100-1-1a ༼ཙ༽ ༄༅། ༈ །གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། ། (黃) 秘密經第十七部 100-1-1b ༄༅༅།། །།ཡིག་མཁན་གྱིས་སྡེབ་སྦྱར་ཇི་ལྟ་བཞིན་མ་ཐོན་པ་དང་། བར་སྐབས་སུ་ཞུས་དག་བས་གྲགས་ཚོད་དང་མི་མཐུན་པ་མང་པོ་བཅོས་ནས་འདུག་ཅིང་། ཁྱད་པར་ཨུཏྦ་ལ་དང་། གུར་གུལ་དང་། ཞབས་འབྲིང་ཞབས་འབྲིད་དང་རྒྱུའི་དཀྱིལ་འཁོར་ གྱི་བརྐྱང་ནུལ་ཞེས་པ་ཞབས་རྫོགས་ཀ་ན་འགའ་ཡར་དང་པོ་ཡིག་མཁན་གྱིས་དྲིས་འདུག་པ་མ་གཏོགས། བསྐྱང་ནུལ་དུ་བཞག་ནས་མ་བཅོས་པ་མང་པོ་འདུག་པ་རྣམས་ནི་ཁོ་བོས་བརྐྱང་ནུལ་བར་བཞུགས་ཤིང་འདིའི་ཐོག་ནས་གསུབས་ཤུལ་དུ་ མ་འདྲི། དག་པ་རྣམས་མ་བསྒྱུར་བར་ཞོག་ཅིང་ཡི་གེ་འདྲི་བ། རི་མོ་འདྲི་བ་རྣམས་ཐམས་ཅད་འབྲི་རུ་བསྒྱུར་བ་རྣམས་ནི་འདྲིར་རུ་བཅོས་ཡོད་བས་འབྲི་རུ་མ་ནི་རེ་རེ་ལ་ལུང་རྣམ་དག་གི་ཟིན་སོ་དང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་བརྡ་ཆད་དང་། མདོ་རྒྱུད་ཀྱི་དོན་གྲགས་ཚོད་ལ་འཐོབ་པའི་དབུས་གཙང་གི་ཆོས་དུ་མ་བཞུགས་པ་རྣམས་དང་བརྡ་ཆད་གཅིག་པར་བཞུགས་ཀྱི་བདེ་སྐྱིད་དང་ཕན་བདེ་རབ་འབྱམས་ཚད་མེད་པའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལུས། སངས་རྒྱས་ཀྱི་བསྟན་པ་ཡང་ ཐོས་བསམ་བསྒོམ་གསུམ་དྲི་མ་མེད་པར་བྱེད་པ་དང་། སེམས་ཅན་གྱི་འགྲོ་དོན་རྣམས་ཡིན་པ་ལ་སོགས་པ་དུ་མ་ལ་བལྟོས་དགོས་པ་རྣམས་ནི། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་མི་འགྱུར་ཞེས་པས་ཀུན་རྫོབ་གྱི་ཆོས་རྣམས་ལ་བླངས་ དོར་ཕྱིན་ཅི་མ་ལོག་པར་ཤེས་ན་དོན་དམ་པའི་ཆོས་བྱེད་དེ། དེ་ནི་སངས་རྒྱས་སོ། རྒྱུ་མཚན་དེས་ན་ཁོ་བོས་དཀའ་དགུ་ལ་མ་བསམས་པར་བསྟན་པའི་ཞབས་ཏོག་སེམས་ཅན་གྱི་འགྲོ་དོན་ཁྱད་པར་དུ་དྲུང་རིན་པོ་ཆེ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྲིམས་ གཉིས་ཀྱི་རྒྱུ་རིན་པོ་ཆེ་ལས་གྲུབ་པ་བེེ་དཱུརྱའི་མཐིང་ཤོག་ལ་འཛམ་བུ་ཆུ་བོའི་གསེར་བཞུན་མས་འདྲི་བའི་བཀའ་འགྱུར་རོ་ཅོག་བཞིངས་པའི་ཕྱི་མོ་བྱེད་པ་ལ་དམིགས་ནས་ཤིན་ཏུ་དག་པར་བཅོས་པ་པོ་ཏི་རེ་རེའི་དབུར་གསལ་བ་གསལ་བར་ ཡོད་ཅིང་འདིར་ཡང་ཟུར་ཙམ་སྨོས་པ་ནི་དེ་དག་རྣམས་ཀྱི་དོན་ལ་བསམས་ནས་དགས་ཀྱིས་མཐོན་པའི་ཞུས་དག་བགྱིས་པས་ཆོས་འདི་རྣམས་དབུས་གཙང་གིས་ཆ་ན་ཤིན་ཏུ་དག་པར་བཞུགས་པ་ཡིན་ནོ།། །། 100-1-2a This is a blank page without image 100-1-2b ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཏེ་སྱ་ཀོ་ཥཱ་གུ་ཧྱ་པྲ་ཏི་ཧ་ཏ་ ཙིཏྟ་ཙཀྲ་ཧྲི་དཱ་ཡ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་ གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དྲང་སྲོང་གི་རི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། 100-1-3a གོས་ཚགས་བཅོས་ནས་པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅོམ་ལྡན་འདས་བདག་ལ་པདྨ་དུ་མ་ཆེན་པོའི་ཙན་དན་གྱི་སྙིང་པོའི་འཁོར་ལོ་ ཞེས་བགྱི་བའི་གཟུངས་ཆེན་མོ་སྨོན་ཅིང་བགྱི་བ་ཐམས་ཅད་མངོན་པར་འགྲུབ་པར་བགྱི་བ་མཆིས་ཏེ། གལ་ཏེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་བདག་གིས་བཤད་པར་གནང་ན། བདག་བཅོམ་ལྡན་འདས་ ཀྱི་བྱིན་གྱི་བརླབས་ཀྱི་མཐུས་སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ་བཤད་པར་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུངས་འདི་ནི་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པས་ཡིད་ བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་། ཡིད་བཞིན་གྱི་ལྗོན་ཤིང་བཞིན་དུ་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ ཕྱུག་ལ་ལེགས་སོ་ལེགས་སོ་ཞེས་སྔགས་པ་བརྗོད་ནས། ཁྱོད་ཀྱིས་སྙིང་བརྩེ་བའི་ཕྱིར་སེམས་ཅན་གྱི་ཆེད་དུ་འདི་ལྟར་ཞུགས་པས་ན་ཁྱོད་ཐོགས་པ་མེད་པའི་གཟུངས་འདི་བཤད་པར་གནང་བར་བྱའོ། ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེ་ལྟར་བཀས་གནང་བ་དང་། ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་སླར་སྟན་ལ་འདུག་སྟེ། སེམས་རྩེ་གཅིག་ཏུ་འཁོར་འདུས་པ་དག་ལ་རྣམ་པར་ བལྟས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་སྔགས་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་ པ་ཏི་ཙིནྟཱ་མ་ཎི། མ་ཧཱ་པ་དུ་མེ། རུ་རུ་ཏིཥྛ་ཏ། བཛྲ་བྷ་ར་ཨཱ་ཀར་མེ་ཧཱུྃ་སྭཱ་ཧཱ། འདི་ནི་ལུས་ཀྱི་སྔགས་ལགས་སོ། །ཨོཾ་པ་དུ་མེ། ཙནྡྲ་མ་ཎི། མ་ཧཱ་བཛྲ་བྷ་ར་ཧཱུྃ། འདི་ནི་སྙིང་པོའི་སྔགས་ལགས་སོ། ། 100-1-3b ཨོཾ་བྷ་ར་ཏ་པ་དུ་མེ་ཧཱུྃ་། འདི་ནི་སྙིང་གི་སྙིང་པོའི་སྔགས་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡིད་བཞིན་འཁོར་ལོའི་གཟུངས་འདི་སྨྲས་པ་དང་། ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་ རབ་ཏུ་གཡོས་པར་གྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་ཁང་ཁྱིམ་རྣམས་ཀྱང་རབ་ཏུ་གཡོས་པར་གྱུར་ བདུད་ཀྱི་རྒྱལ་པོ་དང་། བདུད་ཀྱི་འཁོར་རྣམས་ཀྱང་ཤིན་དུ་སྐྲག་ཅིང་འཇིགས་པ་ཆེན་པོ་སྐྱེས་པར་གྱུར། བདུད་ཀྱི་རྒྱལ་པོའི་གཞལ་མེད་ཁང་ཡང་རབ་ཏུ་འབར་བར་གྱུར། གནོད་སྦྱིན་དང་། འདྲེ་སྲིན་མ་རུངས་པ་གཞན་རྣམ་ པ་སྣ་ཚོགས་ཀྱང་དངང་ཞིང་སྐྲག་པས་གདོང་བཀབ་སྟེ། ས་ལ་འགྱེལ་བར་གྱུར། སེམས་ཅན་དམྱལ་བའི་སྒོ་ཐམས་ཅད་ཀྱང་ཕྱེ་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ཐར་ཏེ། ལྷའི་བདེ་བ་མཆོག་མྱོང་བར་ གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་མེ་ཏོག་དང་། རིན་པོ་ཆེའི་རྒྱན་གྱི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་པར་གྱུར། ལྷའི་རོལ་མོ་རྣམས་ཀྱང་བར་སྣང་ལ་སྒྲ་སྣ་ཚོགས་ཕྱུང་སྟེ། དེ་བཞིན་ གཤེགས་པ་ལ་མཆོད་པ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་ཚིགས་སུ་བཅད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ། རིགས་ཀྱི་ བུ་ཁྱོད་སེམས་ཅན་ལ་སྙིང་རྩེ་བའི་ཕྱིར་གཟུངས་འདི་བཤད་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་ཕྱིར་རྫུ་འཕྲུལ་གྱི་རྒྱལ་པོ་ཆེན་པོའི་གཟུངས་འདིའི་ཆོ་ག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ 100-1-4a ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ཁྱེའུའམ། བུ་མོ་གཞོན་ནུ་གང་ལ་ལ་ཞིག་གིས་ཚེ་འདི་ཉིད་ལ་རྣམ་པར་སྨིན་པ་མངོན་དུ་མྱོང་བར་འཚལ་ན། གདུགས་མཚན་སེམས་རྩི་གཅིག་ཏུ་ནན་ཏན་བརྩོན་འགྲུས་ཀྱིས་གཟུངས་འདི་མི་བསྐྱུད་པར་བགྱིས་ཏེ། གདུགས་དང་དུས་མི་འདམ་པར་གཙང་ཡང་རུང་། མི་གཙང་ཡང་རུང་སྟེ། གཡར་སྟོན་དུ་བཟླས་པར་གྱུར་ན་བགྱི་བ་རྣམས་དོན་དང་ལྡན་པར་འགྱུར་ལགས་སོ། །ཅི་ཡང་རུང་སྟེ། དོན་དུ་བགྱི་ཞིང་གཉེར་བ་ཞིག་མཆིས་ ན་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་དོན་བརྒྱ་སྟོང་དུ་མ་འགྲུབ་པར་འགྱུར་བས། རིག་སྔགས་གཞན་གང་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་དང་བསྒྲུན་པར་བཟོད་པ་གང་ཡང་མ་མཆིས་ལགས་སོ། །དེ་ཅིའི་ སླད་དུ་ཞེ་ན། འདས་པ་དང་། ད་ལྟར་གྱི་ལས་ངན་པ་དང་། སྒྲིབ་པ་ལྕི་བ་རྣམས་རབ་ཏུ་འཇོམས་པས་སོ། །གང་ལ་ལ་ཞིག་གཟུངས་འདི་བཟླས་བརྗོད་བགྱིས་ན་མནར་མ་མཆིས་པའི་དམྱལ་བར་ལྟུང་བར་འགྱུར་ བའི་རིགས་དག་ཀྱང་ཐར་བར་འགྱུར་ལ། མཚམས་མ་མཆིས་པ་ལྔ་ལ་སོགས་པའི་སྡིག་པ་རྣམས་ཀྱང་འབྱང་བར་འགྱུར་ན། ལས་ངན་པ་དང་། གདོན་བགེགས་དང་། བྲོ་ནད་གཞན་ཐམས་ཅད་ལྟ་སྨོས་ཀྱང་ ཅི་འཚལ་ལགས། གང་དག་རིམས་ནད་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་མཚན་དུ་བྲོ་འཚལ་བའམ། རླུང་དང་། མཁྲིས་པའམ། བད་ཀན་ལ་སོགས་ པས་བྲོ་འཚལ་བ་དག་ལ་རྀག་སྔགས་འདི་བཟླས་བརྗོད་བགྱིས་པར་གྱུར་ན་ཐམས་ཅད་འབྱང་ཞིང་སོས་པར་འགྱུར་ལགས་སོ། །གང་ཞིག་དུག་དང་བྱད་སྟེམས་ཀྱིས་ཕོག་པར་གྱུར་ཏམ། ལྷོག་པ་དང་། གཡན་པ་དང་། 100-1-4b མཛེ་ནད་དམ། ཕོལ་མིག་གམ། རླུང་ནད་དམ། སྨྱོས་པའམ། ཀླད་པ་བྲོ་འཚལ་བའམ། རྣ་བ་དང་། སྣ་དང་། མཆུ་དང་། ལྕེ་དང་། མིད་པ་དང་། ཁ་དང་། གདོང་དང་། གཙུག་དང་། ཀླད་རྒྱས་དང་། བྲང་དང་། རྩིབ་ ལོགས་དང་། སྙིང་དང་། ལྟོ་བ་དང་། རྐེད་པ་དང་། རྒྱབ་དང་། རྐང་པ་དང་། ལག་པ་ལ་སོགས་པ་ཐམས་ཅད་བྲོ་འཚལ་བར་གྱུར་ན་ཡང་ཐམས་ཅད་སོས་པར་བགྱིད། ཇི་ཙམ་དུ་ལུས་ཀྱི་བྲོ་ནད་ཅི་མཆིས་པ་ཐམས་ཅད་ ཀྱང་སོས་པར་བགྱིད་ལགས་སོ། །གནོད་སྦྱིན་དང་། སྲིན་པོ་དང་། བི་ན་ཡ་ཀ་དང་། བདུད་སྡིག་ཅན་དང་། འདྲེ་གདོན་དག་གིས་ཀྱང་གནོད་པར་བགྱིད་པར་མི་འགྱུར་ལགས་སོ། །མཚོན་ཆ་དང་། དམག་ཚོགས་ དང་། ཆབ་དང་། ཞུགས་དང་། རླུང་དང་། ཆར་པ་དང་། སེར་བ་མ་རུངས་པ་དག་གིས་ཀྱང་འཇིགས་པར་མི་འགྱུར་རོ། །དགྲ་དང་། ཆོམ་རྐུན་དང་། རྒྱལ་པོ་མ་རུངས་པ་དང་། རྐུན་པོ་མ་རུངས་པ་དག་གིས་ཀྱང་གནོད་པར་བགྱིད་ པར་མི་འགྱུར་རོ། །གློ་བུར་དུ་འཆི་བའི་དུས་བྱེད་པར་མི་འགྱུར། རྨི་ལམ་ངན་པ་རྨི་བར་མི་འགྱུར། རྩངས་པ་དང་། སྦྲུལ་དང་། སྡིག་པ་དང་། སྲིན་བུ་གྱི་མེད་དང་། རྐང་མང་དང་། གཅན་ཟན་གདུག་པ་མ་རུངས་པ་དང་། སེང་གེ་དང་། སྟག་ དང་། སྤྱང་ཀི་དག་གིས་ཀྱང་གནོད་པ་བགྱིད་པར་མི་འགྱུར་ལགས་སོ། །གཡུལ་ངོར་འཐབ་པའི་ཚེ་ཐམས་ཅད་དུ་རྒྱལ་བར་འགྱུར་ལགས་སོ། །གལ་ཏེ་བླའི་བགྱི་བ་དག་གིས་རྩོད་པར་གྱུར་ན་ཡང་འདུམ་པར་འགྱུར་ཏེ། གཟུངས་ འདི་ལན་ཅིག་བཟླས་ན་གོང་དུ་བསྟན་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་གིས་གདུགས་རེ་གཟུངས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་དབང་ཕྱུག་གིས་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་མ་འཇིགས་ཤིག །ཅི་ཞིག་སྨོན་ཅིང་ཅི་ཞིག་ཡོངས་སུ་གཉེར་བར་བྱེད། ཐམས་ཅད་ཁྱོད་ལ་སྦྱིན་ནོ་ཞེས་བསྒོ་བར་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱང་སྐུ་ 100-1-5a མངོན་དུ་སྟོན་པར་འགྱུར། མདོ་ལས་གསུངས་པ་བཞིན་དུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བཀོད་པའི་དངོས་པོ་དག་ཀྱང་མཐོང་བར་འགྱུར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱྀ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱང་མཐོང་ བར་འགྱུར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་མཐོང་བར་འགྱུར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རི་བོ་པོ་ཏ་ལ་ཡང་མཐོང་བར་འགྱུར། བདག་ཉིད་ཀྱི་ལུས་ཀྱང་ཡོངས་སུ་དག་པར་ འགྱུར་བས་རྟག་པར་རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་བཀུར་ཞིང་རིམ་གྲོ་བགྱིད་པར་འགྱུར། སྐྱེ་བོ་མང་པོས་བྱམས་ཤིང་བཀུར་བར་འགྱུར། སྐྱེ་བ་ཐམས་ཅད་དུ་མའི་མངལ་དུ་མི་སྐྱེ་ཞིང་པད་མའི་སྟེང་དུ་སྐྱེ་བར་འགྱུར་བཀོད་པ་ མཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར། འདི་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ནམ་ཡང་ངན་འགྲོ་རྣམས་སུ་མི་ལྷུང་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་ འགྱུར་ལགས་ཏེ། འདི་ནི་སྡིག་པའི་ལས་ཐམས་ཅད་རྣམ་པར་འཇོམས་པའི་གཟུངས་ཞེས་བགྱི་བ་ལགས་སོ། །སྡིག་པ་ཐམས་ཅད་རྣམ་པར་འཇོམས་པའི་གཟུངས་ཀྱི་ལེའུ་སྟེ་དང་པོའོ།། །། དེ་ནས་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཡང་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས་གསང་བའི་ཆོ་ག་བསྟན་པ་སུ་ཡང་རུང་བ་གཅེས་པའི་དོན་གྲུབ་པ་ཞིག་མཆིས་ན། ཐམས་ཅད་རང་ ཞི་བར་འགྱུར་ལགས་སོ། །དེ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འཇིག་རྟེན་གྱི་ནོར་དང་། འཇིག་རྟེན་ལས་འདས་པའི་ནོར་གང་ལགས་སོ། །དེ་ལ་འཇིག་རྟེན་པའི་ནོར་ནི་གསེར་དང་། དངུལ་ལ་སོགས་པའི་རིན་པོ་ཆེ་ རྣམས་སོ། །འཇིག་རྟེན་ལས་འདས་པའི་ནོར་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་བཀོད་པ་རྣམ་པ་གཉིས་དང་ལྡན་ཞིང་ལུས་དང་སེམས་རབ་ཏུ་བདེ་བ་དང་། སྐྱེ་བོ་མང་པོས་བྱམས་ཤིང་བཀུར་བ་དང་། སྡུག་བསྔལ་བའི་སེམས་ 100-1-5b ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། བྱམས་པའི་སེམས་རྒྱས་ནས་བློ་དང་ལྡན་པ་རྣམས་བདེ་བ་སྩོལ་བ་དང་། འཚོ་བའི་ཡོ་བྱད་འཕེལ་ཞིང་མཐུ་སྟོབས་རྟག་པ་གང་ལགས་པའོ། །གསང་བའི་མཛོད་ཀྱི་སྤྱོད་ཡུལ་འདི་ནི་གཞན་དག་ ལ་བརྗོད་པར་མི་བགྱིའོ། །གང་ལ་ལ་ཞིག་བདག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་དངོས་གྲུབ་མཆོག་ཐོབ་པར་འཚལ་ན། སེམས་རྩེ་གཅིག་ཏུ་དུས་ཐམས་ཅད་དང་། གནས་ཐམས་ཅད་དུ་གཙང་ཡང་རུང་། མི་གཙང་ཡང་ རུང་སྟེ། རྟག་པར་བཟླས་བརྗོད་བགྱིས་ན་ནོངས་པ་ཅི་ཡང་མ་མཆིས་པས་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་བགྱིས་ནས། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་དང་། ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་མིང་དང་། གང་ཟག་དེའི་མིང་ནས་བརྗོད་དེ། གལ་ཏེ་རྒྱལ་པོའམ། རྒྱལ་བུ་འམ། བཙུན་མོ་འམ། སྲས་སམ། རྒྱལ་པོའི་བུ་མོ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། དམངས་རིགས་སམ། གདོལ་པ་འམ། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གཞོན་ནུ་མ་འམ། མུ་སྟེགས་སྣ་ཚོགས་དག་ལ་བརྟེན་ཅིང་། མཛའ་བར་འཚལ་ན་དེ་དག་གི་མིང་ནས་བརྗོད་དེ་རྟག་པར་ ཐོ་རངས་ཀྱི་ཚེ། བཟླས་པའི་གྲངས་ཚང་བར་བགྱིའོ། །གལ་ཏེ་དངོས་གྲུབ་མཆོག་གཉེར་ཞིང་རྒྱལ་པོ་ལ་བརྟེན་པར་འཚལ་ན། དགུང་ཞག་བདུན་གྱི་བར་དུ་རྟག་པར་ཐོ་རངས་ཀྱི་ཚེ་ལན་སྟོང་རྩ་བརྒྱད་ བཟླས་ན་མཇལ་བར་འགྱུར་ལགས་སོ། །གལ་ཏེ་བཙུན་མོ་ལ་བརྟེན་པར་འཚལ་ན་ལན་དགུ་བརྒྱ་བཟླས་པར་བགྱིའོ། །རྒྱལ་བུ་ལ་བརྟེན་པར་འཚལ་ན་ལན་བརྒྱད་བརྒྱ་བཟླས་པར་བགྱིའོ། །སྲས་དག་ མཐོང་བར་འཚལ་ན་ལན་བདུན་བརྒྱ་བཟླ་བར་བགྱིའོ། །རྒྱལ་པོའི་བུ་མོ་ལ་བརྟེན་པར་འཚལ་ན་ལན་དྲུག་བརྒྱ་བཟླ་བར་བགྱིའོ། །བྲམ་ཟེ་ལ་བརྟེན་པར་འཚལ་ན་ལན་ལྔ་བརྒྱ་བཟླ་བར་བགྱིའོ། ། 100-1-6a རྒྱལ་རིགས་ལ་བརྟེན་པར་འཚལ་ན་ལན་བཞི་བརྒྱ་བཟླ་བར་བགྱིའོ། །དམངས་རིགས་ལ་ནི་སུམ་བརྒྱའོ། །གདོལ་པ་ལ་ནི་ཉིས་བརྒྱའོ། །དགེ་སློང་དང་། དགེ་སློང་མ་ལ་ནི་ལན་བརྒྱའོ། ། དགེ་བསྙེན་དང་། དགེ་བསྙེན་མ་ལ་ནི་ལན་དགུ་བཅུའོ། །ཁྱེའུ་གཞོན་ནུ་དང་། བུ་མོ་གཞོན་ནུ་མ་ལ་ནི་ལན་དྲུག་བཅུའོ། །འདི་ནི་བརྟེན་ཅིང་མཛའ་བར་བགྱི་བའི་ཆོ་ག་ཞེས་བགྱི་སྟེ། ནོར་དང་། བྲན་དང་། རྟ་དང་། བདེ་བའི་ཡོ་བྱད་ཐམས་ཅད་འབྱོར་པར་བགྱིད་ལགས་སོ། །གང་ལ་ལ་ཞིག་སྙིང་དུ་སྡུག་ཅིང་མཛའ་བ་དག་རིང་པོ་ན་མཆི་བ་དང་མཇལ་བར་འཚལ་ན་ཡིད་ལ་བསམས་པ་བཞིན་དུ་རླུང་བཞིན་དུ་མཆི་བར་འགྱུར་ ལགས་སོ། །ཅི་བགྱིའོ་འཚལ་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་གྱུར་ན་དོན་དེ་དག་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འཚལ་ ན་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་དེའི་ལུས་ཡང་དག་པ་ཉིད་མཐོང་ཞིང་བསམ་པ་ཐམས་ཅད་རྫོགས་པར་བགྱིད་ལགས་སོ། །གལ་ཏེ་ལག་ན་རྡོ་རྗེ་མཐོང་བར་འཚལ་ན་བཟླས་བརྗོད་ལན་ཁྲི་ བགྱིས་ན་ལུས་མངོན་སུམ་དུ་བསྟན་ནས། དེ་ལ་བརྩེ་ཞིང་ཕས་བུ་ལ་བྱམས་པ་བཞིན་དུ་སེམས་ཀྱི་སྨོན་པ་རྣམས་སྩོལ་བར་འགྱུར་ལགས་སོ། །གལ་ཏེ་སངས་རྒྱས་དང་། འཁོར་འདུས་པ་མང་པོ་མཐོང་ བར་འཚལ་ན་ལན་ཁྲི་སུམ་སྟོང་བཟླས་བརྗོད་བགྱིས་ན་དེ་བཞིན་དུ་མཐོང་བར་འགྱུར་ལགས་སོ། །གལ་ཏེ་གདུགས་མཚན་བདུན་གྱི་བར་དུ་རྒྱུན་ཆད་པ་མ་མཆིས་པར་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ རྣམས་མངོན་སུམ་དུ་སྟོན་ཅིང་། སོ་སོ་ནས་རང་རང་གི་སྔགས་ཀྱི་མཐུ་ཅི་མཆིས་པ་གང་ཟག་དེ་ལ་སྩལ་ནས་ཡོངས་སུ་བསྲུང་བར་བགྱིད་དེ། ཞག་བདུན་པ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ 100-1-6b ཁམས་ཀྱི་དབང་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་རྣམས་འཁོར་དང་བཅས་ཏེ་མཆིས་ནས་དེའི་སྨོན་པ་རྣམས་སྩོལ་བར་བགྱིད་དོ། །བཟླས་བརྗོད་ཀྱི་ཆོ་ག་གོང་དུ་བསྟན་པ་བཞིན་དུ་བགྱིས་ན་སྨོན་པ་རྣམས་ཡོངས་སུ་རྫོགས་ པར་བགྱིད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ལས་ཐམས་ཅད་བྱམས་ཤིང་མོས་པར་འགྱུར་བའི་ཆོ་ག་ཞེས་བགྱི་བ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་ རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ལས་ཐམས་ཅད་བྱམས་ཤིང་མོས་པར་འགྱུར་བའི་ཆོ་གའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། གང་གིས་མཐོང་བ་དག་བྱམས་ཤིང་དགའ་བར་འགྱུར་བའི་སྨན་སྦྱར་ནས་ལུས་ལ་ཐོགས་ཏེ་འགྲོ་ན་མཆོག་ཏུ་མངོན་པར་འགྲུབ་ཅིང་བསམ་ པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཆོ་ག་བསྟན་པ། འགིའུ་ཝང་དང་། ཙན་དན་དཀར་པོ་དང་། གུར་གུམ་དང་། ག་པུར་དང་། གླ་རྩི་དང་། འཛའ་ཏི་པ་ལ་དང་། ལི་ཤི་དང་། ཀ་ཀོ་ལ་དང་། པད་མ་དང་། ཨུཏྤལ་ སྔོན་པོ་དང་། གསེར་གྱི་གྱིམ་བག་རྣམས་ཆ་མཉམ་པར་བགྱིས་ཏེ། བརྡུངས་ནས་སྦྲང་རྩི་དཀར་པོས་སྦྲུས་ཏེ། སྔ་མའི་སྔགས་སྟོང་རྩ་བརྒྱད་བཟླས་ནས་ལུས་ལ་གདུགས་སམ། གོས་ལ་བདུགས་སམ། མིག་ལ་བསྐུས་སམ། དཔྲལ་བ་ལ་ཐིག་ལེ་བགྱིས་སམ། ལུས་ལ་བྱུགས་ན་རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་རྣམས་དང་། གྲ་མ་རྣམས་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་བྱམས་ཤིང་དགའ་ བ་དང་། ལམ་གྱི་ཆོས་ལ་བཀུར་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལུས་ཀྱི་ཞོ་ཤ་དང་། ནོར་རྫས་དག་ཕངས་པ་མ་མཆིས་པར་གཏོང་ཞིང་རིམ་གྲོ་བགྱིད་པར་འགྱུར་ཏེ། བརྗོད་ཀྱིས་མི་ལང་ལགས་སོ། ། 100-1-7a ཇི་ལྟར་ཉི་ཟླ་ཐམས་ཅད་ཀྱིས་མཐོང་བར་མོས་པ་བཞིན་དུ་སྒྲུབ་པའི་དོན་རྣམས་འབྱོར་ཅིང་འགྲུབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་སྨན་འདི་ཐོགས་པར་འགྱུར་ན་ཁ་ན་མ་ཐོ་བའི་སྒྲིབ་པ་རྣམས་ཞུ་ བྱང་ནས་བགེགས་ཐམས་ཅད་ལས་ཐར་བར་འགྱུར་ལགས་སོ། །རྒྱལ་པོའི་མཐུས་ནན་གྱིས་འཕྲོག་པ་དང་། ཆབ་ཀྱིས་དེད་པ་དང་། ཞུགས་ཀྱིས་ཚིག་པ་དང་། མཚོན་ཆ་རྣམ་པ་སྣ་ཚོགས་དང་། དུག་དང་། འཆིང་བའི་ ཉོན་མོངས་པ་ཐམས་ཅད་ལས་ཐར་བར་འགྱུར་ལགས་སོ། །བསམ་པ་ཐག་པ་ནས་སྨན་ཨ་ཀ་ཏ་སྦྱོར་བའི་ཆོ་ག་འདི་བགྱིས་ན་ཐམས་ཅད་ཀྱིས་བྱམས་ཤིང་དགའ་བར་འགྱུར་ལགས་སོ། །སྨན་འདིས་བདུགས་པས་བབ་ ཆོལ་དུ་གཡར་ཁར་སྩལ་བར་བགྱི་སྟེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་དག་ལ་བྱམས་ཤིང་དགའ་བར་འགྱུར་བའི་སྨན་གྱི་ཆོ་ག་ཞེས་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ལས་གཞན་དག་ལ་བྱམས་ཤིང་དགའ་བར་འགྱུར་བའི་སྨན་ཨ་ཀ་ཏ་སྦྱོར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །། བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་དབང་ཕྱུག་གིས། གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བའི་སྨན་ཁར་མུར་བའི་ཆོ་ག་བསྟན་པ། ག་པུར་དང་། གླ་རྩི་དང་། གུར་ཀུམ་ཞིབ་མོར་ བཏགས་ཏེ། འགིའུ་ཝང་དང་བསྲེས་ན་གོང་དུ་བསྟན་པའི་སྔགས་རྣམ་པ་གསུམ་རེ་རེ་ཡང་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཆབ་གཙང་མས་སྦྱར་ནས་རི་ལུ་ཆེ་ཆུང་ཤིང་མགོ་སྟོང་གི་འབྲས་བུ་ཙམ་དུ་བགྱིས་ཏེ། ཡང་སྔགས་གོང་མ་གསུམ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གྲིབ་མ་ལ་སྐམས་ཏེ། གདུགས་དང་། རླུང་གིས་མ་ཕོག་པར་བགྱིས་ནས་རི་ལུ་རེ་རེ་ལ་ཡང་གོང་མའི་སྔགས་རྣམ་པ་གསུམ་ལན་བདུན་བདུན་གྱིས་ 100-1-7b བཏབ་སྟེ། རི་ལུ་གཅིག་ཁར་མུར་ནས་རྒྱལ་པོ་འམ། བློན་པོ་ཉེ་ཕན་ནམ། སྐྱེ་བོའི་ཚོགས་མང་པོ་དག་ལ་གཏམ་བགྱིས་པར་གྱུར་ན་བཀུར་སྟི་བགྱིས་ནས། ནོར་དང་། རིན་པོ་ཆེ་དག་ཕངས་པ་མ་མཆིས་པར་ཅི་དང་ ཅི་འཚལ་བ་ཐམས་ཅད་སྩོལ་བར་འགྱུར། ཚིག་ཏུ་སྨྲས་སོ་འཚལ་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཉན་པར་འགྱུར། བསྒོ་བ་ཞིག་མཆིས་ན་ཡང་ཐམས་ཅད་ཉན་ཅིང་བགྱིད་པར་འགྱུར་ལགས་སོ། །ཁར་སྨན་ མུར་བའི་ཚེ་རྟག་པར་སྔགས་བཟླ་འཚལ་ཏེ། སྤྱན་རས་གཟིགས་དབང་ཕྱུག་གིས་སྨོན་པ་རྣམས་འགྲུབ་པར་བགྱིད་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་ སྤོས་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་ཆུ་ཞེང་ཁྲུ་བཞིས་འཁོར་བ་གཅིག་བགྱིས་ཏེ། དཀྱིལ་འཁོར་གྱི་ནང་དུ་རྩི་ཤིང་གི་མེ་ཏོག་རྣམ་པ་སྣ་ཚོགས་ཅི་འབྱོར་པ་བཀྲམ་ཤིང་ཙན་དན་དཀར་པོ་བསྲེགས་ནས་སྨན་གྱི་རི་ལུ་ སྔ་མ་བླངས་ཏེ་དཀྱིལ་འཁོར་གྱི་ནང་དུ་གཞག་ནས། རྒྱལ་མཚན་བཞི་གཟུགས་ཤིང་། ཡོལ་བ་དང་། བླ་རེ་དཀར་པོ་བྲེས་ཏེ་དཀྱིལ་འཁོར་གྱི་སྟེང་དུ་པད་མ་དཀར་པོ་བཞི་ཡང་བྲིས་ཏེ། བྱང་ཆུབ་སེམས་དཔའ་ སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བགྱིས་ལགས་པའི་རྗེས་ལ་སྙིང་པོའི་སྔགས་དང་། སྙིང་གི་སྙིང་པོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླ་བར་བགྱིའོ། །ལུས་ཀྱི་སྔགས་ཀྱང་ལན་བརྒྱ་རྩ་བརྒྱད་ བཟླས་ནས་ཙན་དན་དཀར་པོ་བསྲེགས་ཏེ། མེ་ཏོག་གཏོར་ན་དེའི་ཚེ་སྨོན་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ལ། དཀྱིལ་འཁོར་གྱི་ནང་ན་མཆིས་པའི་སྨན་བླངས་ཏེ་ལུས་ལ་བཏགས་ན་ཕྱོགས་གང་དུ་མཆི་ཡང་ རུང་སྟེ། ཅི་དང་ཅི་གཉེར་བ་ཐམས་ཅད་འགྲུབ་པར་འགྱུར། ཚིག་དུ་སྨྲས་པ་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཉན་པར་འགྱུར། དོན་དུ་སྒྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ། །སེམས་རྩེ་གཅིག་ཏུ་ 100-1-8a མ་བགྱིས་པ་ནི་མ་གཏོགས་ཏེ། འདི་ནི་ཡིད་བཞིན་གྱི་འཁོར་ལོ་ལས་སྨན་མུར་བའི་ཆོ་ག་ཞེས་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ ལོ་ལས་སྨན་མུར་བའི་ཆོ་གའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྐྱེ་བོ་མང་པོ་ ཐམས་ཅད་ཀྱིས་མཐོང་ན་བྱམས་ཤིང་དགའ་བར་འགྱུར་བའི་ཆོ་ག་བསྟན་པ། མན་ཤི་རི་ཀ་ཀུ་ཤུ་དང་། པད་མ་ལེབ་རྒན་དང་། པད་མ་སྔོན་པོ་དང་། རྒྱ་མཚོའི་ཆབ་ཀྱི་དབུ་བ་དང་། ཉ་རྐུན་མ་ནག་པོའི་རུས་པ་དང་། བ་བླས་དང་། ཀ་ཀུན་པན་སྱ་དང་། འགིའུ་ཝང་དང་། གུར་ཀུམ་དང་། རྒྱའི་གུར་གུམ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། བཅའ་ལྒ་རྣམས་ཆ་མཉམ་པར་བགྱིས་ཏེ། བརྡུངས་ནས་ཞིབ་མོར་བཙགས་ཏེ་སྨན་སྔ་མ་ སྲང་ཅིག་མཆིས་ན་གླ་རྩི་དང་། ག་ཕུར་སྲང་ཕྱེད་སྩལ་ནས་ཞིབ་ཏུ་བདར་ཏེ། སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་སྦྱར་བ་བགྱིས་ལགས་པས། སྔ་མའི་སྔགས་རྣམ་པ་གསུམ་རེ་རེ་ཡང་ལན་ སྟོང་རྩ་བརྒྱད་བཟླས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་བརྩེ་བའི་སེམས་བསྐྱེད་ནས་སྨན་དེ་དག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་རྐང་པའི་དྲུང་དུ་གཞག་པར་བགྱིའོ། ། དེའི་རྗེས་ལ་རེག་པར་བགྱིས་ནས། ཁར་བའི་ཐུར་མས་བླངས་ཏེ་མིག་ཏུ་སྩལ་ན་མིག་དང་། གླད་པ་བྲོ་འཚལ་བ་དང་། ལིང་ཏོག་གིས་བསྒྲིབས་པ་ཐམས་ཅད་དང་། སྤྲིན་དཀར་དང་། མཆི་མ་འཛག་པ་དང་། སྤྲིན་ དམར་དང་། ལོང་ནད་དང་། ཀླད་པ་བྲོ་འཚལ་བ་ཐམས་ཅད་སོས་པར་འགྱུར་ལགས་སོ། །རྟག་པར་གདུགས་རེ་བཞིན་དུ་སྨན་འདི་མིག་ཏུ་སྩལ་ན་མིག་ནད་ཐམས་ཅད་འབྱང་བར་འགྱུར་ལགས་སོ། ། 100-1-8b གདུགས་གཉིས་སྩལ་ན་ལུས་ཀྱི་བྲོ་ནད་ཐམས་ཅད་འབྱང་བར་འགྱུར་རོ། །གདུགས་གསུམ་སྩལ་ན་སྨྱོ་བའི་བྲོ་ནད་རྣམ་པ་བརྒྱད་བཅུ་རྩ་བཞི་འབྱང་བར་འགྱུར་ལགས་སོ། །གདུགས་བཞི་སྩལ་ན་ཕྱི་ནང་གི་སྒྲིབ་པ་ ཐམས་ཅད་ཀྱིས་སྒྲིབ་པར་མི་འགྱུར་རོ། །གདུགས་ལྔ་སྩལ་ན་དགྲ་དང་འཐབ་པ་ན་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །གདུགས་དྲུག་སྩལ་ན་སྡིག་པའི་ལས་དང་། ཉོན་མོངས་པ་དང་། ལྕི་བ་བཞི་དང་། མཚམས་མ་ མཆིས་པ་ལྔ་དང་། རྨི་ལམ་ངན་པ་དང་། བྱད་སྟེམ་ཐམས་ཅད་རྣམ་པར་འཇོམ་ཤིང་། ངན་འགྲོ་རྣམས་སུ་ནམ་ཡང་ལྟུང་བར་མི་འགྱུར་ལགས་སོ། །གདུགས་བདུན་སྩལ་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། སྐྱེ་བོ་མང་པོ་ཐམས་ ཅད་རྗེས་སུ་འབྲང་ཞིང་བཀུར་སྟི་བགྱིས་ནས་ཡིད་ཆེས་ཤིང་བྱམས་པར་འགྱུར་རོ། །ཞག་བདུན་ཕྲག་གཉིས་ཀྱི་བར་དུ་སྩལ་ན་རང་དབང་ཆེན་པོ་ཐོབ་པར་འགྱུར་རོ། །ཞག་བདུན་ཕྲག་གསུམ་གྱི་བར་དུ་སྩལ་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དག་དང་མཛའ་བར་འགྱུར་རོ། །ཞག་བདུན་ཕྲག་བཞིའི་བར་དུ་སྩལ་ན་གནོད་སྦྱིན་འཁོར་དང་བཅས་པ་རྣམས་རིམ་གྲོ་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་ལྔའི་བར་དུ་སྩལ་ན་ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་རྣམས་ དང་། སྲིན་པོ་རྣམས་གཡོག་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་དྲུག་གི་བར་དུ་སྩལ་ན་ནམ་མཁའ་ལྡིང་དང་། སྲིན་པོ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཡོངས་སུ་བསྲུང་ བར་བགྱིད་པས། བྱད་སྟེམས་དང་། འདྲེ་གདོན་རྣམས་ཀྱིས་ཚུགས་པར་མི་འགྱུར་རོ། །ཞག་བདུན་ཕྲག་བདུན་གྱི་བར་དུ་སྩལ་ན་ལྷ་ནག་པོ་ཆེན་པོ་དང་། འདྲེ་སྲིན་བརྒྱད་རྣམས་ཉེ་བར་ལྷགས་ནས་རྗེས་སུ་འབྲང་ཞིང་གཡོག་ བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་བརྒྱད་ཀྱི་བར་དུ་སྩལ་ན་ཨནྟྲ་ད་ནར་འགྱུར་རོ། །ཞག་བདུན་ཕྲག་དགུའི་བར་དུ་སྩལ་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ཞག་བདུན་ཕྲག་བཅུའི་བར་དུ་སྩལ་ན་ལྷ་མ་ཡིན་ 100-1-9a གྱི་ཁང་ཁྱིམ་གྱི་སྒོ་རང་བྱེ་ནས། དེ་ན་ཅི་མཆིས་པ་ཐམས་ཅད་མཐོང་བར་འགྱུར། འབྱུང་ཞིང་འཇུག་པ་ལ་ཐོགས་པ་མ་མཆིས་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གཅིག་གི་བར་དུ་སྩལ་ན་སྨན་ཞུགས་ལྟར་འབར་བ་ ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་དགའ་བར་འགྱུར་བས་ཚེ་རིང་བར་འགྱུར་འཚལ་ལམ། མཐུ་ཆེན་པོ་དང་ལྡན་པར་འཚལ་ན་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གཉིས་ཀྱི་བར་དུ་སྩལ་ན་དྲང་སྲོང་མང་པོ་རྣམས་ཀྱིས་ རིན་པོ་ཆེའི་གཏེར་རྣམས་ཕྱེ་སྟེ། ཉེ་བར་བསྟན་ནས་ཡིད་བཞིན་དུ་ལོངས་སྤྱོད་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གསུམ་གྱི་བར་དུ་སྩལ་ན། ཀླུའི་གཞལ་མེད་ཁང་རྣམས་སྒོ་རང་བྱེ་ནས་ལྟ་བ་དག་ལ་ཐོགས་པ་མ་མཆིས་པར་ འགྱུར་རོ། །ཞག་བདུན་ཕྲག་བཅུ་བཞིའི་བར་དུ་སྩལ་ན་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་སྒོ་རང་བྱེ་བར་འགྱུར་བས་ཐམས་ཅད་མཐོང་བར་འགྱུར་རོ། །ཞག་བདུན་ཕྲག་བཅྭ་ལྔའི་བར་དུ་སྩལ་ ན་མཚན་མོ་མུན་ནག་གི་ནང་དུ་ཡང་གདུགས་བཞིན་དུ་གསལ་བར་འགྱུར་རོ། །ཞག་བདུན་ཕྲག་བཅུ་དྲུག་གི་བར་དུ་སྩལ་ན་སའི་འོག་གི་རྡོ་རྗེའི་ས་གཞི་དང་། རླུང་གི་དཀྱིལ་འཁོར་ཡང་མཐོང་བར་འགྱུར་རོ། །ཞག་བདུན་ ཕྲག་བཅུ་བདུན་གྱི་བར་དུ་སྩལ་ན་གླིང་བཞི་པོ་རྣམས་སུ་སེམས་ཅན་དམྱལ་བའི་སེམས་ཅན་ཇི་སྙེད་མཆིས་པ་ཡང་ཐམས་ཅད་མཐོང་བར་འགྱུར་ལ། དེའི་མཐུའི་དབང་གིས་སྡུག་བསྔལ་མྱོང་བའི་སེམས་ཅན་ དེ་དག་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །ཞག་བདུན་ཕྲག་བཅྭ་བརྒྱད་ཀྱི་བར་དུ་སྩལ་ན་གང་ཟག་དེ་ཉི་མ་ལྟ་བུའི་མཐུ་ཐོབ་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་དགུའི་བར་དུ་སྩལ་ན་ལག་ན་རྡོ་རྗེའི་ལུས་ཡང་དག་ པ་ཉིད་མཐོང་བར་འགྱུར་བས་སྨོན་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་དོ། །ཞག་བདུན་ཕྲག་ཉི་ཤུའི་བར་དུ་སྩལ་ན་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་མཐོང་བར་འགྱུར་བས་སྨོན་པ་ 100-1-9b ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་དོ། །ཞག་བདུན་ཕྲག་ཉི་ཤུ་རྩ་གཅིག་གི་བར་དུ་སྩལ་ན་རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་སྒོ་རྣམས་རང་བྱེ་ནས་ ཐམས་ཅད་མཐོང་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱང་མཐོང་བར་འགྱུར་རོ། །ལོ་གཅིག་གི་བར་དུ་སྩལ་ན་ཡོངས་ སུ་དག་པའི་མིག་ལྔ་འཐོབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་སྤྱོད་པའི་ཆོ་ག་འདི་མངོན་པར་འགྲུབ་པར་འཚལ་བ་གང་ལགས་པ་དེས་བསྟན་པ་འདི་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པར་བགྱི་ ཞིང་། སེམས་ཅན་ལ་སྙིང་བརྩེ་བར་བགྱི་སྟེ། ཐེ་ཚོམ་མ་མཆིས་ན་གོང་དུ་བསྟན་པ་བཞིན་དུ་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་ཐེ་ཚོམ་འཚལ་བར་འགྱུར་ན་ཆོ་ག་རྣམས་གྲུབ་པར་དཀའ་སྟེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཙན་དན་དེའི་ནོར་བུའི་འཁོར་ལོ་ལས་མིག་སྨན་གྱི་ཆོ་ག་ཞེས་བགྱི་བ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་སེམས་ཀྱི་འཁོར་ ལོ་ལས། མིག་གི་སྨན་གྱི་ལེའུ་སྟེ། ལྔ་པའོ།། །། དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། སྒྲུབ་པའི་དོན་ཐམས་ ཅད་གྲུབ་པར་བྱེད་པ། ཉོན་མོངས་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་དང་ལས་ངན་པ་ཐམས་ཅད་རྣམ་པར་འཇོམ་པ། དགྲ་ཐམས་ཅད་འདུལ་བ། བི་ནཱ་ཡ་ཀ་ཁྲོ་བའི་སེམས་ཉེ་བར་ཞི་ནས་སྐྱེ་བོ་མང་པོ་ལ་གནོད་པ་མི་ བྱེད་ཅིང་། བྱམས་པའི་སེམས་སྐྱེ་བར་འགྱུར་བ། སྦྱིན་སྲེག་ཧོཾ་བཀྲ་ཤིས་ཀྱི་ཆོ་ག་བསྟན་པ། དོག་ས་བརྐོས་ཏེ་ཞུགས་ཐབ་ཁྲུ་གང་གྲུ་བཞི་པ་ཅིག་བགྱིས་ནས་མེ་ཏོག་མ་ལེན་ཙ་སུ་དང་། ཡུངས་ཀར་དང་། ཞོ་དང་། 100-1-10a སྦྲང་རྩི་དང་། ཆབ་མར་ཆ་མཉམ་པར་བསྲེས་ཏེ། ཨ་ག་རུ་དང་། ཙན་དན་དང་། ཤིང་དྲི་ཅན་སོ་སོ་ནས་སྲིད་དུ་སོར་བཅུ་གཉིས་ཞེང་དུ་སོར་གཅིག་མཆིས་པ་གཏུབས་ཏེ། ཐབ་ཏུ་བསྲེག་པར་བགྱི་ཞིང་ སྨན་ཉུང་ཟད་ཅིག་བླངས་ནས་ལན་ཅིག་སྔགས་ཀྱིས་བཏབ་སྟེ། ཞུགས་ཀྱི་ནང་དུ་དོར་བ་ལན་སྟོང་རྩ་བརྒྱད་ཚང་བར་བགྱིས་ན་ལས་ཀྱི་བསྒྲིབ་པ་ཐམས་ཅད་རྣམ་པར་འཇོམ་ཞིང་། ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པར་འགྱུར་ ལགས་སོ། །ཞག་བདུན་གྱི་བར་དུ་རྒྱུན་ཆད་པ་མ་མཆིས་པར་ཧོཾ་གྱི་ཆོ་ག་བཞིན་བགྱིས་ན་ཚེ་ལོ་སྟོང་ཐུབ་ཅིང་ལུས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །ཞག་བདུན་ཕྲག་གཉིས་ཀྱི་བར་དུ་ཆོ་ག་བགྱིས་ན་རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་ཉེ་ཕན་དང་། སྐྱེ་བོ་ཕལ་པ་རྣམས་ཀྱང་སྐྱབས་སུ་མཆིས་ནས་བསྙེན་བཀུར་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་གསུམ་གྱི་བར་དུ་ཆོ་ག་བཞིན་དུ་བགྱིས་ན་སུམ་བཅུ་རྩ་གསུམ་ གྱི་ལྷ་རྣམས་འཁོར་དང་བཅས་པ་དང་། ཉི་ཟླའི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཡང་ཉེ་བར་ལྷགས་ནས་ཡོངས་སུ་སྲུང་བར་འགྱུར། ལག་ན་རྡོ་རྗེས་ཀྱང་དངོས་གྲུབ་ཆེན་པོ་སྩོལ་བར་འགྱུར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་སྨོན་པ་ཆེན་པོ་རྣམས་ཡོངས་སུ་སྐོང་བར་འགྱུར་ལགས་སོ། །གལ་ཏེ་ཡུལ་ཁམས་སུ་ཆར་དཀོན་པར་གྱུར་ན་ཡུངས་ཀར་དང་། ཆབ་མར་ལ་སྔགས་ འདིས་བཏབ་སྟེ། གདུགས་གསུམ་གྱི་བར་དུ་ཞུགས་ཀྱི་ནང་དུ་བསྲེགས་ན་ཆར་པ་འབབ་པར་འགྱུར། གལ་ཏེ་ཆར་ཆེས་ཏེ་མི་ཁུམས་ན་ཐབ་དེའི་ཐལ་བ་བླངས་ནས་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་ སྟེ། གནམ་དུ་གཏོར་ན་ཆར་པ་ཁུམས་པར་འགྱུར་རོ། །གལ་ཏེ་སེར་བ་མ་རུངས་པ་བབས་སམ། རླུང་དྲག་པོ་གློ་བུར་དུ་ལངས་པར་གྱུར་ན་ཡང་ཐལ་བ་དེ་བླངས་ནས་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། 100-1-10b སྤྲིན་མཆིས་པའི་ཕྱོགས་སུ་གཏོར་ན་ཞི་བར་འགྱུར་ལགས་སོ། །སྔགས་འདི་རྟག་པར་བཟླས་བརྗོད་བགྱིས་ན་མཐུ་སྟོབས་མཐུ་བོ་ཆེ་དང་འདྲ་བར་འགྱུར་བས། ལུས་འདི་སྤངས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ དུ་སྐྱེ་བར་འགྱུར། མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་སྐྱེ་བ་ཐམས་ཅད་དུ་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཙན་དན་གྱི་སྙིང་པོའི་འཁོར་ལོའི་གཟུངས་འདི་བདག་གིས་བསྟན་པ་བཞིན་དུ་དགེ་སློང་ངམ། དགེ་སློང་མའམ་དགེ་བསྙེན་ནམ། དགེ་བསྙེན་མ་འམ། སྐྱེས་པ་འམ། བུད་མེད་གང་ལ་ལ་ཞིག་གིས་ལན་ཅིག་འཆང་བར་བགྱིད་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་བས་ཐེ་ཚོམ་གྱི་བསམ་པ་བསྐྱེད་པར་མི་བགྱིའོ། །ཡིད་ལ་བསམས་པའི་དོན་ཐམས་ཅད་ཐོབ་པར་འགྱུར་བས་ཤིན་ཏུ་མངོན་ པར་ཡིད་ཆེས་པར་བགྱི་ཞིང་ཐེ་ཚོམ་བསྐྱེད་པར་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཁྱོད་སྙིང་རྗེ་ཆེན་པོས་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་ཆོ་ ག་གྱ་ནོམ་པ་འདི་ཡང་དག་པར་བཤད་དེ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱས་པ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་དོ། །གང་ལ་ལ་ཞིག་གིས་སེམས་བསྐྱེད་དེ་ ཁ་ནས་བཟླས་བརྗོད་བྱས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱི་ངས་བསྟན་པ་བཞིན་དུ་སེམས་ཅན་རྣམས་ལ་ཡང་ནས་ཡང་དུ་ནན་ཏན་བརྩོན་འགྲུས་ཀྱིས་རྗེས་སུ་བསྟན་ནས་དངོས་གྲུབ་ཐོབ་པར་ བྱ་བའི་ཆེད་དུ་ལུས་ཉེ་བར་སྟོན་ལ། ངའི་ཚིག་དག་འགལ་བར་མ་བྱེད་ཅིག་དང་། ང་ཡང་རྗེས་སུ་ཡི་རང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ 100-1-11a ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་བྱམས་པ་དང་བརྩེ་བའི་སེམས་ཀྱིས་སེམས་ཅན་ལ་རྗེས་སུ་སྟོན་ཅིང་། རྟག་པར་ཡོངས་སུ་བསྲུངས་ནས་དངོས་གྲུབ་སྩལ་ བར་ནི་བཅོམ་ལྡན་འདས་ཉིད་མཁྱེན་ཅིང་དབང་དུ་གྱུར་པ་ལགས་སོ། །སེམས་ཅན་རྣམས་ཀྱི་སླད་དུ་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་བཤད་པ་ལགས་པས། གང་ལ་ལ་ཞིག་གིས་ལེན་ཅིང་འཆང་བ་དང་རྟག་པར་ བདག་ཉིད་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་བགྱིས་ན་སྨོན་པ་རྣམས་གྲུབ་པར་འགྱུར་ཏེ། བདག་ནི་དེ་ལྟར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་རྣམས་ཡོངས་སུ་བསྐྱབ་ པར་བགྱིད་པ་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་སྨྲས་པ་དང་། འཁོར་འདུས་པ་ཆེན་པོ་ཐམས་ཅད་རབ་ཏུ་ དགའ་ནས་མངོན་པར་ཡིད་ཆེས་པས་ཡང་དག་པར་བླངས་ཏེ་སྤྱོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ལས། སྦྱིན་སྲེག་ཧོམ་གྱི་ཆོ་ག་སྨན་སྦྱོར་བའི་ ལེའུ་སྟེ་དྲུག་པའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། ཞུ་ཆེན་གྱི་མཁན་པོ་དང་ལོ་ཙྪ་བ་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞུས་དག །ཡང་ཞུས་ཏེ་དག་པར་ཐང་རྒྱལ་རིང་མོས་བགྱིས། ། ༄། །རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་ 100-1-11b འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱམས་པའི་ངང་ལས་སྙིང་རྗེའི་ཤུགས་ཀྱིས་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐྱེད་ནས། པད་མ་དང་། ཉི་མ་དང་། ཟླ་བའི་གདན་ལ་ཧྲཱིཿའི་འཕྲོ་འདུ་ལས་ཞལ་གཅིག་པ་ ལ་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་ན་བགྲང་ཕྲེང་མུ་ཏིག་དཀར་པོ། གཡོན་འོག་མ་ན་པད་མ་དཀར་པོ་བསྣམས་པ། སྐུ་མདོག་དཀར་པོ་ཞབས་རྫོགས་པའི་སྐྱིལ་དཀྲུང་བཅས་པ། རིན་པོ་ཆེའི་རྒྱན་ སྣ་ཚོགས་དང་། རིན་པོ་ཆེའི་དབུ་རྒྱན་གྱིས་མཛེས་པ། མ་ལྷ་མོ་དྲུག་མ་དང་། ཡབ་ནོར་བུ་རིན་པོ་ཆེས་བརྟེན་པ། བྱང་ཆུབ་སེམས་དཔའ་དང་། སེམས་མ་རབ་ཏུ་མང་པོས་བསྐོར་ཏེ་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུའམ་ རིགས་ཀྱི་བུ་མོས་སྔགས་འདི་ལན་ཅིག་ཙམ་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ། བྲིས་ནས་ལུས་ལ་བཅངས་སམ། མོས་ཤིང་གུས་པར་བྱས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བའི་སྡིག་པའི་ལས་ཐམས་ཅད་ བྱང་ཞིང་། ངན་སོང་གསུམ་དང་། མི་ཁོམ་པ་བརྒྱད་དང་། སྡུག་བསྔལ་དང་བཅས་པར་མི་སྐྱེའོ། །མི་དང་མི་མ་ཡིན་པ་དང་། གཅན་ཟན་གྱིས་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ནད་དང་། གདོན་ཐམས་ཅད་ ལས་ཐར་བར་འགྱུར་རོ། །ཨོཾ་མ་ཎི་པད་མེ་ཧཱུྃ་ཞེས་བརྗོད་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་ཞིང་། ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་སྟེ། འདི་ལ་ཐེ་ཚོམ་འམ་སོམ་ཉི་འམ། ཡིད་ གཉིས་མ་ཟ་ཅིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་རྫོགས་སྷོ།། །། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་ གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་རིག་པ་འདི་བརྗོད་ཀྱིས་རིག་པ་འདི་བདག་ལ་གྲུབ་པར་གྱུར་ཅིག །ཏདྱ་ཐཱ་ཧ་ཧ་ཧ་ས་ནེ་ 100-1-12a ནེ་པ་ས་ནེ། ཏ་པ་ཏ་པ་ནི། ཛྭཱ་ལ་ཛྭཱ་ལ་ནེ། ཙ་ལ་ཙ་ལ་ནེ། པཱུརྦ་ཡོ་ག་སྨ་ར་པད་མ་ཧསྟཱ་ཡ་སྭཱ་ཧཱ། གང་གིས་རིག་པ་འདི་བཀླགས་པ་དེ་ཚེ་རབས་བརྒྱ་སྟོང་དུ་སྐྱེ་བ་དྲན་པར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་བདེ་བ་ཅན་ གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་རྫོགས་སྷོ།། །།དག་ཡང་ཞུས། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨེ་ཀ་ད་ཤ་མུ་ཁ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་ འཆང་དུ་མས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྟན་འདས་ཀྱི་ཞབས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་ འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བགྱི་བ་འདི་ནི། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་ལགས་ཏེ། དེ་སེམས་ཅན་ཐམས་ཅད་ ལ་སྨན་པ་དང་བྲོ་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང་སྡིག་པ་དང་བཀྲ་མི་ཤིས་པ་དང་། རྨི་ལམ་ངན་པ་ཐམས་ཅད་ཟློག་པར་བགྱིད་པ་དང་། དུས་མ་ལགས་པར་འགུམ་པ་ཐམས་ཅད་ཟློག་པར་བགྱིད་པ་དང་མ་ ཞུགས་པ་རྣམས་དད་པར་བགྱི་བ་དང་། བགེགས་དང་ལོག་འདྲེན་རྣམས་རབ་ཏུ་ཞི་བར་བགྱི་བའི་སླད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་སྙིང་པོ་འདིས་བསྲུང་བ་བགྱིས་པ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་ གཟུང་བ་བགྱིས་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བགྱིས་པ་དང་ཆད་པ་སྤངས་པ་དང་། མཚོན་ཆ་སྤངས་པ་དང་། དུག་གཞིལ་བ་བགྱིས་པ་དང་། གང་ལ་ལ་ཞིག་འགལ་བ་བགྱིད་པ་དེ་མ་མཆིས་ཏེ། དེ་ནི་འཇིག་རྟེན་ 100-1-12b ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པ་ན་བདག་གིས་མ་མཐོང་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་ལགས་སོ། །སྙིང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་ཀྱིས་བསྟོད་ཅིང་དགོངས་པ་ལགས་སོ། །བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཐུགས་རུང་བར་མཛད་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་དྲན་ ལགས་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་ན་དེ་བཞིན་གཤེགས་པ་པད་མ་བརྒྱའི་སྤྱན་གཙུག་གིས་ཆགས་པའི་དུས་འཇོམས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་བྱུང་སྟེ། བདག་དྲང་སྲོང་དུ་གྱུར་ པས་དེ་བཞིན་གཤེགས་པ་དེ་ལས་འདི་མནོས་ལགས་ཏེ། ཐོས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་སྟེ། དེ་ལྟར་བདག་གི་སྙིང་པོ་འདི་ནི་གཅེས་ སྤྲས་བགྱིད་པ་ལགས་སོ། །དེ་ལྟར་ལགས་པས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གུས་པར་བགྱིས་ལ་སྙིང་པོ་འདི་བརྗོད་པར་བྱའོ། །གཞན་ཡིད་ལ་མི་བགྱིད་པར་རྟག་ཏུ་བརྗོད་པར་བགྱིའོ། ། ནང་པར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན་ཚེ་འདི་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། བྲོ་ནད་མ་མཆིས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་ འགྱུར་བ་དང་། དེས་བསྒྲིམ་མི་འཚལ་བར་ནོར་དང་འབྲུ་དང་དབྱིག་རྣམས་རྙེད་པར་འགྱུར་བ་དང་། དགྲ་ཐམས་ཅད་ཁུགས་ཤིང་ཐུལ་བར་འགྱུར་བ་དང་། རྒྱལ་པོའི་ཚོགས་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང་། ལུས་ལ་དུག་གིས་མི་ཚུགས་པ་དང་། དབྱིག་དུག་གིས་མི་ཚུགས་པ་དང་། རིམས་ཀྱིས་མི་ཚུགས་པ་དང་། མཚོན་གྱིས་མི་ཚུགས་པར་འགྱུར་བ་དང་། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། 100-1-13a ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས་མ་ལགས་པར་འགུམ་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འགུམ་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡ་ང་བ་མ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་ཀྱང་འཇིག་ རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་བདག་གིས་དྲན་ལགས་ཏེ། འདི་ནས་བསྐལ་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་ན་དེ་བཞིན་གཤེགས་ པ་མན་དཱ་ར་བའི་བསུང་ཞེས་བགྱི་བ་བྱུང་སྟེ། དེ་ན་བདག་ཁྱིམ་པར་གྱུར་པས་འདི་གཟུང་ནས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ལགས་སོ། །བདག་གིས་སྙིང་པོ་འདི་བཏོན་པས་བྱང་ཆུབ་སེམས་དཔའི་རྣམ་ པར་ཐར་པ། རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བགྱི་བ་ཐོབ་ལགས་སོ། །གང་དག་བཅིང་བས་བཅིངས་པ་རྣམས་དང་། གང་དག་བཅིང་བ་ལ་ཐུག་པ་རྣམས་དང་། ཆབ་དང་། ཞུགས་དང་། སྡུག་ བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཉེན་པའི་སེམས་ཅན་ཐམས་ཅད་ལ་བདག་གི་སྙིང་པོ་འདིས་གནས་དང་བསྐྱབ་པ་དང་སྐྱབས་དང་དཔུང་གཉེན་བགྱིའོ། །གནོད་སྦྱིན་དང་། སྲིན་པོ་སྡང་བ་རྣམས་ཀྱང་སྙིང་པོ་འདིས་བཀུག་ལ་ བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱིའོ། །བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ། ། ལན་ཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་འབྱང་བར་འགྱུར་ན། ཇི་སྐད་བཤད་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། 100-1-13b དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་། སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་ རྫོགས་པར་བགྱིའོ། །སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞིའམ་བཅྭ་ལྔ་ལ་སྨྱུང་བ་བགྱིས་ན། དེ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ ནི་དོན་མཆིས་ཏེ་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བས་ལྷག་ལགས་སོ། །བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་ བར་འགྱུར། སྒྲིབ་པ་ཐམས་ཅད་དང་། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་བ་ལགས་སོ། །གང་ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བགྱིད་ན་དེ་དག་གི་སུག་པར་སངས་ རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྙིང་རྗེ་ཆེ་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཐབས་འདིས་སེམས་ཅན་ཐམས་ ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་ནུས་ཏེ། ངས་ཀྱང་སྙིང་པོ་འདི་གཟུང་ཞིང་རྗེས་སུ་ཡི་རང་བ་བྱས་ཀྱིས་རིགས་ཀྱི་བུ་ཁྱོད་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྙིང་པོ་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སྭ་ག་ར་བཻ་རོ་ཙ་ན་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ །ཨར་ཧཏ་བྷྱཿ སམྱཀྶ་མྦུ་བྷྱཿ །ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། 100-1-14a ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ། བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། འདི་ཡི་ཆོ་ག་ནི་བསྒྲུབ་མི་དགོས་པར་ལས་ཐམས་ ཅད་བྱེད་དེ། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། འདྲེ་དང་ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ལྦ་བ་དང་། འབྲས་ཀྱི་ཕྲེང་བ་དང་། བས་ལྔགས་ ལ་སོགས་པ་དང་། དུག་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པ་ལ་འཇིམ་པ་ལ་བསྔགས་ཏེ་བསྐུའོ། །ལན་བདུན་བཟླས་བརྗོད་བགྱིས་ན་ལས་ཀྱི་སྒྲིབ་པ་སྦྱོང་བར་བགྱིའོ། །བྱིས་པ་གདོན་གྱིས་ཟིན་པ་ལ་ནི་འབྲུ་ མར་རོ། །རྣ་བ་བྲོ་འཚལ་བ་ལ་ནི་རུ་སྟ་དང་འབྲུ་མར་རོ། །རྣ་བ་བྲོ་འཚལ་བ་༼ཞེས་སྣར་ཐང་པའི་དཔེ་ཡ་༽ལ་བློ་ལ་བཏགས་ན་དེས་ཞི་བར་འགྱུར་རོ། །བྲོ་ནད་ཐམས་ཅད་ལ་ཡང་སྦྱར་བར་བགྱིས་ཏེ་བཀླགས་པས་འགྲུབ་བོ། །འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གི་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་ཏྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྫོགས་སྷོ། ། །། ༑ །། རྒྱ་གར་སྐད་དུ། ཨཱརྱ་མུ་ཁ་ད་ཤཻ་ཀ་བིདྱཱ་མནྟྲ་ཧྲྀ་ད་ཡ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་འོད་མའི་མྱུ་གུའི་དཀྱིལ་འཁོར་ན་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་དང་། 100-1-14b དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཚད་མེད་པ་སྙེད་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་ཤ་ཟ་དང་མི་དང་། མི་མ་ཡིན་ པ་ལ་སོགས་པའི་འཁོར་མང་པོ་དག་གིས་ཡོངས་སུ་བསྐོར་ནས་མཆོད་ཅིང་རིམ་གྲོར་བྱས། བཀུར་སྟིར་བྱས། བླ་མར་བྱས་ཏེ་གསང་སྔགས་བརྗོད་པ་ལ་ཆོས་སྟོན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་གིས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་བྱས་ཏེ་གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་རིག་སྔགས་ཀྱི་སྙིང་པོ་གདོང་ བཅུ་གཅིག་པ་ཞེས་བགྱི་བ་མཐུ་ཆེན་པོ་དང་ལྡན་པ། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་མཆིས་ཏེ། དེང་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་ཅིང་བདེ་བར་བགྱིད་པ་དང་། བྲོ་ནད་ཐམས་ཅད་ཞི་ བར་བགྱིད་པ་དང་། སྡིག་པ་ཐམས་ཅད་སྦྱང་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་བགྱི་བ་དང་། རྨི་ལམ་ངན་པ་ཐམས་ཅད་དགག་པ་དང་། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པ་དང་། ངན་སེམས་ཅན་ རྣམས་གདུལ་ཞིང་དང་བ་ཐོབ་པར་བགྱི་བ་དང་། མྱ་ངན་གྱི་སྡུག་བསྔལ་དང་ལྡན་པ་དག་བདེ་བ་ཐོབ་པར་བགྱི་བ་དང་། འཁོན་དང་བཅས་པ་རྣམས་འདུམ་པར་བགྱི་བ་དང་། བདུད་དང་གདོན་བགེགས་རྣམས་ཞི་བར་བགྱི་བ་དང་ སེམས་ཀྱི་སྨོན་པ་རྣམས་མངོན་པར་འགྲུབ་པར་བགྱི་བའི་སླད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་ 100-1-15a པ་ལ་སོགས་པ་ལ་གང་གིས་ཀྱང་རིག་སྔགས་འདིས་བསྲུང་བར་བགྱིས་པ་དང་། འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཡི་གེར་བྲིས་ནས་སྤེལ་བར་བགྱིད་པ་དེ་དག་ལ་བགེགས་བགྱིད་པ་དང་། བདུད་ཀྱི་བར་ཆད་དང་། མཚོན་ཆ་དང་དབྱིག་པ་དང་དུག་དང་། བྱད་སྟེམས་ཐམས་ཅད་ཀྱིས་གནོད་པ་བགྱིད་པར་འགྱུར་བ་མ་ལགས་སོ། །བདག་གིས་རིག་སྔགས་འདི་གནས་པའི་ཕྱོགས་སུ་རིང་ཡང་རུང་ཉེ་ཡང་རུང་སྟེ། ཅི་ཙམ་དུ་ མཚམས་བཀུམ་པ་ལས་འདས་ནས་གནོད་པ་བགྱིད་དུ་མཆི་བ་མ་མཐོང་ལགས་ཏེ། སྡིག་པའི་ལས་ངེས་པར་རྣམ་པར་སྨིན་པར་གྱུར་པ་ནི་མ་གཏོགས་ལགས་སོ། །བཅོམ་ལྡན་འདས་དེས་དངོས་པོ་འདི་ངེས་པར་དེ་ལྟ་བུ་ ལགས་པར་རིག་པར་བགྱིས་ནས་མངོན་པར་ཡིད་ཆེས་པས་བླང་བར་བགྱིའོ། །རྣམ་པར་རྟོག་པ་ནི་མི་བགྱིའོ། །དེ་ལྟར་བགྱིས་ན་གདོན་བགེགས་ཐམས་ཅད་ཐག་རིང་དུ་སྤོང་བས་ཉེ་བར་མཆི་ཞིང་གླགས་རྙེད་པར་མི་ འགྱུར་ལགས་སོ། །རིག་སྔགས་ཀྱི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྔགས་པ་བརྗོད་ཅིང་མཚུངས་པར་རྗེས་སུ་ཐུགས་རངས་པར་མཛད་པ་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ དགོངས་ཤིང་ཡོངས་སུ་བསྲུང་བ་མཛད་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔོན་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་པད་མ་བརྒྱའི་སྤྱན་ཐོགས་པ་མི་མངའ་བའི་གཙུག་ཏོར་ཡོན་ཏན་རབ་ཏུ་རྒྱས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། བདག་དེའི་ཚེ་དྲང་སྲོང་དུ་གྱུར་པས་བཅོམ་ལྡན་འདས་ དེ་ལས་རིག་སྔགས་འདི་མནོས་ལགས་ཏེ། རིག་སྔགས་འདི་ཐོབ་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་མཐོང་བར་འགྱུར། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡང་ཐོབ་པར་གྱུར་པས་རིག་སྔགས་འདི་མཐུ་ཆེན་ 100-1-15b པོ་དང་ལྡན་པར་རིག་པར་བགྱི་ལགས་སོ། །དེ་ལྟ་བས་ན་ཡོངས་སུ་དང་བ་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་སོགས་པ་དག་གིས་རིག་སྔགས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པར་ འཚལ་ན། གུས་པས་སེམས་རྩེ་གཅིག་ཏུ་དྲན་པས་བཅངས་ཏེ། རྟག་པར་ནང་པར་ལངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། རིག་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཚེ་འདི་ཉིད་ལ་ ཕན་ཡོན་རྣམ་པ་བཅུ་ཐོབ་པར་འགྱུར་བ་ལགས་སོ། །བཅུ་གང་ཞེ་ན། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང་། རྟག་པར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དང་། ནོར་དང་། རིན་པོ་ཆེ་དང་གོས་དང་། ཟས་བས་པ་མ་མཆིས་པ་དག་ལ་ལོངས་སྤྱོད་པར་འགྱུར་བ་དང་། དགྲ་ཐམས་ཅད་ཐུལ་ཅིང་འཇིགས་པ་མ་མཆིས་པར་འགྱུར་བ་དང་། ཡ་རབས་བཙུན་པ་རྣམས་ཀྱིས་བཀུར་ཞིང་གསོང་ པོར་སྨྲ་བར་འགྱུར་བ་དང་། དུག་དང་འདྲེ་གདོན་གྱིས་མི་ཚུགས་ཤིང་གནོད་པ་བགྱིད་པར་མི་འགྱུར་བ་དང་། མཚོན་ཆ་དང་། དབྱིག་པ་ཐམས་ཅད་ཀྱིས་གནོད་པ་བགྱིད་པར་མི་འགྱུར་བ་དང་། ཆབ་ཀྱིས་འགུམ་པའི་དུས་ བགྱིད་པར་མི་འགྱུར་བ་དང་། ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས་མ་ལགས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དག་ལགས་སོ། །གཞན་ཡང་ཡོན་ཏན་གྱི་སྨན་ཡོན་རྣམ་པ་བཞི་ ཐོབ་པར་འགྱུར་ཏེ། འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་རྣམས་མཐོང་བར་འགྱུར་བ་དང་། ནམ་ཡང་ངན་འགྲོ་རྣམས་སུ་ལྷུང་བར་མི་འགྱུར་བ་དང་། ཡ་ང་བ་མ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ དང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་དག་ལགས་སོ། །བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། འདི་ནས་བསྐལ་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་སྔ་རོལ་གྱི་ཡང་ཆེས་སྔ་ 100-1-16a རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མན་དཱ་ར་བའི་དྲི་བསུང་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བདག་ཁྱིམ་བདག་ཆེན་པོ་ཞིག་ཏུ་གྱུར་པས། སངས་རྒྱས་ དེ་ལ་རིག་སྔགས་འདི་མནོས་ལགས་ཏེ། རིག་སྔགས་འདི་ཐོབ་མ་ཐག་ཏུ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་ལགས་སོ། །རིག་སྔགས་འདི་ཀློག་པ་དང་། འཛིན་པ་དག་གིས་གཞན་ཡང་སངས་རྒྱས་རྣམས་ཀྱི་ཐུགས་ རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་ཆོས་ཀྱི་སྒོ་ཐོབ་པར་འགྱུར་ཏེ། དེའི་མཐུ་སྟོབས་ཀྱི་དབང་གིས་གང་དག་བཙོན་ར་དམ་པོར་ཆུད་པ་དང་། བཙོན་རར་སྩལ་བ་དང་། དགུམ་པ་ལ་ཐུག་པ་དང་། ཆབ་དང་། ཞུགས་དང་། རླུང་དང་ཆོམ་རྐུན་དང་། དུག་དང་བྱད་སྟེམས་དང་མི་དང་། མི་མ་ལགས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་བགེགས་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་ བགྱིད་པ་ལགས་སོ། །བདག་ནི་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་དང་། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་བསྲུང་བ་དང་། དབུགས་འབྱིན་པ་དང་། གླིང་དང་ཁང་ཁྱིམ་དུ་གྱུར་པ་ལགས་སོ། ། རིག་སྔགས་འདིའི་མཐུས་གནོད་སྦྱིན་དང་། སྲིན་པོ་མ་རུངས་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་བསྡུས་ཤིང་གཟུང་ནས་སྔར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་བསྐྱེད་དུ་སྩལ་ནས། དེའི་རྗེས་ལ་བླ་ན་མ་མཆིས་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་བདག་གི་རིག་སྔགས་འདི་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པས། གང་ལ་ལ་ཞིག་གིས་ལན་ཅིག་ཙམ་བཟླས་བརྗོད་བགྱིས་པ་ན་ ཡང་རྩ་བའི་ལྟུང་བ་བཞི་དང་། མཚམས་མ་མཆིས་པ་ལྔ་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་ན། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ 100-1-16b དུ་མ་ལས་དགེ་བའི་རྩ་བ་སྐྲུན་པ་རྣམས་ཀྱིས་དེང་གདོད་རིག་སྔགས་འདི་ཐོས་པར་གྱུར་པ་ལགས་ན། ལེན་པ་དང་འཛིན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་ལ་ལ་ཞིག་གིས་གདུགས་ མཚན་དུ་རིག་སྔགས་འདི། ཀློག་པ་དང་། འདོན་པ་དང་། འཛིན་པར་བགྱིད་ན། བདག་གིས་དེ་དག་གི་སྨོན་པ་ཅི་མཆིས་པ་ཡིད་བཞིན་དུ་འགྲུབ་པར་བགྱིད་ལགས་སོ། །གང་ལ་ལ་ཞིག་གིས་ཟླ་བ་ཕྱེད་ཅིང་ཚེས་བཅུ་བཞིའམ་ བཅྭ་ལྔ་ལ་སྨྱུང་བ་བགྱིས་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་བདག་རྗེས་སུ་དྲན་པར་བགྱིས་ནས་རིག་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་ བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ནི་རིག་སྔགས་འདིའི་དབང་གིས་མིང་བཙུན་ཞིང་ཐོས་པར་དཀའ་བར་འགྱུར་ལགས་ཏེ། གང་ལ་ལ་ཞིག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་དུ་མའི་མཚན་ནས་བརྗོད་ཅིང་ཡིད་ལ་བསམ་པ་དང་། གཞན་ཡང་འགའ་ཞིག་གིས་སྐད་ཅིག་གཅིག་ཙམ་དུ་བསམ་པ་ཐག་པ་ནས། བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་གྱུར་ན་དེ་གཉིས་ཀྱི་ཡོན་ཏན་མཉམ་ ཞིང་མཚུངས་ལགས་སོ། །བདག་གི་མིང་ནས་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར། བྲོ་ནད་ཐམས་ཅད་དང་བྲལ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་ འགྱུར། ལུས་དང་ངག་དང་ཡིད་ཀྱི་ནོངས་པ་ཞུ་བྱང་བར་འགྱུར་ན་བདག་གིས་བསྟན་པའི་རིག་སྔགས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཅི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ ལགས་ཏེ། གང་ཟག་དེ་དག་ནི་བླ་ན་མ་མཆིས་པའི་བྱང་ཆུབ་ལག་མཐིལ་ན་མཆིས་པ་བཞིན་དུ་ཁོང་དུ་ཆུད་ཅིང་ལེགས་པར་འགྱུར་བར་རིག་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ 100-1-17a སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་བྱམས་པ་དང་སྙིང་རྗེའི་བསམ་པ་སྐྱེད་ནས། རིག་སྔགས་ ཆེན་པོ་འདི་རྣམ་པར་ཕྱེ་སྟེ་བསྟན་པ་ཡིན་པས་ཁྱོད་ཐབས་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཀྱི་སྡུག་བསྔལ་དང་། སྒྲིབ་པ་དང་བགེགས་དང་འཇིགས་པ་དང་ལུས་དང་ངག་དང་། ཡིད་ཀྱི་ཉེས་པ་ལས་ཡོངས་ སུ་སྐྱོབ་ཅིང་ཐར་བར་བྱས་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རྣམ་པར་འཇོག་པ་ཡིན་ཏེ། རིགས་ཀྱི་བུ་ང་ཡང་རྗེས་སུ་ཡི་རངས་ནས་ཁྱོད་ཀྱི་རིག་སྔགས་ཡོངས་སུ་ གཟུང་ནས་ཁྱོད་ཀྱིས་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་ བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རིག་སྔགས་འདི་འདོན་པ་གང་ལགས་པ་དེས་འདི་སྐད་དུ་དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ་ཞེས་བརྗོད་པར་བགྱི་ལགས་སོ། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊྚེ། བ་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མེ། བ་རེ་ཨི་ལི་མི་ལི། ཙི་ཏི་ཙི་ཏི། ཛྭ་ལ་མ་ཧཱ་པ་ན་ཡ། ཤུདྡྷ་ཏ་སྭཱ་ཧཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འདི་རྩ་བའི་རིག་སྔགས་ལགས་ཏེ། 100-1-17b གང་ལ་ལ་ཞིག་གིས་རྗེས་སུ་དྲན་ཞིང་བཟླས་བརྗོད་བགྱིས་ན་གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་དག་འཐོབ་པར་འགྱུར་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་ པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧ་ཧ་ཧ་ཧ། ཨི་ལི་མི་ལི། ཙི་ལི་པི་ལི། ཁི་ལི་ཧི་ལི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཆབ་དང་གོས་ལ་གདབ་པའི་སྔགས་ལགས་ཏེ། གང་ལ་ལ་ཞིག་དཀྱིལ་འཁོར་དུ་འཇུག་པར་འཚལ་ན་སྔར་ཁྲུས་བགྱིས་ཏེ་དེའི་རྗེས་ལ་སྔགས་འདིས་ཆབ་ལ་ལན་བདུན་ བཏབ་སྟེ་ལུས་ལ་གཏོར་ནས་བསང་བར་བགྱིའོ། །གཞན་ཡང་སྔགས་འདིས་ལན་བདུན་བཏབ་སྟེ་བཟོད་བགོ་བར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་ པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷུ་རུ་དྷུ་རུ། ཧ་ཧ་ཧ་ཧ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ པོག་སྤོས་དང་། མར་མེ་ལ་གདབ་པའི་སྔགས་ལགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་པོག་བསྲེགས་ཏེ་མཆོད་པར་བགྱིད་པའི་ཚེ་སྔར་སྔགས་འདི་པོག་སྤོས་ལ་ལན་བདུན་བཏབ་སྟེ། གདོད་བསྲེག་པར་བགྱིའོ། ། 100-1-18a མར་མེ་སྤར་བར་འཚལ་ན་ཡང་སྔར་སྔགས་འདིས་འབྲུ་མར་ལ་ལན་བདུན་བཏབ་སྟེ་གདོད་མར་མེ་སྤར་བར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་ གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་རི་དྷི་རི་སྭཱ་ཧཱ། བཅོམ་ལྡན་ འདས་འདི་ནི་མེ་ཏོག་དང་། བྱུག་སྤོས་དང་། ཕྲེང་བ་ལ་གདབ་པའི་སྔགས་ལགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས། མེ་ཏོག་དང་། བྱུག་སྤོས་དང་། ཕྲེང་བ་དག་གིས་མཆོད་པ་བགྱིད་པའི་ཚེ་སྔར་སྔགས་འདིས་མེ་ཏོག་ལ་ ལན་བདུན་བཏབ་སྟེ། སྐུ་གཟུགས་ལ་གཏོར་བར་བགྱིའོ། །གཞན་ཡང་སྔགས་འདིས་བྱུག་སྤོས་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་བྱུག་པར་བགྱིའོ། །གཞན་ཡང་སྔགས་འདིས་ཕྲེང་བ་ལ་ལན་བདུན་བཏབ་ སྟེ་སྐུ་གཟུགས་ལ་བརྒྱན་པར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་ པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་ཏེ་ས་ཏེ། སི་ཏི་སི་ཏི། སུ་དྷུ་སུ་དྷུ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་སངས་རྒྱས་ལ་མཆོད་ཅིང་དབུལ་བའི་ཞལ་ཟས་ 100-1-18b ལ་གདབ་པའི་སྔགས་ལགས་ཏེ་གང་ལ་ལ་ཞིག་ཞལ་ཟས་དང་། མེ་ཏོག་དང་འབྲས་བུ་ལ་སོགས་པས་སངས་རྒྱས་ལ་མཆོད་པའི་ཚེ་སྔར་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བཏབ་ནས་དེའི་རྗེས་ལ་ གདོད་མཆོད་པར་བགྱིད་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་ འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། ༼འདི་སྣར་ཐང་པའི་དཔེ་ལ་མི་འདུག༽ཏདྱ་ཐཱ། མ་སི་ཏ་སི། ཙ་ལེ་ཙ་ལེ། ཧུ་རུ་ཧུ་རུ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཡམ་ཤིང་ལ་གདབ་པའི་ སྔགས་ལགས་ཏེ་གལ་ཏེ་ལ་ལ་ཞིག་གོང་དུ་བསྟན་པའི་རྩ་བའི་རིག་སྔགས་ཀྱིས་བགྱི་བ་མཆིས་ཏེ་སྔར་སྔགས་འདི་མེ་ཏོག་ཤ་ཏའི་ཤིང་ལ་ལན་ཅིག་གདབ་པར་བགྱིའོ། །ཞུགས་འབུད་པར་འཚལ་ན་ལོགས་ ཤིག་དུ་མེ་ཏོག་ཤ་ཏའི་ཤིང་བླངས་ནས་དུམ་བུ་སུམ་བཅུར་གཏུབས་ཏེ། ཞོ་དང་མར་དང་སྦྲང་རྩིའི་ནང་དུ་སྦངས་ནས། ཞག་ལོན་པར་བགྱིས་ཏེ་གདུགས་རེ་དུམ་བུ་རེ་རེ་བླངས་ནས་སྔགས་ལན་རེ་བཏབ་སྟེ་ཞུགས་ཀྱི་ ནང་དུ་དོར་བར་བགྱིའོ། །དེ་དག་ཐམས་ཅད་བས་པར་བསྲེགས་ནས་དེའི་རྗེས་ལ་གདོད་བགྱི་བ་ཅི་མཆིས་པ་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་ པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། ། 100-1-19a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ལི། བི་ལི་ཏི་ལི། ཙི་ལི་ཧི་ལི། སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་མཚམས་དགུམ་པའི་སྔགས་ལགས་ཏེ་མཚམས་དགུམ་པར་འཚལ་ན་སྔར་སྔགས་འདི་ཆབ་ལ་ལན་བདུན་བཏབ་སྟེ་ཕྱོགས་བཞིར་གཏོར་བར་བགྱིའོ། །ཡང་ན་ཡུངས་ཀར་རམ་ཐལ་བ་གཙང་མ་ལ་ལན་ བདུན་སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་གཏོར་ན་སེམས་ཀྱིས་ཉེ་རིང་ཅི་ཙམ་དགུམ་པ་མཚམས་སུ་གྱུར་ན་ཡོངས་སུ་བསྲུང་བར་འགྱུར་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་ བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་ཊེ་བི་ཊེ། ཏི་ཊེ་ཏི་ཊེ། ཙི་ཊེ་ཙི་ཊེ། བིད་ཏེ་བིད་ཏེ་ ཀ་ཙ་ཀ་ཙ། བྷ་ག་བན། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ས་བྷ་ས་བྷ་ནྃ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་སླར་རང་གི་གནས་སུ་མཆི་བར་བསྐུལ་བའི་སྔགས་ལགས་ཏེ། བགྱི་བ་ཅི་མཆིས་པ་བགྱིས་ལགས་ནས་བདག་སླར་ རང་གི་གནས་སུ་མཆི་བར་བསྐུལ་བའི་ཚེ་སྔགས་འདིས་ཆབ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་གཏོར་ན་བདག་སླར་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་རིག་སྔགས་འདི་ནི་དངོས་གྲུབ་མངོན་ དུ་མ་གྱུར་ལགས་ཀྱིས་ཀྱང་ལས་སུ་བགྱི་པ་རྣམ་པ་སྣ་ཚོགས་བགྱིད་པས་སེམས་རྩེ་གཅིག་ཏུ་བཟླས་བརྗོད་བགྱིས་ན་སྨོན་པ་རྣམས་མི་འགྲུབ་པ་གང་ཡང་མ་མཆིས་ལགས་སོ། །གང་ཞིག་མྱོས་ནད་གདུགས་ 100-1-19b རེ་རེ་ལན་རེ་ལྡང་བའམ་གདུགས་གཉིས་ཤིང་ལན་རེ་ལྡང་བ་འམ། གདུགས་གསུམ་ཞིང་ལན་རེ་ལྡང་བ་འམ། གདུགས་བཞི་ཞིང་ལན་རེ་ལྡང་བ་འམ། གདོན་འབྱུང་པོས་བགྱིས་པ་འམ། མཁའ་འགྲོ་མས་བགྱིས་ པ་འམ། ཤ་ཟས་བགྱིས་པ་འམ། ལུས་སྲུལ་པོས་བགྱིས་པ་འམ། སྨྱོ་བྱེད་ཀྱིས་བགྱིས་པ་འམ། བརྗེད་བྱེད་ཀྱིས་བགྱིས་པ་འམ། འདྲེ་གདོན་མ་རུངས་པ་རྣམ་པ་སྣ་ཚོགས་ཀྱིས་བགྱིས་པ་ཡང་རུང་སྟེ། ནད་པ་ དེ་དག་ལ་སྔགས་འདིས་ལན་བརྒྱ་རྩ་བརྒྱད་བཏབ་ན་འཚོ་བར་འགྱུར་ལགས་སོ། །གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན། ཚོན་སྣ་ལྔའི་སྐུད་པ་ལ་སྔགས་ལན་རེ་བཟླ་ཞིང་རེ་རེ་མདུད་དེ་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ནས་ ནད་པའི་མགུལ་པ་འམ། དཔུང་པ་ལ་བཏགས་ན་ཁ་ན་མ་ཐོ་བའི་སྒྲིབ་པ་ཞུ་བྱང་ཞིང་བྲོ་ནད་ཀྱང་སོས་པར་འགྱུར་ལགས་སོ། །གལ་ཏེ་སྐྲངས་པ་དང་། འབྲས་ཀྱི་ཕྲེང་བ་དང་། ཤུ་བ་དང་ཕོལ་མིག་དང་། རྨ་འཛག་པ་དང་། གཡན་པ་ལ་སོགས་པའི་ནད་མ་རུངས་པ་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ཏམ་རལ་གྲི་དང་། མདའ་དང་། མདུང་ལ་སོགས་པ་ཕོག་སྟེ་སྨྱོས་པར་གྱུར་ཏམ། སྦྲུལ་དང་། སྡིག་པ་དང་། རྩངས་པ་དང་། བུང་བ་དང་། གདུག་པ་ལ་སོགས་པས་ཟིན་པར་གྱུར་ན། སྔགས་འདིས་ལན་བདུན་བཟླས་ཏེ་བཏབ་ནས་སོས་པར་འགྱུར་ལགས་སོ། །གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན། དོག་ས་སེར་པོའི་འཇིམ་པ་ལ་ ལན་བདུན་སྔགས་ཀྱིས་བཏབ་སྟེ་བྲོ་འཚལ་བའི་དམིགས་སུ་བྱུགས་ན་སེལ་བར་འགྱུར་ལགས་སོ། །གལ་ཏེ་རླུང་ནད་ན་བ་འམ་ཕྱོགས་གཅིག་པ་ལངས་པར་གྱུར་ཏམ་རྣ་བ་འོན་པ་འམ་སྣ་འཚུབས་པ་འམ་རླུང་ གིས་ཟིན་པའི་ནད་ལ་སོགས་པས་བྲོ་འཚལ་བར་གྱུར་ན། སེམས་རྩེ་གཅིག་ཏུ་སྔགས་འདི་བཟླས་བརྗོད་བགྱིས་ནས་ནད་པ་དེ་དག་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་ན་ནད་སོས་པར་འགྱུར་ལགས་སོ། ། 100-1-20a གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན་འབྲུ་མར་དང་། ཆབ་མར་དང་གྲོ་དང་། རུ་སྟ་རྣམས་བསྐོལ་ཏེ་སྔགས་ལན་བདུན་བཏབ་ནས་ལུས་ལ་བཀུས་སམ་རྣ་བ་དང་སྣར་བླུགས་སམ་འཚལ་དུ་སྩལ་ན་བྲོ་ནད་སོས་པར་ འགྱུར་ལགས་སོ། །གཞན་ཡང་བྲོ་ནད་གཞན་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ན། སེམས་རྩེ་གཅིག་ཏུ་སྔགས་འདི་གདབ་པར་བགྱིའོ། །ཡང་ན་བདག་ཉིད་ཀྱིས་བཟླས་བརྗོད་བགྱིས་ན་འཚོ་བར་འགྱུར་ལགས་སོ། །གལ་ཏེ་ རིག་སྔགས་འདི་བསྒྲུབ་པར་འཚལ་ན། སྔར་སྲ་ཞིང་འཕན་སྐྱོན་མ་མཆིས་པའི་ཙན་དན་དཀར་པོ་ལས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སྲིད་དུ་མཐོ་ཕྱེད་དང་དོ་མཆིས་པ། སུག་པ་ལག་པ་ གཡོན་པ་ན་པད་མ་ལེབ་རྒན་དང་རིལ་བ་ཐོགས་པ་ལག་པ་གཡས་པ་བརྐྱང་ནས་བགྲང་ཕྲེང་ཐོགས་ཤིང་། འཇིགས་པ་མ་མཆིས་པ་སྩོལ་བའི་ལག་དུ་སྟོན་པ་གདོང་བཅུ་གཅིག་པར་བགྱིས་ཏེ་མདུན་གྱི་གདོང་གསུམ་ནི་ བྱམས་པ་དང་སྙིང་རྗེ་དང་བཅས་པའི་མཚན་དང་ལྡན་པར་བགྱིའོ། །གཡོན་ཕྱོགས་ཀྱི་གདོང་གསུམ་ནི་ཁྲོ་བོའི་མཚན་ཅན་དུ་བགྱིའོ། །གཡས་ཕྱོགས་ཀྱི་གདོང་གསུམ་ནི་མཆེ་བ་དཀར་པོ་གྱེན་དུ་འབྱུང་བའི་མཚན་ཅན་དུ་ བགྱིའོ། །རྒྱབ་ཀྱི་གདོང་གཅིག་ནི་ཁྲོ་གཏུམ་ཆེ་ཞིང་རབ་ཏུ་དཀོན་པའི་མཚན་ཅན་དུ་བགྱིའོ། །སྤྱི་བོའི་གདོང་གཅིག་ནི་སངས་རྒྱས་ཀྱི་ཞལ་གྱི་གཟུགས་ཅན་དུ་བགྱིའོ། །མགོ་རྒྱན་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་སངས་རྒྱས་ ཀྱི་སྐུ་བཞུགས་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེའི་ལུས་ནི་དོ་ཤལ་ལ་སོགས་པ། རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བགྱིའོ། །གཟུགས་བགྱིས་ལགས་ནས་སྨོན་པ་རྣམས་ གྲུབ་པར་འཚལ་བ་གང་ལགས་པ་དེས་གོས་སར་པ་གཙང་མ་བགོས་ཏེ་སྨྱུང་བ་བགྱིས་ནས་སྡོམ་པ་ཡང་དག་པར་བླངས་ཏེ་ཟླ་བ་དཀར་པོ་ཡར་གྱི་ངོ་ཚེས་གཅིག་ནས་ཚེས་བརྒྱད་ཀྱི་བར་དུ་གདུགས་གཅིག་ལ་དུས་ 100-1-20b གསུམ་དུ་སྔགས་འདི་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིའོ། །དེ་སླན་ཆད་གནས་དབེན་པ་ཞིག་ཏུ་སྟན་གཙང་མ་གཏིང་སྟེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ བགྱིས་པ་གཞག་ནས་ཁ་ནུབ་ཕྱོགས་སུ་བསྟན་ཏེ་ཉམས་ཀྱིས་ཅི་འབྱོར་པའི་བཟའ་བ་དང་བཏུང་བ་དག་གིས་མཆོད་ནས་ཨ་ཀ་རུ་དང་དུ་རུ་ཀ་འབའ་ཤིག་གིས་བསྲེག་པར་བགྱིའོ། །རྣལ་འབྱོར་པ་དེ་འབྲུ་ཕྱེ་དང་འོ་མའི་ ཟས་འཚལ་ནས་སྔ་མ་བཞིན་དུ་བཟླས་བརྗོད་བགྱིས་ཏེ་གདུགས་གསུམ་པ་ལ་ཐུག་པའི་བར་དུ་བགྱིའོ། །དེ་སླན་ཆད་མཆོད་པའི་ཡོ་བྱད་བཤམས་པ་ཡང་སྔ་མ་བས་ཆེས་ཁྱད་པར་དུ་འཕགས་པར་བགྱིའོ། །རྣལ་འབྱོར་ པ་དེ་ཟས་དཀར་གསུམ་པོ་འདི་ལྟ་སྟེ། འོ་མ་དང་ཞོ་དང་། འབྲས་ཅན་འབའ་ཞིག་འཚལ་བར་བགྱིའོ། །བྱང་ཆུབ་ཀྱི་ཤིང་བླངས་ནས་གཟུགས་དེའི་མདུན་དུ་ཞུགས་སྤར་བར་བྱའོ། །གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་ བརྒྱད་ཏུ་གཏུབས་ཏེ་དུ་རུ་ཀའི་ནང་དུ་སྦངས་༼བླངས༽་ཞེས་སྣར་ཐང་པའི་དཔེ་ལ་འདུག༽ནས་གདུགས་གཅིག་ལ་དུམ་བུ་གཅིག་བླངས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པར་འགྱུར་ན་དེའི་ཚེ་ས་ཆེན་པོ་རྣམས་རབ་ཏུ་ གཡོ་བར་འགྱུར་ལ་དེའི་དབང་གིས་སྐུ་གཟུགས་བགྱིས་པ་དེ་ཡང་རབ་ཏུ་གཡོ་ཞིང་ནང་གི་གོང་ན་མཆིས་པའི་གདོང་གི་ཁ་ནས་སྒྲ་བྱུང་ནས་རྣལ་འབྱོར་པ་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ འདི་ལྟར་ནན་ཏན་བརྩོན་འགྲུས་ཀྱིས་སྨོན་པ་རྣམས་ཡོངས་སུ་གཉེར་བས་བདག་གིས་ཁྱོད་ཀྱི་སྨོན་པ་ཡོངས་སུ་རྫོགས་པར་བགྱིའོ། །ཁྱོད་འདི་ནས་ནམ་མཁའ་ལ་འཕུར་ཏེ་འགྲོ་བ་འམ། ཡང་ན་ཁྱོད་རྒྱུ་ཞིང་འགྲོ་ལ་ ཐོགས་པ་མེད་པ་འམ། ཡང་ན་དྲང་སྲོང་རིག་འཛིན་གྱི་རྒྱལ་པོ་བྱེད་པར་འགྱུར་བ་འམ། ཡང་ན་བདག་ཅི་ལྟ་བ་བཞིན་དུ་རང་དབང་ཐོགས་པ་མེད་པ་ཉིད་དུ་བྱའོ་ཞེས་བསྔགས་པ་བརྗོད་པར་འགྱུར་ལགས་སོ། ། 100-1-21a གཞན་ཡང་རྣལ་འབྱོར་པས་ཟླ་བ་དཀར་པོ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གདོང་བཅུ་གཅིག་པ་དེ་སངས་རྒྱས་ཀྱི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ གྱི་ནང་དུ་གཞག་སྟེ། གོས་སར་པ་གཙང་མ་བགོས་ལ་གསོ་སྦྱོང་དང་སྡོམ་པ་ཡང་དག་པར་བླངས་ཏེ་གདུགས་མཚན་གཅིག་ལ་རབ་ཏུ་སྨྱུང་བར་བགྱིས་ནས། སུ་མ་ནའི་མེ་ཏོག་སྟོང་རྩ་བརྒྱད་བླངས་ཏེ། མེ་ཏོག་རེ་རེ་བླངས་ནས་ སྔགས་ལན་རེ་བཏབ་སྟེ། ཐམས་ཅད་བས་པའི་བར་དུ་བགྱིས་ན་དེའི་ཚེ་གཟུགས་བགྱིས་པ་དེའི་མདུན་དུ་གདོང་གཅིག་གི་ཁ་ནས་འབྲུག་སྒྲ་ལྟ་བུའི་སྒྲ་བྱུང་བར་གྱུར་ལ། དེའི་དབང་གིས་ས་ཆེན་པོ་ཡང་རབ་ཏུ་གཡོ་བར་ གྱུར་པས་རྣལ་འབྱོར་པས་དེའི་ཚེ་རང་གི་སེམས་བདེ་བར་གཞག་ནས་སྐྲག་ཅིང་འཇིགས་པ་མི་བསྐྱེད་པར་རིག་སྔགས་དང་། སྨོན་ཅིང་སྒྲུབ་པ་གང་ལགས་པ་འབའ་ཞིག་རྗེས་སུ་དྲན་པར་བགྱིས་ཏེ། འདི་སྐད་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །བདག་ནམ་ཞིག་ན་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་ནས་ སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྨོན་པ་རྣམས་ཡོངས་སུ་བསྐོང་བར་འགྱུར་ཞེས་བརྗོད་པར་གྱུར་ན། དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས་ཅི་ལྟར་སྨོན་པ་རྣམས་སྩོལ་བར་འགྱུར་ཏེ། སྨོན་པ་རྣམས་སྩོལ་བའི་ཚེ་ ལྷ་དང་ཀླུ་ལ་སོགས་པ་གང་གིས་ཀྱང་བར་ཆད་དང་བགེགས་བགྱིད་པར་མི་འགྱུར་ལགས་སོ། །གཞན་ཡང་རྣལ་འབྱོར་པས་ཟླ་བ་ལ་གཟའ་ཞུགས་པའི་ཚེ་ཆབ་མར་སྲང་གཅིག་བླངས་ཏེ། དངུལ་གྱི་སྣོད་ཀྱི་ནང་ དུ་སྩལ་ནས་གཟུགས་བགྱིས་པའི་མདུན་དུ་གཞག་སྟེ། སྔགས་འདིས་བཟླས་བརྗོད་བགྱིས་ན་ཟླ་བ་ཡང་སྔ་མ་ཁོ་ན་བཞིན་དུ་སྐྱབས་འོག་དུ་གྱུར་པས་དེ་ནས་བླངས་ཏེ་འཚལ་ན་ལུས་ཀྱི་བྲོ་ནད་རྣམས་མི་འབྱང་ 100-1-21b བ་གང་ཡང་མ་མཆིས་ལགས་སོ། །གཞན་ཡང་རྣལ་འབྱོར་པས་ལྡོང་རོས་དང་གི་ཝང་ཆ་མཉམ་པར་བགྱིས་ཏེ། གཟུགས་བགྱིས་པ་དེའི་མདུན་དུ་གཞག་ནས་སྔགས་འདི་ལན་སྟོང་རྩ་བརྒྱད་བཟླས་ཏེ་ཆབ་ཀྱིས་སྦྲུས་ ནས་དཔྲལ་བ་ལ་ཐིག་ལེ་བགྱིས་ན། དོན་རྣམ་པ་གསུམ་འགྲུབ་པར་འགྱུར་ལགས་སོ། །སྔར་བསྟན་པ་བཞིན་དུ་ཆབ་དྲོན་པོ་དང་སྦྱར་ཏེ་ཁྲུས་བགྱིས་ན་བགེགས་ཐམས་ཅད་དང་བྲོ་ནད་མ་རུངས་པ་ཐམས་ཅད་བསལ་ ཞིང་འབྱང་བར་འགྱུར་ལགས་སོ། །གཞན་ཡང་གལ་ཏེ་ཕ་རོལ་གྱི་དམག་ཚོགས་ཀྱིས་གཡུལ་འཕྲོག་པར་གྱུར་ན། ཨྱན་ཅི་དམར་རྩི་འབྲས་བུ་ཅིག་བླངས་ཏེ་སྔགས་འདི་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་ནས། གཟུགས་བགྱིས་པ་དེའི་གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་ལ་བྱུགས་ཏེ་དགྲའི་ཕྱོགས་སུ་ཁ་བསྟན་ན་དགྲའི་དམག་ཚོགས་རྣམས་དྲུང་དུ་མཆི་བར་མི་འགྱུར་ལགས་སོ། །གཞན་ཡང་གལ་ཏེ་ཡུལ་ཕྱོགས་སུ་མི་ དང་ཕྱུགས་ལ་རིམས་ནད་བྱུང་བར་གྱུར་ན། གཟུགས་བགྱིས་པ་དེའི་མདུན་དུ་ཤིང་ཤུག་པའི་ཞུགས་བུས་ལ་གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ་དུམ་བུ་གཅིག་བླངས་ནས་ཡུངས་ འབྲུའི་མར་གྱིས་བསྐུས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། །གཞན་ཡང་སྐུད་པ་དམར་པོ་ལས་མདུད་པ་བདུན་མདུད་དེ་མདུད་པ་ལན་རེ་མདུད་ཅིང་ སྔགས་ལན་རེ་བཟླས་ནས་ནང་གི་གོང་ན་མཆིས་པའི་གདོང་གི་སྤྱི་བོ་ལ་བཏགས་ན་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ནད་ཞི་ནས་སྔགས་ཐག་ཀྱང་དགྲོལ་བར་འགྱུར་ལགས་སོ། །གཞན་ ཡང་བློ་བུར་དུ་མཁའ་འགྲོ་མ་དང་། འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་ཏེ་བྲོ་འཚལ་བར་གྱུར་ན། སྐུད་པ་དཀར་པོ་ལ་སྔགས་མདུད་ཉི་ཤུ་རྩ་གཅིག་མདུད་དེ་སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ 100-1-22a ནས་མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་བྲོ་ནད་སོས་པར་འགྱུར་ལགས་སོ། །གལ་ཏེ་ལས་ཀྱི་སྒྲིབ་པ་ལྕི་བ་ ཞིག་ལགས་ཏེ་སོས་པར་མ་གྱུར་ན་སྔགས་ཐག་དེ་བླངས་ནས་ཡང་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་སྔ་མའི་གཟུགས་ཀྱི་སྤྱི་བོ་ལ་བཏགས་ནས། ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་ངེས་ པར་འཚོ་བར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་བྲོ་ནད་རྒྱུན་རིམས་ཀྱིས་བཏབ་ནས་སྡུག་བསྔལ་ཞིང་སོས་པར་མ་གྱུར་ཏམ། འདྲེ་གདོན་མ་རུངས་པ་ཁྱིམ་དུ་ཞུགས་པར་གྱུར་ན། ཧུན་ལུག་ཐང་འབྲུམ་བུ་ བརྒྱ་རྩ་བརྒྱད་བླངས་ཏེ་གཟུགས་བགྱིས་པ་དེའི་མདུན་དུ་འབྲུམ་བུ་རེ་རེ་ལ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། །གཞན་ཡང་སྐུད་པ་དཀར་པོ་ལ་སྔགས་མདུད་ པ་ཉི་ཤུ་རྩ་གཅིག་མདུད་དེ་སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས། མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་བྲོ་ ནད་རྣམས་འབྱང་ཞིང་གདོན་བགེགས་མ་རུངས་པ་རྣམས་འབྱེར་ཞིང་འགྱེས་པར་འགྱུར་ལགས་སོ། །གཞན་ཡང་མི་མཛའ་བ་དག་གིས་བཀླགས་བཙལ་བར་གྱུར་ཏམ། འཐབ་ཅིང་རྩོད་པ་དང་། བྱད་སྟེམས་ཀྱིས་ གནོད་པ་བགྱིད་པར་གྱུར་ན་མེ་ཏོག་དང་པོག་སྤོས་ལ་སོགས་པ་སྣ་ཚོགས་ཀྱིས་གཟུགས་བགྱིས་པ་དེ་ལ་མཆོད་ཅིང་བི་ནཱ་ཡ་ཀའི་གཟུགས་ཀྱི་མདུན་དུ་ཞུགས་པ་ནས། འུན་ཏེའི་འབྲས་བུ་འབྲུམ་བུ་བརྒྱ་རྩ་ བརྒྱད་བླངས་ཏེ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ། །གཞན་ཡང་སྐུད་པ་དཀར་པོ་ལ་མདུད་པ་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས་གཟུགས་དེའི་ 100-1-22b གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་བཞི་ལོན་ཏེ་སླར་བཀྲོལ་ལ། སྐུད་པ་དེ་བླངས་ཏེ་མི་མཛའ་བ་དེའི་མིང་ནས་བརྗོད་དེ་མདུད་པ་རེ་རེ་ནས་སོ་སོ་ཐ་དད་པར་སྦས་ནས་རེ་རེ་ལ་ཡང་སྔགས་ལན་རེ་ བཟླ་ཞིང་རེ་རེ་ནས་བཏུབས་ཏེ་ཐམས་ཅད་བས་པའི་བར་དུ་བགྱིས་ན། མི་མཛའ་བ་དེ་དག་ཅི་བགྱིའོ་འཚལ་མི་འབྱོར་ཅིང་རང་ཉིད་སྐྱབས་སུ་མཆི་བར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་ལེགས་པའི་དངོས་པོ་ གྲུབ་པར་འཚལ་ན། ཚོན་སྣ་ལྔའི་སྐུད་པ་ལ་སྔགས་མདུད་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས། གཞན་ཡང་གཟུགས་བགྱིས་པའི་མདུན་དུ་སྔགས་ལན་བདུན་གྱིས་བཏབ་སྟེ། བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་བདག་ཉིད་ཀྱི་ལུས་ལ་བཏགས་ན་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་ སྒྲིབ་པའི་བགེགས་དང་ལྡན་པས། ལེགས་པའི་དངོས་པོ་རྣམས་ཕར་ཆེར་སྨོན་པ་ཡིད་བཞིན་དུ་གྲུབ་པར་མ་གྱུར་ཏམ་བཀྲ་མི་ཤིས་པའི་དངོས་པོ་དག་དུས་དུས་སུ་རྒྱུ་༼རྒྱ་༽ཞེས་སྣར་ཐང་པའི་དཔེ་ལ་འདུག༽མ་མཆིས་པར་ལངས་པར་གྱུར་ན་སྤོས་ཆབ་ཀྱིས་ གཟུགས་བགྱིས་པ་དེ་བཀྲུ་བར་བགྱིའོ། །གཞན་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་བི་ནཱ་ཡ་ཀའི་གཟུགས་བཀྲུ་བར་བགྱིའོ། །གཞན་ཡང་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་རང་ཉིད་ཀྱི་ལུས་ ལ་གཏོར་ན། སྒྲིབ་པ་དང་བགེགས་ཐམས་ཅད་རང་གི་ངང་གིས་ཞུ་བྱང་ནས། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ གིས་དེ་སྐད་ཅེས་སྨྲས་པ་དང་། འཁོར་མང་པོ་ཐམས་ཅད་ཀྱིས་མཐུན་པར་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ཕྱིར་རིག་སྔགས་འདི་སྨྲས་པས། བདག་ཅག་ཀྱང་རྗེས་སུ་ 100-1-23a ཡི་རང་ཞིང་ཡོངས་སུ་འཛིན་པར་སྨོན་ཏོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་འཁོར་མང་པོ་ཐམས་ཅད་དགའ་མགུ་རངས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ བ་བྱས་ནས་ཕྱག་བྱས་ཏེ་དགྱེས་པར་གྱུར་ཏོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།ཞུ་ཆེན་གྱི་མཁན་པོ་ལོ་ཙྪ་བ། བཅོམ་ ལྡན་འདས་ཀྱི་རིང་ལུགས་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་ཞུས་བྱད། སྟག་ལུང་རྒྱུད་འབུམ་ལ་གཏུགས་ལེགས་པར་ཞུས་སོ།། ༄༅། །རྒྱ་གར་སྐད་དུ། པད་མ་མུ་ཀུ་ཊ་ཏན་ཏྲ་ནཱ་མ། བོད་སྐད་དུ། པད་མ་ཅོད་པན་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་གཞལ་མེད་ཁང་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཐུགས་ རྗེ་ཆེན་པོའི་སྒོ་ཀུན་ནས་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོད་ཟེར་གྱིས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞིང་གི་རྡུལ་ལ་རེག་པས་རེག་མ་ཐག་ཏུ་བསྐལ་པ་བཟང་པོའི་ སངས་རྒྱས་སྟོང་རྩ་གཉིས་ལ་མཆོད་ནས། འོད་ཟེར་དེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་དུ་ནུབ་བོ། །ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་སྐུ་མདོག་གངས་ཀྱི་རྩེ་ལ་ཉི་མ་ཤར་བ་ལྟར་ དཀར་བ་ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་པོ། སྟེང་ཞལ་སེར་བ། གཡས་ལྗང་གུ། གཡོན་དམར་བ། སྟེང་གི་གསུམ་ནག་པོ། བཅོམ་ལྡན་འདས་ཀྱི་དབུ་ནི་བྱུ་རུ་བཅག་པ་ལྟ་བུར་གྱུར་ཏེ། 100-1-23b འཛུམ་པ་མཛད་ནས་ཐུགས་རྗེ་ཆེན་པོའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐལ་ མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། སྐུ་དང་སྔགས་དང་ལས་རྣམས་དང་། །ཁྱད་པར་ཆོ་ག་བསྟན་པར་གྱིས་ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་ རས་གཟིགས་ཀྱི་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་སྨྲས་པ། སྐུ་ཡི་རྣམ་པ་འདི་ལྟ་སྟེ། །ཐུགས་རྗེ་དག་པ་ཆུ་ཤེལ་ཏེ། །མཉམ་པར་བཞེངས་པས་འགྲོ་དོན་མཛད། །ཆུ་ཤེལ་མདོག་འདྲ་ཞལ་གསུམ་ དཀར། །ལྗང་གུའི་མདོག་ཅན་ནག་པོ་སྟེ། །སེར་པོ་དེ་བཞིན་བཅོམ་ལྡན་དམར། །དྲང་སྲོང་རྟག་ཏུ་རི་དགས་བརྒྱན། །ཞི་བ་འཛུམ་དང་བཞད་པ་དང་། །ཁྲོས་པའི་ཞལ་མངའ་སྤྱན་གསུམ་མཛེས། །བཅུ་པ་སེམས་དཔའི་ རྟགས་ཅན་དེ། །བཅུ་གཅིག་བཅོམ་ལྡན་འདས་ཀྱི་བདག །ཡོན་ཏན་ནོར་བུ་མུ་ཏིག་ཕྲེང་། །ཕྲིན་ལས་སྣ་ཚོགས་སྨད་དཀྲིས་པ། །དང་པོའི་ཕྱག་ནི་ཐལ་སྦྱར་ཏེ། །གཡས་པ་རིན་ཆེན་ཕྲེང་བ་འཛིན། །གཡོན་པ་དྲི་མེད་པདྨ་ འཛིན། །གཡས་པ་མཆོག་སྦྱིན་མཛད་པ་པོ། །གཡོན་པ་རིལ་བ་སྤྱི་བླུགས་ཏེ། །གཡས་པ་འཁོར་ལོ་རབ་ཏུ་འཛིན། །གཡོན་པ་ན་ནི་མདའ་གཞུ་སྟ། །ལྷག་མ་མཆོག་སྦྱིན་སྤྱན་ལྡན་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ ཀྱིས་འཛུམ་པ་མཛད་དེ། ཅོད་པན་གཉིས་ནས་འོད་ཟེར་རབ་ཏུ་འཕྲོས་པ་དང་། བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་བྱུང་བའི་པད་མའི་སྟེང་དུ་རིགས་ལྔ་བྱུང་བ་འདི་ལྟ་སྟེ། རྣམ་པར་སྣང་ མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའོ། །ཁང་བུ་བརྩེགས་པ་རིན་པོ་ཆེ་དེའི་ནང་དུ་སེང་གེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་དང་། གླང་པོ་ཆེ་དེ་དག་ནི་ཅོད་པན་ 100-1-24a ལས་བྱུང་བའོ། །ཡང་ཡུམ་ནི་སྐུ་མདོག་སྔོན་མོ་སྟེ། །པད་མ་ལས་བྱུང་པད་མའི་སྟེང་། །ཚད་མེད་བཞི་སྟེ་ཕྱག་བཞི་མཛེས། །སེམས་དཔའི་རྒྱན་དུ་ལྡན་པ་ཡི། །མཉམ་པ་ཡི་ནི་སྐྱིལ་དཀྲུང་བཅས། །ཡབ་ནི་ སྐུ་མདོག་སེར་པོ་སྟེ། །པད་མ་ལས་བྱུང་པད་མའི་སྟེང་། །ཐལ་སྦྱར་ནོར་བུ་བགྲང་ཕྲེང་འཛིན། །རྒྱན་རྣམས་ཡོངས་སུ་འཛིན་པའོ། །ཡང་ན་འོད་ཟེར་རབ་བཀྱེ་སྟེ། །ཟླ་བ་ཉི་མ་ལས་བྱུང་བའི། །ཉི་མའི་མདོག་ཅན་ཉི་མ་ནི། ། གཞོན་ནུ་ཨུཏ་པལ་མཆོག་སྦྱིན་མཛད། །ཟླ་བ་ལས་སྐྱེས་ནམ་མཁའི་མདོག །ཅུང་ཞིག་ཁྲོས་པ་རྡོ་རྗེ་ཅན། །དཀར་པོ་གངས་ལྟར་དཀར་བ་སྟེ། །ཉི་ཟླའི་སྟེང་ན་པད་མ་འཛིན། །དྲག་པོ་གཉིས་དང་ཧྲཱིཿཡིག་ལས། །གཉིས་མེད་ ཚུལ་གྱིས་འབྲས་བུ་རྫོགས། །ཧ་ཡ་གྲི་བ་ཁམས་གསུམ་བསྡུད། །ཁྲོ་གཉེར་ཅན་གྱི་ཕྲིན་ལས་མཛད། །གཤིན་རྗེ་གཤེད་པོ་གཏེར་འཛིན་ཅིང་། །ཁམས་གསུམ་རྣམ་རྒྱལ་བདུད་སྡེ་འཇོམས། །འཁོར་ལོ་དཀར་པོ་དག་པའི་ སྟེང་། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དང་པོར་དཀོན་མཆོག་རབ་དད་ཅིང་། །ཚད་མེད་བཞི་ནི་རབ་ཏུ་རྫོགས། །བྱང་ཆུབ་ཡན་ལག་རྫོགས་པ་དང་། །ཆོས་དབྱིངས་རང་བཞིན་སྟོང་ཉིད་དོ། །གླེང་གཞི་དང་སྐུ་བསྟན་པའི་ ལེའུ་སྟེ་དང་པོའོ།། །། དེ་ནས་གསང་སྔགས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་ཁམས་ཐམས་ཅད་དུ་འོད་བཀྱེ་ནས་གཙུག་ཏུ་ནུབ་པར་གྱུར་ཏོ། ། དེ་ནས་ཡང་གསུངས་པ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་སཱ་ག་ར་ཡ། བཻ་རོ་ཙ་ནཱ་ཡ། བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ཪྷ་ཏེ། སམྱཀྶམྦུདྡྷཱྷཱ་ཡ། ན་མ༔ ཨཱ་རྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། སྔགས་འདི་འདོན་ 100-1-24b པར་བྱེད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ལན་ཅིག་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ་ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བའི་སྡིག་པའི་ལས་བྱང་ཞིང་སེམས་ཅན་དམྱལ་བ་དང་ཡི་དགས་ དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་མི་ཁོམ་པ་བརྒྱད་དུ་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ། །གཅན་གཟན་དང་། སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། ཨོཾ་རཀྵ་རཀྵ་ཞེས་པས་ཀྱང་བསྲུང་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱྃ། ཨཱདྱ་ནུད་པནྣ་ཏྭཱཏ་ཞེས་པས་གཏོར་མའི་ཆུས་ཡི་དགས་ལ་མཆོད་པར་བྱ་སྟེ། ཨོཾ་ཨཱ༔ ཧཱུྃ་ཞེས་པས་སོ། །དེ་རྣམས་ཀྱི་སྔགས་བསྡུས་ པ་ནི། ཨོཾ་མ་ཎི་པད་མེ་ཧཱུྃ་ཞེས་པའོ། །འདི་ནི་རིགས་གསུམ་གྱི་བདག་པོར་འགྱུར་ཏེ། དེའི་ཕན་ཡོན་ནི་འདིའོ། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཐུགས་རྗེ་ཆེན་པོར་མཐོང་བར་འགྱུར་རོ། །ཨོཾ་ན་མཿ སརྦ་ཏ་ཐཱ་ ག་ཏ་དྷཱུ་པེ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་གན་དྷེ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་མཆོད་པས་ཡང་དག་མཆོད། །སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཐབས་དང་ཤེས་རབ་གཉིས་ལྡན་པའི། །ཧྲཱིཿཡིག་དཀར་པོ་ཡང་ དག་བཟླས། །སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ལས་དང་ཆོ་ག་བསྟན་པའི་ཕྱིར། །དང་པོ་ཞི་བའི་ལས་སྒྲུབ་ན། །ཡིད་དུ་འོང་བའི་ལྗོངས་དག་ཏུ། །དཀར་པོ་དང་པོ་གསལ་དུས་སུ། །དྲི་ཞིམ་ཆུ་ཡིས་ 100-1-25a ལེགས་བྱུགས་ཏེ། །མེ་ཏོག་དཀར་པོ་བཀྲམ་བྱས་ནས། །ཁྲུས་དང་ཁ་ཟས་ཕྱོགས་མཐུན་པའི། །བདེ་བའི་སྟན་ལ་ཉེར་འཇུག་སྟེ། །བུམ་པ་དཀར་པོ་ཙན་དན་དཀར། །དྲིས་བཀང་ཤིང་གོས་ལེགས་པར་ དཀྲི། །མཎྜལ་དབུས་སུ་ལེགས་པར་གཞག །ཧྲཱིཿལས་བྱུང་བའི་སེམས་དཔའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། ། ༼སྣར་ཐང་པའི་དཔེ་ལ་རྐང་པ་གསུམ་མི་འདུག༽རྒྱན་རྣམས་རྫོགས་པ་པད་མ་བསྣམས། །ཟླ་བའི་གདན་ལ་ལེགས་བཞུགས་པ། ། ཧྲཱིཿལས་འོད་ཟེར་འཕྲོ་བ་བསྒོམ། །ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ། །རྒྱས་པའི་སྐུ་ནི་མདུན་བསམས་ནས། །ཧྲཱིཿ༼སྣར་ཐང་པའི་དཔེ་ལ་འདི་མི་འདུག༽ཡི་འཕྲོ་འདུ་གསལ་བ་ནི། །བཟླས་པ་རབ་ཏུ་གསལ་བ་སྟེ། །གསང་སྔགས་འདི་ནི་བརྗོད་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན། སཱ་ག་ར། བཻ་རོ་ཙ་ན། བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཪྷྷདྦྷྱཿ། སམྱཀྶམྦུ་དྡྷཱ་ཡ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ་ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་མྲྀ་ཏ་བ་ལ་ཆེ་གེ་མོ་ཤནྟིངྐུ་རུ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །བྲུྃ་རྣམ་པར་སྣང་མཛད་བུམ་པའི་ཆུས། །གང་ཞིག་ལེགས་པར་ཁྲུས་བྱེད་པ། །དྲི་མ་ཐམས་ཅད་ཡོངས་དག་ནས། །འབྲས་ བུ་བདེ་བ་དེ་ཐོབ་འགྱུར། །འཇིགས་པ་ཀུན་ལས་རབ་གྲོལ་ཏེ། །མྱུར་དུ་ཆུ་སྐྱེས་ཐོབ་པར་འགྱུར། །དེ་ནས་རྒྱས་པ་སྒྲུབ་འདོད་ན། །ནགས་ཚལ་ཤིན་ཏུ་འཐུག་པོ་རུ། །དྲི་ཞིམ་ཆུ་ཡིས་ལེགས་བྱུགས་ལ། ། འབྲས་བུར་བཅས་པའི་མེ་ཏོག་དགྲམ། །རྒྱན་རྣམས་ཡོངས་སུ་བརྟགས་ནས་ནི། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །རིན་ཆེན་སྣ་ལྔ་འབྲུ་སྣར་བཅས། །རིན་ཆེན་ག་འུར་བླུགས་བྱས་ལ། །མཎྜལ་དབུས་སུ་ལེགས་ པར་གཞག །ཧྲཱིཿལས་བྱུང་བ་སེམས་དཔའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །རྒྱན་རྣམས་རྫོགས་པ་པད་མ་བསྣམས། །ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ། །རྒྱས་པའི་སྐུ་ནི་མདུན་བསམས་ནས། ། 100-1-25b མཆོད་པ་ལྔ་ཡིས་ཡང་དག་མཆོད། །ཧྲཱིཿཡི་འཕྲོ་འདུ་གསལ་བར་བཟླས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། བཻ་རོ་ཙ་ནཱ་ཡ། བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཪྷད་བྷྱཿས་ མྱཀྶམྦུ་དྡྷེ་བྷྱཿ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རཏྣ་ཀུ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། བང་མཛོད་སྟོང་པའི་སྟེང་གཞག་སྟེ། །འབྲུ་ཡིས་ཡོངས་སུ་ཁེངས་པར་འགྱུར། །དེ་ནས་དབང་ གི་ལས་བྱེད་ན། །སྡུད་པར་བྱེད་པའི་ཆུ་ཀླུང་འགྲམ། །པ་ལ་ཤ་དང་ཨ་ཤྭཏྠ། །མེ་ཏོག་དམར་པོར་རིལ་བུ་བྱས། །བསེ་གབ་དམར་པོའི་ནང་དུ་གཞུག །མེ་ཏོག་དམར་པོས་རབ་ཏུ་མཆོད། །ཧྲཱིཿཡིག་ལས་བྱུང་སྒྲོལ་མ་ནི། ། ལྗང་གུ་ཕྱག་ན་ལྕགས་ཀྱུ་འཛིན། །ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ། །རྒྱས་པའི་སྐུ་ནི་མདུན་བསམས་ནས། །མཆོད་པ་ལྔ་ཡིས་ཡང་དག་མཆོད། །ཧྲཱིཿཡི་འཕྲོ་འདུ་གསལ་བར་བཟླས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན། སཱ་ག་རཱ་ཡ། བཻ་རོ་ཙ་ནཱ་ཡ། བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ༼སྣར་ཐང་པའི་དཔེ་ལ་མི་འདུག༽ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཪྷ་བྷྱཿ་ས་མྱཀྶམྦུ་དྡྷེ་བྷྱཿ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་མོ་གྷ་བྷ་སྨིཾ་ ཀུ་རུ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཨ་མོ་གྷ་བྷསྨིཾ་ཀུ་རུ་སྭཱ་ཧཱ། རྫས་ཀྱི་ལྡེ་གུས་ལུས་བྱུགས་ནས། །བྱུགས་པ་དེ་ཡིས་ཁུགས་པར་འགྱུར། །དེ་ནས་ཕྲིན་ལས་བྱ་འདོད་ན། །དུར་ཁྲོད་ཤིང་གཅིག་དག་ཏུ་ནི། །བ་ཡི་ལྕི་བས་ ལེགས་བྱུགས་ནས། །མེ་ཏོག་སྔོན་པོ་ནིམ་པ་ཡི། །སྤོས་ཀྱི་ཚོམ་བུ་ལྔ་བྱས་དགྲམ། །བྱང་དུ་འདུག་སྟེ་ལས་འདི་བརྩམ། །གཅན་གཟན་སྟེང་དུ་ཆུ་ཤེལ་སྟེ། །ཧྲཱིཿཡི་ཡི་གེ་ལས་བྱུང་བའི། །མདོག་དཀར་རལ་པའི་ ཐོར་ཚུགས་ཅན། །ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །རི་དགས་ལྤགས་པ་འཛིན་པ་ཡི། །དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། །ཕྱག་བཞི་དང་པོ་མཆོག་སྦྱིན་པ། །གཡོན་པ་པད་སྟེངས་རལ་གྲི་ཅན། །གཡས་པ་ 100-1-26a ལྟོས་འགྲོས་བརྒྱན་པའི་མདུན། །རྩེ་གསུམ་དཀར་པོས་བརྒྱན་པའོ། །གཡོན་པ་ཐོད་པ་དཀར་པོ་སྟེ། །དྲི་ཞིམ་མེ་ཏོག་དག་གིས་བཀང་། །རྒྱལ་པོ་ཆེན་པོའི་རོལ་པ་ལྟར། །ཅུང་ཞིག་ཟུར་གྱིས་གཟིགས་པའོ། ། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །པད་མའི་གདན་ལ་ལེགས་བཞུགས་པའི། །རྒྱས་པའི་སྐུ་ནི་ལེགས་བསམས་ནས། །ཧྲཱིཿཡི་འཕྲོ་འདུ་ལས་བྱུང་བའི། །གསང་སྔགས་ རྒྱལ་པོ་བཟླས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། བཻ་རོ་ཙ་ནཱ་ཡ། བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ༼སྣར་ཐང་པའི་དཔེ་ལ་འདི་མི་འདུག༽ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཪྷ་བྷྱཿ། ས་མྱཀྶམྦུ་དྡྷེ་བྷྱཿ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། ནི་ཀ་ཊེ། ཀ་ཊ་ཀ་ཊེ། ཀ་རོ་ཊེ་ཀ་རོ་ཊ། བཱིརྱེ་སྭཱ་ཧཱ། ཨོཾ་ཀརྨ་ཨ་མོ་གྷ། བི་བཛྲ་སིཾ་ཧ་ནཱ་དི་ཧཱུྃ་ཕཊ། དྲི་འམ་བྱུགས་པ་དག་ལ་ནི། །བཏབ་ལ་ལུས་ ལ་བྱུག་པར་བྱ། །མེ་ཏོག་སྔོན་པོ་མགོ་ལ་གཞག །མཎྜལ་ཆུ་ཡིས་ལུས་ལ་བྱུག ། ༼སྣར་ཐང་པའི་དཔེ་ལ་འདུག༽ཉི་ཤུ་རྩ་ལྔ་བཟླས་ནས་ནི། །ལས་རྣམས་ཐམས་ཅད་གྲུབ་པར་འགྱུར། །དེ་ནས་བཞི་ཀ་སྒྲུབ་འདོད་ན། །བཀྲ་ཤིས་ དུས་གསུམ་རྫོགས་དུས་སུ། །རི་བོ་ཡིད་འོང་གནས་དག་ཏུ། །ས་གཞི་ཆག་ཆག་ལེགས་བཏབ་སྟེ། །མཎྜལ་ལེགས་བྱས་མེ་ཏོག་ནི། །དྲི་ཞིམ་དཀར་པོས་ཡོངས་གཏོར་ཏེ། །གཙང་ཞིང་དག་པའི་རྫས་རྣམས་ དགྲམ། །གཙང་མ་བྲམ་ཟེ་བྱས་ཏེ་གཞག །ཁྲུས་དང་ཀུ་ཤའི་སྟེང་གནས་ཏེ། །ཧྲཱིཿལས་བྱུང་བའི་ཆུ་སྐྱེས་སྟེང་། །ཆུ་ཤེལ་མདོག་འདྲ་ཞལ་གསུམ་ཡང་། །འཛུམ་དང་ཞི་བའི་བདག་ཉིད་ཅན། །ལྗང་གུ་བཞད་པའི་ ཞལ་གསུམ་སྟེ། །ནག་པོ་ཁྲོས་པ་དམར་སེར་སྐྲ། །སེར་པོའི་ཞལ་ནི་འཛུམ་པ་སྟེ། །དམར་པོ་བཅོམ་ལྡན་འདས་ཀྱི་དབུ། །རི་དགས་ལྤགས་པས་སྟོད་གཡོགས་ཤིང་། །སྣ་ཚོགས་ཤམ་ཐབས་མནབས་པ་ཡི། ། 100-1-26b ཞབས་གཉིས་ཕྱག་དྲུག་མཉམ་པར་བཞེངས། །གཡས་གཡོན་དང་པོ་ཐལ་མོ་སྦྱར། །བར་མ་པད་མ་བགྲང་ཕྲེང་འཛིན། །ཐ་མ་མཆོག་སྦྱིན་སྤྱི་བླུགས་འཛིན། །བུམ་པ་རྣམ་སྣང་ལྷ་མོ་ནི། །ས་ལེ་མ་ལེ་གིར་ཏི་སྟེ། ནིར་ཏི་ནང་གི་ལྷ་མོ་དག །ཟླ་བའི་གདན་ལ་ལེགས་པར་བཞུགས། །ཧྲཱིཿཡི་ཡི་གེ་ལས་བྱུང་བའི། །གསང་སྔགས་རྒྱལ་པོ་བཟླས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། བཻ་རོ་ཙ་ནཱ་ཡ། བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ༼སྣར་ཐང་པའི་དཔེ་ལ་འདི་མི་འདུག༽ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཪྷ་བྷྱཿ། ས་མྱཀྶམྦུ་དྡྷེ་བྷྱཿ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། བུམ་པའི་ཆུ་ལ་ལེགས་བསྒྲུབས་ནས། །ལུས་ལ་བྱུགས་པས་གྲུབ་པར་འགྱུར། །ཆོ་གས་ བསྒྲུབས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཐབས་ཀྱི་རིམ་པ་ནི། །གྲོ་ག་འམ་རས་སམ་ཤིང་ཤུན་ལ། །ར་ཡི་འོ་མས་བྲིས་པ་ཡི། །ཚོམ་བུ་ལྔ་ཡི་འཁོར་ལོ་ལ། །དབུས་སུ་སྐུ་ཡི་ས་བོན་ཏེ། །ལྔ་པ་ཡི་ ནི་ལྔ་པ་སྟེ། །ཤར་དུ་དེ་ཡང་བྲི་བར་བྱ། །བཞི་པའི་ལྔ་པས་དབུས་སུ་མཚན། །ལྷོ་རུ་དེ་ནི་ཡང་དག་དགོད། །ལྔ་པའི་དང་པོ་བཞི་པའི་གསུམ། །ནུབ་དུ་དེ་ནི་ཡང་དག་དགོད། །ལྔ་པ་ཡི་ནི་ལྔ་པ་ལ། །ཨེ་ཡིས་རྣམ་ པར་སྦྱར་བས་ཏེ། །བྱང་དུ་དེ་ནི་ཡང་དག་དགོད། །དབུས་སུ་ཐུགས་ཀྱི་ས་བོན་ཏེ། །ཤཱནྟིཾ་ཀུ་རུ་མཚམས་སུའོ། །སྭཱ་ཧཱ་དབུས་སུ་དགོད་པར་བྱ། །དེ་ལྟར་འཁོར་ལོ་གསལ་བཀོད་ནས། །དངུལ་ལམ་དཀར་པོའི་ག་འུར་ གཞུག །ཐམས་ཅད་ལས་ཀུན་ཞི་བར་འགྱུར། །ཡུང་བའི་ཆུ་ཡིས་བྲིས་པ་ཡི། །པུཥྚིཾ་ཀུ་རུ་མཚམས་སུའོ། །ཙན་དན་དཀར་པོ་དྲི་ཞིམ་ཞིང་། །ཁམ་ཕོར་སེར་པོར་ལེགས་པར་གཞུག །རྒྱས་པའི་ལས་ 100-1-27a རྣམས་གྲུབ་པར་འགྱུར། །པ་ལ་ཤ་ཡིས་ལེགས་པར་བྲིས། །བ་ཤཾ་ཀུ་རུ་མཚམས་སུ་དགོད། །ཁམ་ཕོར་དམར་པོར་ལེགས་པར་གཞུག །དབང་གི་ལས་རྣམས་འགྲུབ་པར་འགྱུར། །ནིམ་པའི་ཆུ་ཡིས་ལེགས་ པར་བྲི། །མཱ་ར་ཡ་ནི་མཚམས་སུ་དགོད། །ལྕགས་སམ་ཐོད་པར་ཡང་དག་གཞུག །ཕྲིན་ལས་ཐམས་ཅད་གྲུབ་པར་འགྱུར། །ཙན་དན་དཀར་པོ་དྲི་ཞིམ་ཤིང་། །བཞི་པས་དེ་ནི་མེ་ལ་བསྲེག །འབྲས་བུ་མངར་དང་བཅས་པའི་ ཤིང་། །རྒྱས་པས་དེ་ནི་མེ་ལ་བསྲེག །དབང་ནི་པ་ལ་ཤ་ཡི་ཤིང་། །དེ་ལ་བསྲེགས་ན་ཁུགས་པར་འགྱུར། །ནིམ་པའི་ཤིང་ལ་ཚར་གཅད་པའི། །བསྲེགས་པས་ཕྲིན་ལས་འགྲུབ་པར་འགྱུར། །འཁོར་ལོའི་ལེའུ་སྟེ་ བཞི་པའོ།། །། དེ་ནས་ལས་ཀྱི་རིམ་པ་ནི། །དཱུར་བའི་རྩྭ་དང་འབྲས་ཀྱི་འདབ། །ཏིལ་དང་ཡུངས་ཀར་པུ་ཙེ་ལ། །གསང་སྔགས་བཟླས་ནས་གྲུབ་པ་ནི། །ད་ལིའི་ཤིང་ལ་ལེགས་བསྲེགས་ནས། །ཐམས་ཅད་རབ་ཏུ་ཞི་བར་ནུས། །ཀུ་ཤ་ སྟར་བུ་ཤུག་འབྲུམ་དང་། །སྟག་མའི་མེ་ཏོག་དམར་པོ་ལ། །གསང་སྔགས་བཟླས་པར་རབ་བྱ་སྟ། །ཙན་དན་ཤིང་ལ་ལེགས་བསྲེགས་ནས། །རྒྱས་པར་བྱ་བའི་ལས་གྲུབ་ཅིང་། །ནུས་པ་མཆོག་ནི་ཐོབ་པར་འགྱུར། །པ་ལ་ཤ་ཡི་ ཤིང་དག་དང་། །ཁྲེ་དང་ཙི་ཙེ་མོན་སྲན་ལ། །གསང་སྔགས་བཟླས་པ་རབ་བྱ་སྟེ། །པད་མ་ཀ་ཡི་ཤིང་ལ་བསྲེག །ནུས་པ་མཆོག་ནི་ཐོབ་པར་འགྱུར། །ཐམས་ཅད་དབང་དུ་འདུ་བར་འགྱུར། །གྲོ་དང་སོ་བ་འབྲས་དང་ནི། །བྲ་འོ་མོན་ སྲན་ཏིལ་ནག་པོ། །གསང་སྔགས་རབ་ཏུ་བཟླས་བྱ་སྟེ། །ཁ་ཏི་ར་ཡི་ཤིང་ལ་བསྲེགས། །ནུས་དང་ལྡན་དེ་ལས་རྣམས་ནི། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །པྲ་ཧ་ཁ་ཚའི་ཤིང་དག་ལ། །ལོ་མ་འབྲས་བུར་བཅས་པ་དང་། ། རྡོ་རྗེའི་ཤིང་ལ་སྔགས་བཟླས་ནས། །མྱ་ངན་མཚང་གི་ཤིང་ལ་བསྲེག །ནུས་པ་ཐོབ་ནས་མྱུར་དུ་ནི། །མི་རྣམས་ཐམས་ཅད་དབང་དུ་བསྡུད། །ལྡོང་རོས་པད་མའི་རྩ་བ་དང་། །མུ་ལ་པ་ཏྲའི་ཤིང་དག་ལ། །གསང་སྔགས་རབ་ཏུ་བཟླས་ 100-1-27b བྱས་ནས། །ཨ་རུ་ར་ཡི་ཤིང་ལ་བསྲེག །འཁོར་ལོའི་འོག་ཏུ་བཅུག་པ་ཡིས། །རྒྱལ་པོ་དབང་དུ་བྱེད་པར་འགྱུར། །པ་ལ་ཤ་ཡི་ཤིང་དག་དང་། །ཀ་ར་བི་རའི་འབྲས་བུ་ལ། །གསང་སྔགས་རབ་ཏུ་བཟླས་བྱས་ཏེ། །འཛམ་བུའི་ཤིང་ ལ་རབ་བསྲེགས་ནས། །རལ་གྲིའི་འོག་ཏུ་བཅུག་ནས་ནི། །གཡུལ་དབང་ཡང་ནི་དབང་དུ་འགྱུར། །ཚེ་རབས་བརྒྱ་རུ་ལོན་པའི་རུས། །མཚོན་གྱིས་བསྣུན་པའི་རུས་པ་དག །གསང་སྔགས་རབ་ཏུ་བཟླས་བྱས་ནས། །སྐྱེར་པའི་མེ་ ལ་རབ་བསྲེགས་ཏེ། །ལྕགས་ཀྱུའི་འོག་ཏུ་རབ་བཅུག་ན། །གླང་པོ་དབང་དུ་འདུ་བར་འགྱུར། །བ་ལེ་ཧ་དང་ཧ་ལེ་ཤ །ཁ་ཏི་ར་ད་དྷ་ཏི་མ། །དུར་ཁྲོད་ཤིང་ལ་ལེགས་བསྲེགས་ནས། །སྟག་ལ་སོགས་པ་དབང་དུ་འདུ། །ནས་དང་འབྲས་ དང་སོ་བ་དང་། །སྨན་དང་རིན་ཆེན་སྣ་ཚོགས་ཀྱིས། །མཎྜལ་ཟླུམ་པོ་ལེགས་བྱས་ཏེ། །རྒྱན་རྣམས་རྫོགས་པའི་སངས་རྒྱས་ནི། །པད་མ་ཆུ་ཤེལ་ལས་སྐྱེས་པའི། །ཆུ་ཤེལ་མདོག་ཅན་འཛུམ་པ་ཅན། །རྡོ་རྗེའི་སྐྱིལ་མོ་དཀྲུངས་ བཞུགས་པ། །ཀུ་ཤའི་སྟན་བཅས་ཤར་དུ་འདུག །པད་མའི་ཕྱག་རྒྱ་བཅས་པ་ཡིས། །བྱམས་པའི་སེམས་ཀྱིས་དབུལ་བྱའོ། །ནད་དང་རིམས་དང་འབྲུམ་བུ་དང་། །ཤུ་བ་གཡན་པ་མེ་དབལ་དང་། །ནད་དང་གདོན་ནི་ཐམས་ཅད་ བཟློག །མཚམས་མེད་ལྔ་དང་མི་དགེ་བའི། །འབྲས་བུ་སྡུག་བསྔལ་ནད་རྣམས་ཟློག །མེའི་ལས་བྱ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྒྱལ་པོའི་འཇིགས་པ་ལ། །མཎྜལ་དཀར་པོ་ལེགས་བྱས་ལ། །ཙན་དན་དཀར་པོའི་ དྲིས་བསྒོས་ཏེ། །མཆོད་ཡོན་མེ་ཏོག་དཀར་པོ་དང་། །ཅི་འབྱོར་པ་ཡི་མཆོད་པ་ཡིས། །རྒྱལ་པོ་ལྟ་བུའི་གཟུགས་ལ་མཆོད། །སྡིག་པ་ཐམས་ཅད་དེ་མདུན་དུ། །བཤགས་ནས་མྱུར་དུ་སྐྱབས་སུ་འགྲོ། །གྲོ་ག་དག་གམ་ཤིང་ ཤུན་ལ། །རྒྱལ་པོ་དག་གི་གཟུགས་བྱས་ཏེ། །ཡིག་འབྲུ་ལྔ་པོ་བཏབ་པ་ཡིས། །ཚོན་སྣ་ལྔ་ཡིས་རབ་ཏུ་བཅིང་། །བྱམས་པའི་སེམས་ཀྱིས་ཆུ་བོ་ལ། །བསྐུར་ན་རྒྱལ་པོའི་ཆད་ལས་ཐར། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཤོ་ན་ཧ་རི་མ་ཀ་ཏོ། ། 100-1-28a ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། གཅན་གཟན་འཇིགས་པ་འོང་བའི་ཚེ། །མཎྜལ་དཀར་པོ་ལེགས་བྱས་ལ། །མེ་ཏོག་དཀར་པོ་རབ་ཏུ་གཏོར། །མཆོད་པ་ལྔ་ཡིས་རྒྱལ་པོ་མཆོད། །སྡིག་བཤགས་མྱུར་དུ་སྐྱབས་སུ་འགྲོ། ། འབྲུ་སྣ་ལྔ་དང་རིན་ཆེན་ལྔ། །མཚོན་སྣ་ལྔ་ཡི་ཕུར་མ་ལྔ། །བྱས་པ་ལུས་ལ་བཏགས་པ་ན། །གཅན་གཟན་འཇིགས་པ་ཐམས་ཅད་ལས། །མྱུར་བ་ཉིད་དུ་གྲོལ་བར་འགྱུར། །ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿ ཤོ་ཤ་ན་ཧ་རི་ཧ་ཏིརྨ་ཀ་རོ་ས་ར་ས་ར་ ཀ་ར་ཀ་ར་སྭཱ་ཧཱ། ཆོམ་རྐུན་དག་གི་འཇིགས་པ་ལ། །མེ་ཏོག་སྔོན་པོ་རྡོ་རྗེ་ཅན། །མཐིང་ནག་ས་གནོན་ཕྱག་རྒྱ་ཅན། །མཆོད་གནས་བདག་ཉིད་སྐྱབས་སུ་འགྲོ། །ཨོཾ་ཨཀྵོ་བྷྱཿ ཏ་ཀ་ཀ་ར་ན་ཀ་ར་ཁ་ཏི་པ་སྭ་དྷི་ཙ་ཀྲི་ཏ་ཡ་རི་ཀ་ཙེ་ཙ་ཏྲ་ ཏི་ན་དུར་ཏན། ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། སྦྲུལ་གྱི་བདུག་པས་འཇིགས་པ་ལ། །བལ་པོ་སེའུ་ལྕུག་མ་ཡིས། །བྲམ་ཟེ་གཟུགས་ཀྱི་རྒྱན་བསྒོམས་ཏེ། །རིན་ཆེན་འབྱུང་ལྡན་སྐུར་བསྒོམས་ནས་། །སྤྱི་འོར་མུ་ཏིག་བྱི་རུ་དང་། ། མན་ཤེལ་པད་མ་རཱ་ག་དང་། །ཨིན་དྲ་ནཱི་ལ་དུང་གཡས་འཁྱིལ། །གསེར་དང་དངུལ་དང་དཱུར་བ་དང་། །རིན་ཆེན་བརྒྱད་དང་༼རྒྱན་དང་ཞེས་སྣར་ཐང་པའི་དཔེ་ལ་འདུག༽འབྲུ་སྣར་བཅས། །ཀུ་ཤ་གླ་རྩི་ཙན་དན་དང་། །བ་ལུ་སྐྱེར་པ་ཨུཏྤ་ལ། །གུར་ཀུམ་དྲི་ཞིམ་ལུས་པོ་བྱུག ། ཨོཾ་རཏྣ་སཾ་བྷ་བ་ས་ཏི་བི་ཤ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། ལྕེ་འབབ་པ་ཡི་འཇིགས་པ་ལ། །སྟག་དང་འབྲུག་གི་རུས་པ་དང་། །འཁར་བའི་ཕྱེ་མ་ལྕགས་ཕྱེ་དང་། །ཟངས་ཕྱེ་ར་གན་ཕྱེ་མ་དང་། །གསེར་གྱི་ཕྱེ་མ་སྒྲོ་བར་གཏུམས། ། སྣང་བ་མཐའ་ཡས་སྐུར་བསྒོམས་ཏེ། །བྱམས་པས་ཕྱོགས་མཚམས་ཀུན་ཏུ་བསྟན། །དུག་རྣམས་སྣ་ཚོགས་དུད་པས་བདུགས། །ཨོཾ་ཨ་མྲྀ་ཏ་བ་བཛྲ་ཛྭ་ལ་བཛྲ་ཛྭ་ལ། གརྫ་གརྫ། ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ། མེ་ཡི་འཇིགས་པ་དག་ལ་ནི། །འབྲུག་རུས་སེན་ཏ་ཝ་ཤ་དང་། །ཏིལ་དང་སཱ་ལུ་ཙི་ཙེ་དང་། །ནས་དང་གྲོ་དང་རྒུན་འབྲུམ་གྱིས། །ཐང་ཕྲོམ་དག་ལ་སྔགས་བཏབ་སྟེ། །མེ་ཡི་ཕྱོགས་སུ་གཏོར་བར་བྱ། །ཨོཾ་བཻ་རོ་ཙ་ན་སྲ་བ་ 100-1-28b ཛྭ་ལ་ཛྭ་ལ། ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ། རྣམ་པར་སྣང་མཛད་སྐུར་བསྒོམས་ཏེ། །མེ་ལ་གཏོར་ནས་ས་ཡིས་གསོད། །ཆུ་བོ་དག་གིས་འཇིགས་པ་ལ། །མཛེ་ཅན་ཕོ་མོའི་ཐོད་པར་ནི། །ར་དང་ཁྱི་དང་ཕག་གི་ཁྲག །ས་བདག་སྡེ་ བརྒྱད་གཟུགས་དང་བཅས། །ནང་དུ་བཅུག་སྟེ་ཆུ་བོར་བོར། །དོན་ཡོད་གྲུབ་པའི་སྐུ་རུ་བསྒོམ། །ཨོཾ་ཨ་མོ་གྷ་སིད་དྷི། ཨོཾ་ཀ་བེ་ཏཱ་ར་ཎི་ས་ར་ས་ར། ཀ་ར་ཀ་ར་སྭཱ་ཧཱ། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ། །ཐུགས་རྗེ་ཆེན་པོའི་སྐུ་མཆོག་ ནི། །སོ་སོར་གསལ་ཞིང་བསྒོམ་པར་བྱ། །སོ་སོའི་དབུ་ལ་སོ་སོར་བསམ། ༼འདི་སྣར་ཐང་པའི་དཔེ་ལ་མི་འདུག༽། བྱམས་པས་ཀུན་ལ་རབ་ཏུ་ལྟ། །འཇིགས་པ་ཀུན་ལས་གྲོལ་བར་འགྱུར། །འཇིགས་པ་ཀུན་ལས་ཡོངས་སུ་བསྲུང་བའི་ལེའུ་སྟེ་དྲུག་པའོ།། །། སྐུ་གདུང་མེ་ཏོག་དཀར་པོས་མཆོད། །ས་གཞི་དྲི་ཡིས་ཆག་ཆག་གདབ། །སྙིང་པོ་གཟུགས་དང་བཅས་པ་འམ། །ཁྲུ་གང་ཚད་ཀྱི་མཆོད་རྟེན་ལ། །ལེགས་པར་མཆོད་ཅིང་བསྟོད་པར་བྱ། །སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། ། ཐུགས་རྗེའི་གཟུགས་ཀྱི་རྟེན་དུ་ཤར། །རྫུ་འཕྲུལ་ཚད་མེད་བཞི་དང་ལྡན། །བྱང་ཆུབ་ཕྱོགས་རྣམས་ཡོངས་སུ་རྫོགས། །དྲི་མེད་དུང་འདྲ་དཀར་པོ་སྟེ། །རྒྱལ་ཆེན་བཞི་ཡང་དེ་བཞིན་ནོ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། ། ཁྲི་འཕང་བཅུ་གསུམ་ཏོག་དང་ལྡན། །ལྷ་ཡི་རོལ་མོ་ཆར་དུ་བབ། །ཆོས་སྒྲ་རྒྱུན་མི་འཆད་པའི་གཏེར། །རིན་ཆེན་ལྔ་ཡི་བདག་ཉིད་དེ། །ཕུར་བུས་གདབ་ཅིང་ཡོངས་སུ་གཟུང་། །སངས་རྒྱས་ཀུན་གྱི་བྱིན་རླབས་ཆེ། །དེ་ཡི་བསོད་ ནམས་བསྟན་པ་ནི། །མཚམས་མེད་ལྔ་དང་མི་དགེ་བཅུ། །ཉོན་མོངས་དབང་གྱུར་སྡིག་པ་རྣམས། །སྐད་ཅིག་ཙམ་གྱིས་དག་པར་འགྱུར། །ཤིན་ཏུ་གཙང་བའི་གནས་དག་ནི། །བྱམས་དང་སྙིང་རྗེ་ཅན་གྱིས་བྱ། །བྲམ་ཟེའི་རིགས་ ལས་བྱུང་བ་ཡི། །འདྲི་མཁན་སྙིང་རྗེ་ཅན་གྱིས་བྱ། །རང་བསམ་ལྷག་པར་གནས་པ་ཡིས། །མདུན་དུ་བདར་ཏེ་མཆོད་པ་བྱ། །ཚད་དང་ཁ་དོག་ཡོངས་དག་གསལ། །ཡིད་དུ་འོང་བ་དག་ལའོ། །ཟས་དག་ཡིད་དུ་འོང་བའམ། ། 100-1-29a དཀར་གསུམ་འབགས་པ་སྤངས་པ་ཡིས། །ཤ་དང་སྒོག་པ་ལ་ཕུག་དང་། །ཟ་དང་ཆང་ནི་ཤིན་ཏུ་སྤང་། །ཤེལ་ཕྲེང་པད་མའི་སྙིང་པོ་དང་། །བོ་དྷི་ཙེ་དང་མུ་ཏིག་ཤིས། །གླལ་དང་སྦྲིད་པ་མི་ཚིག་རྣམས། །ནམ་ཡང་ ཆོད་པར་མི་བྱའོ། །ཡོ་བྱད་དང་དམ་ཚིག་ལ་བརྟེན་པའི་ལེའུ་སྟེ་བདུན་པའོ།། །། ལས་རྣམས་སྣ་ཚོགས་སྒྲུབ་བྱེད་ན། །པོ་ཏིའམ་ལུགས་མ་རས་རིས་ལ། །བརྟེན་ནས་བདག་ཉིད་བྱམས་སེམས་ལྡན། །མུྃ་ལས་འཕགས་ པ་འཇམ་དཔལ་ནི། །དམར་སེར་པོ་ཏི་ཨུཏྤལ་འཛིན། །མཉམ་པའི་སྐྱིལ་མོ་དཀྲུང་གིས་བཞུགས། །བུམ་པ་ཁ་དོག་སེར་པོའི་ནང་། །རིན་ཆེན་ལྔ་དང་འབྲུ་ལྔར་བཅས། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ལན་བདུན་ཡོངས་སུ་བཟླས་བྱས་ན། །གཏི་མུག་ཐམས་ཅད་ཞི་བར་འགྱུར། །ཤེས་རབ་ཆེན་པོ་ཐོབ་པར་འགྱུར། །རས་རིས་ མཆོད་རྟེན་ལ་བརྟེན་ནས། །མཎྜལ་དྲི་ཞིམ་མེ་ཏོག་དགྲམ། །དཀར་གསུམ་མངར་གསུམ་དག་ཏུ་ནི། །འབྲས་དང་ཏིལ་དང་ཡུངས་ཀར་དང་། །པད་མའི་རྩ་བ་དཀར་པོ་ལ། །རིལ་བུ་རྒྱ་ཤུག་འབྲུམ་བུ་ཙམ། །སྤྱན་རས་གཟིགས་ཀྱི་དབང་ ཕྱུག་ནི། །ཧྲཱིཿལས་བྱུང་བའི་སྐུ་མདོག་དཀར། །ཕྱག་ན་པད་མ་མཆོག་སྦྱིན་མཛད། །སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཏེ་བ་ཏེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། རིལ་བུ་དག་ལ་སྔགས་བཏབ་སྟེ། །བྱམས་པའི་སེམས་དང་ལྡན་པས་བཟའ། །སྲིད་པའི་འདོད་ཆགས་ཞི་གྱུར་ནས། །རབ་ཏུ་བདེ་བ་ཐོབ་པར་འགྱུར། ། མཎྜལ་སྔོན་པོ་ལེགས་བྱས་ནས། །ཨུཏ་པལ་སྔོ་དང་ནིམ་པ་དང་། །ཨ་ཀ་རུ་དང་ཙན་དན་དང་། །དྲི་ཡི་ཆུ་ཡིས་བུམ་པ་དགང་། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། །སྐུ་མདོག་ལྗང་སྔོན་ཅུང་ཞིག་ཁྲོས། །དེ་ནི་རྡོ་རྗེ་ཕྱག་ན་བསྣམས། ། 100-1-29b སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་སྐྱེས་ཕྱག་ན་རྡོ་རྗེ་ཡིས། ། བུམ་པའི་ཆུ་ཡིས་ཁྲུས་བྱས་ན། །ཞེ་སྡང་རབ་ཏུ་ཞི་བྱས་ནས། །བཟོད་པ་ཆེན་པོ་ཐོབ་པར་འགྱུར། །དུག་རྣམས་རབ་ཏུ་ཞི་བར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། རས་སམ་གྲོ་གའམ་ཤིང་ཤུན་ལ། །འཁོར་ལོ་རྩིབས་ བཞི་མུ་ཁྱུད་བཅས། །དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པའོ། །སྲུང་བ་ལུས་ལ་བཏགས་བྱས་ན། །ནད་དང་གདོན་དང་རིམས་དང་ནི། །འཇིགས་པའི་ནད་དང་གདོན་ལས་ཐར། །བདེ་བ་ཡོངས་སུ་རྫོགས་ པར་འགྱུར། །སྐུད་པ་དག་ནི་དཀར་པོ་ལ། །མདུད་པ་དག་ནི་རབ་བྱས་ཏེ། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །བརྒྱ་རྩ་བརྒྱད་དུ་ལེགས་བཟླས་ནས། །བསྲུང་བའི་དམ་པ་འདི་བྱས་ན། །བསྲུང་བ་ཡི་ནི་དམ་པ་འདིས། །བསྲུང་བའི་ མཆོག་ཏུ་འགྱུར་བའོ། །མུ་ཏིག་བྱི་རུ་རིན་ཆེན་གསེར། །ག་བུར་གུར་ཀུམ་གླ་རྩི་དང་། །ཨ་ཀ་རུ་དང་དུ་རུ་ཀ །ཕུར་མ་སྙིང་གར་གདགས་པར་བྱའོ། །ཙན་དན་གླ་རྩི་གུར་ཀུམ་དང་། །གུ་གུལ་ནག་པོ་རུས་པའི་ཕྱེ། །བ་ཡི་འོ་མས་ ལྡེ་གུ་བྱས། །གནས་གསུམ་དག་ཏུ་བྱུགས་པས་ནི། །གདོན་དང་ནད་ཀྱིས་འཇིགས་ཀུན་ལ། །བྱུགས་པས་དེ་ནི་བསྲུང་བར་འགྱུར། །བསྲུང་བ་འཁོར་ལོའི་ལེའུ་སྟེ་དགུ་པའོ།། །། སེར་བ་ཡོངས་སུ་བསྲུང་བ་ནི། ། སེང་ལྡེང་ལྷིང་ཏིའི་ཕུར་བུ་ལ། །གཟུངས་སྔགས་བཟླས་ནས་དབུས་སུ་ནི། །ཧཱུྃ་ལས་བྱུང་བའི་སྐུ་བསྐྱེད་དོ། །ཕྱོགས་བཞིར་ཁྲོ་བོ་ཆེན་པོ་ནི། །ཤར་དུ་ཁམས་གསུམ་རྣམ་རྒྱལ་ནི། །སྐུ་མདོག་དཀར་པོ་མེ་དཔུང་འབར། ། རྡོ་རྗེ་འཁོར་ལོ་སྡིགས་མཛུབ་མཛད། །ཨོཾ་པྲཛྙཱནྟ་ཀྲྀཏ་ཧ་ན་ཧ་ན་ཧཱུྃ་ཕཊ། ལྷོ་རུ་གཤིན་རྗེ་གཤེད་པོ་ནི། །དམར་༼པོ་ལག་ན་བེ་ཅོན་འཛིན་ཞེས་སྣར་ཐང་པའི་དཔེ་ལ་འདུག༽ནག་རིན་ཆེན་བེ་ཅོན་འཛིན། །ཨོཾ་ཡ་མཱནྟ་ཀྲྀཏ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ནུབ་ཏུ་རྟ་མགྲིན་དམར་པོ་ནི། །མེ་དཔུང་རྡོ་རྗེ་ 100-1-30a དབྱུག་པ་འཛིན། །ཨོཾ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བྱང་ཕྱོགས་ཁྲོ་གཉེར་ཅན་གྱི་སྐུ། །ལྗང་སྔོན་རལ་གྲི་འཛིན་པ་སྟེ། །ཨོཾ་ཨ་མོ་གྷ་ཀ་བྷྲྀ་ཀུ་ཏི་བན་དྷ་བན་དྷ་ཧཱུྃ་ཕཊ། ཕྱོགས་བཞིའི་ཕུར་བུ་དག་ལ་ནི། །བདུན་ནམ་ཉི་ཤུ་ རྩ་གཅིག་བཟླས། །གཅན་གཟན་དྲི་མ་ཡུངས་ཀར་བསྲེས། །གསང་སྔགས་བཟླས་ཤིང་མཁའ་ལ་གཏོར། །ཨོཾ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན་ཧཱུྃ་ཕཊ། སེར་བ་བསྲུང་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་རབ་ཏུ་བཀྱེ་སྟེ། ཕྱག་སྟོང་དང་སྤྱན་སྟོང་ལས་འོད་ཟེར་བྱུང་བ་འདི་ལྟ་སྟེ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་གུ་དང་། སེར་པོ་སྟེ། འོད་ཟེར་དེ་དག་གིས་འགྲོ་བ་རིས་ དྲུག་པོ་དེ་དག་ལ་ཁྱབ་སྟེ། དབུགས་དབྱུང་བར་མཛད་དོ། །དེ་ནས་རྒྱལ་ཆེན་རིགས་བཞི་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པ་ཀུན་འཁོར་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ ཆེ་དང་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་དང་། འོག་མིན་ལ་སོགས་པ་ལྷའི་བུ་དེ་དག་གིས་མཆོད་པའི་སྤྲིན་གྱི་ཆར་བབས་ནས་ལྷའི་བུ་རྣམས་ཀྱིས་ཚིགས་སུ་བཅད་པས་བསྟོད་པ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ། །ཕྱག་སྟོང་ཉོན་མོངས་སྒྲོལ་བའི་ཕྱག །སྤྱན་སྟོང་ཤེས་རབ་འོད་གསལ་ཏེ། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྱུར་ཏོ། །དེ་ནས་ལྷ་ཡི་བུས་གསོལ་པ། འདི་ཡི་ཕན་ཡོན་ཅི་ཡིན་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ 100-1-30b སྩལ་པ། །གང་ཞིག་རྒྱུད་འདི་ཡིད་བྱེད་ན། །ནད་དང་གདོན་དང་རིམས་དང་ནི། །རྒྱལ་པོ་གཅན་གཟན་འཇིགས་པ་དང་། །འཇིགས་པ་ཀུན་ལས་གྲོལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །མཚམས་མེད་མི་དགེའི་སྡིག་པ་ ཀུན། །རབ་ཏུ་ཞི་བར་བྱེད་པར་འགྱུར། །དམྱལ་བ་ངན་སོང་སྡུག་བསྔལ་དང་། །མི་ཁོམ་བརྒྱད་ལས་རྣམ་གྲོལ་ཏེ། །ཉན་དང་འཆང་དང་བསྒོམ་པར་འགྱུར། །དྲི་མེད་ནམ་མཁའི་དཀྱིལ་ལྟ་བུའི། །བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར། ། ཞེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་ནས་ལེགས་སོ་ལེགས་སོ་ཞེས་བྱ་བ་གསུངས་ནས་ སྟན་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་ལྔ་སྟོང་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཡི་རང་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །པད་མ་ཅོད་པན་ཞེས་བྱ་བའི་རྒྱུད་ལེའུ་ བཅུ་གཅིག་པ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ། པཎ་ཌི་ཏ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ། །ཡང་ཞུས། སུམ་ཞུས།། ༄༅།། ། རྒྱ་གར་སྐད་དུ། ལོ་ཀི་ཤྭ་ར་ཀལྤ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་རྟོག་པ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་ པོའི་རྟོག་པ་ནི། །མདོར་བསྡུས་འདིར་ནི་བརྗོད་བྱ་སྟེ། །སངས་རྒྱས་ཐམས་ཅད་རྒྱུད་ཆེན་པོ། །འདོད་པའི་དོན་ཀུན་རབ་སྟེར་བ། །དང་པོར་རེ་ཤིག་རིག་པ་འཛིན་པས་གཙང་ཞིང་དབེན་པའི་ས་ཕྱོགས་སུ་ཧཱུྃ་གིས་དག་པར་བྱས་པར་ཉེ་ བར་འདུག་ཅིང་པད་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅་ཧྃ་ཞེས་བརྗོད་ལ། ཐམས་ཅད་སྟོང་པའི་རྣམ་པར་བསམ་པར་བྱའོ། །དེའི་རྗེས་ལ། ཨོཾ་ཙིཏྟ་པྲ་ཏི་བྷོ་དྷྃ་ཀ་རོ་མི། དེ་ལྟར་བརྗོད་ལ་སྣ་ཚོགས་ 100-1-31a པད་མ་འདབ་མ་བརྒྱད་པར་བསྒོམས་ནས། པད་མའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །ཟླ་བའི་སྟེང་དུ་ཧྲཱིཿའི་སྔགས་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། སེམས་དཔའི་སྐྱིལ་ མོ་དཀྲུང་གིས་བཞུགས་པ། ཕྱག་གཉིས་པ། མདོག་དམར་བ། མཆན་དུ་ནི་གོས་དཀར་མོ་དེ་ལ་འཁྱུད་པ། པད་མ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན་ཁབ་ཀྱི་ཕྱག་རྒྱས་ཁ་འབྱེད་པར་བསྒོམས་ལ། འདི་བརྗོད་པར་བྱ་སྟེ། ཇི་ལྟར་ པད་མ་དམར་པོ་ནི། །འདོད་ཆགས་སྐྱོན་གྱིས་མི་གོས་ཤིང་། །དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན། །ཁམས་གསུམ་རྣམ་པར་དག་པའོ། །དབུ་རྒྱན་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ག་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བསྒོམས་ནས་ཕྱོགས་བརྒྱད་དུ་ལྷ་མོ་རྣམས་བསམ་མོ། །ཨོཾ་བི་ལོ་ཀི་ནི། ཨ་བ་ལོ་ཀི་ནི། ཨ་བ་ལོ་ཀཱ་ཡ་སྭཱ་ཧཱ། ཤར་གྱི་འདབ་མ་ལ་ནི་རྣམ་པར་གཟིགས་མ་ཞེས་བྱ་བའི་ ལྷ་མོ་པད་མ་དམར་པོ་བསྣམས་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྷོའི་པད་མ་ལ་བཅོམ་ལྡན་འདས་མ་སྒྲོལ་མ་པ་ལ་ཤའི་འདབ་མ་ལྟ་བུའི་པད་མ་བསྣམས་པའོ། །ཨོཾ་བྷུ་རི་ཎི་མ་ཧཱ་ཙཀྲ་བར་ཏི་ནི་ཧཱུྃ། ནུབ་ཀྱི་པད་མ་ལ་བྷུ་རི་ནི་ཞེས་ བྱ་བའི་ལྷ་མོ་ཨུད་པ་ལ་སྔོན་པོ་ལྟ་བུའི་པད་མ་ཕྱག་ན་བསྣམས་པའོ། །ཨོཾ་བྷྲྀ་ཀུ་ཊཱི་ཏཱ་རེ་ཏུཏྟ་མ་ཏ་ཧཱུྃ། བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན་ཞེས་བྱ་བའི་ལྷ་མོ་པད་མ་སེར་མོ་བསྣམས་པའོ། །ཨོཾ་མ་ཧཱ་ཤྲཱི་ཡེ་མ་ཎི་པད་མེ་ཧཱུྃ། འདི་ནི་པད་མའི་གོས་ཅན་ཤར་ཕྱོགས་ཀྱི་མཚམས་སུ་བཙོད་ལྟ་བུའི་པད་མ་བསྣམས་པའོ། །ཨོཾ་བཛྲ་པད་མེ་ཤྭ་ར་མ་ར་པད་མེ་ཧཱུྃ། ལྷོ་ཕྱོགས་ཀྱི་མཚམས་སུ་པད་མ་དཀར་པོ་བསྣམས་པའོ། །ཨོཾ་བི་ཤྭ་པད་མེ་ཧཱུྃ། འདི་ནི་སྣ་ ཚོགས་ཀྱི་པད་མ་སྟེ། ནུབ་ཕྱོགས་ཀྱི་མཚམས་སུ་པད་མ་ནག་པོ་བསྣམས་པའོ། །ཨོཾ་བི་ཤྭ་བག་ཏྲེ་ཧཱུྃ། འདི་ནི་སྣ་ཚོགས་ཀྱི་ཞལ་ཅན་ཏེ། བྱང་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་པད་མ་བསྣམས་པའོ། །ཨོཾ་ཧྲཱིཿ པད་མ་ནཪྟེ་ཤྭ་ 100-1-31b རྃ་ཧཱུྃ་ཟེ་འབྲུའི་དབུས་སུ་འདོད་ཆགས་ཆེན་པོའི་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ། དེ་ལྟར་གང་བསྒོམ་པ་དང་ལྡན་ཞིང་ཏིང་ངེ་འཛིན་ལ་གོམས་པར་བྱེད་ན་དངོས་གྲུབ་བརྟན་པོར་འགྱུར་རོ། །དེའི་སངས་རྒྱས་ཉིད་དང་འདོད་པའི་ ལོངས་སྤྱོད་ཐམས་ཅད་སྟེར་རོ། །སངས་རྒྱས་ཕ་རོལ་ཕྱིན་གྲུབ་ཅིང་། །གཟུངས་དང་ས་ཡང་དེ་བཞིན་ནོ། །འཇིག་རྟེན་ཀུན་གྱི་བདེ་སྟོན་ཅིང་། །སོ་སོ་རང་ཉིད་རྗེས་སུ་སྒྲུབ། །སངས་རྒྱས་ཉིད་ནི་བྱང་སེམས་ཉིད། །རང་རྒྱལ་ཉིད་ཀྱང་དེ་བཞིན་ནོ། ། ཡིད་འོང་སངས་རྒྱས་གོ་འཕང་ནི། །སྤྱད་མི་དགོད་པར་འགྲུབ་པར་འགྱུར། །བྱང་ཆུབ་སེམས་དང་ག་པུར་བཅས། །ཙན་དན་དམར་དང་རབ་སྦྱར་ཏེ། །རྡོ་རྗེ་ཆུ་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་བཅུད་ལེན་ཡིན། །སྦྱོར་བ་བཟང་པོ་འདི་ཡིས་ནི། ། བཅུད་ཀྱིས་ལེན་ནི་བདེ་བར་ཡང་། །འགྲུབ་འགྱུར་འཇིག་རྟེན་མགོན་པོ་ཡི། །གཞོན་ཞིང་ནད་མེད་དམ་བདེ་ཞིང་། །ཚེ་དང་སྟོབས་དང་བརྩོན་འགྲུས་དང་། །སྐལ་བཟང་ཡེ་ཤེས་བླ་ན་མེད། །སྐྱེ་བ་འདི་ལ་བསྒྲུབ་པའོ། །མ་ལུས་ལུས་པ་མེད་ པ་འགྲུབ། །དབང་དང་དགུག་དང་དབྱེ་བ་དང་། །གསད་དང་བསྐྲད་པ་ལ་སོགས་པ། །རེངས་དང་ཕུར་བུས་གདབ་ཉིད་དང་། །ནམ་མཁར་འགྲོ་བ་དེ་བཞིན་ནོ། །ས་བཅུའི་དབང་ཕྱུག་ཐོབ་འགྱུར་ཞིང་། །ཏིང་ངེ་འཛིན་ལ་གནས་པར་འགྱུར། །དེ་ཕྱིར་ཏིང་ འཛིན་ལྡན་པ་ཡི། །རྡོ་རྗེ་དམ་ཚིག་དེ་ཡིས་ནི། །རིག་པ་དང་ནི་བཅས་པའི་མཆོག །འཇིག་རྟེན་མགོན་པོར་འགྲུབ་པར་འགྱུར། །ཨོཾ་ཧྲཱིཿཔད་མ་ནར་ཏེ་ཤྭ་རི་ཧཱུྃ། རྩ་བའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ན་ཉིན་མོ་དང་ནུབ་མོ་བྱས་པའི་ སྡིག་པ་ཉམས་པར་འགྱུར་རོ། །ཡང་ན་ལྔ་བརྒྱ་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཡང་ན་སྟོང་བཟླས་བརྗོད་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ། །ཡང་ན་སྟོང་ཕྲག་གཉིས་བཟླས་བརྗོད་བྱས་ ན། ཐམས་ཅད་ཀྱི་མཆོད་པའི་འོས་སུ་འགྱུར་རོ། །གཞན་ཡང་སྟོང་ཕྲག་གསུམ་བཟླས་བརྗོད་བྱས་ན་སྐལ་བ་བཟང་བ་དང་། གཡང་རབ་ཏུ་འཕེལ་བར་འགྱུར་རོ། །གཞན་ཡང་སྟོང་ཕྲག་བཞི་བཟླས་བརྗོད་བྱས་ན་དབུལ་བ་མེད་པར་ 100-1-32a འགྱུར་རོ། །སྟོང་ཕྲག་ལྔ་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་ཀྱི་སྙིང་འཁྲུག་པར་བྱེད་དོ། །སྟོང་ཕྲག་དྲུག་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་མེད་པར་འགྱུར་རོ། །སྟོང་ཕྲག་བདུན་བཟླས་བརྗོད་བྱས་ན་བདུད་བཞི་ལས་ མཆོག་ཏུ་རྒྱལ་བར་འགྱུར་རོ། །སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ན་རིག་འཛིན་མ་གྲུབ་པར་འགྱུར་རོ། །སྟོང་ཕྲག་དགུ་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་གྲུབ་པར་འགྱུར་རོ། །ཁྲི་ཚོ་གཅིག་བཟླས་བརྗོད་བྱས་ན་ལྷ་དང་ཀླུ་དང་། མིའི་ བུ་མོ་རྣམས་འགྲུབ་པར་འགྱུར་རོ། །སྟོང་ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལ་འགྲོ་བའི་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་རོ། །སྟོང་ཕྲག་སུམ་བཅུ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། ། སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་འགྱུར་རོ། །སྟོང་ཕྲག་ལྔ་བཅུ་བཟླས་བརྗོད་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །སྟོང་ཕྲག་དྲུག་བཅུ་བཟླས་བརྗོད་བྱས་ན་གྲུབ་པའི་རིག་ འཛིན་ཏུ་འགྱུར་རོ། །སྟོང་ཕྲག་བདུན་བཅུ་བཟླས་བརྗོད་བྱས་ན་ས་གསུམ་གྱི་བདག་པོར་འགྱུར་རོ། །སྟོང་ཕྲག་བརྒྱད་བཅུ་བཟླས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་ དཔའ་ཉིད་དུ་འགྱུར་རོ། །འབུམ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའི་གཟུགས་སུ་འགྱུར་རོ། །བཞི་ཆ་དང་བཅས་པའི་འབུམ་ཕྲག་བཟླས་བརྗོད་བྱས་ན་སངས་རྒྱས་ཉིད་དུ་འགྱུར་རོ། །བྱེ་བ་ཕྲག་གཅིག་བཟླས་བརྗོད་བྱས་ན། ཐམས་ཅད་དུ་རྗེས་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུ་འགྲུབ་པར་འགྱུར་ཞིང་ལུས་དང་ངག་དང་ཡིད་ཀྱང་བྱིན་གྱིས་རློབ་བོ། །འདི་ནི་བཅོམ་ལྡན་འདས་གསུང་རྡོ་རྗེས་གསུངས་པའོ། ། ཨོཾ་པཎྜ་ར་བ་སི་ནི་བ་ར་དེ་ཧཱུྃ། འདི་ནི་གོས་དཀར་མོའི་སྔགས་ཏེ་ལན་ཅིག་བརྗོད་པས་སྡིག་པའི་རིགས་ཀྱི་ཚོགས་བསྲེག་པར་བྱེད་དོ། །ནུབ་བདུན་གྱི་ནང་རོལ་དུ་རྒྱལ་པོ་བློན་པོ་དང་བཅས་པ་མདུན་ན་འདོན་དང་། སྐྱེ་འགྲོའི་ 100-1-32b ཚོགས་དང་བཙུན་མོའི་ཚོགས་དང་བཅས་པ་དབང་དུ་འགྱུར་རོ། །བཟླས་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ། །དེ་ལྟ་བུའི་རིམ་པས་འབུམ་ཕྲག་གཅིག་བཟླས་ན་གང་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ནུས་པ་མཉམ་ཞིང་། དངོས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་འགྱུར་རོ། །ཨོཾ་བི་ལོ་ཀི་ནི་ཨ་བ་ལོ་ཀཱ་ཡ་སྭཱ་ཧཱ། འདིའི་སྦྱོར་བ་ནི་སྟོང་ཕྲག་བཅུ་བཟླས་བརྗོད་བྱས་ན་མེ་ལོང་དང་། མཐེབ་ ཆེན་དང་། ནམ་མཁའ་ལ་སོགས་པ་ལ་གསལ་པོར་པྲ་དབབ་པ་འགྲུབ་པར་འགྱུར་རོ། །གང་སྔོན་བྱུང་བ་དང་ད་ལྟར་དང་ཕྱིས་འོང་བ་དེ་སྟོན་པར་བྱེད་དོ། །ཡང་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་པར་བྱས་ལ། ནུབ་མོ་ཉལ་བའི་དུས་སོ་ཤིང་འཆོས་ནས་མི་སྨྲ་བར་ཉལ་ན་དགོས་པ་གང་ཡིན་པ་རྨི་ལམ་ན་སྟོན་པར་བྱེད་དོ། །དེ་ཡང་འཁྲུལ་པ་མེད་པར་སྟོན་ནོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཅོམ་ལྡན་འདས་སྒྲོལ་མ་འདི་འབུམ་ཕྲག་གཅིག་བཟླས་ ན་འཇིག་རྟེན་གསུམ་གྲུབ་པར་འགྱུར་རོ། །ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། མིའི་བུ་མོ་སྟེ། འདི་རྣམས་ཀྱི་ནང་ནས་གང་འདོད་པ་དེའི་ཆོས་འབྱུང་དུ་གུར་ཀུམ་དང་། རྒྱ་སྐྱེགས་དང་། རང་བྱུང་གི་མེ་ཏོག་དང་། བྱང་ཆུབ་ཀྱི་སེམས་དང་ཡང་དག་པར་ལྡན་པས་རྩིབས་དྲུག་པ་ཤིན་ཏུ་རྣོ་བའི་འཁོར་ལོ་དམར་པོ་འཁོར་བཞིན་པ་རྣམ་པར་བྲིས་པ་བསམས་ལ། ཆོས་འབྱུང་དེ་སྒྲུབ་པ་པོས་རི་སུལ་ཆུ་ངོགས་གསང་ བའི་གནས་སུ་བསམ་པར་བྱའོ། །དེ་ཡང་མྱོས་ཤིང་སྒྲུབ་པ་པོའི་སྟེང་དུ་ལྟུང་བའི་རྣམ་པ་བསྒོམ་པར་བྱའོ། །དེ་བཀུག་ལ་རང་ལ་ཆུ་ཤིང་ནོར་དང་བཅས་པ་དབང་དུ་འགྱུར་བར་བལྟའོ་ཞེས་བྱའོ། །ཡང་ན་ལྷ་དང་། ཀླུ་དང་ལྷ་མ་ཡིན་ དང་། མི་འམ་ཅི་དང་། རིག་པ་འཛིན་པ་དང་། གནོད་སྦྱིན་དང་། འཁོར་ལོས་སྒྱུར་བ་དང་། བློན་པོ་དང་། སྐྱེས་བུའམ་གང་འདོད་པ་དེ་དམར་པོར་རྣམ་པར་བསམས་ལ། དེའི་སྙིང་གར་རྡོ་རྗེ་ལྕགས་ཀྱུ་འོད་འབར་བའི་ཕྲེང་བ་འཁྲུག་ 100-1-33a པའི་ལྕགས་ཀྱུས་འབིགས་བཞིན་པ་དང་། ཞགས་པས་སྐེ་བ་ནས་བཅིངས་ལ་དགུག་བཞིན་པ་འདོད་པས་མྱོས་པར་གྱུར་པར་རབ་ཏུ་གསལ་པོར་བསམ་པར་བྱའོ། །བདག་ཉིད་ནོར་དང་བཅས་པ་འགུགས་ཤིང་དབང་དུ་ འགྱུར་རོ། །ཞེས་བྱའོ། །ཨོཾ་བྷུ་རི་ནི་མ་ཧཱ་ཙཀྲ་བརྟི་ནི་ཧཱུྃ། འདིའི་སྦྱོར་བ་ནི་དྲི་ཆེན་དང་། རྡོ་རྗེ་ཆུ་ལ་སོགས་པས་དཀྱིལ་འཁོར་བྱས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གིས་མཉམ་པར་མཆོད་ལ། དེ་ན་གནས་པའི་སྒྲུབ་པ་པོས་གླིང་ངམ་གླིང་ གཞན་དང་། གྲོང་ཁྱེར་དང་གྲོང་དང་། ཡུལ་འཁོར་གྱི་རྒྱལ་པོར་བསམ་ཞིང་བཟླས་པ་བྱའོ། །དེ་ཡིས་བདག་པོ་ཉིད་དུ་འགྱུར་ཞིང་ལོངས་སྤྱོད་ལ་ལོངས་སྤྱད་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཐོབ་པར་འགྱུར་རོ། ། ཨོཾ་བྷྲྀ་ཀུ་ཊཱི་ཏཱ་རེ་ཏུ་ཏ་མ་ཏ་ཧཱུྃ། ལྷ་མོ་ཁྲོ་གཉེར་ཅན་ཞེས་བྱ་བ་འདི་ནི་དགྲའི་རྐང་རྗེས་ཀྱི་རྡུལ་བླངས་ལ། དུག་དང་། ཚྭ་དང་། སྐེ་ཚེ་དང་། ཁྲག་དང་། ཆུ་བོའི་འགྲམ་གཉིས་ཀྱི་ས་དང་། དྲི་ཆེན་རྡོ་རྗེ་ཆུས་བསྣོས་ལ་གཟུགས་བརྙན་ བྱས་ལ་མིའི་རུས་པའི་རང་བཞིན་གྱི་ཕུར་བུས་ཚིགས་དང་གནད་ཀུན་ལ་བཏབ་ལ། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ། དུར་ཁྲོད་ཀྱི་མེ་ལ་གདུང་བར་བྱའོ། །ཞག་བདུན་དུ་སྦྱོར་བ་བྱས་པས་འཆི་བར་འགྱུར་རོ། །གལ་ཏེ་སེམས་ ལ་སྡིག་པ་མེད་པར་གྱུར་ན་ཞག་ཉི་ཤུ་རྩ་གཅིག་གིས་ནི་སངས་རྒྱས་ཀྱང་འཆི་བར་འགྱུར་རོ། །ཨོཾ་མ་ཧཱ་ཤྲཱི་ཡེ་མ་ཎི་པད་མེ་ཧཱུྃ། ལྷ་མོ་འདི་ལ་དྲི་དང་། མེ་ཏོག་དང་། མར་མེ་དང་། བསོད་སྙོམས་ཀྱི་ཟས་ཀྱིས་སོ་སོར་མཆོད་ལ་ བཟླས་པ་བྱས་ན་ཐམས་ཅད་དུ་བསྲུངས་པར་འགྱུར་རོ། །ཡུལ་ཆོས་ཀྱི་རྩོད་པ་ལས་རྒྱལ་བར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་དང་མཉམ་པར་འགྱུར་རོ། །ནོར་ཆེན་པོའི་བདག་པོར་འགྱུར་རོ། །ཡང་ན་པད་མ་སྟོང་ཕྲག་ བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོར་འགྱུར་རོ། །ཨོཾ་བཛྲ་པད་མེ་ཤྭ་རི་མ་ར་པད་མེ་ཧཱུྃ། རྡོ་རྗེ་པད་མའི་དབང་ཕྱུག་མ་འདི་ཡིད་ཀྱིས་བཟླས་ན་དབང་དང་དགུག་པ་ལ་སོགས་པ་བྱེད་དོ། །ལན་བདུན་མངོན་པར་བསྔགས་ཏེ། 100-1-33b གཙུག་ཕུད་མདུད་ན་རང་བསྲུང་ཞིང་རིམས་དང་། ལྐོག་ནད་དང་། ནད་ཐམས་ཅད་དང་། མཚོན་དང་། མེ་དང་། རྐུན་པོ་དང་། སེང་གེ་དང་། གླང་པོ་ཆེ་དང་། སྦྲུལ་དང་། འཆིང་བ་དང་། རྒྱ་མཚོ་དང་། ཤ་ཟའི་ནང་སྟོང་ཕྲག་གཅིག་བཟླས་པས་ ཞི་བར་འགྱུར་རོ། །ལན་ཅིག་གི་ལས་ཀྱིས་བརྗེད་བྱེད་ཀྱི་གདོན་དང་། ཟད་བྱེད་དང་། སྐྱུག་པ་དང་། བྲི་བར་དཀའ་བ་དང་། བསྒོམ་པར་དཀའ་བའི་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཉམས་པར་བྱེད་དོ། །འབུམ་ཕྲག་གཅིག་བཟླས་ ན་ལུས་འཕེལ་ཞིང་སྐལ་བ་བཟང་བ་དང་། ལུས་གཞོན་ཞིང་ནད་མེད་པར་བྱེད་ཅིང་དུས་མ་ཡིན་པའི་འཆི་བ་ཉམས་པར་བྱེད་དོ། ཡང་ན་ཀླུ་ཐབ་ཁུང་དུ་བྲིས་ལ་དེར་དུག་དང་། སྐེ་ཚེ་དང་ཚད་བའི་སྦྱིན་སྲེག་བྱ་ཞིང་ཀླུའི་མིང་དང་སྤེལ་བས་འབུམ་ཕྲག་ གཅིག་སྦྱིན་སྲེག་བྱས་ན་ཆར་ཆེན་པོ་ཕབ་ནས་མུ་གེ་མེད་པར་འགྱུར་རོ། །ཨོཾ་བི་ཤྭ་པད་མེ་ཧྲཱིཿ སྣ་ཚོགས་པད་མ་འདི་ནི་རྨོངས་པ་དང་། རེངས་པ་དང་། མནན་པ་དང་། ཕུར་བུས་གདབ་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། ཕུར་བུ་དང་། མིག་འཕྲུལ་དང་། ངོ་མཚར་དང་མི་མཐོང་བར་ བྱེད་པ་དང་། ཕུག་ཏུ་འཇུག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ལྕགས་སྒྲོག་གཅོད་པ་དང་། རིལ་པོར་དགུག་པ་གང་དང་གང་ཡིན་པ་རྒྱུད་ལས་བསྟན་པ་དང་། རྒྱུད་གཞན་དང་ཡང་དག་པར་ལྡན་པའི་ལས་ཐམས་ཅད་ བྱེད་དོ། །ལུས་དང་ངག་དང་ཡིད་གསུམ་གྱི་དངོས་གྲུབ་སྟེར་རོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་ཅིང་གང་འདོད་པའི་ལས་ཐམས་ཅད་ནི་འགྲུབ་པར་འགྱུར་རོ་ཞེས་བྱའོ། ། ཨོཾ་བི་ཤྭ་པད་མེ་ཧཱུྃ་། སྣ་ཚོགས་རྡོ་རྗེ་ཞེས་བརྗོད་པའི་ལྷ་མོ་འདིས་ནི་ངག་གི་དངོས་གྲུབ་སྟེར་རོ། །ཚིག་ཤད་མཁན་དུ་བྱེད་ཅིང་གཞན་གྱི་ངག་རེངས་པར་བྱེད་དོ། །རང་ཉིད་བསྲུང་བ་དང་། གཞན་ཡང་བསྲུང་བར་འགྱུར་རོ། །རང་སྐལ་བ་ བཟང་ཞིང་གཞན་པོ་ཡང་སྐལ་བ་བཟང་པོའི་རང་དོན་དང་གཞན་དོན་བྱེད་དོ། །ཇི་ལྟར་འདིར་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྤྲོ་ཞིང་བརྩོན་པ་དེ་བཞིན་དུ། འདིར་བཅོམ་ལྡན་འདས་མས་དམྱལ་བ་ 100-1-34a དང་ཡི་དགས་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་སྒྲོལ་བར་བྱེད་དོ། །བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་རྣམས་ལ་མ་ཉིད་ཀྱིས་བསྲུང་ངོ་ཞེས་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་ པས་གསུངས་སོ། །དེ་ལྟར་རྟོགས་པའི་རྒྱལ་པོ་བསྡུས་པ་རབ་ཏུ་བསྟན་ཏོ། །སེམས་བརྟན་རྟོག་པ་མེད་པ་ཡི། །བློ་དང་ལྡན་པས་འགྲུབ་པར་འགྱུར། །གང་ཞིག་སྤྱོད་ལམ་བསྟན་པ་ཡི། །སངས་རྒྱས་ཀུན་རྒྱུ་ཇི་ལྟ་བར། ། དེ་ལྟར་འདིར་ནི་རབ་སྦྱར་ནས། །དེ་ནས་རྟག་པའི་གོ་འཕང་འགྲུབ། །ཇི་ལྟར་འདོད་པར་གནས་བྱེད་ཅིང་། །ཀུན་ལ་ལོངས་སྤྱོད་ཀུན་བྱེད་ལྟར། །ཇི་ལྟར་འདོད་པའི་སྙིང་རྗེས་སྤྱོད། །ཇི་ལྟར་འདོད་པའི་སྤྱོད་པ་ཡིས། །འདུག་པ་འམ་ནི་ ལངས་ཀྱང་རུང་། །འཆག་པ་འམ་ནི་གང་དང་དེ། །རྒོད་པ་འམ་ནི་བརྗོད་པ་འམ། །གང་དེ་ཇི་བཞིན་དོན་བཞིན་ནོ། །དཀྱིལ་འཁོར་དུ་ནི་མ་ཞུགས་པ་འམ། །སྒྲིབ་པ་ཀུན་དང་ལྡན་པ་ཡང་། །རང་མོས་ལྷ་ཡི་རྣལ་འབྱོར་བདག །བསོད་ ནམས་ཆུང་བ་འམ་འགྲུབ་པར་འགྱུར། །འདི་ཡིས་སངས་རྒྱས་ཐམས་ཅད་ཉིད། །ཐམས་ཅད་མཁས་པ་ཉིད་དང་ནི། །ཐམས་ཅད་རྡོ་རྗེ་འཆང་ཉིད་ཀྱང་། །སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །ཡང་གསུངས་པ། རྣལ་འབྱོར་དག་ནི་ གཟུགས་བརྙན་གྱི། །བཅོས་མའི་སྐུ་ལས་འགྱུར་བ་མིན། །བྱང་ཆུབ་སེམས་ཆེན་ལ་བརྩོན་ན། །རྣལ་འབྱོར་དག་ནི་དེ་ལྟ་ཡིན། །ཁྲག་ཆེན་པོ་དང་ག་པུར་བཅས། །ཙན་དན་དམར་དང་བསྲེས་པ་ནི། །ཚོགས་ཀྱི་ནང་དུ་ཞུགས་པ་ན། ། ཀུན་ལས་མཆོག་གྱུར་བཅུད་ལེན་ནོ། །སྦྱོར་བ་བཟང་པོ་འདི་ཡིས་ནི། །བཅུད་ཀྱི་ལེན་ནི་སླ་བ་རུ། །དཔལ་རྡོ་རྗེ་སེམས་དཔའི་ཚེ་བཟང་དང་། །ནད་མེད་བདེ་བ་བཟང་པོ་འཐོབ། །གྲུབ་པའི་མཚན་ཉིད་ཇི་ལྟར་གསུངས། །སངས་རྒྱས་ ཕ་རོལ་ཕྱིན་པ་དང་། །གཟུངས་དང་ས་ཡང་དེ་བཞིན་འགྲུབ། །བདེ་སྟོན་ཐམས་ཅད་ཐོབ་འགྱུར་ཞིང་། །རང་ཉིད་སོ་སོ་རྗེས་སུ་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །སངས་རྒྱས་ཐམས་ཅད་ཉིད་དུ་འགྱུར། །སངས་རྒྱས་ཀུན་གྱི་ 100-1-34b དངོས་ཉིད་ཀྱང་། །སངས་རྒྱས་ཀུན་ནི་རབ་གྲུབ་འགྱུར། །གཞན་ཡང་རྣལ་འབྱོར་གྱི་སྤྱོད་པ་བྱེད་པར་འདོད་ཅིང་སེམས་ཡོངས་སུ་དག་པ་མེད་ན་དེའི་ཚེ་ཐང་སྐུའི་སྒྲུབ་པ་བཤད་དེ། བསྙེན་གནས་དང་ལྡན་ཞིང་སྨྱུང་བར་གནས་པའི་ལྷ་བཟོས་ ཚོན་སྣ་མ་འདྲེས་པས་རས་གསར་པ་དེ་ཡང་རང་རང་གི་ཀུན་ཏུ་ཁྲུ་རེའི་ཚད་ཀྱིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། སྣ་ཚོགས་ཀྱི་པད་མ་འདབ་མ་བརྒྱད་པ། ཟེ་འབྲུའི་དཀྱིལ་དུ་ཟླ་བའི་དཀྱིལ་ འཁོར་གྱི་དབུས་སུ་བཅོམ་ལྡན་འདས་མདོག་དམར་བ་མི་བསྐྱོད་པའི་དབུ་རྒྱན་ཅན། ཞལ་གསུམ་པ། ཞལ་གྱི་གཙོ་བོ་ནི་དམར་བ་སྟེ། འདོད་ཆགས་ཆེན་པོ་ཉིད་ཀྱི་ཕྱིར་རོ། །གཡས་པ་གནག་པ་སྟེ་ཞེ་སྡང་ཆེན་པོ་ཉིད་ཀྱི་ཕྱིར་རོ། །གཡོན་པ་ དཀར་བ་སྟེ་གཏི་མུག་ཉིད་ཀྱི་ཕྱིར་རོ། །ཕྱག་དྲུག་པ་བྱའོ། །གཡོན་པའི་ཕྱག་གཅིག་གིས་གོས་དཀར་མོའི་མགྲིན་པ་ནས་འཁྱུད་པ་དང་། པད་མ་དམར་པོ་བསྣམས་པ་དང་གཡོན་པ་གཉིས་ཀྱིས་མེ་ཏོག་གི་གཞུ་བསྣམས་པའོ། ། གཡས་པ་གསུམ་དུ་ཁབ་ཀྱི་ཕྱག་རྒྱས་པད་མ་ཁ་འབྱེད་པ་དང་། མེ་ཏོག་གི་མདའ་དང་། ལྕགས་ཀྱུ་བསྣམས་པའོ། །སེམས་དཔའི་སྐྱིལ་མོ་དཀྲུང་གིས་གནས་པ་བྱའོ། །ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ་མདོག་ དཀར་མོ། །པད་མ་དམར་པོ་དང་རྡོ་རྗེ་ཕྱག་ན་བསྣམས་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ལྷ་མོ་སྒྲོལ་མ་ལྗང་གུ་རྒྱ་སྐྱེགས་ཀྱི་ཤིང་གི་ལོ་མ་དང་རིན་པོ་ཆེ་ཕྱག་ན་བསྣམས་པའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་བྷུ་རི་ནི་སེར་མོ་ཨུཏ་ པ་ལ་སྔོན་པོ་དང་འཁོར་ལོ་བསྣམས་པའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་ཁྲོ་གཉེར་ཅན་ན་པད་མ་དཀར་སེར་ལྟ་བུ་པད་མ་སེར་པོ་དང་རལ་གྲི་ཕྱག་ན་བསྣམས་པའོ། །ཤར་གྱི་མཚམས་སུ་པད་མའི་གོས་ཅན་མ་གསེར་ལྟ་ བུའི་མདོག་བཙོད་ལྟ་བུའི་པད་མ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་མཚམས་སུ་རྡོ་རྗེ་པད་མའི་དབང་ཕྱུག་མ་ནམ་མཁའི་མདོག་ཅན་དཀར་པོ་པད་མ་དང་ཤེལ་གྱི་ཕྲེང་བ་བསྣམས་པའོ། །ནུབ་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་ 100-1-35a ཀྱི་པད་མ་སྟོན་ཀའི་ཟླ་བ་ལྟ་བུ་དཀར་སེར་གྱི་མདོག་པད་མ་ནག་པོ་དང་པོ་ཏི་ཕྱག་ན་བསྣམས་པའོ། །བྱང་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་མདོག་ཅན་དུ་བྱས་ལ། སྣ་ཚོགས་ཀྱི་རྡོ་རྗེ་དང་། སྣ་ཚོགས་ ཀྱི་པད་མ་བསྣམས་པའོ། །དེ་ལྟར་པད་མ་ལ་བཀོད་ཅིང་བྲིས་ལ། སྒེག་མོ་ལ་སོགས་པ་རྣམས་སུའོ། །ཛཿཧཱུྃ་བྃ་ཧོཿའི་ཡི་གེ་ལས་ཡང་དག་པར་བྱུང་བའི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ནི་ཤར་ ལ་སོགས་པའི་ཕྱོགས་རྣམས་སུའོ། །ཡང་ཐང་སྐུ་གཞན་བརྗོད་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས་གཡས་ན་སྐུད་པ་དང་། དབྱུག་པ་དང་། རྩེ་གསུམ་དང་། མཆོག་སྦྱིན་པའི་ཕྱག་ཅན། གཡོན་ན་པད་མ་ དང་། རིལ་བ་སྤྱི་བླུགས་དང་། ཞགས་པ་དང་། ཐམས་ཅད་མཁྱེན་པའི་དམ་ཚིག་གི་པོ་ཏི་བསྣམས་པའི་ཕྱག་ཅན། སྟག་གི་ལྤགས་པའི་ཤམ་ཐབས་འཆང་བ། སྦྲུལ་མཆོད་ཕྱིར་ཐོགས་པ། རལ་པའི་ཅོད་པན་ལ་འོད་དཔག་མེད་ བཞེངས་པ་འམ་སྐྱིལ་དཀྲུང་ཕྱེད་པས་གནས་པ་དབུ་རྒྱན་དུ་བྱས་པའོ། །དེའི་གཡས་ཕྱོགས་ཀྱི་ཆ་རུ་སྒྲུབ་པ་པོ། མཆོད་ཡོན་གྱི་སྣོད་དང་བདུག་སྤོས་ཀྱི་སྣོད་ལག་པས་བཟུང་བ་བྱའོ། །གཞན་ཡང་བཅོམ་ལྡན་འདས་ཕྱག་ གཉིས་པ་རི་གྲུ་འཛིན་ལ་གནས་ཤིང་སེང་གེའི་ཁྲི་ལ་བཞུགས་པ། གཡོན་པ་ས་ལ་གནས་ཤིང་ཞབས་གཡས་པ་པད་མའི་སྟེང་གི་གདན་སྟེངས་སུ་བཞུགས་པའོ། །ཕྱག་རེ་རེ་ན་ཕྲེང་བ་བསྣམས་པར་སེམས་པ་པོས་ཕྲེང་བའི་ འོག་ཏུ་འདྲེན་པའི་ཚུལ་འདིས་བསམ་པར་བྱ་བ་ནི་སེམས་པ་ལྟ་བུར་གནས་པ་ཞེས་བྱའོ། །ཆོ་ག་གཞན་ཡང་བཅོམ་ལྡན་འདས་དཀར་ཞིང་དམར་བ་ཕྱག་བཅུ་པ་རི་དགས་སེང་གེའི་གདན་ལ་པད་མའི་སྟེང་དུ་སྐྱིལ་དཀྲུང་ཕྱེད་ པས་བཞུགས་པ། གཡས་ན་ཕྲེང་བ་བསྣམས་པའོ། །སེང་གེ་དང་། གླང་པོ་ཆེ་དང་། མེ་དང་། སྦྲུལ་གྱིས་འཇིགས་པ་རྣམས་ལས་གྲོལ་བའི་ཆ་བྱད་ཅན་ནོ། །གཡོན་ན་པད་མ་དམར་པོ་སྡོང་བུ་གཉིས་པ་སྟེང་དུ་པོ་ཏི་ཅན་ཏེ་ 100-1-35b རྐུན་མ་དང་། ལྕགས་སྒྲོག་གིས་བཅིངས་པ་དང་། མཚོ་དང་། ཐོག་ཆེན་པོ་དང་། ཤ་ཟས་ཟ་བ་རྣམས་སྒྲོལ་བའི་ཆ་བྱད་ཅན་ནོ། །གནས་དེ་བརྒྱད་དུ་སྒྲུབ་པ་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ སྔོན་བཞིན་དུ་ལངས་པ་འམ། འདུག་པ་བསམ་པར་བྱའོ། །གཞན་ཡང་ཆོ་ག་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་སྣ་ཚོགས་ཀྱི་གཟུགས་འཆང་བ། དབུ་བཅུ་གསུམ་པ། སྤྱི་བོའི་མགོ་བོ་ནི་ལྗང་ཁུའི་རྟ་ཞལ་ ལོ། །ཡང་ན་ཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ལོ། །ཕྱག་བརྒྱ་པའི་བཅོམ་ལྡན་འདས་འདི་ནི་སྣ་ཚོགས་ཀྱི་མཚོན་ཆ་བསྣམས་པའོ། །ཡང་ན་ཞལ་བརྒྱ་པ་ཕྱག་སྟོང་པ་ཡང་བྱའོ། །ཁ་ཅིག་ཏུ་རྡོ་རྗེ་སྐྱིལ་མོ་དཀྲུང་གིས་གནས་ པ་འམ། བཞེངས་པ་ཡང་བྱའོ། །ཙམ་པ་ཀ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས་སོ། །ཐང་སྐུ་དེ་ཀུན་གྱི་གཡས་ཕྱོགས་ཀྱི་བར་དུ་སྒྲུབ་པ་པོ་མེ་ཏོག་དང་། མཆོད་ཡོན་གྱི་སྣོད་དང་། བདུག་སྤོས་ཀྱི་སྣོད་ལག་པ་ན་གཟུང་བ་བྱའོ། ། དེ་རྣམས་ཀྱི་དབུ་ལ་དབུ་རྒྱན་དུ་འོད་དཔག་མེད་པའམ། ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་བྲི་བར་བྱའོ། །འདི་ནི་ཐང་སྐུའི་ཆོ་གའོ། །ཐང་སྐུའི་མདུན་དུ་རྩ་བའི་སྔགས་ཇི་ལྟ་བ་འདོད་པ་དེ་བཟླ་ཞིང་བསམ་གཏན་ཡང་བྱས་ནས། མཆོད་པ་རྣམ་པ་ལྔས་མཆོད་ལ། མཆོད་ཡོན་སྣོད་དང་། ཡོངས་སུ་གང་བའི་བདུད་རྩི་ལྟ་བུའི་ཟས་དང་། སྒྲོན་མའི་ཟས་ལ་བྱས་ནས་མཆོད་ཡོན་བྱིན་ཏེ། སྔགས་གང་འདོད་པ་དེ་བཟླས་པ་བྱས་ན་དེ་ལ་གསུངས་པའི་དངོས་ གྲུབ་དུ་འགྱུར་རོ། །གསང་བ་པོ་ནི་སྔགས་འདི་ཉིད། །ཁ་ཅིག་ལ་ཡང་མི་སྦྱིན་ནོ། །བློ་ལྡན་སེམས་ཅན་དོན་བརྩོན་པའི། །སེམས་བརྟན་པ་ལ་སྦྱིན་པར་བྱ། །མཆོད་རྟེན་ལས་བྱེད་ཉིད་ལ་ནི། །བློ་ལྡན་བཟླས་འདབ་ཟེར་བས་སྦྱིན་ པར་བྱ། །རང་ཉིད་དང་ནི་ནོར་དག་གིས། །བླ་མ་ལ་རྟག་གུས་པར་བྱ། །རྡོ་རྗེ་སློབ་དཔོན་རྣལ་འབྱོར་ལ། །མཆོག་ཏུ་གྱུར་པའི་ཡོན་ཡང་དབུལ། །གང་དང་གང་ནི་བཏང་དཀའ་བ། །མཆོག་ཏུ་གྱུར་པར་འདིར་ནི་བསྔགས། །ཆུང་མ་ 100-1-36a སྲིང་མོ་དང་ཡང་ནི། །བུ་མོ་དང་ནི་ཚ་མོ་དག །བུ་མོ་རྒྱན་ཀུན་བརྒྱན་པར་བྱ། །གླང་ཆེན་རྟ་དང་ཤིང་རྟ་དང་། །ཕྱུགས་དང་གྲོང་ཁྱེར་རྒྱལ་སྲིད་དང་། །ཡུལ་འཁོར་རྒྱལ་སྲིད་ལྡན་པ་དང་། །རིན་ཆེན་སྣ་ཚོགས་དག་ཀྱང་ནི། ། གཞན་ཡང་རྡོ་རྗེ་སློབ་དཔོན་དབུལ། །རྡོ་རྗེ་སློབ་དཔོན་དགྱེས་གྱུར་པ། །ཐམས་ཅད་རབ་སྦྱིན་དབུལ་བར་བྱ། །འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛམ་བྷ་ལ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ ཅིང་གཏན་ལ་ཕབ་པ། ཡང་ཞུས་ཏེ་དག་པར་ཐང་རྒྱལ་མཁས་པསོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ས་མནྟ་བྷ་དྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་ཏེ། གནས་གཙང་མའི་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ནི་བདག་གིས་དེ་བཞིན་གཤེགས་པ་ཟླ་བ་བླ་མའི་འོད་ལས་བླངས་པ་ཀུན་ཏུ་བཟང་པོའི་གཟུངས་ཡང་དག་པར་ སྟོན་པར་འཚལ་ཏེ། གཟུངས་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ལས་ཀྱི་སྒྲིབ་ 100-1-36b པ་ཐམས་ཅད་ཀྱང་སེལ་ཏོ། །ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །ལུས་རྣམ་པར་དག་པ་ཡང་འཐོབ་བོ། །ངག་རྣམ་པར་དག་པ་ཡང་འཐོབ་བོ། །སེམས་རྣམ་པར་དག་པ་ཡང་འཐོབ་བོ། ། ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིད་དོ། །གཟུངས་རྒྱ་མཚོ་ཐམས་ཅད་ཀྱང་འཐོབ་བོ། །དེ་བཞིན་གཤེགས་པ་མཐོང་བ་ཐམས་ཅད་ཀྱང་མཉེས་པར་བགྱིད་དོ། །བཅོམ་ལྡན་འདས་བདག་གིས་གཟུངས་འདི་ཐོས་ མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་ཐོབ། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ཐོབ། འབར་བའི་སྒྲོན་མའི་ཏིང་ངེ་འཛིན་ཀྱང་ཐོབ། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ ཐོབ། རྡོ་རྗེ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཀྱང་ཐོབ། མི་ཟད་པའི་ཟ་མ་ཏོག་གི་ཏིང་ངེ་འཛིན་ཀྱང་ཐོབ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ། ཕྱོགས་བཅུ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ཀྱང་ཐོབ་སྟེ། བཅོམ་ལྡན་འདས་དེ་ལ་སོགས་ པ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་བདག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་དེས་ན་བདག་ད་ལྟར་དྲན་པ་འདི་ལྟ་བུ་དང་ལྡན། བློ་གྲོས་འདི་ལྟ་བུ་དང་ལྡན། ཆགས་པ་མ་མཆིས་ པའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་ཞིང་། མཐོང་བ་དང་ཐོས་པ་དང་བསྙེན་བཀུར་བགྱིས་པ་དོན་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་བདག་ཐོས་པ་དོན་མཆིས། གཟུངས་འདི་ཐོས་པ་དོན་མཆིས་ན། བཅོམ་ལྡན་འདས་ཀྱིས་ གནང་བར་མཛད་ཅིང་འཁོར་བཞི་པོ་དེ་ཡང་ཡོངས་སུ་དགོད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དག་པ་དེའི་དུས་ལ་བབ་པར་ཤེས་ན་སྨྲོས་ཤིག །དེ་བཞིན་གཤེགས་པས་འཁོར་བཞི་པོ་འདི་ བྱིན་གྱིས་བརླབས་ཟིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་ 100-1-37a པར་ཞུགས་ནས་གཟུངས་འདི་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ག་མེ་ཁ་ག་མེ། ཙ་ཀྵུ་ཁ་བེ། ཤྲོ་ཏྲ་ཁ་བེ། གྷ་ན་ཁ་བེ། ཛི་ཧྭ་ཁ་བེ། ག་ཡ་ཁ་བེ། མ་ན་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ཤཱུ་ན་ཏྲ་ཁ་བེ། ཨ་ན་མིད་ཏ་ཁ་བེ། ཨ་པྲ་ཎི་ཧིད་ཁ་བེ། ས་མཱ་དྷི་ཁ་ བེ་པཱ་ར་མི་ཏཱ་ཁ་བེ། བོ་དྷི་ཁ་བེ། ས་ར་ས་ར་ས་ར། སརྦ་བུདྡྷ་ཨ་དྷིཥྛི་ཏི། བྷ་ར་བྷ་ར་བྷ་ར་དྷརྨ་ཨ་དྷིཥྛི་ཏེ། ཀ་ལ་ཀ་ལ་ཀ་ལ། སང་གྷ་ཨ་དྷིཥྛི་ཏེ། ན་མོ་དྭ་ན་བ་ཏི་ཎཱྃ། བུདྡྷ་ཀོ་ཏི་ཎཱྃ། ཨ་དྷིཥྛ་ན་དུ་མན། ཙ་ཏ་སྲ་པར་ཤ་དོ་ཨཱ་ཡུར་བ་ལན་ཙ་ ད་དན་ཏུ། ཏདྱ་ཐཱ། སུ་ར་བྷི་སུ་ར་བྷི། མ་ཧཱ་སུ་ར་བྷི། མུ་ནི་མུ་ནི། མ་ཧཱ་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ས་མྲྀ་དཱན་དུ་མཱན། ས་མནྟ་ བྷ་དྲ་དྷཱ་ར་ཎཱི་སྭཱ་ཧཱ། གཟུངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་པོ་དེ་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་རོ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ནི་གཟུངས་ སྣ་ཚོགས་ཐོབ་པར་གྱུར་ཏོ། །གཟུངས་འདིའི་ཆོ་ག་ནི་འདི་ལགས་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ མཐོང་བར་འགྱུར་རོ། །ཕོངས་པར་གྱུར་པའི་ཚེ་ལན་བདུན་ཡིད་ལ་བགྱིས་ན་ཐར་བར་འགྱུར་རོ། །རིམས་ནད་ཐམས་ཅད་ལ་རྣ་བར་བཟླས་བརྗོད་བགྱིའོ། །རླུང་གིས་ཟིན་ན་མར་དང་འབྲུ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ ཏེ་བསྐུ་བར་བགྱིའོ། །སོ་ན་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་བཅའ་བར་བགྱིའོ། །རྣ་བ་ན་ན་རས་བལ་གྱི་ས་བོན་འབྲུ་མར་དང་ལྷན་ཅིག་ཏུ་བསྐོལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། ཟངས་ཀྱི་སྣོད་ཀྱིས་ 100-1-37b རྣ་བར་བླུགས་པར་བགྱིའོ། །གླད་པ་ན་བ་ལ་འབྲུ་མར་རོ། །ལྟོ་ན་བ་ལ་བྱབ་པར་བགྱིའོ། །གདོན་གྱིས་བཏབ་པ་ལ་ཚོན་སྐུད་སྣ་ལྔ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་མགུལ་དུ་གདགས་སོ། །མཁའ་འགྲོ་མའི་གདོན་གྱིས་བཏབ་ན་ འབྲུ་མར་ལ་ལན་བདུན་བཟླས་ཏེ་གཤིས་ཐམས་ཅད་དུ་བྱུག་གོ། ནད་ཐམས་ཅད་ལ་བྱབ་པར་བགྱིའོ། །འདི་ནི་སྒྲུབ་པ་མ་མཆིས་པའི་ཆོ་གའོ། །ཇི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་། གཟུངས་དང་། ཏིང་ངེ་འཛིན་ འཐོབ་པ་དང་། རྫུ་འཕྲུལ་གྱིས་འགྲོ་བ་དང་། མི་སྣང་བར་བགྱི་བ་དང་། མིག་བསྐུ་བ་དང་། ལྡོང་རོས་ལ་སོགས་པ་སྒྲུབ་པར་འཚལ་ན། དེས་སྐུ་གདུང་དང་བཅས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱི་སྤྱན་སྔར་དཀྱིལ་འཁོར་ བགྱིས་ཏེ། བུམ་པ་གང་བ་བརྒྱ་རྩ་བརྒྱད་གཞག་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་བྲེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་ཆལ་པར་བཀང་ལ་ཙན་དན་དང་། ཨ་ག་རུ་དང་། ཀུན་དུ་རུའི་བདུག་པས་བདུགས་ཏེ། མར་མེ་ བརྒྱ་རྩ་བརྒྱད་བུད་ཅིང་མཆོད་པ་ཆེན་པོ་བགྱིས་ཏེ། ཚངས་པར་སྤྱོད་པ་གཙང་བས་གོས་གཙང་མ་བགོས་ལ་གཟུངས་ཀྱི་གསང་སྔགས་འདི་དག་གིས་མཚམས་གཅད་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏི་ལི་བྷན་དྷ་མི། མི་ལི་བྷན་དྷ་མི། ཙི་ལི་མི་ལི། བྷན་དྷ་མི། སཱི་མི་བྷན་དྷ་མི། བདག་གི་མཚམས་ལས་སུ་ཡང་འདའ་བར་མ་གྱུར་ཅིག་ སྭཱ་ཧཱ། ཆུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཕྱོགས་བཅུར་མཚམས་གཅད་པར་བགྱིའོ། །གང་གིས་འགུགས་པར་འགྱུར་བའི་གཟུངས་འདི་དག་ཀྱང་ཐོག་མར་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཙི་ལི་ཙི་ལི། མི་ལི་མི་ལི། ཙི་ལེ་ལི། ཨེ་ཧི་བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱ་ཧཱ། འདི་ནི་བདག་གི་སྙིང་པོ་བཤད་པ་སྟེ། 100-1-38a དེས་བདག་འགུག་པར་འགྱུར་རོ། །དེའི་འོག་ཏུ་ཟླ་བ་ཡར་གྱི་ངོས་ཚེས་བརྒྱད་ནས་གཟུང་སྟེ་ཉའི་བར་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དུས་གསུམ་དུ་བཟླས་བརྗོད་བགྱི་དུས་གསུམ་དུ་ཁྲུས་བགྱི། དུས་གསུམ་དུ་གོས་ བརྗེ་བར་བགྱིའོ། །དེ་ནས་ཚེས་བཅྭ་ལྔ་ལ་མཆོད་པ་ཆེན་པོ་བགྱིས་ཏེ། བཟླས་བརྗོད་དཔག་ཏུ་མ་མཆིས་པར་བགྱིའོ། །འོན་ཀྱང་ནམ་གྱི་གུང་ཐུན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་ཁ་དོག་གི་ལུས་དང་ལྡན་པ། མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། ལུས་ལས་འོད་ཟེར་བྱེ་བ་སྟོང་འབྱིན་ཅིང་མཆི་བར་འགྱུར་རོ། །དེ་ལ་རིག་སྔགས་འཆང་གིས་སྐྲག་པར་མི་བགྱི་ཞིང་བརྟན་པར་བགྱིས་ན་མཐོང་མ་ཐག་ཏུ་ས་ཐོབ་པར་འགྱུར་རོ། ། གཟུངས་དང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་སུ་རིན་ཆེན་ཏོག་དང་། ནུབ་ཕྱོགས་སུ་འོད་དཔག་མེད་དང་། བྱང་ཕྱོགས་སུ་དེ་བཞིན་གཤེགས་ པ་རྔ་སྒྲ་མཐོང་བར་འགྱུར་རོ། །དེ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རིགས་པའི་ཚུལ་གྱིས་མཐོང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ སྐྱེ་བར་འགྱུར་ཏེ། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་ 100-1-38b བཅོས་ནས་གཏན་ལ་ཕབ་པ། །༄༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལ་ཀཎྛ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནཱི་ལ་ཀཎྛ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །བཙུན་པ་སྤྱན་རས་གཟིགས་དབང་ ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་ཤེས་རབ་ཆེན་པོའི་མིག་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བདག་ངེས་པར་སེམས་ཅན་ཐམས་ ཅད་ཡོངས་སུ་སྐྱོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་ཐབས་ལ་མཁས་པ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་ རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་ཤེས་རབ་ཆེན་པོའི་གྲུར་ཞུགས་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་སྡུག་བསྔལ་གྱི་རྒྱ་ མཚོ་ལས་རྒལ་བར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་ལམ་མྱུར་དུ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་མྱ་ངན་ལས་འདས་པའི་རི་ལ་མཛེག་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་འདུས་མ་བྱས་ ཀྱི་ཁྱིམ་དུ་འདུག་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་ཆོས་ཀྱི་སྐུ་དང་གཅིག་པར་གྱུར་ཅིག །གང་གི་ཚེ་བདག་རལ་གྲིའི་རི་ལ་མཆི་བ་ན་རལ་གྲིའི་རི་དེ་རང་ 100-1-39a སྙིལ་ཞིང་ཞིག་པར་གྱུར་ཅིག །གང་གི་ཚེ་བདག་མེ་མ་མུར་གྱི་ནང་དུ་མཆི་བ་ན་མེ་མ་མུར་དེ་རང་མེད་པར་གྱུར་ཅིག །གང་གི་ཚེ་བདག་སེམས་ཅན་དམྱལ་བའི་ལམ་དུ་མཆི་བ་ན་སེམས་ཅན་དམྱལ་བ་རྣམས་རང་བཞིན་གྱིས་སྟོང་ པར་གྱུར་ཅིག །གང་གི་ཚེ་བདག་གཤིན་རྗེའི་འཇིག་རྟེན་དུ་མཆི་བ་ན། ཡི་དགས་རྣམས་རང་ཚིམ་པར་གྱུར་ཅིག །གང་གི་ཚེ་བདག་ལྷ་མ་ཡིན་གྱི་གནས་སུ་མཆི་བ་ན་དེ་དག་གི་སེམས་རང་དུལ་བར་གྱུར་ཅིག །གང་གི་ཚེ་བདག་དུད་འགྲོ་རྣམས་ སུ་མཆི་བ་ན་དེ་དག་ཡེ་ཤེས་ཆེན་པོ་རང་ཐོབ་པར་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་བན་དྷ་ན། ཙྪེ་ད་ན་ཀཱ་རཱ་ཡ། སརྦ་བྷ་ས་མུ་དྲོད། ཚོ་ཥ་ཎ་ཀ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤ་མ་ན་ཀཱ་རཱ་ཡ། སརྦ་ཨཱི་ཏྱུ་པ་ཏྲ་བ། བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏྲ་ཎཱ་ཡ། ཏ་སྱ་ན་མ་སྐྲྀ་ཏྭ། ཨི་དྃ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཧ་བ་ནཱི་ལ་ཀཎྛ་ཋ། ནམ་པ་ར་མ་ཧྲྀ་ད་ཡྃ། ཨཱ་བ་རྟེ་ཡེ་ཥཱུ་མི། སརྦ་ཨརྠ་སཱ་དྷ་ནཱ་ན། ཤུ་བ་ན་ཨ་ཛེ་ཏ་ཡན། སརྦ་བུད་དྷ་ནྃ། བྷ་བ་མཱརྒ་བི་ཤོ་དྷ་ཀཾ། ཏདྱ་ཐཱ། ཨཱ་ལོ་ཀེ། ཨཱ་ལོ་ཀེ། ཨཱ་ལོ་ཀ །ཨ་དྷི་བ་ཏཱི། ལོ་ཀ་ཏི། ཀྲཱ་ན་ཏི། ཧྲཱིཾ་ཧྲཱིཾ། ཧ་རེ་མ་ཧཱ་བོ་དྷི་སཏྭ། ཧེ་ཧེ། ཧེ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ །ཀུ་རུ་ཀུ་རུ། ཀརྨ་སཱ་དྷ་ཡ། སཱ་དྷ་ཡ། བི་དྷྭན། དེ་ཧི་དེ་ཧི། མེ་རཾ་ཀཱ་མང་ག་མ། བི་ཏང་ག་མ། སིདྡྷ་ཡོ་གི་ཤྭ་ར། དྷུ་རུ་དྷུ་རུ། བིརྱཱ་ན་ཏི། དྷ་ར་དྷ་ར། དྷ་ར་ཎི་ཤྭ་ར། ཙ་ལ་ཙ་ལ། བི་མ་ལ་མཱུརྟེ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། ཀྲིཥྞ་ཛི་ན། ཛ་ཊཱ་མུ་ཀུ་ཊ། ཨ་ལང་ཀྲྀ་ཏ། ཤ་རཱི་ར་ལམ་བྷ། པྲ་ལམ་བྷ། མ་ཧཱ་སིདྡྷྱ་བིདྱཱ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཙ་ལ་ཙ་ལ་མ་ཧཱ་ཙ་ལ། ཀྲྀཥྞ་བརྞ། ཀྲྀཥྞ་བཀྵ་ཀྲྀཥྞ་ནིརྒ་ཏ་ན། ཧེ་པད་མ་ཧསྟ། ཙ་ར་ཙ་ར། ནི་ཤ་ཙ་རེ་ཤྭ་ར་ཀྲྀཥྞ་ སརྦ་ཀྲྀར་ཏ་ཡ་ཛྙོ། བ་བཱི་ཏ། ཨེ་ཧྱེ་ཧི་མ་ཧཱ་བི་ར། མ་ཧཱ་བ་ར། ཧེ་མུ་ཁ་ཏྲི་པུ་ར། ད་ཧ་ནེ་ཤྭ་ར། ནཱ་ར་ཡ་ཎཱ། རཱུ་པ་བ་ལ་བེ་ག་དྷ་རི། ཧེ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་མ་ཧཱ་ཧཱ་ལ་ཧཱ་ལ། བི་ཥ་ནི་རྫི་ཏ། ལོ་ཀ་སྱ་རཱ་ག་བི་ཥ་བི་ནཱ་ཤ་ན། དྭེ་ཥ་བི་ཥ་ 100-1-39b བི་ནཱ་ཤ་ན། མོ་ཧ་བི་ཥ་བི་ནཱ་ཤ་ན། ཧུ་ལུ་ཧུ་ལུ། མ་ཧཱ་ཧུ་ལུ་ཧ་རེ། མ་ཧཱ་པད་མ་ནཱ་བྷ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡ་མི་ཏི་ནཱི་ལ་ཀཎྛ། ཨི་ཧྱེ་ཧི། བཱ་མསྠི། མ་ཧཱ་སིདྷ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ་ མ་ཧད་ཊ། ཏ་ཧ་ས་མ། ཨེ་ཧྱེ་ཧི་མ་ཧཱ་སིདྡྷ། ཡོ་གི་ཤྭ་ར། བྷ་ན་བྷ་ན། བཱ་ཙ་ན། སཱ་དྷ་ཡ་སཱ་དྷ་ཡ། བིདྷྱན། སྨ་ར་སྨ་ར་ཏམྦྷ་ག་བ་ཏན། ལོ་ཀཱ་ནུ་བི་ལོ་ཀི་ཏན། ཏ་ཐཱ་ག་ཏ་ན། དེ་ཧི་དེ་ཧི། མེ་ད་ར། ཤ་ན་ཀཱ་མ་སྱ། དར་ཤ །ན་མ་པྲ་དྷཱ་ད་ཡ་མ་མན་སྭཱ་ཧཱ། སིདྡྷཱ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷ་ཡ་སྭཱ་ཧཱ། སིད་དྷ་ཡོ་གི་ཤྭ་རཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛ་ཡ་སྭཱ་ཧཱ། བ་ར་ཧཱ་མུ་ཁཱ་ཡ་སྭཱ་ཧཱ། སིདྷ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ར་ན་སིདྷ་མུ་ཁཱ་ཡ་སྭཱ་ཧཱ། བཛྲ་ཧསྟ་ཡ་སྭཱ་ཧཱ། སིདྡྷི་བིདྱ་དྷ་རཱ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷ་བིདྱ་དྷ་རཱ་ ཡ་སྭཱ་ཧཱ། པད་མ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀྲྀ་ཧ་ཡཛྙོ་དྷ་ར་བི་ཏྭ་ཡ་སྭཱ་ཧཱ། མ་ཧཱ་མཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲཱ་ཡུ་དྷ་དྷཱ་རཱ་ཡ་སྭཱ་ཧཱ། ཤངྑ་ཤབ་ད་ནི། བོ་དྷ་ན་ཡ་སྭཱ་ཧཱ། བཱ་མ་སྠི་ཏ་ཀ་ན་ད་པེ་ཤ་ཀྲྀཥྞཱ་ཛི་ན་ཡ་སྭཱ་ཧཱ། བྱཱ་གྷྲ་ཙརྨ་ནི་བཱ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ཡོ་ཀི་ནཱི་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིད་དྷེ་ཤྭ་རཱ་ཡ་སྭཱ་ཧཱ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིད་དྷྱན་ཏུ་མེ་མན་ཏྲ་པ་ དེ་ནི་སྭཱ་ཧཱ། འཕགས་པ་ནཱི་ལ་ཀཎྛའི་གཟུངས་རྫོགས་སྷོ།། །།ཡང་ཞུས་ཏེ་ཐང་རྒྱལ་བས་སོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཧ་ཡ་གྲཱི་བ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲཱྀ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་ས་ཏྭེ་བྷྱཿ ས་ན་ག་ཏི་ནེ། ན་མཿ་སརྦ་སཏྭེ་བྷྱཿ ས་ན། ཨཱ་བ་ཧ་ར་རི་ནི། ན་མཿ སརྦ་སཏྭ་བྷ་ཡོཏྟ་ར་ཎཱ་ཡ། ན་མཿ སརྦ་བ་བྷ་བ། པྲ་ཤ་མ་ན་ཀ་རཱ་ཡ། ན་མཿ སརྦ་སཏྭ་བོ་དྷི་ཙི་ཀིདྷ་ས་ན་ཀ་རཱ་ཡ། ན་མཿ སརྦ་བནྡྷ་ན། ཙྪེ་ད་ནཱ་ཀ་རཱ་ཡ། ན་མཿ 100-1-40a སརྦ་དུཿཁ་པྲ་ཤྨ་ན་ཀ་རཱ་ཡ། ན་མཿསརྦ་ཨནྡྷ་ཀ་ར་བི་དྷ་མ་ན་ཀ་རཱ་ཡ། ན་མཿསརྦ་བིདྱཱ་རཱ་ཛ། པ་ཤ་པྲཱ་བ་ཏེ་ཡེ། མ་ཧཱ་ཡོ་ག་ཡོ་གཱི་ཤྭ་རཱ་ཡ། ཏ་སྱ་ན་མ་སྐྲྀ་ཏྭཱ་ཨི་དྃ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མུ་ཁོངྒཱི་རྞྞྀར་ཥི་རྀ་ཥི་བིདྡྷ་དཱ། དེ་བ་ནཱ་ག །ཡཀྵ་རཀྵ་ས། ཤཱཀྱ་བྲཧྨཱ། ལོ་ཀ་པཱ་ལ། བིཥྞུ་མ་ཧེ་ཤྭ་ར། ནཱ་རཱ་ཡཱ་ཎ། སྐནྡྷ་ཀུ་བེ་ར། ཨ་སུ་རེནྡྲ། མ་ཏྲྀ་ག་ཎ། ན་མཿཀྲྀ་ཏཾ། བཛྲ་ཁུ་ར་ས་ཧི་ཡཾ། ཧ་ཡ་གྲི་བ་བྲཧྨ། པ་ར་མ་ཧྲྀ་ད་ཡ། མཱ་བརྟ་ཡི། ཥྱ་མི། ཨ་བ་པྲ་མེ་ ཡཱརྟ་ས་ད་ཀ་ན། ཨ་ས་ཧྱཾ། ཨ་རྦ་བྷུ་ཧ་ནཾ། སརྦ་བིགྷྣ་བི་ནཱ་ཡ་ཀཾ། ཨ་མོ་གྷཾ། སརྦ་ཀརྨ་ཎཾ། ཤཱ་ནཉྩ། བི་ནཱ་ཡ་ཀཾ། ཏདྱ་ཐཱ། ཨོཾ་ཏ་རུ་ལ། ཏ་རུ་ལ། བི་ཏ་རུ་ལ་ལ། སརྦ་བ་ཤ་གྷ་ཏ་ཀ །སརྦ་བུ་ཏུ་བི་དྲ་བ་ཀ་ཛ་ལི་ཏ། ཨ་ན་ལ། བི་སྥུ་ལདྒི། ཨ་ཏ་ད་ས། ཀེ་ས་ར། ཨ་ཏོ་པ། པྲ་བི་ཏ་ཀ་ཡཾ་བཛྲ་ཁུ་ར་ཎི་ར། ག་ཏི་ཏ། ཙ་ལི་ཏ་བཱ་སུ་དཱ་ཏ་ལ། བཛྲ་ད་ཤྭ་ས་ཏ། ཧི་སི་ཏ་མ་རུ་ཏོ་ཀྵི་ཏ། པྲ་ཤ་མ་ན་ཀ་ར། པ་ར་དུཥྚ་བིགྷྣན། སམ་བ་ཀྵ་ན་ཀ་ར། སྭ་བི་དྡྷོ་བ་དེ་ ཤ་ཀ་ར། བ་རི་མ་ཤཱནྟི་ཀ་ར། བུདྡྷ་བུདྡྷ། བྷོ་དྷ་ཡ་མི་ཏེ། བྷ་ག་བཱཾ་ཧ་ཡ་བ། སརྦ་བིདྱཱ་ཧྲཱི་ད་ཡ། མཱ་བརྟ་ཡི། ཥྱ་མི་ཁ་ད་ཁ་ད། མ་ཧཱ་རཽ་དྲ། མནྟྲན། རཀྵ་རཀྵ། ཨཱཏྨ་སྭ་ཧི་ཏྲ་ན། མན་ན། སིདྡྷ་སིདྡྷ། སརྦ་ཀ་མེ་ཥྱ་མ། སིད་དྷེ། དེ་ཧི་དེ་ཧི། ཨཱ་བི་ཤ་ཨཱ་བི་ཤ །པྲ་བ་པྲ་བེ་ཤ །སརྦ་གྲ་ཧེ་ཥུ། ཨ་པྲ་ཏི་ཧ་ཏ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། སརྦ་བ་རོ་པ་གྲ་མ། ཀྲྀ་ཏྱ་ཀ་ཁོརྡོ། དུརླཾ་གྷི་ཏ། མུ་ཤི་ཀ །བི་ཤ་ཀ་ར་བ་ཤ་ དྃཥྚ་བི་ཥ་ཙཱུརྞ་ཡོ་ཨ་བི་ཙཱ་ར་བི་ཤི་ཀ་ར་ན། སིདྡྷ་ཨཉྫ་ན། ཙཀྵུར་མོ་ཧ་ན། ཙིཏྟ་བཱ་ཀ་ཤེ་པ་ན་ཀ་ར། ནི་ཏྱ། ཨ་བ་ར་པྲེ་ཀྵ་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ཧཱ་བོ་དྷི་སཏྭ། རི་དྡྷྱ་དྃཥྚ་ཎེ་ན། སརྦ་བྷ་ཡེ་བྷྱཿ སཏྭཱ་ནཱཾ། རཀྵ་རཀྵ། མ་མ་བུདྡྷ། དྷརྨ་སཾ་གྷ། ཨ་ནུ་ཛྙཱ་ཏཾ། མེ་ཀརྨ་ཤི་གྷྲཾ་ཀུ་རུ་ཀུ་རུ། ཕཊ། ཧ་ཡ་གྲཱི་བ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་དྃཥྚོ་ཏྐེ་ཊ། བྷ་ཡ་བྷཻ་ར། བཱ་ཡ་ཕཊ། པྲ་ར་ནཾ་ཏྲཱ་ན། ནཱ་ཤ་ནཱ་ཀ་རཱ་ཡ་ཕཊ། བར་དུཥྚ་བིགྷྣཾ་ 100-1-40b བཾ་བྷཀྵ་ཎ་ཀ་རཱ་ཡ་ཕཊ། སརྦ་གྲ་ཧོདྶྰ་དྷ་ན་ཀ་རཱ་ཡ་ཕཊ། སརྦ་གྲ་ཧེ་ཥུ་ཨ་པྲ་ཏི་ཧ་ཏ་ཡ་ཕཊ། བ་མུ་ཁཱ་ཡ་ཕཊ། ཡེ་ཀེ་ཙི་ཏ། མ་མ་ཨ་ཧི་ཏེ་ཥི་ན། ཀ་ཡེ་ཀྲ་མིནྟི། མནྟྲ་ཡནྟི། ཡ་མཱནྟ། ཛུ་ཧྭ་ན་ཏི་ཀཱ་ཁོརྡཾ་ཀུརྦནྟི་ཏ་ན་སརྦ་ན་བ་ ད་མི་ཁེ་ན། བཀྲི་ཏ་ཡ་ཕཊ། ན་མཿ སརྦ་དུཥྚ་གྲ་ཧོ་དྶཱ་དྷ་ན་ཡ། ཧ་ཡ་གྲཱི་བཱ་ཡ། སིདྡྷྱནྟུ། མནྟྲ་པཱ་དཻ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏོདྡྷ་བཱ་ཡ། ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ན་མོ་ཧ་ཡཱ་ཡ་སྭཱ་ཧཱ། ཨོཾ་ན་མོ་བི་ཤྭ་མཱུརྟ་ཡེ་སྭཱ་ཧཱ། ན་མཿ སརྦ་སཏྭཱ་ནཱཾ་ སིདྡྷྱནྟུ། མནྟྲ་པ་དེེ་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲཱི་བ་ཞེས་བྱ་བའི་གཟུངས། རྫོགས་སོ།། །།ཞུསོ། །ཡང་ཞུས། གསུམ་ཞུས་བྱང་།། ༄༅། །རྒྱ་གར་སྐད་དུ། མ་ཧཱ་ཀ་རུ་ཎི་ཀ་ནཱ་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་དྷ་ར་ཎཱི་ཨ་ནུ་ཤན་ས་ས་ཧི་ཏ་སཱུ་ཏྲ་ཏ་སྃ་གྲ་ཧི་ཏ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་ རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བོ་པོ་ཏ་ལ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པའི་འཁོར་ གྱིས་བསྐོར་ནས། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཞིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ང་ལ་འདི་ལྟ་བུའི་གཟུངས་ཡོད་མིང་ནི་ཐུགས་རྗེ་ཆེན་པོ་ ཞེས་ཟེར་སེམས་ཅན་ཀུན་གྱི་མི་དགེ་བའི་སྡིག་པ་ཤིན་ཏུ་ལྕི་བའི་སྒྲིབ་པ་བདུད་དང་སྒྲིབ་པ་འཇིགས་པ་ཐམས་ཅད་ཞི་བར་བྱེད་པ་འདོད་པ་ཐམས་ཅད་རབ་ཏུ་ཚིམ་པར་བྱེད་པའི་ཕྱིར་ངས་བཤད་དོ། །བཅོམ་ལྡན་འདས་ ལ་བཤད་པའི་གནང་བ་ཞུས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱིས་ཐུགས་རྗེ་ཆེན་པོའི་སྒོ་ནས་གཟུངས་བཤད་པར་འདོད་པའི་དུས་ལ་བབ་བོ། །མྱུར་བར་བཤད་དུ་གསོལ། ང་དང་སངས་རྒྱས་ 100-1-41a ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ ནམ་དགེ་བསྙེན་མ་འམ། ཁྱེའུ་འམ། བུ་མོ་འདོན་པ་དང་འཆང་བར་འདོད་པས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐོག་མར་འདི་ལྟ་བུ་ཡི་སེམས་བསྐྱེད་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་ཐུགས་ རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་རྣམས་ཐམས་ཅད་མྱུར་དུ་རྟོགས་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཡེ་ཤེས་མིག་ནི་མྱུར་དུ་ཐོབ་པར་ཤོག །སྤྱན་རས་ གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་མྱུར་དུ་སྒྲོལ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཐབས་མཁས་པ་དག་མྱུར་དུ་ཐོབ་ པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་སྡུག་བསྔལ་མཚོ་ལས་ འདའ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་ཚུལ་ཁྲིམས་རྐང་གི་ལམ་ཐོབ་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་མྱ་ངན་འདའ་ བའི་རི་མཛེག་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་འདུས་མ་བྱས་ཀྱི་ཁྱིམ་ཕྱིན་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་ཆོས་ཉིད་ སྐུ་དང་མཚུངས་པར་ཤོག །བདག་ནི་རལ་གྲིའི་རི་མཛེག་ན། །རལ་གྲིའི་རི་ནི་རང་རྙིལ་ཤོག །བདག་ནི་ཆུ་ཚན་འཕྲད་གྱུར་ན། །ཆུ་ཚན་མེ་མུར་རང་ཞིར་ཤོག །སེམས་ཅན་དམྱལ་བར་བདག་སོང་ན། །སེམས་ཅན་དམྱལ་བ་རང་སྐམས་ 100-1-41b ཤོག །བདག་ནི་ཡི་དགས་གནས་སོང་ན། །བཀྲེས་སྐོམ་དག་ནི་འགྲངས་པར་ཤོག །བདག་ནི་ལྷ་མིན་གནས་སོང་ན། །ངན་སེམས་རང་ཉིད་དུལ་བར་ཤོག །བདག་ནི་དུད་འགྲོ་གནས་སོང་ན། །རང་ཉིད་ཤེས་རབ་ཆེ་ཐོབ་ཤོག །དེ་སྐད་དུ་ སྨོན་ལམ་བཏབ་ནས་སེམས་རྩེ་གཅིག་ཏུ་བདག་གི་མིང་ནས་འདོན་ཅིང་རྗེས་སུ་དྲན་པར་བགྱིའོ། །གཞན་ཡང་བདག་གི་སྟོན་པ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་འདོན་ཅིང་། དེ་ནས་གཟུངས་འདི་ལན་ཅིག་གམ་ ལན་བདུན་གྱི་བར་དུ་བཏོན་ན། བསྐལ་པ་འབུམ་ཕྲག་བརྒྱ་སྟོང་ཇི་སྙེད་འཁོར་བར་འགྱུར་བའི་ཁ་ན་མ་ཐོ་བའི་ལྕི་བ་རྣམས་བསལ་ཅིང་འབྱང་བར་འགྱུར་ལགས་སོ། །གལ་ཏེ་ཐུགས་རྗེ་ཆེན་པོ་འདི་འདོད་ཅིང་འཆང་ན་ འཆི་བའི་དུས་ཀྱི་ཚེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དེར་གཤེགས་ནས་ཕྱག་རྐྱོང་བར་འགྱུར་བས་བསམས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ངན་སོང་གསུམ་པོ་དག་ཏུ་ལྟུང་བར་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་ སངས་རྒྱ་བར་མི་བགྱིའོ། །ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ཏིང་ངེ་འཛིན་དང་སྤོབས་པ་ཚད་མེད་པ་ཇི་སྙེད་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། ། ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ཚེ་འདི་ཉིད་ལ་སྨོན་པ་ཐམས་ཅད་ཅི་ལྟར་སྨོན་པ་བཞིན་དུ་གྲུབ་པར་མ་གྱུར་ན་ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཞེས་མི་བགྱི་ལགས་ཏེ། མི་དགེ་བ་རྣམས་དང་སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ལགས་སོ། །བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ལས་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་ཐོབ་པར་འཚལ་བ་གང་ལགས་པ་དེས་ཐུགས་རྗེ་ཆེན་ 100-1-42a པོའི་སེམས་ཀྱི་གཟུངས་ཀྱི་ཚིག་འདི་འདོན་ཅིང་ཡོངས་སུ་གཟུངས་བས་གལ་ཏེ་བུད་མེད་ཀྱི་ལུས་ལས་ཡོངས་སུ་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། ། ཐེ་ཙོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན་གདོན་མི་ཟ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་འགྲུབ་པར་མི་འགྱུར་ལགས་སོ། །དེ་སྐད་ཅེས་སྨྲས་ནས་འཁོར་འདུས་པའི་མདུན་དུ་ཐལ་མོ་སྦྱར་ཏེ། དྲང་པོར་འདུག་ནས་ སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་དེ་འཛུམ་པའི་མདངས་ཀྱིས་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་གྱ་ནོམ་པ་འདི་དག་སྨྲས་སོ། ། སྙིང་པོ་ནི། ཨོཾ་མ་ཎི་པད་མེ་ཧཱུྃ། གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་བནྡྷ་ན། ཙྪེ་ད་ན་ཀ་རཱ་ཡ། སརྦ་པཱ་པ་ས་མུ་དྲ་ཨུཙྪོཥ་ཎ་ཀ་རཱ་ ཡ། སརྦ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཨཱི་ཏྱུ་པ་དྲ་ཝ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏྲ་ཎཱ་ཡ། ཏ་སྱ་ན་མ་སྐྲྀ་ཏྭཱ་ཨི་དྃ་ཨཱརྱ་ཨ་ཝ་ལོ་ཀི་ཏི་ཤྭ་ར་ཏ་ཝ་ནཱི་ལ་ཀཎྛ་ནཱ་མ་ཧྲྀ་ད་ཡཾ། ཨ་ཝར་ཏ་ཡི་ཥཱུ་མི་སརྦ་ཨརྠ་སཱ་དྷ་ན། ཤུ་བྷ་ཙི་ ཏྟེ་ན། སརྦ་ཏྭཱ་ནཱཾ། པཱ་པ་མཱརྦ་བི་ཤོ་དྷ་ཀ །ཏདྱ་ཐཱ། ཨ་ཝ་ལོ་ཀི་ལོ་ཀ་མ་ཏི། ལོ་ཀ་ག་ཏི། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་ཀཱ་རུ་ཎི་ཀཱ་སྨ་ར་ཧྲྀ་ད་ཡ། ཨེ་ཧྱེ་ཧི། ཨཱརྱ་ཨ་ཝ་ལོ་ཀི་ ཏེ་ཤྭ་ར་པ་ར་མ་མཻ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ །ཀུ་རུ་ཀུ་རུ། ཀརྨྃ་སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱཾ་དེ་ཧི་དེ་ཧི་མེ། ཨ་རངྒ་མཾ་ག་མ། བྀ་ཧཾ་ག་མ་ཧཱ་སིད་དྷ་ཡོ་གི་ཤྭ་ར། དུ་ཧུ་དུ་ཧུ། བི་ར་ཡན་ཏེ། མ་ཧཱ་བི་ར་ཡན་ཏེ། དྷ་ར་དྷ་ར། དྷ་ར་ཎཱི་ཤྭ་ར། ཛྭ་ལ་ཛྭ་ལ། བི་མ་ལ་ཨ་མ་ལ། མཱུརྟི་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཀྲྀཥྞ་ཨ་ཛི་ན། ཛ་ཊཱ་མ་ཀུ་ཊ། ཨ་ལཾ་ཀྲྀ་ཏ་ཤ་རཱི་ར། ཨ་ལཾ་བྷ། པྲ་ལཾ་བྷ། བི་ལཾ་བ། མ་ཧཱ་སིདྡྷ། ཤུདྡྷ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ཧཱ་མ་ལ་མ་ཧཱ་མ་ལ། ཛྭ་ལ་ཛྭ་ལ། 100-1-42b མ་ཧཱ་ཛྭ་ལ། ཀྲྀཥྞ་བཀྵ་ཀྲྀཥྞ་ཝརྞ། ཀྲྀཥྞ་པཱ་ཤ །ནིརྒྷཱ་ཏ་ན། ཧེ་པད་མ་ཧསྟ། ཛ་ཡ་ཀ་ར་ནི་ཤཱ་ཙ་རེ་ཤྭ་ར། ཀྲྀཥྞ་སརྦ་ཀྲྀཏ་ཡཛྙོ་པ་ཝཱི་ཏ། ཨེ་ཧྱེ་ཧི་བཱ་རཱ་ཧ་མུ་ཁ་ཏྲི་པུ་ར། ད་ཧ་ནཱི་ཤྭ་ར་ན་རཱ་ཡ། ཎ་པ་ལ་རུ་པ་བེ་ཥ་དྷ་རི། ཧེ་ནཱི་ལ་ཀཎྛ། ཧེ་མ་ཧཱ་ ཧ་ལཱ་ཧ་ལ། བི་ཥ་ནིར་ཛཱི་ཏི་ལོ་ཀ་སྱ། རཱ་ག་བི་ཥ་ནཱ་ཤ་ན། དྭེ་ཥ་བི་ཥ་ནཱ་ཤ་ན། མོ་ཧ་བི་ཥ་ནཱ་ཤ་ན། ནིར་མོ་ཀྵ་ཎ། ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་ཧུ་ལུ་མུ་ཧུ་ལུ། ཧཱ་ལ་ཧཱ་ལ། མ་ཧཱ་པད་མ་ན་བཱ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡཱ། མི་ཏ་བ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་བ་མ་སྠི་ཏ། སིངྷ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ། མ་ཧཱ་ཨཊྚཱཊྚ་ཧ་ས་ནིར་ནཱ་དི་ནི། ཨེ་ཧྱེ་ཧི། བྷོ་བྷོ་མ་ཧཱ་སིདྡྷ་ཡོ་གི་ཤྭ་ར། བན་དྷ་བན་དྷ་ཝ་ཙཾ་ སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱཾ་སྨ་ར་སྨ་ར་ཏྭཱཾ། ཧེ་བྷ་ག་ཝན། ལོ་ཀ་བི་ལོ་ཀ་སྟྭཾ། ཏ་ཐ་ག་ཏཱ་དཱ་དཱ་ཧི་མེ་དར་ཤ་ནཾ། པྲ་སཱ་དྷ་ཡ་མི་སྭཱ་ཧཱ། སིདྡྷཱ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷཱ་ཡ་སྭཱ་ཧཱ། སིདྡྷ་ཡོ་གཱི་ཤྭ་རཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛ་ཡ་སྭཱ་ཧཱ། བ་ར་ཧ་མུ་ཁཱ་ཡ་སྭཱ་ཧཱ། སིདྷ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ན་ར་སིདྷ་མུ་ཁཱ་ཡ་སྭཱ་ཧཱ། སིད་དྷ་བིད་དྱཱ་དྷ་རཱ་ཡ་སྭཱ་ཧཱ། པད་མ་ཧསྟཱ་ཡ་སྭཱ་ཧཱ། མ་ཧཱ་པད་མ་ཧསྟཱ་ཡ་སྭཱ་ཧཱ། བཛྲ་ཧསྟཱ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སར་པ་ཀྲྀ་ཏ་ཡཛྙོ་པ་ཝཱི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲ་ཨཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤཾ་ཁ་ཤབྡ་ནིར་ནཱ་ད་ནི་ཀ་རཱ་ཡ་སྭཱ་ཧཱ། བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ། བཱ་མ་སྐནྡྷ་དེ་ཤ་ཐི་ཏ་ཀྲྀཥྞ་ཨ་ཛི་ནཱ་ཡ་སྭཱ་ཧཱ། བཱ་མ་ཧསྟཱ་བྱཱ་གྷྲ་ཙར་མ་ནི་ཝཱ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀི་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀི་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྡྷེ་ཤྭ་རཱ་སྭཱ་ཧཱ། རཀྵ་རཀྵ་མཾ་སྭཱ་ཧཱ། ཀུ་རུ་རཀྵ་མཱུརྟཱི་ནཱཾ་སྭཱ་ཧཱ། ན་མོ་བྷ་ག་ཝ་ཏི་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱན་ཏུ་མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་འདི་བསྟན་ཟིན་ནས། གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གི་ཆེད་དུ། གནོད་པ་དང་བགེགས་ཡོངས་ 100-1-43a སུ་བསལ་བའི་ཕྱིར། ཤིན་ཏུ་དང་བའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་རི་དང་འབྲོག་དགོན་སོང་བ་ལས། །སྟག་དང་སྤྱང་ཀི་གཅན་ཟན་གཏུམ་པོ་དང་། །རྩངས་པ་སྦྲུལ་དང་འདྲེ་སྲིན་ཕྲད་གྱུར་ ཀྱང་། །གཟུངས་འདི་འདོན་པ་ཐོས་ནས་གནོད་མི་ནུས། །གང་ཞིག་ཆུ་བོ་རྒྱ་མཚོར་ཞུགས་པ་ལས། །གདུག་པའི་ཀླུ་དང་ཆུ་སྲིན་མ་རུངས་དང་། །གནོད་སྦྱིན་སྲིན་པོ་ཉ་དང་རུ་སྦལ་དག །གཟུངས་འདི་ཐོས་ནས་སོ་སོར་ འབྱེར་བར་འགྱུར། །གང་ཞིག་གཡུལ་སྤྲད་དགྲ་ཡིས་བསྐོར་བ་འམ། །ཆོམ་རྐུན་མ་རུངས་ནོར་ནི་འཕྲོག་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དེ་དག་བརྩེ་སེམས་སྐྱེས་ནས་ལྡོག་པར་འགྱུར། །གང་ཞིག་ རྒྱལ་པོའི་གྱོད་ལ་ཐོགས་པ་དང་། །ལྕགས་སྒྲོག་ཁོང་སྒྲིལ་བཙོན་རར་ཆུད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རྒྱལ་པོ་བརྩེ་སེམས་ཀྱིས་ནི་གཏོང་བར་འགྱུར། །གང་ཞིག་བྱད་སྟེམ་དུག་མའི་ཁྱིམ་ ཞུགས་ཏེ། །ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དུག་ནི་ཟིལ་དངར་ཟས་སྐོམ་ཉིད་དུ་འགྱུར། །བུད་མེད་སྦྲུམ་མ་བུ་ནི་བཙའ་བའི་ཚེ། །བདུད་ཀྱིས་བགེགས་བྱས་ སྡུག་བསྔལ་མི་བཟོད་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདྲེ་གདོན་བྱེར་ནས་བདེ་བར་བཙའ་བར་འགྱུར། །ཀླུ་གདོན་གཏུམ་པོས་གདུག་པའི་དབུགས་བཏང་བས། །ཚ་བའི་ནད་ཀྱིས་ཉེན་ནས་ འཆིར་ཉེ་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར། །ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྲངས་པ་དང་། །ཤུ་འབྲས་མི་བཟད་རྣག་ཁྲག་འཛག་པའི་ཚེ། །རྩེ་གཅིག་ཐུགས་ རྗེ་ཆེན་པོའི་གཟུངས་བཟླས་ན། །མཆིལ་མ་ལན་གསུམ་བྱུགས་པས་སྐྲངས་པ་ཞི། །སེམས་ཅན་རྙོག་པ་མི་དགེ་སྤྱོད་པས་ན། །བྱད་སྟེམས་སྔགས་དང་དགྲས་ནི་གཙེས་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། ། 100-1-43b བྱད་སྟེམས་གདོན་དེ་གཏོང་བའི་མི་ལ་འདུད། །སྡིག་འཕེལ་སྙིགས་མ་དམ་ཆོས་འཇིག་པའི་ཚེ། །འདོད་པའི་མེ་མཆེད་སེམས་ནི་རྨོངས་ལོག་པས། །ཁྱོ་ཤུག་སོ་སོར་གཞན་ལ་འདོད་ཞེན་ནས། །ཉིན་མཚན་ལོག་བསམ་རྒྱུན་ནི་མི་འཆད་ ཚེ། །གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར། །བདག་གི་གཟུངས་འདི་མཐུ་སྟོབས་རྒྱས་བརྗོད་ན། །བསྐལ་པར་བརྗོད་ཀྱང་མཐར་ཐུག་ཡིད་མི་འགྱུར། །གལ་ཏེ་ཐུགས་ རྗེ་ཆེན་པོའི་གཟུགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་ངམ་རྒྱ་མཚོར་ཞུགས་ཏེ་ཁྲུས་བྱས་པ་ལས། དེ་ན་གནས་པའི་སེམས་ཅན་དེ་དང་དེ་དག་གི་ལུས་བཀྲུས་པའི་ཆུས་ལུས་ལ་རེག་པར་གྱུར་ན་སྡིག་པའི་ལས་ དང་ཁ་ན་མ་ཐོ་བའི་ལྕི་བ་ཐམས་ཅད་ཡོངས་སུ་བྱང་ནས་ཞིང་ཡོངས་སུ་དག་པ་གཞན་དག་དུ་པད་མ་ལ་རྫུས་ཏེ་སྐྱེ་བར་འགྱུར་བས་མངལ་དང་། དྲོད་གཤེར་དང་། སྒོ་ང་ལས་སྐྱེས་པའི་ལུས་ལེན་པར་མི་འགྱུར་ན། ཁ་ཏོན་དུ་འདོན་ པ་དང་འཆང་བ་ལ་ལྟ་སྨོས་ཀྱང་ཅི་དགོས། གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ལམ་དུ་ཞུགས་ནས་འགྲོ་བའི་ཚེ་རླུང་ཆེན་པོ་ལངས་ཏེ་གང་ཟག་དེའི་ལུས་དང་། སྤུ་དང་སྐྲ་དང་། གོས་ལ་བུས་པའི་རླུང་གང་ཡིན་པ་དེའི་ ཕྱོགས་སུ་སོང་བའི་སེམས་ཅན་གཞན་གྱི་ལུས་ལ་རེག་པར་གྱུར་ན། དེ་དག་གི་སྒྲིབ་པ་དང་། སྡིག་པའི་ལས་ལྕི་བ་ཐམས་ཅད་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་བས་ཡང་ངན་འགྲོ་གསུམ་པོ་དག་གི་རྣམ་པར་སྨིན་ པ་མྱོང་བར་མི་འགྱུར་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་བས་ན་འདོན་པ་དང་། ཡོངས་སུ་འཛིན་པ་དེ་དག་གིས་ཐོས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས། ཕན་ཡོན་དང་བཅས་པ་ཞེས་བྱ་བའི་མདོ་ལས་བཏུས་པ། རྫོགས་སྷོ།། །།དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས་ཏེ་ཞུས་སོ།། 100-1-44a ༄༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ནཱ་མ་ཤ་ཏ་ཨཥྚ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕོ་བྲང་རི་པོ་ཏ་ལའི་རྩེ་མོ་ན། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་དཀྲམ་པ། འཛམ་བུའི་གླིང་གསེར་ གྱི་མདོག་འདྲ་བ་ན། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་ཏུ་འབར་བའི་ས་ཕྱོགས་ན་བཞུགས་ཏེ། དེ་ན་ལྷ་དང་ཀླུ་དང་། གནོད་སྦྱིན་དང་སྲིན་པོ་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བརྒྱ་བྱིན་ དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་མི་དང་མི་མ་ཡིན་པ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱས་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་ པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་ཚངས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པ་སྦྱོར་བ་ཡོངས་སུ་ཟད། །ཡང་དག་བཀའ་ལ་རྣམ་གྲོལ་སེམས། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ། །ཀླུ་ཆེན་པོ་ནི་ཅང་ ཤེས་པོ། །སེམས་ལ་དབང་བསྒྱུར་ཐམས་ཅད་ཀྱི། །མཆོག་ཏུ་ཕ་རོལ་ཕྱིན་པ་ཐོབ། །ཡེ་ཤེས་ཚོགས་ནི་ཡོངས་སུ་རྫོགས། །སྲིད་པའི་དགོན་པ་རབ་ཏུ་བརྒལ། །གཞན་ལ་ཕན་པ་མཛད་ལ་བརྩོན། །ཐུགས་རྗེ་དང་ནི་འབྲེལ་ པའི་ཐུགས། །སྐྱེ་དགུ་ཀུན་ལ་རབ་ཏུ་བྱམས། །དགེ་བ་རབ་བརྩོན་བྱམས་ལས་བྱུང་། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །བདེ་བར་གཤེགས་པ་ཉིད་ལས་སྐྱེས། །ཁམས་གསུམ་གྱི་ནི་གཉེན་གཅིག་པོ། ། 100-1-44b འདོད་ཆགས་ཞེ་སྡང་གཏི་མུག་མེད། །དྲི་མ་གསུམ་ནི་རབ་ཏུ་སྤངས། །རིག་པ་གསུམ་གྱི་ཕ་རོལ་ཕྱིན། །མངོན་པར་ཤེས་པ་དྲུག་ཀྱང་བརྙེས། །ནྱ་བ་གྲོ་དྷ་ལྟ་བུར་ཟླུམ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་བཅུ་རྩ་གཉིས་དག་ དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་བཅུས་ཀྱང་། །སྐུ་ནི་རྣམ་པ་ཀུན་ཏུ་བརྒྱན། །སྐུ་མདོག་གསེར་གྱི་ཁ་དོག་འདྲ། །སྐུ་ཚད་ཆེ་ཞིང་སྐར་ཤམ་པོ། །ན་ག་གེ་སར་གཞོན་ནུ་ལྟར། །ཅུང་ཟད་རབ་ཏུ་དམར་བའི་མདོག །དབུ་ཡི་ཐོར་ཚུགས་ དག་དང་ལྡན། །ཐོར་ཚུགས་མང་པོས་ཉེ་བར་གཡོགས། །དབུ་ལ་འོད་དཔག་མེད་པ་བཞུགས། །འོད་ཟེར་དག་ནི་རྣམ་པར་འཕྲོ། །འདོམ་གང་འོད་ནི་རབ་ཏུ་འབར། །གསེར་གྱི་རི་འདྲ་གྲགས་པས་ཁྱབ། །གཟི་བརྗིད་དག་ཀྱང་རབ་ཏུ་ཆེ། ། ཤར་གྱི་རི་ལ་འཆར་བ་ལ། །ཉི་མའི་གཙུག་ཏོར་དང་ལྡང་ལྡན། །ནོར་བུ་རིན་ཆེན་འབར་བ་ཡིས། །སེར་ལ་ཁས་ནི་སྐུ་ཕྱེད་བརྒྱན། །ས་དག་ལ་ནི་རབ་ཏུ་མཁས། །ཕ་རོལ་ཕྱིན་པ་བཅུ་རྣམས་སྤྱོད། །ཚུལ་ཁྲིམས་མ་ཉམས་རལ་པ་ མེད། །འཐོང་ཀ་སེང་གེ་འཕྱོང་བ་འདྲ། །སྐུ་ནི་འཇམ་ཞིང་ལྡེམ་བག་ཅན། །གཟིགས་ཤིང་གཤེགས་པས་ཁྱུ་མཆོག་འདྲ། །གཡས་སུ་འཁྱིལ་བའི་དུང་ཡང་འདྲ། །དཔྲལ་བ་ཟླ་བ་རྒྱས་པ་འདྲ། །དཔྲལ་བའི་དབྱིངས་ནི་ རྒྱ་ཡང་ཆེ། །སྨིན་འཚམས་བར་ཡང་ཡོངས་མ་ཆད། །སྤྱན་ནི་ནོར་བུ་རིན་ཆེན་འབར། །ཤངས་ཀྱི་དབྱིངས་ནི་ཅུང་ཟད་མཐོ། །ཚེམས་ཀྱི་སྒྲོས་ཀྱིས་རྣམ་པར་གནོན། །ལྗགས་ཀྱིས་སྟོང་གསུམ་ཁེབས་མཛད་ཅིང་། །སྙན་གྱི་ཁུངས་ ཡང་རབ་ཏུ་ཟབ། །མགུར་ཡང་བུམ་པའི་མགྲིན་པ་འདྲ། །དཔུང་པ་དག་ཀྱང་རབ་ཏུ་ཟླུམ། །ཕྱག་སོར་རྣམས་ཀྱི་ཚིགས་ཀྱང་རིང་། །སེན་མོ་འཇམ་ཞིང་ཅུང་ཟད་དམར། །ཕྱག་སོར་རྣམས་ཀྱི་བར་ཡང་འབྲེལ། །ཕྱག་དང་ཞབས་ཀྱི་ མཐིལ་རྣམས་ལ། །འཁོར་ལོ་དག་གིས་རབ་ཏུ་བརྒྱན། །སྟོན་པའི་པད་མ་འདྲ་བར་མཛེས། །སྐུ་མདོག་འཇམ་ཞིང་ཤ་ཡང་རྒྱས། །གསུང་ནི་ཚངས་པའི་དབྱངས་ལྟར་ཟབ། །ཡིད་དུ་འོང་ཞིང་དགའ་བར་འགྱུར། །བལྟ་ན་སྡུག་ཅིང་ 100-1-45a མདངས་དགའ་བ། །པད་མ་ལས་བྱུང་པད་མའི་མདོག །པད་མ་དག་ལས་ཀུན་དུ་སྐྱེས། །པད་མ་དག་གི་གདན་ལ་བཞུགས། །ཕྱག་ན་པད་མ་བཟང་པོ་བསྣམས། །རིལ་བ་སྤྱི་བླུགས་ཕྱག་ན་བསྣམས། །ཀྲྀཥྞ་ས་རིའི་ལྤགས་ པ་བསྣམས། །དབྱུག་པ་དང་ནི་བགྲང་ཕྲེང་འཛིན། །བཀྲ་ཤིས་དག་གིས་གཙང་མར་འགྱུར། །མདའ་ནས་གསུང་ཞིང་གསོང་པོར་སྨྲ། །བདུད་རྩིའི་ཆར་ནི་རབ་ཏུ་འབེབས། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་ཐམས་ཅད་དགའ་ བར་བྱེད། །བཟང་པོར་སྣང་བའི་ལྗོན་ཤིང་ལྟར། །སངས་རྒྱས་ཀུན་གྱི་གསོས་སུ་གྱུར། །སངས་རྒྱས་ཀུན་གྱི་སྤྲུལ་པ་ལགས། །བདེ་བར་གཤེགས་པའི་རིང་བསྲེལ་འཛིན། །བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་ གཙོ་བོར་འགྱུར། །བསོད་ནམས་མཛད་ཅིང་དགེ་བ་མཛད། །བཤོལ་བ་མེད་ཅིང་ངེས་པ་སྟེ། །རབ་ཏུ་གྲགས་པའི་བརྩོན་འགྲུས་ཅན། །འཁོར་བ་དག་ལས་ཀུན་ཏུ་བརྒལ། །དམ་ཆོས་རྒྱལ་ཚབ་མངའ་གསོལ་བ། །ཡིད་བཞིན་ འཁོར་ལོ་བདེ་བ་སྐོར། །དོན་ཡོད་ཞགས་པས་ཉོན་མོངས་འདྲེན། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོ་དྷ་མགྲིན་སྔོན་གདུག་པ་སེལ། །ཆུ་སྲིན་འཛིན་ཁྲི་འཇིགས་ལས་སྒྲོལ། །ལྷ་མོ་སྒྲོལ་མ་རྗེས་སུ་འབྲེང་། །ཁྲོ་གཉེར་ ཅན་ནི་བཀའ་བཞིན་བྱེད། །རྒྱལ་བ་ཅན་ནི་ཚུལ་དང་ལྡན། །མཐུ་ཆེན་ལྡན་ཞིང་དྲན་དང་ལྡན། །ཡོན་ཏན་ལྡན་ཞིང་བྱམས་དང་ལྡན། །ཤེས་རབ་ལྡན་ཞིང་དཔལ་དང་ལྡན། །ཚུལ་ཁྲིམས་ལྡན་ཞིང་དོན་དང་ལྡན། །དོན་རྣམས་ཀུན་གྱི་རིག་ པ་པོ། །ཐེ་ཙོམ་ཐམས་ཅད་གཅོད་པ་པོ། །ཆོས་རྣམས་ཐམས་ཅད་སྨྲ་བ་པོ། །འཇིག་རྟེན་ཀུན་གྱི་སྟོན་པ་པོ། །ཞལ་བཟངས་ཟླ་བ་ཉ་བ་འདྲ། །སྐུ་སྨད་རིན་ཆེན་ཀུན་གྱིས་བརྒྱན། །གསེར་གྱི་མཆོད་སྡོང་འདྲ་བར་གནས། །འོད་ཟེར་ཉི་ མ་སྟོང་བས་ལྷག །ཚངས་ལ་སོགས་པས་ཕྱག་བགྱིས་པའོ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་པ་དེའི་མཚམས་མེད་ 100-1-45b པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་འབྱང་བར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བསྐལ་པ་སྟོང་དུ་བསགས་ཀྱང་ནི་མི་འགྲོའོ། །མནར་མེད་པར་མི་ལྟུང་ སུ་ཞིག་ནང་པར་ལངས་ནས། ཀློག་གམ་ཀློག་དུ་འཇུག་པ་དང་། ཁ་སྟོན་དུ་བྱེད་པ་དེའི་ལུས་ལ་མཛེ་དང་ཤུ་བ་དང་གློ་ན་བ་དང་དབུགས་མི་བདེ་བ་ལ་སོགས་པ་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྐྱེས་སོ་ཅོག་དུ་སྐྱེ་བ་དྲན་པར་ འགྱུར་རོ། །ལྷའི་སྲས་པོ་དང་འདྲའོ། །འཆི་བའི་དུས་ཀྱི་ཚེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གར་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་ བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ། །བསྟོད་པ་འདིས་བསྟོད་ན་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་བ་འབུམ་ཕྲག་ དྲུག་བཅུ་རྩ་གཉིས་རྙེད་མཆོད་པར་འགྱུར་ཏེ། རྣམ་པར་སྨིན་པ་འདྲ་བས་ན་བྱེ་བྲག་མེད་དོ། །རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་ཟ་མ་ཏོག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སྷོ།། །། ༄། །རྒྱ་གར་སྐད་དུ། ཀཱ་རུ་ཎི་ཀ་སྱ་ཨཱརྱ་ཛམྦྷ་ལ་ཛ་ལེནྡྲ་སུ་ཤྃ་ཀ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ནོར་བུའི་གྲོང་ཁྱེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོའི་བུའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་ འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་བདག་གི་སྙིང་པོ་ཉིན་ 100-1-46a ལན་གསུམ་མཚན་ལན་གསུམ་སེམས་པར་བགྱིད་ན། བཅོམ་ལྡན་འདས་བདག་རྟག་ཏུ་དེའི་རྗེས་སུ་འབྲང་བར་བགྱིའོ། །བདག་དཔག་ཚད་བརྒྱར་ཡང་གནོད་སྦྱིན་རྣམས་ལས་བསྲུང་བར་བགྱིའོ། །བསམ་པ་ ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །འདོད་པ་དང་ལྡན་པའི་ཁ་ན་མ་ཐོ་བ་མ་གཏོགས་པ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་བཟའ་བ་དང་། ནོར་དང་འབྲུ་དང་། དབྱིག་དང་། གསེར་སྩལ་བར་བགྱིའོ། །ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་ མ་ཎི་བྷ་དྲ། ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་མེ་སཱ་དྷ་ཡ་སྭཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་པཱུ་ཏ་ནེ། སུ་རུ་མེ། སུ་མཱ་ཏེ། སུ་བནྟེ་སུ་པཱུ་ཥྱེ། ཧི་ལི་མི་ལི་སྭཱ་ཧཱ། ཆོ་ག་ནི་ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཙན་དན་དཀར་པོས་དཀྱིལ་འཁོར་བྱས་ལ། ཨ་ཀ་རུ་ བསྲེགས་ནས་བཟླས་བརྗོད་བྱས་ན་དེའི་འོག་ཏུ་གསེར་ཐོབ་པར་འགྱུར་རོ། །འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ་རྫོགས་སྷོ།། །། རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨཱརྱ་ཨདྒུ་ ལི་ནཱ་མ་བིདྱཱ་རཱ་ཛེ། བོད་སྐད་དུ། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ལྟར་ཚེས་ལ་དགེ་སློང་རྣམས་རི་དྲི་རྒྱལ་ན་གནས་ཏེ་ དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་ཉོན་ཅིག །ཀླུའི་དབང་པོ་རྣམས་ཀྱི་དུག་མེད་པར་བྱེད། སྦྲུལ་གྱི་དུག་མེད་པར་བྱེད། གཡོགས་རྣམས་ དང་སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་དང་། སེམས་ཅན་སྟོབས་པོ་ཆེ་རྣམས་དང་། གྲུལ་བུམ་རྣམས་དང་། སེམས་ཅན་ཕྲ་མོ་རྣམས་དང་། ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། ཆུ་སྲིན་དང་། སྟག་དང་། གྲུལ་བུམ་ 100-1-46b དང་རྭ་ཅན་དང་། མཆེ་བ་ཅན་གྱིས་དེ་ལྟར་སྔགས་ཀྱི་ཚིག་དྲག་ཤུལ་ཆེན་པོ་ཨྃ་གུ་ལི་ཡང་དག་པར་ཐོས་ན་སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་རབ་ཏུ་འཇིལ་བར་བྱེད་པ་སྟེ། སྔགས་ཅན་གང་གིས་དེ་ཤེས་ན་ལྷ་རྣམས་ཀྱི་ གདུག་པ་ཡང་དག་པར་མེད་པར་བྱེད་དོ། །ཨོཾ་ན་མོ་བྷ་ག་བ་ཏི་ཨཱརྱ་ཨཾ་གུ་ལི། ཏདྱ་ཐཱ། ཨོཾ། ཀླུ་འམ། ཀླུ་མོ་འམ། སྦྲུལ་ལམ། སྦྲུལ་མོ་འམ། གནོད་སྦྱིན་ནམ། གནོད་སྦྱིན་མོ་འམ། འབྱུང་པོ་འམ། འབྱུང་མོ་འམ། ཕྲ་མེན་ཕ་འམ། ཕྲ་མེན་མ་འམ། གདུག་པས་ཟིན་པ་འམ། གདུག་པ་མ་ཟིན་པ་ཡང་རུང་སྟེ། ཕ་ཕ་ཕ། ཧ་རེ་ཧ་རེ་ཧ་རེ། རེ་ཛ་རེ། བེ་ཤ་བེ། ནཱ་ག་རེ། ས་རྭ་རེ་རེ་ཧ་ར་ཧ་ར། མ་ར་མ་ར། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། མ་ཊ་མ་ཊ། མོ་ཊ་ཡ་མོ་ཊ་ཡ། ཤཱི་གྷྲཾ་ཤཱི་གྷྲཾ། ལ་གྷུ་ལ་གྷུ། ཨཱ་ན་ཡ་ཨཱ་ན་ཡ། དྷ་ར་དྷ་ར། བནྡྷ་བནྡྷ་བནྡྷ། གྷུརྞྞ་གྷུརྞྞ། གྷུརྞྞཱ་པ་ཡ་གྷུརྞྞཱ་པ་ཡ། དཔག་ཚད་སྟོང་བརྒྱད་བཅུ་ན་གནས་པའི་ཀླུ་རྣམས་ཀྱི་གདུག་པ་མེད་པར་མཛོད་ཅིག །ཀླུ་ཐམས་ ཅད་ཆིངས་ཤིག །སོད་ཅིག །ཐར་པར་མཛོད་ཅིག །ཨོཾ་ཧུ་ལུ་ཧུ་ལུ། ཧ་ལ་ཧ་ལ། ཧ་ལ་བི་ཤཾ། བཅོམ་ལྡན་འདས་མ་གྲུབ་པའི་རྒྱལ་མོ་ཨྃ་གུ་ལིས་བཀའ་སྩལ་པ། ཏཀྐེ། ཊཀྐེ། ཏཀྐེ་ནི། ཊཀྐེ་ནི། ཤ་ར་ཤི་ར། ཙནྡྲ་ཀེ་ཤ་རོ་ཧི་ཎི། བགེགས་ཐམས་ཅད་སེལ་བར་མཛད་པ་ཅན། ལས་སྟོང་ཅན། བཅོམ་ལྡན་འདས་མ་གྲུབ་པ་ཨྃ་གུ་ལི་ཏ་ཐཱ་བི་ག་ཏ། ཀླུ་མོའི་ཚོགས་སུམ་བཅུས་མཆོད་པ། ཛ་ཡ་ཛ་ཡ་སིདྡྷ། རྒྱལ་བར་མཛད་པ། མིའི་མགོའི་ཐོད་ཀྱི་ཕྲེང་བ་ཅན་ ཧཱུྃ་ཀྵ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིན་པར་གྱི་བར་དུ་དུག་སེལ་བ། ཨ་སུ་ར་དེ་བི་ཏ་དང་། ད་ན་པའི་སྟོབས་འཇོམས་པར་བྱེད་པ་ཅན། བགེགས་འཇོམས་པར་མཛད་པ་ཅན། ལྷའི་ཡུམ་ཁྱོད་ལ་ཕྱག་འཚལ་བསྟོད། །སྭཱ་ཧཱ། སྔགས་ཀྱི་ཚིག་དྲག་ཤུལ་ཅན་སྦྲུལ་གྱི་མདུན་དུ་བཀླག་པར་མི་བྱ་སྟེ། འཆི་བ་དང་། ཀླད་པ་འགས་ཤིང་ཚལ་པ་བརྒྱར་འགྱུར་རོ། །སྔགས་ཀྱི་ཚིག་དྲག་ཤུལ་ཅན་ཆེན་མོ་སྦྲུལ་གྱིས་ཐོས་ན་ཐམས་ཅད་ཚིག་པར་ 100-1-47a བྱེད་དོ། །ཨོཾ་ཀི་ལི་ཀི་ལི། མ་ཧཱ་ཀི་ལི། ཀཱ་ལ་རཱུ་པི་ནི། བགེགས་ཐམས་ཅད་ཟློག་ཤིག །ཕ་ཕམ་ཕ་རོལ་ཕམ་པར་མཛོད་ཅིག་སྭཱ་ཧཱ། བཀླགས་པས་འགྲུབ་པ་ཨྃ་གུ་ལིའི་སྙིང་པོ་དང་བཅས་པའོ། །ཏདྱ་ཐཱ། ཨོཾ་དྷུ་ནེ་དྷུ་ནེ། དྷུ་ནི་དྷུ་ནི། སཏྱ། ཏདྱ་ཊ་ཧ་སི་ནི་དྷུ་དྷུ་ནི། བནྡྷ་བནྡྷ། རྡོ་རྗེའི་གཟུངས་མང་པོས་བཀའ་སྩལ་པ། འཇོག་པོའི་དུག་འདོར་དུ་འཇུག་ལ། ཛ་ཡ་ཛ་ཡ། མུ་ཛ་མུ་ཛ། མུཉྫ་མུཉྫ། ཐོང་ཤིག །གློག་དང་རླུང་ཞེས་བྱ་བ་མགྱོགས་པའི་ཤུགས་ ཅན། རོ་ལངས་ཆེན་མོ་བཅོམ་ལྡན་འདས་མ་ཤཱཀྱ་ཐུབ་པའི་ཞལ་ནས་འབྱུང་བའོ། །མུ་ཡ་མུཉྫ་མུཉྩ། སྭཱ་ཧཱ། བཀླགས་པས་འགྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ་ཆེན་མོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་རུ་ཙི་ར་ཨྃ་ག་ཡཥྛི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ན་མོ་བི་པུ་ལ་བི་ན་སུ་པྲ་ཏིཥྛ་ཏ་ཨ་སྃ་ཁེ་ཡ། སཱུརྱ་ཤ་ཏ་ས་ཧ་སྲ་ཨ་ཏི་རེ་ཀ་ཏེ་ཛ། པྲ་བྷ་ཨ་བ་བྷ་སི་ཏ་མཱུར་ཏ་ཡེ། མ་ཧཱ་མ་ནི་མུ་ཀུ་ཏ་ཀུཎ་ཌ་ལ། ཨ་ལཾ་ཀ་ར་དྷ་རི་ཎ་བྷ་ག་བཱ་ཏེ་པད་མ་པཱ་ཎ་ཡེ། སརྦ་ལོ་ཀ་ཨ་བ་ཡ་ཤ་མ་ནཱ་ཡ། བི་བི་དྷ་ཏུ་ཁ་ས་མ་བཱ་ཤ་ཨ་བིཥྛ། སརྦ་སཏྭ་པ་རི་མོ་ཙ་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྷུར་བྷུ་བ་སྭཱ་ཧཱ། མ་ཧཱ་ཨ་ལོ་ཀ་ཀ་ར་ཎ་ཏ་མ་སྟི་མི་ར་པ་ཏ་ལ་བི་ན་ཤ་ཀ །རཱ་ག་དེ་ཥ་མ་ཧཱ་མོ་ཧ་ཛཱ་ལ་ཤ་མ་ཀ །ཤ་ས་ཀ་རཀྵ་ཀ །སརྦ་ཨ་པཱ་ཡཱ་ དུརྒ་ཏི་པྲ་ཤེ་མ་ཀ །སརྦ་སཏྭ་ས་མ་ཤ་ས་ཀ་ར། སརྦ་ཨཱ་ཤ་པ་རི་སྤཱུ་ར་ཀ །སརྦ་ཏ་ཐཱ་ག་ཏ་སཾ་བྷ་ན་ཀ་ར། ཧེ་ཧེ་མ་ཧཱ་བོ་དྷི་སཏྭ། བ་ར་བ་ར་དཱ་ཡ་ཀཱ། པད་མ་ཨ་ལོ་ཀ་སཾ་བྷ་ཏ། མ་ཧཱ་ཀཱ་ཎི་ཀཱ་ཛ་ཏ་མུ་ཀུ་ཊ། ཨ་ལཾ་ཀྲི་ཏ་ཤི་རཱ། མ་ཎི་ཀ་ན་ཀ་རཱ་ཛ། ཏ་བཛྲ་བཻ་དཱུརྱ་ཨ་ལཾ་ཀྲི་ཏ་ཤ་ར་རི། ཨ་མི་ཏཱ་བྷ་ཛི་ན་ཀ་མ་ལ་ཨ་ལཾ་ཀྲི་ཏ། པྲ་བྷ་ར་ན་རཱ་ཛ་ན་ཤ་ཏ་ས་ཧ་སྲ་ཨ་བྷི་ལ་ཤི་ཏ་ཀཱ་ཡ། མ་ཧཱ་བོ་དྷི་ས་ཏྭ་བ་ར། བི་དྷ་མ་བི་དྷ་མ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། 100-1-47b མ་ཧཱ་ཡཱ་ཏྲ་ཀླེ་ཤ་ཀ་བ་ཊཱ། ཨ་བ་བད་དྷ་བི་བོ་དྷི་སཏྭ་སན་ས་ར་ཙ་ར་ཀ་པྲ་མ་ཐཱ་ན། པུ་རུ་ཥ་པད་མ། པུ་རུ་ཥ་ནཱ་ག །པུ་རུ་ཥ་སཱ་ག་ར། པུ་རུ་ཥ་སིྃ་ཧ། བཾ་ཧི། བ་རི་བི་ར་ཛ། སུ་དན་ཏ་པ་རི་པྲི་ཏ། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤཱ་ས་ཡཱ་ པྲ་ཤཱ་ས་ཡཱ། པྲ་དྷྭན་སཱ་ཡ། པྲ་དྷྭན་སཱ་ཡ། གྷི་རི་གྷི་རི། དྷི་རི་དྷི་རི། བི་དྷི་རི། བི་རི་བི་རི། བི་བི་རི་བི་བི་རི། ཙི་རི་ཙི་རི། སི་རི་སི་རི། སུ་རུ་སུ་རུ། མུ་མུ་མུ་རུ། མུ་ཡ་མུ་ཡ། མུན་ཙ་མུན་ཙ། བི་དྷུ་ན་བི་དྷུ་ན། དྷུ་རུ་དྷུ་རུ། གྷ་ཡ་གྷ་ཡ། གྷ་དྷ་ཡ། གྷ་དྷ་ཡ། ཧ་ས་ཧ་ས། པྲ་ཧ་ས་པྲ་ཧ་ས། ནཱ་ནཱ་བི། བི་དྷ་ཀླེ་ཤ་བཱ་ས་ནཱ། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དྷུ་རུ་ཊི། དྷུ་རུ་ཊི། མ་ཧཱ་མཎ་ཌ་ལ་ཀ་ར་ཎ། ཤ་ཏ་པྲ་སེ་ཀ །ཨ་བ་བཱ་སི་ཏ་མ་ཧཱ་བི་ཥ་ཤ་མ་ཀ །མ་ཧཱ་བོ་དྷི་སཏྭ་བ་ར་དྭ་སྭཱ་ཧཱ། བཅོམ་ལྡན་འདས་ལག་ན་པད་མའི་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། བྱང་ཆུབ་སེམས་དཔའི་ཁང་བཟངས་དམ་པ། རྡོ་རྗེ་ཆེན་པོས་བགེགས་པར་གསུངས་པ། ལྷ་དང་། ཀླུ་དང་། གནོད་བྱེད་མའི་བུ་དང་། མི་འམ་ཅི་དང་། ལྷ་མ་ཡིན་ཆེན་པོས་བསྟོད་པ། རེ་བ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ་འདི་སྒྲིབ་པ་ཆེན་པོ་མང་པོས་བསྒྲིབས་པ་གང་ལ་ལ་ཞིག་ཉན་ཏམ། འཆང་ངམ། འདོན་ཏམ། ཀློག་གམ། མཐོང་ནས་ལེགས་ པར་རྟོགས་པར་བྱེད་ན། དེའི་ལས་དང་། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །ནང་པར་ལངས་ནས་ལན་ཅིག་འདོན་ན་ལག་ན་པད་མ་ཕྱི་བཞིན་འབྲང་བར་འགྱུར་རོ། །ཡིད་ལ་གང་དག་འདོད་པའི་ དགོས་པ་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །གཅིག་ཏུ་རབ་ཏུ་དབེན་པར་འདུག་སྟེ། སངས་རྒྱས་ཡིད་ལ་བྱ་བ་མངོན་དུ་དམིགས་ནས། བཅོམ་ལྡན་འདས་ལག་ན་པད་མ་རྗེས་སུ་དྲན་པར་བྱས་ལ། ལན་བདུན་ བརྗོད་ན་དམ་པ་ཅི་འདོད་པ་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །དེའི་ངན་འགྲོ་ཐམས་ཅད་འགག་པར་འགྱུར་རོ། །ཡིད་ཙམ་ཞིག་འཆག་ཅིང་འདུག་ལ་ཡིད་ལ་བརྗོད་ན་བསྐལ་པ་བྱེ་བ་ 100-1-48a