱིན་པར་བགྱིད་པ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། རབ་འབྱོར་དེ་ལྟར་ 28-1-18b ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡོངས་སུ་འདྲིས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་དེ་དག་དང་། སེམས་ ཅན་དེ་དག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་ པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། 28-1-19a བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། བྱང་ཆུབ་ 28-1-19b ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱམས་པ་ཆེན་པོ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ 28-1-20a ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མྱེད་པའི་ངོ་ བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ནམ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་མ་གྱུར་པ་དང་། མྱི་འཇིགས་ པ་བཞི་དང་ལྡན་པར་མ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་མ་གྱུར་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པར་མ་གྱུར་པ་དང་། བྱམས་པ་ཆེན་པོ་དང་ ལྡན་པར་མ་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དེ། རབ་ འབྱོར་དེ་ནི། བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། སྐད་ ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་། མྱི་སྐྱེ་བར་ སྤང་བས་ཡོངས་སུ་སྤོང་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་ལྟ་ན། དངོས་པོ་མྱེད་པར་མྱི་དམྱིགས་ན། དངོས་པོ་ཡོད་ 28-1-20b པ་ལྟ་སྨོས་ཀྱང་མི་སྨོས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ ཡང་ཡིད་ལ་མྱི་བྱེད་དོ། །ལེན་པར་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཏོང་བ་ལ་ཡང་མྱི་རྟོག ། མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་དེ། ཡུལ་དུ་ མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་སྲུང་སྟེ། དེ་དེ་ལྟར་ཚུལ་ཁྲིམས་སྲུང་ཡང་མྱི་རྟོག །མཚན་མར་མྱི་ བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད་དེ། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པ་སྒོམ་སྟེ། དེ་དེ་ལྟར་བཟོད་པ་སྒོམ་ཡང་། མྱི་རྟོག་མཚན་མར་མྱི་བྱེད་ དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དེ། བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་ 28-1-21a དུ་མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་རྩོམ་སྟེ། དེ་དེ་ལྟར་བརྩོན་འགྲུས་རྩོམ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་ གཏན་རྣམས་ལ་སྙོམས་པར་འཇུག་སྟེ། དེ་དེ་ལྟར་བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཀྱང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་ སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་སྟེ། དེ་དེ་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཤེས་རབ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་ བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཤེས་རབ་དེ་ལ་སྒོམ་པ་དེ་དག་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་ དོ། །གང་ནང་སྟོང་པ་ཉིད་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ 28-1-21b ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཕྱི་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་ སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་ བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་ པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ 28-1-22a ཡིད་ལ་མྱི་བྱེད་དོ། །གང་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། སེམས་ཅན་གང་གི་དོན་དུ་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ་མྱི་རྟོག །མཚན་མར་ མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་ པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་ མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། སེམས་ཅན་གང་གི་དོན་ཏུ་འདུས་བྱས་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་ བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འདུས་མ་བྱས་སྟོང་པ་ 28-1-22b ཉིད་དེ་ལ་བསྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འདུས་མ་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་ པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། སེམས་ཅན་གང་གི་དོན་ཏུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོར་བ་མྱེད་པ་ སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ 28-1-23a ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་དུ་དོར་བ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་བཞིན་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རང་བཞིན་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་ བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཆོས་ ཐམས་ཅད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་ དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་ པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ། སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་ 28-1-23b མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་ པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་ པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ ཅན་གང་གི་དོན་ཏུ་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་ དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ 28-1-24a ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་ མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་ འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ ཡིད་ལ་མྱི་བྱེད་དོ། །གང་དྲན་པ་ཉེ་བར་གཞག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དྲན་པ་ཉེ་བར་གཞག་ པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་དེ་དག་ལ་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། 28-1-24b རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་པ་དེ་ལ་ ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་པའི་ཚེ། དབང་པོ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། གང་དབང་པོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དབང་པོ་དེ་དག་ལ། སྒོམ་པ་དེ་ལ་ཡང་ མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སྟོབས་རྣམས་ལ་སྤྱོད་པའི་ཚེ། སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོབས་ དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་མྱི་ རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་ 28-1-25a པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་ པར་ཡང་ཡིད་ལ་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ ཡང་ཡིད་ལ་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་ གི་དོན་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་ པའི་ཚེ། འཕགས་པའི་བདེན་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་ མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་པའི་ཚེ། བསམ་གཏན་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བསམ་ གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་བསམ་གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། 28-1-25b དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་པའི་ཚེ། ཚད་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། གང་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་ འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། སེམས་ཅན་གང་གི་དོན་ཏུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་ པའི་ཚེ། རྣམ་པར་ཐར་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་ 28-1-26a བྱེད་དོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། སེམས་ཅན་གང་གི་དོན་ཏུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་ པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་ པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ ཅན་གང་གི་དོན་ཏུ་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་པའི་ཚེ། 28-1-26b ཏིང་ངེ་འཛིན་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་ པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ ལ་མྱི་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་པའི་ཚེ། མྱི་འཇིགས་པ་དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མྱི་འཇིགས་ 28-1-27a པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མྱི་འཇིགས་པ་དེ་དག་ལ་ སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་དེ་དག་ལ་མྱི་རྟོག་ མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སོ་སོ་ཡང་དག་པར་རིག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་ པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སོ་སོ་ཡང་དག་པར་རིག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། བྱམས་པ་ཆེན་པོ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། ། གང་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་ 28-1-27b མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་མྱི་རྟོག་ མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ ཡང་ཡིད་ལ་མྱི་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐམས་ཅད་ཤེས་ པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་ པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། 28-1-28a རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ དུ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་ པོ་མྱེད་པའི་ངོ་བོ་ཉིད་དེ། དེ་དག་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱིས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་ནི་བྱེད་པ་པོ་མྱེད་པ། བྱེད་པ་པོ་དང་བྲལ་བའོ། ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན། ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། རབ་འབྱོར་ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་ན། ཇི་ལྟར་ཆོས་ཀྱིས་ཆོས་ལ་དངོས་ པོ་མཆིས་ཤེས་བགྱི་བའམ། དངོས་པོ་མ་མཆིས་ཤེས་བགྱི་བར་ཡོངས་སུ་འཚལ་བར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ཀྱིས། དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མྱི་རུང་ སྟེ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་པར་མྱི་རུང་ངོ་། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་ 28-1-28b བར་མྱི་རུང་ངོ་། །དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མྱི་རུང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་འཚལ་པ་མ་མཆིས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ལྟ་དངོས་པོ་མཆིས་པ་འམ། དངོས་པོ་མ་མཆིས་པར་སེམས་པར་ཡང་ག་ལ་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་བས། དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་མྱེད་ཅེས་བྱ་བར་སྟོན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པ་ཡང་གཞན་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པར་ཡང་གཞན་ཞིག་ཡིན་ཞེས་བྱ་བ་ཡང་མྱེད་དེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཡང་། དེ་ལ་སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་བཞིན་ཉིད་དེ་ མྱི་ཤེས་མྱི་མཐོང་སྟེ། དེ་དག་གི་དོན་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་མྱེད་ཅེས་བྱ་བར་བརྗོད་དོ། །རབ་འབྱོར་འདི་ལྟར་ཡང་ སེམས་ཅན་གང་ཇི་སྙེད་ཅིག་ཕུང་པོ་ལྔ་ལ་དངོས་པོ་ཡོད་པའི་འདུ་ཤེས་སུ་གྱུར་ཏེ། དངོས་པོ་མྱེད་པར་མྱི་ཤེས་པ་དེ་དག་གི་དོན་ཏུ་ཆོས་རྣམས་སུ་རབ་ཏུ་དབྱེ་བ་ཉེ་བར་བཟུང་སྟེ། དངོས་པོ་མྱེད་པར་ཇི་ལྟར་ཤེས་པར་གྱུར་ཞེས་ ཏེ་དེ་སྐད་དུ་བརྗོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ། ། 28-1-29a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བཞི་པའོ།། །། དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའི་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་ བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་དེ་ནི། དེ་བྱང་ཆུབ་ཀྱི་དོན་ཏུ་སྤྱད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚོར་བ་སྟོང་པ་ཞེས་བྱ་བར་ སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་ཤེས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་བྱེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་ 28-1-29b བ་དེ་ལྟར་སྤྱོད་དོ། །ཡིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། སྒྲ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དྲི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རེག་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆོས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཞེས་ བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བའི་འདུས་ཏེ་ རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་ 28-1-30a འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་ སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་ དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་ བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་ སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆུའི་ཁམས་སྟོང་པ་ ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱེའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རླུང་གི་ཁམས་སྟོང་པ་ཞེས་ བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནམ་མཁའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། 28-1-30b རྣམ་པར་ཤེས་པའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མ་རིག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་ དེ་ལྟར་སྤྱོད་དོ། །འདུ་བྱེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་ འགྱུར་བ་དེ་ལྟར་སྤྱོད་དོ། །མྱིང་དང་གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་མཆེད་དྲུག་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྲེད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལེན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་ སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྲིད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་ སྤྱོད་དོ། །རྒ་ཤི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་ དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་ 28-1-31a བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཕྱི་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་ བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་སྟོང་པ་ཞེས་ བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་ མ་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་ འགྱུར་བ་དེ་ལྟར་སྤྱོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། 28-1-31b ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱི་དམྱིགས་པ་སྟོང་ པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ངོ་བོ་ཉིད་ སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། བསམ་གཏན་དང་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་གཉིས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། བསམ་གཏན་གསུམ་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་བཞི་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། བྱམས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྙིང་རྗེ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། དགའ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བཏང་སྙོམས་ 28-1-32a སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་ མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་ སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། དྲན་པ་ཉེ་བར་གཞག་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡང་དག་པར་སྤོང་བ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་ གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དབང་པོ་ལྔ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོབས་ལྔ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྟོང་པ་ཞེས་བྱ་ བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། འཕགས་པའི་བདེན་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ 28-1-32b ལྟར་སྤྱོད་དོ། །ཚད་མྱེད་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་ རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཞེས་ བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཚན་མ་མྱེད་པའི་ཏིང་ངེ་ འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། མངོན་པར་ཤེས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཏིང་ངེ་འཛིན་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། གཟུངས་ཀྱི་སྒོ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་ དེ་ལྟར་སྤྱོད་དོ། །མྱི་འཇིགས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་ པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བྱམས་པ་ཆེན་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྙིང་རྗེ་ཆེན་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ 28-1-33a ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་ འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་སྟོང་པ་ཞེས་བྱ་ བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། ། སྤོབས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་མངོན་པར་བསྒྲུབ་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་ བ་དེ་ལྟར་སྤྱོད་དོ། །ཡི་གེ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་མྱེད་པ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་ རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུངས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་མ་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རབ་འབྱོར་བྱང་ཆུབ་ 28-1-33b སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བྱང་ཆུབ་ཏུ་སྤྱོད་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་ཤེས་བགྱི་བ་དེ་དག་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ཡང་དག་པའི་དོན་ནི་སངས་རྒྱས་ཤེས་བྱ་སྟེ། རབ་འབྱོར་ཡང་འདི་ལྟར་དེས་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཤེས་བྱའོ། །དེས་ཡང་དག་པའི་དོན་རབ་ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ ཤེས་བྱའོ། །རབ་འབྱོར་ཡང་འདི་ལྟར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཤེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ ཅེས་བགྱི་ན། བྱང་ཆུབ་ཅེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི། སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་དེ་བཞིན་ཉིད་ ཀྱི་ཚིག་བླ་དགས་སོ། །དེ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་ཀྱི་དབྱིངས་ཉིད་ཀྱི་ཚིག་བླ་དགས་ སོ། །དེ་ནི་ཆོས་ཀྱི་གནས་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་སྐྱོན་མྱེད་པའི་ཚིག་བླ་དགས་སོ། །དེ་ནི་ཡང་དག་པའི་མཐའི་ཚིག་བླ་དགས་སོ། །རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་ཅེས་བྱ་བ་ནི་དེ་ བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་རྣམ་པ་གཞན་དུ་མྱི་འགྱུར་བ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མྱིང་དང་ 28-1-34a མཚན་མ་ཙམ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་ཆོས་ཐམས་ཅད་མྱིང་དང་མཚན་མ་ཙམ་དུ་ རྟོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དབྱེར་མྱེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །གསོལ་པ། བཅོམ་ ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་ པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་ སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་ 28-1-34b པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་ པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་ འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་དགེ་བའི་རྩ་བ་གང་དང་གང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ་འགོང་བ་འམ། འཕེལ་བ་འམ་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་ བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ 28-1-35a ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་ དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་ པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་ པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་ 28-1-35b པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་ དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ལ་སྤྱོད་པ་དེ་ལ་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ། འཕེལ་བ་འམ། འགོང་བ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་ གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བྱ་བ་དང་། འགོང་བར་ བྱ་བ་འམ། འཕེལ་བར་བྱ་བ་འམ། སྐྱེ་བར་བྱ་བ་འམ། འགག་པར་བྱ་བ་འམ། ཀུན་ནས་ཉོན་མོངས་པར་བྱ་བ་འམ། རྣམ་པར་བྱང་བར་བྱ་བའི་ཕྱིར་དེ་དམྱིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བགྱི་བ་འམ། འགོང་བར་བགྱི་བ་འམ། འཕེལ་བར་བགྱི་བ་འམ། སྐྱེ་བར་བགྱི་བ་འམ། འགག་པར་བགྱི་བ་འམ། ཀུན་ནས་ཉོན་མོངས་པར་བགྱི་བ་འམ། རྣམ་པར་བྱང་བར་བགྱི་བའི་སླད་དུ་དམྱིགས་པའི་ཚུལ་ 28-1-36a གྱིས་ཉེ་བར་གནས་པ་མ་ལགས། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་ འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ནང་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ཕྱི་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་འདུས་བྱས་ སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་རང་བཞིན་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ འགྱུར། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་དབང་པོ་རྣམས་ 28-1-36b ལ་སྤྱོད་པར་འགྱུར། ཇི་ལྟར་སྟོབས་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པར་འགྱུར། ཇི་ལྟར་འཕགས་པའི་ བདེན་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་བསམ་གཏན་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་ཚད་མྱེད་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་རྣམ་པར་ཐར་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པར་འགྱུར། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པར་འགྱུར། ཇི་ལྟར་མྱི་འཇིགས་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པར་འགྱུར། ཇི་ལྟར་བྱམས་པ་ཆེན་པོ་ལ་སྤྱོད་པར་འགྱུར། ཇི་ལྟར་ སྙིང་རྗེ་ཆེན་པོ་ལ་སྤྱོད་པར་འགྱུར། ཇི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྱོད་པར་འགྱུར། ཇི་ལྟར་ཉན་ཐོས་ཀྱི་ས་ལས་འདའ་བར་འགྱུར། ཇི་ལྟར་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར། ཇི་ལྟར་ བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་གཉིས་སུ་སྤྱོད་པའི་བློ་མྱེད་དེ། རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། ། 28-1-37a གཉིས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། ། གཉིས་ཀྱིས་ནང་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཕྱི་ནང་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཆེན་པོ་སྟོང་ པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དོན་དམ་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་འདུས་བྱས་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་མཐའ་ལས་ འདས་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རང་བཞིན་སྟོང་པ་ཉིད་ལ་མྱི་སྤྱོད་དོ། ། གཉིས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དངོས་པོ་མྱེད་པ་ སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྤྱོད་དོ། ། གཉིས་ཀྱིས་ཡང་དག་པར་སྤོང་བ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དབང་པོ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་སྟོབས་རྣམས་ལ་མྱི་སྤྱོད་དོ། ། གཉིས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་འཕགས་པའི་བདེན་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་བསམ་ 28-1-37b གཏན་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཚད་མྱེད་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རྣམ་པར་ཐར་པ་རྣམས་ལ་མྱི་སྤྱོད་ དོ། །གཉིས་ཀྱིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སྤྱོད་དོ། ། གཉིས་ཀྱིས་མངོན་པར་ཤེས་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཏིང་ངེ་འཛིན་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་གཟུངས་ཀྱི་སྒོ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་ རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་མྱི་འཇིགས་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་བྱམས་པ་ཆེན་པོ་ལ་མྱི་སྤྱོད་དོ། །གཉིས་ ཀྱིས་སྙིང་རྗེ་ཆེན་པོ་ལ་མྱི་སྤྱོད་དོ། །གཉིས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ཐམས་ཅད་ཤེས་པ་ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ ཉིད་ལ་མྱི་སྤྱོད་དོ། །གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། དེ་ལྟར་གཉིས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད། གཉིས་ཀྱིས་ནང་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ 28-1-38a ཕྱི་ནང་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ཆེན་པོ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་དོན་དམ་པ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ འདུས་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ མྱི་སྤྱོད། གཉིས་ཀྱིས་དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་རང་བཞིན་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་རང་གི་མཚན་ཉིད་ སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་ཡང་དག་པར་སྤོང་བ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་ རྣམས་ལ་མྱི་སྤྱོད། གཉིས་ཀྱིས་དབང་པོ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་སྟོབས་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་མྱི་སྤྱོད། གཉིས་ཀྱིས་འཕགས་པའི་བདེན་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་བསམ་གཏན་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་ཚད་མྱེད་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་རྣམ་པར་ཐར་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ 28-1-38b དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སྤྱོད། གཉིས་ཀྱིས་མངོན་པར་ཤེས་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་ཏིང་ངེ་འཛིན་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་གཟུངས་ཀྱི་སྒོ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་མྱི་འཇིགས་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་བྱམས་པ་ཆེན་པོ་ལ་མྱི་སྤྱོད། གཉིས་ཀྱིས་སྙིང་རྗེ་ཆེན་པོ་ལ་མྱི་སྤྱོད། གཉིས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱི་སྤྱོད། གཉིས་ཀྱིས་ཐམས་ཅད་ཤེས་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སྤྱོད། གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྤྱོད་ན། འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར་བས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ སྟེ། སེམས་སླད་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སུ་ཡང་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་བའི་ རྩ་བ་རྣམ་པར་འཕེལ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་གཉིས་ལ་རྟེན་པ་སྟེ། དེ་དག་ནི་དགེ་བའི་རྩ་བས་རྣམ་པར་མྱི་འཕེལ་ལོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ལ་མྱི་སྤྱོད་དེ། དེ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཕྱི་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བས་རྣམ་པར་འཕེལ་ཏེ། དེ་ནི་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མྱི་དགེ་བའི་རྩ་བ་གང་གིས་ཉམས་སྨད་པས་ཉན་ཐོས་ཀྱིས་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བ་འམ། མྱི་དགེ་བའི་ཆོས་གཞན་གྱིས་ཡོངས་སུ་འཕྲོགས་ 28-1-39a པར་གྱུར་ཅིང་། དེ་དག་གིས་ཡོངས་སུ་འཕྲོགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ནང་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་ན། དགེ་ བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་ པར་མྱི་འཕེལ་བ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། མཐའ་ལས་འདས་ པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དོར་བ་མྱེད་ 28-1-39b པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ན། དགེ་ བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དབང་པོ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། སྟོབས་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་ མང་པོས་རྣམ་པར་མྱི་འཕེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། བསམ་གཏན་རྣམས་ལ་སྤྱོད་ན། དགེ་བའི་རྩ་ 28-1-40a བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རྣམ་པར་ཐར་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། མངོན་པར་ ཤེས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ན། དགེ་བའི་ རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་ རྣམ་པར་མྱི་འཕེལ་བ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། བྱམས་པ་ཆེན་པོ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་ དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ཐམས་ཅད་ ཤེས་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ 28-1-40b སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མྱི་འཕེལ་བ་དེ་ལྟར་ཉམས་སྨད་པར་མྱི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དེ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་མ་བཟུང་བར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་རྩ་བས་ཡོངས་སུ་བཟུང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་ བཀུར་བྱེད། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། 28-1-41a འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པ་གང་ཅི་གསུངས་ཀྱང་དེ་ དག་ཐམས་ཅད་ཡོངས་སུ་འཛིན་ཏོ། །ཡོངས་སུ་བཟུང་ནས་ཀྱང་ཚིག་གིས་ཡོངས་སུ་འདྲིས་པ་དང་། ཡིད་ཀྱིས་ཤིན་ཏུ་བརྟགས་པ་དང་། ལྟ་བས་རབ་ཏུ་ཁོང་དུ་ཆུད་པར་བྱས་ཤིང་། གཟུངས་རབ་ཏུ་ ཐོབ་པར་བྱེད་དོ། །གཟུངས་རབ་ཏུ་ཐོབ་ནས་སོ་སོ་ཡང་དག་པར་རིག་པ་བསྐྱེད་དོ། །སོ་སོ་ཡང་དག་པར་རིག་པ་བསྐྱེད་པས་དེའི་ཚེ་རྣམ་པར་འཕོས་ཀྱང་ཆོས་དེ་དག་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་གྱི་ བར་དུ་ནམ་ཡང་ཆུད་ཟ་བར་མྱི་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་དགེ་བའི་རྩ་བ་སྐྱེད་ཅིང་། དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་ན། ནམ་ཡང་ངན་སོང་དང་མྱི་ཁོམ་པར་སྐྱེ་བར་མྱི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །ལུས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། ། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་བས་ཀྱང་། དགེ་བའི་བཤེས་གཉེན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ལེགས་པ་སྟོན་པ་དག་དང་། ནམ་དུ་ཡང་འབྲལ་བར་མྱི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བར་བྱའོ། །དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ། ། 28-1-41b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་རྩ་ལྔ་པའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་མྱི་བགྱིད་ དགེ་བའི་རྩ་བའང་ཡོངས་སུ་རྫོགས་པར་མྱི་བགྱིད་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་མ་བཟུང་བར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས་ལ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་ཡང་བྱས། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་པར་བྱས། དགེ་བའི་བཤེས་གཉེན་ལ་ཡང་བསྟེན་པ་བྱས་ཀྱང་། ད་དུང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ མྱི་ནུས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་ལ་མ་བསྟེན་པ་རྣམས། རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་ འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མྱིང་བདེན་པ་ལ་གནས་པར་འདོད་པ་དང་། མྱུར་དུ་བླ་ན་མྱེད་པ་ཡང་དག་ 28-1-42a པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱའོ། །དགེ་བའི་རྩ་བ་མང་པོ་བསྐྱེད་པར་བྱའོ། །དགེ་བའི་ བཤེས་གཉེན་ལ་བསྟེན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས། དགེ་བའི་རྩ་བ་ བསྐྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པར་བགྱིས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐབས་མཁས་པ་དང་མྱི་ལྡན་པའི་ཕྱིར་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཐབས་དེ་ཐོས་པར་མ་གྱུར་པའི་ཕྱིར་དགེ་བའི་རྩ་བ་དེ་ལྟ་བུ་ཡང་མ་བསྐྱེད། གང་དེ་ལ་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་དག་ལ་ཡང་མ་བསྟེན་པས་དེ་ལྟར་ ཐོབ་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐབས་མཁས་པ་གང་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཐབས་ མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། མྱི་དང་མྱི་མ་ཡིན་པར་གྱུར་པ་ དག་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག་དང་ལྡན་པས། སྦྱིན་པ་ལ་ཡང་སྦྱིན་པའི་འདུ་ཤེས་སུ་མྱི་འགྱུར། ལེན་པ་ལ་འང་ལེན་པའི་འདུ་ཤེས་སུ་མྱི་ 28-1-42b འགྱུར། གཏོང་བ་ལ་ཡང་གཏོང་བའི་འདུ་ཤེས་སུ་མྱི་འགྱུར་རོ། །དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་ རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་སྦྱིན་ པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱོད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་རྩ་དྲུག་གོ།། །། རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ སྲུང་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མྱི་འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་ 28-1-43a སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་བའི་སེམས་སམ། ང་རྒྱལ་ལམ། བརྙས་པ་འམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན། ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་ འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། ཚུལ་ཁྲིམས་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་རྩ་བདུན་པའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པ་སྒོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མྱི་ 28-1-43b འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་ འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་ སེམས་སམ། ང་རྒྱལ་ལམ། བརྙས་པ་འམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དེ་དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་པ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་སྒྲུབ་པར་ མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན། ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། བཟོད་པའི་འབྲས་བུ་གང་འཁོར་བར་ ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ 28-1-44a ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་རྩོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མྱི་ འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་བའི་སེམས་སམ། ང་རྒྱལ་ ལམ། བརྙས་པའམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་པ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་སྒྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་ མཚན་ཉིད་ལ་འཇུག་ན། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། བརྩོན་འགྲུས་ཀྱི་འབྲས་བུ་གང་འཁོར་བར་ 28-1-44b ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་རྣམས་ལ་སྙོམས་པར་འཇུག་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མྱི་འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་སེམས་སམ། ང་རྒྱལ་ལམ། བརྙས་པ་འམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དེ་དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་ རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་སྒྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན། ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན། སེམས་ཅན་ 28-1-45a ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། བསམ་གཏན་གྱི་འབྲས་བུ་གང་འཁོར་བར་ཡོངས་ སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཤེས་རབ་སྒོམས་ཏེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མྱི་འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་ སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་སེམས་སམ། ང་རྒྱལ་ལམ། བརྙས་པ་འམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དེ་དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་སྒྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 28-1-45b སྤྱོད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། ཤེས་རབ་ཀྱི་འབྲས་བུ་གང་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་རྩ་བརྒྱད་པའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་པོ་ལ་སྙོམས་ པར་འཇུག་ཀྱང་རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བསམ་གཏན་དང་པོ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་ སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བསམ་གཏན་གཉིས་པ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། ། མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་ མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བསམ་གཏན་གསུམ་པ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་ 28-1-46a བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བསམ་གཏན་བཞི་པ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་ སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །བྱམས་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བྱམས་པ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ ཤེས་སོ། །སྙིང་རྗེ་ལ་སྙོམས་པར་འཇུག་ཀྱང་རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་སྙིང་རྗེ་དེ་ རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །དགའ་བ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་དགའ་བ་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། ། མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །བཏང་སྙོམས་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་ 28-1-46b མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བཏང་སྙོམས་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་ རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་། མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་ པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་ པར་མ་གྲུབ་པར་ཤེས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ ཡིན་ཏེ། ཐབས་མཁས་པ་དེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ། ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། 28-1-47a ཐབས་མཁས་པ་དེས་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མྱེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་ གྲུབ་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཐབས་མཁས་པ་དང་ལྡན་པས་མཐོང་བ་དང་། བསྒོམས་པས་སྤང་བའི་ ལམ་ལ་སྤྱོད་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མྱི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མྱི་བྱེད། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་མྱི་བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་མྱི་བྱེད་ རང་བྱང་ཆུབ་ཐོབ་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་ མ་གྲུབ་པར་ཤེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་སྤྱོད་ཅིང་། ཉན་ཐོས་ཀྱི་ས་ལས་ཡོངས་སུ་འདའ། རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་ འཇུག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མྱི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མྱི་བྱེད། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་མྱི་བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་མྱི་བྱེད། རང་བྱང་ཆུབ་ཐོབ་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་མྱེད་པ་དང་མ་བྱུང་བར་ཤེས་སོ། །ཆོས་ཐམས་ཅད་ 28-1-47b ཡོངས་སུ་མ་རྫོགས་པར་ཤེས་སོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མྱི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མྱི་བྱེད། ཕྱིར་མྱི་འོང་བའི་འབྲས་བུ་ ཐོབ་པར་མྱི་བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་མྱི་བྱེད་དོ། །རང་བྱང་ཆུབ་ཐོབ་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་ མྱེད་པ་དང་མ་བྱུང་བར་ཤེས་སོ། །ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཤེས་སོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་འདྲིས་པར་བྱེད། མྱི་འཇིགས་པ་བཞི་ལ་ཡོངས་སུ་འདྲིས་པར་བྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་སུ་འདྲིས་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ལ་ཡོངས་སུ་འདྲིས་པར་བྱེད། བྱམས་པ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བྱེད། སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བྱེད། ནམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་གྱུར་པ་དང་། སེམས་ ཅན་རྣམས་ཡོངས་སུ་སྨྱིན་པར་མ་གྱུར་ཀྱི་བར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཀྱང་། རྣམ་པར་སྨྱིན་པ་ཡོངས་སུ་མྱི་འཛིན་པ་ནི་བློ་དམ་པ་དང་ལྡན་པ་ལགས་སོ། ། 28-1-48a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཅིང་། རྣམ་ པར་སྨྱིན་པ་ཡོངས་སུ་མྱི་འཛིན་པ་ནི་བློ་དམ་པ་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་ལས་མྱི་གཡོའོ། །གསོལ་པ། བཅོམ་ལྡན་འདས་ ངོ་བོ་ཉིད་གང་ལས་མྱི་གཡོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མྱེད་པ་ལས་མྱི་གཡོ་བ་ཡིན་ཏེ། རབ་འབྱོར་གང་ཡང་འདི་སྐད་དུ་ངོ་བོ་ཉིད་གང་ལས་མྱི་གཡོ་ཞེས་ཟེར་བ་ནི་ གཟུགས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །འདུ་ཤེས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །འདུ་བྱེད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། ། མྱིག་གི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣ་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྣའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལྕེའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལུས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཡིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། ། གཟུགས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྒྲའི་ངོ་བོ་ཉིད་ལས་མྱི་གཡོའོ། དྲིའི་ངོ་བོ་ཉིད་ལས་མྱི་གཡོའོ། །རོའི་ངོ་བོ་ཉིད་ལས་མྱི་གཡོའོ། །རེག་གི་ངོ་བོ་ཉིད་ལས་མྱི་གཡོའོ། །ཆོས་ཀྱི་ངོ་བོ་ཉིད་ལས་མྱི་ གཡོའོ། །མྱིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལྕེའི་རྣམ་པར་ཤེས་པའི་ངོ་བོ་ ཉིད་ལས་མྱི་གཡོའོ། །ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣ་བའི་འདུས་ 28-1-48b ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ཡིད་ ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྣའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་ གཡོའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །སའི་ཁམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཆུའི་ཁམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱེའི་ཁམས་ཀྱི་ ངོ་བོ་ཉིད་ལས་མྱི་གཡོའོ། །རླུང་གི་ཁམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །མ་རིག་པའི་ངོ་བོ་ ཉིད་ལས་མྱི་གཡོའོ། །འདུ་བྱེད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱིང་དང་གཟུགས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་ལས་མྱི་ གཡོའོ། །རེག་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ཚོར་བའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྲེད་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ལེན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྲིད་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྐྱེ་ བའི་ངོ་བོ་ཉིད་ལས་མྱི་གཡོའོ། །རྒ་ཤིའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །བཟོད་པའི་ཕ་རོལ་ཏུ་ 28-1-49a ཕྱིན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་ངོ་བོ་ཉིད་ལས་མྱི་གཡོའོ། །ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་ གཡོའོ། །ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་ མྱི་གཡོའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རང་བཞིན་སྟོང་ པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་ གཡོའོ། །ཚད་མྱེད་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཡང་ དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། ། 28-1-49b བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ལས་མྱི་གཡོའོ། །འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྟོང་པ་ཉིད་ཀྱི་ ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ལས་མྱི་གཡོའོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ལས་མྱི་གཡོའོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ལས་མྱི་གཡོའོ། །རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། ། མཐར་ཀྱི་གནས་པའི་སྙོམས་པར་འཇུག་པ་དགུའི་ངོ་བོ་ཉིད་ལས་མྱི་གཡོའོ། །མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ ལས་མྱི་གཡོའོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་ལས་མྱི་གཡོའོ། །མྱི་འཇིགས་པ་བཞིའི་ངོ་བོ་ཉིད་ལས་མྱི་གཡོའོ། །སོ་སོ་ཡང་དག་པར་རིག་བཞིའི་ངོ་བོ་ཉིད་ལས་མྱི་གཡོའོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ལས་མྱི་གཡོའོ། །བྱམས་པ་ཆེན་པོའི་ངོ་བོ་ཉིད་ལས་མྱི་གཡོའོ། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ལས་མྱི་གཡོའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་འདི་དག་གི་ངོ་བོ་ཉིད་གང་ཡིན་ བ་དེ་ནི་དངོས་པོ་མྱེད་པ་སྟེ། རབ་འབྱོར་དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བར་མྱི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཇི་ལགས། དངོས་པོ་མཆིས་པས་ དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་དངོས་པོ་མ་མཆིས་པས། དངོས་ པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་དངོས་པོ་མཆིས་པས་དངོས་པོ་མཆིས་ 28-1-50a པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་དངོས་པོ་མ་མཆིས་པས་ དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་འོ་ན་གལ་ཏེ། དེ་ལྟར་ དངོས་པོ་མཆིས་པས་དངོས་པོ་མཆིས་པ་མངོན་པར་རྟོགས་པར་མྱི་འགྱུར། དངོས་པོ་མ་མཆིས་པས་ཀྱང་དངོས་པོ་མ་མཆིས་པ་མངོན་པར་རྟོགས་པར་མྱི་འགྱུར། དངོས་པོ་མཆིས་པས་ཀྱང་དངོས་པོ་མཆིས་པ་ མངོན་པར་རྟོགས་པར་མྱི་འགྱུར། དངོས་པོ་མ་མཆིས་པས་ཀྱང་དངོས་པོ་མ་མཆིས་པ་མངོན་པར་རྟོགས་པར་མྱི་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་ཐོབ་པ་མ་མཆིས་ཤིང་། མངོན་པར་རྟོགས་པ་མ་མཆིས་པ་ འམ། གཅིག་དུ་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི། ཡོངས་སུ་མྱེད་པ་མ་ཡིན་ཏེ། བཞི་པོས་མངོན་པར་བསྒྲུབ་པ་དེ་ལྟ་བུས་ནི་མ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས་འོ་ན། མངོན་པར་རྟོགས་པར་འགྱུར་བ་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་ཡང་མྱེད། དངོས་པོ་མྱེད་པ་ཡང་མ་ཡིན་པ་དེ་ལྟ་བུ་ནི་མངོན་པར་རྟོགས་པ་སྟེ། དེ་ལ་སྤྲོས་པ་དེ་དག་མྱེད་པས། སྤྲོས་པ་མྱེད་ཅིང་། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བ་ནི་ 28-1-50b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་ཤེས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་རྟག་ཅེས་བྱ་བ་འམ་མྱི་ རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །འདུ་ཤེས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། གཟུགས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་ཤེས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་བདག་ཅེས་བྱ་བ་འམ། བདག་ མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། 28-1-51a གཟུགས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་ཤེས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་ བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་ ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་ཤེས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །འདུ་བྱེད་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །རྣ་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ 28-1-51b སྤྲོས་པའོ། །ལྕེ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ཡིད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། རྣ་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལྕེ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ཡིད་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། རྣ་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལྕེ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ཡིད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། 28-1-52a རྣ་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལྕེ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ཡིད་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣ་ཡོངས་སུ་ཤེས་པར་བྱ་བ་ དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། སྒྲ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲི་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། 28-1-52b རོ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆོས་རྟག་ ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། སྒྲ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲི་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །རོ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །ཆོས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྒྲ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲི་བདག་ཅེས་བྱ་བ་འམ། བདག་ མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རོ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་བདག་ཅེས་བྱ་ བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆོས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 28-1-53a པོའི་སྤྲོས་པའོ། །གཟུགས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྒྲ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲི་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རོ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །རེག་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆོས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྒྲ་ཡོངས་སུ་ཤེས་པར་བྱ་བ་ དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲི་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རོ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་ཡོངས་སུ་ཤེས་པར་ བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་ 28-1-53b རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་རྣམ་པར་ཤེས་ པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་རྣམ་པར་ཤེས་ པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལུས་ཀྱི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་ 28-1-54a པའོ། །རྣ་བའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་རྣམ་པར་ཤེས་པ་བདག་ ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་ རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་ རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་ རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ 28-1-54b ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སྤྲོས་པའོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་རྣམ་པར་ཤེས་ པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལུས་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་ 28-1-55a སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། རྣ་བའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་ པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལྕེའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། 28-1-55b མྱིག་གི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པ་ཞི་ ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་ཤེས་ པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་ བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ 28-1-56a ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་ བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བ་ འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་ཞེས་བྱ་བ་འམ། 28-1-56b སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་ འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་ བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ 28-1-57a ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་ སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆུའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱེའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རླུང་གི་ཁམས་རྟག་ཅེས་བྱ་བ་འམ། 28-1-57b མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནམ་མཁའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་ པའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །ཆུའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱེའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །རླུང་གི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནམ་མཁའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་ བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སའི་ཁམས་བདག་ ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆུའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་ པའོ། །མྱེའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རླུང་གི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནམ་མཁའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ 28-1-58a ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སའི་ཁམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆུའི་ཁམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱེའི་ཁམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རླུང་གི་ཁམས་ཞི་ཞེས་བྱ་བ་འམ། མ་ ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནམ་མཁའི་ཁམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་ པའི་ཁམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཆུའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། མྱེའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རླུང་གི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནམ་མཁའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། 28-1-58b མ་རིག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་ པའོ། །རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིང་དང་གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་མཆེད་དྲུག་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲེད་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལེན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲིད་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྒ་ཤི་རྟག་ཅེས་བྱ་ བ་འམ། མྱི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མ་རིག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་ བྱེད་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ 28-1-59a ཆེན་པོའི་སྤྲོས་པའོ། །མྱིང་དང་གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་མཆེད་དྲུག་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་ བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲེད་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལེན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲིད་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་བ་བདེ་ ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྒ་ཤི་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་ པའོ། །མ་རིག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིང་དང་གཟུགས་བདག་ཅེས་བྱ་བ་འམ། བདག་མྱེད་ ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་མཆེད་དྲུག་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རེག་པ་བདག་ཅེས་བྱ་ 28-1-59b བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲེད་པ་བདག་ ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལེན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། སྲིད་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །རྒ་ཤི་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མ་རིག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །འདུ་བྱེད་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སྤྲོས་པའོ། །མྱིང་དང་གཟུགས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་མཆེད་དྲུག་ཞི་ཞེས་བྱ་བ་འམ། །མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །རེག་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །སྲེད་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལེན་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ 28-1-60a དཔའ་ཆེན་པོའི་སྤྲོས་པའོ། །སྲིད་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་བ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྒ་ཤི་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མ་རིག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུ་བྱེད་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱིང་དང་གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་ སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲེད་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སྤྲོས་པའོ། །ལེན་པ་ཡོངས་སུ་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྲིད་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་ 28-1-60b བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྐྱེ་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །རྒ་ཤི་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཀུན་འབྱུང་བ་སྤང་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འགོག་པ་མངོན་ཏུ་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལམ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །ནང་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཕྱི་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ 28-1-61a སྤྲོས་པའོ། །ཕྱི་ནང་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །ཆེན་པོ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། འདུས་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཐོག་པ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། ། 28-1-61b ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཡང་དག་པར་སྤོང་བ་ བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། ། དབང་པོ་ལྔ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྟོབས་ལྔ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱང་ཆུབ་ཀྱི་ ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྤྲོས་པའོ། །འཕགས་པའི་བདེན་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བསམ་གཏན་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྤྲོས་པའོ། །ཚད་མྱེད་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ 28-1-62a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཏིང་ངེ་འཛིན་རྣམས་བསྒོམ་ པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་ཤེས་པ་དང་། མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་དང་། མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་པ་དང་། མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྤྲོས་པའོ། །དགྲ་བཅོམ་པ་ཉིད་ཤེས་པ་དང་། མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རང་བྱང་ཆུབ་ཤེས་པ་དང་། མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པར་བྱའོ་ཞེས་བྱ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེས་ བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དེ་བཞིན་གཤེགས་པའི་ 28-1-62b སྟོབས་བཅུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །མྱི་འཇིགས་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སོ་སོ་ཡང་ དག་པར་རིག་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱམས་པ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྙིང་རྗེ་ ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སྤྲོས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བ་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ གཟུགས་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་ཤེས་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་རྟག་པ་དང་མྱི་རྟག་ ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་ཤེས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ 28-1-63a བར་མྱི་བྱེད་དོ། །གཟུགས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་ཤེས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་ བྱེད་དོ། །འདུ་བྱེད་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་ཞི་བ་དང་མ་ཞི་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་ཞི་བ་དང་ མ་ཞི་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་ཤེས་ཞི་བ་དང་མ་ཞི་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་ཞི་བ་དང་མ་ཞི་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཞི་བ་དང་མ་ཞི་ཞེས་བྱ་བར་མྱི་སྤྲོ་བ་ འཕྲོ་བར་མྱི་བྱེད་དོ། །གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་ འཕྲོ་བར་མྱི་བྱེད་དོ། །འདུ་ཤེས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། རྣ་བ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་བདེ་བ་དང་། སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བ་བདེ་བ་དང་། སྡུག་བསྔལ་ཞེས་བྱ་བར་ 28-1-63b མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣ་བདེ་བ་དང་། སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་ མྱི་བྱེད་དོ། །ཡིད་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། སྣ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་བདག་དང་བདག་ མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ བར་མྱི་བྱེད་དོ། །ལྕེ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་ཡོངས་སུ་ཤེས་པར་ བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣ་ཡོངས་སུ་ཤེས་པར་བྱ་བ་ དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཡོངས་སུ་ཤེས་ པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། 28-1-64a གཟུགས་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྒྲ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲི་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རོ་རྟག་པ་དང་མྱི་རྟག་ ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆོས་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་ འཕྲོ་བར་མྱི་བྱེད་དོ། །སྒྲ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲི་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རོ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་ བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆོས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྒྲ་བདག་ དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲི་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རོ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་བདག་དང་བདག་མྱེད་ ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆོས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྒྲ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲི་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རོ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། ཆོས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྒྲ་ཡོངས་སུ་ཤེས་པར་བྱ་བ་དང་། 28-1-64b ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲི་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རོ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་ སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་ སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་ མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་རྟག་པ་དང་མྱི་རྟག་ཅེས་ བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་པ་དང་། མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་ རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་ བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། མྱིག་གི་རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་བདག་དང་བདག་ 28-1-65a མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་ དོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཞི་བ་དང་ མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་ བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་ སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་ སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་ བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་ 28-1-65b མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་རྟག་པ་ དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། སྣའི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཞི་བ་དང་མ་ཞི་ བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་ པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ 28-1-66a བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་ འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱིས་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། 28-1-66b སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། ལུས་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་ མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་ སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་དང་བདག་མྱེད་ ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ 28-1-67a བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལུས་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སའི་ཁམས་རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆུའི་ཁམས་རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱེའི་ཁམས་ རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རླུང་གི་ཁམས་རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནམ་མཁའི་ཁམས་རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་ པར་ཤེས་པའི་ཁམས་རྟག་པ་དང་མྱི་རྟག་པ་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སའི་ཁམས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆུའི་ཁམས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ བར་མྱི་བྱེད་དོ། །མྱེའི་ཁམས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རླུང་གི་ཁམས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནམ་མཁའི་ཁམས་བདེ་བ་དང་སྡུག་བསྔལ་ 28-1-67b ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སའི་ཁམས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆུའི་ཁམས་བདག་དང་ བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱེའི་ཁམས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རླུང་གི་ཁམས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནམ་མཁའི་ཁམས་ བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སའི་ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆུའི་ ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱེའི་ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རླུང་གི་ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནམ་མཁའི་ ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆུའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱེའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རླུང་གི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནམ་མཁའི་ཁམས་ ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་ 28-1-68a བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མ་རིག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་རྟག་ པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིང་དང་གཟུགས་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། རེག་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲེད་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལེན་ པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲིད་པ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་བ་རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྒ་ཤི་ རྟག་པ་དང་མྱི་རྟག་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མ་རིག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིང་དང་གཟུགས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་བདེ་བ་དང་ སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་ དོ། །སྲེད་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལེན་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲིད་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་ 28-1-68b བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྒ་ཤི་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མ་རིག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་ བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིང་དང་གཟུགས་བདག་དང་བདག་མྱེད་ཅེས་ བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་བདག་དང་བདག་མྱེད་ཅེས་ བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲེད་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལེན་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲིད་པ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་ བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་བ་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྒ་ཤི་བདག་དང་བདག་མྱེད་ཅེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མ་རིག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་ དོ། །འདུ་བྱེད་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱིང་དང་གཟུགས་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། སྐྱེ་མཆེད་དྲུག་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རེག་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲེད་པ་ཞི་བ་དང་མ་ ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལེན་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲིད་པ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་བ་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ 28-1-69a བར་མྱི་བྱེད་དོ། །རྒ་ཤི་ཞི་བ་དང་མ་ཞི་བ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མ་རིག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུ་བྱེད་ཡོངས་ སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། མྱིང་དང་གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་ བ་འཕྲོ་བར་མྱི་བྱེད་དོ། །རེག་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚོར་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་ བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲེད་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལེན་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྲིད་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྐྱེ་བ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་ བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྒ་ཤི་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་ བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཀུན་འབྱུང་བ་སྤང་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འགོག་པ་མངོན་ཏུ་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལམ་བསྒོམ་པར་བྱའོ་ 28-1-69b ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ནང་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་ བར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ་ ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་ བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། 28-1-70a མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་ པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་ བ་འཕྲོ་བར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དབང་ པོ་ལྔ་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྟོབས་ལྔ་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་ བྱེད་དོ། །འཕགས་པའི་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །འཕགས་པའི་བདེན་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བསམ་གཏན་ བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཚད་མྱེད་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བར་ མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། 28-1-70b ཏིང་ངེ་འཛིན་རྣམས་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་དང་མཐོང་བས་ བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་དང་མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །ཕྱིར་མྱི་ འོང་བའི་འབྲས་བུ་ཤེས་པ་དང་མཐོང་བས་བལྟས་ཏེ་དེ་ལས་འདའ་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་ཤེས་པ་དང་མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་ འཕྲོ་བར་མྱི་བྱེད་དོ། །རང་བྱང་ཆུབ་ཤེས་པ་དང་མཐོང་བས་བལྟས་ཏེ་དེ་ལས་འདའ་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་མྱི་ སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། ། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །མྱི་འཇིགས་པ་བཞི་བསྒོམ་པར་ བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བྱམས་པ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སྙིང་ རྗེ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྐྱེད་པར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ 28-1-71a བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བར་མྱི་སྤྲོ་བ་འཕྲོ་བར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་ངོ་བོ་ ཉིད་འཕྲོ་བར་མྱི་བྱེད། དངོས་པོ་མྱེད་པ་ཡང་དངོས་པོ་མྱེད་པ་འཕྲོ་བར་མྱི་བྱེད་དེ། ངོ་བོ་ཉིད་དང་དངོས་པོ་མྱེད་པར་མ་གཏོགས་པར་ཆོས་གཞན་གང་འཕྲོ་བར་བྱེད་པ་འམ། གང་ལ་འཕྲོ་བར་བྱ་བ་དེ་ལྟ་བུ་གང་ཡང་མྱེད་དེ། རབ་འབྱོར་དེ་ལྟ་བས་ན། གཟུགས་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །འདུ་ཤེས་ནི་སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་ནི་སྤྲོར་མྱེད་པའོ། །རྣ་བ་ནི་སྤྲོར་མྱེད་པའོ། །སྣ་ནི་ སྤྲོར་མྱེད་པའོ། །ལྕེ་ནི་སྤྲོར་མྱེད་པའོ། །ལུས་ནི་སྤྲོར་མྱེད་པའོ། །ཡིད་ནི་སྤྲོར་མྱེད་པའོ། །གཟུགས་ནི་སྤྲོར་མྱེད་པའོ། །སྒྲ་ནི་སྤྲོར་མྱེད་པའོ། །དྲི་ནི་སྤྲོར་མྱེད་པའོ། །རོ་ནི་སྤྲོར་མྱེད་པའོ། །རེག་ནི་སྤྲོར་མྱེད་པའོ། །ཆོས་ནི་སྤྲོར་མྱེད་པའོ། ། མྱིག་གི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །སྣའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། ། ཡིད་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ལུས་ ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་ 28-1-71b མྱེད་པའོ། །སའི་ཁམས་ནི་སྤྲོར་མྱེད་པའོ། །ཆུའི་ཁམས་ནི་སྤྲོར་མྱེད་པའོ། །མྱེའི་ཁམས་ནི་སྤྲོར་མྱེད་པའོ། །རླུང་གི་ཁམས་ནི་སྤྲོར་མྱེད་པའོ། །ནམ་མཁའི་ཁམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ནི་སྤྲོར་མྱེད་པའོ། ། མ་རིག་པ་ནི་སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིང་དང་གཟུགས་ནི་སྤྲོར་མྱེད་པའོ། །སྐྱེ་མཆེད་དྲུག་ནི་སྤྲོར་མྱེད་པའོ། །རེག་པ་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །སྲེད་པ་ནི་སྤྲོར་མྱེད་ པའོ། །ལེན་པ་ནི་སྤྲོར་མྱེད་པའོ། །སྲིད་པ་ནི་སྤྲོར་མྱེད་པའོ། །སྐྱེ་བ་ནི་སྤྲོར་མྱེད་པའོ། །རྒ་ཤི་ནི་སྤྲོར་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ནི་སྤྲོར་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། ། ཕྱི་ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་ པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ སྤྲོར་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྤྲོར་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྤྲོར་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྤྲོར་མྱེད་པའོ། །དབང་པོ་རྣམས་ནི་སྤྲོར་མྱེད་པའོ། །སྟོབས་རྣམས་ 28-1-72a ནི་སྤྲོར་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྤྲོར་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྤྲོར་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ནི་སྤྲོར་མྱེད་པའོ། །བསམ་གཏན་རྣམས་ནི་སྤྲོར་མྱེད་པའོ། ། ཚད་མྱེད་པ་རྣམས་ནི་སྤྲོར་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་སྤྲོར་མྱེད་པའོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ནི་སྤྲོར་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་སྤྲོར་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་སྤྲོར་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྤྲོར་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་ བུ་ནི་སྤྲོར་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །དགྲ་བཅོམ་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བྱང་ཆུབ་ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་སྤྲོར་མྱེད་པའོ། ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི་སྤྲོར་མྱེད་པའོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ནི་སྤྲོར་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྤྲོར་མྱེད་པའོ། །མྱི་ འཇིགས་པ་རྣམས་ནི་སྤྲོར་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྤྲོར་མྱེད་པའོ། །བྱམས་པ་ཆེན་པོ་ནི་སྤྲོར་མྱེད་པའོ། །སྙིང་རྗེ་ཆེན་པོ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་མྱེད་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ནི་སྤྲོར་མྱེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྲོར་མྱེད་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་འདི་ལྟར་ཡང་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །འདུ་ཤེས་ལ་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་ངོ་བོ་ 28-1-72b ཉིད་མྱེད་དོ། །མྱིག་ལ་ངོ་བོ་ཉིད་མྱེད་དོ། །རྣ་བ་ལ་ངོ་བོ་ཉིད་མྱེད་དོ། །སྣ་ལ་ངོ་བོ་ཉིད་མྱེད་དོ། །ལྕེ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྒྲ་ལ་ངོ་བོ་ཉིད་མྱེད་དོ། །དྲི་ལ་ངོ་བོ་ཉིད་ མྱེད་དོ། །རོ་ལ་ངོ་བོ་ཉིད་མྱེད་དོ། །རེག་ལ་ངོ་བོ་ཉིད་མྱེད་དོ། །ཆོས་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། ། ལྕེའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་ མྱེད་དོ། །སྣའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ཆུའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མྱེའི་ཁམས་ལ་ངོ་བོ་ཉིད་མྱེད་ དོ། །རླུང་གི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ནམ་མཁའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མ་རིག་པ་ལ་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་ དོ། །མྱིང་དང་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྐྱེ་མཆེད་དྲུག་ལ་ངོ་བོ་ཉིད་མྱེད་དོ། །རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྲེད་པ་ལ་ངོ་བོ་ཉིད་མྱེད་དོ། །ལེན་པ་ལ་ངོ་བོ་ཉིད་མྱེད་དོ། །སྲིད་པ་ལ་ངོ་བོ་ཉིད་མྱེད་དོ། །སྐྱེ་བ་ལ་ངོ་བོ་ 28-1-73a ཉིད་མྱེད་དོ། །རྒ་ཤི་ལ་ངོ་བོ་ཉིད་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། ། སྟོང་པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆོས་ཐམས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་གི་ མཚན་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། ། དྲན་པ་ཉེ་བར་གཞག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །དབང་པོ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཚད་མྱེད་པ་རྣམས་ལ་ངོ་བོ་ཉིད་ མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པའི་ 28-1-73b སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་ངོ་བོ་ཉིད་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །དགྲ་བཅོམ་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བྱང་ཆུབ་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་སེམས་ དཔའི་ས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ངོ་བོ་ཉིད་མྱེད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལ་ངོ་བོ་ཉིད་མྱེད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མྱི་འཇིགས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱམས་པ་ཆེན་པོ་ལ་ངོ་བོ་ཉིད་མྱེད་དོ། །སྙིང་རྗེ་ཆེན་ པོ་ལ་ངོ་བོ་ཉིད་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་སྤྲོར་མྱེད་པ་སྟེ། །རབ་འབྱོར་དེའི་ཕྱིར། གཟུགས་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །འདུ་ཤེས་ནི་སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་ནི་སྤྲོར་མྱེད་པའོ། །རྣ་བ་ནི་སྤྲོར་མྱེད་པའོ། །སྣ་ནི་སྤྲོར་མྱེད་པའོ། ། ལྕེ་ནི་སྤྲོར་མྱེད་པའོ། །ལུས་ནི་སྤྲོར་མྱེད་པའོ། །ཡིད་ནི་སྤྲོར་མྱེད་པའོ། །གཟུགས་ནི་སྤྲོར་མྱེད་པའོ། །སྒྲ་ནི་སྤྲོར་མྱེད་པའོ། །དྲི་ནི་སྤྲོར་མྱེད་པའོ། །རོ་ནི་སྤྲོར་མྱེད་པའོ། །རེག་ནི་སྤྲོར་མྱེད་པའོ། །ཆོས་ནི་སྤྲོར་མྱེད་པའོ། །མྱིག་ གི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །སྣའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། ། 28-1-74a ཡིད་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། ། ལུས་ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། ། སའི་ཁམས་ནི་སྤྲོར་མྱེད་པའོ། །ཆུའི་ཁམས་ནི་སྤྲོར་མྱེད་པའོ། །མྱེའི་ཁམས་ནི་སྤྲོར་མྱེད་པའོ། །རླུང་གི་ཁམས་ནི་སྤྲོར་མྱེད་པའོ། །ནམ་མཁའི་ཁམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ནི་སྤྲོར་མྱེད་པའོ། །མ་རིག་པ་ ནི་སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིང་དང་གཟུགས་ནི་སྤྲོར་མྱེད་པའོ། །སྐྱེ་མཆེད་དྲུག་ནི་སྤྲོར་མྱེད་པའོ། །རེག་པ་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །སྲེད་པ་ནི་སྤྲོར་མྱེད་ པའོ། །ལེན་པ་ནི་སྤྲོར་མྱེད་པའོ། །སྲིད་པ་ནི་སྤྲོར་མྱེད་པའོ། །སྐྱེ་བ་ནི་སྤྲོར་མྱེད་པའོ། །རྒ་ཤི་ནི་སྤྲོར་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ནང་སྟོང་པ་ཉིད་ནི་སྤྲོར་མྱེད་ པའོ། །ཕྱི་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་ 28-1-74b སྤྲོར་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་ སྤྲོར་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྤྲོར་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྤྲོར་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྤྲོར་མྱེད་པའོ། །དབང་པོ་རྣམས་ནི་སྤྲོར་མྱེད་ པའོ། །སྟོབས་རྣམས་ནི་སྤྲོར་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྤྲོར་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྤྲོར་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ནི་སྤྲོར་མྱེད་པའོ། །བསམ་གཏན་རྣམས་ནི་སྤྲོར་ མྱེད་པའོ། །ཚད་མྱེད་པ་རྣམས་ནི་སྤྲོར་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་སྤྲོར་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་ མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྤྲོར་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་སྤྲོར་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་སྤྲོར་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ སྤྲོར་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །དགྲ་བཅོམ་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བྱང་ཆུབ་ ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི་སྤྲོར་མྱེད་པའོ། །སེམས་ཅན་ཡོངས་སུ་ 28-1-75a སྨྱིན་པར་བྱ་བ་ནི་སྤྲོར་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྤྲོར་མྱེད་པའོ། །མྱི་འཇིགས་པ་རྣམས་ནི་སྤྲོར་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྤྲོར་མྱེད་པའོ། །བྱམས་པ་ཆེན་པོ་ནི་སྤྲོར་མྱེད་པའོ། །སྙིང་རྗེ་ཆེན་ པོ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་མྱེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་གོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་དམྱིགས་སུ་ མ་མཆིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉན་ཐོས་ཀྱི་ཤུལ་ཏམ། རང་སངས་རྒྱས་ཀྱི་ཤུལ་ཏམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤུལ་ཏམ། ཆོས་གང་གི་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་ པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཤུལ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མྱི་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་རང་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མྱི་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་ པར་མྱི་འཇུག་གི། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་ཅད་ལ་བསླབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །འདི་ལྟ་སྟེ་དཔེར་ན། བརྒྱད་པ་ནི་ཆོས་ཐམས་ཅད་ལ་བསླབས་ཤིང་། ཡང་ དག་པར་སྐྱོན་མྱེད་པར་འཇུག་སྟེ། ནམ་འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་འབྲས་བུ་ཐོབ་པར་མྱི་བྱེད་དེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་ཅད་བསྒྲུབས་ཤིང་། བྱང་ཆུབ་ 28-1-75b སེམས་དཔའི་སྐྱོན་མྱེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་མ་གྱུར་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་བྱེད་དོ། །དེས་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ འཇུག་པར་བགྱིས་ན། བཅོམ་ལྡན་འདས་བརྒྱད་པའི་ཤུལ་ཀྱང་གཞན། རྒྱུན་ཏུ་ཞུགས་པའི་ཤུལ་ཀྱང་གཞན། ལན་ཅིག་ཕྱིར་འོང་བར་ཞུགས་པའི་ཤུལ་ཀྱང་གཞན། ཕྱིར་མྱི་འོང་བའི་ཤུལ་ཀྱང་གཞན། ཕྱིར་འོང་བར་ཞུགས་པའི་ ཤུལ་ཀྱང་གཞན། ཕྱིར་མྱི་འོང་བའི་ཤུལ་ཀྱང་གཞན། དགྲ་བཅོམ་པར་ཞུགས་པའི་ཤུལ་ཀྱང་གཞན། དགྲ་བཅོམ་པའི་ཤུལ་ཀྱང་གཞན། རང་སངས་རྒྱས་ཀྱི་ཤུལ་ཀྱང་གཞན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤུལ་ཀྱང་གཞན་ཏེ། བཅོམ་ལྡན་འདས་གལ་ཏེ་ཤུལ་དེ་དག་གཞན་དང་གཞན་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུགས་པར་བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་བརྒྱད་པའི་ཤུལ་བསྒྲུབས་ཤིང་། བརྒྱད་པར་མྱི་འགྱུར་ཏམ། མཐོང་བའི་ཤུལ་བསྒྲུབས་ཤིང་། རྒྱུན་ཏུ་ཞུགས་པར་མྱི་འགྱུར་ཏམ། བསྒོམ་པའི་ཤུལ་བསྒྲུབས་ཤིང་། ལན་ཅིག་ཕྱིར་འོང་བར་ ཞུགས་པ་འམ། ལན་ཅིག་ཕྱིར་འོང་བར་མྱི་འགྱུར་ཏམ། ཕྱིར་མྱི་འོང་བར་ཞུགས་པའམ། ཕྱིར་མྱི་འོང་བར་མྱི་འགྱུར་ཏམ། དགྲ་བཅོམ་པར་ཞུགས་པའམ། དགྲ་བཅོམ་པར་མྱི་འགྱུར་ཏམ། རང་སངས་རྒྱས་ཀྱི་ཤུལ་ 28-1-76a བསྒྲུབས་ཤིང་། རང་སངས་རྒྱས་སུ་མྱི་འགྱུར་ཏམ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བརྒྱད་པར་འགྱུར་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པའི་གནས་དང་། སྐབས་མ་མཆིས་ཏེ་དེ་ནི་གནས་མ་ལགས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་ མ་མཆིས། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་འགྱུར་བའི་གནས་མ་མཆིས། དགྲ་བཅོམ་པ་ཉིད་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། རང་བྱང་ཆུབ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཤིང་། བྱང་ཆུབ་ 28-1-76b སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་ མོངས་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་བ་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་ འགྱུར་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་འམ། ལན་ཅིག་ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པ་འམ། དགྲ་བཅོམ་པ་ཉིད་ཐོབ་པ་དང་། རང་བྱང་ཆུབ་ཐོབ་པར་གྱུར་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པའི་གནས་དང་སྐབས་མྱེད་དོ། །དེ་ནི་གནས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མ་ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མྱེད་ དོ། །རབ་འབྱོར་འོན་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཤེས་པ་དང་མཐོང་བས་ས་བརྒྱད་ལས་ཡོངས་སུ་ འདས་ཏེ། བརྒྱད་གང་ཞེ་ན། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་ རང་སངས་རྒྱས་ཀྱི་ས་སྟེ། ས་བསྟན་པ་བརྒྱད་པོ་འདི་དག་ལས་ཤེས་པ་དང་། མཐོང་བས་འདས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་ པར་ཞུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །རབ་འབྱོར་དེ་ལ་བརྒྱད་པའི་ཡེ་ཤེས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་ 28-1-77a དཔའ་སེམས་དཔའ་ཆེན་པོའི་བཟོད་པ་རྒྱུན་ཏུ་ཞུགས་པའི་ཡེ་ཤེས་དང་། སྤོང་བའི་ཡེ་ཤེས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་། སྤོང་ བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། ཕྱིར་མྱི་འོང་བའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། དགྲ་བཅོམ་པའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཆེན་པོ་སྟེ། དེ་ལྟ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱས་ཤིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་ སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མྱེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་གང་ཉན་ཐོས་ཀྱི་ཤུལ་དང་། རང་སངས་རྒྱས་ཀྱི་ཤུལ་དང་། སངས་རྒྱས་ཀྱི་ཤུལ་དེ་དག་ལས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཤུལ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་བསྒྲུབ་པར་བྱས་ཏེ། དེ་ལས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ནི་རྣམ་པ་གང་དང་ 28-1-77b གང་། ཚུལ་གང་དང་གང་། མཚན་མ་གང་དང་གང་གིས་ལམ་དུ་བརྗོད་པའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མངོན་པར་རྫོགས་ པར་འཚང་རྒྱ་བར་བྱ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ནས་ཀྱང་གཞན་གྱིས་ཤེས་པར་འགྱུར་བ་དང་། གཞན་འདུལ་བའི་དོན་ཏུ་གཞན་ལ་བརྗོད་པ་དང་བསྟན་པ་དང་། བཤད་པ་དང་། གདགས་ པ་དང་། རྣམ་པར་དགོད་པ་སྟེ། དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་བརྙན་ལྟ་བུ་ཤེས་པར་བྱ་བའི་དོན་ཏུ་སྒྲ་སྐད་དང་། བརྡར་བྱ་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ གོ་བར་གྱུར་བ་ལྟ་བུའི་སྒྲ་སྐད་དང་། བརྡའ་ཐམས་ཅད་བརྗོད་པར་བྱ། ཡོངས་སུ་གཟུང་བར་བྱས་ཏེ། རབ་འབྱོར་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ལམ་ཐམས་ཅད་ཡོངས་ སུ་རྫོགས་པར་བྱའོ། །ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རིག་པར་བྱས་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་ལམ་ ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་སེམས་ཅན་དམྱལ་བའི་ལམ་ལས་བཟློག་པར་བྱས་ཏེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། ། བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ལས་བཟློག་པར་ བྱས་ཏེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་བཟློག་པར་བྱའོ། །གཤེན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། ། 28-1-78a དེས་ཀྱང་གཤིན་རྗེའི་འཇིག་རྟེན་གྱི་ལམ་ལས་བཟློག་པར་བྱས་ཏེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་བཟློག་པར་བྱའོ། །མྱི་འམ་ཅི་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ ཤེས་པར་བྱའོ། །ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཀླུ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །གནོད་སྦྱིན་རྣམས་ཀྱི་ལམ་ཤེས་ པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །མྱི་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཚངས་ པ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། ། རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འདུ་ཤེས་མྱེད་པའི་སེམས་ཅན་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། ། འབྲས་བུ་ཤེས་པར་བྱའོ། །མྱི་ཆེ་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །མྱི་གདུང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཤིན་ཏུ་མཐོང་བའི་ ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འོག་མྱིན་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། ། རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་ 28-1-78b པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཤེས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ཤེས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་པར་བྱའོ། །དབང་པོ་ལྔ་ཤེས་པར་བྱའོ། །སྟོབས་ ལྔ་ཤེས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་ཤེས་པར་བྱའོ། །བསམ་གཏན་བཞི་ཤེས་པར་བྱའོ། །ཚད་མྱེད་པ་བཞི་ཤེས་ པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཤེས་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ཤེས་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་ པར་བྱའོ། །མྱི་འཇིགས་པ་བཞི་ཤེས་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པར་བྱའོ། །བྱམས་པ་ཆེན་པོ་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོ་ཤེས་པར་བྱའོ། །ལམ་དེ་དག་ གིས་ཀྱང་སེམས་ཅན་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད། གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ ལ་འགོད། གང་ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི། ཕྱིར་མྱི་འོང་བའི་འབྲས་བུ་ལ་འགོད། གང་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱ་བ་དེ་དག་ནི་དགྲ་བཅོམ་པ་ཉིད་ལ་འགོད། གང་རང་བྱང་ཆུབ་ལ་དགོད་པར་བྱ་ བ་དེ་དག་ནི་རང་བྱང་ཆུབ་ལ་འགོད། གང་བྱང་ཆུབ་ལ་དགོད་པར་བྱ་བ་དེ་དག་ནི་བྱང་ཆུབ་ལ་འགོད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །དེ་དག་ལ་བསླབས་ 28-1-79a ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་གོ། །སེམས་ཅན་རྣམས་ཀྱི་བསམ་པ་ལ་ཞུགས་ནས་དེ་བཞིན་དུ་ཆོས་སྟོན་ཏོ། །དེས་ཆོས་བསྟན་པ་དེ་ཡང་འབྲས་བུ་མྱེད་ པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞི་ན། དེ་ནི་འདི་ལྟར་དེས་གཞན་གྱི་དབང་པོ་ཤིན་ཏུ་ཤེས་པར་བྱས་པའི་ཕྱིར་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ལམ་དང་། ལམ་མ་ཡིན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཡང་རབ་ཏུ་ཤེས་སོ། །རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི། བྱང་ཆུབ་ཀྱི་ཕྱོགས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེས་པོས་བསླབ་ པར་བྱ་བ་འམ། ཉན་ཐོས་ཀྱིས་བསླབ་པར་བྱ་བ་འམ། རང་སངས་རྒྱས་ཀྱིས་བསླབ་པར་བྱ་བའི་ཆོས་ཐམས་ཅད་གང་ཡང་མ་འདུས་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ གང་ལགས་པའི་ཆོས་དེ་དག་ཐམས་ཅད་ལྡན་པའང་མ་ལགས། མྱི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་ཏུ་མ་མཆིས་པ། ཐོགས་པ་མ་མཆིས་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ ཉིད་གཅིག་ན། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བྱང་ཆུབ་བསྒྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མྱི་ལྡན་པ་ཡང་མ་ལགས་ལ། གཟུགས་མ་མཆིས་ཤིང་བསྟན་དུ་མ་ མཆིས། ཐོགས་པ་མ་མཆིས། འདི་ལྟར་མཚན་ཉིད་མ་མཆིས། མཚན་ཉིད་གཅིག་པ་ནི་ཆོས་གང་ལ་ཡང་སྒྲུབ་པ་འམ། འཇིག་པར་བགྱི་པ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ ནི་ཆོས་གང་ལ་ཡང་སྒྲུབ་པ་འམ། འཇིག་པར་མྱི་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་རང་གི་མཚན་ཉིད་ཀྱི་སྟོང་པའི་ཆོས་ནི། ཆོས་གང་ལ་ཡང་སྒྲུབ་པ་འམ། འཇིག་པར་བགྱིད་པ་མ་མཆིས་སོ། ། 28-1-79b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ནི། ཆོས་གང་ལ་ཡང་སྒྲུབ་པ་འམ། འཇིག་པར་བྱེད་པ་མྱེད་དོ། །རབ་འབྱོར་སེམས་ཅན་ གང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མྱི་ཤེས་པ་དེ་དག་གི་དོན་ཏུ་འདི་སྐད་དུ་འདི་དག་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བྱང་ཆུབ་ཏུ་ཐོབ་པར་བྱེད་པའོ་ཞེས་བཤད་ཀྱི། རབ་འབྱོར་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་ དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིག་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་ གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། ཆོས་གང་ཡིན་པ་དང་། མྱིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང་། རྣ་བའི་རྣམ་པར་ཤེས་པ་གང་ ཡིན་པ་དང་། སྣའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལུས་ཀྱི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། མྱེའི་ཁམས་གང་ཡིན་པ་དང་། རླུང་ 28-1-80a ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། མ་རིག་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིང་ དང་གཟུགས་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། ལེན་པ་གང་ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། རྒ་ཤི་ གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་ པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དང་། ཐོག་ མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། བསམ་གཏན་དང་པོ་གང་ཡིན་པ་དང་། བསམ་གཏན་གཉིས་པ་གང་ཡིན་པ་དང་། བསམ་གཏན་གསུམ་པ་གང་ཡིན་པ་དང་། བསམ་གཏན་བཞི་པ་གང་ཡིན་པ་དང་། བྱམས་པ་ཆེན་པོ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། དགའ་བ་གང་ཡིན་པ་དང་། 28-1-80b བཏང་སྙོམས་གང་ཡིན་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། ཆུད་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ སྙོམས་པར་འཇུག་པ་གང་ཡིན་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དང་། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དང་། དབང་པོ་རྣམས་གང་ཡིན་པ་དང་། སྟོབས་རྣམས་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་ རྣམས་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་གང་ཡིན་པ་དང་། རྣམ་པར་ཐར་པ་བརྒྱད་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དང་། གཟུངས་ཀྱི་སྒོ་ རྣམས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཡིན་པ་དང་། མྱི་འཇིགས་པ་བཞི་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཡིན་པ་དང་། བྱམས་པ་ཆེན་པོ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཡིན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གང་ཡིན་པ་དང་། དགྲ་བཅོམ་ པ་ཉིད་གང་ཡིན་པ་དང་། རང་བྱང་ཆུབ་གང་ཡིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་དང་། འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བསྟན་དུ་མྱེད་པ། ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་ཀྱང་དེ་དག་དེ་བཞིན་ 28-1-81a གཤེགས་པས། སེམས་ཅན་རྣམས་གཟུད་པར་བྱ་བའི་དོན་ཏུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་དེ་སྐད་དུ་བརྗོད་དོ། །དོན་དམ་པར་མ་ཡིན་ནོ། །དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང་། མཐོང་བས་བསླབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ཤེས་པ་དང་། མཐོང་བས་བསླབས་ནས། ཆོས་ལ་ལ་ནི་མངོན་ཏུ་བྱའོ། །ལ་ལ་ནི་མངོན་ཏུ་མྱི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཤེས་པ་དང་། མཐོང་ བས་བསླབས་ཏེ་མངོན་ཏུ་བྱ། ཆོས་གང་ནི་ཤེས་པ་དང་མཐོང་བས་བསླབས་ཏེ། མངོན་ཏུ་མྱི་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤེས་པ་དང་མཐོང་བས་བསླབས་ཏེ། མངོན་ཏུ་མྱི་བྱའོ། །རྣམ་པ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ནི། རྣམ་པ་ཐམས་ཅད་མངོན་ཏུ་བྱས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འཕགས་པའི་ཆོས་དང་འདུལ་བ་ཤེས་པས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པའི་ཆོས་དང་། འདུལ་བ་ཞེས་བགྱི་བ་དེ་ཇི་ཙམ་གྱིས་ན། འཕགས་པའི་ཆོས་དང་འདུལ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ནི། འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཞེ་སྡང་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཏི་མུག་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཇིག་ ཚོགས་སུ་ལྟ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཐེ་ཙོམ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདོད་པའི་འདོད་ཆགས་ 28-1-81b དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གནོད་སེམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་ཀྱི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་མྱེད་པའི་འདོད་ཆགས་དང་ལྡན་ པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མ་རིག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ང་རྒྱལ་དང་། རྒོད་པ་དང་། ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་དང་པོ་དང་ལྡན་པ་ཡང་མ་ཡིན། བྲལ་ བ་ཡང་མ་ཡིན། བསམ་གཏན་གཉིས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་གསུམ་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་བཞི་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་ མ་ཡིན། བྱམས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྙིང་རྗེ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དགའ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བཏང་སྙོམས་དང་ལྡན་པ་ཡང་ མ་ཡིན། བྲལ་བ་ཡང་མ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ ཡིན། བྲལ་བ་ཡང་མ་ཡིན། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་དང་། ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཡང་དག་པར་སྤོང་བ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་ དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དབང་པོ་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྟོབས་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པ་ཡང་མ་ཡིན། 28-1-82a བྲལ་བ་ཡང་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཕགས་པའི་བདེན་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་ བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཚད་མྱེད་པ་བཞི་དང་། ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཏིང་ངེ་འཛིན་རྣམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུངས་ཀྱི་སྒོ་རྣམས་དང་། ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མྱི་འཇིགས་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱམས་པ་ཆེན་པོ་དང་ ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུས་བྱས་ཀྱི་ཁམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུས་མ་བྱས་ཀྱི་ཁམས་དང་ལྡན་ པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པས་དེའི་ཕྱིར་དེ་དག་ནི་འཕགས་པ་ཞེས་བྱ་སྟེ། འདི་ནི་དེ་དག་གི་ཆོས་དང་འདུལ་བ་ཡིན་པས། དེའི་ཕྱིར་འཕགས་པའི་ཆོས་འདུལ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ 28-1-82b དེ་དག་ཐམས་ཅད་གཟུགས་མྱེད་པ་བསྟན་ཏུ་མྱེད་པ་ཐོགས་པ་མྱེད་པ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་གཟུགས་མྱེད་པ། གཟུགས་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །བསྟན་ཏུ་མྱེད་ པ་དང་། བསྟན་དུ་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །ཐོགས་པ་མྱེད་པ་དང་། ཐོགས་པ་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །མཚན་ཉིད་མྱེད་པ་དང་། མཚན་ཉིད་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་མྱེད་པ། བསྟན་ཏུ་མྱེད་པ་ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་མཚན་ཉིད་མྱེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལ་བསླབ་པར་བྱའོ། །དེས་དེ་ལ་བསླབས་ན། ཆོས་ཀྱི་མཚན་ཉིད་གང་ཡང་དམྱིགས་པར་མྱི་འགྱུར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་འོ་ན། གཟུགས་ ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་ཤེས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཤེས་ པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་མཚན་ཉིད་ལ་བསླབ་ པར་མྱི་བགྱི་འམ། ལུས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྒྲའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་ འམ། དྲིའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རེག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆོས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་རྣམ་པར་ཤེས་ 28-1-83a པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་རྣམ་ པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་འདུས་ ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་འདུས་ཏེ་རེག་པའི་མཚན་ ཉིད་ལ་བསླབ་པར་མྱི་བགྱི་འམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ ལ་བསླབ་པར་མྱི་བགྱི་འམ། སའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆུའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱེའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རླུང་གི་ཁམས་ཀྱི་མཚན་ ཉིད་ལ་བསླབ་པར་མྱི་བགྱི་འམ། ནམ་མཁའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མ་རིག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་བྱེད་ 28-1-83b ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིང་དང་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྐྱེ་མཆེད་དྲུག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རེག་པའི་མཚན་ཉིད་ ལ་བསླབ་པར་མྱི་བགྱི་འམ། ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྲེད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལེན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྲིད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྐྱེ་ བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྒ་ཤིའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་ མྱི་བགྱི་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་ པར་མྱི་བགྱི་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཕྱི་ནང་ སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ ལ་བསླབ་པར་མྱི་བགྱི་འམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་ བསླབ་པར་མྱི་བགྱི་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རང་བཞིན་སྟོང་པ་ 28-1-84a ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རང་གི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་དང་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གཉིས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གསུམ་པའི་ མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་བཞི་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བྱམས་པ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་ བགྱི་འམ། དགའ་བ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བཏང་སྙོམས་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་ བསླབ་པར་མྱི་བགྱི་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་ འམ། འདུ་ཤེས་མྱེད་འདུ་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡང་དག་པར་སྤོང་བ་རྣམས་ཀྱི་ མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དབང་པོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་ 28-1-84b བགྱི་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་བསླབ་པར་ མྱི་བགྱི་འམ། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་ མྱི་བགྱི་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ ལ་བསླབ་པར་མྱི་བགྱི་འམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱི་འཇིགས་པ་རྣམས་ཀྱི་མཚན་ཉིད་ལ་ བསླབ་པར་མྱི་བགྱི་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བྱམས་པ་ཆེན་པོའི་མཚན་ ཉིད་ལ་བསླབ་པར་མྱི་བགྱི་འམ། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྡུག་བསྔལ་འཕགས་པའི་བདེན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཀུན་འབྱུང་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་ འམ། འགོག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལམ་གྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འཕགས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་འཐུན་ པ་དང་། ལུགས་དང་མྱི་འཐུན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་བྱས་ཀྱི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་མ་བྱས་ཀྱི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་ 28-1-85a འམ། བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་མ་འདས་ན། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་ པར་འགྱུར། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཞུགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཇི་ལྟར་ཆོས་ཀྱི་འཁོར་ ལོ་བསྐོར་བར་བགྱི། ཆོས་ཀྱི་འཁོར་ལོ་མ་བསྐོར་ན། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོས་སེམས་ཅན་རྣམས་འཁོར་བ་ལས་དགྲོལ་བར་བགྱི། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ། ཆོས་ལ་ལ་ཞིག་ལ་མཚན་ཉིད་ཡོད་ན་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཚན་ཉིད་དེ་ལ་བསླབ་པར་ཡང་འགྱུར་ན། ཆོས་ཐམས་ ཅད་ལ་མཚན་ཉིད་མྱེད་ཅིང་། གཟུགས་མྱེད་བསྟན་ཏུ་མྱེད། ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་ལ་ ཡང་བསླབ་པར་མྱི་བྱ། མཚན་ཉིད་མྱེད་པ་ལ་ཡང་བསླབ་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ཆད་མཚན་ཉིད་མྱེད་པར་གྱུར་པ་འམ། ཕྱིས་མཚན་ཉིད་ཡོད་པར་གྱུར་པ་མ་ཡིན་གྱི། རབ་འབྱོར་ཆོས་འདི་དག་ནི་ སྔོན་ཆད་ཀྱང་མཚན་ཉིད་མྱེད་ལ་ད་ལྟར་ཡང་མཚན་ཉིད་མྱེད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་པོས་མཚན་ཉིད་ལ་ཡང་བསླབ་པར་མྱི་བྱའོ། །མཚན་ཉིད་མྱེད་པ་ལ་ཡང་བསླབ་པར་མྱི་ 28-1-85b བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མྱེད་པའི་དབྱིངས་འདི་ནི་དེ་བཞིན་དུ་གནས་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། དེ་ ལྟར་ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ཤིང་། མཚན་ཉིད་ཐ་དད་པ་ཡང་མ་ལགས། མཚན་ཉིད་གཅིག་པ་ཡང་མ་ལགས་ན། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་མཆིས་པར་འགྱུར། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བསྒོམས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་འདའ་བར་མྱི་ ནུས་སོ། །ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་འདས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་མྱི་ནུས་སོ། །བྱང་ཆུབ་སེམས་ དཔའི་སྐྱོན་མ་མཆིས་པར་མ་ཞུགས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པར་མྱི་ནུས་སོ། །མྱི་སྐྱེ་བའི་ཆོས་ལ་བཟོད་པ་མ་བསྐྱེད་པར་ནི། མངོན་པར་ཤེས་ པ་བསྒྲུབ་པར་མྱི་ནུས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མ་བསྒྲུབ་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བགྱི་བར་མྱི་ནུས་སོ། །སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་མ་བགྱིས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་ མྱི་ནུས་སོ། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ནི་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་མྱི་ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་མྱི་ནུས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་ 28-1-86a པར་མྱི་ནུས་སོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་མྱི་ནུས་སོ། །རང་བྱང་ཆུབ་ལ་དགོད་པར་མྱི་ནུས་སོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་མྱི་ནུས་སོ། །སེམས་ཅན་རྣམས་སྦྱིན་པ་ ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མྱི་ནུས་སོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མྱི་ནུས་སོ། །བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་ དངོས་པོ་ལ་དགོད་པར་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་མྱེད་པ་སྟེ། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་ པ་ཡང་མ་ཡིན་ནོ། །གསོལ་པ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། རབ་འབྱོར་མཚན་ཉིད་མྱེད་པ་བསྒོམ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གསོལ་པ། དེ་ཇི་ལྟར་ན་མཚན་ཉིད་མ་མཆིས་པ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་ བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ཇི་ལྟར་ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་ཤེས་རྣམ་པར་ 28-1-86b བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །མྱིག་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡིད་རྣམ་པར་ བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྒྲ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །དྲི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རེག་རྣམ་པར་བསྒོམ་ པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། 28-1-87a ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་ པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སའི་ཁམས་རྣམ་པར་ བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆུའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱེའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་ 28-1-87b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རླུང་གི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ནམ་མཁའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པའོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། མ་རིག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཤེས་པ་རྣམ་པར་བསྒོམ་ པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིང་དང་གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེ་མཆེད་དྲུག་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པའོ། །སྲེད་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལེན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྲིད་པ་རྣམ་པར་བསྒོམ་ པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྒ་ཤི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པའོ། །བླང་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། 28-1-88a བསམ་གཏན་དང་པོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་གཉིས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་ གསུམ་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་བཞི་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བྱམས་པ་རྣམ་པར་བསྒོམ་ པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྙིང་རྗེ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དགའ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །བཏང་སྙོམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དགེ་འདུན་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་རྣམ་ 28-1-88b པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གཏོང་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྷ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱོ་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འཆི་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱི་རྟག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྡུག་བསྔལ་གྱི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པའོ། །བདག་མྱེད་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱི་སྡུག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པའོ། །དངོས་པོ་མྱེད་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། སེམས་ཅན་གྱི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྲོག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེ་བའི་འདུ་ཤེས་ རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གསོའ་བའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེས་བུའི་འདུ་ཤེས་རྣམ་པར་བསྒོམ་པ་ 28-1-89a བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གང་ཟག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཤེད་ཅན་གྱི་འདུ་ཤེས་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཤེད་བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བྱེད་པ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚོར་བ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཤེས་པ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མཐོང་བ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟག་པའི་འདུ་ཤེས་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བདེ་བའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྡུག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡང་དག་པར་སྤོང་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པའོ། །དབང་པོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྟོབས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བྱང་ཆུབ་ཀྱི་ཡན་ 28-1-89b ལག་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལམ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་བསྒོམ་ པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་ བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟོག་ པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཀུན་འབྱུང་བ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འགོག་པ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལམ་འཕགས་པའི་བདེན་པ་རྣམ་པར་ བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྡུག་བསྔལ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཀུན་འབྱུང་བ་ཤེས་པ་རྣམ་པར་བསྒོམ་ 28-1-90a པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འགོག་པ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལམ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་ པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཟད་པ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱི་སྐྱེ་བ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྗེས་སུ་འགྲོ་བ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པའོ། །ཀུན་རྫོབ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདྲིས་པ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པའོ། །སྒྲ་ཇི་བཞིན་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ནང་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ 28-1-90b ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཕྱི་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཕྱི་ནང་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པའོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆེན་པོ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །དོན་དམ་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུས་བྱས་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་ བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རང་བཞིན་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་ཐམས་ཅད་ སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ 28-1-91a ཕྱིན་པ་བསྒོམ་པའོ། །ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པའོ། །མངོན་པར་ཤེས་པ་དྲུག་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཏིང་ངེ་འཛིན་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། གཟུངས་ཀྱི་སྒོ་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱི་ འཇིགས་པ་བཞི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བྱམས་པ་ཆེན་པོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། སྙིང་རྗེ་ཆེན་པོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལན་ཅིག་ ཕྱིར་འོང་བའི་འབྲས་བུ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། དགྲ་བཅོམ་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རང་བྱང་ཆུབ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལམ་གྱི་ 28-1-91b རྣམ་པར་ཤེས་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱིག་རྣམ་པར་བསྒོམ་པ་བསྒོམ་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣ་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྣ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལྕེ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལུས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཡིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་གཟུགས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ 28-1-92a ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྒྲ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དྲི་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་ལགས། ཇི་ལྟར་ན་རོ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རེག་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཆོས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱིག་གི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་ བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྣའི་འདུས་ ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། 28-1-92b ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་ བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཡིད་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ ལགས། ཇི་ལྟར་ན་ཆུའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱེའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རླུང་གི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ 28-1-93a ལགས། ཇི་ལྟར་ན་མ་རིག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ ལྟར་ན་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱིང་དང་གཟུགས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྐྱེ་ མཆེད་དྲུག་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྲེད་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལེན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྒོམ་པ་ལགས། ཇི་ལྟར་ན་སྲིད་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྐྱེ་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྒ་ཤི་རྣམ་ པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བླང་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དོར་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བསམ་གཏན་དང་པོ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བསམ་གཏན་གཉིས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བསམ་གཏན་གསུམ་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བསམ་གཏན་བཞི་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 28-1-93b བསྒོམ་པ་ལགས། ཇི་ལྟར་ན་བྱམས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྙིང་རྗེ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ དགའ་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བཏང་སྙོམས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ནམ་མཁའ་མཐའ་ཡས་ སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུ་ཤེས་མྱེད་འདུ་ ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཆོས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དགེ་འདུན་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་གཏོང་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལྷ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྐྱོ་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 28-1-94a པ་བསྒོམ་པ་ལགས། ཇི་ལྟར་ན་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འཆི་བ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱི་རྟག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྡུག་བསྔལ་གྱི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བདག་མྱེད་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ ལྟར་ན་མྱི་སྡུག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སེམས་ཅན་གྱི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྲོག་གི་འདུ་ཤེས་ རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྐྱེ་བའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་གསོའ་བའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྐྱེས་བུའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་གང་ཟག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཤེད་ཅན་གྱི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཤེད་བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ 28-1-94b པ་ལགས། ཇི་ལྟར་ན་བྱེད་པ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཚོར་བ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་ལགས། ཇི་ལྟར་ན་ཤེས་པ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མཐོང་བ་པོའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྟག་པའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བདེ་བའི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྡུག་པའི་ འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བདག་གི་འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་ གཞག་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམ་ པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དབང་པོ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྟོབས་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལམ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མཚན་མ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ 28-1-95a རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་རྣམ་པར་བསྒོམ་པ་ བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྟོག་པ་དང་ བཅས་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྡུག་བསྔལ་འཕགས་ པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཀུན་འབྱུང་བ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ འགོག་པ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལམ་འཕགས་པའི་བདེན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྡུག་བསྔལ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཀུན་འབྱུང་བ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འགོག་ པ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལམ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཟད་པ་ཤེས་པ་རྣམ་པར་ 28-1-95b བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱི་སྐྱེ་བ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཆོས་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྗེས་སུ་འགྲོ་བ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཀུན་རྫོབ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདྲིས་པ་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྒྲ་ཇི་བཞིན་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་བསྒོམ་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ 28-1-96a བསྒོམ་པ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དོན་དམ་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མཐའ་ལས་ འདས་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དོར་བ་ མྱེད་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་ པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་ བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་དྲུག་རྣམ་ པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་ཐམས་ཅད་རྣམ་པར་བསྒོམ་ 28-1-96b པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་མྱི་འཇིགས་པ་བཞི་རྣམ་པར་བསྒོམ་པ་ བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་ པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བྱམས་པ་ཆེན་པོ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་རྣམ་པར་བསྒོམ་པ་བསྒོམ་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་བསྒོམ་པ་ བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པར་ཤེས་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། ཇི་ལྟར་ན་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ ཐམས་ཅད་སྤོང་བ་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། བཅོམ་ལྡན་འདས་ 28-1-97a ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འདུ་ཤེས་དངོས་པོ་ཡོད་ ཅེས་བྱ་བར་མྱི་སྒོམ་མོ། །འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱིག་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣ་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྣ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལྕེ་ དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལུས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཡིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྒྲ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དྲི་དངོས་པོ་ཡོད་ཅེས་བྱ་བར་མྱི་ སྒོམ་མོ། །རོ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རེག་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆོས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱིག་གི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣ་བའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་ བྱ་བར་མྱི་སྒོམ་མོ། །སྣའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལྕེའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལུས་ཀྱི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་ བྱ་བར་མྱི་སྒོམ་མོ། །མྱིག་གི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣ་བའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྣའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལྕེའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་ སྒོམ་མོ། །ལུས་ཀྱི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཡིད་ཀྱི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལུས་ཀྱི་འདུས་ཏེ་རེག་ 28-1-97b པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆུའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་ མོ། །མྱེའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རླུང་གི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ནམ་མཁའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣམ་པར་ཤེས་པའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྟེན་ ཅིང་འབྲེལ་བར་འབྱུང་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མ་རིག་པ་དངོས་པོ་ཡོད་ཅེས་བྱ་བ་མྱི་སྒོམ་མོ། །འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བ་མྱི་སྒོམ་མོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བ་མྱི་སྒོམ་མོ། །མྱིང་དང་གཟུགས་དངོས་ པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྐྱེ་མཆེད་དྲུག་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྲེད་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། ལེན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྲིད་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྐྱེ་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྒ་ཤི་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བླང་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དོར་བ་དངོས་པོ་ ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བསམ་གཏན་དང་པོ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བསམ་གཏན་གཉིས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བསམ་གཏན་གསུམ་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བསམ་གཏན་བཞི་པ་ དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བྱམས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྙིང་རྗེ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དགའ་བ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བཏང་སྙོམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ 28-1-98a དངོས་པོ་ཡོད་ཅེས་བྱ་བ་མྱི་སྒོམ་མོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སངས་རྒྱས་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆོས་རྗེས་སུ་ དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དགེ་འདུན་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །གཏོང་བ་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་ མོ། །ལྷ་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྐྱོ་བ་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འཆི་བ་རྗེས་སུ་དྲན་པ་དངོས་པོ་ཡོད་ ཅེས་བྱ་བར་མྱི་སྒོམ་མོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱི་རྟག་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྡུག་བསྔལ་གྱི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། བདག་མྱེད་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱི་སྡུག་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དངོས་པོ་མྱེད་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བདག་གི་འདུ་ཤེས་དངོས་པོ་ཡོད་ཅེས་ བྱ་བར་མྱི་སྒོམ་མོ། །སེམས་ཅན་གྱི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྲོག་གི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྐྱེ་བའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །གསོའ་བའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་ བར་མྱི་སྒོམ་མོ། །སྐྱེས་བུའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །གང་ཟག་གི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཤེད་ཅན་གྱི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཤེད་བདག་གི་འདུ་ཤེས་དངོས་ པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བྱེད་པ་པོའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཚོར་བ་པོའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཤེས་པ་པོའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མཐོང་ 28-1-98b བ་པོའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྟག་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བདེ་བའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྡུག་པའི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་ སྒོམ་མོ། །བདག་གི་འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཡང་དག་པར་སྤོང་བ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དབང་པོ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྟོབས་རྣམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལམ་དངོས་པོ་ ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། རྣམ་པར་ཐར་པ་བརྒྱད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་ སྒོམ་མོ། །རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྡུག་བསྔལ་འཕགས་པའི་བདེན་པ་དངོས་པོ་ཡོད་ཅེས་བྱ་ བར་མྱི་སྒོམ་མོ། །ཀུན་འབྱུང་བ་འཕགས་པའི་བདེན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འགོག་པ་འཕགས་པའི་བདེན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལམ་འཕགས་པའི་བདེན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། སྡུག་བསྔལ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཀུན་འབྱུང་བ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འགོག་པ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལམ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་ 28-1-99a མོ། །ཟད་པ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱི་སྐྱེ་བ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆོས་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྗེས་སུ་འགྲོ་བ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་ མྱི་སྒོམ་མོ། །ཀུན་རྫོབ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འདྲིས་པ་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྒྲ་ཇི་བཞིན་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་ མྱི་སྒོམ་མོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ནང་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཕྱི་སྟོང་པ་ཉིད་དངོས་པོ་ཡོད་ཅེས་ བྱ་བར་མྱི་སྒོམ་མོ། །ཕྱི་ནང་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆེན་པོ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དོན་དམ་པ་སྟོང་པ་ཉིད་དངོས་པོ་ ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འདུས་བྱས་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །འདུས་མ་བྱས་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་ མོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དོར་བ་མྱེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རང་བཞིན་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཆོས་ཐམས་ཅད་སྟོང་པ་ ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱི་དམྱིགས་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་ 28-1-99b སྒོམ་མོ། །ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མངོན་པར་ཤེས་པ་དྲུག་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཏིང་ངེ་འཛིན་ ཐམས་ཅད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །གཟུངས་ཀྱི་སྒོ་ཐམས་ཅད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །མྱི་འཇིགས་པ་བཞི་དངོས་པོ་ཡོད་ ཅེས་བྱ་བར་མྱི་སྒོམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བྱམས་པ་ཆེན་པོ་དངོས་པོ་ཡོད་ཅེས་བྱ་བར་མྱི་ སྒོམ་མོ། །སྙིང་རྗེ་ཆེན་པོ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ཕྱིར་མྱི་འོང་བའི་འབྲས་ བུ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དགྲ་བཅོམ་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །རང་བྱང་ཆུབ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྒོམ་མོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱེད་ དོ། །དངོས་པོའི་འདུ་ཤེས་ཅན་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ 28-1-100a པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ནང་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཕྱི་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཕྱི་ནང་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་ པོའི་འདུ་ཤེས་ཅན་ལ་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཆེན་པོ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དོན་དམ་པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་འདུས་ བྱས་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་འདུས་མ་བྱས་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་རང་བཞིན་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་ པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པ་མྱེད་དོ། ། དངོས་པོའི་འདུ་ཤེས་ཅན་ལ་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་མངོན་པར་ཤེས་པ་དྲུག་བསྒོམ་པ་མྱེད་དོ། །དངོས་པོའི་ འདུ་ཤེས་ཅན་ལ་ཏིང་ངེ་འཛིན་ཐམས་ཅད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་གཟུངས་ཀྱི་སྒོ་ཐམས་ཅད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པ་མྱེད་དོ། ། དངོས་པོའི་འདུ་ཤེས་ཅན་ལ་མྱི་འཇིགས་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་སོ་སོ་ཡང་དག་པར་རིག་པ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒོམ་པ་མྱེད་དོ། ། 28-1-100b དངོས་པོའི་འདུ་ཤེས་ཅན་ལ་བྱམས་པ་ཆེན་པོ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ ཅན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ཕྱིར་མྱི་འོང་བའི་འབྲས་བུ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་དགྲ་བཅོམ་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ ལ་རང་བྱང་ཆུབ་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་མྱེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་བག་ ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་བསྒོམ་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དངོས་པོ་ལ་འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུགས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་ 28-1-101a པོ་དང་། སྙིང་རྗེ་ཆེན་པོ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་། བགས་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ། འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པར་གྱུར་པས། གང་མཐའ་གཉིས་ལ་ཆགས་པ་དེ་ལ་ནི་ཐར་པ་མྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ནི། སྦྱིན་པ་ཡང་མྱེད། ཚུལ་ཁྲིམས་ཀྱང་མྱེད། བཟོད་པ་ཡང་མྱེད། བརྩོན་འགྲུས་ཀྱང་མྱེད། བསམ་གཏན་ཡང་མྱེད། ཤེས་རབ་ཀྱང་མྱེད། ལམ་ཡང་མྱེད། ཡེ་ཤེས་ཀྱང་མྱེད། འཐོབ་པ་ཡང་མྱེད། མངོན་པར་རྟོགས་པ་ཡང་མྱེད། འཐུན་པའི་བཟོད་པ་ཡང་མྱེད། གཟུགས་ཀྱང་ཡོངས་སུ་ཤེས་པ་མྱེད། ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། འདུ་བྱེད་ཀྱང་ཡོངས་སུ་ཤེས་པ་མྱེད། རྣམ་པར་ཤེས་པ་ཡང་ཡོངས་སུ་ ཤེས་པ་མྱེད། མྱིག་ཀྱང་ཡོངས་སུ་ཤེས་པ་མྱེད། རྣ་བ་ཡང་ཡོངས་སུ་ཤེས་པ་མྱེད། སྣ་ཡང་ཡོངས་སུ་ཤེས་པ་མྱེད། ལྕེ་ཡང་ཡོངས་སུ་ཤེས་པ་མྱེད། ལུས་ཀྱང་ཡོངས་སུ་ཤེས་པ་མྱེད། ཡིད་ཀྱང་ཡོངས་སུ་ཤེས་པ་མྱེད། གཟུགས་ཀྱང་ཡོངས་སུ་ཤེས་པ་མྱེད། སྒྲ་ཡང་ཡོངས་སུ་ཤེས་པ་མྱེད། དྲི་ཡང་ཡོངས་སུ་ཤེས་པ་མྱེད། རོ་ཡང་ཡོངས་སུ་ཤེས་པ་མྱེད། རེག་ཀྱང་ཡོངས་སུ་ཤེས་པ་མྱེད། ཆོས་ཀྱང་ཡོངས་སུ་ཤེས་པ་མྱེད། མྱིག་གི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། རྣ་བའི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། སྣའི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ལྕེའི་རྣམ་པར་ཤེས་པ་ཡང་ ཡོངས་སུ་ཤེས་པ་མྱེད། ལུས་ཀྱི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། མྱིག་གི་འདུས་ཏེ་རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། རྣ་བའི་འདུས་ཏེ་རེག་ 28-1-101b པ་ཡང་ཡོངས་སུ་ཤེས་པ་མྱེད། སྣའི་འདུས་ཏེ་རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། ལྕེའི་འདུས་ཏེ་རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། ལུས་ཀྱི་འདུས་ཏེ་རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ ཡང་ཡོངས་སུ་ཤེས་པ་མྱེད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། སའི་ཁམས་ཀྱང་ཡོངས་སུ་ཤེས་པ་མྱེད། ཆུའི་ཁམས་ཀྱང་ ཡོངས་སུ་ཤེས་པ་མྱེད། མྱེའི་ཁམས་ཀྱང་ཡོངས་སུ་ཤེས་པ་མྱེད། རླུང་གི་ཁམས་ཀྱང་ཡོངས་སུ་ཤེས་པ་མྱེད། ནམ་མཁའི་ཁམས་ཀྱང་ཡོངས་སུ་ཤེས་པ་མྱེད། རྣམ་པར་ཤེས་པའི་ཁམས་ཀྱང་ཡོངས་སུ་ཤེས་པ་མྱེད། རྟེན་ཅིང་ འབྲེལ་བར་འབྱུང་བ་ཡང་ཡོངས་སུ་ཤེས་པ་མྱེད། མ་རིག་པ་ཡང་ཡོངས་སུ་ཤེས་པ་མྱེད། འདུ་བྱེད་ཀྱང་ཡོངས་སུ་ཤེས་པ་མྱེད། རྣམ་པར་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། མྱིང་དང་གཟུགས་ཀྱང་ཡོངས་སུ་ཤེས་པ་མྱེད། སྐྱེ་མཆེད་དྲུག་ཀྱང་ཡོངས་སུ་ཤེས་པ་མྱེད། རེག་པ་ཡང་ཡོངས་སུ་ཤེས་པ་མྱེད། ཚོར་བ་ཡང་ཡོངས་སུ་ཤེས་པ་མྱེད། སྲེད་པ་ཡང་ཡོངས་སུ་ཤེས་པ་མྱེད། ལེན་པ་ཡང་ཡོངས་སུ་ཤེས་པ་མྱེད། སྲིད་པ་ཡང་ཡོངས་སུ་ཤེས་ པ་མྱེད། སྐྱེ་བ་ཡང་ཡོངས་སུ་ཤེས་པ་མྱེད། རྒ་ཤི་ཡང་ཡོངས་སུ་ཤེས་པ་མྱེད། བླང་བ་ཡང་ཡོངས་སུ་ཤེས་པ་མྱེད། དོར་བ་ཡང་ཡོངས་སུ་ཤེས་པ་མྱེད། བསམ་གཏན་དང་པོ་ཡང་ཡོངས་སུ་ཤེས་པ་མྱེད། བསམ་གཏན་གཉིས་པ་ཡང་ཡོངས་སུ་ཤེས་པ་མྱེད། བསམ་གཏན་གསུམ་པ་ཡང་ཡོངས་སུ་ཤེས་པ་མྱེད། བསམ་གཏན་བཞི་པ་ཡང་ཡོངས་སུ་ཤེས་པ་མྱེད། བྱམས་པ་ཡང་ཡོངས་སུ་ཤེས་པ་མྱེད། སྙིང་རྗེ་ཡང་ཡོངས་སུ་ཤེས་པ་མྱེད། དགའ་བ་ཡང་ཡོངས་སུ་ཤེས་པ་མྱེད། 28-1-102a བཏང་སྙོམས་ཀྱང་ཡོངས་སུ་ཤེས་པ་མྱེད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡང་ཡོངས་སུ་ཤེས་པ་མྱེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡང་ཡོངས་སུ་ཤེས་པ་མྱེད། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡང་ཡོངས་སུ་ཤེས་པ་མྱེད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡང་ཡོངས་སུ་ཤེས་པ་མྱེད། སངས་རྒྱས་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་ མྱེད། ཆོས་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། དགེ་འདུན་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། ཚུལ་ཁྲིམས་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། གཏོང་བ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་ མྱེད། ལྷ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། སྐྱོ་བ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། འཆི་བ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཡང་ཡོངས་སུ་ཤེས་པ་མྱེད། མྱི་རྟག་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། སྡུག་བསྔལ་གྱི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། བདག་མྱེད་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། མྱི་ སྡུག་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། དངོས་པོ་མྱེད་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། བདག་གི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། སེམས་ཅན་གྱི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། སྲོག་གི་འདུ་ཤེས་ཀྱང་ ཡོངས་སུ་ཤེས་པ་མྱེད། སྐྱེ་བའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། གསོའ་བའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། སྐྱེས་བུའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། གང་ཟག་གི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། ཤེད་ཅན་གྱི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། ཤེད་བདག་གི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། བྱེད་པ་པོའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། ཚོར་བ་པོའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། ཤེས་པ་པོའི་འདུ་ 28-1-102b ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། མཐོང་བ་པོའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། རྟག་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། བདེ་བའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། སྡུག་པའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། བདག་གི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མྱེད། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། ཡང་དག་པར་སྤོང་བ་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། དབང་པོ་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། སྟོབས་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། ལམ་ཡང་ཡོངས་སུ་ཤེས་པ་མྱེད། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱང་ཡོངས་ སུ་ཤེས་པ་མྱེད། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱང་ཡོངས་སུ་ཤེས་པ་མྱེད། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱང་ཡོངས་སུ་ཤེས་པ་མྱེད། རྣམ་པར་ཐར་པ་ཡང་ཡོངས་སུ་ཤེས་པ་མྱེད། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཀྱང་ཡོངས་སུ་ཤེས་པ་མྱེད། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཀྱང་ཡོངས་སུ་ཤེས་པ་མྱེད། རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཀྱང་ཡོངས་སུ་ཤེས་པ་མྱེད། རྟོག་པ་མྱེད་ ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ཀྱང་ཡོངས་སུ་ཤེས་པ་མྱེད། སྡུག་བསྔལ་འཕགས་པའི་བདེན་པ་ཡང་ཡོངས་སུ་ཤེས་པ་མྱེད། ཀུན་འབྱུང་བ་འཕགས་པའི་བདེན་པ་ཡང་ཡོངས་སུ་ཤེས་པ་མྱེད། འགོག་པ་འཕགས་པའི་ བདེན་པ་ཡང་ཡོངས་སུ་ཤེས་པ་མྱེད། ལམ་འཕགས་པའི་བདེན་པ་ཡང་ཡོངས་སུ་ཤེས་པ་མྱེད། སྡུག་བསྔལ་འཕགས་པའི་བདེན་པ་ཡང་ཡོངས་སུ་ཤེས་པ་མྱེད། ཀུན་འབྱུང་བ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། འགོག་པ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ལམ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ཟད་པ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། མྱི་སྐྱེ་བ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ཆོས་ཤེས་པ་ཡང་ཡོངས་སུ་ 28-1-103a ཤེས་པ་མྱེད། རྗེས་སུ་འགྲོ་བ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། ཀུན་རྫོབ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། འདྲིས་པ་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། སྒྲ་ཇི་བཞིན་ཤེས་པ་ཡང་ཡོངས་སུ་ཤེས་པ་མྱེད། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་མྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་མྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་མྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་ མྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་ཤེས་པ་མྱེད། ནང་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ཕྱི་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ཕྱི་ནང་ སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ཆེན་པོ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། དོན་དམ་པ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། འདུས་བྱས་སྟོང་པ་ཉིད་ཀྱང་ཡོངས་ སུ་ཤེས་པ་མྱེད། འདུས་མ་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། དོར་བ་མྱེད་པ་སྟོང་ པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། རང་བཞིན་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་ ཤེས་པ་མྱེད། མངོན་པར་ཤེས་པ་དྲུག་ཀྱང་ཡོངས་སུ་ཤེས་པ་མྱེད། ཏིང་ངེ་འཛིན་ཐམས་ཅད་ཀྱང་ཡོངས་སུ་ཤེས་པ་མྱེད། གཟུངས་ཀྱི་སྒོ་ཐམས་ཅད་ཀྱང་ཡོངས་སུ་ཤེས་པ་མྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཡོངས་སུ་ཤེས་པ་མྱེད། མྱི་ 28-1-103b འཇིགས་པ་བཞི་ཡང་ཡོངས་སུ་ཤེས་པ་མྱེད། སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཡོངས་སུ་ཤེས་པ་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡོངས་སུ་ཤེས་པ་མྱེད། བྱམས་པ་ཆེན་པོ་ཡང་ཡོངས་སུ་ཤེས་པ་མྱེད། སྙིང་རྗེ་ཆེན་པོ་ཡང་ ཡོངས་སུ་ཤེས་པ་མྱེད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་མྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་མྱེད། ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་མྱེད། དགྲ་བཅོམ་པ་ཉིད་ཀྱང་ཡོངས་ སུ་ཤེས་པ་མྱེད། རང་བྱང་ཆུབ་ཀྱང་ཡོངས་སུ་ཤེས་པ་མྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་ཤེས་པ་མྱེད། བག་ཆགས་ཀྱི་མཚམས་སྦྱོར་བའི་ ཉོན་མོངས་པ་ཐམས་ཅད་སྤང་བ་ཡང་ཡོངས་སུ་ཤེས་པ་མྱེད་ན། དེ་ཐར་པར་འགྱུར་པ་ལྟ་ག་ལས་འོང་། གསོལ་པ། བཅོམ་ལྡན་འདས། དངོས་པོ་མཆིས་ཞེས་བགྱི་བ་ནི་ཇི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་གཉིས་ནི་དངོས་པོ་ཡོད་པའོ། །མྱི་གཉིས་པ་ནི་དངོས་པོ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་ཤེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ ཀྱི་འདུ་ཤེས་ནི་གཉིས་སོ། །ཚོར་བའི་འདུ་ཤེས་ནི་གཉིས་སོ། །འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །འདུ་བྱེད་ཀྱི་འདུ་ཤེས་ནི་གཉིས་སོ། །རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །མྱིག་གི་འདུ་ཤེས་ནི་གཉིས་སོ། །རྣ་བའི་འདུ་ཤེས་ནི་ གཉིས་སོ། །སྣའི་འདུ་ཤེས་ནི་གཉིས་སོ། །ལྕེའི་འདུ་ཤེས་ནི་གཉིས་སོ། །ལུས་ཀྱི་འདུ་ཤེས་ནི་གཉིས་སོ། །ཡིད་ཀྱི་འདུ་ཤེས་ནི་གཉིས་སོ། །གཟུགས་ཀྱི་འདུ་ཤེས་ནི་གཉིས་སོ། །སྒྲའི་འདུ་ཤེས་ནི་གཉིས་སོ། །དྲིའི་འདུ་ཤེས་ནི་གཉིས་སོ། ། རོའི་འདུ་ཤེས་ནི་གཉིས་སོ། །རེག་གི་འདུ་ཤེས་ནི་གཉིས་སོ། །ཆོས་ཀྱི་འདུ་ཤེས་ནི་གཉིས་སོ། །མྱིག་གི་རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །རྣ་བའི་རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །སྣའི་རྣམ་པར་ཤེས་ 28-1-104a པའི་འདུ་ཤེས་ནི་གཉིས་སོ། །ལྕེའི་རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་སོ། །མྱིག་གི་འདུས་ཏེ་རེག་པའི་འདུ་ཤེས་ནི་གཉིས་སོ། ། རྣ་བའི་འདུས་ཏེ་རེག་པའི་འདུ་ཤེས་ནི་གཉིས་སོ། །སྣའི་འདུས་ཏེ་རེག་པའི་འདུ་ཤེས་ནི་གཉིས་སོ། །ལྕེའི་འདུས་ཏེ་རེག་པའི་འདུ་ཤེས་ནི་གཉིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་ནི་གཉིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་ནི་ གཉིས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གཉིས་སོ། །སའི་ཁམས་ཀྱི་འདུ་ཤེས་ ནི་གཉིས་སོ། །ཆུའི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །མྱེའི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །རླུང་གི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །ནམ་མཁའི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །རྣམ་པར་ ཤེས་པའི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་ཤེས་ནི་གཉིས་སོ། །མ་རིག་པའི་འདུ་ཤེས་ནི་གཉིས་སོ། །འདུ་བྱེད་ཀྱི་འདུ་ཤེས་ནི་གཉིས་སོ། །རྣམ་པར་ཤེས་པའི་འདུ་ཤེས་ནི་གཉིས་ སོ། །མྱིང་དང་གཟུགས་ཀྱི་འདུ་ཤེས་ནི་གཉིས་སོ། །སྐྱེ་མཆེད་དྲུག་གི་འདུ་ཤེས་ནི་གཉིས་སོ། །རེག་པའི་འདུ་ཤེས་ནི་གཉིས་སོ། །ཚོར་བའི་འདུ་ཤེས་ནི་གཉིས་སོ། །སྲེད་པའི་འདུ་ཤེས་ནི་གཉིས་སོ། །ལེན་ པའི་འདུ་ཤེས་ནི་གཉིས་སོ། །སྲིད་པའི་འདུ་ཤེས་ནི་གཉིས་སོ། །སྐྱེ་བའི་འདུ་ཤེས་ནི་གཉིས་སོ། །རྒ་ཤིའི་འདུ་ཤེས་ནི་གཉིས་སོ། །བླང་བའི་འདུ་ཤེས་ནི་གཉིས་སོ། །དོར་བའི་འདུ་ཤེས་ནི་གཉིས་སོ། །བསམ་ 28-1-104b གཏན་དང་པོའི་འདུ་ཤེས་ནི་གཉིས་སོ། །བསམ་གཏན་གཉིས་པའི་འདུ་ཤེས་ནི་གཉིས་སོ། །བསམ་གཏན་གསུམ་པའི་འདུ་ཤེས་ནི་གཉིས་སོ། །བསམ་གཏན་བཞི་པའི་འདུ་ཤེས་ནི་གཉིས་སོ། །བྱམས་པའི་འདུ་ཤེས་ནི་གཉིས་སོ། ། སྙིང་རྗེའི་འདུ་ཤེས་ནི་གཉིས་སོ། །དགའ་བའི་འདུ་ཤེས་ནི་གཉིས་སོ། །བཏང་སྙོམས་ཀྱི་འདུ་ཤེས་ནི་གཉིས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་འདུ་ཤེས་ནི་གཉིས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་ཀྱི་སྙོམས་པར་འཇུག་པའི་འདུ་ཤེས་ནི་གཉིས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་འདུ་ཤེས་ནི་གཉིས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་འདུ་ཤེས་ནི་ གཉིས་སོ། །སངས་རྒྱས་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །ཆོས་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །དགེ་འདུན་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །ཚུལ་ཁྲིམས་རྗེས་སུ་དྲན་པའི་འདུ་ཤེས་ནི་ གཉིས་སོ། །གཏོང་བ་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །ལྷ་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །སྐྱོ་བ་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་འདུ་ཤེས་ནི་ གཉིས་སོ། །འཆི་བ་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་འདུ་ཤེས་ནི་གཉིས་སོ། །མྱི་རྟག་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྡུག་བསྔལ་གྱི་འདུ་ཤེས་ཀྱི་འདུ་ ཤེས་ནི་གཉིས་སོ། །བདག་མྱེད་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །མྱི་སྡུག་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །དངོས་པོ་མྱེད་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །བདག་གི་འདུ་ཤེས་ཀྱི་འདུ་ཤེས་ ནི་གཉིས་སོ། །སེམས་ཅན་གྱི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྲོག་གི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྐྱེ་བའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །གསོའ་བའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། ། 28-1-105a སྐྱེས་བུའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །གང་ཟག་གི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །ཤེད་ཅན་གྱི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །ཤེད་བདག་གི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །བྱེད་པ་པོའི་འདུ་ཤེས་ ཀྱི་འདུ་ཤེས་ནི་གཉིས་སོ། །ཚོར་བ་པོའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །ཤེས་པ་པོའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །མཐོང་བ་པོའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །རྟག་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། ། བདེ་བའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྡུག་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །བདག་གི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །དྲན་པ་ཉེ་བར་གཞག་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །ཡང་དག་པར་སྤོང་བའི་ འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །རྫུ་འཕྲུལ་གྱི་རྐང་པའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །དབང་པོའི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྟོབས་ཀྱི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་ ཀྱི་འདུ་ཤེས་ནི་གཉིས་སོ། །ལམ་གྱི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་འདུ་ཤེས་ཀྱི་འདུ་ཤེས་ནི་གཉིས་སོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་གྱི་འདུ་ཤེས་ནི་གཉིས་སོ། །སྨོན་པ་མྱེད་ པའི་ཏིང་ངེ་འཛིན་གྱི་འདུ་ཤེས་ནི་གཉིས་སོ། །རྣམ་པར་ཐར་པའི་འདུ་ཤེས་ནི་གཉིས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་འདུ་ཤེས་ནི་གཉིས་སོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་ འཛིན་གྱི་འདུ་ཤེས་ནི་གཉིས་སོ། །རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཀྱི་འདུ་ཤེས་ནི་གཉིས་སོ། །རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་འདུ་ཤེས་ནི་གཉིས་སོ། །སྡུག་བསྔལ་འཕགས་པའི་བདེན་པའི་འདུ་ཤེས་ ནི་གཉིས་སོ། །ཀུན་འབྱུང་བ་འཕགས་པའི་བདེན་པའི་འདུ་ཤེས་ནི་གཉིས་སོ། །འགོག་པ་འཕགས་པའི་བདེན་པའི་འདུ་ཤེས་ནི་གཉིས་སོ། །ལམ་འཕགས་པའི་བདེན་པའི་འདུ་ཤེས་ནི་གཉིས་སོ། །སྡུག་བསྔལ་ཤེས་ 28-1-105b པའི་འདུ་ཤེས་ནི་གཉིས་སོ། །ཀུན་འབྱུང་བ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །འགོག་པ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །ལམ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །ཟད་པ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །མྱི་སྐྱེ་བ་ ཤེས་པའི་འདུ་ཤེས་ནི་གཉིས་སོ། །ཆོས་ཤེས་པའི་འདུ་ཤེས་ནི་གཉིས་སོ། །རྗེས་སུ་འགྲོ་བ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །ཀུན་རྫོབ་ཤེས་པའི་འདུ་ཤེས་ནི་གཉིས་སོ། །འདྲིས་པ་ཤེས་པའི་འདུ་ཤེས་ནི་གཉིས་སོ། ། སྒྲ་ཇི་བཞིན་ཤེས་པའི་འདུ་ཤེས་ནི་གཉིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ནི་གཉིས་སོ། །ནང་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། ། ཕྱི་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་འདུ་ཤེས་ ནི་གཉིས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ ཀྱི་འདུ་ཤེས་ནི་གཉིས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །དངོས་པོ་མྱེད་པའི་ 28-1-106a ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །མངོན་པར་ཤེས་པ་དྲུག་གི་འདུ་ཤེས་ནི་གཉིས་སོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་འདུ་ཤེས་ནི་གཉིས་སོ། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་འདུ་ཤེས་ནི་གཉིས་སོ། ། དེ་བཞིན་གཤེགས་པའི་སྟོབས་ཀྱི་འདུ་ཤེས་ནི་གཉིས་སོ། །མྱི་འཇིགས་པའི་འདུ་ཤེས་ནི་གཉིས་སོ། །སོ་སོ་ཡང་དག་པར་རིག་པའི་འདུ་ཤེས་ནི་གཉིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འདུ་ཤེས་ནི་གཉིས་སོ། ། བྱམས་པ་ཆེན་པོའི་འདུ་ཤེས་ནི་གཉིས་སོ། །སྙིང་རྗེ་ཆེན་པོའི་འདུ་ཤེས་ནི་གཉིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདུ་ཤེས་ནི་གཉིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདུ་ཤེས་ནི་གཉིས་སོ། །ཕྱིར་མྱི་འོང་བའི་ འབྲས་བུའི་འདུ་ཤེས་ནི་གཉིས་སོ། །དགྲ་བཅོམ་པ་ཉིད་ཀྱི་འདུ་ཤེས་ནི་གཉིས་སོ། །རང་བྱང་ཆུབ་ཀྱི་འདུ་ཤེས་ནི་གཉིས་སོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འདུ་ཤེས་ནི་གཉིས་སོ། །རྒྱུན་ཏུ་ཞུགས་པའི་འདུ་ཤེས་ནི་ གཉིས་སོ། །ལན་ཅིག་ཕྱིར་འོང་བའི་འདུ་ཤེས་ནི་གཉིས་སོ། །ཕྱིར་མྱི་འོང་བའི་འདུ་ཤེས་ནི་གཉིས་སོ། །དགྲ་བཅོམ་པའི་འདུ་ཤེས་ནི་གཉིས་སོ། །རང་སངས་རྒྱས་ཀྱི་འདུ་ཤེས་ནི་གཉིས་སོ། །འདུས་བྱས་ཀྱི་ཁམས་ ཀྱི་འདུ་ཤེས་ནི་གཉིས་སོ། །འདུས་མ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །རབ་འབྱོར་དེ་ལྟར་དེ་སྙེད་དུ་འདུ་ཤེས་དང་བཅས་པ་ཐམས་ཅད་དང་། ཇི་སྙེད་དུ་འདུ་ཤེས་མྱེད་པ་དེ་དག་ཐམས་ཅད་ནི་གཉིས་ཏེ། ཇི་ཙམ་དུ་ གཉིས་པ་དེ་ཙམ་དུ་དངོས་པོའོ། །ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འཁོར་བའོ། །ཇི་ཙམ་དུ་འཁོར་བ་དེ་ཙམ་དུ་སེམས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ་ལོ། །འདུ་ཤེས་ཐམས་ཅད་ཡིད་ལ་མྱི་བྱེད་པ་ནི་གཉིས་སུ་མྱེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་གཉིས་ཀྱི་འདུ་ཤེས་ཅན་ལ་ 28-1-106b སྦྱིན་པ་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་ཚུལ་ཁྲིམས་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་བཟོད་པ་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་བརྩོན་འགྲུས་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་བསམ་གཏན་མྱེད་ པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་ཤེས་རབ་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་ལམ་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་འཐོབ་པ་མྱེད་པ་དང་། གཉིས་ཀྱི་འདུ་ཤེས་ཅན་ལ་མངོན་པར་རྟོགས་པ་མྱེད་པར་རིག་པར་བྱའོ། ། རབ་འབྱོར་གཉིས་ཀྱི་འདུ་ཤེས་ཅན་ལ་ནི་ཆུང་ངུ་ན་འཐུན་པའི་བཟོད་པ་ཡང་མྱེད་ན། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་ཤེས་ཡོངས་སུ་ཤེས་པར་ འགྱུར་བ་ལྟ་ག་ལ་ཡོད། འདུ་བྱེད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བ་ཡོངས་སུ་ཤེས་ པར་འགྱུར་བ་ལྟ་ག་ལ་ཡོད། སྣ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ ལ་ཡོད། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྒྲ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དྲི་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རོ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རེག་ཡོངས་ སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ ལ་ཡོད། སྣའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། 28-1-107a ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ ཏེ་རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སའི་ཁམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆུའི་ཁམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱེའི་ཁམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རླུང་གི་ཁམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ནམ་མཁའི་ཁམས་ཡོངས་སུ་ ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཤེས་པའི་ཁམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མ་རིག་པ་ཡོངས་སུ་ཤེས་ པར་འགྱུར་བ་ལྟ་ག་ལ་ཡོད། འདུ་བྱེད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱིང་དང་གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། 28-1-107b སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རེག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྲེད་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ ཡོད། ལེན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྲིད་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེ་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྒ་ཤི་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བླང་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དོར་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་དང་པོ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་གཉིས་པ་ཡོངས་སུ་ཤེས་པར་འགྱུར་ བ་ལྟ་ག་ལ་ཡོད། བསམ་གཏན་གསུམ་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་བཞི་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བྱམས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྙིང་ རྗེ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དགའ་བ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བཏང་སྙོམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་ པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡོངས་སུ་ ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སངས་རྒྱས་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དགེ་འདུན་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚུལ་ཁྲིམས་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གཏོང་བ་ 28-1-108a རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལྷ་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱོ་བ་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་ དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འཆི་བ་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་རྟག་པའི་འདུ་ཤེས་ཡོངས་ སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྡུག་བསྔལ་གྱི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བདག་མྱེད་པའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་སྡུག་པའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་ བ་ལྟ་ག་ལ་ཡོད། དངོས་པོ་མྱེད་པའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བདག་གི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སེམས་ཅན་གྱི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ ཡོད། སྲོག་གི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེ་བའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གསོའ་བའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེས་བུའི་འདུ་ཤེས་ཡོངས་ སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གང་ཟག་གི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཤེད་ཅན་གྱི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཤེད་བདག་གི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ ག་ལ་ཡོད། བྱེད་པ་པོའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་པོའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཤེས་པ་པོའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མཐོང་བ་པོའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྟག་པའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བདེ་བའི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྡུག་པའི་འདུ་ཤེས་ 28-1-108b ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བདག་གི་འདུ་ཤེས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་ཤེས་ པར་འགྱུར་བ་ལྟ་ག་ལ་ཡོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དབང་པོ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྟོབས་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལམ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མཚན་མ་མྱེད་པའི་ཏིང་ ངེ་འཛིན་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཐར་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡོངས་ སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཀུན་འབྱུང་བ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འགོག་པ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལམ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ ག་ལ་ཡོད། སྡུག་བསྔལ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཀུན་འབྱུང་བ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འགོག་པ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལམ་ཤེས་པ་ 28-1-109a ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཟད་པ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་སྐྱེ་བ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་ཤེས་པ་ཡོངས་སུ་ཤེས་པར་ འགྱུར་བ་ལྟ་ག་ལ་ཡོད། རྗེས་སུ་འགྲོ་བ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཀུན་རྫོབ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདྲིས་པ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྒྲ་ཇི་བཞིན་ཤེས་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ ག་ལ་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ནང་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཕྱི་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཕྱི་ནང་སྟོང་པ་ ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཆེན་པོ་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་ འགྱུར་བ་ལྟ་ག་ལ་ཡོད། འདུས་བྱས་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་ འགྱུར་བ་ལྟ་ག་ལ་ཡོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རང་བཞིན་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ 28-1-109b ག་ལ་ཡོད། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ ག་ལ་ཡོད། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་ཤེས་པར་འགྱུར་ བ་ལྟ་ག་ལ་ཡོད། མངོན་པར་ཤེས་པ་དྲུག་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ ཡོད། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་འཇིགས་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ ག་ལ་ཡོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། བྱམས་པ་ཆེན་པོ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། སྙིང་རྗེ་ཆེན་པོ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ ཡོད། དགྲ་བཅོམ་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རང་བྱང་ཆུབ་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད། གང་ལ་ལམ་བསྒོམ་པ་མྱེད་པ་དེ་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ག་ལ་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ག་ལ་ཡོད། ཕྱིར་མྱི་ 28-1-110a འོང་བའི་འབྲས་བུ་ཡང་ག་ལ་ཡོད། དགྲ་བཅོམ་པ་ཉིད་ཀྱང་ག་ལ་ཡོད། རང་བྱང་ཆུབ་ཀྱང་ག་ལ་ཡོད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ག་ལ་ཡོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ག་ལ་ཡོད། བག་ ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་ག་ལ་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་དགུ་པའོ།། །། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དངོས་པོའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་ཡང་མ་མཆིས་པས། འཐོབ་པ་ལྟ་ག་ལ་མཆིས་ཏེ་མ་མཆིས། མངོན་པར་རྟོགས་པ་ལྟ་ཡང་ ག་ལ་མཆིས་ཏེ། མ་མཆིས་ན་ཇི་ལགས། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་འམ། དཀར་པོ་རྣམ་པར་མཐོང་བའི་ས་འམ། རིགས་ཀྱི་ས་འམ། བརྒྱད་པའི་ས་འམ། མཐོང་བའི་ས་འམ། བསྲབས་པའི་ས་འམ། འདོད་ཆགས་དང་བྲལ་བའི་ས་འམ། བྱས་པ་རྟོགས་པའི་ས་འམ། རང་སངས་རྒྱས་ཀྱི་ས་འམ། བྱང་ཆུབ་སེམས་དཔའི་ས་འམ། སངས་རྒྱས་ཀྱི་ས་འམ། ལམ་བསྒོམ་པ་གང་ལ་བརྟེན་ཅིང་། ཉོན་ མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་པར་མྱི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མྱི་སྤོངས་པའི་སྒྲིབ་པ་ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ལྡན་པའི་ཉོན་མོངས་པ་དེ་དག་སྤོང་བར་འགྱུར་ བའི་ལམ་མཆིས་སམ། བཅོམ་ལྡན་འདས་གལ་ཏེ་ཆོས་སྐྱེ་བར་འགྱུར་བ་གང་ཡང་སྐྱེ་བ་མཆིས་ན་ཇི་ལྟར་ཆོས་དེ་དག་མ་སྐྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ 28-1-110b པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་མངོན་པར་རྟོགས་པའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་དཀར་ པོ་རྣམ་པར་མཐོང་བའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་རིགས་ཀྱི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་བརྒྱད་པའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་མཐོང་བའི་ས་མྱེད་དོ། །དངོས་པོ་མྱེད་པའི་ འདུ་ཤེས་ཅན་ལ་བསྲབས་པའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་འདོད་ཆགས་དང་བྲལ་བའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་བྱས་པ་རྟོགས་པའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་རང་ སངས་རྒྱས་ཀྱི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་བྱང་ཆུབ་སེམས་དཔའི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་སངས་རྒྱས་ཀྱི་ས་མྱེད་དོ། །དངོས་པོ་མྱེད་པའི་འདུ་ཤེས་ཅན་ལ་ལམ་བསྒོམ་པ་གང་ ལ་བརྟེན་ཅིང་ཉོན་མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའ་སྐྱོན་མྱེད་པར་ཆུད་པར་མྱི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མ་ཆུད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་མྱི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མྱི་སྤོང་བའི་སྒྲིབ་པ། ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ལྡན་ བའི་ཉོན་མོངས་པ་དེ་དག་སྤོང་བར་འགྱུར་བའི་ལམ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་ མཆིས་པར་འདུ་ཤེས་པ་དང་། དངོས་པོ་མ་མཆིས་པར་འདུ་ཤེས་པ་མཆིས་སམ། གཟུགས་སུ་འདུ་ཤེས་པ་དང་། ཚོར་བར་འདུ་ཤེས་པ་དང་། འདུ་ཤེས་སུ་འདུ་ཤེས་པ་དང་། འདུ་བྱེད་དུ་འདུ་ཤེས་པ་དང་། 28-1-111a རྣམ་པར་ཤེས་པར་འདུ་ཤེས་པ་དང་། མྱིག་དུ་འདུ་ཤེས་པ་དང་། རྣ་བར་འདུ་ཤེས་པ་དང་། སྣར་འདུ་ཤེས་པ་དང་། ལྕེར་འདུ་ཤེས་པ་དང་། ལུས་སུ་འདུ་ཤེས་པ་དང་། ཡིད་དུ་འདུ་ཤེས་པ་དང་། གཟུགས་སུ་འདུ་ཤེས་ པ་དང་། སྒྲར་འདུ་ཤེས་པ་དང་། དྲིར་འདུ་ཤེས་པ་དང་། རོར་འདུ་ཤེས་པ་དང་། རེག་དུ་འདུ་ཤེས་པ་དང་། ཆོས་སུ་འདུ་ཤེས་པ་དང་། མྱིག་གི་རྣམ་པར་ཤེས་པར་འདུ་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པར་འདུ་ཤེས་པ་ དང་། སྣའི་རྣམ་པར་ཤེས་པར་འདུ་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པར་འདུ་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པར་འདུ་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པར་འདུ་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པར་འདུ་ཤེས་ པ་དང་། རྣ་བའི་འདུས་ཏེ་རེག་པར་འདུ་ཤེས་པ་དང་། སྣའི་འདུས་ཏེ་རེག་པར་འདུ་ཤེས་པ་དང་། ལྕེའི་འདུས་ཏེ་རེག་པར་འདུ་ཤེས་པ་དང་། ལུས་ཀྱི་འདུས་ཏེ་རེག་པར་འདུ་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པར་འདུ་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བར་འདུ་ཤེས་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས་པ་དང་། སའི་ཁམས་སུ་འདུ་ཤེས་པ་དང་། ཆུའི་ཁམས་སུ་འདུ་ཤེས་ པ་དང་། མྱེའི་ཁམས་སུ་འདུ་ཤེས་པ་དང་། རླུང་གི་ཁམས་སུ་འདུ་ཤེས་པ་དང་། ནམ་མཁའི་ཁམས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པའི་ཁམས་སུ་འདུ་ཤེས་པ་དང་། འདོད་ཆགས་སུ་འདུ་ཤེས་པ་དང་། འདོད་ཆགས་ སྤང་བར་འདུ་ཤེས་པ་དང་། ཞེ་སྡང་དུ་འདུ་ཤེས་པ་དང་། ཞེ་སྡང་སྤང་བར་འདུ་ཤེས་པ་དང་། གཏི་མུག་དུ་འདུ་ཤེས་པ་དང་། གཏི་མུག་སྤང་བར་འདུ་ཤེས་པ་དང་། མ་རིག་པར་འདུ་ཤེས་པ་དང་། མ་རིག་པ་སྤང་བར་འདུ་ཤེས་པ་ 28-1-111b དང་། འདུ་བྱེད་དུ་འདུ་ཤེས་པ་དང་། འདུ་བྱེད་སྤང་བར་འདུ་ཤེས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྤང་བར་འདུ་ཤེས་པ་དང་། མྱིང་དང་གཟུགས་སུ་འདུ་ཤེས་པ་དང་། མྱིང་དང་གཟུགས་སྤང་བར་འདུ་ ཤེས་པ་དང་། སྐྱེ་མཆེད་དྲུག་དུ་འདུ་ཤེས་པ་དང་། སྐྱེ་མཆེད་དྲུག་སྤང་བར་འདུ་ཤེས་པ་དང་། རེག་པར་འདུ་ཤེས་པ་དང་། རེག་པ་སྤང་བར་འདུ་ཤེས་པ་དང་། ཚོར་བར་འདུ་ཤེས་པ་དང་། ཚོར་བར་སྤང་བར་འདུ་ཤེས་པ་དང་། སྲེད་ པར་འདུ་ཤེས་པ་དང་། སྲེད་པ་སྤང་བར་འདུ་ཤེས་པ་དང་། ལེན་པར་འདུ་ཤེས་པ་དང་། ལེན་པ་སྤང་བར་འདུ་ཤེས་པ་དང་། སྲིད་པར་འདུ་ཤེས་པ་དང་། སྲིད་པ་སྤང་བར་འདུ་ཤེས་པ་དང་། སྐྱེ་བར་འདུ་ཤེས་པ་དང་། སྐྱེ་བ་སྤང་ བར་འདུ་ཤེས་པ་དང་། རྒ་ཤིར་འདུ་ཤེས་པ་དང་། རྒ་ཤི་སྤང་བར་འདུ་ཤེས་པ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པར་འདུ་ཤེས་པ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་སྤང་བར་འདུ་ཤེས་པ་དང་། སྡུག་བསྔལ་དུ་འདུ་ཤེས་ པ་དང་། སྡུག་བསྔལ་ཀུན་ཤེས་པར་བྱ་བར་འདུ་ཤེས་པ་དང་། ཀུན་འབྱུང་བར་འདུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བར་འདུ་ཤེས་པ་དང་། འགོག་པར་འདུ་ཤེས་དང་། འགོག་པ་མངོན་ཏུ་བྱ་བར་འདུ་ཤེས་པ་དང་། ལམ་དུ་ འདུ་ཤེས་པ་དང་། ལམ་བསྒོམ་པར་འདུ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འདུ་ཤེས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་འདུ་ཤེས་པའི་བར་དུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ཡང་དངོས་པོ་ཡོད་པར་འདུ་ཤེས་ པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་མྱེད་དོ། །གང་ལ་དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མྱེད་པར་འདུ་ཤེས་པ་དེ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཐུན་པའི་བཟོད་པའོ། །གང་ལ་ 28-1-112a དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མྱེད་པར་འདུ་ཤེས་པ་མྱེད་པ་དེ་ཉིད་ནི་ལམ་སྒོམ་པའོ། །གང་ལ་དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མྱེད་པར་འདུ་ཤེས་པ་མྱེད་པ་དེ་ཉིད་ནི་འབྲས་བུའོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ནི་དངོས་པོ་མྱེད་པ་སྟེ། མངོན་པར་རྟོགས་པ་ཡང་དངོས་པོ་མྱེད་པའོ། །རབ་འབྱོར་དེ་ལྟར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་ པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པས། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་ པར་སངས་རྒྱས་པར་གྱུར་ཏེ། དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཡུལ་ལ། མངའ་བརྙེས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདོད་པས་དབེན་པ་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་ གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་ པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ཞིང་འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་ 28-1-112b བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། སྔ་མའི་ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ། བཏང་ སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཤིང་གནས་པར་གྱུར་ཏེ། འོན་ཀྱང་ངས་བསམ་གཏན་དེ་དག་དང་། བསམ་གཏན་གྱི་ཡན་ལག་དེ་དག་གི་མཚན་མ་གཟུང་སྟེ། བསམ་ གཏན་དེ་དག་གིས་བསྙེམས་པར་མ་གྱུར། བསམ་གཏན་གྱི་རོ་མྱོང་བར་མ་གྱུར། བསམ་གཏན་དུ་དམྱིགས་པར་མ་གྱུར་ཏེ། དེ་ལྟར་ན་ངས་བསམ་གཏན་དེ་དག་རྣམ་པ་ཡོངས་སུ་དག་པ་ལ་མཉམ་པར་བཞག་གོ། ། དེ་ལྟར་ན་ངས་བསམ་གཏན་དེ་དག་རྣམ་པར་སྨྱིན་པར་བྱས་ནས། ཤེས་པ་རྣམ་པ་ཐ་དད་པ་མངོན་ཏུ་བྱ་བའི་ཕྱིར་སེམས་གཞོལ་བར་བྱ། ལྷའི་རྣ་བའི་ཤེས་པ་མངོན་ཏུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། ཕ་རོལ་ གྱི་སེམས་ཤེས་པ་མངོན་ཏུ་བྱ་བའི་ཕྱིར་སེམས་གཞོལ་བར་བྱ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་ཏུ་བྱ་བའི་ཕྱིར་སེམས་གཞོལ་བར་བྱ། ལྷའི་མྱིག་གི་ཤེས་པ་མངོན་ཏུ་བྱ་བའི་ཕྱིར། སེམས་གཞོལ་ བར་བྱ། འོན་ཀྱང་ངས་མངོན་པར་ཤེས་པ་མངོན་ཏུ་བྱ་བ་དེ་དག་ལ་མཚན་མར་བཟུང་སྟེ། མངོན་པར་ཤེས་པ་དེ་དག་གིས་ཤེས་པར་མ་གྱུར། རོ་མྱོང་བར་མ་གྱུར། དམྱིགས་པར་མ་གྱུར་ཏེ། མངོན་པར་ཤེས་པ་ ལྔ་པོ་དེ་དག་ནམ་མཁའ་ལྟ་བུར་ཡང་དག་པར་རྗེས་སུ་དྲན་པས་མཉམ་པར་གཞག་པ་སྟེ། དེ་ལྟར་ངས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ནས། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་མོ། །ཞེས་བྱ་བར་ 28-1-113a ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་གྱུར་ཏེ། དེ་ལྟ་རང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་གྱུར། མྱི་འཇིགས་པ་བཞི་དང་ལྡན་པར་གྱུར། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་ པར་གྱུར། བྱམས་པ་ཆེན་པོ་དང་ལྡན་པར་གྱུར། སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ལྡན་པར་གྱུར་ནས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་ བསྟན་པར་གྱུར་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བསམ་གཏན་ བཞི་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་མངོན་པར་ཤེས་པ་དྲུག་མངོན་པར་མཁྱེན་པ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པའི་སྟོབས་ བཅུ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་མྱི་འཇིགས་པ་བཞི་བསྐྱེད་པ་འགྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བྱམས་པ་ཆེན་པོ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྐྱེད་པར་གྱུར། སེམས་ཅན་རྣམས་ཀྱང་སེམས་ཅན་མ་མཆིས་པར་ཇི་ལྟར་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་གལ་ཏེ་འདོད་པ་རྣམས་དང་སྡིག་ཏོ་མྱི་དགེ་བའི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པ་འམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ངས་སྔོན་བྱང་ཆུབ་སེམས་ 28-1-113b དཔའི་སྤྱད་པ་སྤྱོད་པའི་ཚེ། འདོད་པ་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། སྡིག་ཏོ་མྱི་དགེ་བའི་ཆོས་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རིག་ནས། བསམ་གཏན་བཞི་ཉེ་བར་བསྒྲུབས་ཏེ་གནས་པར་ཡང་མྱི་ འགྱུར་ཏེ། རབ་འབྱོར་འདི་འདོད་པ་རྣམས་དང་། སྡིག་ཏོ་མྱི་དགེ་བའི་ཆོས་རྣམས་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་མྱེད་པ་གཞན་གྱི་དངོས་པོ་མྱེད་པ་སྟེ། གཞན་དུ་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་པས། རབ་འབྱོར་དེའི་ ཕྱིར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་ གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ། གནས་པར་གྱུར་ཏོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ་ཏིང་འཛིན་ལས་ སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པར་གྱུར་ཏོ། །དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་ བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པར་ གྱུར་ཏོ། །བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ་བཏང་བསྙོམས་དང་དྲན་པས། ཡོངས་སུ་དག་ པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པར་གྱུར་ཏོ། །རབ་འབྱོར་གལ་ཏེ་མངོན་པར་ཤེས་པ་རྣམས་ལ་དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པ་འམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ 28-1-114a ངས་ཀྱང་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རིག་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མྱི་འགྱུར་ཏེ། རབ་འབྱོར་འདི་ལྟར་ མངོན་པར་ཤེས་པ་རྣམས་ལ་དངོས་པོ་མྱེད་དེ། ངོ་བོ་ཉིད་མྱེད་པ་གཞན་གྱི་དངོས་པོ་མྱེད་པ་སྟེ། གཞན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་ཀྱིས་ གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས། བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་དུ་བགྱི་བ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་ཀྱིས་སྤྱོད་ པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་དུ་བགྱི་བ་མཆིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཐོག་མར་ སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་པའི་དགྲ་བཅོམ་པ་དག་དང་། ཕྱིར་མྱི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་ 28-1-114b དང་། རྒྱུན་ཏུ་ཞུགས་པ་དག་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། རང་སངས་རྒྱས་རྣམས་ དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། དགྲ་བཅོམ་པ་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། ཕྱིར་མྱི་འོང་བ་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། ལན་ཅིག་ཕྱིར་འོང་བ་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། རྒྱུན་ཏུ་ཞུགས་པ་ རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། འཕགས་པ་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། འདུ་བྱེད་རྣམས་ཀྱི་ངོ་བོ་ཉིད་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་གནས་ཙམ་ཡང་མྱེད་དོ། །ཞེས་བྱ་བར་ཐོས་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཇི་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད། རང་སངས་རྒྱས་རྣམས་ཀྱང་ དངོས་པོ་མྱེད་པའི་ངོ་བོ་ཉིད། དགྲ་བཅོམ་པ་རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད། ཕྱིར་མྱི་འོང་བ་རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད། ལན་ཅིག་ཕྱིར་འོང་བ་རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད། རྒྱུན་ཏུ་ཞུགས་པ་ རྣམས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། གལ་ཏེ་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང་། གལ་ཏེ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་རུང་སྟེ། ཆོས་ ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་གྱིས། ཅི་ནས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་དངོས་པོའི་འདུ་ཤེས་ལ་སྤྱོད་པ་ཐམས་ཅད་དངོས་པོ་མྱེད་ པ་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ 28-1-115a པར་འཇུག་སྟེ། མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་ཏུ་བྱ་བ་གང་ལ་བསླབས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་མཐར་ཀྱིས་སྤྱོད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་ཏུ་རྩོམ་མོ། །དེ་ཐོག་མར་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཕ་རོལ་ཀྱང་སྦྱིན་པ་ལ་རབ་ཏུ་གཞོག་གོ། །སྦྱིན་པའི་ལེགས་པ་རྗོད་དོ། །སེམས་ ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པ་དེས་སྐྱིད་པ་ཆེན་པོའི་ཚོགས་ཐོབ་པར་འགྱུར་ཏེ། སྐྱོན་དང་། སེར་སྣ་མྱེད་པའི་སེམས་ཀྱིས་སྦྱིན་ པ་སྦྱིན་པར་བྱ་བ་དང་། སྦྱིན་པ་ཡོངས་སུ་གཏོང་བར་བྱེད་དེ། ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། སྤོས་འདོད་པ་ལ་ནི་སྤོས། ཕྲེང་བ་འདོད་ པ་ལ་ནི་ཕྲེང་བ། བྱུག་པ་འདོད་པ་ལ་ནི་བྱུག་པ། མལ་ཅ་འདོད་པ་ལ་ནི་མལ་ཆ། གནས་འདོད་པ་ལ་ནི་གནས། མར་མྱེ་འདོད་པ་ལ་ནི་མར་མྱེ། ནོར་བུ་དང་མུ་ཏིག་དང་། བེ་དུརྱ་དང་། དུང་དང་མན་ཤེལ་དང་། བྱི་རུ་དང་ གསེར་དང་། དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་མུ་ཏིག་དང་། བེ་དུརྱ་དང་། དུང་དང་མན་ཤེལ་དང་། བྱི་རུ་དང་། གསེར་དང་དངུལ་ཡོངས་སུ་གཏོང་བ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཀྱང་། དེ་དག་ལ་ 28-1-115b གཏོང་བའི་བར་དུ་སྟེ། དེ་སྦྱིན་པ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །ལྷའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །མྱིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་ཚུལ་ཁྲིམས་དེ་ཉིད་ཀྱིས། ཏིང་ངེ་འཛིན་ཀྱི་ ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དེ་ཉིད་ཀྱིས། ཤེས་རབ་ཀྱི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དེ་ཉིད་ཀྱིས། རྣམ་པར་གྲོལ་བའི་ ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དེ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེ་ཉིད་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། སྦྱིན་པས་མཐར་ཀྱིས་སྤྱོད་པར་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་ 28-1-116a པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་། འཐུན་པས་དགའ་བར་སྤྱོད་དོ། །དེ་ཚུལ་ ཁྲིམས་དེས་ལྷའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །མྱིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་ནོར་མྱེད་པའི་སེམས་ཅན་རྣམས་ལ་ནོར་བྱིན་ཞིང་། ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་ བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ 28-1-116b བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ ཡང་ལེགས་པ་རྗོད་ཅིང་། འཐུན་པས་དགའ་བར་སྤྱོད་དོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་ རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་ ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་ཏུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ 28-1-117a དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །གཞན་གང་བརྩོན་ འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་། འཐུན་པས་དགའ་བར་སྤྱོད་དོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་ པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་ པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ 28-1-117b ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་ གཞོག་གོ། །གཞན་ཡང་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ ཀྱི་ལེགས་པ་རྗོད་དོ། །གཞན་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་ཚད་མྱེད་པ་དང་། བསམ་གཏན་དང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དག་ལ་གནས་ཤིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་ སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་འཁོར་བ་ལས་ 28-1-118a ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒྲུབ་པོ། བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་གཞོག་གོ། །ཤེས་རབ་སྒོམ་མོ། ། གཞན་ཡང་སྦྱིན་པ་ལ་རབ་ཏུ་གཞོག་གོ། །ཚུལ་ཁྲིམས་ལ་རབ་ཏུ་གཞོག་གོ། །བཟོད་པ་ལ་རབ་ཏུ་གཞོག་གོ། །བརྩོན་འགྲུས་ལ་རབ་ཏུ་གཞོག་གོ། །ཏིང་ངེ་འཛིན་ལ་རབ་ཏུ་གཞོག་གོ། །ཤེས་རབ་ལ་རབ་ཏུ་གཞོག་གོ། ། སྦྱིན་པའི་ལེགས་པ་རྗོད་དོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་དོ། །བཟོད་པའི་ལེགས་པ་རྗོད་དོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །བསམ་གཏན་གྱི་ལེགས་པ་རྗོད་དོ། །ཤེས་རབ་ཀྱི་ལེགས་པ་རྗོད་དོ། །གང་གཞན་སྦྱིན་ པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་ དགའ་བར་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། 28-1-118b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་ཐབས་མཁས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་ རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་ རབ་ཀྱིས་མཐར་ཀྱིས་སྤྱོད་པ་རྩོམ་སྟེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་ པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པ་ལ་སློབ་སྟེ། དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་དེ། དེ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །ཆོས་རྗེས་སུ་དྲན་པ་སྒོམ་མོ། ། དགེ་འདུན་རྗེས་སུ་དྲན་པ་སྒོམ་མོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་མོ། །གཏོང་བ་རྗེས་སུ་དྲན་པ་སྒོམ་མོ། །ལྷ་རྗེས་སུ་དྲན་པ་སྒོམ་མོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་ རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་སུ་ཡིད་ལ་མྱི་བྱེད། 28-1-119a ཚོར་བར་ཡིད་ལ་མྱི་བྱེད། འདུ་ཤེས་སུ་ཡིད་ལ་མྱི་བྱེད། འདུ་བྱེད་དུ་ཡིད་ལ་མྱི་བྱེད། རྣམ་པར་ཤེས་པར་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་ པ་དེ་ནི། དངོས་པོ་མྱེད་པའོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་པའོ། །འདུ་ཤེས་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་པའོ། །འདུ་བྱེད་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ ཅིང་ཡིད་ལ་བྱ་བ་མྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡིད་ལ་མྱི་བྱེད། སྐུ་གསེར་གྱི་ཁ་དོག་གིས་ཡིད་ལ་མྱིད་བྱེད། འོད་འདོམ་གང་བས་ཡིད་ལ་མྱི་བྱེད། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡིད་ ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །སྐུ་གསེར་གྱི་ཁ་དོག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་ མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །འོད་འདོམ་གང་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། ། དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ 28-1-119b སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་ཀྱི་ཕུང་པོར་ཡིད་ལ་མྱི་བྱེད། ཏིང་ངེ་འཛིན་ཀྱི་ཕུང་པོར་ཡིད་ལ་མྱི་བྱེད། ཤེས་རབ་ཀྱི་ཕུང་ པོར་ཡིད་ལ་མྱི་བྱེད། རྣམ་པར་གྲོལ་བའི་ཕུང་པོར་ཡིད་ལ་མྱི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པར་ཡིད་ལ་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་ཀྱི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །ཤེས་རབ་ཀྱི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །རྣམ་པར་ གྲོལ་བའི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་ པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་ སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྟོབས་བཅུས་ཡིད་ལ་མྱི་བྱེད། མྱི་འཇིགས་པ་བཞིས་ཡིད་ལ་མྱི་བྱེད། སོ་སོ་ཡང་དག་པར་རིག་པ་ བཞིས་ཡིད་ལ་མྱི་བྱེད། བྱམས་པ་ཆེན་པོས་ཡིད་ལ་མྱི་བྱེད། སྙིང་རྗེ་ཆེན་པོས་ཡིད་ལ་མྱི་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡིད་ལ་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ བཅུ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །མྱི་འཇིགས་པ་བཞི་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ངོ་བོ་ཉིད་ 28-1-120a མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །བྱམས་པ་ཆེན་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་ པ་དེ་དག་ནི་དངོས་པོ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟེན་ཅིང་འབྲེལ་བར་འབྱུང་བར་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་ པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ལྟར་ན་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ འཇུག་པའི་ལམ་ཡོད་པ་ཡིན་ཏེ། དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ 28-1-120b ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་ པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ 28-1-121a ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོངས་པ་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་ 28-1-121b པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་ བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་ པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་ 28-1-122a རྫོགས་པར་འཚང་རྒྱ་བར་འགྱུར་སྟེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་གཏོགས་པར་བྱས་ནས། ཆོས་རྗེས་སུ་དྲན་པ་སྒོམ་ ན། དགེ་བའི་ཆོས་ཡིད་ལ་མྱི་བྱེད། མྱི་དགེ་བའི་ཆོས་ཡིད་ལ་མྱི་བྱེད། འཇིག་རྟེན་པའི་ཆོས་ཡིད་ལ་མྱི་བྱེད། འཇིག་རྟེན་ལས་འདས་པའི་ཆོས་ཡིད་ལ་མྱི་བྱེད། ཟང་ཟིང་དང་བཅས་པའི་ཆོས་ཡིད་ལ་མྱི་བྱེད། ཟང་ ཟིང་མྱེད་པའི་ཆོས་ཡིད་ལ་མྱི་བྱེད། འཕགས་པའི་ཆོས་ཡིད་ལ་མྱི་བྱེད། འཕགས་པའི་མ་ཡིན་པའི་ཆོས་ཡིད་ལ་མྱི་བྱེད། ཟག་པ་དང་བཅས་པའི་ཆོས་ཡིད་ལ་མྱི་བྱེད། ཟག་པ་མྱེད་པའི་ཆོས་ཡིད་ལ་མྱི་བྱེད། འདོད་ པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མྱི་བྱེད། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མྱི་བྱེད། གཟུགས་མྱེད་པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མྱི་བྱེད། འདུས་བྱས་ཀྱི་ཆོས་ཡིད་ལ་ མྱི་བྱེད། འདུས་མ་བྱས་ཀྱི་ཆོས་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། ཆོས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། 28-1-122b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ ལམ་ཡོད་པ་ཡིན་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ 28-1-123a ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་ པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་ བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ 28-1-123b ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པའི་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་ རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་ རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་ 28-1-124a རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས། དགེ་འདུན་རྗེས་སུ་དྲན་པ་སྒོམ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ ཀྱི་དགེ་འདུན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡིད་ ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པ་ལ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་ 28-1-124b མྱེད་པ་ནི། དགེ་འདུན་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་ བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་མཐར་ཀྱིས་སྤྱོད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ 28-1-125a གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་ པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། 28-1-125b འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་ འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་ པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ 28-1-126a ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས། ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་ཞིང་། མ་རལ་བ་མ་ཞིག་པ་མ་ འདྲེས་པ། སྐྱོན་མྱེད་པ། མ་ཉམས་པ་མཐུ་དང་ལྡན་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། ཏིང་ངེ་འཛིན་ཡོངས་སུ་སྒྲུབ་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ། དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་། ཡིད་ལ་བྱ་བ་མྱེད་པ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ 28-1-126b ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་བསློབ་པའི་ལམ་ཡོད་པ་ཡིན་ ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་ 28-1-127a བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། 28-1-127b བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་ 28-1-128a མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་ པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཏོང་བ་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས། གཏོང་བ་རྗེས་སུ་དྲན་པ་སྒོམ་ཞིང་། གང་ཟང་ཟིང་གཏོང་བ་དང་། ཆོས་གཏོང་ བ་ཡིད་ལ་མྱི་བྱེད་དེ། དེ་ཡན་ལག་དང་། ཉིང་ལག་ཀྱང་ཡོངས་སུ་གཏོང་ན། དངོས་པོ་གཞན་ལྟ་ཅི་ཞིག་སྨོས། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་། འདི་ལྟར་བདག་ནི་སྦྱིན་པ་ཡོངས་སུ་གཏོང་བའོ། །དངོས་པོ་འདི་གཏང་ བའོ། །འདི་ལ་གཏང་བར་བྱའོ་སྙམ་དུ་མྱི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་ མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། གཏོང་བ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ 28-1-128b ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མཐར་ཀྱིས་ སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་ པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། 28-1-129a འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ 28-1-129b ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་ པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་ འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། 28-1-130a དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་ བོ་ཉིད་དུ་རྟོགས་པར་བྱས་ནས། ལྷ་རྗེས་སུ་དྲན་པ་སྒོམ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་དང་། མཚེ་མའི་ལྷར་སྐྱེས་པ་དང་། དགའ་ལྡན་གྱི་ལྷར་སྐྱེས་པ་དང་། འཕྲུལ་ དགའི་ལྷར་སྐྱེས་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པ་དག་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མྱེད་པ་ན་སྤྱོད་པའི་ཕྱིར་མྱི་འོང་བ་དེ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། ། 28-1-130b དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི། དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་ པ་མྱེད་ཅིང་། ཡིད་ལ་བྱ་བ་མྱེད་པ་ནི། ལྷ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པས། ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་ འཇུག་པའི་ལམ་ཡོད་པ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ 28-1-131a ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་ བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་ 28-1-131b སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་ པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་ 28-1-132a སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་ བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་ བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་ པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེམས་དང་པོ་སྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་ པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། 28-1-132b ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་ བྱས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསླབ་ པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་ 28-1-133a པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ གྱིས། ལམ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ལ་བསླབ་པར་བྱའོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། རྣམ་པར་ཐར་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ 28-1-133b བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ལ་བསླབ་པར་བྱའོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་སློབ་པའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ 28-1-134a ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་ སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་ གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་ བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་ 28-1-134b སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། ། 28-1-135a དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། ། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་ མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྫེ་ཆེན་པོ་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་ སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་མྱེད་པ་ཡང་མྱེད་ན། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ 28-1-135b ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་ རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་ འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་ སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་ འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་ སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ 28-1-136a དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་ སམ། བསམ་གཏན་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པ་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དམ། མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་ པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པར་འགྱུར་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་ནི་གཟུགས་ཀྱང་མ་མཆིས། ཚོར་བ་ཡང་མ་མཆིས། འདུ་ ཤེས་ཀྱང་མ་མཆིས། འདུ་བྱེད་ཀྱང་མ་མཆིས། རྣམ་པར་ཤེས་པ་ཡང་མ་མཆིས། ཁམས་རྣམས་ཀྱང་མ་མཆིས། སྐྱེ་མཆེད་རྣམས་ཀྱང་མ་མཆིས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་མཆིས། རྟེན་ཅིང་ 28-1-136b འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཀྱང་མ་མཆིས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་མ་མཆིས། སྟོང་པ་ཉིད་ཐམས་ཅད་ཀྱང་མ་མཆིས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མ་མཆིས། ཡང་དག་པར་སྤོང་བ་རྣམས་ ཀྱང་མ་མཆིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མ་མཆིས། དབང་པོ་རྣམས་ཀྱང་མ་མཆིས། སྟོབས་རྣམས་ཀྱང་མ་མཆིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མ་མཆིས། ལམ་ཡང་མ་མཆིས། འཕགས་པའི་བདེན་པ་ རྣམས་ཀྱང་མ་མཆིས། བསམ་གཏན་རྣམས་ཀྱང་མ་མཆིས། ཚད་མྱེད་པ་རྣམས་ཀྱང་མ་མཆིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མ་མཆིས། རྣམ་པར་ཐར་པ་རྣམས་ཀྱང་མ་མཆིས། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མ་མཆིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་མ་མཆིས། མངོན་པར་ཤེས་པ་རྣམས་ཀྱང་མ་མཆིས། ཏིང་ངེ་འཛིན་རྣམས་ ཀྱང་མ་མཆིས། གཟུངས་ཀྱི་སྒོ་རྣམས་ཀྱང་མ་མཆིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མ་མཆིས། མྱི་འཇིགས་པ་རྣམས་ཀྱང་མ་མཆིས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མ་མཆིས། བྱམས་པ་ཆེན་པོ་ཡང་ མ་མཆིས། སྙིང་རྗེ་ཆེན་པོ་ཡང་མ་མཆིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མ་མཆིས། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མ་མཆིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མ་མཆིས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མ་མཆིས། སངས་རྒྱས་ཀྱང་མ་མཆིས། ཆོས་ཀྱང་མ་མཆིས། དགེ་འདུན་ཡང་མ་མཆིས། ལམ་ཡང་མ་མཆིས། འབྲས་བུ་ཡང་མ་མཆིས། ཉོན་མོངས་པ་ཡང་མ་མཆིས། རྣམ་པར་ བྱང་བ་ཡང་མ་མཆིས། འཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས། ཆོས་ཐམས་ཅད་ཀྱང་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། 28-1-137a ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་ཡོད་པ་འམ། མྱེད་པ་ཉིད་དམྱིགས་སུ་ཡོད་སྙམ་འམ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ ངོ་བོ་ཉིད་ལ་མཆིས་པ་འམ། མ་མཆིས་པ་མྱི་དམྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར། ཁྱོད་དེ་ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། གཟུགས་ ཀྱང་མྱེད། ཚོར་བ་ཡང་མྱེད། འདུ་ཤེས་ཀྱང་མྱེད། འདུ་བྱེད་ཀྱང་མྱེད། རྣམ་པར་ཤེས་པ་ཡང་མྱེད། མྱིག་ཀྱང་མྱེད། རྣ་བ་ཡང་མྱེད། སྣ་ཡང་མྱེད། ལྕེ་ཡང་མྱེད། ལུས་ཀྱང་མྱེད། ཡིད་ཀྱང་མྱེད། གཟུགས་ཀྱང་མྱེད། སྒྲ་ཡང་མྱེད། དྲི་ཡང་མྱེད། རོ་ཡང་མྱེད། རེག་ཀྱང་མྱེད། ཆོས་ཀྱང་མྱེད། མྱིག་གི་རྣམ་པར་ཤེས་པ་ཡང་མྱེད། རྣ་བའི་རྣམ་པར་ཤེས་པ་ཡང་མྱེད། སྣའི་རྣམ་པར་ཤེས་པ་ཡང་མྱེད། ལྕེའི་རྣམ་པར་ཤེས་པ་ཡང་མྱེད། ལུས་ཀྱི་རྣམ་པར་ཤེས་པ་ ཡང་མྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པ་ཡང་མྱེད། རྣ་བའི་འདུས་ཏེ་རེག་པ་ཡང་མྱེད། སྣའི་འདུས་ཏེ་རེག་པ་ཡང་མྱེད། ལྕེའི་འདུས་ཏེ་རེག་པ་ཡང་མྱེད། ལུས་ཀྱི་འདུས་ཏེ་རེག་པ་ཡང་མྱེད། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ཡང་མྱེད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། སའི་ཁམས་ཀྱང་མྱེད། ཆུའི་ཁམས་ཀྱང་མྱེད། མྱེའི་ཁམས་ཀྱང་མྱེད། རླུང་གི་ཁམས་ཀྱང་ མྱེད། ནམ་མཁའི་ཁམས་ཀྱང་མྱེད། རྣམ་པར་ཤེས་པའི་ཁམས་ཀྱང་མྱེད། མ་རིག་པ་ཡང་མྱེད། འདུ་བྱེད་ཀྱང་མྱེད། རྣམ་པར་ཤེས་པ་ཡང་མྱེད། མྱིང་དང་གཟུགས་ཀྱང་མྱེད། སྐྱེ་མཆེད་དྲུག་ཀྱང་མྱེད། རེག་པ་ཡང་ 28-1-137b མྱེད། ཚོར་བ་ཡང་མྱེད། སྲེད་པ་ཡང་མྱེད། ལེན་པ་ཡང་མྱེད། སྲིད་པ་ཡང་མྱེད། སྐྱེ་བ་ཡང་མྱེད། རྒ་ཤི་ཡང་མྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ཡང་མྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ནང་སྟོང་པ་ཉིད་ཀྱང་མྱེད། ཕྱི་སྟོང་པ་ཉིད་ཀྱང་མྱེད། ཕྱི་ནང་སྟོང་པ་ཉིད་ ཀྱང་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱེད། ཆེན་པོ་སྟོང་པ་ཉིད་ཀྱང་མྱེད། དོན་དམ་པ་སྟོང་པ་ཉིད་ཀྱང་མྱེད། འདུས་བྱས་སྟོང་པ་ཉིད་ཀྱང་མྱེད། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། རང་བཞིན་སྟོང་པ་ཉིད་ཀྱང་མྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱེད། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱེད། མྱི་དམྱིགས་པ་སྟོང་པ་ཉིད་ ཀྱང་མྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མྱེད། ཡང་དག་པར་སྤོང་བ་རྣམས་ཀྱང་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ ཀྱང་མྱེད། དབང་པོ་རྣམས་ཀྱང་མྱེད། སྟོབས་རྣམས་ཀྱང་མྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་མྱེད། འཕགས་པའི་བདེན་པ་རྣམས་ཀྱང་མྱེད། བསམ་གཏན་རྣམས་ཀྱང་མྱེད། ཚད་མྱེད་ པ་རྣམས་ཀྱང་མྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱེད། རྣམ་པར་ཐར་པ་རྣམས་ཀྱང་མྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་མྱེད། མངོན་པར་ཤེས་པ་རྣམས་ཀྱང་མྱེད། ཏིང་ངེ་འཛིན་རྣམས་ཀྱང་མྱེད། གཟུངས་ཀྱི་སྒོ་རྣམས་ཀྱང་མྱེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མྱེད། མྱི་འཇིགས་པ་ 28-1-138a རྣམས་ཀྱང་མྱེད། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མྱེད། བྱམས་པ་ཆེན་པོ་ཡང་མྱེད། སྙིང་རྗེ་ཆེན་པོ་ཡང་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མྱེད། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མྱེད། སངས་རྒྱས་ཀྱང་མྱེད། ཆོས་ཀྱང་མྱེད། དགེ་འདུན་ཡང་མྱེད། ལམ་ཡང་མྱེད། འབྲས་བུ་ཡང་མྱེད། ཉོན་མོངས་པ་ཡང་མྱེད། རྣམ་པར་བྱང་བ་ཡང་མྱེད། འཐོབ་པ་ཡང་མྱེད། མངོན་པར་རྟོགས་པ་ཡང་མྱེད། ཆོས་ཐམས་ཅད་ཀྱང་མྱེད་དོ་ཞེས་བྱ་བར་སེམས་དཔར་གྱུར། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ནེམ་ནུར་ཡང་མ་ མཆིས། ཐེ་ཙོམ་ཡང་མ་མཆིས་ཏེ། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པ་འམ། སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་ དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་དངོས་པོ་མྱེད་པ་ལ་སུ་ཞིག་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་ཞེས་མཆི་ཞིང་། དེ་དག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་འཚལ་ པས། ཚུལ་ཁྲིམས་ལོག་པར་འགྱུར། ལྟ་བ་ལོག་པར་འགྱུར། སྤྱོད་པ་ལོག་པར་འགྱུར། འཚོ་བ་ལོག་པར་འགྱུར་ཏེ། ཚུལ་ཁྲིམས་ལོག་པར་གྱུར་པ་དང་། ལྟ་བ་ལོག་པར་གྱུར་པ་དང་། སྤྱོད་པ་ལོག་པར་གྱུར་པ་དང་། འཚོ་བ་ལོག་ པར་གྱུར་པ་དེ་དག་སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་གསུམ་ལས་གཅིག་ཏུ་མཆི་བར་འགྱུར་ཏེ། བཅོམ་ལྡན་འདས་བདག་གིས་མ་བྱུང་བའི་འཇིགས་པ་དེ་མཐོང་ ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུས་པ་ལགས་ཀྱི། བཅོམ་ལྡན་འདས་བདག་ནི་ཆོས་འདི་ལ་ནེམ་ནུར་དང་། ཐེ་ཙོམ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ 28-1-138b སྩལ་པ། རབ་འབྱོར་དེ་ལེགས་སོ། །ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་བཅུའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ། བམ་པོ་བརྒྱད་པ། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། དོན་ཅི་ཞིག་མཐོང་ ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མྱེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཆོས་ཐམས་ ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམྱིགས་པ་ནི་རྒྱ་ཆུང་བ་སྟེ། དམྱིགས་པའི་ འདུ་ཤེས་ཅན་ལ་ཐོབ་པ་མྱེད་དོ། །མངོན་པར་རྟོགས་པ་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དམྱིགས་པ་མ་མཆིས་པ་ལ་འཐོབ་པ་འམ། མངོན་པར་རྟོགས་པ་ འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུག་པ་མྱེད་པའི་ཕྱིར། མྱི་དམྱིགས་པ་ཉིད་ཐོབ་པའོ། །མྱི་ དམྱིགས་པ་ཉིད་མངོན་པར་རྟོགས་པའོ། །མྱི་དམྱིགས་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གང་མྱི་དམྱིགས་པ་ལ་འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་ལ་རྣམ་པར་དཀྲུག་པར་འདོད་དུ་ཟད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམྱིགས་པ་མ་མཆིས་པ་ལ་ཡང་འཐོབ་པ་མ་མཆིས། 28-1-139a མངོན་པར་རྟོགས་པ་མ་མཆིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་ལ། མྱི་དམྱིགས་པ་ཉིད་མངོན་པར་རྟོགས་པ། མྱི་དམྱིགས་པ་ཉིད་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ཡང་ག་ལ་མཆིས། ས་གཉིས་པ་ཡང་ག་ལ་མཆིས། ས་གསུམ་པ་ཡང་ག་ལ་མཆིས། ས་བཞི་པ་ཡང་ ག་ལ་མཆིས། ས་ལྔ་པ་ཡང་ག་ལ་མཆིས། ས་དྲུག་པ་ཡང་ག་ལ་མཆིས། ས་བདུན་པ་ཡང་ག་ལ་མཆིས། ས་བརྒྱད་པ་ཡང་ག་ལ་མཆིས། ས་དགུ་པ་ཡང་ག་ལ་མཆིས། ས་བཅུ་ཡང་ག་ལ་མཆིས། མྱི་སྐྱེ་བའི་ཆོས་ལ་ བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་སྦྱིན་པ་ཡང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་ཚུལ་ཁྲིམས་ཀྱང་ག་ལ་མཆིས། རྣམ་ པར་སྨྱིན་པ་ལས་བྱུང་བའི་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་བརྩོན་འགྲུས་ཀྱང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་བསམ་གཏན་ཡང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་ཤེས་ རབ་ཀྱང་ག་ལ་མཆིས། རྣམ་པར་སྨྱིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་ག་ལ་མཆིས་ཏེ། རྣམ་པར་སྨྱིན་པ་ལས་བྱུང་བའི་ཆོས་དེ་དག་ལ་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་ བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་ཟས་དང་། བཏུང་བ་དང་། ནམ་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་བྱད་དང་། མེ་ཏོག་དང་། གདུག་སྤོས་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མྱེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་ 28-1-139b གང་ཡང་རུང་བ་དག་གིས་རིམ་གྲོར་བགྱིད་ཅིང་། དེ་ལ་དེ་དག་རྒྱུན་མྱི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་སྐུ་གདུང་དང་། ཉན་ཐོས་དག་ལ་རྣམ་པར་སྨྱིན་པར་གྱུར་ཀྱང་བས་པར་མྱི་འགྱུར་ན། བཅོམ་ལྡན་ འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར། མྱི་དམྱིགས་པ་དེ་ཉིད་ ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མྱི་བྱེད་དེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོའོ། །དེ་ཉིད་ཀྱི་ཕྱིར་ས་གཉིས་ པའོ། །དེ་ཉིད་ཀྱི་ཕྱིར་ས་གསུམ་པའོ། །དེ་ཉིད་ཀྱི་ཕྱིར་ས་བཞི་པའོ། །དེ་ཉིད་ཀྱི་ཕྱིར་ས་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་ས་དྲུག་པའོ། །དེ་ཉིད་ཀྱི་ཕྱིར་ས་བདུན་པའོ། །དེ་ཉིད་ཀྱི་ཕྱིར་ས་བརྒྱད་པའོ། །དེ་ཉིད་ཀྱི་ཕྱིར་ས་དགུ་པའོ། །དེ་ཉིད་ ཀྱི་ཕྱིར་ས་བཅུ་པའོ། །དེ་ཉིད་ཀྱི་ཕྱིར་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་སྦྱིན་པའོ། །དེ་ཉིད་ཀྱི་ཕྱིར་ རྣམ་པར་སྨྱིན་པ་ལས་བྱུང་བའི་ཚུལ་ཁྲིམས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་བརྩོན་འགྲུས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་ པ་ལས་བྱུང་བའི་བསམ་གཏན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་ཤེས་རབ་བོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨྱིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ རྣམ་པར་སྨྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཏེ། དགེ་བའི་རྩ་བ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ 28-1-140a ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་བྱད་དང་། མེ་ཏོག་དང་། གདུག་སྤོས་དང་། སྤོས་དང་། ཕྲེང་ བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མྱར་མྱེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་དག་གིས། རིམ་གྲོ་བྱེད་ཅིང་དེ་ལ་དེ་དག་རྒྱུན་མྱི་འཆད་ པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་། ཉན་ཐོས་དག་ལ་རྣམ་པར་སྨྱིན་པར་གྱུར་ཀྱང་ཟད་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་ལ་བྱེ་བྲག་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་ལ་ཐ་དད་དུ་བགྱི་བ་གང་ཡང་མྱེད་དོ། །རབ་འབྱོར་གོས་ པ་མྱེད་པའི་སྦྱིན་པ་དང་། གོས་པ་མྱེད་པའི་ཚུལ་ཁྲིམས་དང་། གོས་པ་མྱེད་པའི་བཟོད་པ་དང་། གོས་པ་མྱེད་པའི་བརྩོན་འགྲུས་དང་། གོས་པ་མྱེད་པའི་བསམ་གཏན་དང་། གོས་པ་མྱེད་པའི་ཤེས་རབ་དང་། གོས་པ་མྱེད་པའི་མངོན་པར་ཤེས་པ་དག་ལ་ནི། ཐ་དད་དུ་བྱ་བར་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས། གོས་པ་མ་མཆིས་པའི་སྦྱིན་པ་དང་། གོས་པ་མ་མཆིས་པའི་ཚུལ་ཁྲིམས་དང་། གོས་པ་ མ་མཆིས་པའི་བཟོད་པ་དང་། གོས་པ་མ་མཆིས་པའི་བརྩོན་འགྲུས་དང་། གོས་པ་མ་མཆིས་པའི་བསམ་གཏན་དང་། གོས་པ་མ་མཆིས་པའི་ཤེས་རབ་དང་། གོས་པ་མ་མཆིས་པའི་མངོན་པར་ཤེས་པ་རྣམས་ 28-1-140b ཇི་ལྟར་ཐ་དད་དུ་བགྱི་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་མྱི་དམྱིགས། གཏོང་ བ་པོ་མྱི་དམྱིགས། ལེན་པ་མྱི་དམྱིགས་པར་སྦྱིན་པ་གཏོང་ངོ་། །ཚུལ་ཁྲིམས་མྱི་དམྱིགས་པར་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་མྱི་དམྱིགས་པར་བཟོད་པ་སྒྲུབ་བོ། །བརྩོན་འགྲུས་མྱི་དམྱིགས་པར་བརྩོན་འགྲུས་ རྩོམ་མོ། །ཏིང་ངེ་འཛིན་མྱི་དམྱིགས་པར་སྙོམས་པར་འཇུག་གོ། །ཤེས་རབ་མྱི་དམྱིགས་པར་ཤེས་རབ་སྒོམ་མོ། །མངོན་པར་ཤེས་པ་མྱི་དམྱིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ མྱི་དམྱིགས་པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས་པར་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ ལ་སྤྱོད་དོ། །དབང་པོ་རྣམས་མྱི་དམྱིགས་པར་དབང་པོ་རྣམས་ལ་སྤྱོད་དོ། །སྟོབས་རྣམས་མྱི་དམྱིགས་པར་སྟོབས་རྣམས་ལ་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་དོ། ། ལམ་མྱི་དམྱིགས་པར་ལམ་ལ་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་མྱི་དམྱིགས་པར་འཕགས་པའི་བདེན་པ་རྣམས་ལ་སྤྱོད་དོ། །བསམ་གཏན་རྣམས་མྱི་དམྱིགས་པར་བསམ་གཏན་རྣམས་ལ་སྤྱོད་དོ། །ཚད་མྱེད་ པ་རྣམས་མྱི་དམྱིགས་པར་ཚད་མྱེད་པ་རྣམས་ལ་སྤྱོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །རྣམ་པར་ཐར་པ་རྣམས་ མྱི་དམྱིགས་པར་རྣམ་པར་ཐར་པ་རྣམས་ལ་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །སྟོང་པ་ཉིད་མྱི་དམྱིགས་ 28-1-141a པར་སྟོང་པ་ཉིད་ལ་སྤྱོད་དོ། །མཚན་མ་མྱེད་པ་མྱི་དམྱིགས་པར་མཚན་མ་མྱེད་པ་ལ་སྤྱོད་དོ། །སྨོན་པ་མྱེད་པ་མྱི་དམྱིགས་པར། སྨོན་པ་མྱེད་པ་ལ་སྤྱོད་དོ། །མངོན་པར་ཤེས་པ་རྣམས་མྱི་དམྱིགས་པར་ མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །ཏིང་ངེ་འཛིན་རྣམས་མྱི་དམྱིགས་པར་ཏིང་ངེ་འཛིན་རྣམས་ལ་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་པར་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་ སྟོབས་རྣམས་མྱི་དམྱིགས་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་དོ། །མྱི་འཇིགས་པ་རྣམས་མྱི་དམྱིགས་པར་མྱི་འཇིགས་པ་རྣམས་ལ་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས་ པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་དོ། །བྱམས་པ་ཆེན་པོ་མྱི་དམྱིགས་པར་བྱམས་པ་ཆེན་པོ་ལ་སྤྱོད་དོ། །སྙིང་རྗེ་ཆེན་པོ་མྱི་དམྱིགས་པར་སྙིང་རྗེ་ཆེན་པོ་ལ་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་མྱི་དམྱིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་དོ། །སེམས་ཅན་རྣམས་མྱི་དམྱིགས་པར་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མྱི་དམྱིགས་པར་ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མྱི་དམྱིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་ དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། དེ་ལ་བདུད་སྡིག་ཏོ་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ 28-1-141b དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་བཞི་ཡོངས་སུ་འཛིན་པ་ལགས། ཚད་མྱེད་པ་བཞི་ཡོངས་སུ་འཛིན་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་འཛིན་པ་ལགས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་འཛིན་པ་ ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་འཛིན་པ་ལགས། དབང་པོ་ལྔ་ཡོངས་སུ་འཛིན་པ་ལགས། སྟོབས་ལྔ་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་འཛིན་པ་ལགས། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་འཛིན་པ་ལགས། འཕགས་པའི་བདེན་པ་བཞི་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་འཛིན་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་འཛིན་པ་ལགས། མངོན་པར་ཤེས་པ་ལྔ་ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་ནང་ སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་བྱས་སྟོང་པ་ཉིད་ཡོངས་ སུ་འཛིན་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོར་བ་མྱེད་པ་སྟོང་པ་ ཉིད་ཡོངས་སུ་འཛིན་པ་ལགས། རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མྱི་དམྱིགས་པ་སྟོང་ 28-1-142a པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་ཡོངས་སུ་འཛིན་པ་ལགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་འཛིན་པ་ལགས། མྱི་འཇིགས་པ་བཞི་ཡོངས་སུ་འཛིན་པ་ལགས། སོ་སོ་ཡང་དག་པར་རིག་པ་ བཞི་ཡོངས་སུ་འཛིན་པ་ལགས། བྱམས་པ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་འཛིན་པ་ལགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཡོངས་སུ་འཛིན་པ་ལགས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚུལ་ཁྲིམས་ལ་གང་སྲུང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བཟོད་པ་ལ་གང་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བརྩོན་འགྲུས་ལ་གང་རྩོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཤེས་རབ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བསམ་གཏན་རྣམས་ལ་གང་སྙོམས་པར་ འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚད་མྱེད་པ་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། ། 28-1-142b གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དབང་པོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སྟོབས་རྣམས་ ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་ སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ ནོ། །མངོན་པར་ཤེས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ནང་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ 28-1-143a ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ལ་གང་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ལ་ གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རང་ གི་མཚན་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ 28-1-143b ལས་གཞན་དུ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གང་སྒོམ་པ་དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མྱི་འཇིགས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམས་ ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བྱམས་པ་ཆེན་པོ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་ལ་ གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་ གཞན་དུ་མ་ཡིན་ནོ། །མཚན་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དཔེའ་བྱད་བཟང་པོ་རྣམས་ལ་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ 28-1-144a ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་ པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། ། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་ 28-1-144b པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་ བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་རྫོགས་པར་བྱེད་དོ། །དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ། སེམས་བསྐྱེད་པ་གཅིག་གིས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་ པ་ལགས། བསམ་གཏན་རྣམས་ཡོངས་སུ་འཛིན་པ་ལགས། ཚད་མྱེད་པ་རྣམས་ཡོངས་སུ་འཛིན་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་ པ་རྣམས་ཡོངས་སུ་འཛིན་པ་ལགས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་འཛིན་པ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་འཛིན་པ་ལགས། དབང་པོ་རྣམས་ཡོངས་སུ་འཛིན་པ་ལགས། སྟོབས་རྣམས་ ཡོངས་སུ་འཛིན་པ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་འཛིན་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། 28-1-145a འཕགས་པའི་བདེན་པ་རྣམས་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པ་རྣམས་ཡོངས་སུ་འཛིན་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་འཛིན་པ་ལགས། མངོན་པར་ཤེས་པ་ རྣམས་ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མཐའ་ལས་འདས་ པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆོས་ ཐམས་ཅད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ ལགས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་ཡོངས་སུ་འཛིན་པ་ལགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་ པ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་འཛིན་པ་ལགས། མྱི་འཇིགས་པ་རྣམས་ཡོངས་སུ་འཛིན་པ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་འཛིན་པ་ལགས། བྱམས་པ་ཆེན་པོ་ ཡོངས་སུ་འཛིན་པ་ལགས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་འཛིན་པ་ལགས། མྱི་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡོངས་སུ་འཛིན་པ་ལགས། 28-1-145b དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་ པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གཏོང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཚུལ་ཁྲིམས་གང་སྲུང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྲུང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བཟོད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བརྩོན་འགྲུས་གང་རྩོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པར་རྩོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྙོམས་པར་འཇུག་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་ མྱི་འགྱུར་རོ། །ཤེས་རབ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ནང་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་གང་སྒོམ་ པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་ 28-1-146a རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་ འདུ་ཤེས་སུ་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་གང་སྒོམ་ པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་ སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་གང་ སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་གང་ སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ 28-1-146b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་ མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དབང་པོ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྟོབས་རྣམས་གང་ སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་ གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འཕགས་པའི་བདེན་པ་ རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བསམ་གཏན་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་ གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རྣམ་པར་ཐར་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། 28-1-147a དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་གང་སྒོམ་པ་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་ འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སོ་སོ་ ཡང་དག་པར་རིག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བྱམས་པ་ཆེན་པོ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་ སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཚན་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མངོན་པར་སྒྲུབ་ 28-1-147b སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་མྱེད་དོ། །དཔེ་བྱད་བཟང་པོ་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མངོན་པར་སྒྲུབ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སྦྱིན་པ་གཏོང་བ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་སྲུང་བ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བཟོད་པ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བརྩོན་འགྲུས་རྩོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཏིང་ ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཤེས་རབ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་ གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དོན་དམ་པ་སྟོང་པ་ ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་ གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། 28-1-148a དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་ མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དྲན་པ་ཉེ་ བར་གཞག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དབང་པོ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སྟོབས་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་ མྱི་འགྱུར་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་ འགྱུར་བ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བསམ་གཏན་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ 28-1-148b ན་ཚད་མྱེད་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་ རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པ་དང་། དེ་ལ་གཉིས་ ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་འཇིགས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ ལགས། ཇི་ལྟར་ན་བྱམས་པ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དཔེ་བྱད་ བཟང་པོ་བརྒྱད་ཅུ་མངོན་པར་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ 28-1-149a པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་ པར་བྱས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱེད་དེ། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་དྲན་པ་ཉེ་བར་གཞག་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་ 28-1-149b བྱས་ཤིང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་དག་པར་སྤོང་བ་དེར་ཕ་ རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་རྫུ་འཕྲུལ་གྱི་རྐང་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་རྣམས་ཡོངས་སུ་ རྫོགས་པར་བྱེད་དེ། དེ་དབང་པོ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་རྣམས་ ཡོངས་སུ་རྫོགས་པར་བྱེད་དེ། དེ་སྟོབས་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་བྱང་ཆུབ་ཀྱི་ཡན་ལག་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་ དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལམ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལམ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་ལམ་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་གཏོང་བ་དེའི་ཚེ། ཟག་པ་མྱེད་པའི་སེམས་ལ་གནས་ 28-1-150a ཤིང་། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ཟག་པ་མྱེད་པའི་སེམས་དེ་ལ་གནས་པའི་མཚན་མ་དང་། གང་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། གང་གིས་སྦྱིན་པ་དང་། གང་ཡོངས་སུ་གཏོང་བ་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །དེ་མཚན་མ་དང་བྲལ་བའི་སེམས་ཟག་པ་མྱེད་ཅིང་སེར་སྣ་དང་བྲལ་བའི་ཆགས་སེམས་མྱེད་པ་དེས་སྦྱིན་པ་གཏོང་སྟེ། དེ་སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་ན་སེམས་ཡང་དག་པར་རྗེས་ སུ་མྱི་མཐོང་བ་དེ་ལྟར་སྦྱིན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཏོང་བ་པོ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལེན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ཁྲིམས་ དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པ་སྒོམ་པའི་ཚེ། བཟོད་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་ 28-1-150b འགྲུས་རྩོམ་པའི་ཚེ། བརྩོན་འགྲུས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཏིང་ངེ་འཛིན་ ལ་སྙོམས་པར་འཇུག་པའི་ཚེ། ཏིང་ངེ་འཛིན་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་ སེམས་ཀྱིས་ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་ བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ནང་སྟོང་པ་ཉིད་སྒོམ་པའི་ཚེ། ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་ སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ 28-1-151a ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱི་སྟོང་པ་ཉིད་སྒོམ་པའི་ཚེ། ཕྱི་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་ སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཕྱི་ནང་སྟོང་པ་ཉིད་སྒོམ་པའི་ཚེ། ཕྱི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་ མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ ཆེན་པོ་སྟོང་པ་ཉིད་སྒོམ་པའི་ཚེ། ཆེན་པོ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོན་དམ་པ་སྟོང་ 28-1-151b པ་ཉིད་སྒོམ་པའི་ཚེ། དོན་དམ་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་བྱས་སྟོང་པ་ཉིད་ སྒོམ་པའི་ཚེ། འདུས་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་མ་བྱས་སྟོང་ པ་ཉིད་སྒོམ་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་ པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་ 28-1-152a དང་བྲལ་བའི་སེམས་ཀྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བཞིན་སྟོང་པ་ཉིད་སྒོམ་པའི་ཚེ། རང་བཞིན་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་ སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ 28-1-152b ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ 28-1-153a རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་ཚེ། དྲན་པ་ཉེ་བར་གཞག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། ཡང་དག་པར་སྤོང་བ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 28-1-153b པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དབང་པོ་རྣམས་སྒོམ་པའི་ཚེ། དབང་པོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སྟོབས་རྣམས་སྒོམ་པའི་ཚེ། སྟོབས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་ བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་ སེམས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ 28-1-154a ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། འཕགས་པའི་བདེན་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། བསམ་གཏན་རྣམས་སྒོམ་པའི་ཚེ། བསམ་གཏན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚད་མྱེད་པ་རྣམས་སྒོམ་པའི་ཚེ། ཚད་མྱེད་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་ དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ 28-1-154b ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྣམ་ པར་ཐར་པ་རྣམས་སྒོམ་པའི་ཚེ། རྣམ་པར་ཐར་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་ བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་ འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ཡང་དག་པར་རྗེས་སུ་ མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་ 28-1-155a གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། མངོན་པར་ཤེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། ཏིང་ངེ་འཛིན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་ དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་ མ་དང་བྲལ་བའི་སེམས་ཀྱིས། གཟུངས་ཀྱི་སྒོ་རྣམས་སྒོམ་པའི་ཚེ། གཟུངས་ཀྱི་སྒོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་དེ་དག་ཡང་དག་ 28-1-155b པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མྱི་འཇིགས་པ་རྣམས་སྒོམ་པའི་ཚེ། མྱི་འཇིགས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སོ་སོ་ཡང་ དག་པར་རིག་པ་རྣམས་སྒོམ་པའི་ཚེ། སོ་སོ་ཡང་དག་རིག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་ སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་ མ་དང་བྲལ་བའི་སེམས་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ 28-1-156a དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། བྱམས་པ་ཆེན་པོ་སྒོམ་པའི་ཚེ། བྱམས་པ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། སྙིང་རྗེ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་སྒོམ་པའི་ཚེ། མྱི་ཆེན་པོའི་ མཚན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་ སྒྲུབ་པའི་ཚེ། དཔེ་བྱད་བཟང་པོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ 28-1-156b ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་ མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་ མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ 28-1-157a རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་ པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་ པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་ སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་ 28-1-157b པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་དམ་པ་ སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུས་ མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ 28-1-158a ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་ པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་ མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་ པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མྱི་དམྱིགས་པ་སྟོང་ པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་ 28-1-158b མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་ སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་ པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ 28-1-159a ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་ པོ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་ མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོབས་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་ པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་ མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་ 28-1-159b དཔའ་སེམས་དཔའ་ཆེན་པོའི། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་ སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་ དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་ དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ 28-1-160a མྱེད་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་ པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་ མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་རྣམས་ཡོངས་ སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་ པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་ པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། 28-1-160b མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་ མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་ བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་ འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་ བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སྦྱིན་པ་གཏོང་བ་ཡིན་ཏེ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། གནས་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། མྱིའི་ཆ་སྟ་དང་། ཡོ་བྱད་གང་ཡང་རུང་བའི་བར་དག་དང་། ཆུང་མ་དང་། བུ་དང་། བུ་མོ་འམ། ཕྱི་དང་ནང་ངམ། 28-1-161a ཡན་ལག་དང་། ཉིང་ལག་དང་། རྒྱལ་སྲིད་ཡང་རུང་། རྒྱན་ཀྱིས་བརྒྱན་ཅིང་། སློང་བ་རྣམས་ལ་ཡོངས་སུ་གཏོང་སྟེ། གལ་ཏེ་དེའི་དྲུང་དུ་ལ་ལ་ཞིག་འོངས་ཤིང་། འདི་སྐད་དུ། ཁྱོད་ཀྱི་སྦྱིན་པ་དེ་ལྟ་བུར་དེ་ལྟར་ཕན་པ་མྱེད་པ་ མྱི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་འདི་སྙམ་དུ་བདག་ལ་སེམས་ཅན་འདི་དག་ཁྱེད་ཀྱི་སྦྱིན་པ་དེ་ལྟར་ཕན་པ་ མྱེད་པ་མྱི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་མོད་ཀྱི། འོན་ཀྱང་བདག་གིས་སྦྱིན་པ་ཡོངས་སུ་གཏང་བར་བྱའི་བདག་གིས་སྦྱིན་པ་མྱི་སྦྱིན་པར་མྱི་བྱའོ་སྙམ་ནས། དེ་སྦྱིན་པ་དེ་སེམས་ཅན་ཐམས་ཅད་ཐུན་ མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་ཡོངས་སུ་སྔོ་བའི་ཚེ། གང་སྦྱིན་པ་དང་གང་ལ་སྦྱིན་པ་དང་། གང་གིས་སྦྱིན་པ་དང་། སུ་ཡོངས་སུ་གཏོང་བ་དང་། ཅི་ཡོངས་ སུ་གཏོང་བ་དང་། སུ་ཅི་ཡོངས་སུ་གཏོང་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བ་དང་། གང་གིས་ཡོངས་སུ་བསྔོ་བ་དང་། སུ་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་ མཚན་མ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། དེ་གང་གཏོང་བ་དང་། གང་གི་ཕྱིར་བཏང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་ཐམས་ཅད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ ཀྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ 28-1-161b ཀྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེས་དེ་ལྟར་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ན། ཇི་ཞིག་ཡོངས་སུ་བསྔོ་བར་འགྱུར། གང་ལ་ཡོངས་སུ་བསྔོ་བར་འགྱུར། གང་གིས་ཡོངས་སུ་བསྔོ་བར་འགྱུར་ཏེ། དེའི་བསྔོ་བ་དེ་ལྟ་བུ་ནི་བསྔོ་བའི་དམ་པ་ཡིན། དུག་མྱེད་པའི་བསྔོ་བ་ཡིན། ཆོས་ཀྱི་དབྱིངས་ཀྱི་བསྔོ་ བ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་བྱས་ 28-1-162a སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་ སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ཡོངས་ སུ་རྫོགས་པར་བྱེད་དོ། །བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་ བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་ 28-1-162b རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཐོག་མ་ཉིད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཀྱང་། རྣམ་པར་སྨྱིན་པ་ཡོངས་ སུ་མྱི་འཛིན་ཏེ། འོན་ཀྱང་དེའི་ཡོ་བྱད་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་བོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་ གྱིས་འབྱུང་ངོ་། །རབ་འབྱོར་དེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འབྱུང་ངོ་། །དེའི་ཡོ་བྱད་དེ་དག་གིས། སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཚིམ་པར་བྱེད་དོ། །དེས་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཡང་དག་པར་བསྡུས་ཏེ། ཐབས་ མཁས་པས་ཐེག་པ་གསུམ་ལ་རབ་ཏུ་འཇུག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་ དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྨྱིན་པར་བྱེད་དོ། །རབ་འབྱོར་ཅི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་ 28-1-163a བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་ འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྨྱིན་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཟག་ པ་མྱེད་པ་ལམ་གྱི་ཁོངས་སུ་ཆུད་པ་ཆོས་ཉིད་ཀྱིས་ཐོབ་པ་རབ་ཏུ་འཐོབ་སྟེ། དེའི་ཚུལ་ཁྲིམས་དེ་ནི་མ་ཞིག་པ་ཡིན། མ་གོད་པ་ཡིན། མ་འདྲེས་པ་ཡིན། རྙོག་པ་མྱེད་པ་ཡིན། མ་ཉམས་པ་ཡིན། རང་ དབང་ཡོད་པ་ཡིན། ཤིན་ཏུ་རྫོགས་པ་ཡིན། མཁས་པས་བསྟོད་པ་ཡིན་ཏེ། ཚུལ་ཁྲིམས་དེས་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་ འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ 28-1-163b ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་ པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་ པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་ རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་ 28-1-164a པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་ པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུ་འམ། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་རིགས་སམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སམ། མཚེ་མའི་ལྷ་རྣམས་སམ། དགའ་ ལྡན་གྱི་ལྷ་རྣམས་སམ། འཕྲུལ་དགའི་ལྷ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སམ། ཚངས་རིས་ཀྱི་ལྷ་རྣམས་སམ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སམ། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ སམ། ཚངས་ཆེན་གྱི་ལྷ་རྣམས་སམ། སྣང་བའི་ལྷ་རྣམས་སམ། ཆུང་སྣང་གི་ལྷ་རྣམས་སམ། ཚད་མྱེད་སྣང་བའི་ལྷ་རྣམས་སམ། ཀུན་སྣང་དང་བའི་ལྷ་རྣམས་སམ། དགེ་བའི་ལྷ་ རྣམས་སམ། ཆུང་དགེ་བའི་ལྷ་རྣམས་སམ། ཚད་མྱེད་དགེ་བའི་ལྷ་རྣམས་སམ། དགེ་རྒྱས་ཀྱི་ལྷ་རྣམས་སམ། འབྲས་བུ་ཆེ་བའི་ལྷ་རྣམས་སམ། འདུ་ཤེས་མྱེད་པའི་ལྷ་རྣམས་སམ། མྱི་ཆེ་བའི་ལྷ་ རྣམས་སམ། མྱི་གདུང་བའི་ལྷ་རྣམས་སམ། གྱ་ནོམ་སྣང་བའི་ལྷ་རྣམས་སམ། ཤིན་ཏུ་མཐོང་བའི་ལྷ་རྣམས་སམ། འོག་མྱིན་གྱི་ལྷ་རྣམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། 28-1-164b རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་སམ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་ཚུལ་ཁྲིམས་འདིས་ཐོབ་པར་བྱའོ་ཞེས་ཆོས་གང་ལ་ ཡང་སྙེམས་པ་མྱེད་དེ། གཞན་དུ་ན་ཚུལ་ཁྲིམས་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མཚན་མ་མྱེད་པའི་ཡོངས་སུ་བསྔོ་བ་དང་། དམྱིགས་སུ་མྱེད་པའི་ཡོངས་སུ་ བསྔོ་བ་དང་། གཉིས་སུ་མྱེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་སྟེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུའི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་དེ་དང་། ཐབས་ མཁས་པ་དེས་རོ་མྱང་བ་མྱེད་པའི་ཚུལ་གྱིས་བསམ་གཏན་བཞི་སྒྲུབ་བོ། །དེ་ལྷའི་མྱིག་མངོན་པར་སྒྲུབ་སྟེ། ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་ མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་མཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ 28-1-165a ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་ མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་ སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་ བྱུང་བ་དེས། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་ པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་ 28-1-165b རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་ དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་ པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་བོ། །དེ་ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་མྱི་སྐྱེ་བ་དང་། ཡེ་ཤེས་མྱི་ཆོད་ 28-1-166a པའི་ཕྱིར་བཟོད་པ་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་བཟོད་པ་དེ་གཉིས་ལ་གནས་ཤིང་། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་ པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། ། དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་ སྒོ་གསུམ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་ པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་ གནས་ཏེ། ལྷའི་མྱིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་ 28-1-166b སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་ རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་ བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་ བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་ པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། ། མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་ འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་ 28-1-167a བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་གནས་ཏེ། ལྷའི་མྱིག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་ དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ ཏེ། དེ་འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་བྱང་ཤར་ཀྱི་ཕྱོགས་མཚམས་ ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་ བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་ 28-1-167b དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། དེ་འཕགས་པའི་མངོན་པར་ཤེས་པ་ རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་ དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་ སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་ པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། དེ་འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་ དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་ འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་ རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ 28-1-168a ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། དེ་འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། དེ་འཕགས་ པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་ དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་ སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་ འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། དེ་འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ 28-1-168b ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་ འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་ཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་ལྷའི་རྣ་བ་མྱི་ལས་འདས་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པ་ཐོས་ཏེ་ཐོས་ནས་ཀྱང་འཛིན་ཏོ། ། བཟུང་ནས་ཀྱང་དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་དོ། །དེ་བཞིན་ཉིད་དུ་ནན་ཏན་དུ་བྱས་ནས་ཀྱང་། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པས། སངས་རྒྱས་བཅོམ་ལྡན་ འདས་དེ་དག་གི་ཐུགས་སེམས་ཀྱིས་རབ་ཏུ་ཤེས་སོ། །འཕགས་པ་ཐམས་ཅད་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་ཀྱིས་ཡོངས་སུ་ཤེས་པར་བྱས་ཤིང་། དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། །དེ་སྔོན་ཀྱི་གནས་རྗེས་སུ་དྲན་པའི་ཤེས་པས་ སེམས་ཅན་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་ཤེས་པར་བྱས་ཤིང་། ཡང་སེམས་ཅན་དེ་དག་ལ་དགེ་བའི་རྩ་བ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་ དག་པར་དགའ་བར་བྱེད་དོ། །དེ་ཟག་པ་ཟད་པ་ཤེས་ཏེ་ཟག་པ་ཟད་པ་ཤེས་པ་དེས། སེམས་ཅན་རྣམས་ཐེག་པ་གསུམ་པོ་ལ་རབ་ཏུ་འགོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ 28-1-169a ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མྱི་ལས་འདས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པའི་སྒྲ་ཐོས་ཏེ། དེའི་ཐོས་པ་དེ་ཡང་ཇི་སྲིད་དུ་ཐོས་པ་དེས། བདག་དང་ གཞན་གྱི་དོན་བྱས་པར་མ་གྱུར་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །སེམས་ཀྱི་རྣམ་པ་ཤེས་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱིས་རབ་ཏུ་ཤེས་ཏེ། དེས་སེམས་ཀྱི་རྣམ་པ་ཤེས་པ་དེ་ ཡང་། ཇི་སྲིད་དུ་སེམས་ཀྱི་རྣམ་པ་ཤེས་པ་དེས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་མ་གྱུར་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས། སེམས་ཅན་དེ་དག་གི་འདས་ པ་དང་། མ་འོངས་པའི་དགེ་བའི་རྩ་བ་རྣམས་ཤེས་ཤིང་། དགེ་བའི་རྩ་བ་དེ་དག་གིས་སེམས་ཅན་དེ་དག་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་ བྱེད་དོ། །དེ་དག་དེ་ལྟར་ཡང་དག་པར་བསྟན་པ་དང་། ཡང་དག་པར་སྐུལ་བ་དང་། ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱས་པ་རྣམས་ཀྱང་ཁྱད་པར་དུ་འདོང་བར་འགྱུར་རོ། །ཟག་པ་ཟད་པའི་ ཤེས་པས་ཀྱང་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །དགྲ་བཅོམ་པ་ཉིད་ལ་ རབ་ཏུ་གཞོག་གོ། །རང་བྱང་ཆུབ་ལ་རབ་ཏུ་གཞོག་གོ། །བྱང་ཆུབ་ལ་རབ་ཏུ་གཞོག་གོ། །དེ་བཞིན་ཏུ་སེམས་ཅན་རྣམས་དགེ་བའི་ཆོས་གང་དང་། གང་ལ་མཐའ་ཡོད་པ་དེ་དང་དེ་ལ་རབ་ཏུ་གཞོག་སྟེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། 28-1-169b མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་ གི་བར་དུ་འདི་ལྟ་སྟེ། གནོད་པ་ལ་མྱི་མཇེད་པའི་བཟོད་པ་དང་། མྱི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་བསྒོམས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་པ་ལ་མྱི་མཇེད་པའི་བཟོད་པ་ ནི། དེའི་དྲུང་དུ་སེམས་ཅན་ཐམས་ཅད་ཡང་དང་ཡང་འོངས་ཏེ། གཤེ་ཞིང་མྱི་སྙན་པར་བརྗོད་དེ། རྡོ་བ་དང་། དབྱུག་པས་བརྡེགས་ཤིང་མཚོན་གྱིས་བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་འཁྲུག་པ་དང་ལྡན་པའི་སེམས་བསྐྱེད་པ་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །དེས་འདི་ལྟར་བརྟག་པར་བྱས་ཏེ། དེ་ལ་གང་ལ་སྤྱོ་བ་དང་། མྱི་སྙན་པར་བྱ་བ་དང་། གདབ་ཅིང་ བརྡེགས་པར་བྱ་བ་ཡང་གང་ཡང་མྱེད། གང་གཤེ་བ་དང་། མྱི་སྙན་པར་རྗོད་པ་དང་། བརྡེག་པ་དང་འདེབས་པ་ཡང་མྱེད་ཅིང་། མྱི་དམྱིགས་སོ་ཞེས་བྱ་བར་བརྟག་པར་བྱའོ། །དེ་ལ་བྱང་ཆུབ་ 28-1-170a སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅན་ཀྱི་ངོ་བོ་ཉིད་ལ་རྟོག་ན། ཆོས་ཉིད་ཀྱང་མྱི་དམྱིགས་ ན། ཆོས་རྣམས་ཀྱི་རང་བཞིན་དམྱིགས་པ་ལྟ་ག་ལ་ཡོད་དེ། དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མཐོང་བས། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་པ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་སེམས་ཅན་རྣམས་ཡོངས་སུ་ སྨྱིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་ འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་གྱིས་འཁོར་བ་ལས་ཡོངས་སུ་འགྲེལ་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ 28-1-170b ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་ པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་ མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ལུས་ཀྱི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཀྱི་བརྩོན་ འགྲུས་དང་ལྡན་པ་ཡིན་ཏེ། དེ་ལུས་ཀྱི་བརྩོན་འགྲུས་ལ་གནས་ནས། བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་ པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་བཞི་པ་ལ་མཉམ་པར་བཞག་ཅིང་། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། ། ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་མྱི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་ བ་དང་། ར་བ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མྱེད་པའི་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་དཀྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་ 28-1-171a བྱ་བཞིན་ནོ། །ས་ལ་ཡང་གྱེན་ཏུ་འབྱུང་བ་དང་། འོག་ཏུ་ཡང་འཛུལ་བ་མྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མྱེད་པར་འགྲོ་སྟེ། དུ་བར་འཐུམ་ཞིང་མྱེར་འབར་ཏེ། དཔེར་ ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་། ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་། འདི་ལྟར་དབང་ཆེ་བ་དག་གིས་ཀྱང་ལག་པས་བྱུགས་ཤིང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ ཀྱིས་དབང་སྒྱུར་ཏེ། དེ་ལུས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་རྫུ་འཕྲུལ་གྱི་རྣམ་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཏུ་སོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་ཀྱི་རྐྱེན་སྨན་དང་། ཡོད་བྱད་མང་པོས་བསྙེན་བཀུར་བྱེད་དེ། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་ཀྱི་རྐྱེན་སྨན་དང་། ཡོ་བྱད་མང་པོ་དེ་དག་ཀྱང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་སངས་རྒྱས་ཀྱི་བར་ཏུ་ཟད་པར་མྱི་འགྱུར་ཏེ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། གོས་དང་བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བདེ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་མང་པོ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱིས་ སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སོང་ཞིང་། ཆོས་ཉན་ཏེ། ཇི་སྐད་དུ་ཐོས་པ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ 28-1-171b ཆུད་ཟ་བར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཞིང་ཡོངས་སུ་འཛིན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་ འདུ་བྱ་བ་མྱེད་པ་ལ་ལུས་ཀྱི་བརྩོན་འགྲུས་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་ པ། བམ་པོ་བཅུ་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་ པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱི་བརྩོན་འགྲུས་འཕགས་པ་ཟག་པ་མྱེད་པ་ལམ་གྱི་ཁོངས་སུ་ཆུད་ པ་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཀྱི་བརྩོན་འགྲུས་དང་ལྡན་པས། ལུས་ཀྱི་ལས་མྱི་དགེ་བའི་སྐབས་མྱི་འབྱེད། ངག་གི་ལས་མྱི་དགེ་བའི་སྐབས་མྱི་འབྱེད། ཡིད་ཀྱི་ལས་མྱི་དགེ་བའི་སྐབས་ 28-1-172a མྱི་འབྱེད་དེ། རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་འམ། དགེ་ཞེས་བྱ་བ་འམ། མྱི་དགེ་ཞེས་བྱ་བ་འམ། འཇིག་རྟེན་ཞེས་བྱ་བ་འམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་འམ། ཉོན་མོངས་པ་དང་བཅས་ཤེས་བྱ་བ་འམ། ཉོན་མོངས་ པ་མྱེད་ཅེས་བྱ་བ་འམ། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་འམ། ཁ་ན་མ་ཐོ་བ་མྱེད་ཅེས་བྱ་བ་འམ། ཟག་པ་དང་བཅས་པ་ཞེས་བྱ་བ་འམ། ཟག་པ་མྱེད་ཅེས་བྱ་བ་འམ། ཀུན་ནས་ཉོན་མོངས་ པ་ཞེས་བྱ་བ་འམ། རྣམ་པར་བྱང་བ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བར་སྙེམས་པ་མྱེད་དོ། །འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། ཟག་པ་དང་བཅས་པའི་ཁམས་སམ། ཟག་པ་མྱེད་པའི་ཁམས་སམ། བསམ་གཏན་དང་པོ་འམ། བསམ་གཏན་གཉིས་པ་འམ། བསམ་གཏན་གསུམ་ པ་འམ། བསམ་གཏན་བཞི་པ་འམ། བྱམས་པ་འམ། སྙིང་རྗེ་འམ། དགའ་འམ། བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ དམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་དམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་ 28-1-172b དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་ པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱིས་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་ པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དམ། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་ པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་ 28-1-173a མྱེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་འམ། དགེ་ཞེས་བྱ་བ་འམ། མྱི་དགེ་ཞེས་བྱ་བ་འམ། འཇིག་རྟེན་པ་ཞེས་བྱ་བ་འམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ འམ། ཉོན་མོངས་པ་དང་བཅས་ཞེས་བྱ་བ་འམ། ཉོན་མོངས་པ་མྱེད་ཞེས་བྱ་བ་འམ། ཁ་ན་མ་ཐོ་བ་དང་བཅས་ཤེས་བྱ་བ་འམ། ཁ་ན་མ་ཐོ་བ་མྱེད་ཅེས་བྱ་བ་འམ། ཟག་པ་དང་བཅས་ཤེས་བྱ་བ་འམ། ཟག་པ་མྱེད་ཅེས་བྱ་བ་འམ། ཀུན་ནས་ཉོན་མོངས་པ་ཤེས་བྱ་བ་འམ། རྣམ་པར་བྱང་བ་མྱེད་པ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བར་སྙེམས་པ་མྱེད་དོ། །རྒྱུན་ཏུ་ཞུགས་ པའི་འབྲས་བུར་སྙེམས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུར་སྙེམས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུར་སྙེམས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་དུ་སྙེམས་པ་མྱེད་དོ། །རང་བྱང་ཆུབ་ཏུ་སྙེམས་ པ་མྱེད་དོ། །བྱང་ཆུབ་སེམས་དཔའ་ཉིད་དུ་སྙེམས་པ་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྙེམས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །ལན་ཅིག་ཕྱིར་ འོང་བ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །ཕྱིར་མྱི་འོང་བ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །དགྲ་བཅོམ་པ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །རང་སངས་རྒྱས་ཤེས་བྱ་བར་ཡང་སྙེམས་པ་མྱེད་དོ། །བྱང་ ཆུབ་སེམས་དཔའ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །སངས་རྒྱས་ཤེས་བྱ་བར་ཡང་སྙེམས་པ་མྱེད་དོ། །སེམས་ཅན་འདི་དག་ནི་མཐོང་བའི་ལམ་གྱིས་བརྗོད་པ། འདི་དག་ནི་སྲབས་པའི་སས་བརྗོད་པ། འདི་དག་ནི་དམ་པ་མ་ཡིན་པའི་ཆ་ཅན་གྱིས་བརྗོད་པ། འདི་དག་ནི་བླ་མའི་ཆ་ཅན་གྱིས་བརྗོད་པ། འདི་དག་ནི་རང་སངས་རྒྱས་ཉིད་ཀྱིས་བརྗོད་པ། འདི་དག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བརྗོད་པ། 28-1-173b འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བརྗོད་པ། ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་གང་གིས་བརྗོད་པར་བྱ་བའི་ངོ་བོ་ཉིད་དེ་སེམས་ལས་བྱུང་ བའི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་མངོན་ཏུ་གྱུར་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་ པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་ཡང་མྱི་དམྱིགས་སོ། །དེ་སེམས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་ཆགས་པ་མྱེད་དེ། དེ་ཆགས་པ་མྱེད་ པར་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། རྫུ་འཕྲུལ་དང་ཆོ་འཕྲུལ་གང་དང་གང་གིས་ རྣམ་པར་འཕྲུལ་བར་འདོད་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དེ་དང་། དེས་རྣམ་པར་འཕྲུལ་ཏེ། མེ་ཏོག་གི་འཆར་འབབ་པ་འམ། སྤོས་ཀྱི་ངད་འགྱེད་པ་འམ། འབྲུག་གི་སྒྲས་བསྒྲགས་པ་འམ། གླུ་དང་ རོལ་མོ་དང་སིལ་སྙན་གྱི་སྒྲས་བསྒྲགས་པ་དང་། ས་བསྐྱོད་པ་འམ། སྣང་བ་བསྟན་པ་འམ། རིན་པོ་ཆེ་སྣ་བདུན་གྱི་འཇིག་རྟེན་གྱི་ཁམས་བསྟན་པས་རྣམ་པར་འཕྲུལ་ཏེ། གང་དང་གང་དུ་གང་དང་གང་ སེམས་ཅན་རྣམས་ཀྱི་དོན་ཏུ་འགྱུར་བ་དེ་དག་ཀྱང་བདག་གི་ལུས་ལས་འགྱེད་དེ། སེམས་ཅན་རྣམས་ཀྱི་དོན་ཏུ་བར་འགའ་བདག་ལས་འགྱེད་དོ། །བར་འགའ་དྲི་ཞིམ་པོ་འགྱེད་དོ། །བར་འགའ་ 28-1-174a སྲོག་གཅོད་པ་མྱེད་པའི་མཆོད་སྦྱིན་ཆེན་པོ་བྱེད་དོ། །བར་འགའ་སེམས་ཅན་མཐའ་ཡས་པ་ལམ་མ་ཡིན་པ་ནས། འདོན་ཏེ་སྲོག་གཅོད་པ་ལས་ཟློག་གོ། །མ་བྱིན་པར་ལེན་པ་ལས་ཟློག་ གོ། །འདོད་པས་ལོག་པར་གཡེམ་པ་ལས་བཟློག་གོ། །ཕྲ་མ་སྨྲ་བ་ལས་ཟློག་གོ། །ཞེ་གཅོད་པའི་ཚིག་ལས་ཟློག་གོ། །བརྫུན་དུ་སྨྲ་བ་ལས་ཟློག་གོ། །ཚིག་ཀྱལ་བ་ལས་ཟློག་གོ། །ཆགས་སེམས་ལས་ཟློག་ གོ། །གནོད་སེམས་ལས་ཟློག་གོ། །ལོག་པར་ལྟ་བ་ལས་ཟློག་གོ། །ལ་ལ་ནི་སྦྱིན་པས་ཕན་འདོགས་སོ། །ལ་ལ་ནི་ཚུལ་ཁྲིམས་ཀྱིས་ཕན་འདོགས་སོ། །ལ་ལའི་དོན་ཏུ་ནི་ཡན་ལག་དང་ཉིང་ལག་ ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་བུ་དང་ཆུང་མ་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་རྒྱལ་སྲིད་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་བདག་ཡོངས་སུ་གཏོང་སྟེ། དེ་ལྟར་ཐབས་གང་དང་གང་གིས་སེམས་ ཅན་རྣམས་ཀྱི་དོན་ཏུ་འགྱུར་བའི་ཐབས་དེ་དང་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་ཀྱི་བརྩོན་འགྲུས་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་ སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 28-1-174b ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་ མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་གཞན་ ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དེ་འདོད་པས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་ གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་ལ་འཕགས་པ་ རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་ བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་བ་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་དང་། སྙིང་རྗེ་དང་ལྡན་པའི་སེམས་དང་དགའ་བ་དང་ལྡན་པའི་སེམས་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། 28-1-175a ནམ་མཁའི་མཐའས་གཏུགས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྒྱས་པར་བཀང་ཞིང་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཏིང་ ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་འཐུན་པ་དང་ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ལ་མཉམ་པར་བཞག་སྟེ་གནས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ ཉེ་བར་བསྒྲུབས་ཏེ་གནས་སོ། །བར་ཆད་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །གློག་ལྟ་བུའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཡང་དག་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཁོངས་ སུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པར་བྱས་ཤིང་དཀར་པོ་རྣམ་པར་མཐོང་བའི་ས་ལས་འདའོ། །དཀར་པོ་རྣམ་པར་མཐོང་བའི་ས་ལས་འདས་ནས། རིགས་ཀྱི་ས་ལས་འདའོ། །རིགས་ཀྱི་ས་ལས་འདས་ནས། བརྒྱད་པའི་ས་ལས་འདའོ། །བརྒྱད་པའི་ས་ལས་འདས་ནས། མཐོང་བའི་ས་ལས་འདའོ། །མཐོང་བའི་ས་ལས་འདས་ནས། བསྲབས་པའི་ས་ལས་འདའོ། །བསྲབས་པའི་ས་ལས་འདས་ནས། འདོད་ཆགས་དང་བྲལ་ 28-1-175b བའི་ས་ལས་འདའོ། །འདོད་ཆགས་དང་བྲལ་བའི་ས་ལས་འདས་ནས། བྱས་པ་རྟོགས་པའི་ས་ལས་འདའོ། །བྱས་པ་རྟོགས་པའི་ས་ལས་འདས་ནས། རང་སངས་རྒྱས་ཀྱི་ས་ལས་འདའོ། །རང་སངས་རྒྱས་ཀྱི་ས་ ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱེད་དོ། །དེས་དེ་དག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་འབྲས་བུ་བར་མ་དོར་ཐོབ་པར་མྱི་བྱེད་དོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་དགེ་བའི་ རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་འགྱུར་བའི་དགེ་བའི་རྩ་བ་བསྐྱེད་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་། དེ་ལ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ལ་སེམས་ཅན་ལ་ལ་ནི་སྦྱིན་པས་ཡོངས་སུ་སྡུད་དོ། །ལ་ལ་ནི་ཏིང་ངེ་འཛིན་ཀྱིས་ཡོངས་སུ་སྡུད་དོ། །ལ་ལ་ནི་ཤེས་རབ་ཀྱིས་ ཡོངས་སུ་སྡུད་དོ། །ལ་ལ་ནི་རྣམ་པར་གྲོལ་བས་ཡོངས་སུ་སྡུད་དོ། །ལ་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་སྡུད་དོ། །ལ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །ལ་ལ་ནི་ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །ལ་ལ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །ལ་ལ་ནི་དགྲ་བཅོམ་པ་ཉིད་ལ་རབ་ཏུ་གཞོག་གོ། །ལ་ལ་ནི་རང་བྱང་ཆུབ་ལ་རབ་ཏུ་གཞོག་གོ། །ལ་ལ་ 28-1-176a ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོག་གོ། །དེ་ལྟར་དགེ་བའི་ཆོས་གང་དང་གང་གིས་སེམས་ཅན་རྣམས་མཐོང་བར་འགྱུར་བ་དེ་དང་དེ་ལ་སྦྱོར་ཏེ། དེ་ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ལ་གནས་ཤིང་། གཟུངས་ཀྱི་སྒོ་ཐམས་ཅད་མངོན་པར་སྒྲུབ་བོ། །སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་འཐོབ་བོ། །རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཀྱང་ཐོབ་པ་ཡིན་ཏེ། དེ་ནམ་ཡང་ ལས་དང་ཉོན་མོངས་པའི་དབང་གིས་མའི་མངལ་དུ་སྐྱེ་བར་མྱི་འགྱུར་རོ། །ནམ་ཡང་འདོད་པ་ལ་སྟེན་པར་མྱི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་དོན་ཏུ་སྐྱེ་བ་ཡོངས་སུ་མྱི་འཛིན་པ་ཡང་གང་ཡང་མྱེད་དོ། ། སྐྱེ་བའི་ཉེས་པས་ཀྱང་གོས་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་རབ་ཏུ་མཐོང་རབ་ཏུ་རིག །རབ་ཏུ་རྟོགས་པས་ན་དེ་སྒྱུ་མ་ལྟ་བུའི་འདུ་བྱེད་ཐམས་ཅད་རིག་པར་ བྱས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེས་སྒྱུ་མ་ལྟ་བུའི་འདུ་བྱེད་ཐམས་ཅད་རབ་ཏུ་རིག་པས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་ བུ་ལ་འཁོར་བ་ན། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ན། བདག་གིས་འདི་དག་ནམ་ཞིག་ན། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ལ་དགོད་པར་འགྱུར་ཞེས་སྙིང་རྗེ་ ཆེན་པོ་སྐྱེས་ཏེ། དེ་ལ་ཡང་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་དམྱིགས་སུ་མྱེད་དེ། དེས་ཆོས་ཐམས་ཅད་མ་དམྱིགས་ནས། འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ། དམྱིགས་སུ་མྱེད་དེ་དེ་གཉིས་ལ། སེམས་ཅན་རྣམས་རབ་ཏུ་འགོད་དོ། །དོན་དམ་པར་ནི་མ་ཡིན་ནོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་ 28-1-176b འཇུག་པ་ཐམས་ཅད་ལ་སྤྱོད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ བྲལ་བར་མྱི་འགྱུར་རོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབས་ཏེ། དེ་ལ་གནས་ནས་བག་ ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་རབ་ཏུ་སྤོང་ངོ་། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་ནས། བདག་གི་དོན་ཀྱང་བྱེད། གཞན་གྱི་དོན་ཀྱང་བྱེད་དེ། དེས་བདག་དང་། གཞན་གྱི་ དོན་བྱས་ནས། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རིམ་གྲོའི་གནས་སུ་གྱུར་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་ 28-1-177a དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། མཚན་མ་དང་བྲལ་བའི་སེམས་ཀྱིས་ཡང་དག་པ་འམ། ཡོངས་སུ་བགྲུབ་པའི་ ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མྱེད་དེ། དེས་གཟུགས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་གཟུགས་ཀྱི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ཀྱི་སྐྱེ་བའི་སྒོ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་ པར་རྗེས་སུ་མཐོང་ངོ་། །དེས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་ མཐོང་བས། ཚོར་བའི་སྐྱེ་བ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚོར་བའི་ སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུ་ཤེས་ཀྱི་ཡང་དག་ པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འདུ་ཤེས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་ཤེས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ 28-1-177b མཐོང་ངོ་། །དེས་འདུ་ཤེས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་ཤེས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུ་ཤེས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་ཤེས་ ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུ་བྱེད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འདུ་བྱེད་ཀྱི་ཡང་ དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུ་བྱེད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །དེས་འདུ་བྱེད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣམ་པར་ ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་སྐྱེ་བ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱིག་གི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མྱིག་གི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་སྐྱེ་བ་ 28-1-178a ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་ཚོགས་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་ པར་རྗེས་སུ་མ་མཐོང་བས། རྣ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་ སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྣའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། དེས་སྣའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་ སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་ མཐོང་ངོ་། །དེས་ལྕེའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལྕེའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་སྐྱེ་བ་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །དེས་ལྕེའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་ཚོགས་ཡང་དག་པར་རྗེས་ 28-1-178b སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལུས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལུས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་ པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་ པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཡིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་ སུ་མ་མཐོང་བས། ཡིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་གཟུགས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་གཟུགས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མ་མཐོང་བས། གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་ ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྒྲའི་ཡང་དག་པ་དང་། ཡོངས་སུ་ 28-1-179a གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྒྲའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྒྲའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྒྲའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྒྲའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྒྲའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྒྲའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དྲིའི་ཡང་ དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དྲིའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དྲིའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དྲིའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་ བས། དྲིའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དྲིའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དྲིའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་ མཐོང་ངོ་། །དེས་རོའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རོའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རོའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་རོའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རོའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རོའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རོའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རེག་གི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རེག་གི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མ་མཐོང་བས། རེག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རེག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དེས་རེག་གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རེག་གི་ 28-1-179b སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རེག་གི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཆོས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་ གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཆོས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆོས་རྣམས་ ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆོས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་རྣམས་ཀྱི་ཚོགས་ ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱིག་གི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་ སྟེ། དེས་མྱིག་གི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་རྣམ་པར་ ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་ བས། མྱིག་གི་རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་ གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣ་བའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ 28-1-180a ངོ་། །དེས་རྣ་བའི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་ པར་རྗེས་སུ་མ་མཐོང་བས། རྣ་བའི་རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྣའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྣའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་སྣའི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལྕེའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མྱི་མཐོང་སྟེ། དེས་ལྕེའི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་ ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་རྣམ་པར་ཤེས་པའི་ ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལུས་ཀྱི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། 28-1-180b དེས་ལུས་ཀྱི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་ པར་རྗེས་སུ་མ་མཐོང་བས། ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་རྣམ་པར་ཤེས་པའི་ཚོགས་ཡང་ དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱི་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཡིད་ཀྱི་ རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་རྣམ་པར་ཤེས་པའི་ སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་ པར་རྗེས་སུ་མྱི་མཐོང་སྟེ། དེས་མྱིག་གི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་སྐྱེ་བ་ ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་འདུས་ཏེ་རེག་པའི་ཚོགས་ཡང་དག་ 28-1-181a པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བའི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣ་བའི་འདུས་ཏེ་རེག་ པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་ སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་སྣའི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྣའི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་སྐྱེ་བ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལྕེའི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ 28-1-181b མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལུས་ཀྱི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཡིད་ཀྱི་འདུས་ཏེ་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་ སུ་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ 28-1-182a རྗེས་སུ་མྱི་མཐོང་བས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་ དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་ པར་རྗེས་སུ་མ་མཐོང་བས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྣའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ 28-1-182b ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་ དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱིས་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་ བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་ 28-1-183a པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་སའི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སའི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སའི་ཁམས་ཀྱི་སྐྱེ་བ་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མ་མཐོང་བས། སའི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཆུའི་ཁམས་ཀྱིས་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་ པར་རྗེས་སུ་མྱི་མཐོང་སྟེ། དེས་ཆུའི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆུའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆུའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་ 28-1-183b སུ་མ་མཐོང་བས། ཆུའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆུའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆུའི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱེའི་ཁམས་ཀྱིས་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མྱེའི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་ དག་པར་རྗེས་སུ་མ་མཐོང་བས། མྱེའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱེའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱེའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་མྱེའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱེའི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རླུང་གི་ཁམས་ ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རླུང་གི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རླུང་གི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་རླུང་གི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རླུང་གི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རླུང་གི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རླུང་ གི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ནམ་མཁའི་ཁམས་ཀྱིས་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། དེས་ནམ་མཁའི་ཁམས་ཀྱིས་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ནམ་མཁའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ནམ་མཁའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་ 28-1-184a རྗེས་སུ་མ་མཐོང་བས། ནམ་མཁའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ནམ་མཁའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ནམ་མཁའི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་ མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣམ་པར་ཤེས་པའི་ཁམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣམ་པར་ཤེས་པའི་ཁམས་ཀྱི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་ བས། རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་ཁམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་ མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མ་རིག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མ་རིག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ ཡང་དག་པར་རྗེས་སུ་མ་མཐོང་བས། མ་རིག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མ་རིག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མ་རིག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མ་རིག་པའི་སྐྱེ་བའི་ སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མ་རིག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུ་བྱེད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། དེས་འདུ་བྱེད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུ་བྱེད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ 28-1-184b ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུ་བྱེད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུ་བྱེད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣམ་པར་ཤེས་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་སྐྱེ་བ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཤེས་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཤེས་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མ་མཐོང་བས། རྣམ་པར་ཤེས་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱིང་དང་གཟུགས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་ མྱི་མཐོང་སྟེ། དེས་མྱིང་དང་གཟུགས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིང་དང་གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིང་དང་གཟུགས་ཀྱི་སྐྱེ་བ་ཡང་དག་པར་ རྗེས་སུ་མ་མཐོང་བས། མྱིང་དང་གཟུགས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱིང་དང་གཟུགས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱིང་དང་གཟུགས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་ སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྐྱེ་མཆེད་དྲུག་གི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྐྱེ་མཆེད་དྲུག་གི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་མཆེད་དྲུག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྐྱེ་མཆེད་དྲུག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་མཆེད་དྲུག་གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ 28-1-185a མྱི་མཐོང་ངོ་། །དེས་སྐྱེ་མཆེད་དྲུག་གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་མཆེད་དྲུག་གི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རེག་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རེག་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རེག་ པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རེག་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རེག་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ རྗེས་སུ་མ་མཐོང་བས། ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་ རྗེས་སུ་མ་མཐོང་བས། དེས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྲེད་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་ སྟེ། དེས་སྲེད་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྲེད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྲེད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྲེད་པའི་སྐྱེ་བའི་ སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྲེད་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྲེད་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་ 28-1-185b མཐོང་ངོ་། །དེས་ལེན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལེན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལེན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་ལེན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལེན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལེན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལེན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྲིད་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྲིད་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་ མཐོང་བས། སྲིད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྲིད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྲིད་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྲིད་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མ་མཐོང་བས། སྲིད་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྐྱེ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ སྐྱེ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྐྱེ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་བའི་སྐྱེ་བའི་སྒོ་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །དེས་སྐྱེ་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྐྱེ་བའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྒ་ཤིའི་ཡང་དག་པ་ དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྒ་ཤིའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒ་ཤིའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། 28-1-186a དེས་རྒ་ཤིའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒ་ཤིའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྒ་ཤིའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒ་ཤིའི་ཚོགས་ཡང་དག་པར་རྗེས་ སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་ བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་ དག་པར་རྗེས་སུ་མ་མཐོང་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་ 28-1-186b གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ ཡང་དག་པར་རྗེས་སུ་མ་མཐོང་བས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་ སུ་མཐོང་ངོ་། །དེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་ གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བསམ་གཏན་ 28-1-187a གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་ སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། དེས་ནང་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ནང་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ནང་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ནང་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ནང་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ནང་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་ 28-1-187b པར་རྗེས་སུ་མཐོང་ངོ་། །དེས་ཕྱི་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཕྱི་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱི་ སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མ་མཐོང་བས། ཕྱི་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཕྱི་ནང་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཕྱི་ནང་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱི་ནང་སྟོང་པ་ ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ རྗེས་སུ་མྱི་མཐོང་སྟེ། དེས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྟོང་པ་ ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། 28-1-188a སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཆེན་པོ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་ གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཆེན་པོ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆེན་པོ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆེན་པོ་སྟོང་ པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་ མྱི་མཐོང་སྟེ། དེས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དོན་ དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དོན་དམ་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དོན་དམ་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུས་བྱས་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འདུས་བྱས་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། 28-1-188b དེས་འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུས་བྱས་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་བྱས་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་ དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་ བས། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་ བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་ 28-1-189a དག་པར་རྗེས་སུ་མཐོང་ངོ་། །དེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་ དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་ དག་པར་རྗེས་སུ་མ་མཐོང་བས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ ངོ་། །དེས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་ མཐོང་བས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རང་བཞིན་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རང་བཞིན་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། 28-1-189b དེས་རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རང་བཞིན་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་བཞིན་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མྱི་མཐོང་སྟེ། དེས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆོས་ཐམས་ཅད་ སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། དེས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རང་གི་མཚན་ཉིད་སྟོང་པ་ ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་ 28-1-190a རྗེས་སུ་མྱི་མཐོང་སྟེ། དེས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱི་ དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་ དམྱིགས་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་ དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་ བས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། 28-1-190b ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་ པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །དེས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་ མཐོང་ངོ་། །དེས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མ་མཐོང་བས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་ བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་ དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡང་དག་པར་སྤོང་བ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཡང་དག་པར་སྤོང་བ་རྣམས་ཀྱི་ཡང་དག་པ་དང་། ཡོངས་ 28-1-191a སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡང་དག་པར་སྤོང་བ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡང་དག་པར་སྤོང་བ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡང་དག་པར་སྤོང་བ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཡང་དག་པར་སྤོང་བ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡང་དག་པར་སྤོང་བ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་ མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དབང་པོ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དབང་པོ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་ པ་ཡང་དག་པར་རྗེས་སུ་མ་མཐོང་བས། དབང་པོ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དབང་པོ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དབང་པོ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་དབང་པོ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དབང་པོ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྟོབས་ 28-1-191b རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྟོབས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །དེས་སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོབས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྟོབས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོབས་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མྱི་མཐོང་སྟེ། དེས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བྱང་ ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མ་མཐོང་བས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འཕགས་པའི་ ལམ་ཡན་ལག་བརྒྱད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ 28-1-192a མྱི་མཐོང་ངོ་། །དེས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་འཕགས་པའི་བདེན་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་འཕགས་པའི་བདེན་པ་རྣམས་ཀྱི་ཡང་ དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། འཕགས་པའི་བདེན་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འཕགས་པའི་བདེན་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་ མཐོང་བས། འཕགས་པའི་བདེན་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་འཕགས་པའི་བདེན་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། འཕགས་པའི་བདེན་པ་ རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བསམ་གཏན་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་ སུ་མྱི་མཐོང་སྟེ། དེས་བསམ་གཏན་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བསམ་གཏན་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བསམ་ གཏན་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བསམ་གཏན་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་བསམ་གཏན་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མ་མཐོང་བས། བསམ་གཏན་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཚད་མྱེད་པ་རྣམས་ཀྱི་ཡང་དག་པ་དང་། 28-1-192b ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཚད་མྱེད་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚད་མྱེད་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་ཚད་མྱེད་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཚད་མྱེད་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཚད་མྱེད་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་ རྗེས་སུ་མ་མཐོང་བས། ཚད་མྱེད་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་ བས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣམ་པར་ཐར་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་ དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣམ་པར་ཐར་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཐར་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ 28-1-193a རྣམ་པར་ཐར་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་ཐར་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པར་ཐར་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མ་མཐོང་བས། རྣམ་པར་ཐར་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་ཡང་དག་པ་དང་། ཡོངས་སུ་ གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ 28-1-193b ཡང་དག་པར་རྗེས་སུ་མ་མཐོང་བས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་ ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མཚན་མ་མྱེད་པའི་ཏིང་ངེ་ འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། དེས་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ མངོན་པར་ཤེས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མངོན་པར་ཤེས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མངོན་པར་ཤེས་པ་ 28-1-194a རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མངོན་པར་ཤེས་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མངོན་པར་ཤེས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མངོན་པར་ ཤེས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མངོན་པར་ཤེས་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཏིང་ངེ་འཛིན་ཀྱི་རྣམས་ ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཏིང་ངེ་འཛིན་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །དེས་ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཏིང་ངེ་འཛིན་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཏིང་ ངེ་འཛིན་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་གཟུངས་ཀྱི་སྒོ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ གཟུངས་ཀྱི་སྒོ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་ མཐོང་བས། གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུངས་ཀྱི་སྒོ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་ དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དེ་བཞིན་གཤེགས་ 28-1-194b པའི་སྟོབས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བའི་ སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མྱི་ འཇིགས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མྱི་འཇིགས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་འཇིགས་ པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱི་འཇིགས་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་འཇིགས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་མྱི་འཇིགས་ པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་འཇིགས་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སོ་སོ་ཡང་དག་ པར་རིག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་ 28-1-195a རྗེས་སུ་མྱི་མཐོང་ངོ་། །དེས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བྱམས་པ་ཆེན་པོའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་བྱམས་པ་ཆེན་པོའི་ཡང་དག་པ་དང་། ཡོངས་ སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། བྱམས་པ་ཆེན་པོའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱམས་པ་ཆེན་པོའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། བྱམས་པ་ཆེན་པོའི་སྐྱེ་བའི་སྒོ་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །དེས་བྱམས་པ་ཆེན་པོའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། བྱམས་པ་ཆེན་པོའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་ སུ་མཐོང་ངོ་། །དེས་སྙིང་རྗེ་ཆེན་པོའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སྙིང་རྗེ་ཆེན་པོའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྙིང་རྗེ་ ཆེན་པོའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྙིང་རྗེ་ཆེན་པོའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྙིང་རྗེ་ཆེན་པོའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་སྙིང་རྗེ་ཆེན་པོའི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མ་མཐོང་བས། སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཡང་དག་ པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ 28-1-195b རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ མྱི་མཐོང་ངོ་། །དེས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་ དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཡང་དག་པ་ དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཚོགས་ཡང་དག་ པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལན་ཅིག་ཕྱིར་འོང་ བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་ 28-1-196a མ་མཐོང་བས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཕྱིར་མྱི་འོང་བའི་འབྲས་ བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ཕྱིར་མྱི་འོང་བའི་འབྲས་བུའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་ རྗེས་སུ་མྱི་མཐོང་ངོ་། །དེས་ཕྱིར་མྱི་འོང་བའི་འབྲས་བུའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ཕྱིར་མྱི་འོང་བའི་འབྲས་བུའི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དགྲ་བཅོམ་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་དགྲ་བཅོམ་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ ཡང་དག་པར་རྗེས་སུ་མ་མཐོང་བས། དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་དགྲ་བཅོམ་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དགྲ་བཅོམ་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་ པར་རྗེས་སུ་མཐོང་ངོ་། །དེས་རང་བྱང་ཆུབ་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རང་བྱང་ཆུབ་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་བྱང་ 28-1-196b ཆུབ་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རང་བྱང་ཆུབ་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རང་བྱང་ཆུབ་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རང་བྱང་ཆུབ་ཀྱི་སྐྱེ་བའི་སྒོ་ཡང་ དག་པར་རྗེས་སུ་མ་མཐོང་བས། རང་བྱང་ཆུབ་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡང་དག་པ་ དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་བས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྐྱེ་བ་ཡང་ དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་ལམ་གྱི་རྣམ་པ་ཤེས་ པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བའི་སྒོ་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། 28-1-197a གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་དེ་ལྟར་རྟོག་པའི་ཚེ། གཟུགས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཚོར་བའི་རང་བཞིན་མྱི་དམྱིགས་སོ། །འདུ་ཤེས་ཀྱི་རང་བཞིན་ མྱི་དམྱིགས་སོ། །འདུ་བྱེད་ཀྱི་རང་བཞིན་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །མྱིག་གི་རང་བཞིན་མྱི་དམྱིགས་སོ། །རྣ་བའི་རང་བཞིན་མྱི་དམྱིགས་སོ། །སྣའི་རང་བཞིན་མྱི་དམྱིགས་སོ། །ལྕེའི་ རང་བཞིན་མྱི་དམྱིགས་སོ། །ལུས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཡིད་ཀྱི་རང་བཞིན་མྱི་དམྱིགས་སོ། །གཟུགས་ཀྱི་རང་བཞིན་མྱི་དམྱིགས་སོ། །སྒྲའི་རང་བཞིན་མྱི་དམྱིགས་སོ། །དྲིའི་རང་བཞིན་མྱི་དམྱིགས་སོ། ། རོའི་རང་བཞིན་མྱི་དམྱིགས་སོ། །རེག་གི་རང་བཞིན་མྱི་དམྱིགས་སོ། །ཆོས་ཀྱི་རང་བཞིན་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །སྣའི་ རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །མྱིག་ གི་འདུས་ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །ལུས་ཀྱི་འདུས་ ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་ དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་ 28-1-197b དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱི་དམྱིགས་སོ། །སའི་ཁམས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཆུའི་ཁམས་ཀྱི་རང་བཞིན་མྱི་དམྱིགས་སོ། །མྱེའི་ཁམས་ཀྱི་རང་བཞིན་མྱི་དམྱིགས་ སོ། །རླུང་གི་ཁམས་ཀྱི་རང་བཞིན་མྱི་དམྱིགས་སོ། །ནམ་མཁའི་ཁམས་ཀྱི་རང་བཞིན་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་མྱི་དམྱིགས་སོ། །མ་རིག་པའི་རང་བཞིན་མྱི་དམྱིགས་སོ། །འདུ་ བྱེད་ཀྱི་རང་བཞིན་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མྱི་དམྱིགས་སོ། །མྱིང་དང་གཟུགས་ཀྱི་རང་བཞིན་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་གི་རང་བཞིན་མྱི་དམྱིགས་སོ། །རེག་པའི་རང་བཞིན་མྱི་དམྱིགས་སོ། །ཚོར་ བའི་རང་བཞིན་མྱི་དམྱིགས་སོ། །སྲེད་པའི་རང་བཞིན་མྱི་དམྱིགས་སོ། །ལེན་པའི་རང་བཞིན་མྱི་དམྱིགས་སོ། །སྲིད་པའི་རང་བཞིན་མྱི་དམྱིགས་སོ། །སྐྱེ་བའི་རང་བཞིན་མྱི་དམྱིགས་སོ། །རྒ་ཤིའི་རང་བཞིན་མྱི་དམྱིགས་སོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་ དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ 28-1-198a ཀྱི་རང་བཞིན་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ རང་བཞིན་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་ བཞིན་མྱི་དམྱིགས་སོ། །དྲན་པ་ཉེད་བར་གཞག་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །དབང་པོ་རྣམས་ཀྱི་རང་བཞིན་ མྱི་དམྱིགས་སོ། །སྟོབས་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ཀྱི་རང་ བཞིན་མྱི་དམྱིགས་སོ། །བསམ་གཏན་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །རྣམ་པར་ཐར་པ་རྣམས་ ཀྱི་རང་བཞིན་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་རང་བཞིན་མྱི་དམྱིགས་སོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱི་རང་བཞིན་མྱི་དམྱིགས་སོ། ། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་རང་བཞིན་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །མྱི་འཇིགས་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །བྱམས་པ་ཆེན་པོའི་རང་བཞིན་མྱི་དམྱིགས་སོ། ། 28-1-198b སྙིང་རྗེ་ཆེན་པོའི་རང་བཞིན་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་མྱི་ དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་མྱི་དམྱིགས་སོ། །དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །རང་བྱང་ཆུབ་ཀྱི་རང་བཞིན་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་མྱི་དམྱིགས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་རང་བཞིན་དེ་ཉིད་དུ་རྟོགས་པར་བྱེད་དེ། དེ་དེ་ལྟར་རྟོགས་པར་བྱེད་ཅིང་ནང་སྟོང་པ་ཉིད་ལ་ སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་ འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། 28-1-199a ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པར་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་ པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་ པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་ དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་ 28-1-199b རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་ རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་སམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུགས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ལ་ཡང་ མངོན་པར་ཆགས་པ་མྱེད་དོ། །དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་ པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་ པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ 28-1-200a ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐྱང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་ པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུགས་ཀྱི་སྒོ་རྣམས་དང་། དེ་བཞིན་ གཤེགས་པའི་སྟོབས་རྣམས་དང་། མྱི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དེ། མྱི་ ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་ཏོ། །དེ་བྱང་ཆུབ་ཀྱི་ལམ་རྣམ་པར་སྨྱིན་པའི་ཆོས་ཅན་ལ་གནས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ 28-1-200b ཡོངས་སུ་རྫོགས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་ རྫོགས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། དངོས་པོ་ མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པ་དང་། ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པ་དང་། དབང་ པོ་ལྔ་ཡོངས་སུ་རྫོགས་པ་དང་། སྟོབས་ལྔ་ཡོངས་སུ་རྫོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པ་དང་། འཕགས་པའི་བདེན་པ་བཞི་ ཡོངས་སུ་རྫོགས་པ་དང་། བསམ་གཏན་བཞི་ཡོངས་སུ་རྫོགས་པ་དང་། ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་ སུ་རྫོགས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པ་དང་། རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པ་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་ གྱུར་ནས། སེམས་ཅན་གང་ལ་སྦྱིན་པས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་། སྦྱིན་པས་ཕན་འདོགས་སོ། །གང་ལ་ཚུལ་ཁྲིམས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ཚུལ་ཁྲིམས་ཀྱིས་ཕན་འདོགས་སོ། །གང་ལ་བཟོད་ པས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་བཟོད་པས་ཕན་འདོགས་སོ། །གང་ལ་བརྩོན་འགྲུས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་བརྩོན་འགྲུས་ཀྱིས་ཕན་འདོགས་སོ། །གང་ལ་བསམ་གཏན་གྱིས་ཕན་གདགས་པར་བྱ་བ་དེ་ 28-1-201a དག་ལ་ཡང་བསམ་གཏན་གྱིས་ཕན་འདོགས་སོ། །གང་ལ་ཤེས་རབ་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ཤེས་རབ་ཀྱིས་ཕན་འདོགས་སོ། །གང་ལ་རྣམ་པར་གྲོལ་བས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ རྣམ་པར་གྲོལ་བས་ཕན་འདོགས་སོ། །གང་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཕན་འདོགས་སོ། །གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ དགོད་པར་བྱ་བ་དེ་དག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ཀྱང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ཕྱིར་མྱི་ འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ཀྱང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱ་བ་དེ་དག་ཀྱང་དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །གང་རང་བྱང་ཆུབ་ལ་ དགོད་པར་བྱ་བ་དེ་དག་ཀྱང་། རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་བ་དེ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་ འགོད་དོ། །དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མས་རྣམ་པར་འཕྲུལ་ཞིང་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དུ་འགྲོ་སྟེ། དེ་འདོད་ན་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་རིན་པོ་ཆེ་གང་ལས་ འདོད་པའི་རིན་པོ་ཆེ་དེ་དག་ལས་གྲུབ་པར་མངོན་པར་སྒྲུབ་སྟེ། དེ་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། དེས་འཇིག་རྟེན་གྱི་ཁམས་ དེ་དག་མཐོང་ནས། ཅི་འདོད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏེ། འདི་ལྟར་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་ཀྱི་ལོངས་སྤྱོད་དང་། སྐྱིད་པ་ལྟ་བུ་དག་དང་། སངས་རྒྱས་ཀྱི་ཞིང་གཞན་བཙལ་བ་དང་བྲལ་བ་ 28-1-201b དག་ན། ལོངས་སྤྱོད་དང་། སྐྱིད་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་དེར་འབྱུང་སྟེ། དེ་རྣམ་པར་སྨྱིན་པ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་ སྨྱིན་པ་ལས་བྱུང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་སྨྱིན་པ་ ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་དང་། རྣམ་པར་སྨྱིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། ཆོས་ཐམས་ ཅད་ཡོངས་སུ་རྫོགས་པ་ཐོབ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ། གལ་ཏེ་ཅི་ཙམ་དུ་གཟུགས་ཡོངས་སུ་བཟུང་བ་མྱེད་པ་དང་། ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། འདུ་ཤེས་ཡོངས་སུ་ བཟུང་བ་མྱེད་པ་དང་། འདུ་བྱེད་ཡོངས་སུ་བཟུང་བ་མྱེད་པ་དང་། རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། མྱིག་ཡོངས་སུ་བཟུང་བ་མྱེད་པ་དང་། རྣ་བ་ཡོངས་སུ་བཟུང་བ་མྱེད་པ་དང་། སྣ་ཡོངས་སུ་བཟུང་བ་ མྱེད་པ་དང་། ལྕེ་ཡོངས་སུ་བཟུང་བ་མྱེད་པ་དང་། ལུས་ཡོངས་སུ་བཟུང་བ་མྱེད་པ་དང་། ཡིད་ཡོངས་སུ་བཟུང་བ་མྱེད་པ་དང་། གཟུགས་ཡོངས་སུ་བཟུང་བ་མྱེད་པ་དང་། སྒྲ་ཡོངས་སུ་བཟུང་བ་མྱེད་པ་དང་། དྲི་ཡོངས་སུ་ བཟུང་བ་མྱེད་པ་དང་། རོ་ཡོངས་སུ་བཟུང་བ་མྱེད་པ་དང་། རེག་ཡོངས་སུ་བཟུང་བ་མྱེད་པ་དང་། ཆོས་ཡོངས་སུ་བཟུང་བ་མྱེད་པ་དང་། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་ཡོངས་ སུ་བཟུང་བ་མྱེད་པ་དང་། སྣའི་རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ 28-1-202a ཡོངས་སུ་བཟུང་བ་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། སྣའི་འདུས་ཏེ་རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ལྕེའི་འདུས་ཏེ་ རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་བཟུང་བ་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་ མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་མྱེད་ པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། སའི་ཁམས་ཡོངས་སུ་བཟུང་བ་མྱེད་པ་དང་། ཆུའི་ཁམས་ཡོངས་སུ་བཟུང་ བ་མྱེད་པ་དང་། མྱེའི་ཁམས་ཡོངས་སུ་བཟུང་བ་མྱེད་པ་དང་། རླུང་གི་ཁམས་ཡོངས་སུ་བཟུང་བ་མྱེད་པ་དང་། ནམ་མཁའི་ཁམས་ཡོངས་སུ་བཟུང་བ་མྱེད་པ་དང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་བཟུང་བ་མྱེད་པ་དང་། མ་རིག་ པ་ཡོངས་སུ་བཟུང་བ་མྱེད་པ་དང་། འདུ་བྱེད་ཡོངས་སུ་བཟུང་བ་མྱེད་པ་དང་། རྣམ་པར་ཤེས་པ་ཡོངས་སུ་བཟུང་བ་མྱེད་པ་དང་། མྱིང་དང་གཟུགས་ཡོངས་སུ་བཟུང་བ་མྱེད་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་བཟུང་བ་མྱེད་པ་དང་། རེག་པ་ཡོངས་ སུ་བཟུང་བ་མྱེད་པ་དང་། ཚོར་བ་ཡོངས་སུ་བཟུང་བ་མྱེད་པ་དང་། སྲེད་པ་ཡོངས་སུ་བཟུང་བ་མྱེད་པ་དང་། ལེན་པ་ཡོངས་སུ་བཟུང་བ་མྱེད་པ་དང་། སྲིད་པ་ཡོངས་སུ་བཟུང་བ་མྱེད་པ་དང་། སྐྱེ་བ་ཡོངས་སུ་བཟུང་བ་མྱེད་པ་དང་། རྒ་ཤི་ཡོངས་ སུ་བཟུང་བ་མྱེད་པ་དང་། དེ་བཞིན་དུ་དགེ་བའི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། མྱི་དགེ་བའི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། འཇིག་རྟེན་པའི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། འཇིག་རྟེན་ལས་འདས་པའི་ 28-1-202b ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། ཟག་པ་མྱེད་པའི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། འདུས་བྱས་ཀྱི་ཆོས་རྣམས་ཡོངས་སུ་བཟུང་ བ་མྱེད་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཡོངས་སུ་བཟུང་བ་མྱེད་པ་དང་། དེ་བཞིན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཞིང་དེར་ལོངས་ སྤྱོད་པ་དང་། སྐྱིད་པ་ཐམས་ཅད་ཡོངས་སུ་བཟུང་བ་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དམྱིགས་སུ་མྱེད་པའི་ཚུལ་གྱིས་ཡོངས་སུ་བཟུང་བ་མྱེད་པ་སྟེ། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མྱེད་པའི་ ཕྱིར་ཡང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་ སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་ 28-1-203a རོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོར་བ་ མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་ མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་དག་པར་སྤོང་བ་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོབས་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་ པའི་བདེན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་ཡོངས་སུ་རྫོགས་པར་འགྱུར་རོ། །ཚད་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་ཐར་པ་ཡོངས་ སུ་རྫོགས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མངོན་པར་ཤེས་ 28-1-203b པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུངས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་རྫོགས་པར་འགྱུར་རོ། །མྱི་འཇིགས་པ་ཡོངས་ སུ་རྫོགས་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་བཅུ་རྩ་གཅིག་གོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། དེ་ནས་ ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་། མཚན་མ་མ་མཆིས་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ལགས་ ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་ཇི་ལྟར་ན་ཐ་དད་དུ་གྱུར་པར་གདའ་བ་ལགས། ཇི་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུས་ 28-1-204a པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནང་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ ཕྱི་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཕྱི་ནང་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོང་པ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པར་ཆེན་པོ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དོན་དམ་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་བྱས་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་མ་བྱས་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཐའ་ལས་འདས་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐོག་ མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དོར་བ་མྱེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རང་བཞིན་སྟོང་པ་ཉིད་འདུས་པ་ལགས། ཇི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རང་གི་མཚན་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་ དམྱིགས་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དངོས་པོ་མྱེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དྲན་པ་ཉེ་བར་གཞག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ 28-1-204b ཏུ་ཕྱིན་པར། ཡང་དག་པར་སྤོང་བ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དབང་པོ་རྣམས་འདུས་པ་ ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོབས་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཕགས་ པའི་ལམ་ཡན་ལག་བརྒྱད་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཕགས་པའི་བདེན་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསམ་གཏན་རྣམས་འདུས་པ་ ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཚད་མྱེད་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་ཐར་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་ཤེས་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པར་ཏིང་ངེ་འཛིན་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུངས་ཀྱི་སྒོ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། མྱི་འཇིགས་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སོ་སོ་ཡང་དག་པར་རིག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ 28-1-205a བྱམས་པ་ཆེན་པོ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། སྙིང་རྗེ་ཆེན་པོར་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འདུས་པ་ལགས། བཅོམ་ལྡན་འདས་དེ་ལྟར་མཚན་ཉིད་ཀྱང་ཐ་དད་ལ་འདི་ལྟ་སྟེ། མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པར་གྱུར་པ་དེ་དག་རྣམ་པ་ཇི་ལྟ་བུར་གདགས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་ འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་ སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྨྱིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། ། ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་ སྒོམ་མོ། །མྱིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྲ་བརྙན་ལྟ་བུའི་ཉེ་ བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ 28-1-205b གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དེ་འདི་ལྟར་རྟོག་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྨྱི་ལམ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྱུ་ མ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྨྱིག་རྒྱུ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཆུ་ཟླ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་མྱིག་ཡོར་ལྟ་བུ་ སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྲ་བརྙན་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་བརྙན་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་དྲི་ཟའི་གྲོང་ཁྱེར་ ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྤྲུལ་པ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་ལ་རང་བཞིན་གང་ཡང་མྱེད་དོ། །སྒྱུ་མ་ལ་རང་བཞིན་གང་ཡང་མྱེད་དོ། །སྨྱིག་རྒྱུ་ལ་རང་བཞིན་གང་ཡང་ མྱེད་དོ། །ཆུ་ཟླ་ལ་རང་བཞིན་གང་ཡང་མྱེད་དོ། །མྱིག་ཡོར་ལ་རང་བཞིན་གང་ཡང་མྱེད་དོ། །སྒྲ་བརྙན་ལ་རང་བཞིན་གང་ཡང་མྱེད་དོ། །གཟུགས་བརྙན་ལ་རང་བཞིན་གང་ཡང་མྱེད་དོ། །དྲི་ཟའི་གྲོང་ཁྱེར་ལ་རང་བཞིན་གང་ཡང་མྱེད་ དོ། །སྤྲུལ་པ་ལ་རང་བཞིན་གང་ཡང་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ལ་མཚན་ཉིད་མྱེད་དེ། གང་ལ་མཚན་ཉིད་མྱེད་པ་དེ་ནི། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བར་རྟོགས་པར་བྱེད་དེ། 28-1-206a རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། སྦྱིན་པ་ནི་མཚན་ཉིད་མྱེད་པའོ། །གཏོང་བ་ནི་མཚན་ཉིད་མྱེད་པའོ། །ལེན་པ་ནི་མཚན་ཉིད་མྱེད་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་དེ་ལྟར་ ཤེས་ན། སྦྱིན་པ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་ གོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ལ་གནས་ཤིང་། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་ པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་ལྔ་ཡོངས་སུ་རྫོགས་ པར་བྱེད་དོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་ 28-1-206b སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་ ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་ དོ། །མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་ བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་ པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཆོས་བྱང་བ་འཇིག་རྟེན་ལས་འདས་པ་ཐུང་མོང་མ་ཡིན་པ་རྣམ་པར་སྨྱིན་པ་ལས་བྱུང་བ་རྣམས་ལ་གནས་ཤིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་དྲུང་དུ། རྫུ་འཕྲུལ་གྱིས་སོང་ 28-1-207a ཞིང་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་ཀྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྙེན་བཀུར་བྱེད་དེ། ལོངས་སྤྱོད་དང་། སྐྱིད་པ་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་ དོན་བྱེད་དོ། །དེ་ན་སེམས་ཅན་གང་སྦྱིན་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སྦྱིན་པས་ཡོངས་སུ་སྡུད་དོ། །གང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཚུལ་ཁྲིམས་ཀྱིས་ཡོངས་སུ་སྡུད་དོ། །གང་བཟོད་པས་ཡོངས་ སུ་བསྡུ་བ་དེ་དག་ཀྱང་བཟོད་པས་ཡོངས་སུ་སྡུད་དོ། །གང་བརྩོན་འགྲུས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་བརྩོན་འགྲུས་ཀྱིས་ཡོངས་སུ་སྡུད་དོ། །གང་ཏིང་ངེ་འཛིན་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཏིང་ངེ་འཛིན་ ཀྱིས་ཡོངས་སུ་སྡུད་དོ། །གང་ཤེས་རབ་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཤེས་རབ་ཀྱིས་ཡོངས་སུ་སྡུད་དོ། །གང་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཕྱི་ སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་ བ་དེ་དག་ཀྱང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ 28-1-207b ཡོངས་སུ་བསྡུ་བ་དེ་དག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་ སུ་སྡུད་དོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མྱི་དམྱིགས་ པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དྲན་པ་ཉེ་བར་གཞག་པ་ རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་སྡུད་དོ། ། གང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་དབང་པོ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དབང་པོ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ སྟོབས་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སྟོབས་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ 28-1-208a ལམ་གྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ལམ་གྱིས་ཡོངས་སུ་སྡུད་དོ། །གང་འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བསམ་ གཏན་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། བསམ་གཏན་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པར་ཐར་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྣམ་པར་ཐར་ པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་སྡུད་དོ། །གང་ མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་སྡུད་དོ། ། གང་གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་མྱི་འཇིགས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མྱི་འཇིགས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་ 28-1-208b སུ་བསྡུ་བ་དེ་དག་ཀྱང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བྱམས་པ་ཆེན་པོས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། བྱམས་པ་ཆེན་པོས་ཡོངས་སུ་སྡུད་དོ། །གང་སྙིང་རྗེ་ཆེན་པོས་ཡོངས་སུ་བསྡུ་བ་དེ་ དག་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་སྡུད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྒྱུན་ཏུ་ཞུགས་པའི་འབྲས་ བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་ཕྱིར་མྱི་འོང་བའི་ འབྲས་བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཕྱིར་མྱི་འོང་བའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རང་བྱང་ཆུབ་ཀྱིས་ཡོངས་སུ་བསྡུ་ བ་དེ་དག་ཀྱང་རང་བྱང་ཆུབ་ཀྱིས་ཡོངས་སུ་སྡུད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་ སུ་བསྡུ་བ་དེ་དག་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །དེ་ལྟར་གང་དང་གང་དགེ་བའི་ཆོས་གང་དང་གང་གིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དགེ་བའི་ཆོས་དེ་དང་དེ་དག་གིས་ཡོངས་སུ་སྡུད་དོ། །དེ་དགེ་བའི་ རྩ་བ་དེ་དག་དང་ལྡན་ཞིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བས། འཁོར་བ་ཉེ་བར་ལེན་ཀྱང་འཁོར་བའི་སྡུག་བསྔལ་གྱིས་མྱི་གོས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་ཏུ་མྱི་དང་ལྷའི་ཕུན་སུམ་ཚོགས་པ་ཉེ་བར་ལེན་ཏོ། །ཕུན་ སུམ་ཚོགས་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ། །དེ་ཆོས་ཐམས་ཅད་མཚན་ཉིད་མྱེད་པར་ཤེས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་ཀྱང་དེ་ལ་མྱི་གནས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་ཀྱང་དེ་ལ་ 28-1-209a མྱི་གནས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་ཀྱང་དེ་ལ་མྱི་གནས་སོ། །དགྲ་བཅོམ་པ་ཉིད་ཤེས་ཀྱང་དེ་ལ་མྱི་གནས་སོ། །རང་བྱང་ཆུབ་ཤེས་ཀྱང་དེ་ལ་མྱི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཆོས་ཐམས་ ཅད་ཤེས་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ མཚན་ཉིད་མྱེད་པར་ཤེས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །ནང་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཕྱི་ སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཆེན་པོ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དོན་དམ་པ་སྟོང་པ་ཉིད་མཚན་ཉིད་ མྱེད་པར་ཤེས་སོ། །འདུས་བྱས་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །འདུས་མ་བྱས་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཐོག་མ་དང་ཐ་མ་མྱེད་པ་ སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རང་བཞིན་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རང་གི་ མཚན་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། ། 28-1-209b དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དྲན་པ་ཉེ་དབར་གཞག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །ཡང་དག་པར་སྤོང་བ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ མཚན་ཉིད་མྱེད་པར་ཤེས་སོ། །དབང་པོ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །སྟོབས་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ མཚན་ཉིད་མྱེད་པར་ཤེས་སོ། །འཕགས་པའི་བདེན་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །བསམ་གཏན་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །ཚད་མྱེད་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྣམ་པར་ཐར་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཚན་ཉིད་མྱེད་པར་ཤེས་སོ། །མངོན་པར་ཤེས་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །ཏིང་ངེ་འཛིན་རྣམས་མཚན་ཉིད་མྱེད་པར་ཤེས་སོ། ། གཟུངས་ཀྱི་སྒོ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །བྱམས་པ་ཆེན་པོ་མཚན་ ཉིད་མྱེད་པར་ཤེས་སོ། །སྙིང་རྗེ་ཆེན་པོ་མཚན་ཉིད་མྱེད་པར་ཤེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མཚན་ཉིད་མྱེད་པར་ཤེས་སོ། །ལན་ཅིག་ཕྱིར་ འོང་བའི་འབྲས་བུ་མཚན་ཉིད་མྱེད་པར་ཤེས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་མཚན་ཉིད་མྱེད་པར་ཤེས་སོ། །དགྲ་བཅོམ་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རང་བྱང་ཆུབ་མཚན་ཉིད་མྱེད་པར་ཤེས་སོ། །ལམ་གྱི་རྣམ་ 28-1-210a པ་ཤེས་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྨྱིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། མྱིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་ པའི་ཕུང་པོ་ལྔ་ལ་གནས། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྨྱི་ལམ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྒྱུ་མ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྨྱིག་ རྒྱུ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་ཆུ་ཟླ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་མྱིག་ཡོར་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྒྲ་བརྙན་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་ གཟུགས་བརྙན་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྤྲུལ་པ་ལྟ་བུར་ཤེས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་ པ། མ་ཞིག་པ་མ་རལ་བ། སྐྱོན་མྱེད་པ། རྙོག་པ་མྱེད་པ། ཉམས་པ་མྱེད་པ། དབང་དུ་གྱུར་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། འཕགས་པར་གྱུར་པ། ཟག་པ་མྱེད་པ། ལམ་གྱི་ 28-1-210b ཁོངས་སུ་ཆུད་པ། འཇིག་རྟེན་ལས་འདས་པ། ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་གནས་ཤིང་ཡང་དག་པར་བླང་བའི་བརྡའ་དང་ལྡན་པའི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དམྱིགས་པའི་ཚུལ་ཁྲིམས་དང་། སྤྱད་པའི་ཚུལ་ཁྲིམས་དང་། མྱི་སྤྱད་པའི་ཚུལ་ཁྲིམས་སྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་པ་ཡང་འདིས་བདག་རྒྱལ་རིགས་ཆེ་ ཞིང་མཐོ་བའི་རིགས་དང་སྐལ་པ་མཉམ་པ་འམ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། སྐལ་པ་མཉམ་པ་འམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་སྐལ་པ་མཉམ་པར་སྐྱེ་བར་བྱའོ་ཞེ་འམ། རྒྱལ་ཕྲན་ ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་བྱའོ་ཞེ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་བྱའོ་ཞེ་འམ། སུམ་ཅུ་རྩ་གསུམ་འམ། མཚེ་མ་འམ། དགའ་ལྡན་ནམ། འཕྲུལ་ དགའ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་བྱའོ་ཞེ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་ འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བྱང་ཆུབ་ཐོབ་པར་བྱའོ་ཞེས་ཚུལ་ཁྲིམས་དེས་སྙེམས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མཚན་ཉིད་མྱེད་པ་སྟེ། འདི་ལྟར་དངོས་ པོ་མྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་ན། མཚན་ཉིད་མྱེད་པའི་ཆོས་ཀྱིས་མཚན་ཉིད་མྱེད་པའི་ཆོས་ཐོབ་པར་མྱི་རུང་ངོ་། །མཚན་ཉིད་ཐ་དད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའི་ཆོས་ཐོབ་ པར་མྱི་རུང་ངོ་། །མཚན་ཉིད་ཐ་དད་པ་འམ། མཚན་ཉིད་མྱེད་པའི་ཆོས་ཀྱིས་ཀྱང་། མཚན་ཉིད་ཐ་དད་པ་འམ། མཚན་ཉིད་མྱེད་པའི་ཆོས་ཐོབ་པར་མྱི་རུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ 28-1-211a དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པ། ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །བྱང་ཆུབ་ སེམས་དཔའ་སྐྱོན་མྱེད་པར་འཇུག་པའི་ཚེ། མྱི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་ནས། གཟུངས་ཀྱི་ སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་ཀྱི་སྒོ་ལྔ་བརྒྱ་ལ་གནས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་ འགྲོ་སྟེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་། འཁོར་བའི་ལས་རྣམ་པར་སྨྱིན་པས་གོས་པར་མྱི་འགྱུར་ཏེ། འདི་ལྟ་ སྟེ་དཔེར་ན། སྤྲུལ་པ་ནི་འགྲོ་བ་འམ། སྡོད་པ་འམ། འདུག་པ་འམ། ཉལ་བ་བྱེད་ཀྱང་དེ་ལ་འགྲོ་བ་འམ། འོང་བ་འམ། སྡོད་པ་འམ། འདུག་པ་འམ། ཉལ་བ་ཡང་མྱི་དམྱིགས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་ ཀྱང་བྱེད་དོ། །སེམས་ཅན་དང་སེམས་ཅན་དུ་བཏགས་པ་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཞི་བ་ཞེས་བྱ་བ། བླ་ ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མྱེད་པ་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་གང་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་གང་ཡང་མ་གཟིགས་ནས། དེས་ཚེའི་འདུ་བྱེད་སྤངས་ནས་སྤྲུལ་པ་སྤྲུལ་བ་མཛད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། ། 28-1-211b རབ་འབྱོར་དེ་ལྟར་སྤྲུལ་པ་དེས་བསྐལ་པ་གཅིག་ལོན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་ སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། དངོས་པོ་གང་ཡང་དམྱིགས་སུ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡང་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་ལ། སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡོངས་སུ་རྫོགས་པས་མཚན་ཉིད་མྱེད་པའི་ཆོས་ཐམས་ཅད་ཁོངས་སུ་ཆུད་པར་ཤེས་སོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མྱིག་གཡོར་ལྟ་བུ་དང་། སྒྱུ་ མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཏེ། མཚན་ཉིད་མྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མཚན་ཉིད་མྱེད་པའི་ཆོས་རྣམས་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ གཉིས་ཀྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། གཉིས་གང་ཞེ་ན། ཉམས་སུ་ལེན་པའི་བཟོད་པ་དང་། ཆོས་ཁོང་དུ་ཆུད་པའི་བཟོད་པའོ། །དེ་ལ་ཉམས་སུ་ལེན་པའི་བཟོད་པ་གང་ཞེ་ན། སེམས་དང་པོ་ 28-1-212a བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་གལ་ཏེ་སེམས་ཅན་ཐམས་ཅད་ཡང་དང་ཡང་འོངས་ཤིང་གཤེ་བ་འམ། མྱི་སྙན་ པར་བརྗོད་ཅིང་མ་ཀླས་པའི་ཚིག་བརླང་བ་ཟེར་བར་གྱུར་ཏམ། རྡོ་དབྱུག་དང་། མཚོན་ཅས་བརྡེགས་སམ། བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་འདོད་པས། སེམས་བསྐྱེད་པ་འགའ་ཙམ་ཡང་འཁྲུགས་པ་དང་ལྡན་པ་འམ། གནོད་སེམས་དང་ལྡན་པ་བསྐྱེད་པར་མྱི་བྱ་སྟེ། ཕྱིར་སེམས་ཅན་དེ་དག་ལ་ཀྱེ་མ་སེམས་ཅན་འདི་དག་ནི་ཉོན་མོངས་པའི་ནད་ཀྱིས་མནར་ པ་སྟེ། འདི་དག་ལ་བདག་གིས་སྡིག་ཏོའི་སེམས་མྱི་སྐྱེད་ཀྱི། འདི་ནི་བདག་ཉིད་ཀྱིས་ཕུང་པོའི་དགྲར་གྱུར་པ་འདི་རྣམས་བླངས་པའི་ལན་ཏོ་ཞེས་དེ་དག་ལ་ལྷག་པར་སྙིང་རྗེ་བསྐྱེད་པར་བྱའོ། །བྱམས་པ་དང་ལྡན་ཏེ། སྙིང་རྗེ་བར་གྱུར་ནས། རྣམ་པ་དེ་ལྟར་རྟོག་པ་འདི་ནི་ཉམས་སུ་ལེན་པའི་བཟོད་པ་ཞེས་བྱའོ། །དེ་ལ་ཆོས་ཁོང་དུ་ཆུད་པའི་བཟོད་པ་གང་ཞེ་ན། སེམས་ཅན་དེ་དག་ཀྱང་དོན་དམ་པར་དམྱིགས་སུ་མྱེད་ན། བདག་ལ་གཤེ་ བ་འམ། མྱི་སྙན་པར་བརྗོད་པ་འམ། མ་ཀླས་པའི་ཚིག་བརླང་པོ་ཟེར་བ་འམ། རྡོ་དབྱུག་གིས་བརྡེག་ཅིང་འཚོན་འདེབས་པ་ལྟ་བུ་ཞིག་ཡོད་དེ། འདུ་བྱེད་ཐམས་ཅད་ནི་སྒྱུ་མ་ལྟ་བུ་གསོབ་གསོག་རག་ལས་པ། ནམ་མཁའ་ལྟ་བུ་བདག་དང་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོའ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བདག་དང་། བྲལ་བ་སྟེ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ནི་ཡོངས་སུ་ རྟོག་པ་ལས་བྱུང་བ་ཡིན་ན། བདག་ལ་གཤེ་བ་དང་། མྱི་སྙན་པར་བརྗོད་པ་དང་། ཚིག་བརླང་བར་ཟེར་བ་དང་། རྡོ་དབྱུག་གི་རྡེག་ཅིང་མཚོན་འདེབས་པ་ལྟ་བུ་ཞིག་ཡོད་དེ། བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ 28-1-212b ཉིད་ཉེ་བར་བཟུང་སྟེ། དེ་ལྟར་རྣམ་པར་བརྟག་པར་མྱི་བྱའོ་ཞེས་བྱ་བའི་འདི་ནི་ཆོས་ཁོང་དུ་ཆུད་པའི་བཟོད་པ་ཞེས་བྱ་སྟེ། དེ་དེ་ལྟར་ཡོངས་སུ་རྟོག་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བགྱི་བ་ནི་གང་ལགས། དེ་ལ་སྤངས་པ་ནི་ ཅི་མཆིས། ཡེ་ཤེས་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ལ་རྡུལ་ཙམ་ཡང་སྐྱེ་བ་མྱེད་པ་དེ་ནི་མྱི་སྐྱེ་བའོ། །དེ་གང་གིས་ཤེས་པ་དེ་ནི་བཟོད་པ་ཞེས་བྱ་སྟེ། ཤེས་པ་དེས་མྱི་སྐྱེ་བའི་ ཆོས་ལ་བཟོད་པ་འཐོབ་བོ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ ཆོས་ལ་བཟོད་པ་གང་ལགས་པའི་བཟོད་པ་དེ་དག་ལ་བྱེ་བྲག་དུ་བགྱི་བ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་ཏུ་ཞུགས་པའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ཕྱིར་མྱི་འོང་བའི་ཤེས་པ་ གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། ། རང་སངས་རྒྱས་ཀྱི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། རབ་འབྱོར་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེ་ 28-1-213a བྲག་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་དེ་ལྟ་བུ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་ཀྱིས་གནོན་ཏེ། དེ་རྣམ་པར་སྨྱིན་པ་ལས་བྱུང་བའི་མྱི་སྐྱེ་བའི་ ཆོས་ཀྱི་བཟོད་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམས་དང་། མྱི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་ལྔ་དང་མྱི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་རྣམས་དང་མྱི་འབྲལ་བས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན། དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་ རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། །དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་མངོན་པར་སྒྲུབ་སྟེ། ཕྱོགས་དང་ཕྱོགས་མཚམས་ཐམས་ ཅད་ཀྱི་འཇིག་རྟེན་གྱི་ཁམས་དག་དུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ལུས་ 28-1-213b ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། ཐེག་པ་གསུམ་ལ་འཛུད་ཅིང་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཀྱི་བརྩོན་འགྲུས་ཟག་པ་མྱེད་པ། ལམ་གྱི་ཡན་ལག་དུ་གྱུར་པ། ལམ་གྱི་ཁོངས་སུ་ཆུད་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དུ་དགེ་བའི་ཆོས་ཐམས་ཅད་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་སྤྱོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ ཐམས་ཅད་སྤངས་ནས། མཚན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཀུན་ཏུ་སྣང་བ་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་བསྐོར་བ་བསྐོར་བར་འགྱུར་རོ། ། 28-1-214a དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་དང་། རབ་ཏུ་གཡོ་བ་དང་། ཀུན་ནས་གཡོའ་བ་དང་། འགུལ་བ་དང་། རབ་ཏུ་འགུལ་བ་དང་། ཀུན་ནས་འགུལ་བ་དང་། ལྡེག་པ་དང་། རབ་ཏུ་ལྡེག་པ་དང་། ཀུན་ཏུ་ལྡེག་པར་འགྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་རྒྱས་པར་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྒྲ་གང་དུ་བྱུང་བར་དབྱངས་གྲག་པར་འགྱུར་བའི་སྒྲ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་ཀྱིས་ཐོས་པ་དེ་ཐམས་ཅད་ཐེག་པ་གསུམ་ལ་ ངེས་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ཕན་པ་ཆེན་པོ་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ ཕུང་པོ་ལྔ་ལ་གནས་ཤིང་། ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་ བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ 28-1-214b པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་ པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྙིང་རྗེ་ཆེན་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་བ་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་ སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་སྒོམ་མོ། །གློག་ལྟ་བུའི་ཏིང་ངེ་ འཛིན་སྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་སྒོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་དང་ཐུན་མོང་བ་འམ། རང་སངས་རྒྱས་རྣམས་དང་། ཐུན་མོང་ བའི་ཏིང་ངེ་འཛིན་གང་ཇི་སྙེད་པ་དང་། གཞན་ཡང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚོགས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ཤིང་། ཉེ་བར་བསྒྲུབས་ཏེ་གནས་ཀྱང་། ཏིང་ངེ་འཛིན་དེ་དག་དང་། སྙོམས་པར་འཇུག་པའི་འབྲས་བུའི་རོ་མྱོང་བར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་མྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ དུ་ཤེས་པས་ན། མཚན་ཉིད་མྱེད་པའི་ཆོས་མཚན་ཉིད་མྱེད་པའི་ཆོས་ཀྱི་རོ་མྱོང་བར་བྱེད་པར་ཡང་ག་ལ་འགྱུར། དངོས་པོ་མྱེད་པའི་ཆོས་ཀྱང་དངོས་པོ་མྱེད་པའི་ཆོས་ཀྱི་རོ་མྱོང་བར་བྱེད་པར་ཡང་ག་ལ་འགྱུར་ཏེ། དེ་རོ་ 28-1-215a མྱོང་བར་བྱེད་པ་མྱེད་པས། ཏིང་ངེ་འཛིན་གང་གིས་དབང་གིས་ཀྱང་། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སུ་སྐྱེ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་གཉིས་ ཀྱང་མྱི་དམྱིགས། གང་སྙོམས་པར་འཇུག་པ་དང་། གང་གིས་སྙོམས་པར་འཇུག་པ་དེ་ཡང་མྱི་དམྱིགས་སོ། །དེ་མྱི་དམྱིགས་པས་མཚན་ཉིད་མྱེད་པའི་ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཕྱི་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་ དང་། ཆེན་པོ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། འདུས་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། རང་བཞིན་སྟོང་པ་ཉིད་ལ་ཤིན་ ཏུ་བསླབས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དངོས་པོ་མྱེད་པ་སྟོང་ 28-1-215b པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། སྟོང་པ་ཉིད་འདི་དག་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། གང་ལ་གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་མྱི་དམྱིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཅེས་བྱ་བ་དེ་ཡང་སྟོང་པ་ཉིད་རྣམས་ཀྱིས་སྟོང་སྟེ། སྟོང་པ་ཉིད་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་ མྱེད་པར་འཇུག་གོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམྱིགས་པ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནོ། །མྱི་དམྱིགས་པ་ཐམས་ཅད་ནི་སྐྱོན་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་དམྱིགས་པ་ནི་གང་ལགས། མྱི་ དམྱིགས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་ཚོར་བ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་འདུ་ཤེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་འདུ་བྱེད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་ འབྱོར་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །མྱིག་དང་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རྣ་བ་དང་སྒྲ་ནི་བྱང་ཆུབ་སེམས་དཔའ་ 28-1-216a སེམས་དཔའ་ཆེན་པོའི་དམྱིགས་པའོ། །སྣ་དང་དྲི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ལྕེ་དང་རོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ལུས་དང་ རེག་བྱ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ཡིད་དང་ཆོས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །མྱིག་གི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །མྱིག་གི་འདུས་ ཏེ་རེག་པ་ནི་དམྱིགས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ནི་དམྱིགས་པའོ། །སྣའི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །སྣའི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ལྕེའི་རྣམ་པར་ཤེས་པ་ནི་ དམྱིགས་པའོ། །ལྕེའི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་དམྱིགས་པའོ། ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། ། སའི་ཁམས་ནི་དམྱིགས་པའོ། །ཆུའི་ཁམས་ནི་དམྱིགས་པའོ། །མྱེའི་ཁམས་ནི་དམྱིགས་པའོ། །རླུང་གི་ཁམས་ནི་དམྱིགས་པའོ། །ནམ་མཁའི་ཁམས་ནི་དམྱིགས་པའོ། །རྣམ་པར་ཤེས་པའི་ཁམས་ནི་དམྱིགས་ པའོ། །མ་རིག་པ་ནི་དམྱིགས་པའོ། །འདུ་བྱེད་ནི་དམྱིགས་པའོ། །རྣམ་པར་ཤེས་པ་ནི་དམྱིགས་པའོ། །མྱིང་དང་གཟུགས་ནི་དམྱིགས་པའོ། །སྐྱེ་མཆེད་དྲུག་ནི་དམྱིགས་པའོ། །རེག་པ་ནི་དམྱིགས་པའོ། །ཚོར་བ་ནི་ 28-1-216b དམྱིགས་པའོ། །སྲེད་པ་ནི་དམྱིགས་པའོ། །ལེན་པ་ནི་དམྱིགས་པའོ། །སྲིད་པ་ནི་དམྱིགས་པའོ། །སྐྱེ་བ་ནི་དམྱིགས་པའོ། །རྒ་ཤི་ནི་དམྱིགས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་དམྱིགས་པའོ། །ནང་སྟོང་པ་ཉིད་ནི་དམྱིགས་པའོ། །ཕྱི་སྟོང་པ་ཉིད་ནི་དམྱིགས་པའོ། །ཕྱི་ནང་སྟོང་པ་ཉིད་ནི་དམྱིགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །ཆེན་པོ་སྟོང་པ་ཉིད་ནི་དམྱིགས་པའོ། །དོན་དམ་ པ་སྟོང་པ་ཉིད་ནི་དམྱིགས་པའོ། །འདུས་བྱས་སྟོང་པ་ཉིད་ནི་དམྱིགས་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་དམྱིགས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་དམྱིགས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ དམྱིགས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དམྱིགས་པའོ། །རང་བཞིན་སྟོང་པ་ཉིད་ནི་དམྱིགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་དམྱིགས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །མྱི་དམྱིགས་ པ་སྟོང་པ་ཉིད་ནི་དམྱིགས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དམྱིགས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དམྱིགས་ པའོ། །ཡང་དག་པར་སྤོང་བ་རྣམས་ནི་དམྱིགས་པའོ། །རྫུ་འཕྲུལ་ཀྱི་རྐང་པ་རྣམས་ནི་དམྱིགས་པའོ། །དབང་པོ་རྣམས་ནི་དམྱིགས་པའོ། །སྟོབས་རྣམས་ནི་དམྱིགས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དམྱིགས་པའོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དམྱིགས་པའོ། །འཕགས་པའི་བདེན་པ་རྣམས་ནི་དམྱིགས་པའོ། །བསམ་གཏན་རྣམས་ནི་དམྱིགས་པའོ། །ཚད་མྱེད་པ་རྣམས་ནི་དམྱིགས་པའོ། །གཟུགས་མྱེད་པའི་སྙོམས་ 28-1-217a པར་འཇུག་པ་རྣམས་ནི་དམྱིགས་པའོ། །རྣམ་པར་ཐར་པ་རྣམས་ནི་དམྱིགས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དམྱིགས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་ནི་དམྱིགས་པའོ། །མངོན་པར་ཤེས་པ་རྣམས་ནི་དམྱིགས་པའོ། །ཏིང་ངེ་འཛིན་རྣམས་ནི་དམྱིགས་པའོ། །གཟུངས་ཀྱི་སྒོ་རྣམས་ནི་དམྱིགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དམྱིགས་ པའོ། །མྱི་འཇིགས་པ་བཞི་ནི་དམྱིགས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་དམྱིགས་པའོ། །བྱམས་པ་ཆེན་པོ་ནི་དམྱིགས་པའོ། །སྙིང་རྗེ་ཆེན་པོ་ནི་དམྱིགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ དམྱིགས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དམྱིགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དམྱིགས་པའོ། །ཕྱིར་མྱི་འོང་འབྲས་བུ་ནི་དམྱིགས་པའོ། །དགྲ་བཅོམ་པ་ཉིད་ནི་དམྱིགས་པའོ། །རང་བྱང་ཆུབ་ནི་ དམྱིགས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དམྱིགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམྱིགས་པ་སྟེ་སྐྱོན་ནོ། །རབ་འབྱོར་སྐྱོན་མྱེད་པ་ཉིད་ནི་གང་ལ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ དང་། རྣམ་པར་ཤེས་པ་དང་། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་ པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་ པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་ 28-1-217b པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་ པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་ 28-1-218a ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་ པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཆོས་དེ་དག་གི་བརྗོད་པ་ཡང་དམྱིགས་སུ་མྱེད་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་ པའོ། །འདུ་ཤེས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུ་བྱེད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པ་ལ་རང་ བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་ དེ་ནི་བརྗོད་དུ་མྱེད་པའོ། །སྣ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ལ་རང་བཞིན་མྱེད་དེ། 28-1-218b གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་ མྱེད་པའོ། །སྒྲ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དྲི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རོ་ལ་རང་བཞིན་མྱེད་དེ། གང་ལ་རང་ བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རེག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆོས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་རྣམ་ པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་རྣམ་པར་ཤེས་པ་ལ་ རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་ བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་ མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་ 28-1-219a རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱིས་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆུའི་ཁམས་ལ་རང་ བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱེའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རླུང་གི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་ དེ་ནི་བརྗོད་དུ་མྱེད་པའོ། །ནམ་མཁའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མ་ རིག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུ་བྱེད་ལ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་ མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིང་དང་གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྐྱེ་མཆེད་དྲུག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རེག་ 28-1-219b པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྲེད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་ མྱེད་པའོ། །ལེན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྲིད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྐྱེ་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་ མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྒ་ཤི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཕྱི་སྟོང་པ་ཉིད་ལ་རང་བཞིན་ མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་ མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་ 28-1-220a པའོ། །འདུས་བྱས་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། དོར་བ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆོས་ཐམས་ ཅད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་རང་བཞིན་མྱེད་ དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་ རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དབང་པོ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྟོབས་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། 28-1-220b བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འཕགས་ པའི་བདེན་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བསམ་གཏན་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚད་མྱེད་པ་རྣམས་ལ་རང་ བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ལ་རང་ བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཏིང་ ངེ་འཛིན་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱི་འཇིགས་པ་བཞི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་རང་བཞིན་ མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བྱམས་པ་ཆེན་པོ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྙིང་རྗེ་ཆེན་པོ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་ 28-1-221a པ་དེ་ནི་བརྗོད་དུ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་ རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དགྲ་བཅོམ་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་བྱང་ཆུབ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རབ་ འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མྱེད་པར་ཞུགས་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཡོངས་སུ་རྫོགས་ པ་དེ་ནི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་ཀྱང་མྱི་སྐྱེ་ན། འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་སྐྱེ་བར་འགྱུར་ཞིང་དེ་ལ་གནས་ཏེ། དེའི་ལས་མངོན་པར་འདུ་བྱེད་པ་དང་། ལས་དེ་མངོན་ པར་འདུས་བྱས་པས་འགྲོ་བ་ལྔའི་འཁོར་བར་ལྟུང་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །གཞན་དུ་ན་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དེ། སེམས་ཅན་ ནམ་སྒྱུ་མར་ཡང་དམྱིགས་པ་མྱེད་དོ། །དེ་སེམས་ཅན་དང་སྒྱུ་མ་མྱི་དམྱིགས་པས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་ 28-1-221b དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་སྟེ། མྱི་དམྱིགས་པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཁོར་ལོ་བསྐོར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ རྨྱི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་མྱིག་ཡོར་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ སྨྱིག་རྒྱུ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། ཇི་ལྟར་ན་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བུ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་མྱིག་ཡོར་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ ན་ཆོས་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མི་མཐོང་ངོ་། ། 28-1-222a སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྨྱི་ལམ་ནི་ཕྱིན་ཅི་ལོག་གོ། །སྒྲ་བརྙན་ནི་ཕྱིན་ཅི་ལོག་གོ། ། མྱིག་ཡོར་ནི་ཕྱིན་ཅི་ལོག་གོ། །སྒྱུ་མ་ནི་ཕྱིན་ཅི་ལོག་གོ། །སྨྱིག་རྒྱུ་ནི་ཕྱིན་ཅི་ལོག་གོ། །སྤྲུལ་པ་ནི་ཕྱིན་ཅི་ལོག་གོ། །དགྲ་བཅོམ་པ་ནི་རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། ། སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་ མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །རང་སངས་རྒྱས་ནི་རྨི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། ། མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །བྱང་ ཆུབ་སེམས་དཔའ་ནི་རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་ མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ 28-1-222b པར་རྫོགས་པའི་སངས་རྒྱས་ནི་རྨྱི་ལམ་མྱི་གཟིགས་སོ། །རྨྱི་ལམ་མཐོང་བ་མྱི་གཟིགས་སོ། །སྒྲ་བརྙན་མྱི་གསན་ཏོ། །སྒྲ་བརྙན་ཉན་པ་མྱི་གཟིགས་སོ། །མྱིག་ཡོར་མྱི་གཟིགས་སོ། །མྱིག་ཡོར་མཐོང་བ་མྱི་གཟིགས་སོ། །སྒྱུ་མ་ མྱི་གཟིགས་སོ། །སྒྱུ་མ་མཐོང་བ་མྱི་གཟིགས་སོ། །སྨྱིག་རྒྱུ་མྱི་གཟིགས་སོ། །སྨྱིག་རྒྱུ་མཐོང་བ་མྱི་གཟིགས་སོ། །སྤྲུལ་པ་མྱི་གཟིགས་སོ། །སྤྲུལ་པ་མཐོང་བ་མྱི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་དག་པ་མ་ ཡིན་པས། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མྱེད་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོའི་འདུ་ཤེས་སམ། ཡོངས་སུ་གྲུབ་པའི་འདུ་ཤེས་སམ། ཡང་དག་པའི་འདུ་ཤེས་སུ་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ ཆོས་ལ་ལ་ཞིག་གི་ངོ་བོ་ཉིད་དམ། ཡོངས་སུ་གྲུབ་པ་འམ། ཡང་དག་པར་གྱུར་པ་ཞིག་དམྱིགས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་མྱི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་དེ་ལྟར་སྤྱོད་ན། །གཟུགས་ལ་ཆགས་པ་མྱེད་དོ། །ཚོར་བ་ལ་ཆགས་པ་མྱེད་དོ། །འདུ་ཤེས་ལ་ཆགས་པ་མྱེད་དོ། །འདུ་བྱེད་ལ་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །ཁམས་རྣམས་ ལ་ཆགས་པ་མྱེད་དོ། །སྐྱེ་མཆེད་རྣམས་ལ་ཆགས་པ་མྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཆགས་པ་མྱེད་དོ། །འདོད་པའི་ཁམས་ལ་ཆགས་པ་མྱེད་དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་ཁམས་ལ་ཆགས་པ་མྱེད་དོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བསམ་གཏན་ 28-1-223a གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་ཆགས་པ་ མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་མ་བྱས་ སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །རང་བཞིན་ སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་ པ་ཉིད་ལ་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆགས་པ་མྱེད་དོ། །ཡང་དག་པར་ སྤོང་བ་རྣམས་ལ་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཆགས་པ་མྱེད་དོ། །དབང་པོ་རྣམས་ལ་ཆགས་པ་མྱེད་དོ། །སྟོབས་རྣམས་ལ་ཆགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ ཆགས་པ་མྱེད་དོ། །འཕགས་པའི་ཡན་ལག་བརྒྱད་པ་ལ་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་ཆགས་པ་མྱེད་དོ། །བསམ་གཏན་རྣམས་ལ་ཆགས་པ་མྱེད་དོ། ། ཚད་མྱེད་པ་རྣམས་ལ་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་ཆགས་པ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་ 28-1-223b པར་འཇུག་པ་དགུ་ལ་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཆགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་ཆགས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་ ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཆགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ལ་ཆགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཆགས་པ་ མྱེད་དོ། །བྱམས་པ་ཆེན་པོ་ལ་ཆགས་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ལ་ཆགས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཆགས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ལ་ཆགས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཆགས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་ལ་ཆགས་པ་མྱེད་དོ། །རང་བྱང་ཆུབ་ལ་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཆགས་པ་མྱེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་གཉིས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ གནས་ཤིང་། ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ 28-1-224a ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་བཞི་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་ པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་ དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་དྲུག་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་ མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་དགུ་པ་ ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ གནས་ཤིང་། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། 28-1-224b དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་སོ། །དེ་མྱི་དམྱིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་དག་ཀྱང་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་མྱེད་དེ། ཆོས་ཀྱི་དབྱིངས་སུ་བསྟན་པ་དང་། དེ་བཞིན་ཉིད་དུ་བསྟན་པ་དང་། ཡང་དག་པའི་མཐར་བསྟན་པས་ཆོས་ཐམས་ཅད་དབྱེར་མྱེད་དོ། ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། ཇི་ལྟར་དགེ་བ་དང་མྱི་དགེ་བའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འཇིག་རྟེན་པ་དང་། འཇིག་ རྟེན་ལས་འདས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འདུས་བྱས་དང་། འདུས་མ་ བྱས་ཀྱི་ཆོས་རྣམས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་འདུས་བྱས་སམ། འདུས་ མ་བྱས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ ཆུབ་འམ། སེམས་གང་ཡང་བརྗོད་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ 28-1-225a རབ་འབྱོར་དེ་བས་ན་ཁྱོད་ཀྱིས་རྣམ་གྲངས་དེས་འདི་ལྟར་ཆོས་ཐམས་ཅད་དབྱེར་མྱེད་པ་དང་། ཆོས་ཐམས་ཅད་མཚན་ཉིད་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པར་རིག་པར་བྱའོ། ། རབ་འབྱོརད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། གཟུགས་ཤེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། འདུ་བྱེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། མྱིག་ཅེས་བྱ་བ་འམ། རྣ་བ་ཞེས་བྱ་བ་འམ། སྣ་ཞེས་བྱ་བ་འམ། ལྕེ་ཞེས་བྱ་བ་འམ། ལུས་ཤེས་བྱ་བ་འམ། ཡིད་ཅེས་བྱ་བ་འམ། གཟུགས་ཤེས་བྱ་བ་འམ། །སྒྲ་ཞེས་བྱ་བ་འམ། དྲི་ཞེས་བྱ་བ་འམ། རོ་ཞེས་བྱ་བ་འམ། རེག་ཅེས་བྱ་བ་འམ། ཆོས་ཤེས་བྱ་བ་འམ། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་འམ། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་འམ། སྣའི་རྣམ་པར་ ཤེས་པ་ཞེས་བྱ་བ་འམ། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་འམ། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འམ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འམ། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་འམ། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བ་འམ། སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་འམ། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བ་འམ། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་ བ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འམ། སའི་ཁམས་ཤེས་བྱ་བ་འམ། 28-1-225b ཆུའི་ཁམས་ཤེས་བྱ་བ་འམ། མྱེའི་ཁམས་ཤེས་བྱ་བ་འམ། རླུང་གི་ཁམས་ཤེས་བྱ་བ་འམ། ནམ་མཁའི་ཁམས་ཤེས་བྱ་བ་འམ། རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འམ། མ་རིག་པ་ཞེས་བྱ་བ་འམ། འདུ་བྱེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། མྱིང་དང་གཟུགས་ཞེས་བྱ་བ་འམ། སྐྱེ་མཆེད་དྲུག་ཅེས་བྱ་བ་འམ། རེག་པ་ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། སྲེད་པ་ཞེས་བྱ་བ་འམ། ལེན་ པ་ཞེས་བྱ་བ་འམ། སྲིད་པ་ཞེས་བྱ་བ་འམ། སྐྱེ་བ་ཞེས་བྱ་བ་འམ། རྒ་ཤི་ཞེས་བྱ་བ་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ཞེས་བྱ་བ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ནང་སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་འམ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་འམ། འདུས་བྱས་སྟོང་པ་ཉིད་ཅེས་བྱ་ བ་འམ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་ བྱ་བ་འམ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་བྱ་བ་འམ། ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བ་འམ། 28-1-226a རྫུ་འཕྲུལ་གྱིས་རྐང་པ་རྣམས་ཤེས་བྱ་བ་འམ། དབང་པོ་རྣམས་ཤེས་བྱ་བ་འམ། སྟོབས་རྣམས་ཤེས་བྱ་བ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་འམ། འཕགས་པའི་ཡན་ལག་བརྒྱད་པ་ཞེས་ བྱ་བ་འམ། འཕགས་པའི་བདེན་པ་རྣམས་ཤེས་བྱ་བ་འམ། བསམ་གཏན་རྣམས་ཤེས་བྱ་བ་འམ། ཚད་མྱེད་པ་རྣམས་ཤེས་བྱ་བ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་དང་། སྨོན་པ་མྱེད་པ་རྣམས་ཤེས་བྱ་བ་འམ། མངོན་པར་ཤེས་ པ་རྣམས་ཤེས་བྱ་བ་འམ། ཏིང་ངེ་འཛིན་རྣམས་ཤེས་བྱ་བ་འམ། གཟུངས་ཀྱིས་སྒོ་རྣམས་ཤེས་བྱ་བ་འམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་འམ། མྱི་འཇིགས་པ་བཞི་ཞེས་བྱ་བ་འམ། སོ་སོ་ཡང་ དག་པར་རིག་པ་བཞི་ཞེས་བྱ་བ་འམ། བྱམས་པ་ཆེན་པོ་ཞེས་བྱ་བ་འམ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བ་འམ། དགེ་བའི་ཆོས་རྣམས་ཤེས་བྱ་བ་ འམ། མྱི་དགེ་བའི་ཆོས་རྣམས་ཤེས་བྱ་བ་འམ། ཉོན་མོངས་པ་དང་བཅས་པའི་ཆོས་རྣམས་ཤེས་བྱ་བ་འམ། ཉོན་མོངས་པ་མྱེད་པའི་ཆོས་རྣམས་ཤེས་བྱ་བ་འམ། འཇིག་རྟེན་པའི་ཆོས་རྣམས་ཤེས་བྱ་བ་འམ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་བྱ་བ་འམ། ཟག་པ་དང་བཅས་པའི་ཆོས་རྣམས་ཤེས་བྱ་བ་འམ། ཟག་པ་མྱེད་པའི་ཆོས་རྣམས་ཤེས་བྱ་བ་འམ། ཐུན་མོང་གི་ཆོས་རྣམས་ཤེས་བྱ་བ་འམ། ཐུན་མོང་མ་ཡིན་པའི་ཆོས་རྣམས་ཤེས་བྱ་བ་འམ། འདུས་བྱས་ཀྱི་ཆོས་རྣམས་ཤེས་བྱ་བ་འམ། འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་བྱ་བ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ 28-1-226b འམ། ཕྱིར་མྱི་འོང་བའི་འབྲས་བུ་ཞེས་བྱ་བ་འམ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་འམ། རང་བྱང་ཆུབ་ཅེས་བྱ་བ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་འམ། ཆོས་གང་གི་རང་བཞིན་ཡང་མྱི་དམྱིགས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་ཏུ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ལ་གནས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཅི་ནས་ཀྱང་དུལ་བར་གྱུར་ནས། སྲིད་པ་གསུམ་ན་མྱི་སྣང་བ་དེ་ལྟར་རྣམ་པར་བཏུལ་ ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཚན་ཉིད་མྱེད་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་གཉིས་སོ།། །། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ རྨྱི་ལམ་ལྟ་བུ་དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མྱི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། ། 28-1-227a འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མྱེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། ། འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་ཏུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་ཏུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། ། འདི་དག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ ཇི་ལྟར་རྣམ་པར་དགོད་པར་འགྱུར། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ། མྱིག་ཡོར་ལྟ་བུ། སྒྱུ་མ་ལྟ་བུ། སྨྱིག་རྒྱུ་ལྟ་བུ། སྤྲུལ་པ་ལྟ་བུ། དངོས་པོ་མ་མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་ མཚན་ཉིད་ཀྱིས་སྟོང་པ་རྣམས་ལ། འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མྱི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་ པའི་ཆོས་སོ། །འདི་དག་ནི་ཟག་པ་མྱེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་ དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་ འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ་ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། 28-1-227b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱིས་པ་ཐོས་པ་དང་། མྱི་ལྡན་པ་སོ་སོའི་སྐྱེ་བོ་ནི་རྨྱི་ལམ་ཡང་དམྱིགས་ལ། རྨྱི་ལམ་མཐོང་བ་ཡང་དམྱིགས་སོ། །སྒྲ་བརྙན་ཡང་དམྱིགས་ལ། སྒྲ་བརྙན་ཉན་པར་ཡང་དམྱིགས་སོ། །མྱིག་ཡོར་ཡང་དམྱིགས་ལ། མྱིག་ཡོར་མཐོང་བ་ཡང་དམྱིགས་སོ། །སྒྱུ་མ་ཡང་དམྱིགས་ལ། སྒྱུ་མ་མཐོང་བ་ཡང་དམྱིགས་སོ། །སྨྱིག་རྒྱུ་ཡང་དམྱིགས་ལ། སྨྱིག་རྒྱུ་ མཐོང་བ་ཡང་དམྱིགས་སོ། །སྤྲུལ་པ་ཡང་དམྱིགས་ལ། སྤྲུལ་པ་མཐོང་བ་ཡང་དམྱིགས་སོ། །དེས་རྨྱི་ལམ་ཡང་དམྱིགས་ལ། རྨྱི་ལམ་མཐོང་བ་ཡང་དམྱིགས། སྒྲ་བརྙན་ཡང་དམྱིགས། སྒྲ་བརྙན་ཉན་པ་ཡང་དམྱིགས། མྱིག་ཡོར་ཡང་དམྱིགས། མྱིག་ཡོར་མཐོང་བ་ཡང་དམྱིགས། སྒྱུ་མ་ཡང་དམྱིགས། སྒྱུ་མ་མཐོང་བ་ཡང་དམྱིགས། སྨྱིག་རྒྱུ་ཡང་དམྱིགས། སྨྱིག་རྒྱུ་མཐོང་བ་ཡང་དམྱིགས། སྤྲུལ་པ་ཡང་དམྱིགས། སྤྲུལ་པ་མཐོང་ བ་ཡང་དམྱིགས་ནས། ལུས་དང་ངག་དང་། ཡིད་ཀྱིས་དགེ་བའི་འདུ་བྱ་བ་ལ་ཡང་མངོན་པར་འདུ་བྱེད་དོ། །ལུས་དང་ངག་དང་། ཡིད་ཀྱིས་མྱི་དགེ་བའི་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །དེ་བཞིན་དུ་ལུས་དང་ངག་ དང་། ཡིད་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མྱི་གཡོའ་བའི་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་གཉིས་ལ་གནས་ཤིང་། སེམས་ཅད་རྣམས་ལ་ཆོས་སྟོན་ཏེ། ཁམས་གསུམ་པོ་འདི་ནི་སྟོང་པ་ སྟེ། འདི་ལ་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། ཕུང་པོ་རྣམས་སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་མྱེད་དོ། ། 28-1-228a འདི་ནི་རྨྱི་ལམ། འདི་ནི་སྒྲ་བརྙན། འདི་ནི་མྱིག་ཡོར། འདི་ནི་སྒྱུ་མ། འདི་ནི་སྨྱིག་རྒྱུ། འདི་ནི་སྤྲུལ་པ་སྟེ། ཕུང་པོ་རྣམས་སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་མྱེད་དོ། །འདི་ལ་ རྨྱི་ལམ་མྱེད་དོ། །རྨྱི་ལམ་མཐོང་བ་མྱེད་དོ། །སྒྲ་བརྙན་མྱེད་དོ། །སྒྲ་བརྙན་ཉན་པ་མྱེད་དོ། །མྱིག་ཡོར་མཐོང་བ་མྱེད་དོ། །སྒྱུ་མ་མྱེད་དོ། །སྒྱུ་མ་མཐོང་བ་མྱེད་དོ། །སྨྱིག་རྒྱུ་མྱེད་དོ། ། སྨྱིག་རྒྱུ་མཐོང་བ་མྱེད་དོ། །སྤྲུལ་པ་མྱེད་དོ། །སྤྲུལ་པ་བྱེད་པ་མྱེད་དོ། །ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མྱེད་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། འོན་ཀྱང་ཁྱོད་ནི་ཕུང་པོ་མྱེད་པ་ལ་ཕུང་པོར་འདུ་ཤེས་པ། ཁམས་མྱེད་པ་ལ་ཁམས་སུ་འདུ་ཤེས་པ། སྐྱེ་མཆེད་མྱེད་པ་ལ་སྐྱེ་མཆེད་དུ་འདུ་ཤེས་པ་དག་སྟེ། ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་ལོག་ལས་སྐྱེས་པ། ལས་ཀྱི་རྣམ་པར་སྨྱིན་ པས་ཡོངས་སུ་བཟུང་བ་ཡིན་ན། ཁྱེད་རྣམས་ཅིའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མྱེད་པ་ལ་དངོས་པོའི་འདུ་ཤེས་སུ་བྱེད་ཅེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་སེར་སྣ་ཅན་དག་སེར་སྣ་ལས་རྣམ་པར་བཟློག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཏེ། སྦྱིན་པ་ཡོངས་སུ་བཏང་བ་དེ་ཡང་དེ་དག་ལ་ལོངས་སྤྱོད་ཆེན་པོའི་ རྒྱུར་འགྱུར་རོ། །དེས་དག་དེ་ལས་བསྐྱོད་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་ཡང་དེ་དག་ལ་མཐོ་རིས་སུ་སྐྱེ་བའི་རྒྱུར་འགྱུར་རོ། །དེས་དག་དེ་ལས་བསྐྱོད་ནས། ཏིང་ངེ་འཛིན་ལ་སྦྱོར་ཏེ། ཏིང་ངེ་འཛིན་དེ་ཡང་དེ་དག་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་རྒྱུར་འགྱུར་རོ། །དེས་དག་དེ་ལས་བསྐྱོད་ནས། བསམ་གཏན་དང་པོ་ལ་སྦྱོར་ཏེ། བསམ་གཏན་དང་པོ་ལས་བསྐྱོད་ནས། བསམ་གཏན་གཉིས་པ་ 28-1-228b ལ་སྦྱོར་རོ། །བསམ་གཏན་གཉིས་པ་ལས་བསྐྱོད་ནས། བསམ་གཏན་གསུམ་པ་ལ་སྦྱོར་རོ། །བསམ་གཏན་གསུམ་པ་ལས་བསྐྱོད་ནས། བསམ་གཏན་བཞི་པ་ལ་སྦྱོར་རོ། །བསམ་གཏན་བཞི་པ་ལས་བསྐྱོད་ནས། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་བསྐྱོད་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ། ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་བསྐྱོད་ནས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་བསྐྱོད་ནས། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ། །དེས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་དམའ་བ་དེ་ལས་རྣམ་གྲངས་དུ་མས་བསྐྱོད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ དབུགས་འབྱིན་ཏོ། །གཞོག་གོ། །རབ་ཏུ་འགོད་དོ། །དེས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ལས་རྣམ་གྲངས་དུ་མས་བསྐྱོད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་གཞོག་གོ། །དེས་ཏིང་ ངེ་འཛིན་དང་། ཏིང་ངེ་འཛིན་ཀྱི་འབྲས་བུ་དེ་ལས་རྣམ་གྲངས་དུ་མས་བསྐྱོད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་གཞོག་གོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་ པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། ། 28-1-229a ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། ། ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །སྟོབས་ལྔ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། ། འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། ། གཞོག་གོ། །རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། ། གཞོག་གོ། །རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། ། རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། ། རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་ 28-1-229b པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །མངོན་ པར་ཤེས་པ་རྣམས་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་ སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། ། ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་ བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །མྱི་འཇིགས་པ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་ དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་ བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །བྱམས་པ་ཆེན་པོ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། ། འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། ། 28-1-230a སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། ། རབ་ཏུ་འགོད་དོ། །དེ་ཟག་པ་མྱེད་པའི་ཆོས་གཟུགས་མྱེད་པ་བསྟན་དུ་མྱེད་པ་ཐོགས་པ་མྱེད་པ་དེ་དག་གིས་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དོན་ཏུ་གཉེར་བ་དེ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། ། གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དོན་ཏུ་གཉེར་བ་དེ་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ཕྱིར་མྱི་འོང་བའི་འབྲས་བུ་དོན་ཏུ་གཉེར་བ་དེ་དག་ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། ། གང་དགྲ་བཅོམ་པ་ཉིད་དོན་ཏུ་གཉེར་བ་དེ་དག་དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །གང་རང་བྱང་ཆུབ་དོན་ཏུ་གཉེར་བ་དེ་དག་རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཏུ་ གཉེར་བ་དེ་དག་བྱང་ཆུབ་ཀྱི་ལམ་བརྗོད་ཅིང་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ། །རབ་ཏུ་འགོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨྱི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྤྲུལ་ པ་ལྟ་བུ་དང་། དངོས་པོ་མྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་རྣམ་པར་དགོད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། ཆོས་ཐམས་ཅད་ 28-1-230b མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མཆིས་པ་སྟོང་པ་ཉིད་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མྱི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་ པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་མྱེད་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མྱེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ཕྱིར་ མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་རྣམ་པར་དགོད་པར་བགྱིད་པ་ནི་ངོ་མཚར་ཏེ། རྨད་དུ་བྱུང་བའི་ཆོས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དང་། ཆོས་ཐམས་ཅད་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མྱི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ ལས་འདས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་མྱེད་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མྱེད་པའི་ཆོས་སོ། ། 28-1-231a འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་ བའི་རྒྱུར་འགྱུར་བའོ། །འདི་དག་ནི་ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བྱ་བར་རྣམ་པར་དགོད་པ་བྱེད་པ་དེ་ནི་ངོ་མཚར་ཏེ། རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་གི་ངོ་མཚར་རྨད་ཀྱི་ཆོས་དེ་ཤེས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སླར་ཕན་གདགས་པར་བྱ་བ་སླ་བ་མ་ཡིན་ཏེ། ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་དེ་ཟིལ་ཀྱིས་གནན་པར་མྱི་ནུས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མ་མཆིས་པའི་ངོ་མཚར་རྨད་ཀྱི་ཆོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མཆིས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་སྨྱིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་སྟོང་པ་ཉིད་ ཐམས་ཅད་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་འཕགས་པའི་བདེན་པ་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་ 28-1-231b བའི་བསམ་གཏན་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་ཚད་མྱེད་པ་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་ བའི་རྣམ་པར་ཐར་པ་བརྒྱད་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་ པ་དང་། སྨོན་པ་མྱེད་པ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་ཏིང་ངེ་འཛིན་རྣམས་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་གཟུངས་ཀྱི་སྒོ་རྣམས་ལ་ གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་མྱི་འཇིགས་པ་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་བྱམས་པ་ཆེན་པོ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་སྙིང་རྗེ་ཆེན་པོ་ལ་གནས། རྣམ་པར་སྨྱིན་པ་ལས་བྱུང་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ཤིང་། ཕྱོགས་དང་ ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ཞིང་། སེམས་ཅན་གང་ལ་སྦྱིན་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་སྦྱིན་པས་ཕན་འདོགས་སོ། །སེམས་ཅན་གང་ལ་ཚུལ་ཁྲིམས་ཀྱིས་ཕན་གདགས་པར་བྱ་ བ་དེ་དག་ལ་ནི་ཚུལ་ཁྲིམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་བཟོད་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བཟོད་པས་ཕན་འདོགས་སོ། །སེམས་ཅན་གང་ལ་བརྩོན་འགྲུས་ཀྱིས་ཕན་གདགས་པར་ བྱ་བ་དེ་དག་ལ་ནི་བརྩོན་འགྲུས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་ཏིང་ངེ་འཛིན་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་ཏིང་ངེ་འཛིན་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་ 28-1-232a ཤེས་རབ་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་ཤེས་རབ་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་བསམ་གཏན་དང་པོས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བསམ་གཏན་དང་པོས་ཕན་འདོགས་སོ། །སེམས་ཅན་ གང་ལ་བསམ་གཏན་གཉིས་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བསམ་གཏན་གཉིས་པས་ཕན་འདོགས་སོ། །སེམས་ཅན་གང་ལ་བསམ་གཏན་གསུམ་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བསམ་གཏན་ གསུམ་པས་ཕན་འདོགས་སོ། །སེམས་ཅན་གང་ལ་བསམ་གཏན་བཞི་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བསམ་གཏན་བཞི་པས་ཕན་འདོགས་སོ། །སེམས་ཅན་གང་ལ་ནམ་མཁའ་མཐའ་ཡས་སྐྱེ་ མཆེད་ཀྱི་སྙོམས་པར་འཇུག་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །སེམས་ཅན་གང་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་སྙོམས་པར་འཇུག་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །སེམས་ཅན་གང་ལ་ཆུང་ཟད་མྱེད་པའི་སྙོམས་པར་འཇུག་པས་ ཕན་གདགས་པར་བྱ་བ་དེ་དག་ལ་ནི། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །སེམས་ཅན་གང་ལ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་གདགས་པར་བྱ་ བ་དེ་དག་ལ་ནི། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །སེམས་ཅན་གང་ལ་བྱམས་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་བྱམས་པས་ཕན་འདོགས་སོ། །སེམས་ཅན་གང་ ལ་སྙིང་རྗེས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་སྙིང་རྗེས་ཕན་འདོགས་སོ། །སེམས་ཅན་གང་ལ་དགའ་བས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་དགའ་བས་ཕན་འདོགས་སོ། །སེམས་ཅན་གང་ལ་བཏང་སྙོམས་ཀྱིས་ཕན་གདགས་ 28-1-232b པར་བྱ་བ་དེ་དག་ལ་ནི་བཏང་སྙོམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་དྲན་པ་ཉེ་བར་གཞག་པ་བཞིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། དྲན་པ་ཉེ་བར་གཞག་པ་བཞིས་ཕན་འདོགས་སོ། །སེམས་ཅན་གང་ལ་ཡང་ དག་པར་སྤོང་བ་བཞིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། ཡང་དག་པར་སྤོང་བ་བཞིས་ཕན་འདོགས་སོ། །སེམས་ཅན་གང་ལ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། རྫུ་འཕྲུལ་གྱི་རྐང་པ་ བཞིས་ཕན་འདོགས་སོ། །སེམས་ཅན་གང་ལ་དབང་པོ་ལྔས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། དབང་པོ་ལྔས་ཕན་འདོགས་སོ། །སེམས་ཅན་གང་ལ་སྟོབས་ལྔས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སྟོབས་ལྔས་ཕན་ འདོགས་སོ། །སེམས་ཅན་གང་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཕན་འདོགས་སོ། །སེམས་ཅན་གང་ལ་འཕགས་པའི་བདེན་པ་བཞིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། འཕགས་པའི་ བདེན་པ་རྣམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་རྣམ་པར་ཐར་པ་བརྒྱད་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། རྣམ་པར་ཐར་པ་བརྒྱད་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་དགུས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཕན་འདོགས་སོ། །སེམས་ཅན་གང་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱིས་ཕན་གདགས་ པར་བྱ་བ་དེ་དག་ལ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། མཚན་མ་མྱེད་པའི་ 28-1-233a ཏིང་ངེ་འཛིན་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ ལ་མངོན་པར་ཤེས་པ་རྣམས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། མངོན་པར་ཤེས་པ་རྣམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཕན་གདགས་པར་ བྱ་བ་དེ་དག་ལ་ནི། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་དེ་བཞིན་གཤེགས་པའི་སྟོབས་བཅུས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། དེ་བཞིན་གཤེགས་པའི་སྟོབས་ བཅུས་ཕན་འདོགས་སོ། །སེམས་ཅན་གང་ལ་མྱི་འཇིགས་པ་བཞིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། མྱི་འཇིགས་པ་བཞིས་ཕན་འདོགས་སོ། །སེམས་ཅན་གང་ལ་སོ་སོ་ཡང་དག་པར་རིག་པ་བཞིས་ཕན་གདགས་ པར་བྱ་བ་དེ་དག་ལ་ནི། སོ་སོ་ཡང་དག་པར་རིག་པ་བཞིས་ཕན་འདོགས་སོ། །སེམས་ཅན་གང་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་སྙིང་རྗེ་ཆེན་པོས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སྙིང་རྗེ་ཆེན་པོས་ཕན་འདོགས་སོ། །སེམས་ཅན་གང་ལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཕན་གདགས་ པར་བྱ་བ་དེ་དག་ལ་ནི། ཐམས་ཅད་ཤེས་པ་ཉིད་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཕན་འདོགས་ སོ། །སེམས་ཅན་གང་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཕན་འདོགས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ 28-1-233b ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་སེམས་ཅན་རྣམས་ལ་སྨན་འདོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟས་འདོད་པ་རྣམས་ལ་ཟས། སྐོམ་འདོད་པ་རྣམས་ལ་སྐོམ། གཞོན་པ་འདོད་པ་རྣམས་ལ་གཞོན་པ། ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ། སྤོས་ འདོད་པ་རྣམས་ལ་སྤོས། བྱུག་པ་འདོད་པ་རྣམས་ལ་བྱུག་པ། གོས་འདོད་པ་རྣམས་ལ་གོས། མལ་ཆ་འདོད་པ་རྣམས་ལ་མལ་ཆ། གནས་འདོད་པ་རྣམས་ལ་གནས། ནོར་བུ་དང་། མུ་ཏིག་དང་། བེ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་འདོད་པ་རྣམས་ལ། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་གྱི་སྦྱིན་པ་ཡོངས་སུ་གཏོང་བ་ནས། མྱིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་ཞིང་ཡོངས་སུ་གཏོང་བ་དང་། ཇི་ལྟར་རང་སངས་རྒྱས་རྣམས་ དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡོངས་ སུ་གཏོང་བ་དེ་བཞིན་དུ། མྱིར་གྱུར་པ་རྣམས་དང་། དེ་བཞིན་དུ་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་ཡང་ཐ་དད་དུ་བྱ་བ་མྱེད་པའི་འདུ་ཤེས་ཉེ་བར་བཞག་ཅིང་སྦྱིན་པ་ཡོངས་སུ་གཏོང་ ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ཐ་དད་དུ་བྱ་བ་མྱེད་པ་སྟེ། དེས་ཐ་དད་དུ་བྱ་བ་མྱེད་པའི་སྦྱིན་པ་བྱིན་པས། ཐ་དད་དུ་བྱ་བ་མྱེད་པའི་ཆོས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ 28-1-234a འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྦྱིན་པའི་གནས་མ་ཡིན་པ་མཐོང་ནས། འདི་ལྟ་སྟེ། བདག་གི་ སྦྱིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་མ་ཡིན་ནོ་སྙམ་ན། བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདི་ལྟར་བདག་གིས་སེམས་ཅན་འདི་དག་ལ་ནི་སྦྱིན་པས་ཕན་གདགས་པར་བྱའོ། །འདི་དག་ལ་ནི་ཕན་གདགས་པར་མྱི་བྱའོ། །ཞེས་བྱ་བར་བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་མ་ཡིན་ཏེ། དེ་དག་སྦྱིན་པས་ཕན་བཏགས་ནས། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། ཁྱིམ་བདག་ཆེ་ཞིང་མཐོ་ བའི་རིགས་སུ་སྐྱེ་བར་འགྱུར་ཏེ། སྦྱིན་པ་དེ་ཉིད་ཀྱིས་ཕན་བཏགས་པ་དེ་དག་ཐེག་པ་གསུམ་རིམ་གྱིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་གསད་པར་གསོལ་བ་བཏབ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་ནོ་སྙམ་འམ། མྱི་སྦྱིན་ནོ་སྙམ་པའི་སེམས་ གཞན་བསྐྱེད་པར་མྱི་བྱའི། འཁྲུག་པ་མྱེད་པའི་སེམས་ཀྱིས་སྐྱེ་བོའི་ཚོགས་དེ་དག་ལ་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡང་དག་པར་ཞུགས་པའི་ཕྱིར། གལ་ཏེ་རྣམ་པར་རྟོག་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་ 28-1-234b རྣམས་དང་། སློབ་པ་རྣམས་དང་། ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཀྱིས་སྨད་པར་འགྱུར་ཏེ། དེ་ལ་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་མགོན་གྱིས་ཤིག་ཅེ་འམ། གནས་དང་། སྐྱབས་དང་། དཔུང་གཉེན་གྱིས་ཤིག་ཅེས་སུས་གསོལ་བ་བཏབ་བཏབ་ཅེས་སྨད་པར་འགྱུར་ཏེ། རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་མྱིར་གྱུར་པ་འམ། མྱི་མ་ཡིན་པར་གྱུར་པ་ དག་འོངས་ནས། བདག་ནི་སློངས་མོ་པའོ་ཞེས་ཡན་ལག་དང་། ཉིང་ལག་གཅད་པར་གསོལ་བ་བཏབ་ན། དེའི་ཚེ་དེས་སྦྱིན་ནམ་མྱི་སྦྱིན་སྙམ་པའི་སེམས་གཉིས་སུ་བསྐྱེད་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་རྣམས་ཀྱི་དོན་ཏུ་ཆེད་དུ་བསམས་ཏེ། ལུས་འདིས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བྱའོ་ཞེས་ལུས་ཡོངས་སུ་བཟུང་བས་ན། དེས་འདི་སྙམ་དུ་བདག་གིས་སེམས་ཅན་འདི་དག་གི་དོན་ཏུ་ལུས་ཡོངས་སུ་གཟུང་གཟུང་བས་དེ་དག་བསླང་མྱི་དགོས་པས་ཁྱེར་ཞིང་དེངས་ཤིག་ཅེས་སེམས་བསྐྱེད་པར་བྱས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སློངས་མོ་པ་མཐོང་ན་འདི་སྙམ་དུ་ཆོས་འདི་ དག་ཐམས་ཅད་ཀྱི་རང་བཞིན་དམྱིགས་སུ་མྱེད་ན། འདི་ལ་སུ་ཞིག་ནི་སྦྱིན་པ་ཡོངས་སུ་གཏོང་། སུ་ལ་ནི་སྦྱིན་པར་བྱ། ཅི་ཞིག་ནི་སྦྱིན་པར་བྱ་ཞེས་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ལ་ནི་གང་ལ་ཡང་ཡོངས་སུ་གཏོང་བ་འམ། གང་ལས་ཀྱང་འཕྲོགས་པ་མྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ 28-1-235a ཏུ་ཕྱིན་པ་དང་། འདི་ལྟ་སྟེ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་ སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། ། དེ་སྟོང་པ་ཉིད་དེ་དག་ལ་གནས་ཤིང་། སྦྱིན་པ་གཏོང་ན། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཏུ་རྒྱུན་མྱི་འཆད་པར་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས། ཕྱི་དང་ནང་གི་ ཆོས་ལ་བཅད་ཅིང་གཏུབས་ཀྱང་། བདག་ལ་སུ་ཡང་གཏུབ་པ་འམ། གཅོད་དོ་བསྙམ་པའི་སེམས་མྱི་འབྱུང་ངོ་།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། རབ་འབྱོར་ངས་ འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམ་ ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་ འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་གི་བར་བྱས་ཏེ། 28-1-235b ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་ དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་ མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་ འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་ དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་ 28-1-236a པོ་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་ གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམ་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སོང་ཞིང་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་ མཉམ་པར་སྐྱེས་ཤིང་རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་ 28-1-236b འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་ བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་ གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་ པོ་དག་དུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་ 28-1-237a པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་ དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་ འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་ སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་ བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་ 28-1-237b དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་ པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་ གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་ བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་ སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ 28-1-238a དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་ སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ 28-1-238b ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་ བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་ དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་ དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། 28-1-239a ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་ རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས། ལྷ་དང་མྱི་དག་དང་སྐལ་པ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་ མཐོང་ངོ་། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་ པར་མྱི་འགྱུར་བས་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ 28-1-239b པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་ རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི་ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་ དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་དེ་ཡང་འཛིན་ཅིང་། 28-1-240a བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་ མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བས་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་ བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་ གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ དེ་དག་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་ མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག །སངས་རྒྱས་བཅོམ་ 28-1-240b ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་ གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མ་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་ བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བ་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་ 28-1-241a པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་ གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་ བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི་དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་ མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། 28-1-241b ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་ དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མྱི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མྱི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་ དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མྱི་གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་ སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་ཉིང་ལག་གཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་ 28-1-242a གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་ བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་། མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་ སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ཡང་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་ གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ 28-1-242b ལངས་ནས་ལྷ་དང་། མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་ འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་ བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་ བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་རྣམ་པར་ལངས་ནས་ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་ 28-1-243a པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་ སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་ བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ 28-1-243b ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་ རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མྱིའི་ནང་དུ་ སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་ འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་ གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། 28-1-244a དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས། བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་ སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་བཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་ སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས་ བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས། ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་ 28-1-244b བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་ པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་ དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་ སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་ བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་ པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། 28-1-245a དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ ལྷ་དང་མྱིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་ 28-1-245b པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་དེ་དག་བྱམས་པ་ཐོབ་པ་དེས་བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མྱིའི་ ནང་དུ་སྐྱེ་བ་དང་། དེ་དག་དུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ 28-1-246a ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི། དེ་ལྟར་ཕན་པ་མང་པོ་བྱེད་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་ལྔ་པ། རབ་འབྱོར་ངས་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། ། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ 28-1-246b ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་ དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་ བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་ འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་ཀྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་ དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་ 28-1-247a དེ་དག་ནས། རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་ཏུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་ སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་ཀྱི་ ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་ དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་ དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་ཏུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་ 28-1-247b དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་ བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་ཀྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་པ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ 28-1-248a ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་ དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ 28-1-248b ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་། སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་ དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མྱིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་ འབྲལ་བར་མྱི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་ བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་ སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། 28-1-249a འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་ མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལས། གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་ བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་ སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་ 28-1-249b སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་ མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ། གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་ བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་ འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། 28-1-250a ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ། གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་དེ་དག་སྐྱོ་ བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་ བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་ འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་ གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་ 28-1-250b མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་ འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ 28-1-251a ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་ འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ་འདུ་བྱེད་ཐམས་ཅད་ནི་རྣམ་པར་ འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་ཀྱི་ཕྱོགས་ མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་ གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ 28-1-251b ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་ གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་ གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་ 28-1-252a གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་ དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་ འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མྱེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མྱི་རྟག་པ། འདུ་ བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མྱེད་པ། འདུ་བྱེད་ཐམས་ཅད་ནི་མྱི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མྱི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 28-1-252b རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་ འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་ པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ 28-1-253a ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་ པར་གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་ མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་ བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་ 28-1-253b རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་ 28-1-254a པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་ རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་ སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་ སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་ 28-1-254b རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། ། རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་ རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་ པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་ བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། ། 28-1-255a རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་ དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་ རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། 28-1-255b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ། །རབ་འབྱོར་ ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་འཐུན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཉིས་ཀྱིས་སེམས་ཅན་རྣམས་སྡུད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གསེར་རམ། དངུལ་ལམ། ནོར་བུ་འམ། མུ་ཏིག་གམ། བེ་དུརྱ་འམ། དུང་ངམ། མན་ཤེལ་ལམ། བྱུ་རུ་འམ། ས་ལེ་སྦྲམ་འམ། ཟས་སམ། སྐོམ་འམ། གདུགས་སམ། གོས་སམ། སྤོས་སམ། འཕྲེང་བ་འམ། བྱུག་པ་འམ། མལ་ཆ་འམ། སྟན་ནམ། འཚོ་བ་འམ། བུད་མྱེད་དམ། སྐྱེས་པ་འམ། རྟ་འམ། གླང་པོ་འམ། བདག་པོ་ཡོངས་སུ་གཏོང་ན། འདི་སྐད་དུ་ཀྱེ་སེམས་ཅན་དག་ཚུར་ཤེག །བདག་ཉིད་ཀྱི་དང་འདྲ་ 28-1-256a བར་བསླང་མྱི་དགོས་པར་ཁྱེར་ཅིག །ལོང་ལ་དེང་ཤིག་ཅེས་བརྗོད་དེ། སྦྱིན་པ་དེས་སྦྱིན་པ་བྱིན་ནས། སངས་རྒྱས་ལ་སྐྱབས་སུ་གཏོང་ངོ་། །ཆོས་ལ་སྐྱབས་སུ་གཏོང་ངོ་། །དགེ་འདུན་ལ་སྐྱབས་སུ་གཏོང་ངོ་། །ལ་ ལ་ནི་བསླབ་པའི་གནས་ལྔ་ལ་འཛིན་ཏུ་འཛུད་དོ། །ལ་ལ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པ་ལ་ཉེ་བར་གནས་པར་བྱེད་དོ། །ལ་ལ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་དོ། །ལ་ལ་ནི་བསམ་ གཏན་དང་པོ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་གཉིས་པ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་གསུམ་པ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་བཞི་པ་ལ་འགོད་དོ། །ལ་ལ་ནི་བྱམས་པ་ལ་འགོད་དོ། །ལ་ལ་ནི་སྙིང་ རྗེ་ལ་འགོད་དོ། །ལ་ལ་ནི་དགའ་བ་ལ་འགོད་དོ། །ལ་ལ་ནི་བཏང་སྙོམས་ལ་འགོད་དོ། །ལ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་ཆུང་ཟད་ མྱེད་པའི་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཆོས་རྗེས་སུ་དྲན་པ་ལ་ཡང་དག་པར་ སྐུལ་ལོ། །ལ་ལ་ནི་དགེ་འདུན་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་གཏོང་བ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ ལྷ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལུས་ལ་མྱི་གཙང་བ་ལས་སྩོགས་པའི་འདུ་ཤེས་སུ་སོ་སོར་བརྟག་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པར་དག་པ་ལ་ཡང་དག་པར་སྐུལ་ལོ། ། ལ་ལ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ 28-1-256b དབང་པོ་ལྔ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྟོབས་ལྔ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པར་ཐར་པ་བརྒྱད་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མྱི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་ ལོ། །ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་གྲུབ་པར་བྱ་བ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དཔེའ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་ པར་སྐུལ་ལོ། །ལ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། ། ལ་ལ་ནི་དགྲ་བཅོམ་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རང་བྱང་ཆུབ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ལ་ཡང་དག་པར་སྐུལ་ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་ཡོངས་སུ་གཏང་ཞིང་ 28-1-257a ཐབས་མཁས་པས་བླ་ན་མྱེད་པའི་བདེ་བ་དང་ལྡན་པར་འགོད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ཇི་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་གཉིས་པོ་འདི་དག་ནི་ཆོས་ཀྱི་སྦྱིན་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །རབ་འབྱོར་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང་། བཤད་པ་དང་། མ་ནོར་བར་བསྟན་པ་སྟེ། འདི་ལྟར་ མྱི་གཙང་བའི་རྣམ་པ་དང་། བསམ་གཏན་བཞི་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། གཞན་ཡང་འཇིག་རྟེན་ པའི་ཆོས་བྱིས་པ་སོ་སོའི་སྐྱེ་བོ་དག་དང་། ཐུན་མོང་དུ་གྱུར་པ་རྣམས་ཏེ། རབ་འབྱོར་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འཇིག་རྟེན་ཀྱི་ ཆོས་ཀྱི་སྦྱིན་པ་དེ་བཏང་ནས། རྣམ་གྲངས་དུ་མས་འཇིག་རྟེན་ཀྱི་ཆོས་མ་ནོར་བར་བླངས་པ་དེ་ལས་བསྐྱོད་ནས། ཐབས་མཁས་པས་འཕགས་པའི་ཆོས་རྣམས་དང་། འཕགས་པའི་ཆོས་ཀྱི་འབྲས་བུ་དག་ ལ་རབ་ཏུ་འགོད་དོ། །དེ་ལ་འཕགས་པའི་ཆོས་རྣམས་ནི་གང་། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་གང་ཞེ་ན། འཕགས་པའི་ཆོས་ཤེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་ སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། 28-1-257b མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་སོ། །འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་ བཅོམ་པ་ཉིད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་ པའོ། །དགྲ་བཅོམ་པ་ཉིད་ཤེས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ནང་སྟོང་པ་ཉིད་ཤེས་པའོ། །ཕྱི་སྟོང་པ་ཉིད་ཤེས་པའོ། །ཕྱི་ནང་སྟོང་པ་ཉིད་ཤེས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཤེས་པའོ། །ཆེན་པོ་སྟོང་ པ་ཉིད་ཤེས་པའོ། །དོན་དམ་པ་སྟོང་པ་ཉིད་ཤེས་པའོ། །འདུས་བྱས་སྟོང་པ་ཉིད་ཤེས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཤེས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ ཉིད་ཤེས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཤེས་པའོ། །རང་བཞིན་སྟོང་པ་ཉིད་ཤེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཤེས་པའོ། །དངོས་ པོ་མྱེད་པ་སྟོང་པ་ཉིད་ཤེས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཤེས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཤེས་པའོ། །ཡང་དག་པར་སྤོང་བ་བཞི་ཤེས་པའོ། །རྫུ་འཕྲུལ་ གྱི་རྐང་པ་བཞི་ཤེས་པའོ། །དབང་པོ་ལྔ་ཤེས་པའོ། །སྟོབས་ལྔ་ཤེས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །འཕགས་པའི་བདེན་པ་བཞི་ཤེས་པའོ། ། 28-1-258a བསམ་གཏན་བཞི་ཤེས་པའོ། །ཚད་མྱེད་པ་བཞི་ཤེས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཤེས་པའོ། །རྣམ་པར་ཐར་པ་བརྒྱད་ཤེས་པའོ། །མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ཤེས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤེས་པའོ། །མངོན་པར་ཤེས་པ་རྣམས་ཤེས་པའོ། །ཏིང་ངེ་འཛིན་རྣམས་ཤེས་པའོ། །གཟུགས་ ཀྱི་སྒོ་རྣམས་ཤེས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པའོ། །མྱི་འཇིགས་པ་བཞི་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པའོ། ། བྱམས་པ་ཆེན་པོ་ཤེས་པའོ། །སྙིང་རྗེ་ཆེན་པོ་ཤེས་པའོ། །དགའ་བ་ཆེན་པོ་ཤེས་པའོ། །བཏང་སྙོམས་ཆེན་པོ་ཤེས་པའོ། །གཞན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་གཏོགས་པར། དེ་དག་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་ བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་ 28-1-258b བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་ལ་བྱེ་བྲག་ཅི་ཞིག་མཆིས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བྱེ་བྲག་ཡོད་དོ། །གསོལ་པ། བྱེ་བྲག་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ནི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་ཤིང་། ཆོས་ཐམས་ཅད་མུན་པ་མྱེད་པ་ཐོབ་པ་ལ། བྱང་ཆུབ་སེམས་དཔའི་སེམས་ཀྱང་ གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱང་གཞན་ཞེས་བྱ་བ་མྱེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འཇིག་རྟེན་པའི་ ཆོས་ཀྱི་སྦྱིན་པ་ལ་སྦྱོར་ཞིང་ཐབས་མཁས་པས་འཕགས་པའི་ཆོས་འཇིག་རྟེན་ལས་འདས་པའི་སྦྱིན་པ་ལ་བཀོད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་ 28-1-259a དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེའ་བྱད་བཟང་པོ་བརྒྱད་ཅུ་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་ ཀྱི་སྒོ་རྣམས་ཏེ། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རབ་འབྱོར་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་ རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ ཞིང་རྣམ་པར་སྤྱད་དོ། །ལུས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་ རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་ རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཀུན་ཏུ་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱད་དོ། །ཚོར་བ་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་ 28-1-259b སྤྱོད་དོ། །ཚོར་བ་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་སེམས་དང་། ཕྱིའི་ སེམས་དང་། ཕྱིའི་ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསལ་ཅིང་ རྣམ་པར་སྤྱོད་དོ། །སེམས་ལ་ཀུན་ཏུ་འབྱུང་བའི་རྗེས་སུ་ལྟ་ཞིང་། རྣམ་པར་སྤྱད་དོ། །སེམས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་ སྤྱོད་དོ། །སེམས་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱད་ དོ། །ཆོས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་ མྱེད་དོ། །རབ་འབྱོར་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། སྡིག་ཏོ་མྱི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མྱི་སྐྱེད་པའི་ཕྱིར་མོས་པ་བསྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་རྩོལ་བ་དང་། དགེ་བའི་ཆོས་མ་སྐྱེས་ པ་རྣམས་བསྐྱེད་པའི་ཕྱིར་མོས་པ་སྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་། སྐྱེས་པ་རྣམས་འཕེལ་ཞིང་ཤིན་ཏུ་རྒྱས་པར་བྱ་བ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་བསྐྱེད་པའོ། །རབ་འབྱོར་ 28-1-260a རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་གང་ཞེ་ན། དད་པའི་དབང་ པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་ཀྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི་དབང་པོ་ལྔ་ཞེས་བྱའོ། །སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། དེ་དག་ནི་སྟོབས་ལྔ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་ པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་ བྱའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ 28-1-260b ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མྱེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། དབེན་ པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང་། མཚན་མ་མྱེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། མྱི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ ཅེས་བྱའོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་ མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ དྲུག་པའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་ རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དག་ནི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལ་ལ་ལ་འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ 28-1-261a ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་ རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་སྟེ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མྱེད་སྡུག་བསྔལ་བ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་ 28-1-261b མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་ འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་ བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་ཏེ། འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། མཐའ་དག་ས་དང་། མཐའ་དག་ཆུ་དང་། མཐའ་དག་མྱེ་དང་། མཐའ་དག་རླུང་དང་། མཐའ་དག་སྔོན་པོ་དང་། མཐའ་དག་སེར་པོ་དང་། མཐའ་དག་དམར་པོ་དང་། མཐའ་དག་དཀར་པོ་དང་། མཐའ་དག་རྣམ་པར་ཤེས་པ་དང་། མཐའ་དག་ནམ་ མཁའ་སྟེ། དེ་དག་ནི་མཐའ་དག་གི་སྐྱེ་མཆེད་བཅུ་ཞེས་བྱའོ། །དེ་ལ་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་ཤིང་། ཕྱི་རོལ་ཀྱི་གཟུགས་ཕྲ་མོ་དང་། ཁ་དོག་སྡུག་ པ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་ འདུ་ཤེས་ཤིང་ཕྱི་རོལ་ཀྱི་གཟུགས་རགས་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་ཀྱིས་ གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཕྲ་མོ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ 28-1-262a ཤེས་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་རགས་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་ མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་ མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོར་སྣང་བ། མདོག་སྔོན་པོ་འདི་ལྟ་སྟེ། དཔེར་ན་མེ་ཏོག་ཨོ་མ་ཀ་ལྟ་བུ་འམ། ཡུལ་བ་ར་ན་སེར་བྱས་པའི་གོས་ལྟར་ སྔོ་བ། ཁ་དོག་སྔོ་བ། སྔོ་བར་སྣང་བ། མདོག་སྔོ་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ། ཤེས་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་ ལྔ་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོར་སྣང་བ། མདོག་སེར་པོ་འདི་ལྟ་སྟེ། དཔེར་ན་ཤིང་ཀར་ཤི་ཀ་རིའི་མེ་ཏོག་ལྟ་བུ་འམ། ཡུལ་བ་ར་ན་སེར་ བྱས་པའི་གོས་ལྟར་སེར་བ། ཁ་དོག་སེར་བ། སེར་བར་སྣང་བ། མདོག་སེར་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་ མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོར་སྣང་བ། མདོག་དམར་པོ་འདི་ལྟ་སྟེ། དཔེར་ན་མན་དུ་ཛི་བ་ཀའི་མེ་ཏོག་ལྟ་བུ་འམ། ཡུལ་བ་ར་ན་སེར་བྱས་པའི་གོས་ ལྟར་དམར་བ། ཁ་དོག་དམར་བ་དམར་བར་སྣང་བ་མདོག་དམར་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་ 28-1-262b སྐྱེ་མཆེད་བདུན་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ་དཀར་པོར་སྣང་བ། མདོག་དཀར་པོ་འདི་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་འོད་ལྟ་བུ་འམ། ཡུལ་བ་ར་ན་སེར་བྱས་པའི་གོས་ལྟར་དཀར་བ། ཁ་དོག་དཀར་བ་དཀར་བར་སྣང་བ། མདོག་དཀར་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་ གནོན་པའི་སྐྱེ་མཆེད་བརྒྱད་པའོ། །དེ་ལ་ཉོན་མོངས་པ་མྱེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ། སེམས་ཅན་ཕ་རོལ་དང་། གང་ ཟག་ཕ་རོལ་ཀྱི་ཉོན་མོངས་པ་མྱི་སྐྱེ་བའི་མཐུ་ཡོད་པའི་ཏིང་ངེ་འཛིན་གང་གིས་འགྲུབ་པ་དེ་ནི་ཉོན་མོངས་པ་མྱེད་པ་ཞེས་བྱའོ། །སྨོན་ལམ་གྱི་ཤེས་པ་གང་ཞེ་ན། བསམ་གཏན་ལ་གནས་ཏེ། འདི་ཤེས་པར་ བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་གསུམ་གྱི་ཤེས་པ་འམ། ཤེས་པ་གང་དང་གང་འདོད་པར་གྱུར་པ་དེ་ལ་ཡིད་ཀྱིས་སྨོན་པ་བྱེད་དེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་དེའི་སྨོན་ ལམ་དེ་ཡོངས་སུ་གྲུབ་པར་གྱུར་ཅིག །ཤེས་བྱ་དེ་ཡང་ཤེས་པ་དེ་ནི་སྨོན་ལམ་གྱི་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མྱིག་གི་ མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའི་ མངོན་པར་ཤེས་པ་སྟེ། དྲུག་པོ་དེ་དག་གོ། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང་། དམྱིགས་པ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོངས་སུ་དག་པ་སྟེ། 28-1-263a བཞི་པོ་དེ་དག་གོ། །དེ་ལ་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་ བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་དང་། བཅུ་པོ་དེ་དག་གོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། རབ་ འབྱོར་འདི་ལ་དེ་བཞིན་གཤེགས་པ་ནི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་ཏོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་སུ་བླངས་པའི་རྣམ་པར་སྨྱིན་པ་གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཅན་དང་ཁམས་ དུ་མ་ཅན་གྱི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱིས་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དགོངས་པ་ནས། ཚེ་རབས་བརྒྱ་དང་། 28-1-263b ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དགོངས་སོ། །བསྐལ་པ་གཅིག་ཀྱང་རྗེས་སུ་དགོངས་པ་ནས། བསྐལ་པ་བརྒྱའི་བར་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་དག་ཀྱང་རྗེས་སུ་དགོངས་ཏེ། བདག་ནི་ འདི་ལྟ་བུ་ཞིག་ན་འདུག་འདུག་གོ། །མྱིང་ནི་འདི་ཞེས་བྱ་བར་གྱུར་ཏོ། །རིགས་ནི་འདི་ཞེས་བྱ་བར་གྱུར་ཏོ། །རུས་ནི་འདི་ཞེས་བྱ་བར་གྱུར་ཏོ། །ཟས་ནི་འདི་ཟ་ཟའོ། །ཡུན་ནི་འདི་སྲིད་ཅིག་ཏུ་གནས་གནས་སོ། ། ཚེའི་མཐའ་ནི་འདི་ཙམ་ཞིག་དུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་དུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ཀྱང་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། ས་ མལ་དང་བཅས། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་སོ། །ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ ཀྱང་གཟིགས་སོ། །ཁ་དོག་སྡུག་པ་དང་། མྱི་སྡུག་པ་དང་། བཟང་བ་དང་ངན་པ་དང་། བདེ་འགྲོ་ན་འཁོད་པ་དང་། ངན་སོང་ན་འཁོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འདོང་བའི་སེམས་ ཅན་རྣམས་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། ངག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་ འདེབས་པ། ལོག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་ 28-1-264a པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ། མྱི་འདེབས་པ་ཡང་དག་པར་ལྟ་བ་དག་སྟེ། དེའི་རྒྱུ་ དེའི་རྐྱེན་ཀྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་ གྲོལ་བ་དང་། ཟག་པ་མྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་མྱི་འཇིགས་པ་བཞི་གང་ཞེ་ན། བདག་ གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་ པ་འམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པར་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ། ། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་ བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ་བདུད་དམ། ཚངས་པ་ 28-1-264b འམ། སྐྱེ་དགུའི་ཚོགས་གཞན་སུ་འང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་འཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པར་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། ། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་ བསྐོར་བར་བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟེན་པ་དེ་དག་ལ་བསྟེན་ན། བར་ཆད་ཀྱི་ཆོས་སུ་མྱི་འགྱུར་རོ། །ཞེས་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་ པ་འམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་ གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་ 28-1-265a དག་པར་ཟད་པར་མྱི་འབྱུང་ངོ་ཞེས། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ་ཚངས་པ་འམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་ བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི་མྱི་འཇིགས་པའོ། །དེ་ལ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་ པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་ རིག་པ་སྟེ། དེ་དག་ཀྱང་གང་ཞེ་ན། དོན་ལ་དམྱིགས་པ་དང་། ཆོས་ལ་དམྱིགས་པ་དང་། ངེས་པའི་ཚིག་ལ་དམྱིགས་པ་དང་། སྤོབས་པ་ལ་དམྱིགས་པའོ། །རབ་འབྱོར་དེ་བཞིན་གཤེགས་ པའི་བསྲུང་བ་མྱེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བས། ལ་ལས་ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་ 28-1-265b བསྲུང་བ་མྱེད་པ་དང་པོའོ། །དེ་བཞིན་གཤེགས་པ་ནི་གསུང་གི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བས། ལ་ལས་ ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་བསྲུང་བ་མྱེད་པ་གཉིས་པའོ། །དེ་བཞིན་གཤེགས་པ་ནི་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་ པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བས། ལ་ལས་ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་ བསྲུང་བ་མྱེད་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ། ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་། བཀའ་ མཉན་པའི་སེམས་ཉེ་བར་གཞོག་པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་ན། ཡང་དེས་དེ་བཞིན་གཤེགས་པ་དགྱེས་པར་མྱི་འགྱུར། ཡིད་བདེ་བར་མྱི་འགྱུར། ཐུགས་ཡེང་ ཡེང་པོར་མྱི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་དང་པོའོ། །ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་། བཀའ་མཉན་པའི་སེམས་ཉེ་བར་གཞོག་པ་དང་། ཆོས་དང་གཉེར་བའི་ཆོས་ ལ་ནན་ཏན་དུ་མྱི་བྱེད་ན་ཡང་དེས་དེ་བཞིན་གཤེགས་པ་ཐུགས་ཁྲོ་བར་མྱི་འགྱུར། མྱི་བཟོད་པར་མྱི་འགྱུར། ཐུགས་མྱི་ཆེས་པར་མྱི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་གཉིས་ པའོ། །ལ་ལ་ནི་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་མཉན་པའི་སེམས་ཉེ་བར་གཞོག་ལ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད། ལ་ལ་ནི་རྣ་བ་བཏུད་དེ་རིམ་གྲོར་མྱི་ཉན་ཅིང་། བཀའ་ 28-1-266a མཉན་པའི་སེམས་ཉེ་བར་གཞོག་པ་མྱེད་དེ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མྱི་བྱེད་ཀྱང་། དེས་དེ་བཞིན་གཤེགས་པ་དགྱེས་པ་འམ། ཐུགས་ཁྲོ་བ་གཉིས་སུ་མྱི་འགྱུར་ཏེ། ཐམས་ ཅད་དུ་དགོངས་པ་དང་ལྡན་ཞིང་མཁྱེན་པར་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མྱེད་པའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་པའི་ཆོས་སྟོན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་མྱི་འདའ་བ་སྟེ། དེ་ནི་ཉམས་པ་མྱེད་པའི་ཆོས་ཉིད་ཅེས་བྱའོ། ། དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་ཉོན་མོངས་པ་སྤངས་ཀྱང་དེ་དག་ལ་ལུས་ཀྱི་འགྱུར་བ་ཡོད་ཀྱི། དེ་བཞིན་ གཤེགས་པ་ལ་ནི་དེ་ལྟ་བུ་ཡང་མྱི་འདའ་སྟེ། དེ་ནི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ ཆེན་པོ་གང་དང་ལྡན་པས། འཇིག་རྟེན་ཀྱི་བརྡའ་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་གཟིགས་པའི་ཕྱིར་དུས་ཐམས་ཅད་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟོག་པ་མཛད་ཅེས་ བྱ་སྟེ། དངོས་སུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨྱིན་པར་བྱ་བ་གཟིགས་པ་རྟག་པར་འབྱུང་སྟེ། དེ་ནི་ཐུགས་རྗེ་ཆེན་ པོ་ཞེས་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མྱི་མངའོ། །ཅ་ཅོ་མྱི་མངའོ། །དགོངས་པ་ 28-1-266b ཉམས་པ་མྱི་མངའོ། །འདུ་ཤེས་སྣ་ཚོགས་མྱི་མངའོ། །ཐུགས་མཉམ་པར་མ་གཞག་པ་མྱི་མངའོ། །མ་བརྟགས་པའི་བཏང་སྙོམས་མྱི་མངའོ། །མོས་པ་ཡོངས་སུ་ཉམས་པ་མྱི་མངའོ། །བརྩོན་འགྲུས་ ཡོངས་སུ་ཉམས་པ་མྱི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མྱི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མྱི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མྱི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ ཉམས་པ་མྱི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མྱི་མངའོ། །སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་ གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་ དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་བྱུང་བའི་དུས་ལ་མ་ ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ ཞེ་ན། གང་ལ་དམྱིགས་པ་མྱེད་པ་དྲན་པས་དབང་བསྒྱུར་བ། ཞི་བའི་རྣམ་པ་དང་ལྡན་པའི་མཚན་ཉིད་མྱེད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་ པའི་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བར་འབྲེལ་བ་དང་། ཕྱག་དང་ཞབས་ 28-1-267a གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་བ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་ཏུ་ འཁྱིལ་བ་དང་། རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་ གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་། ཤིང་ ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་ དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་ མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་འདི་ལྟ་སྟེ། རུས་པ་འམ་བ་སོ་ལ་གཟུགས་བཀོས་པ་དང་འདྲ་བ་མངའ་བས་ཕྱག་ དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མྱེད་པས། ཞབས་ཤིན་ཏུ་གནས་པའོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ ཞབས་ཀྱི་སོར་མོའ་དྲ་བར་འབྲེལ་བས་ཕྱག་དང་ཞབས་དྲ་བར་འབྲེལ་པའོ། །ཤིང་བལ་གྱི་ཡེའུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཕྱག་དང་ཞབས་ 28-1-267b དང་མགུར་གྱི་ལྷུན་ཤིན་ཏུ་མཐོ་བས་བདུན་ཤིན་ཏུ་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས་སྐུ་ ཆེ་ཞིང་དྲང་བའོ། །པུས་མོའི་ལྷ་ང་དང་། ལོང་བུ་མཛེས་པར་ནུབ་པས་ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་ཏུ་གཡས་ཕྱོགས་སུ་འཁྱིལ་བས། ཡན་ལག་གི་སྤུ་གྱེན་ཏུ་འཁྱིལ་པའོ། །རི་དགས་ཨེ་ ནེ་ཡའི་བྱིན་པ་དང་། སྨྱིག་མ་དང་ཟླུམ་བུ་དར་བ་ལྟར་དྲང་ཞིང་མ་ཉམས་ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་། བྱིན་པ་ཟླུམ་པས་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ ཀྱང་། ཕྱག་གི་མཐིལ་གཉིས་ཀྱིས་པུས་མོའི་ལྷ་ང་ལ་རེག་པས། ཕྱག་བརླ་དྲང་པོར་སླེབས་པའོ། །གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས། གསང་ བའི་གནས་སྦུབས་སུ་ནུབ་པའོ། །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། །གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་ལ། སྐུ་ལ་རྡུལ་མྱི་འགོ་བས་མདོག་ཤིན་ཏུ་འཇམ་པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མྱེད་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པའོ། །མེ་ཏོག་ཀུན་ད་དང་ཟླ་བ་དང་། འོ་མ་དང་། བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་བརྒྱ་ལས་ཀྱང་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨྱིན་མཚམས་ཤིན་ཏུ་བརྒྱན་པས། ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་ སེང་གེའི་རོ་སྟོད་དོ། །མགུར་དང་རྒྱུད་ལེགས་པར་འབྲེལ་ཅིང་ལྷུན་ཟླུམ་པས། ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ 28-1-268a ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང་། ཁྲིས་པ་དང་། བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མྱེད་པས། རོ་བྲོ་བའི་མཆོག་གོ། །སྐུ་ཆུ་ཞེང་མདོམ་གང་དུ་མཉམ་པས་ཤིང་ནྱ་ གྲོ་ད་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་པ་དང་ལྡན་པའི་དབུ་མཉམ་ཞིང་ལེགས་པར་གྲུབ་ལ་མཛེས་པ་མངའ་བས་དབུ་སྤྱི་གཙུག་དང་ལྡན་པའོ། ། མེ་ཏོག་ཨུད་པ་ལ་དམར་པོའི་མདབ་མའི་ཁ་དོག་ལྟ་བུར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བས། ཚངས་པའི་དབྱངས་ སོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ། ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུན་ད་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ ཚེམས་མངའ་བས་ཚེམས་ཤིན་ཏུ་དཀར་བའོ། །ཚེམས་ལ་མཐོ་དམན་མྱེད་པས་ཚེམས་མཉམ་པའོ། །ཚེམས་ལ་མཚམས་མ་དོད་པས་ཚེམས་ཐགས་བཟང་བའོ། །བླ་འོག་དགྱེས་དགུ་མྱེད་པས་ ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ། །དཀར་ནག་གི་ཆ་མ་འདྲེས་ལ་ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོས་མ་ཡོག་པས་སྤྱན་དཀར་ནག་འབྱེས་པའོ། །རྫི་མ་བླ་འོག་ཤིན་ཏུ་ལེགས་པར་གནས་ལ་མ་ འཛིངས་པས་བའི་རྫི་མ་ལྟ་བུའོ། །དེ་ལ་བླ་མའི་བསུ་བསྐྱལ་དང་། ཆོས་མཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་རྗེས་སུ་བསྒྲུབ་པ་ལ་སྩོགས་པ་ལ་ཕུ་དུད་དུ་བྱས་པས་ཕྱག་དང་ཞབས་འཁོར་ ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ། དེ་ནི་མྱི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང་། ངག་སྙན་པ་ 28-1-268b དང་། དོན་སྤྱད་དང་། དོན་འཐུན་པའི་བསྡུ་བ་རྣམ་བཞི་གོམས་པར་བྱས་པས་ཕྱག་དང་ཞབས་དྲ་བར་འབྲེལ་པ་སྟེ། དེ་ནི་མྱུར་ཏུ་འདུ་བའི་སྔ་ལྟས་སོ། །བཟའ་བ་དང་། བཅའ་བ་དང་། བཏུང་བ་ཞིམ་ ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་ཐོབ་པའི་སྔ་ལྟས་སོ། །བཅིངས་ པ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་ པར་བླངས་པ་དང་། བཟུང་བ་དང་མངོན་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་གོང་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་ཏུ་འཁྱིལ་པ་སྟེ། དེ་ནི་མྱི་ཉམ་པའི་ཆོས་དང་ལྡན་པའི་སྔ་ ལྟས་སོ། །རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་བྱིན་པ་དང་། བདག་གིས་བླངས་པས་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་ཏུ་འཛིན་པའི་སྔ་ལྟས་སོ། ། བདོག་ཅིང་ཡོད་པའི་ནོར་ལ་བསླངས་ན་མྱི་འགོད་པར་གཏོང་ཞིང་མྱེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་དུལ་བའི་སྔ་ལྟས་སོ། །གྲོགས་པོ་དང་མཛའ་བཤེས་ དང་གཉེན་པ་ཕྱེ་བ་དང་། བྱེ་བར་གྱུར་པའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་བས། གསང་བའི་གནས་སྦུབས་སུ་ ནུབ་པ་སྟེ། དེ་ནི་བུ་མང་པོའི་སྔ་ལྟས་སོ། །སྟན་དང་གོས་དང་། ཁང་པ་དང་། གཞལ་མྱེད་ཁང་དང་གནས་བཟང་པོ་བྱིན་པས་གསེར་ཀྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ 28-1-269a ནི་གདན་དང་། ན་བཟའ་དང་། ཁང་པ་དང་། གཞལ་མྱེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་ཕུ་ནུ་ལ་ སྩོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོར་བྱས་པ་དང་། བཙུན་པར་བྱས་པ་དང་། བཅོལ་བ་རྣ་ལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མྱེད་པའི་སྔ་ལྟས་སོ། །མྱི་སྙན་པར་མྱི་ཟེར་ཞིང་མྱི་སྨོད་ལ་སྙན་པར་སྨྲ་ཞིང་། ལེགས་པར་བཤད་པ་འཐུན་པར་འཛིན་པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་ སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང་། རིམ་གྲོ་དང་། སྨན་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། བཏུང་བ་དང་། རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་། འཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་ སྩོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་། བདག་གིས་གཞན་བྱིན་པས་ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་བ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་ སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་དང་། ཚངས་པའི་དབྱངས་ཏེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་ པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མྱི་འཐུན་པ་མྱེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། བཏང་མྱི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། ། 28-1-269b ཡུན་རིང་པོ་ནས་ཚིག་ཀྱལ་བ་སྤངས་ཤིང་དུས་སུ་སྨྲ་སྨྲ་བས། སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་ཀྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་བརྙས་པ་མྱེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ ཤིན་ཏུ་དཀར་བ་དང་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསྩགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མྱེད་པའི་ཚེམས་སྨྲ་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་ སྟེ། དེ་ནི་འཁོར་དབྱེར་མྱི་ཕྱེད་པའི་སྔ་ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མྱེད་ལ། མ་ཆགས་མྱི་སྡང་བ་དང་། རྨོངས་པ་མྱེད་པའི་མྱིག་གིས་ལྟ་ལྟ་བས། མྱིག་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་ལ་དེ་བཞིན་གཤེགས་པའི་དཔེའ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་བཤེས་བྱམས་ པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིག་དང་རྒྱུད་མཐོན་པོར་འབྱུང་བ་སྟེ། སེན་མོ་མཐོ་བ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་ཚུལ་ལ་ཁ་ན་མ་ཐོ་བ་མྱི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་དང་། གསུང་དང་སྐུའི་འཕྲིན་ལས་དང་། འཚོ་བ་ཤིན་ཏུ་ 28-1-270a དབེན་པ་སྟེ། རྩ་མྱི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་མདུད་པ་འགྲེལ་པ་སྟེ། རྩ་ལ་མདུད་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དབེན་ པའི་ཆོས་མངའ་བ་སྟེ། ལོང་བུ་མྱི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱི་མཉམ་པ་ཐམས་ཅད་ལས་སྒྲོལ་བ་སྟེ། ཞབས་མྱི་མཉམ་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ མྱིའི་སེང་གེ་སྟེ། སེང་གེའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱིའི་གླང་པོ་སྟེ། གླང་པོའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངང་པའི་རྒྱལ་པོ་ལྟར་ ནམ་མཁའ་ལས་བཞུད་པ་སྟེ། ངང་པའི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱིའི་ཁྱུ་མཆོག་སྟེ། ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་འཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་ཡོན་པོ་ མྱི་མངའ་བ་སྟེ། མ་ཡོ་བར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པ་སྟེ། སྐུ་ཤིན་ཏུ་ལེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྡིག་པའི་ ཆོས་རྣམས་ཤིན་ཏུ་སྦྱངས་པ་སྟེ། སྐུ་ཤིན་ཏུ་སྦྱངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རིམ་གྱིས་སྟོན་པ་སྟེ། སྐུ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ དང་གསུང་ཐུགས་གཙང་མ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་ 28-1-270b འདས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེའ་བྱད་ཤིན་ཏུ་ རྫོགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ། སྐུ་ཆེ་ཞིང་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་ ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། ཀུན་ཤིན་ཏུ་གཞོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ རྟག་ཏུ་ཞུམ་པ་མྱེད་པའི་ཐུགས་མངའ་བ་སྟེ། སྐུ་ཞུམ་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱི་དགེ་བའི་རྩ་བ་ཐམས་ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐུ་ཤིན་ཏུ་འཁྲུགས་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཉིང་ལག་ལེགས་པར་སྟོན་པ་སྟེ། ཡན་ལག་དང་ཉིང་ལག་སྤ་བར་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྣང་བ་རབ་རིབ་མྱེད་ཅིང་། རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན། སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞོལ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཟག་པ་རྣམ་པར་བཟློག་པ་སྟེ། ཕྱལ་ཕྱམ་མེར་འདུག་པ་ཡིན། སངས་རྒྱས་བཅོམ་ 28-1-271a ལྡན་འདས་རྣམས་ནི་ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ། ལྟེ་བ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་ བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་ཤིན་ཏུ་གཙང་བ་དང་ལྡན་པ་ སྟེ། ཀུན་སྤྱོད་པ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་སྨྱེ་བ་མྱེད་པ་ཡིན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་ཤིང་བལ་ལྟར་ཡང་བ་རབ་ཏུ་ཐོབ་པའི་ཆོས་སྟོན་པ་སྟེ། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་སྐྱེ་བོ་དང་། སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་བརྙེས་པ་སྟེ། ཕྱག་གི་རི་མོ་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པ་སྟེ། ཕྱག་གི་ རི་མོ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཟོད་པའི་ཆོས་ཡངས་པ་སྟོན་པ་སྟེ། ཕྱག་གི་རི་མོ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསླབ་པའི་ གནས་ཧ་ཅང་ཡང་མྱི་རིང་བར་འཆའ་བ་སྟེ། ཞལ་ཧ་ཅང་མྱི་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་བཀྱེ་བ་སྟེ། ཞལ་གཟུགས་ཀྱི་ གཟུགས་བརྙན་སྣང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པ་སྔོན་དུ་བཏང་ཞིང་འདུལ་བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ 28-1-271b རྣམས་ནི་ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ་འདོད་ཆགས་རྣམས་ཀྱི་ཆོས་དང་འདུལ་བ་གཏིང་ དཔག་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གླང་པོའི་སྒྲ་འབྲུག་གི་སྒྲ་ལྟ་བུས་བསྙེངས་པ་མྱི་མངའ་བ་སྟེ། གླང་པོའི་ང་རོ་དང་འབྲུག་གི་དབྱངས་ དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བའི་གསུང་དང་ལྡན་ པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་པ་སྟེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་རྣོ་བ་རྣམས་འདུལ་བ་སྟེ། ཚེམས་མཆེ་བ་རྣོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དང་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སའི་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་ མཆེ་བ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་ 28-1-272a རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སེམས་ཅན་གྱི་ཚོགས་ཤིན་ཏུ་བསྩགས་པ་སྟེ། རྫི་མ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྷ་དང་ལྷ་མ་ཡིན་དང་། སྐྱེས་བུ་དང་། ན་ཆུང་མཆོག་གི་མྱིག་ དཀར་ནག་འབྱེས་ཤིང་པད་མོའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བ་སྟེ། སྤྱན་དཀར་ནག་འབྱེས་ཤིང་པད་མོའི་འདབ་མ་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་རྟག་ཏུ་ཡངས་པ་གཟིགས་པ་སྟེ། སྨྱིན་མ་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པར་འདུལ་བ་ལ་མཁས་པ་སྟེ། སྨྱིན་མ་འཇམ་པ་དང་ལྡན་པ་ཡིན། སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྨྱིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བའི་སྣུམ་གྱིས་སེམས་ སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ། སྨྱིན་མ་སྣུམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ། སྙན་ལེགས་ ཤིང་སྙན་ཤལ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་རྒྱུད་ལས་རྣམ་པར་རྒྱལ་བ་སྟེ། སྙན་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ ཅན་བསམ་པ་མ་ཉམས་པ་འདུལ་བ་སྟེ། སྙན་གྱི་དབང་པོ་མ་ཉམས་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། 28-1-272b ཞལ་འཕྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕས་ཀྱིས་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། ཞལ་འཕྲལ་བ་ཡངས་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ། དབུ་ཤིན་ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་གྱི་བུང་བ་རྣམ་པར་བཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་བསྒོམ་པས་སྤང་བའི་བག་ལ་ཉལ་བ་ཟད་པར་བྱས་པ་སྟེ། དབུ་སྟུག་པ་ཡིན། སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པ་སྟེ། དབུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མ་འཁྲུགས་ པའི་ཐུགས་དང་ལྡན་པ་སྟེ། དབུ་མྱི་འཛིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བརླང་བའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མྱི་རྩུབ་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་འཐུན་པར་བསྒྲུབས་པ་སྟེ། དབུ་དྲི་ཞིམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། དགའ་བ་འཁྱིལ་པས་བརྒྱན་པ་ཡིན། རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །རབ་འབྱོར་དེ་ལྟར་དེ་ལྟ་བུའི་ཆོས་ཀྱི་རྣམ་པ་དེ་དག་གཞན་ལ་བཤད་པ་དང་། བསྟན་པ་དང་། ཡང་དག་པར་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་ 28-1-273a ཀྱི་སྦྱིན་པ་ཞེས་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པས་སྡུད་པ་ཡིན་ཏེ། རབ་ འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་སྡུད་པ་ཡིན་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་ པ་མྱེད་དེ། རབ་འབྱོར་དེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། ། 28-1-273b དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་བྱ་བས་ སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་འཐུན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་ འདུས་པ་མྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ངོ་མཚར་དང་། རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་འདི་སྐད་དུ་འདོམས་ཤིང་འདི་སྐད་སྟོན་ཏོ། །རིགས་ཀྱི་བུ་ཁྱེད་ཚུར་ཤེག །ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ ཤིག །ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ཐམས་ཅད་ ཤེས་པར་གྱིས་ཤིག །ཡི་གེ་གཉིས་ཀྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་གྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ 28-1-274a ཤིག །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་སྒོམས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག་ཅེས་སྟོན་ཏོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཡི་གེ་གཅིག་ལ་མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པ་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་ པར་བསྒོམ་པ་ལ་མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་བསྒོམ་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་ན། ལ་ལ་ གོམས་ཤིང་ཡི་གེ་མྱེད་པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པ་ཡིན་ཏེ། དེ་ལ་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པས་ཡི་གེ་མང་པོས་ཡི་གེ་མྱེད་པའི་ཆོས་སྟོན་ཀྱང་། རབ་ འབྱོར་ཆོས་དེ་ཡི་གེའི་རྣམ་པ་དང་འབྲལ་བ་ཡང་མ་ཡིན་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཏེ། གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ གལ་ཏེ་མཐའ་ལས་འདས་པ་དང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉེ་བར་བཟུང་སྟེ། སེམས་ཅན་ཡང་ཤིན་ཏུ་མྱི་དམྱིགས། ཆོས་ཀྱང་མྱི་དམྱིགས། ཆོས་ཀྱི་དངོས་པོ་ཡང་མྱི་ 28-1-274b དམྱིགས་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། སྟོང་པ་ཉིད་བཞི་བཅུ་རྩ་བཞི་ལ་སྤྱོད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མྱེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མྱེད་ པའི་ཏིང་ངེ་འཛིན་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་ དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེའ་བྱད་བཟང་པོ་བརྒྱད་ཅུ་ལ་སྤྱོད་ཅིང་། རྣམ་ པར་སྨྱིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར། དེ་ལ་ནི་སེམས་ཅན་མྱི་དམྱིགས་ཏེ། སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་སོ། །སེམས་ ཅན་མྱི་དམྱིགས་པས་གཟུགས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་འདུ་ཤེས་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་འདུ་བྱེད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱིག་དམྱིགས་སུ་མ་མཆིས་སོ། ། 28-1-275a སེམས་ཅན་མྱི་དམྱིགས་པས་རྣ་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྣ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལྕེ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་ མྱི་དམྱིགས་པས་རྣ་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལུས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཡིད་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་གཟུགས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྒྲ་དམྱིགས་སུ་མ་མཆིས་སོ། ། སེམས་ཅན་མྱི་དམྱིགས་པས་དྲི་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རོ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ རེག་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཆོས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱིག་གི་རྣམ་པར་ཤེས་པ་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣ་བའི་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྣའི་རྣམ་པར་ཤེས་པ་ དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལྕེའི་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལུས་ ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཡིད་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ 28-1-275b ཅན་མྱི་དམྱིགས་པས་མྱིག་གི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣ་བའི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་སྣའི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལྕེའི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་ དམྱིགས་པས་ལུས་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཡིད་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་མ་ མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སའི་ཁམས་དམྱིགས་སུ་མ་མཆིས་ སོ། །སེམས་ཅན་མྱི་དམྱིགས་པས་ཆུའི་ཁམས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱེའི་ཁམས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་ 28-1-276a དམྱིགས་པས་རླུང་གི་ཁམས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ནམ་མཁའི་ཁམས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་ མྱི་དམྱིགས་པས་རྣམ་པར་ཤེས་པའི་ཁམས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མ་རིག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་ པས་འདུ་བྱེད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣམ་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱིང་དང་གཟུགས་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྐྱེ་མཆེད་དྲུག་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རེག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་ མྱི་དམྱིགས་པས་ཚོར་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྲེད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལེན་པ་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་སྲིད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྐྱེ་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྒ་ཤི་དམྱིགས་སུ་མ་མཆིས་སོ། ། སེམས་ཅན་མྱི་དམྱིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་ སོ། །སེམས་ཅན་མྱི་དམྱིགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་བརྩོན་འགྲུས་ཀྱི་ 28-1-276b ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ནང་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་ཕྱི་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཕྱི་ནང་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། ། སེམས་ཅན་མྱི་དམྱིགས་པས་སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཆེན་པོ་སྟོང་པ་ཉིད་དམྱིགས་སུ་མ་ མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དོན་དམ་པ་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་འདུས་བྱས་སྟོང་པ་ཉིད་ དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་འདུས་མ་བྱས་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མ་མཆིས་ 28-1-277a སོ། །སེམས་ཅན་མྱི་དམྱིགས་པས་རང་བཞིན་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རང་གི་མཚན་ཉིད་སྟོང་པ་ཉིད་ དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ངོ་བོ་ཉིད་སྟོང་པ་ཉིད་ དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དྲན་པ་ཉེ་བར་གཞག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་ དམྱིགས་པས་ཡང་དག་པར་སྤོང་བ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྫུ་འཕྲུལ་གྱི་རྐང་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དབང་པོ་ལྔ་དམྱིགས་སུ་མ་མཆིས་སོ། །སེམས་ ཅན་མྱི་དམྱིགས་པས་སྟོབས་ལྔ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་འཕགས་པའི་ལམ་ ཡན་ལག་བརྒྱད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་འཕགས་པའི་བདེན་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་བསམ་གཏན་དམྱིགས་སུ་མ་མཆིས་སོ། ། སེམས་ཅན་མྱི་དམྱིགས་པས་ཚད་མྱེད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་ པས་རྣམ་པར་ཐར་པ་བརྒྱད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྟོང་པ་ཉིད་དང་ 28-1-277b མཚན་མ་མྱེད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྨོན་པ་མྱེད་པ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མངོན་པར་ཤེས་པ་དམྱིགས་སུ་མ་མཆིས་སོ། ། སེམས་ཅན་མྱི་དམྱིགས་པས་ཏིང་ངེ་འཛིན་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་གཟུངས་ཀྱི་སྒོ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱི་འཇིགས་པ་བཞི་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སོ་སོ་ཡང་དག་པར་རིག་པ་བཞི་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་ དམྱིགས་པས་བྱམས་པ་ཆེན་པོ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སྙིང་རྗེ་ཆེན་པོ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ཕྱིར་མྱི་འོང་བའི་འབྲས་བུ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དགྲ་བཅོམ་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་ པས་རང་བྱང་ཆུབ་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམྱིགས་ སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དམྱིགས་སུ་མ་མཆིས་སོ། །སེམས་ཅན་མྱི་དམྱིགས་པས་དཔེའ་བྱད་བཟང་པོ་བརྒྱད་ཅུ་དམྱིགས་སུ་མ་མཆིས་སོ། ། 28-1-278a སེམས་ཅན་དམྱིགས་སུ་མ་མཆིས་པ་ལ་ནི་སེམས་ཅན་མ་མཆིས་སོ། །གཟུགས་མ་མཆིས་སོ། །ཚོར་བ་མ་མཆིས་སོ། །འདུ་ཤེས་མ་མཆིས་སོ། །འདུ་བྱེད་མ་མཆིས་སོ། །རྣམ་པར་ཤེས་པ་མ་ མཆིས་སོ། །མྱིག་མ་མཆིས་སོ། །རྣ་བ་མ་མཆིས་སོ། །སྣ་མ་མཆིས་སོ། །ལྕེ་མ་མཆིས་སོ། །ལུས་མ་མཆིས་སོ། །ཡིད་མ་མཆིས་སོ། །གཟུགས་མ་མཆིས་སོ། །སྒྲ་མ་མཆིས་སོ། །དྲི་མ་མཆིས་སོ། །རོ་མ་ མཆིས་སོ། །རེག་མ་མཆིས་སོ། །ཆོས་མ་མཆིས་སོ། །མྱིག་གི་རྣམ་པར་ཤེས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པ་མ་མཆིས་སོ། །སྣའི་རྣམ་པར་ཤེས་པ་མ་མཆིས་སོ། །ལྕེའི་རྣམ་པར་ཤེས་པ་མ་ མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པ་མ་མཆིས་སོ། །སྣའི་འདུས་ཏེ་ རེག་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་མཆིས་སོ། །རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་མཆིས་སོ། །སའི་ཁམས་ མ་མཆིས་སོ། །ཆུའི་ཁམས་མ་མཆིས་སོ། །མྱེའི་ཁམས་མ་མཆིས་སོ། །རླུང་གི་ཁམས་མ་མཆིས་སོ། །ནམ་མཁའི་ཁམས་མ་མཆིས་སོ། །རྣམ་པར་ཤེས་པའི་ཁམས་མ་མཆིས་སོ། །མ་རིག་པ་མ་མཆིས་སོ། །འདུས་བྱེད་ མ་མཆིས་སོ། །རྣམ་པར་ཤེས་པ་མ་མཆིས་སོ། །མྱིང་དང་གཟུགས་མ་མཆིས་སོ། །སྐྱེ་མཆེད་དྲུག་མ་མཆིས་སོ། །རེག་པ་མ་མཆིས་སོ། །ཚོར་བ་མ་མཆིས་སོ། །སྲེད་པ་མ་མཆིས་སོ། །ལེན་པ་མ་མཆིས་སོ། །སྲིད་པ་ 28-1-278b མ་མཆིས་སོ། །སྐྱེ་བ་མ་མཆིས་སོ། །རྒ་ཤི་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །ནང་སྟོང་པ་ཉིད་མ་མཆིས་སོ། །ཕྱི་སྟོང་པ་ཉིད་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་མ་མཆིས་ སོ། །སྟོང་པ་ཉིད་སྟོང་པ་ཉིད་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་མ་མཆིས་སོ། །འདུས་བྱས་སྟོང་པ་ཉིད་མ་མཆིས་སོ། །འདུས་མ་བྱས་སྟོང་པ་ཉིད་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་མཆིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མ་མཆིས་སོ། །རང་བཞིན་སྟོང་པ་ཉིད་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་མཆིས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་མཆིས་སོ། །མྱི་ དམྱིགས་པ་སྟོང་པ་ཉིད་མ་མཆིས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ མ་མཆིས་སོ། །ཡང་དག་པར་སྤོང་བ་རྣམས་མ་མཆིས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་མཆིས་སོ། །དབང་པོ་རྣམས་མ་མཆིས་སོ། །སྟོབས་རྣམས་མ་མཆིས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་མ་མཆིས་སོ། །བསམ་གཏན་རྣམས་མ་མཆིས་སོ། །ཚད་མྱེད་པ་རྣམས་མ་མཆིས་སོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་སོ། །རྣམ་པར་ཐར་པ་བརྒྱད་མ་མཆིས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་མཆིས་སོ། །སྟོང་པ་ཉིད་མ་མཆིས་སོ། །མཚན་མ་མྱེད་པ་མ་མཆིས་ 28-1-279a སོ། །སྨོན་པ་མྱེད་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མ་མཆིས་སོ། ། མྱི་འཇིགས་པ་བཞི་མ་མཆིས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་མ་མཆིས་སོ། །བྱམས་པ་ཆེན་པོ་མ་མཆིས་སོ། །སྙིང་རྗེ་ཆེན་པོ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་མཆིས་སོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུ་མ་མཆིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་མཆིས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་མ་མཆིས་སོ། །དགྲ་བཅོམ་པ་ཉིད་མ་མཆིས་སོ། །རང་བྱང་ཆུབ་མ་མཆིས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་མཆིས་སོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཆིས་སོ། །མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མ་མཆིས་སོ། །དཔེའ་བྱད་བཟང་པོ་བརྒྱད་ཅུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་མྱི་དམྱིགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་དམྱིགས་པར་འགྱུར་བ་ལྟ་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྲིད་དུ་སྨྲས་པ། བཞིན་ནོ། །རབ་འབྱོར་དེ་ལྟར་སེམས་ཅན་མྱི་དམྱིགས་པས་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །སྟོང་པ་ ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །ཆེན་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །མཐའ་ལས་འདས་ པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རང་བཞིན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རིག་པར་བྱའོ། །རང་ 28-1-279b གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རིག་པར་ བྱའོ། །ཕུང་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཁམས་སྟོང་པ་ཉིད་དུ་རིག་པར་བྱའོ། །སྐྱེ་མཆེད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདེན་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདག་ སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་དུ་རིག་པར་བྱའོ། །སྲོག་སྟོང་པ་ཉིད་དུ་རིག་པར་བྱའོ། །འགྲོ་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །གསོའ་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྐྱེས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། ། གང་ཟག་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེད་ཅན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེད་བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱེད་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱེད་དུ་འཇུག་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སློང་བ་པོ་སྟོང་པ་ ཉིད་དུ་རིག་པར་བྱའོ། །ཀུན་ནས་སློང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་བར་བྱེད་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེས་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །མཐོང་བ་པོ་ སྟོང་པ་ཉིད་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡང་དག་པར་སྤོང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དབང་པོ་སྟོང་པ་ཉིད་དུ་རིག་པར་ བྱའོ། །སྟོབས་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་དུ་རིག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་སྟོང་པ་ཉིད་དུ་རིག་པར་ བྱའོ། །བསམ་གཏན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚད་མྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པ་བརྒྱད་སྟོང་པ་ཉིད་དུ་རིག་ 28-1-280a པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་ བཞིན་གཤེགས་པའི་སྟོབས་བཅུ་སྟོང་པ་ཉིད་དུ་རིག་པར་བྱའོ། །མྱི་འཇིགས་པ་བཞི་སྟོང་པ་ཉིད་དུ་རིག་པར་བྱའོ། །སོ་སོ་ཡང་དག་པ་རིག་པ་བཞི་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱམས་པ་ཆེན་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། ། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། ། ཕྱིར་མྱི་འོང་བའི་འབྲས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། །དགྲ་བཅོམ་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །རང་བྱང་ཆུབ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཞིང་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས་ཕྱིན་ཅི་ལོག་ཏུ་མཐོང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་སྟོང་ པ་ཉིད་དེ་དག་ལ་ཡང་མྱི་འཇུག་པ་དེ་ལྟར་སྟོན་ཏོ། །དེས་དེ་ལྟར་མཐོང་ནས། ཆོས་ཐམས་ཅད་སྒྲིབ་པ་མྱེད་པར་ཤེས་ཏེ། ཆོས་གང་ཡང་འཁྲུག་པར་མྱི་བྱེད། གཉིས་སུ་མྱི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཡང་སྟོན་པ་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི། སྤྲུལ་པ་བྱེ་བ་ཕྲག་དུ་མ་སྤྲུལ་ཅིང་། སེམས་ཅན་ལ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་ཚུལ་ 28-1-280b ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བསམ་གཏན་བཞི་ལ་སྦྱོར། ལ་ལ་ཚད་མྱེད་པ་བཞི་ལ་སྦྱོར། ལ་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱོར། ལ་ལ་དྲན་པ་ཉེ་བར་གཞག་པ་བཞི་ ལ་སྦྱོར། ལ་ལ་ཡང་དག་པར་སྤོང་བ་བཞི་ལ་སྦྱོར། ལ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྦྱོར། ལ་ལ་དབང་པོ་ལྔ་ལ་སྦྱོར། ལ་ལ་སྟོབས་ལྔ་ལ་སྦྱོར། ལ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྦྱོར། ལ་ལ་འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར། ལ་ལ་འཕགས་པའི་བདེན་པ་བཞི་ལ་སྦྱོར། ལ་ལ་རྣམ་པར་ཐར་པ་བརྒྱད་ལ་སྦྱོར། ལ་ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར། ལ་ལ་རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྦྱོར། ལ་ལ་མངོན་པར་ཤེས་པ་ལྔ་ལ་སྦྱོར། ལ་ལ་ཏིང་ངེ་འཛིན་ཐམས་ཅད་ལ་སྦྱོར། ལ་ལ་གཟུངས་ཀྱི་སྒོ་ཐམས་ཅད་ལ་སྦྱོར། ལ་ལ་དེ་བཞིན་གཤེགས་ པའི་སྟོབས་བཅུ་ལ་སྦྱོར། ལ་ལ་མྱི་འཇིགས་པ་བཞི་ལ་སྦྱོར། ལ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱོར། ལ་ལ་བྱམས་པ་ཆེན་པོ་ལ་སྦྱོར། ལ་ལ་སྙིང་རྗེ་ཆེན་པོ་ལ་སྦྱོར། ལ་ལ་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྦྱོར། ལ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར། ལ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར། ལ་ལ་ཕྱིར་མྱི་འོང་ བའི་འབྲས་བུ་ལ་སྦྱོར། ལ་ལ་དགྲ་བཅོམ་པ་ཉིད་ལ་སྦྱོར། ལ་ལ་རང་བྱང་ཆུབ་ལ་སྦྱོར། ལ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྦྱོར། ལ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་ 28-1-281a སེམས། སྤྲུལ་པ་དེས་ཆོས་ལ་ལ་ཞིག་ཐ་དད་དུ་ཕྱེ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་ཕྱིན་ཅི་ལོག་རྣམས་ལས་ཡོངས་སུ་བཀྲོལ་ནས། མ་བཅིངས་མ་གྲོལ་བའི་ཚུལ་དུ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འགོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་མ་བཅིངས་མ་གྲོལ་བ། ཚོར་བ་མ་བཅིངས་མ་གྲོལ་བ། འདུ་ཤེས་མ་བཅིངས་མ་གྲོལ་བ། འདུ་བྱེད་མ་བཅིངས་མ་གྲོལ་ བ། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། མྱིག་མ་བཅིངས་མ་གྲོལ་བ། རྣ་བ་མ་བཅིངས་མ་གྲོལ་བ། སྣ་མ་བཅིངས་མ་གྲོལ་བ། ལྕེ་མ་བཅིངས་མ་གྲོལ་བ། ལུས་མ་བཅིངས་མ་གྲོལ་བ། ཡིད་མ་བཅིངས་མ་གྲོལ་བ། གཟུགས་མ་བཅིངས་མ་གྲོལ་བ། སྒྲ་མ་བཅིངས་མ་གྲོལ་བ། དྲི་མ་བཅིངས་མ་གྲོལ་བ། རོ་མ་བཅིངས་མ་གྲོལ་བ། རེག་མ་བཅིངས་མ་གྲོལ་བ། ཆོས་མ་བཅིངས་མ་གྲོལ་བ། མྱིག་གི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ བ། རྣ་བའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། སྣའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ལྕེའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ལུས་ཀྱི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ཡིད་ཀྱི་རྣམ་ པར་ཤེས་པ་མ་བཅིངས་མ་གྲོལ་བ། མྱིག་གི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། རྣ་བའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། སྣའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ལྕེའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ལུས་ ཀྱི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ཡིད་ཀྱི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་གྲོལ་བ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་ 28-1-281b གྲོལ་བ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་གྲོལ་བ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་གྲོལ་བ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་གྲོལ་ བ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་བཅིངས་མ་གྲོལ་བ། སའི་ཁམས་མ་བཅིངས་མ་གྲོལ་བ། ཆུའི་ཁམས་མ་བཅིངས་མ་གྲོལ་བ། མྱེའི་ཁམས་མ་བཅིངས་མ་གྲོལ་བ། རླུང་གི་ཁམས་མ་ བཅིངས་མ་གྲོལ་བ། ནམ་མཁའི་ཁམས་མ་བཅིངས་མ་གྲོལ་བ། རྣམ་པར་ཤེས་པའི་ཁམས་མ་བཅིངས་མ་གྲོལ་བ། མ་རིག་པ་མ་བཅིངས་མ་གྲོལ་བ། འདུ་བྱེད་མ་བཅིངས་མ་གྲོལ་བ། རྣམ་པར་ཤེས་པ་མ་བཅིངས་ མ་གྲོལ་བ། མྱིང་དང་གཟུགས་མ་བཅིངས་མ་གྲོལ་བ། སྐྱེ་མཆེད་དྲུག་མ་བཅིངས་མ་གྲོལ་བ། རེག་པ་མ་བཅིངས་མ་གྲོལ་བ། ཚོར་བ་མ་བཅིངས་མ་གྲོལ་བ། སྲེད་པ་མ་བཅིངས་མ་གྲོལ་བ། ལེན་པ་མ་ བཅིངས་མ་གྲོལ་བ། སྲིད་པ་མ་བཅིངས་མ་གྲོལ་བ། སྐྱེ་བ་མ་བཅིངས་མ་གྲོལ་བ། རྒ་ཤི་མ་བཅིངས་མ་གྲོལ་བ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་ མ་གྲོལ་བ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། མཐའ་ལས་འདས་ 28-1-282a པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དོར་བ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཆོས་ ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། མྱི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ངོ་བོ་ཉིད་ སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བ། ཡང་དག་པར་སྤོང་བ་རྣམས་མ་བཅིངས་མ་གྲོལ་བ། རྫུ་འཕྲུལ་ གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བ། དབང་པོ་རྣམས་མ་བཅིངས་མ་གྲོལ་བ། སྟོབས་རྣམས་མ་བཅིངས་མ་གྲོལ་བ། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བ། འཕགས་པའི་ལམ་ཡན་ ལག་བརྒྱད་པ་མ་བཅིངས་མ་གྲོལ་བ། འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བ། བསམ་གཏན་རྣམས་མ་བཅིངས་མ་གྲོལ་བ། ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བ། གཟུགས་མྱེད་པའི་སྙོམས་པར་འཇུག་ པ་རྣམས་མ་བཅིངས་མ་གྲོལ་བ། རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་ དང་། སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བ། མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བ། ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བ། གཟུངས་ཀྱི་སྒོ་རྣམས་མ་བཅིངས་མ་གྲོལ་བ། དེ་བཞིན་གཤེགས་ པའི་སྟོབས་བཅུ་མ་བཅིངས་མ་གྲོལ་བ། མྱི་འཇིགས་པ་བཞི་མ་བཅིངས་མ་གྲོལ་བ། སོ་སོ་ཡང་དག་པར་རིག་པ་བཞི་མ་བཅིངས་མ་གྲོལ་བ། བྱམས་པ་ཆེན་པོ་མ་བཅིངས་མ་གྲོལ་བ། སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བ། 28-1-282b སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་བཅིངས་མ་གྲོལ་བ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་བཅིངས་མ་གྲོལ་བ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་བཅིངས་མ་གྲོལ་བ། ཕྱིར་མྱི་འོང་བའི་འབྲས་བུ་ མ་བཅིངས་མ་གྲོལ་བ། དགྲ་བཅོམ་པ་ཉིད་མ་བཅིངས་མ་གྲོལ་བ། རང་བྱང་ཆུབ་མ་བཅིངས་མ་གྲོལ་བ། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་ མ་གྲོལ་བ་སྟེ། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །འདུ་ཤེས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་ པ་དེ་འདུ་ཤེས་མ་ཡིན་ནོ། །འདུ་བྱེད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །མྱིག་གི་ མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱིག་མ་ཡིན་ནོ། །རྣ་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བ་མ་ཡིན་ནོ། །སྣའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣ་མ་ཡིན་ནོ། །ལྕེའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེ་མ་ཡིན་ནོ། །ལུས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལུས་མ་ཡིན་ནོ། །ཡིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་མ་ཡིན་ནོ། །གཟུགས་ཀྱི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །སྒྲའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྒྲ་མ་ཡིན་ནོ། །དྲིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དྲི་མ་ཡིན་ནོ། །རོའི་མ་བཅིངས་མ་ གྲོལ་བ་ཉིད་གང་ཡིན་པ་དེ་རོ་མ་ཡིན་ནོ། །རེག་གི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རེག་མ་ཡིན་ནོ། །ཆོས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆོས་མ་ཡིན་ནོ། །མྱིག་གི་རྣམ་པར་ 28-1-283a ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །སྣའི་ རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །མྱིག་གི་འདུས་ ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣའི་འདུས་ཏེ་རེག་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ ཉིད་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་ མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་མ་ 28-1-283b གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །སའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་སའི་ཁམས་མ་ཡིན་ནོ། །ཆུའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆུའི་ཁམས་མ་ཡིན་ནོ། །མྱེའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱེའི་ཁམས་མ་ཡིན་ནོ། རླུང་གི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རླུང་གི་ཁམས་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ནམ་མཁའི་ཁམས་མ་ཡིན་ནོ། །རྣམ་པར་ ཤེས་པའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །མ་རིག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མ་རིག་པ་མ་ཡིན་ནོ། །འདུ་བྱེད་ཀྱི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་མྱིང་དང་གཟུགས་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། །རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རེག་པ་མ་ཡིན་ནོ། །ཚོར་བའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །སྲེད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྲེད་པ་མ་ཡིན་ནོ། །ལེན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལེན་པ་མ་ཡིན་ནོ། ། 28-1-284a སྲིད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྲིད་པ་མ་ཡིན་ནོ། །སྐྱེ་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། སྐྱེ་བ་མ་ཡིན་ནོ། །རྒ་ཤིའི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ། རྒ་ཤི་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ནང་སྟོང་ པ་ཉིད་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །དོན་དམ་ པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །འདུས་མ་བྱས་སྟོང་ 28-1-284b པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །ཐོག་ མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དོར་བ་མྱེད་པ་ སྟོང་པ་ཉིད་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆོས་ཐམས་ཅད་སྟོང་ པ་ཉིད་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མྱི་ དམྱིགས་པ་སྟོང་པ་ཉིད་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ངོ་བོ་ཉིད་སྟོང་པ་ ཉིད་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་ གང་ཡིན་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་བཅིངས་ མ་གྲོལ་བ་ཉིད་གང་ཡིན་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །དབང་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དབང་པོ་རྣམས་མ་ཡིན་ནོ། །སྟོབས་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་ 28-1-285a པ་དེ་སྟོབས་རྣམས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་ པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འཕགས་པའི་བདེན་པ་རྣམས་ མ་ཡིན་ནོ། །བསམ་གཏན་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བསམ་གཏན་རྣམས་མ་ཡིན་ནོ། །ཚད་མྱེད་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚད་མྱེད་པ་རྣམས་ མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཐར་པ་བརྒྱད་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུངས་ཀྱི་སྒོ་རྣམས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་མ་བཅིངས་ 28-1-285b མ་གྲོལ་བ་ཉིད་གང་ཡིན་པ་དེ། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཡིན་ནོ། །མྱི་འཇིགས་པ་བཞིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། མྱི་འཇིགས་པ་བཞི་མ་ཡིན་ནོ། །སོ་སོ་ཡང་དག་ པར་རིག་པ་བཞིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། སོ་སོ་ཡང་དག་པར་རིག་པ་བཞི་མ་ཡིན་ནོ། །བྱམས་པ་ཆེན་པོའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། བྱམས་པ་ཆེན་པོ་མ་ཡིན་ ནོ། །སྙིང་རྗེ་ཆེན་པོའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ། ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ། དགྲ་བཅོམ་པ་ཉིད་མ་ཡིན་ནོ། །རང་བྱང་ཆུབ་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རང་བྱང་ཆུབ་མ་ཡིན་ནོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །འདུ་ཤེས་ནི་ཤིན་ཏུ་རྣམ་པར་དག་པའོ། །འདུ་ བྱེད་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱིག་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣ་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྣ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལྕེ་ནི་ཤིན་ཏུ་ 28-1-286a རྣམ་པར་དག་པའོ། །ལུས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཡིད་ནི་ཤིན་ཏུ་རྣམ་པར་དག་པའོ། །གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །སྒྲ་ནི་ཤིན་ཏུ་རྣམ་པར་དག་པའོ། །དྲི་ནི་ཤིན་ཏུ་ རྣམ་པར་དག་པའོ། །རོ་ནི་ཤིན་ཏུ་རྣམ་པར་དག་པའོ། །རེག་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱིག་གི་རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣ་བའི་ རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྣའི་རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལྕེའི་རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཤིན་ཏུ་ རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་པར་དག་པའོ། སྣའི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཤིན་ཏུ་རྣམ་ པར་དག་པའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །སའི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆུའི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱེའི་ཁམས་ནི་ཤིན་ཏུ་རྣམ་ 28-1-286b པར་དག་པའོ། །རླུང་གི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ནམ་མཁའི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའོ། །མ་རིག་པ་ནི་ཤིན་ཏུ་ རྣམ་པར་དག་པའོ། །འདུ་བྱེད་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱིང་དང་གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་ནི་ཤིན་ཏུ་རྣམ་པར་དག་པའོ། །རེག་ པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྲེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལེན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྲིད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྐྱེ་བ་ནི་ཤིན་ཏུ་རྣམ་ པར་དག་པའོ། །རྒ་ཤི་ནི་ཤིན་ཏུ་རྣམ་པར་དག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ ཏུ་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །ཕྱི་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ ཤིན་ཏུ་རྣམ་པར་དག་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །འདུས་མ་བྱས་ སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་ 28-1-287a རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་ པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤིན་ཏུ་རྣམ་ པར་དག་པའོ། །དབང་པོ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ཤིན་ཏུ་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ ནི་ཤིན་ཏུ་རྣམ་པར་དག་པའོ། །འཕགས་པའི་བདེན་པ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཚད་མྱེད་པ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་ནི་ཤིན་ཏུ་རྣམ་པར་དག་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ཤིན་ཏུ་རྣམ་པར་དག་པའོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །མངོན་པར་ཤེས་པ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཏིང་ངེ་འཛིན་རྣམས་ནི་ཤིན་ཏུ་ རྣམ་པར་དག་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤིན་ཏུ་རྣམ་པར་དག་པའོ། །མྱི་འཇིགས་པ་བཞི་ནི་ཤིན་ཏུ་རྣམ་པར་ 28-1-287b དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཤིན་ཏུ་རྣམ་པར་དག་པའོ། །བྱམས་པ་ཆེན་པོ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་ནི་ཤིན་ཏུ་རྣམ་པར་དག་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་ཤིན་ཏུ་ རྣམ་པར་དག་པའོ། །དགྲ་བཅོམ་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །རང་བྱང་ཆུབ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་སེམས་ཅན་དུ་མྱི་ དམྱིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་མྱི་དམྱིགས་པ་ལ་དེ་མྱི་གནས་པའི་ཚུལ་གྱིས་གནས་ཏེ། གཟུགས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཚོར་བ་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། འདུ་ཤེས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། འདུ་བྱེད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱིག་སྟོང་པ་ཉིད་མྱི་གནས་པའི་ ཚུལ་དང་། རྣ་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྣ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལྕེ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལུས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཡིད་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། གཟུགས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྒྲ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། དྲི་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རོ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རེག་ 28-1-288a སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཆོས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ མྱི་གནས་པའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་ པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སའི་ཁམས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཆུའི་ཁམས་ སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱེའི་ཁམས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རླུང་གི་ཁམས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ནམ་མཁའི་ཁམས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། 28-1-288b རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མ་རིག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། འདུ་བྱེད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། མྱིང་དང་གཟུགས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྐྱེ་མཆེད་དྲུག་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རེག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཚོར་བ་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། སྲེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལེན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྲིད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྐྱེ་བ་སྟོང་པ་ཉིད་མྱི་གནས་པའི་ ཚུལ་དང་། རྒ་ཤི་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་ པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ནང་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཕྱི་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཕྱི་ནང་སྟོང་པ་ ཉིད་མྱི་གནས་པའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་མྱི་ གནས་པའི་ཚུལ་དང་། འདུས་མ་བྱས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། 28-1-289a དོར་བ་མྱེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱི་ དམྱིགས་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་གནས་ པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། དབང་པོ་སྟོང་ པ་ཉིད་མྱི་གནས་པའི་ཚུལ་དང་། སྟོབས་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་ མྱི་གནས་པའི་ཚུལ་དང་། འཕགས་པའི་བདེན་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། བསམ་གཏན་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཚད་མྱེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། གཟུགས་མྱེད་ པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རྣམ་པར་ཐར་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་མྱི་གནས་པའི་ ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཏིང་ངེ་འཛིན་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། གཟུངས་ཀྱི་སྒོ་སྟོང་པ་ཉིད་ མྱི་གནས་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། མྱི་འཇིགས་པ་བཞི་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་མྱི་གནས་ 28-1-289b པའི་ཚུལ་དང་། བྱམས་པ་ཆེན་པོ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་པ་ཉིད་མྱི་གནས་པའི་ ཚུལ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ཕྱིར་མྱི་འོང་བའི་འབྲས་བུ་སྟོང་པ་ཉིད་ མྱི་གནས་པའི་ཚུལ་དང་། དགྲ་བཅོམ་པ་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། རང་བྱང་ཆུབ་སྟོང་པ་ཉིད་མྱི་གནས་པའི་ཚུལ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་མྱི་གནས་པའི་ཚུལ་གྱིས་གནས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ནི་གང་ཡང་གནས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་གང་ལ་གནས་པར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་མྱི་དམྱིགས་ཏེ། དངོས་པོ་མྱེད་པ་ལ་དངོས་མྱེད་པ་མྱི་གནས་སོ། །རང་བཞིན་ལ་རང་བཞིན་མྱི་གནས་སོ། །གཞན་གྱི་དངོས་པོ་ལ་གཞན་གྱི་དངོས་པོ་ མྱི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ཐམས་ཅད་དམྱིགས་སུ་མྱེད་དེ། གང་དམྱིགས་སུ་མྱེད་པ་དེ་ནི་གང་ལ་ཡང་མྱི་གནས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་ཐམས་ཅད་ཀྱིས་རབ་ཏུ་འབྱེད་དེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། 28-1-290a ཉན་ཐོས་རྣམས་དང་། འཕགས་པ་ཐམས་ཅད་ཀྱི་སྐྱོན་དུ་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་དེ་དག་དང་། ཉན་ཐོས་དེ་དག་གིས་ཀྱང་ཆོས་ཉིད་དེ་རྗེས་སུ་རྟོགས་ཏེ། ཆོས་ཉིད་དེ་རྗེས་སུ་རྟོགས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ལ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ལས་མྱི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི་འདའ་བ་མྱེད་དོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་འདའ་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདའ་བར་འགྱུར་བའི་རང་བཞིན་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཀྱི་དབྱིངས་ལ་ཡང་འདའ་བ་མ་མཆིས། དེ་བཞིན་ཉིད་དང་ཡང་དག་ པའི་མཐའ་ལ་ཡང་འདའ་བ་མ་མཆིས་ན་ཅི་ལགས། འོ་ན་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུ་ཤེས་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ 28-1-290b གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། མྱིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ། ལྕེ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་ཞིག་ལགས་སམ། གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྒྲ་ཡང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དྲི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རེག་ཀྱང་ 28-1-291a གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མྱིག་གི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་ཞིག་ལགས་སམ། རྣ་བའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལྕེའི་རྣམ་པར་ཤེས་པ་ཡང་གཞན་ ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ ཞིག་ལགས་སམ། མྱིག་གི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣ་བའི་འདུས་ ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ 28-1-291b གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལྕེའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ 28-1-292a ཡང་གཞན་ཞིག་ལགས་སམ། སའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མྱེའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རླུང་གི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། ནམ་མཁའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མ་རིག་པ་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མྱིང་དང་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྐྱེ་མཆེད་དྲུག་ཀྱང་གཞན་ལ། 28-1-292b ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། སྲེད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལེན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྲིད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། སྐྱེ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྒ་ཤི་ཡང་གཞན་ ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ 28-1-293a སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆེན་པོ་སྟོང་པ་ཉིད་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། 28-1-293b ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ ཞིག་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དོར་བ་མྱེད་པ་སྟོང་ པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་ཞིག་ལགས་སམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ 28-1-294a གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་ཞིག་ལགས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དབང་པོ་རྣམས་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྟོབས་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བསམ་གཏན་རྣམས་ 28-1-294b ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚད་མྱེད་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམས་པར་ཐར་པ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ ཞིག་ལགས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་ཞིག་ལགས་སམ། མངོན་པར་ཤེས་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། གཟུངས་ཀྱི་སྒོ་རྣམས་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ལ། ཆོས་ 28-1-294c ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །མྱི་འཇིགས་པ་བཞི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། །བྱམས་པ་ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །སྙིང་རྗེ་ ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། །དགྲ་བཅོམ་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །རང་བྱང་ཆུབ་ཀྱང་གཞན་ལ། ཆོས་ཀྱི་ 28-1-294d དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ཡིན་ནོ། །འདུ་ཤེས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུ་བྱེད་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར་མྱིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ ནོ། །རྣ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ 28-1-295a གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལྕེ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྒྲ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། དྲི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རེག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ ནོ། །ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ 28-1-295b གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ ནོ། །ལྕེའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་ འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ 28-1-296a མ་ཡིན་ནོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། རབ་འབྱོར་སའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མྱེའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །རླུང་གི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱང་ 28-1-296b གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར་མ་རིག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ པ་མ་ཡིན་ནོ། །འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྐྱེ་མཆེད་དྲུག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ཡིན་ནོ། །རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྲེད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ པ་མ་ཡིན་ནོ། །ལེན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྲིད་པ་ཡང་གཞན་ལ། ཆོས་ཀྱི་ 28-1-297a དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྐྱེ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྒ་ཤི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ 28-1-297b ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་གཞན་ ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ 28-1-298a ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡང་དག་པར་སྤོང་ བ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དབང་པོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། 28-1-298b ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྟོབས་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཞན་ ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བསམ་གཏན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚད་མྱེད་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཐར་པ་ བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་གཞན་ལ། 28-1-299a ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མྱི་འཇིགས་པ་བཞི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བྱམས་པ་ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྒྱུན་ཏུ་ཞུགས་ 28-1-299b པའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རང་བྱང་ཆུབ་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ལགས། ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུ་ཤེས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། 28-1-300a རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། སྣ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། གཟུགས་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྒྲ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དྲི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རེག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ 28-1-300b ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱིག་གི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྣའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེའི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ པ་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་རྣམ་པར་ ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱིག་གི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྣའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ 28-1-301a ཡང་གཞན་པ་མ་ལགས། ལྕེའི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ 28-1-301b ལགས། ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱེའི་ཁམས་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རླུང་གི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ནམ་མཁའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་ པར་ཤེས་པའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མ་རིག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱིང་དང་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྐྱེ་མཆེད་དྲུག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། རེག་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚོར་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ 28-1-302a གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྲེད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ལགས། ལེན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྲིད་པ་ ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྐྱེ་བ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྒ་ཤི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ 28-1-302b མཐའ་ཡང་གཞན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ལགས། ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ལགས། ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དོན་དམ་པ་སྟོང་པ་ཉིད་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། 28-1-303a ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ལགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡང་དག་པར་སྤོང་བ་ 28-1-303b རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དབང་པོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ལགས། སྟོབས་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བྱང་ཆུབ་ཀྱི་ཡན་ལག་ རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བསམ་གཏན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ལགས། ཚད་མྱེད་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཐར་པ་བརྒྱད་ 28-1-304a ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མངོན་པར་ཤེས་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མྱི་འཇིགས་ པ་བཞི་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ཡང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བྱམས་པ་ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ 28-1-304b པའི་མཐའ་ཡང་གཞན་པ་མ་ལགས། སྙིང་རྗེ་ཆེན་པོ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཕྱིར་མྱི་འོང་བའི་འབྲས་བུ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དགྲ་བཅོམ་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རང་བྱང་ཆུབ་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་ན། འོ་ན་ཇི་ལྟར་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་ཅིང་། ནག་པོའི་ཆོས་རྣམས་ཀྱི་རྣམ་པར་སྨྱིན་པ་ནག་པོ་ནི་ 28-1-305a སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན། དཀར་པོའི་ཆོས་རྣམས་ཀྱི་རྣམ་པར་སྨྱིན་པ་དཀར་པོ་ནི། ལྷ་དང་མྱི་དཀར་ནག་གི་ཆོས་རྣམས་ ཀྱི་རྣམ་པར་སྨྱིན་པ་དཀར་ནག་ནི། བདེ་བ་དང་སྡུག་བསྔལ་རྣམས་ཉམས་སུ་མྱོང་བ། མྱི་གནག་ཅིང་དཀར་བའི་ཆོས་རྣམས་ཀྱི་རྣམ་པར་སྨྱིན་པ་མྱི་གནག་ཅིང་། དཀར་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བགྱི་བར་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། འབྲས་བུ་རྣམ་པར་དགོད་པ་བསྟན་ཀྱི། དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པར་དགོད་པར་བསྟན་པར་མྱི་ ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི་རྣམ་པར་བརྟག་ཏུ་མྱེད་པ། བརྗོད་དུ་མྱེད་པ། ཐ་སྙད་མྱེད་པ་སྟེ། འདི་ལྟར་མྱིང་བདེན་པ་དང་། གཟུགས་བདེན་པ་དང་། སྐྱེ་བ་མྱེད་པ་དང་། འགག་པ་མྱེད་ པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་སྟེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་། ཐ་མ་མྱེད་པ་སྟོང་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ གལ་ཏེ་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་དགོད་པ་ལགས་ཀྱི། དོན་དམ་པའི་བདེན་པར་མ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །བཅོམ་ལྡན་ 28-1-305b འདས་ཀྱི་བཀའ་སྩལ་པ། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་བདེན་པ་འམ། དོན་དམ་པའི་བདེན་པ་ཤེས་སམ། གལ་ཏེ་ཤེས་ན་ནི་དེ་དག་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་མྱི་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དགོད་པར་ འགྱུར་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ལམ་ཡང་མྱེད། ལམ་རྣམ་པར་དགོད་པ་ཡང་མྱེད། ལམ་བསྒོམ་པ་ཡང་མྱེད་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འབྲས་བུ་རྣམ་པར་དགོད་པར་ ལྟ་ག་ལས་འོང་། རབ་འབྱོར་འཕགས་པའི་གང་ཟག་རྣམས་ལ་ནི་ལམ་ཡང་ཡོད། ལམ་བསྒོམ་པ་ཡང་ཡོད་པས་ན། དེའི་ཕྱིར་འཕགས་པའི་གང་ཟག་དེ་དག་ལ་འབྲས་བུ་རྣམ་པར་དགོད་པ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ལམ་བསྒོམས་པས་འབྲས་བུ་ཐོབ་པ་འམ། འབྲས་བུ་འཐོབ་པར་བགྱི་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ལམ་ བསྒོམས་པས་འབྲས་བུ་ཐོབ་པ་འམ། འབྲས་བུ་འཐོབ་པར་བྱ་བ་མྱེད་དོ། །རབ་འབྱོར་ལམ་མ་བསྒོམས་པར་ཡང་འབྲས་བུ་འཐོབ་པ་མྱེད་དེ། ལམ་གྱིས་འབྲས་བུ་འཐོབ་པར་བྱ་བ་ཡང་མྱེད་དོ། །ལམ་ ལ་མ་གནས་པར་ཡང་འབྲས་བུ་འཐོབ་པར་མྱི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཀྱི་འབྲས་བུ་ རྣམ་པར་དགོད་པ་བྱེད་དེ། འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མྱི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་འདུས་བྱས་ཀྱི་ཁམས་སམ། 28-1-306a འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུའོ། ། འདོད་པའི་འདོད་ཆགས་དང་། གནོད་སེམས་བསྲབས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མྱི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་ བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་དོ། །གང་ཅི་ཡང་རུང་སྟེ་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པར་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ སྤངས་པས། ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་ན། བཅོམ་ལྡན་འདས་རིས་སུ་བཅད་ཅིང་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་གཞག་པ་མ་མཆིས་ན། གསུངས་ བའི་དོན་དེ་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་ བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་སམ། འོན་ཏེ་འདུས་མ་བྱས་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་འདུས་མ་བགྱིས་ པའོ། །བདེ་བར་གཤེགས་པ་དེ་ནི་འདུས་མ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་འདུས་མ་བྱས་ཀྱི་ཆོས་ལ་རིས་སུ་བཅད་པ་ཡོད་དམ། གསོལ་པ། བཅོམ་ལྡན་ འདས་དེ་ནི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་གི་ཚེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ 28-1-306b རྣམས་འདི་ལྟ་སྟེ། མཚན་ཉིད་མྱེད་པར་མཚན་ཉིད་གཅིག་ཏུ་ཆུད་པར་གྱུར་ན། དེའི་ཚེ་འདུས་བྱས་ཤེ་འམ། འདུས་མ་བྱས་ཤེས་ཆོས་གང་ལ་ཡང་རིས་སུ་གཅོད་པ་ཡོད་དམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་ པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་གཟུང་སྟེ། སེམས་ཅན་རྣམས་ལ་རིས་སུ་བཅད་པས་ཆོས་མྱི་སྟོན་ཏོ། །དེ་བདག་ཀྱང་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་དང་པོ་འམ། བསམ་གཏན་གཉིས་པ་འམ། བསམ་གཏན་གསུམ་པ་འམ། བསམ་གཏན་བཞི་པ་འམ། བྱམས་པ་འམ། སྙིང་རྗེ་འམ། དགའ་བ་འམ། བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། འདུ་ཤེས་མྱེད་འདུ་ཤེས་ 28-1-307a མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་ རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། ལམ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་ རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མྱེད་དོ། ། དེ་མངོན་པར་ཞེན་པ་མྱེད་པས་གང་ལ་ཡང་ཆགས་པ་མྱེད་དོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སྦྱིན་པ་ཡོངས་སུ་གཏོང་ཡང་། སྦྱིན་པའི་འབྲས་བུ་ལ་ཆགས་པ་མྱེད་དོ། །སྦྱིན་པའི་ འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཆགས་པ་ མྱེད། ཚུལ་ཁྲིམས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་ཡང་བཟོད་པའི་ 28-1-307b འབྲས་བུ་ལ་ཆགས་པ་མྱེད། བཟོད་པའི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་ཡང་ བརྩོན་འགྲུས་ཀྱི་འབྲས་བུ་ལ་ཆགས་པ་མྱེད། བརྩོན་འགྲུས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་བརྩོན་འགྲུས་ རྩོམ་མོ། །བསམ་གཏན་ལ་སྙོམས་པར་འཇུག་ཀྱང་། བསམ་གཏན་གྱི་འབྲས་བུ་ལ་ཆགས་པ་མྱེད། བསམ་གཏན་གྱི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་ དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་བསམ་གཏན་ལ་སྙོམས་པར་འཇུག་གོ། །ཤེས་རབ་སྒོམ་ཡང་ཤེས་རབ་ཀྱི་འབྲས་བུ་ལ་ཆགས་པ་མྱེད། ཤེས་རབ་ཀྱི་འབྲས་ བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་ཤེས་རབ་སྒོམ་མོ། །ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་ རྣམས་སྒོམ་ཡང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མྱེད། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་ཀྱི་འབྲས་བུ་ཉམས་ སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་ཟག་པ་དང་བཅས་པ་དང་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྒོམ་ཡང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མྱེད། འཇིག་རྟེན་པ་དང་། འཇིག་ 28-1-308a རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་ པའི་ཆོས་རྣམས་སྒོམ་མོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མྱེད། འདུས་བྱས་དང་འདུས་མ་ བྱས་ཀྱི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མྱེད་དེ། གཞན་དུ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་ཏུ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་ལ་སྤྱོད་དེ། ཆོས་གང་ལ་ཡང་གནས་པ་འམ། ཆགས་པ་མྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་ཁོང་ཏུ་ཆུད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། མཚན་དང་དཔེའ་བྱད་བཟང་པོ་མངོན་ པར་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ། དྲུག་བཅུ་གསུམ་མོ།། །།་