འབུམ་ཕྲག་དུ་མར་བསགས་པའི་ལས་བྱང་བར་འགྱུར་རོ། །འཁོར་ལོས་སྒྱུར་བ་སྟོང་གིས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚེ་རབས་ཚེ་རབས་སུ་ཡང་པད་མའི་རིགས་ཆེན་པོར་སྐྱེ་ བར་འགྱུར་རོ། །སྐྱེ་བོ་ཁྱད་དུ་འཕགས་པས་བཀུར་བར་འགྱུར་རོ། །མེ་ཏོག་དྲི་ཞིམ་པོས་སྙིམ་པ་བཀང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་བདུན་བརྗོད་ན་ཡོན་ཏན་ཆེན་པོ་སྟོང་ཐོབ་པར་འགྱུར་རོ། ། སྙིང་རྗེ་ཆེན་པོའི་ཆོས་ཉིད་སྣང་བ་ཡང་དེ་ལ་སྐྱེ་བར་འགྱུར། དམ་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ཉིད་ཀྱི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན། བཅོམ་ལྡན་འདས་ཞལ་རྟག་ཏུ་བཞད་པ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་མཐོང་བར་འགྱུར་ཞིང་། ཆོས་སྣང་བའི་གསལ་བ་དང་པོ་དྲི་མ་མེད་པར་བྱེད་པ་ཞེས་བྱ་བ་འཐོབ་པར་འགྱུར་རོ། །ཚེ་འདི་ཉིད་ལ་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར། སེམས་མཉམ་པར་བཞག་བཞིན་དུ་འཆི་ བའི་དུས་བྱེད་པར་འགྱུར། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པར་འདོད་ན། ཚེས་བཅྭ་ལྔའི་ཟླ་བ་ཉ་བ་ལ་སྨྱུང་བ་བྱས་ལ་གོས་དཀར་ པོ་བགོས་ཏེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོས་དཀྱིལ་འཁོར་བསྐུས་ལ། དཀྱིལ་འཁོར་དེ་དང་བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། བཅོམ་ལྡན་ འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་ཞིམ་པོའི་བདུག་པ་དང་། མར་མེ་དང་། སྤོས་ཀྱིས་སྟི་སྟང་བྱས་ཏེ་དེ་ཉིད་ཏུ་འདུག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ན། དེས་སྡིག་པ་ཐམས་ཅད་དང་བྲལ་བར་ འགྱུར་རོ། །མཚམས་མེད་པ་བྱེད་པ་ཡང་སྡིག་པ་བྱང་ཞིང་། ཤིན་དུ་ཡོངས་སུ་དག་པའི་སེམས་ཀྱི་རྒྱུད་དང་ལྡན་པ་དང་། ཤིན་དུ་ཡོངས་སུ་དག་པའི་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དང་ལྡན་པར་འགྱུར་རོ། ། 100-1-48b དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་ཏིང་ངེ་འཛིན་གྱི་སྟོབས་དང་། དབང་བསྐུར་བའི་སྟོབས་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་། ཡེ་ཤེས་ཁྱད་པར་ཅན་གྱི་སྟོབས་བསྒྲུབ་པར་མཛད་དོ། །གནམ་ལ་གྱེན་དུ་ བལྟས་ཏེ་བཟླས་བརྗོད་བྱས་ན་ཆར་འབབ་བོ། །ས་ལ་བལྟས་ཏེ་བཟླས་བརྗོད་བྱས་ན་ལོ་ཏོག་ཐམས་ཅད་ལེགས་པར་འགྱུར་རོ། །འབབ་ཆུ་དང་། མཚེའུ་དང་། རྫིང་བུའི་ཤུལ་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆུ་འབྱུང་བར་འགྱུར་ རོ། །ནད་ཐམས་ཅད་ལ་ལག་པས་བྱབ་ཅིང་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ། །དྲན་པ་ཉམས་པའི་མདུན་དུ་བཟླས་བརྗོད་བྱས་ན་དྲན་པ་རྙེད་པར་འགྱུར་རོ། །བཀྲེས་པ་དང་། སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ ཕྱིད་པར་འགྱུར་རོ། །མི་ངས་ཆེན་པོ་བྱུང་ན་རས་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། དཔག་ཚད་ཚུན་ཆད་མཚམས་གཅད་པ་དང་། བསྲུང་བ་བྱས་པར་འགྱུར་རོ། །འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས་ རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་ཞུས་སྙེ་སྐར། ། ༄༅། །རྒྱ་གར་སྐད་དུ། སིྃ་ཧ་ནཱ་ད་ཏན་ཏྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་ རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པད་མ་གསུང་གི་ལྷ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པད་མའི་དབང་ཕྱུག་དུ་བསྒྱུར་ཏེ་རྡོ་རྗེའི་གདན་ལ་བཞུགས་སོ། །དེ་ནས་གསང་བའི་ བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལམ་རྣམས་ཇི་ལྟར་སྦྱང་། ཨེ་མ་ཧོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་མཆོག་སྤྱན་རས་གཟིགས་ སེང་གེ་སྒྲ་ཞེས་བྱ་བ་ཡོད་དེ། དེ་ཡིས་སྔོན་ལམ་སྦྱང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱས་སོ། །དེ་ནས་བཅོམ་ལྡན་འདས་པད་མའི་དབང་ཕྱུག་ལངས་ཏེ། གསང་སྔགས་ཀྱི་ 100-1-49a ཚིག་འདི་དག་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཏྃ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཀཾ་ཊེ། བཱི་རྱཻ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿསིྃ་ཧ་ནཱ་ད་ཧཱུྃ། བྲུཾ་ཨཱཾ་ཛྲཱིཾ་ཁྃ་ཧཱུྃ། ཨོཾ་ཨཱཿཧཱུྃ། ཨོཾ་བ་ལི་ན་བྷུཉྫ་ཛི་བ་པུཥྤེ་དྷཱུ་པེ་ཧཱུྃ། སརྦ་ཨ་མྲྀ་ཏེ་ཧཱུྃ། ཨོཾ་བ་ཏ་ལི། མ་ཧཱ་བ་ཏ་ལི། ཧཱུྃ་ཧཱུྃ་ཧཱུྃ་ཛ་སྭཱ་ཧཱ། ཨོཾ་བྷཀྵ་བྷཀྵ། ས་མ་ཡ་ཏིཥྛ་ཛཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཏ་པྲ་ཏི་ཧཱུྃ་ཕཊ། སྲི་ཏི་ཀ་ར་ཧཱུྃ་ཕཊ། ཨོཾ་བ་རུ་ཎ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། མ་ཧཱ་ནཱ་ག་ཀི་ས་ཏི་སརྦེ་བྷུར་ཕུཿཕུཿཕུཿསྭཱ་ཧཱ། ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲྀ་ཏི་ས་མ་བ་ཏི། ས་ར་མ་ཏི་སིདྡྷི་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ། ཕུཿཧྲཱིཿ ཨོཾ་སིྃ་ཧ་ནཱ་ད་ཧཱུྃ་ཕཊ་ཕཊ། ནཱ་ག་དུ་པ་ལི་མཱ་ར་ཡ་ཕཊ། ཛྭཱ་ལ་ཛྭཱ་ལ་ཧཱུྃ་ཕཊ། ཨོཾ་ཨ་བིནྟ་ཀྲྀ་ཏ་ཧཱུྃ། ཨོཾ་ཨགྣ་ཡེ་ཨ་ཏི་བྱ། ཨ་བྷི་ས་མ་ཡ་བི་ཤ །མ་ཧཱ་ཤྲི་ཡེ་ཧ་བྱ། ཀ་བྱ་མ་ཧཱ་ནི་ཡ་སྭཱ་ཧཱ། ཨོཾ་བྷ་བ་ཀ་ཨགྣ་ཡེ། ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨཱཿཧྲཱིཿ སིྃ་ཧ་ནཱ་ད་བཛྲ་ཙཀྲ་བརྟ་ལོ་ཀི་ཀ་བྲུཾ་བྲུཾ་བྲུཾ། ལོ་ཀོཏྟ་ར་ཎི་སིྃ་ཧ་ནཱ་ད་བྲུྃ་བྲུྃ་བྲུྃ་ཧཱུྃ་ན་ཧཱུྃ་ན། སིྃ་ཧ་ནཱ་ད་བྲུྃ་བྲུྃ་བྲུྃ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། གསང་བའི་བདག་པོ་འདི་ནི་མཎྜལ་གྱི་བསྒྲུབ་པ་ཞེས་བྱ་བའོ། །གསད་པ་དང་། ཕྱིར་ལྡོག་པ་དང་། དགུག་པ་དང་། བཅིང་བ་དང་། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ། མངར་གསུམ་ལག་པའི་འཐིལ་དུ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུར་རོ། །འདི་ནི་ཀླུའི་སྡེ་དཔོན་ཞེས་བྱ་ སྟེ། །སེང་གེའི་སྟེང་དུ་ཟླ་བ་ལ། །རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །གཡས་ན་མཐོ་མཚན་རྩེ་གསུམ་ལ། །དྲག་པོའི་རྒྱལ་རིགས་དབང་དུ་བསྡུས། །པད་མའི་རྩེ་ལ་ཐོད་པ་ནི། །འཕྲིན་ལས་བཞི་ལྡན་ཀུ་མུ་ཏ། ། ཤེས་རབ་སྦྱོར་བའི་རལ་གྲིར་བཅས། །དཀའ་ཐུབ་ལྡན་པའི་སྐུ་དེ་ལ། །རིགས་ལྔས་རྣམ་པར་བརྒྱན་པའོ། །གསུམ་དང་ལྔ་ནི་མདུན་དུ་འཕྱང་། །རྩེ་མོར་འོད་དཔག་མེད་པས་བརྒྱན། །སེང་གེའི་ཆ་ལས་བྱུང་བ་ཡིན། ། 100-1-49b འདམ་སྐྱེས་དམར་པོའི་ལོ་མ་གཉིས། །པད་མ་བཞི་ལ་སྔགས་བཞི་ལྡན། །རང་ལུས་འོག་ནས་ཐལ་མོ་སྦྱོར། །སྐུ་ལ་འདུད་ཅིང་འཕྲིན་ལས་བྱེད། །རྡོ་རྗེའི་གདན་ལ་མི་བསྐྱོད་པའི། །ཐུགས་ཀ་ནས་ནི་སྔགས་འོད་འདོན། ། སྤྲོ་བ་གསུམ་དུ་ལྡན་པའི་སྔགས། །ཉི་ཤུ་རྩ་གཅིག་གདོན་པར་བྱའོ། །གསང་བའི་བདག་པོ་རྒྱུད་འདི་ལ་སྨོད་པའི་སེམས་ཅན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ། །གསང་བའི་བདག་ པོ་རྒྱུད་འདི་ཉན་པ་དང་། སེམས་པ་དང་། མཆོད་པ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས་ཅན་དེ་དག་ལ་རྒྱལ་ཆེན་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་ བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད་དེ། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་སྲུང་བ་བཞིན་དུ་བསྲུང་བར་འགྱུར་རོ། །བདུད་ཀྱི་བར་དུ་གཅད་ པར་མི་ནུས་སོ། །གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པད་མོ་ལས་སྐྱེ་བར་འགྱུར་རོ། །མངལ་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཚེ་འདིར་མེ་དང་ཆུའི་འཇིགས་པ་ལས་ཐར་བར་འགྱུར་རོ། །འདིར་ནི་མདོ་ཙམ་ སྨོས་སུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གང་རྒྱུད་འདི་ལ་གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན། དེ་ལ་ལྷའི་བུ་དང་། ཀླུའི་བུ་ཁྱེད་རྣམས་ ཀྱིས་བསྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་གསང་བའི་བདག་པོ་དང་། ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླང་བར་བྱས་སོ། །དེ་ནས་གཞན་བསྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་ བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ། །སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲཛྙཱ་ཀཱ་ར་དང་། བོད་ཀྱི་ལོ་ཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ཞུས་དག །ཡང་ཞུས་ཐང་རྒྱལ། སླར་ལང་སྟག་ལུང་རྒྱུད་འབུམ་ལས་ཞུས།། 100-1-50a ༄༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སིངྷ་ནཱ་ད་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ན། རིན་པོ་ཆེའི་ཁང་བཟངས་རིན་པོ་ཆེ་དང་། མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཉན་ཐོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་ སློང་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་། བཅོམ་ལྡན་འདས་སེང་གེའི་གདན་བཤམས་པ་ལ་བཞུགས་སོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུག་སྟེ། འདུག་པར་གྱུར་པ་དེ་རང་ གི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་། ཕོལ་མིག་དང་། དབུགས་མི་བདེ་བ་སྙིང་ནད་འབར་ བ་བྱུང་སྟེ་དེ་ཇི་ལྟར་བསལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སྔོན་འཇིག་རྟེན་གྱི་ཁམས་འདི་ཉིད་ལ་འཇམ་དཔལ་ཁྱེད་ཉིད་བྱང་ཆུབ་སེམས་ དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་དེ་གཉིས་སྟོང་གསུམ་ 100-1-50b དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་པོ་ཅིག་དབང་དུ་བསྡུས་ཏེ་ཆིབས་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པད་མ་དང་། ཨུཏྤ་ལ་ཐོགས་ནས་ཕྱིན་པ་ ལ། རྒྱ་མཚོ་ཆེན་པོ་ལ་རྒལ་བའི་དུས་སུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ། ། བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ་སྟེང་འོག་བར་སྣང་གི་ཀླུ་དང་ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་བའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤཱུ་ལ་རྩེ་གསུམ་པ་ལག་ན་ཐོགས། སེང་གེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས། །ལྷ་རྣམས་ཀུན་གྱིས་ཉེས་ན་ ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམས་པར་བགྱིད། །ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷས་དགའ་བའི་མདངས་ཕྱུང་སྟེ། ལྷའི་མེ་ཏོག་པད་མ་དང་། ཀུ་མུ་ཏ་དང་། པུཎ་ཌ་རཱིཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ་བཀང་ངོ་། །དེ་ནས་བར་སྣང་གི་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་ལ་བསྡིགས་པ། ཏྲི་ཤཱུ་ལ་གདེངས་ནས། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ ལུས། །སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཞིང་སྡེ་བརྒྱད་འགུམས་པར་བགྱིད། །ཅེས་སྨྲས་ཏེ། སྡེ་བརྒྱད་ལ་ཏྲི་ཤཱུ་ལ་གདེངས་པ་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་ 100-1-51a པོ་ཟུར་ཕུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་གཟངས་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ། །དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་བསྡིགས་ཏེ། སྙིང་རྗེའི་ སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་ཀྱིས་སྤངས་ནས་གཅིག་པུ་ལུས། །ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད། །ཅེས་སྨྲས་ཏེ་རྒྱ་མཚོ་ ཆེན་པོ་ཏྲི་ཤཱུ་ལས་དཀྲུགས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ན་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་ བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ། དགའ་བའི་མདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་ སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཏྲི་ཤཱུ་ལ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར་ ཕུཿཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབྱིན་ཅིང་གནས་སོ། །ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། བསྐོར་བ་ལན་གསུམ་གསུམ་བྱས་ནས། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ཅག་སྐྱབས་ སུ་མཆིའོ། །ཀླུ་རྣམས་ཐམས་ཅད་སྐྱབས་སུ་ཟུང་། །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས་སྐུད་ལ་འཁྲིས་སོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་ 100-1-51b བྲན་བགྱིད་དོ། །ཅི་བཀའ་སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ། །སྙིང་ནད་སེལ་བ་ཞེས་བྱ་བའོ། །འཇམ་དཔལ་དེ་ལྟར་ སྔོན་གྱི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་འཇམ་དཔལ་སྨྲ་བའི་སེང་གེ་ཁྱོད་ཉིད་ཡིན་ནོ། །དེའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་དེ་ནི་ད་ལྟའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཀླུའི་དེད་ དཔོན་ཆེན་པོ་འདི་ཉིད་ཡིན་ནོ། །འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ། །ཡིད་ལ་ཟུང་ཤིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་ཀ་རོ་ཊེ། ཙི་ཏི་ཛྭ་ལ་ཀ་རོ་ཏ་བ་རི་ཡེ་སྭཱ་ཧཱ། གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུས་གསུངས་ལ། ད་ལྟར་ང་ཉིད་ཀྱིས་བརྗོད་པའོ། །འདིའི་ཆོ་ག་ནི་མི་ དགོས་པས་ལས་ཐམས་ཅད་འགྲུབ་པའོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྐུ་ལུགས་མ་འམ་བྲིས་སྐུའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མ་འདྲེས་པར་མཎྜལ་བརྒྱད་ བྱས་ཏེ། མཎྜལ་རེ་རེ་ལ་མེ་ཏོག་ཚོམ་བུ་ལྔ་ལྔ་བཀྲམ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་ དེ་བསྡུས་ཏེ། ལྕི་བ་ལྷག་མ་ལ་བསྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ། །འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ་བཅས་པའི་ཚིག་གོ། འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས་ 100-1-52a སྙིང་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །འཇམ་དཔལ་ཉོན་ཅིག །སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྙིང་པོ་ འདི་གསུངས་སོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ད་ལྟ་ང་ཉིད་ཀྱིས་བརྗོད་དེ། རིག་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ། །སྲིད་པ་ཉམ་ངར་འགྲོ་མི་འགྱུར། །ལུས་ལ་མཚོན་གྱིས་ཚུགས་ མི་འགྱུར། །དགྲ་དང་ཆོམ་པོས་མི་ཚུགས་ཤིང་། །ཀླུ་ལ་སོགས་པས་འཚེ་མི་འགྱུར། །རྟག་ཏུ་དཔལ་དང་ལྡན་པར་འགྱུར། །བུད་མེད་ལུས་སུ་མི་འགྱུར་ཞིང་། །རྟག་ཏུ་སྐྱེ་བ་དྲན་པར་འགྱུར། །ཤི་ནས་བདེ་བ་ཅན་དུ་འགྲོ། ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་གིས་ཀྱང་གསང་སྔགས་འདི་གསུངས་ལ། ད་ལྟ་ཤཱཀྱ་ཐུབ་པ་ངས་ཀྱང་ བརྗོད་པ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧ་ཡ་གྲཱྀ་བཱ་ཡ། ན་མོ་ལོ་ཀི་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་ཧྲཱིཿཀུ་ལུ་ཡུ་ལུ་ནཱི་ལ་ཀཎྛ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ། བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧྲཱིཿཧཱུྃ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་པད་མ་ཧ་ཡ་གྲཱྀ་བའི་སྔགས་ཡིན་ཏེ། ལན་ཅིག་ཀློག་པར་བྱེད་པའི་མི། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །ངན་སོང་སྒོ་རྣམས་གཅོད་པར་འགྱུར། ། ཀླུ་སོགས་གདོན་གྱིས་འཚེ་མི་འགྱུར། །བྱད་དང་དུག་ལས་གྲོལ་འགྱུར་ཞིང་། །སངས་རྒྱས་ཀུན་གྱིས་གསུངས་ཡིན་ནོ། །བྱེ་བ་གྲངས་མེད་མཐུ་ལས་བྱུང་། །དེ་ཡི་ཡོན་ཏན་དཔག་ཏུ་མེད། །ལན་ཅིག་བཀླགས་ན་སྡིག་པ་སེལ། ། ལན་གཉིས་བཀླགས་པས་དཔལ་དང་ལྡན། །གསུམ་གྱིས་ཚེ་རྣམས་རིང་བར་འགྱུར། །འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར། །པད་མ་ཅན་གྱི་ཞིང་དེར་འགྲོ། །འཇམ་དཔལ་མི་གཞན་དག་ལ་ནི། །ཁྲག་དང་མཁྲིས་ 100-1-52b པ་ལས་གྱུར་པ་དང་། རླུང་དང་གྲང་བ་ལས་གྱུར་པ་དང་། ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་། ཀླུ་བྲམ་ཟེའི་རིགས་ཀྱིས་ཟིན་པ་དང་། ཀླུ་གདོལ་པ་དང་དམངས་རིགས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་། སྙིང་ན་བ་དང་། དབུགས་མི་ བདེ་བ་དང་། ལྟོ་རྒྱབ་དུ་ན་བ་དང་། ཀླད་ཀོར་དུ་ན་བ་དང་། གཞོགས་ཕྱེད་ན་བ་དང་། མ་ཞུ་བ་དང་། སྦོས་པ་དང་། ཞ་གྲུམ་གྱིས་བཏབ་པ་དང་། སྦྲུམ་པ་ལྟ་བུར་ན་བ་དང་། སྲོག་ཆགས་སུ་ན་བ་དང་། ཚིགས་དང་ཤ་ཁོལ་བུར་ན་བ་དང་། ཟ་ཁུ་ཅན་དང་། ལུད་པ་གློ་ཅན་དང་། རུས་ཁོལ་དུ་ན་བ་དང་། འཕྲེས་པ་དང་། ཞ་བ་དང་། ཡི་ག་མི་བདེ་བ་དང་། ཐོར་པ་ལྟ་བུའི་ནད་དང་། སྐྲན་ཅན་དང་། དམུ་ཆུ་ཅན་དང་། འབྲས་དང་། མེ་དབལ་དང་། ལྷོག་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྷང་ལྷང་དང་། ཚ་ཙག་ཙག་ལ་སོགས་པའི་མཛེ་རིགས་ཅན་དང་། ཕོལ་མིག་དང་བཅས་པ་དང་། ལྷ་དང་། བདུད་དང་ཚངས་པ་དང་། གཤིན་རྗེ་དང་། བྲག་སྲིན་དང་། སེམས་འཁྲུག་གི་གདོན་དང་། ཐབ་གཞོབ་དང་། མཚོ་སྨན་དང་། ཀླུ་ལ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་། ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ཡིན་ནོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཉོན་ཅིག །སྙིང་པོ་གཟུངས་ཀྱི་ཆོ་ག་འདི། །དང་པོ་ཐུགས་རྗེ་ཆེན་པོ་ལ། །གུས་ཤིང་དད་པའི་སེམས་བསྐྱེད་ནས། །སྣུམ་པའི་ས་ལ་དཀྱིལ་ འཁོར་བྱ། །ལྕི་བ་དྲིར་བཅས་བྱུགས་ནས་ནི། །ཚོན་རྩི་ཁ་དོག་སྣ་ལྔ་ཡིས། །དཀྱིལ་འཁོར་པད་མ་ལྟ་བུ་བྲི། །བུམ་པ་གང་བ་ལྔ་དག་ཀྱང་། །ཕྱོགས་བཞི་དབུས་དང་ལྔ་རུ་གཞག །གང་བའི་གཏོར་མ་ལྔ་ཡང་བཤམས། ། སེང་ལྡེང་ཕུར་བུ་ལྔ་ཡང་དགོད། །དར་གྱིས་དཀྲིས་པའི་མདའ་བཞི་དགོད། །ཚོན་སྐུད་ལྔ་ཡི་དྲང་བ་བྲེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་ཕྱག་ 100-1-53a འཚལ་ལོ། །བཅོམ་ལྡན་འདས་མ་གོས་དཀར་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ། །ཨཱ་ཧྲཱིཿཧྲི་པཾ་ཏཾ་ནཾ། ཡི་གེ་དྲུག་པའི་སྔགས་འདི་ནི། བརྗོད་པས་སྡིག་པ་སྡུག་བསྔལ་སེལ། སྭཱ་ཧཱ། སངས་རྒྱས་མཆོད་ལ་བརྩོན་པར་བྱ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། རྒྱན་ཐམས་ཅད་ཀྱིས་མཆོད་ནས། སེང་ལྡེང་རྒྱ་ཤུག་མེ་བཏང་ལ། །ཚོན་སྐུད་བཅང་ཞིང་འབྲུ་རྣམས་བསྲེག །རྨ་བྱ་རྨག་ཤད་ལྕུག་མ་ཡིས། །ཀླུ་ཡི་དུག་རྣམས་སེལ་བར་བྱེད། །ཧྲཱིཿནཱ་ག་ལེ་ལེ། ནཱ་ག་དུམ་ བ་ལེ་ལེ། ནཱ་ག་ཕུཏ་ཕུཏ་ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། སྥུ་ཊ་སྥུ་ཊ། ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་། རེག་པའི་དུག་དང་། དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། དུག་འདིར་མ་འདུག་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཤིག །འཛིན་པའི་གན་དུ་སོང་ཤིག །མེའི་ནང་དུ་སོང་ཤིག །ཆུའི་ནང་དུ་སོང་ཤིག་ཞི་བར་གྱུར་ཅིག་སྭཱ་ཧཱ། འཇམ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། །ཧྲིཿབྲུཾ་ཨཾ་ཧཱུྃ་ཁཾ། རིགས་ལྔས་དབང་བསྐུར་བའོ། །རྡོ་རྗེ་བསྲུང་བའི་མཆོག་ཏུ་འགྱུར། །བཀྲ་ཤིས་ལྷ་མོ་དཔལ་དང་ལྡན། །བསྙེན་གནས་ ལ་ནི་གནས་གྱུར་ནས། །དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས། །བུམ་ཆུ་དག་པས་ལས་སྒྲིབ་སེལ། །ལུས་ངག་སེམས་ཀྱི་དག་པ་ཐོབ། །ཕ་རོལ་ཕྱིན་དྲུག་གནས་འགྱུར་ཞིང་། །སངས་རྒྱས་སེམས་ཅན་མཁྱེན་ པར་འགྱུར། །ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར། །བུ་མོ་གཞོན་ནུས་བཀལ་བ་ཡི། །སྐུད་པ་དཀར་པོ་སུམ་སྒྲིལ་ལ། །བཟླས་བརྗོད་ཉི་ཤུ་བརྒྱད་བྱས་ནས། །མགུལ་དུ་བཏགས་ན་ནད་ལས་གྲོལ། །ནད་ལ་ཕན་པའི་ 100-1-53b སྨན་རྣམས་ལ། །གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ཆུ་ལ་གཟུངས་སྔགས་མང་བཟླས་ན། །ཀླུ་ནད་ཁོང་དུ་སེལ་བར་འགྱུར། །ལོ་ཏོག་ཟ་བ་ཁ་བཅིངས་ན། །བྱེ་མ་ས་དང་ཐལ་ བས་སེལ། །ཧ་ཅང་ཆར་པ་ཆེས་པ་ན། །ལྷ་ལ་ཕུལ་བའི་རྙིང་པ་ལ། །ཁམ་ཕོར་སར་པའི་ནང་དུ་ཡང་། །མེ་ཏོག་གཙང་མ་བླངས་ནས་ནི། །བསྲེགས་ན་ཆར་པ་འཆད་པར་འགྱུར། །སེར་བ་དྲག་པོ་འོང་བ་ན། །ཐལ་ཆེན་ཡུངས་ ཀར་བཟླས་བརྗོད་ཀྱིས། །སེར་བ་ཉ་ལྕིབ་ལྕུག་མ་དང་། །ལྕུམ་པོ་བཏགས་ཏེ་བཙུགས་གྱུར་ན། །སེར་བ་འཆད་པར་འགྱུར་བ་ཡིན། །ལྷ་ཀླུ་དྲི་ཟ་ལ་སོགས་པའི། །གདོན་ནི་གནོད་པར་གྱུར་པ་ལ། །དཀྱིལ་འཁོར་འདོམ་གང་གྲུ་ བཞི་ལ། །བུམ་པ་གཙང་མ་ལྔ་བཞག་སྟེ། །སྨན་སྦྱར་ཆུས་ནི་གང་བ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །སློབ་མ་གོས་ཟས་དཀར་པོར་སྦྱར། །དཀྱིལ་འཁོར་དེ་ཡི་ནང་དུ་གཞུག །བུམ་པའི་ཆུ་ཡིས་བཀྲུ་བར་བྱ། །ནད་དང་ གནོད་པ་ཀུན་ལས་ཐར། །ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །བུས་པ་གདོན་གྱིས་འཇིགས་པ་ལས། །འགི་ཝང་གིས་ནི་བསྲུང་འཁོར་བྲི། །ཡུངས་ཀར་དག་དང་བཅས་ཏེ་གདགས། ། བུས་པ་གདོན་དང་ནད་ལས་ཐར། །ལམ་དུ་ཞུགས་ཏེ་འགྲོ་བ་ན། །ཐུ་བ་གཡས་པའི་གོས་ཀྱི་གྲྭར། །བཟླས་བརྗོད་བདུན་བྱས་མདུད་པ་བོར། །སོང་ན་བདེ་ཞིང་དོན་ཡང་འགྲུབ། །རྟ་ལ་སོགས་པའི་ཕྱུགས་རྣམས་ལ། །ཆུ་དང་ ཡུངས་ཀར་བཅས་པ་ལ། །བཟླས་ནས་གཏོར་ན་བདེ་བར་འགྱུར། །མི་ནད་ཕྱུགས་ནད་ཐམས་ཅད་ལ། །ཡུངས་ཀར་དང་ནི་བུམ་པའི་ཆུས། །བཀྲུ་ཞིང་བཏགས་ན་མི་ནད་ཞི། །ཨ་སྨྲ་རི་ཡི་གཟུངས་སེལ་ལྟར། །ལས་རྣམས་ཐམས་ ཅད་འགྲུབ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུག་གིས་གང་ནས་འདུག་སྟེ། འདི་ནི་ཀླུའི་རྒྱལ་པོ་བ་རུ་ཎ་འདི་ཡིས་ 100-1-54a ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདིས་དབྱུང་བར་བྱའོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་ འཚལ་ལོ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་པད་མ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་པད་མ་ཆེན་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རིགས་ ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་ནནྟཱ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་ཀ་ཡེ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀར་ཀོ་ཊཱ་ཡ་ སྭཱ་ཧཱ། ཨོཾ་པདྨཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨཱ་ཡ་སྭཱ་ཧཱ། ཨོཾ་ཤངྑ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཀླུའི་གཟུགས་ནི་མང་པོ་ཡང་། །དཀར་གསུམ་མངར་གསུམ་འབྲས་ཟན་ལ། །ལེགས་བྱས་ཁ་དོག་བསྒྱུར་བྱས་ལ། ། མེ་ཏོག་སྤོས་དང་བྱུག་པ་དང་། །མར་མེ་ཞལ་ཟས་སྒྲ་སྙན་དང་། །གདུགས་དང་རྒྱལ་མཚན་མེ་ཏོག་ཕྲེང་། །ཚངས་པའི་སྐུད་པས་མཉེས་པར་བྱ། །རྩ་བ་ལོ་མ་སྡོང་བུ་དང་། །མེ་ཏོག་འབྲས་བུ་སྨན་གྱིས་མཆོད། །རྨ་བྱ་གཟུངས་ མོ་མེ་ལོང་གིས། །རྒྱལ་པོ་ཁོང་གི་དུག་ཐོན་ཅིག །རིན་ཆེན་རྨག་ཤད་མཆོད་པའི་རྟེན། །མི་ལྡོག་པ་ཡི་རྫས་སུ་ཆོངས། །བུམ་པ་གཏེར་གྱིས་གང་བ་མཛེས། །སྲོག་ཆགས་ཡིད་འོང་གཟུགས་ཀྱིས་མཆོད། ། ཞི་འགྱུར་འདི་ལ་ཐེ་ཚོམ་མེད། །ཀླུ་ཡི་རྒྱལ་པོ་འཇོག་པོ་ཡིས། །ཟིན་ཀྱང་སྐད་ཅིག་གཅིག་ལ་ཐོན། །འཇམ་དཔལ་འདི་གཞན་གྱི་མཐུ་མ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་མཐུའོ། །སྟོབས་སོ་ བྱིན་གྱིས་བརླབས་སོ། །ཐུགས་རྗེ་དང་ལྡན་པ་འདིའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་བདག་གིས་ཆ་ཤས་ཙམ་ཞིག་བརྗོད་ན། ཨོཾ་བཅོམ་ལྡན་འདས། བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། ། 100-1-54b སྲིད་པར་སྦྱོར་བ་ཡོངས་སུ་ཟད། །ཡང་དག་བཀའ་ལས་རྣམ་པར་གྲོལ། །སེམས་དཔའ་དབང་བསྒྱུར་ཐམས་ཅད་ཀྱི། །མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ། །སྲིད་ལས་རྒལ་ཞིང་ཚོགས་གཉིས་རྫོགས། །ཨཱཿ གཞན་ལ་ཕན་ བརྩོན་ཐུགས་རྗེ་ཅན། །སེམས་ཅན་ཀུན་ལ་མཆོག་ཏུ་བྱམས། །ཁམས་གསུམ་ཀུན་གྱི་གཉེན་གཅིག་པོ། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །ཧྲཱིཿ འགྲོ་བ་ཉམ་ཐག་ཀུན་ཏུ་སྐྱོབ། །དྲི་མ་གསུམ་སྤངས་ཕ་རོལ་ ཕྱིན། །མངོན་ཤེས་དྲུག་བརྙེས་ནྱ་གྲོལ་བུ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་བཅུ་རྩ་གཉིས་དག་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས། །སྐུ་མདོག་ཤེལ་གྱི་ཁ་དོག་འདྲ། །གངས་རི་ཉི་ཤར་ལྟ་བུར་མཚོན། ། སྐུ་ཚད་ཆེ་ལ་འོད་ཟེར་འབར། །རིགས་ལྔ་སངས་རྒྱས་སྐུ་ལ་འཕྲོ། །དབུ་སྐྲ་ཐོར་ཚུགས་གྱེན་ལ་བརྫེས། །དབུ་ལ་འོད་དཔག་མེད་པ་བཞུགས། །ཀླུ་རྣམས་ཐམས་ཅད་འདུལ་མཛད་པ། །རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས། ། རིགས་གསུམ་མགོན་པོའི་བྱིན་རླབས་འཛིན། །དུག་གསུམ་རྩད་ནས་གཅོད་ལ་བསྟོད། །སྐྱོན་གྱིས་མ་གོས་པད་མ་བསྣམས། །ཤེས་རབ་ཕུན་སུམ་རལ་གྲི་འབར། །ཉོན་མོངས་དག་པ་བྲམ་ཟེའི་མགོ། མེ་ཏོག་དྲི་ཞིམ་ཚོགས་ ཀྱིས་བཀང་། །ཀླུ་རྣམས་ཀུན་ནས་དབང་བསྡུས་པས། །སྦྲུལ་གྱི་ཚངས་སྐུད་མཛེས་ལ་བསྟོད། །སིདྷ། པད་མ་དག་གི་གདན་ལ་བཞུགས། །བདུད་བཞི་ཟིལ་གྱིས་གནོན་མཛད་པ། །སེང་གེ་དཀར་པོའི་གདན་ལ་བཞུགས། ། འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། །ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད། །ཏཱ། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ། ། ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། །འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྗང་། །གནོད་པ་སེལ་བ་མི་འཇིགས་སྦྱིན། །ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན། །བཏུད་དེ་སྤྲུལ་པ་མང་པོ་འགྱེད། །ཧཱུྃ། གོས་དཀར་མ་ནི་བཀའ་བཞིན་ 100-1-55a བྱེད། །ཡིད་བཞིན་འཁོར་ལོ་བདེ་བར་བསྐོར། །འདོད་པའི་དོན་ཡོད་སྡུག་བསྔལ་ཞི། །འཇིགས་པ་བརྒྱད་པོ་སེལ་ལ་བསྟོད། །ཕཊ། ཧ་ཡ་གྲཱྀ་བ་ཁྲོ་བོའི་སྐུ། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོ་དྷ་མགྲིན་སྔོན་ གདུག་པ་འདུལ། །ཀླུ་བདུད་འདུལ་མཛད་ཧཱུྃ་གིས་བསྟོད། །ནཱ། ནམ་མཁའ་ཀླུ་རྒྱལ་བ་རུ་ཎ། །ཆུ་ལྷ་སྟོན་པའི་ཞལ་མཐོང་ཞིང་། །བསྟན་ལ་རབ་དགའ་ཀླུ་རྣམས་འདུལ། །ས་དང་པོ་ཡི་བདེན་པ་མཐོང་། །བདེ་བར་གཤེགས་པའི་རིང་ བསྲེལ་འཛིན། །ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཏཾ་ཀ་ར་སྭཱ་ཧཱ། གང་གིས་བསྟོད་ཅིང་ཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། ། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །གསང་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། །བསྐལ་པ་སྟོང་གི་བར་དུ་ངན་སོང་དུ་མི་སྐྱེའོ། །བུད་མེད་ལུས་སུ་མི་སྐྱེའོ། །སུ་ཞིག་ནང་པར་ལངས་ནས་ཆུ་དྲི་ཞིམ་པོས་ཁྲུས་བྱས་ ཏེ། གཙང་སྦྲ་ལ་གནས་ནས། ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར་གཟུངས་འདི་ཀློག་གམ། འབྲི་འམ། འཆང་ངམ། ཀློག་དུ་འཇུག་གམ་ཁ་ཏོན་ཏུ་བཏོན་ནས་སྙིང་པོ་དང་གཟུངས་སྔགས་ཟློས་ན་ནི་དེའི་ལུས་ལ་མཛེ་དང་། ཤུ་བ་དང་། ཕོལ་མིག་དང་། འབྲས་དང་། བས་ལྡགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། གག་པ་དང་། སྦོས་པ་དང་། དམུ་ཆུ་དང་། སྐེམ་པ་དང་། མཁལ་མ་རྡོལ་བ་དང་། དོན་སྣོད་འདུས་པ་དང་། བྱད་ཀྱི་དཀྱིལ་འཁོར་ལ་ནད་ སྣ་ཚོགས་འདུས་པ་དང་། གློ་བ་ན་བ་དང་། དབུགས་མི་བདེ་བ་དང་། རླུང་མཁྲིས་བད་ཀན་འདུས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ པའོ། །སུ་ཞིག་གམ་རྒྱལ་པོ་ཆེན་པོ་དེས་གཟུངས་འདི་གླེགས་བམ་ལ་བྲིས་ཏེ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོད་པ་དང་། ཡི་གེར་འབྲི་བ་དང་། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། 100-1-55b ལྗོངས་སམ། རྒྱལ་པོ་ཡུལ་འཁོར་དང་བཅས་པ་འམ། གཙུག་ལག་ཁང་དུ་གླེགས་བམ་འདི་འཆང་ན། དཔལ་ནག་པོ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུ་ཆེན་པོ་བརྒྱད་རྣམས་སླད་བཞིན་ འབྲང་ཞིང་། དཔག་ཚད་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གདོན་མ་རུངས་པ་ཐམས་ཅད་དང་། ལོག་པར་འདྲེན་པ་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་འགྱུར་རོ། །བསྒོམ་ཉེས་པ་དང་། བྲི་ཉེས་པ་ དང་། སྔགས་ནོར་བ་དང་། ཕྱག་རྒྱ་ནོར་བ་དང་། བཤད་ཉེས་པ་དང་། མཉན་པ་ནོར་བ་ཡང་གཟུངས་འདི་བཀླགས་པས་དག་པར་འགྱུར་རོ། །གཟུངས་འདིས་སུ་ལ་བསྲུང་བ་བྱས་པ་དང་། ཡོངས་སུ་བསྐྱབ་པ་བྱས་པ་དང་། བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱས་པ་དེ་ལ་མཚོན་དང་། དུག་དང་། དབྱིག་དུག་དང་། བྱད་དང་གཤེད་མ་དང་། རིམས་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བས་མི་ཚུགས་སོ། །གནོད་པར་བྱེད་པ་ཚར་གཅོད་པར་འགྱུར་རོ། །བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་རྩར། དངོས་གྲུབ་བརྙེས་པའི་ རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོ་ཙྪ་བ་འགར་ཤེས་རབ་འབྱུང་གནས་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཏཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊ། བཱིརྱེ་སྭཱ་ཧཱ། བཅོམ་ལྡན་འདས་དེའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མཎྜལ་བརྒྱད་བྱས་ལ་མཎྜལ་རེ་རེ་ལ་ 100-1-56a ལན་བཅུ་གསུམ་གྱི་བར་དུ་བཟླས་ལ། ལྕི་བ་ལྷག་མ་ལ་སྔགས་བཟླས་ཏེ་ནད་པ་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །གལ་ཏེ་ཉི་མ་བདུན་ནམ། བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གིས་འགྲུབ་སྟེ། མཚམས་མེད་པ་ལྔ་བྱས་པ་ནི་མ་ཡིན་ནོ། །དེ་ལྟར་མ་གྲུབ་ན་བདག་གིས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །སེང་གེ་སྒྲའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང་། ཀློགས་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་ བའོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཀཱ་རུ་ཎ་ཨ་ན་བི་ལྃ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་ རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་མངའ་བ་གནོད་པ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པ་ནད་ཐམས་ ཅད་རབ་ཏུ་ཞི་བར་མཛད་པ་འབྱུང་པོ་ཐམས་ཅད་ངེས་པར་བཟློག་པ་སེམས་ཅན་མི་ཁོམ་པ་བརྒྱད་དུ་ལྷུང་བ་རྣམས་ཡང་དག་པར་སྒྲོལ་བ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གིས་བཤད་པའི་གཟུངས་སྙིང་རྗེ་ཆེན་པོ་མི་བཤོལ་བ་ཞེས་བྱ་བ་འདི་བརྗོད་ཀྱིས་ཐུགས་རྗེ་ཆེན་པོ་མངའ་བ་བདག་ལ་དགོངས་སུ་གསོས། དགོངས་སུ་གསོལ། ཏདྱ་ཐཱ། ཨོཾ་ཛ་ཏ་ཛ་ཏ། ཛི་ཏི་ཛི་ཏི། ཛུ་ཏུ་ཛུ་ཏུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཐུགས་རྗེ་ཆེན་པོ་མངའ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པ་ཆེན་པོ་རྗེས་སུ་དགོངས་ཏེ་གཤེགས་སུ་གསོལ། གཤེགས་སུ་གསོལ། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏུ་ཙུ་ཏུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་ཀྱི་སྤྲིན་གྱི་རྗེས་སུ་དགོངས་ཏེ་ཐུགས་རྗེ་ཆེན་པོ་མངའ་བ་མྱུར་དུ་གཤེགས་སུ་གསོལ། མྱུར་དུ་གཤེགས་སུ་གསོལ། ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ། 100-1-56b བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་གཞི་ལས་བཞེངས་སུ་གསོལ་བཞེངས་སུ་གསོལ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧི་ཨེ་ཧི། བུ་དྷ་བུ་དྷ། སངས་རྒྱས་ཀྱི་བདེན་ པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པས་བཞེངས་སུ་གསོལ། བཞེངས་སུ་གསོལ། བྱམས་པ་ཆེན་པོས་འབྱུང་པོ་ཐམས་ཅད་བཟློག་ཏུ་གསོལ། ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་ མཛད་དུ་གསོལ། བྷུ་ན་བྷུ་ན། བི་བྷུ་ན་བི་བྷུ་ན། མ་ཐཱ་མ་ཐཱ། པྲ་མ་ཐ་པྲ་མ་ཐ། བཞེངས་སུ་གསོལ་བཞེངས་སུ་གསོལ། ཚུར་གཤེགས་ཚུར་གཤེགས། བསམ་པ་རྫོགས་པར་མཛད་དུ་གསོལ། ལས་སྦྱང་དུ་གསོལ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ སྭཱ་ཧཱ། མ་ཧཱ་པད་མ་ཧསྟཱ་ཡ་སྭཱ་ཧཱ། པད་མ་ཨཱ་ས་ན་ཡ་སྭཱ་ཧཱ། ཤ་ཏཱ་ཛྙཱ་ཨུ་པ་བཱི་ཏི་ཡ་སྭཱ་ཧཱ། ཀི་རི་ཏ་ནི་སྭཱ་ཧཱ། ཤཱུ་ལ་ནེ་སྭཱ་ཧཱ། ཙཀྲ་ནེ་སྭཱ་ཧཱ། བཛྲ་ནེ་སྭཱ་ཧཱ། ཏྲ་ན་ཏྲེ་ཡ་ཕྲ་ཧཾ་རཱུ་པཱ་ཡ་སྭཱ་ཧཱ། ཨཱ་ཀཱ་ཤཱ་ཡ་སྭཱ་ཧཱ། ཤི་ནི་ཤི་ནི་སྭཱ་ཧཱ། པྲ་ཙ་བ་ཏ་ ཡེ་སྭཱ་ཧཱ། ཡ་མ་ཡེ་སྭཱ་ཧཱ། ཡ་མ་བྷུ་ད་ཡ་སྭཱ་ཧཱ། ཨཱཏ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ། ཛ་ར་ཡུ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ། སྃ་སྭ་ད་ཚེ་བྷྱོ་བྷུ་དེ་བྷྱཿསྭཱ་ཧཱ། ཨ་པ་ཡུ་པ་པ་དུཿཁ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ། བི་ཏི་ཀ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ། བཻ་དྷི་ཏ་ཀེ་བྷྱོ་བྷྱ་དྷྱི་བྷྱཿ སྭཱ་ཧཱ། ཥྥ་ཥྞ་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ། ས་ན་ནི་པ་ཏི་ཀེ་བྷྱོ་བྷྱ་བྷྱི་བྷྱཿསྭཱ་ཧཱ། སརྦ་བུདྡྷོ་སྭཱ་ཧཱ། སརྦ་བྷྱ་ཏི་བྷྱཿསྭཱ་ཧཱ། བྷུ་མེ་ཨན་ཏ་རི་ཥ་ཙརྱེ་བྷྱོ་བྷྱཿསྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲི་ཊི་ཏྲི་ཊི། ཏྲུ་ཊུ་ཏྲུ་ཊུ། བདག་འཇིགས་པ་ཐམས་ཅད་ དང་། འཚེ་བ་ཐམས་ཅད་དང་། ནད་ཐམས་ཅད་ལས་བསྲུངས་ཤིག་བསྲུངས་ཤིག་སྭཱ་ཧཱ། གྲ་ས་གྲ་ས། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཨཱ་ཛྙ་པ་ཡ་ཏི་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཐུགས་རྗེ་ཆེན་པོ་མི་བཤོལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།ཡང་ཞུས་བྱང་། སྟག་ལུང་རྒྱུད་འབུམ་ལ་གཏུགས་དག་གཉེར་ཡང་དག་པར་བྱས་སོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་མཱ་ཏཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། 100-1-57a ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་གྲོང་ཁྱེར་ཡངས་པ་ཅན་ན། འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་ལྔ་བརྒྱ་དང་བྱམས་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདུས་ཏེ་འདུག་པར་ གྱུར་པ་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བགྱི་བའི་གཟུངས་ཀྱི་རིག་སྔགས་ཆེན་མོ་གསང་སྔགས་ཀྱི་གཞི། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྔོན་གསུངས་ ཤིང་ད་ལྟར་གསུང་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བ་དང་དོན་དང་བྱང་ཆུབ་སེམས་དཔའི་དོན་གྱི་བར་གྱི་ཕྱིར་སྔོན་གསུངས་པ། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱི་ཕར་གྱུར་པ་མར་གྱུར་པ་སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་མགོན་མ་མཆིས་པ་རྣམས་ཀྱི་ མགོན་དུ་གྱུར་པ་སྡིག་པ་ཐམས་ཅད་ཟད་པར་བགྱིད་པ་མཆིས་ཏེ་གཟུངས་དེ་ཐོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ 100-1-57b ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ བདེ་བ་ཅན་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འཁོར་དེ་ཉིད་ན་བྲམ་ཟེ་དབང་ཕྱུག་འོད་ཅེས་ བྱ་བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུས་པ་དེས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང་སེམས་ཅན་བྱེ་བ་ཁྲག་ཁྲིག་ ཕྲག་དུ་མ་ལ་བསྒྲགས་བཤད་བསྟན་ཏེ། དེ་དག་ཐམས་ཅད་ཀྱིས་གཟུངས་འདི་ཐོས་མ་ཐག་ཏུ་སྡིག་པ་ལྟུང་བར་བྱེད་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་སྐྱེ་བ་དྲན་པར་གྱུར་པ་ངས་དྲན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་སྨྲོས་ ཤིག །ཕྱི་མའི་དུས་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པ་བྱེད་པ་མཚམས་མེད་པ་བྱེད་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་སྡིག་པ་ཟད་པར་འགྱུར། ཕན་པ་དང་བདེ་བར་འགྱུར། མགོན་མེད་པ་ རྣམས་ཀྱི་མགོན་དུ་འགྱུར་རོ། །ངས་ཀྱང་གནང་ཞིང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་ བྱ་བའི་གཟུངས་ཀྱི་རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། 100-1-58a རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་པར་བྱའོ། །བདག་ལ་རིག་པ་འདི་གྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨི་ལི་མི་ལི། ཙི་ལི་མི་ལི། ཀུན་ཏུ་ལ། ཀུན་དུ་ལེ། ཏུ་ལེ། སེ་རེ་སི་སི་ལེ། བི་སི་རེ། བི་རཱ་ཡཱ་ གཽ་རི། གནྡྷ་རི་དྲཱ་མ་ཊེ། མཱ་ཏངྒི། པུཀྐཱ་སི། ཀཥྚ་ཡ། མཱ་ཙཎྜ་ལཱི། ཧུཊྚུ་མ་ལི་ནི། ཧུད་ཌྷུ་ཌྷུ་མ་ལི་ནི། ཙི་ལེ་མི་ལེ། གྲྀཧྞ་སཽ་མྱ་དར་ཤ་ནི། ཀུ་རུ་ཙཎྜ་མུ་ཁེ། ལཱ་གྷུ་མཱ་ན་ཡཾ་ཏེ། ཨཱརྱ་དཀྵི་ཎ་བྷུ་ཛེ་སརྦ་བིདྱཱ་ནཱ་མ། པྲ་སཱ་དྷ་ནེ། སརྦ་བིདྱཱ་ ན་མ། ཨཱ་ཤྭ་རི་སྭཱ་ཧཱ། བཀླགས་པས་འགྲུབ་པའི་གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་བསྲུང་ངོ་། །དུས་གསུམ་དུ་བཟླས་པ་ བྱས་ན་ཞག་བདུན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །གཞན་དུ་མི་སེམས་པའི་ཡིད་ཀྱིས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ མ་རིག་པ་ཆེན་མོ་བདག་ཉིད་སྟོན་ཏེ། འཕགས་པ་འོད་དཔག་མེད་ཀྱང་མཐོང་ངོ་། །བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྐྱེ་བ་དྲན་པ་དང་ཐོས་པ་འཛིན་པར་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་དམ་ པའི་ཆོས་དང་མི་འབྲལ་བར་འགྱུར་རོ། །ལོངས་སྤྱོད་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ། གཏན་ལ་ཕབ་པ། སྟག་ལུང་རྒྱུད་འབུམ་ལ་གཏུགྶ་ནས་ཞུས་དག ། །། 100-1-58b ༄། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་མཱ་ཏ་ནཱི་ཏཱ་ར། བི་ཤྭ་ཀར་མ་བྷ་བ་ཏན་ཏྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཀུ་རུ་ཀུལླེ་དང་རི་ཁྲོད་ལོ་ མ་ཅན་ལ་སོགས་པ་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས་ལྷ་རྫས་ཀྱི་མེ་ཏོག་པད་མ་དང་ཀུ་མུ་ཏ་དང་། མན་དཱ་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང་། དུང་དང་། པིང་བང་དང་། རྔ་དང་། རྫ་རྔ་དང་གཽ་རྒྱུད་མངས་ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་ལྷའི་གདུགས་དང་། རྒྱལ་མཚན་དང་བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ། མཆོད་པ་སྣ་ཚོགས་ཀྱི་ མཆོད་པའི་སྤྲིན་གྱིས་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཞག་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས། བདུད་ཀྱི་དཀྱིལ་འཁོར་ ཡང་ཕམ་པར་བྱས་ཏེ། འོད་ཀྱི་སྣང་བ་ཆེན་པོ་ཡང་བཀྱེའོ། །དེ་ཡང་འདི་ལྟ་སྟེ། དཀར་པོ་དང་དམར་པོ་དང་། སེར་པོ་དང་ལྗང་ཀུ་དང་། མཐིང་ཀ་དང་འདྲེས་པ་སྟེ་འོད་སྣ་ཚོགས་བཀྱེ་སྟེ། སྡུག་བསྔལ་དང་བཅས་པ་རྣམས་སྦྱངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ཀུ་རུ་ཀུལླེའི་གཙུག་ཏུ་ནུབ་པར་གྱུར་ཏོ། །གཙུག་ཏུ་ནུབ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་པ་ཡང་འབབ་པར་གྱུར་ཏོ། །དེ་ནས་ལྷ་མོ་དེ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟ་ བུར་གྱུར་ཏོ། །དེའི་ཚེ་བསྟོད་པའི་ཚིགས་སུ་བཅད་པ་འདིས་བསྟོད་པ། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་ཆར་དུ་ཕབ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་ 100-1-59a སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཟབ་པའི་ཕྱིར་ཅིའི་ཕྱིར་བསྐྱེད། གང་གིས་ན་ཡུམ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་བདེན་མོད་ཀྱི་དུས་ གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ་འགྲིབ་པ་མེད་པ་འཕེལ་བ་མེད་པ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ དེའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ནི་མ་སྐྱེས་པ། མ་འགགས་པ་དྲི་མ་མེད་པ་དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ་འཕེལ་བ་མེད་ པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དོན་དམ་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། ། ཡང་དག་པའི་མཐའི་ཚིག་བླ་དགས་སོ། །སྙིང་རྗེ་ཆེན་པོའོ། །ཀུན་རྫོབ་ངོ་བོ་འཁོར་བའི་ཚིག་བླ་དགས་སོ། །དེ་ལས་འདས་པ་ནི་དུས་གསུམ་གྱི་སངས་རྒྱས་བསྐྱེད་པའི་ཡུམ་མོ། །དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་ པའོ། །འཇམ་དཔལ་དེ་ལྟར་ན་ཡུམ་དུ་ཡིད་ལ་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་དེ་བས་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ། །གཟུངས་སྔགས་འདི་བརྗོད་པར་བྱའོ། །ནན་ཏན་ དུ་བསྒྲུབ་པར་བྱའོ། །འདིའི་ཡོན་ཏན་ཤེས་པར་བྱའོ། །འདི་མཆོད་པར་བྱའོ། །ལུང་ནོད་པར་བྱའོ། །ཐེ་ཚོམ་མེད་པར་བྱའོ། །ལས་ལ་ནན་ཏན་དུ་བྱའོ། །འདིའི་བསྔགས་པ་ཡིད་ལ་བྱའོ། །ལས་སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ། ། 100-1-59b དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྟན་ཏོ། །དེས་ནི་གླེང་གཞིའི་ལེའུ་བསྟན་པ་སྟེ་ལེའུ་དང་པོའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ ལ་གསོལ་པ། བཅོམ་ལྡན་འདས་འདི་ཇི་ལྟར་བསྒོམ་པར་བྱ། འདི་ལ་ཇི་ལྟར་དུ་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་འདི་ལྟར་ཡིད་ལ་བྱའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་མ་སྐྱེས་ པའོ། །ཆོས་ཐམས་ཅད་ནི་མ་འགགས་པའོ། །ཆོས་ཐམས་ཅད་ནི་དྲི་མ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ། །འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་ པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧྃ། ཞེས་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ལས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་ སྐྱེ་བ་དག་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ། །སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ་ བ་དང་བཏང་སྙོམས་བསྒོམ་པར་བྱའོ། །འཇམ་དཔལ་དེ་ལྟ་བས་ན། རྒྱུ་ནི་ཚད་མེད་པ་བཞིའོ། །དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་དེ་ལ་ནན་ཏན་དུ་ཡིད་ལ་བྱའོ། །འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་བྷོ་དྷི་ཙིཏ་ཏ་ཨུཏྤ་དཱ་ཡ་ཨ་ཧཾ། ཞེས་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མཆོད་པ་འདི་རྣམས་ཀྱིས་མཆོད་པར་བྱའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི། །ཕྱེ་མ་ཕུར་མ་བདུག་པའི་བྱེ་བྲག་རྣམས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །བདེ་བར་གཤེགས་པའི་ཡུམ་ 100-1-60a མཆོག་སངས་རྒྱས་སྤྱན། །མེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །བདེ་བར་གཤེགས་པའི་ཡུམ་མཆོག་ རིན་པོ་ཆེ། །རིན་ཆེན་མར་མེའི་བྱེ་བྲག་ཕྲེང་བ་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དེ་བཞིན་གཤེགས་པའི་ཡུམ་མཆོག་ན་བཟའ་དཀར། །དྲི་ཞིམ་ཆུ་ གཙང་སྤོས་ངད་ལྡང་བའི་ཆུ། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །རྒྱལ་བ་བསྐྱེད་པའི་ཡུམ་མཆོག་འཕྲིན་ལས་ལྡན། །བཟའ་དང་བཅའ་བ་ལ་སོགས་ཞལ་ ཟས་རྣམས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་དབུལ་བར་བགྱི། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་མཛད་པའི། །གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ། །གདུགས་དང་རྒྱལ་མཚན་བ་དན་འཕན་གདུགས་བཅས། །ཕྱོགས་བཅུ་ཀུན་ ནས་སྤྲིན་བཞིན་གཏིབས་གྱུར་ཅིག །དཔག་བསམ་གྱིས་ནི་ཤིང་དག་དང་། །ལྗོན་པའི་ཤིང་དང་ཤིང་དག་གིས། །དྲི་ཞིམ་ལོ་འདབ་བཅས་པའི་ཤིང་། །ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག །སྤོས་ཀྱི་དྲི་ངད་ལྡང་བའི་ཆར། ། འབྲུ་དང་མེ་ཏོག་ལ་སོགས་པའི། །ཡིད་དུ་འོང་བའི་དྲི་ཞིམ་ཆར། །ངེས་པར་ཀུན་ཏུ་འབབ་པར་ཤོག །འབབ་ཆུ་ལྟེང་ཀ་ལུ་མ་དང་། །མཚོ་དང་རྫིང་བུ་དག་དང་ནི། །རོ་བརྒྱ་དག་དང་ལྡན་པའི་མཚོ། །དད་པ་ལ་སོགས་བཅས་པ་ཡི། ། རིན་ཆེན་ཁང་པ་ཡིད་འོང་བའི། །དྲ་བ་དྲ་བ་ཕྱེད་པ་དང་། །ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི། །ཁང་པ་ཤིན་དུ་ཡིད་དུ་འོང་བ་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་བྱའོ། །འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་ པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། 100-1-60b ཨོཾ་སརྦ་ཏ་ཐཱ་ག་ཏ་གན་དྷ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་པར་བྱའོ། །མཆོད་པའི་ ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །འཇམ་དཔལ་དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་ཀྱིས་བསྟོད་པ་འདི་འཇམ་དཔལ་ཁྱོད་ཀྱི་ཡིད་ལ་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱྃ། ཏདྱ་ཐཱ། ཨོཾ་ན་མཿ སྤུ་ཀ་སཾ། ན་མཿ ཏཱ་ར་ཡེ་ཏཱ་ར་མི་ ཏ་ན་མ་སྟཱ་རེ་ཏུ་ར་བཱི་ར། ཀྵ་ཎེ་དྱུ་ཏི་ནི་བྷེ་ཀྵ་ཎེ། ཏྲཻ་ལོ་ཀྱ་ནཱ་ཐཱ་བི་ཀ་སད་ཀེ་ཤ་རོད་བྷ་བེ། ན་མཿ ཤ་ཏ་ས་རཙྩན་དྲ། སཾ་པཱུ་རཎྞ་པ་ཊ་ལཱ་ན་ནེ། ཏཱ་རཱ་ས་ཧ་སྲ་ནི་ཀ་ར། པྲ་ཧ་སད་ཀིར་ཎོ་ཛྫཱ་ལེ། ན་མཿ ཀ་ན་ཀ་ནཱི་ཨ་བ། ཛ། པཱ་ཎི་པད་མ་བི་བྷཱུ་ཥི་ཏེ། དཱ་ན་བཱིདྱ་ཏ་བཿ ཤཱན་ཏི། ཏི་ཏི་ཀྵཱ་དྷྱཱ་ན་གོ་ཙ་རེ། ན་མསྟ་ཐཱ་ག་ཏོ་ཥྞཱི་ཥ། བི་ཛ་ཡཱ་ནན་ཏ་ཙཱ་རི་ནི། ཨ་ཤེ་ཥ་པཱ་ར་མི་ཏ་པྲཱ་བ་ཏ། ཛི་ན་པུ་ཏྲ་ནི་སེ་བི་ཏེ། ན་མསྟུ་ཏྟཱ་ར་ཧཱུྃ་ཀ་ར། པཱུ་རི་ཏཱ་ཤཱ་དི་གན་ཏ་རེ། ས་བ་ཏ་ལོ་ ཀེ་ཀྲ་མཱ་ཀྲཱནྟི་ནིཿ ཤེ་ཥཱ་ཀར་ཥ་ཎ་ཀྵ་མེ། ན་མཿ ཤ་ཀྲ་ན་ལ་བྲཧྨ། མ་རུད་དྭི་ཤྭེ་ཤྭ་ར་ཨར་ཙྪིཏི། བྷཱུ་ཏ་བེ་ཏཱ་ཌ་གན་དྷརྦ། གན་ཡཀྵ་པུ་ར་སྐྲི་ཏེ། ན་མ་སྟྲ་ཌི་ཏི་ཕཊ་ཀཱ་ར། པ་ར་ཡན་ཏྲ་པྲ་མར་དྷ་ནི། པྲ་ཏྱཱ་ལཱ་ཌྷི་པ་ད་ནྱཱ་ས། ཤི་ཁི་ཛྭ་ལཱ་ཀུ་ལོ་ཀྵ་ནེ། ན་མ་སྟུ་རེ་མ་ཧཱ་གྷོ་རེ། མཱ་ར་བཱི་ར་བི་ནཱ་ཤ་ནེ། བྷྲི་ཀུ་ཊཱི་ཀྲྀ་ཏ་བཀྟྲ་ཨ་བ་ཛ། སརྦ་ཤ་ཏྲུཾ་ནི་སཱུ་ད་ནི། ན་མསྟྲི་རད་ན་མུ་དྲཱཾ་ཀ །ཧྲྀ་དྱཱང་གུ་ལི་བི་བྷཱུ་ཥི་ཏེ། བྷཱུ་ཥི་ཏཱ་ཤེ་ཥ་དིག་ཙཀྲ ། ནི་ཀ་ར་སྭ་ཀ་རཱ་ཀུ་ལེ། ན་མཿ པྲ་མུ་དི་ཏཱ་ཊོ་པ། མུ་ཀུ་ཊཱ་ཀྵིཔྟ་མཱ་ལི་ནི། ཧ་སཏྤྲ་ཧ་སཏྟུཏྟཱ་རེ། མཱ་ར་ལོ་ཀ་བ་ཤངྐ་རི། ན་མཿ ས་མནྟ་བྷཱུ་པཱ་ལ། པ་ཊ་ལཱ་ཀཪྵ་ཎ་ཀྵ་མེ། ཙ་ལ་ཏ་བྷྲྀ་ཀུ་ཊི་ཧཱུྃ་ཀཱ་ར། སརྦ་པ་ད་བི་མོ་ཙ་ནི། ན་མཿ ཤི་ཁཎ་ཌ་ཁཎ་ཌེན་དུ། 100-1-61a མུ་ཀུ་ཊཱ་བྷ་ར་ཎོ་ལི། ཨ་མི་ཏཱ་བྷ་ཛ་ཊཱ་བྷཱ་ར། བྷ་སྭ་རེ་ཀེ་ར་ཎོ་དྷྲུ་བེ། ན་མཿཀནྟ་ཧུ་ཏ་བྷུ་ག །ཛྭཱ་ལཱ་མཱ་ལཱན་ཏར་སྠི་ཏེ། ཨཱ་ལཱི་ཌྷ་མུ་དི་ཏཱ་བད་དྷ། རི་པུ་ཙཀྲ་བི་ནཱ་ས་ནི། ན་མཿ ཀ་ར་ཏ་ལཱ་གྷཱ་ཏ། ཙ་ར་ཎཱ་ཧ་ཏ་ལོ་བྷཱུ་ཏ་ལེ། བྷྲྀ་ཀུ་ཊཱི་ཀྲྀ་ཏ་ཧཱུྃ་ཀཱ་ར། ས་པ་ཏ་པཱ་ཏཱ་ལ་བྷེ་དི་ནི། ན་མཿ ཤི་བེ་ཤུ་བྷེ་ཤཱན་ཏ། ཤཱན་ཏེ། ནིརྦཱ་ཎ་གོ་ཙ་རི། སྭཱ་ཧཱ། པྲ་ཎ་བ་སཾ་ཡུ་ཀ་ཏེ། མ་ཧཱ་པཱ་པ་ཀ་ནཱ་ས་ནི། ན་མཿ པྲ་མུ་དི་ཏཱ་བན་དྷ། རི་པུ་གཱ་ཏྲ་པྲ་བྷེ་དི་ནི། ད་ཤཀྵ་ར་པ་ད་ནྱཱ་ས། བི་དྱཱ་ཧཱུྃ་ཀཱ་ར་དཱི་པི་ཏེ། ན་མསྟུ་རེ་པཱ་ད་ག་ཏ། ཧཱུྃ་ཀཱ་རཱ་ཀཱ་ར་བི་ཛི་ཏེ། མེ་རུ་མན་ད་ར་ཀཻ་ལཱ་ས། བྷཱུ་བ་ན་ཏྲ་ཡ་ཙ་ལི་ནི། ན་མཿ སུ་ར་ས་རཱ་ཀཱ་ར། ཧ་རི་ཎཱང་ཀ་ཀ་ར་སྠི་ཏེ། ཧཱ་ར་དྭི་རུག་ཏ་ཕཱུ་ཊ་ཀཱ་ཨ་ཤེ་ཥ་བི་ཥ་ནཱ་ས་ནི། ན་མཿ སུ་ར་ག་ཎཱ་དྷྱ་ཀྵ་སུ་ར། ར་ཋ་ཀིནྣ་ ར་སེ་བི་ཏེ། ཨཱ་བ་དྷ་མུ་དི་ཏཱ་བྷོ་ག་ཀ་ལི། དུཿ སྭཔྣ་ནཱ་ས་ནི། ན་མཿ ཙན་དྲ་ཨརྐ་སཾ་པཱུར་ཎ། ན་ཡ་ན་དྭི་ཏི་བྷཱ་སྭ་རེ། ཧ་ར་དྭི་རུག་ཏ་ཏུཏ་ཏཱ་རེ། བི་ཋ་མ་ཛྭ་ར་ནཱ། ས་ནི། ན་མ་སྟྲི་ཏ་ཏྭ་བི་ནྱཱ་ས། ཤི་བ་ཤ་ཀ་ཏི་ས་མ་ནྭི་ཏཻཿ གྲ་ཧ་བེ་ཏཱ་ ལ་ཡཀྵཽ་ག་ཎ། ནཱ་ཤ་ནཱི་པྲ་བྷ་རེ་ཏུ་རེ། མན་ཏྲ་མཱུ་ལ་མི་དྃ་སྟོ་ཏྲཾ། ན་མ་སྐཱ་རཻ་ཀ་བི་ཤ་ཀཾ། ཡཿ པ་ཐེ་ཏ་པྲ་ཡཏྣ་དྷཱི་མཾ། དེ་བྱཱ་བྷཀ་ཏི་ས་མནྣ་བི་ཏཿ ཤ་ཡམྦཱ་པྲཱ་ཏ་རུ་ཐཱ་ཡ། ཡ་སྨ་རཻད་སརྦ་བྷ་ཡ་པྲ་དཾ། སརྦ་པཱ་པ་པྲ་ཤ་ མ་ནི། སརྦ་དུར་ག་ཏི་ནཱ་ཤ་ན། ཨ་བྷི་ཥི་ཀ་ཏོ་བྷ་བེ་ཏ་ཏཱུ་རྞྞྃ། ས་བ་ཏ་བྷིར་ཛི་ན། ཀོ་ཊི་བྷིཿ། ཨ་སྨིན་མ་ཧ་ཏཿ མཱ་ས་དྱ། སོན་ཏེ་བཽདྡྷ་བ་ཏཾ་པྲ་ཛ་ཏ། བི་ཥན་ཏ་སྱ་མ་ཧཱ་གྷཽ་རཾ་སྠ་བ་རཾ། བ་ཐ་ཛཾ་ག་མཾ། སྨ་ར་ཎཱཏ་པྲ་ལ་ཡཾ་ཡཱ་ ཏི། ཁཱ་ཏི་ཏཾ་པཱི་ཏ་མེ་བ་བཱ། གྲ་ཧ་ཛྭ་ར་བི་ཥཱ་ར་ཏྟཱ་ནཾ། པ་ར་མཱ་ར་ཏྟི་བི་ནཱ་ཤ་ནཱྃ། ཨ་ནྱེ་ཥཱཾ་ཙྱཻ་བ་སཏྭཱ་ནཱྃ། དྭི་སྟི་སཔྟཱ་བྷི་བ་ར་ཏྟི་ནཱྃ། པུ་ཏྲ་ཀཱ་མོ་ལ་བྷེ་ཏ་པུ་ཏྲཾ། དྷ་ན་ཀཱ་མོ་ལ་བྷེད་དྷ་ནཾ། སརྦ་ཀཱ་མོ་ན་བཱ་པ་ནོ་ཏི། ན་བིགྷྣཻཿ པྲ་ཏི་ཧྱ་ནྱ་ཏེ། ཏཱ་ར་བྷ་ག་བ་ཏེ་ཡཾ་སུ་ཏྲཾ། སམྱཀ་སཾ་བུདྡྷ་བ་ཤེ་ཏྲཾ། སརྦ་ཀ་ར། ས་མ་ཡཱ་ཨུ་ལ་ཀ་རེ་ཡ། བུདྡྷ་ནི་ཙ་དྷརྨ་ནི་ཙ། སཾ་གྷ་ནི་ཙ་ཏཱ་ར་ཡེ་སྭཱ་ཧཱ། འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་ 100-1-61b སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ། ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའོ། །འཇམ་དཔལ་དེའི་ ཕྱིར་བརྗོད་པར་བྱའོ། །གཟུངས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་དུད་འགྲོ་ལ་སོགས་པའི་གནས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཡུལ་མཐའ་འཁོབ་དང་ཀླ་ཀློ་དང་། དབང་པོ་མ་ཚང་བ་ལ་ སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ། །རིམས་དང་འབྲུམ་བུ་དང་། ནད་འགོ་བ་ལ་སོགས་པའི་ནད་ཀྱི་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་ནད་ཀྱི་འཇིགས་པ་མི་འབྱུང་ངོ་། །འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ ལས་གྲོལ་བར་འགྱུར་རོ། །འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །འདི་འཛིན་པའི་གང་ཟག་ དེ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་མ་ལུས་པར་བྱང་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་མི་འབྱུང་ཞིང་། ནམ་འཆི་བའི་དུས་ཀྱི་ཚེ། དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུར་རོ། །འདི་འཛིན་པའི་གང་ཟག་ནི་ཡིད་ལ་ཅི་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡུམ་སྒྲོལ་མའི་གཟུགས་ཕུན་སུམ་ཚོགས་པར་འགྱུར་རོ། ། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །རྨི་ལམ་ངན་པ་ལྟས་ངན་པ་དང་། མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། །དུས་གསུམ་གྱི་བདེན་ པ་ཡང་མཐོང་བར་འགྱུར་རོ། །ཡུམ་སྒྲོལ་མའི་སྐུ་དངོས་སུ་མཐོང་བར་འགྱུར་རོ། །ན་མཿ སརྦ་ཏ་ཐཱ་ག་ཏ་སཾ་མྱག་སཾ་བུདྡྷ་ཡ་ཏྲེ་ཡཾ་ཏེ་ཏཱ་ར་ཏེ་ཏུ་ཏཱ་ར། ཞེས་བརྗོད་པར་བྱའོ། །བསྟོད་པའི་ལེའུ་སྟེ་གསུམ་པའོ།། །། 100-1-62a དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་གསོལ་པ། གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་མོའི་དོན་ལ་མོས་པས་ནན་ཏན་དུ་བྱའོ། །དེ་ནས་ཏཾ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་བཛྲ་ཛྭ་ལ་བཛྲ་ཏ་ན་ཧཱུྃ་ཕཊ། ཞེས་བརྗོད་པར་བྱའོ། །དེ་ནས་ཏཾ་ལས་བྱུང་བའི་ཡི་གེ་ཨེ་དཀར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་བཾ་སྔོན་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་ལཾ་སེར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡཾ་ལྗང་ ཁུ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་དམར་པོ་བསྒོམ་པར་བྱའོ། །དེ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་བསྡུ་བ་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་བི་ཤུད་དྷ་ཧཱུྃ། ཨོཾ་ཨཾ་དྷ་ར་བུ་བི་ཤུད་དྷ་ཧཱུྃ། ཨོཾ་ས་མན་ཏ་བི་ཤུད་དྷ་ཧཱུྃ། ཨོཾ་པྲཀྵ་བི་ཤུད་ དྷ་ཧཱུྃ། ཨོཾ་ཀྵ་ཏ་བུ་ཐཱ་ན་བི་ཤུད་དྷ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་མཎ་ཌ་ལ་ས་མན་ཏ་ཤུད་དྷ་ཧཱུྃ། འཇམ་དཔལ་དེ་ལྟར་སྔགས་དེ་བརྗོད་པས་དཀྱིལ་འཁོར་གྱི་ཁང་པ་བསྐྱེད་པར་བྱ་སྟེ། པད་མ་འདབ་མ་བཞི་པ་ཁ་དོག་ སྣ་ཚོགས་པ་ལ་རྡོ་རྗེ་ར་བས་བསྐོར་བ་གྲུ་ཚད་བཞི་དང་ལྡན་པ་གྲུ་བཞིར་འདུག་ཅིང་སྒོ་བཞིར་ཀ་བ་བརྒྱད་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་རིན་པོ་ཆེའི་ཆུན་འཕྱང་དང་ཏྭ་ར་ནི་ལ་སོགས་པས་མཛེས་པའོ། ། དེ་ལྟར་དཀྱིལ་འཁོར་གྱི་ཁང་པ་དེ་འདྲ་བ་བསྐྱེད་དེ་དབུས་ཀྱི་ཟེ་འབྲུ་ལ་ནི་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་ཨུད་པ་ལ་ཏཾ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་ པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་ 100-1-62b པ་ཕྱག་གཡས་པ་མཆོད་སྦྱིན། གཡོན་པ་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་མ་ལང་ཚོ་ལ་བབ་ པ་ཞལ་འཛུམ་བག་དང་བཅས་པ། མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པས་ཟླ་བ་དང་པད་མའི་སྟེང་དུ་བཞུགས་པའོ། །ཤར་དུ་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལས་བསྐྱེད་པའི་ཨུད་པ་ལ་མཐིང་ཀ་ས་བོན་དང་བཅས་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ ལས་བྱུང་བའི་སྒྲོལ་མ་མཐིང་ཀ་ཕྱག་གཉིས་པ་ཕྱག་གཡས་ཀྱིས་ཏྲི་ཤཱུ་ལ་འཛིན་པ། ཕྱག་གཡོན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ་མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་ སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ། མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པས་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ། །ལྷོ་རུ་ཟླ་བ་དང་པད་མའི་སྟེང་དུ་རེ་ལས་བསྐྱེད་པའི་ ཨུད་པ་ལ་སེར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་ བརྙན་ལྟ་བུར་མཐོང་ངོ་། །དེ་ཡི་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ་ཕྱག་གཉིས་པ། ཕྱག་གཡས་ན་རལ་གྲི་འཛིན་པ་གཡོན་ན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་ པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ་མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པ། 100-1-63a ཟླ་བ་དང་པད་མའི་སྟེང་དུ་བཞུགས་པའོ། །ནུབ་ཏུ་ཟླ་བ་དང་པད་མའི་སྟེང་དུ་ཏུ་ལས་བྱུང་བའི་ཨུད་པ་ལ་དམར་པོ་ས་བོན་དང་བཅས་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་ཁྱབ་སྟེ། འོད་ཁ་དོག་ སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་དམར་མོ་ཕྱག་གཉིས་པ་ ཕྱག་གཡས་པ་ན་འཁོར་ལོ་འཛིན་པ། གཡོན་པ་ན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་ པ་ཞལ་འཛུམ་བག་དང་བཅས་པ། མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པ་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ། །བྱང་དུ་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལས་བྱུང་བའི་ཨུད་པ་ལ་ལྗང་ཁུ་ས་བོན་དང་བཅས་པ་ལས་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ་འོད་ཁ་དོག་སྣ་ཚོགས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེ་ཡི་ཨུད་པ་ལ་ལས་ བྱུང་བའི་སྒྲོལ་མ་ལྗང་ཁུ་ཕྱག་གཉིས་མ་ཕྱག་གཡས་ན་གདུགས་འཛིན་པ་གཡོན་ན་གདོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ་མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་ པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ་མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པ། གདན་ཟླ་བ་དང་པད་མའི་སྟེང་དུ་བཞུགས་པའོ། །ཤར་གྱི་སྒོར་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལས་བྱུང་བའི་ ཨུད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ 100-1-63b ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ་ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་ པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ། །ལྷོའི་སྒོར་པད་མ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུད་པ་ལ་ ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ། །ནུབ་ཀྱི་སྒོར་ཟླ་བ་དང་པད་མའི་སྟེང་དུ་ཏུ་ལས་སྐྱེད་ པའི་ཨུད་པ་ལ་ས་བོན་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ་ཁྲོས་པའི་སྐུར་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་ པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མའི་གདན་ལ་བཞུགས་པའོ། །བྱང་གི་སྒོར་ཟླ་བ་དང་པད་མའི་སྟེང་དུ་རེ་ལས་ 100-1-64a བྱུང་བའི་ཨུད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་ གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་སྔོན་མ། ཕྱག་གཉིས་ན་དྲིལ་བུ་འཛིན་ཅིང་ཁྲོས་པ་སྐུ་ལ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་ པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་པད་མ་དང་ཟླ་བའི་སྟེང་ན་བཞུགས་པའོ། །འཇམ་དཔལ་དེ་ལྟར་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །འཇམ་ དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འགྲོ་བ་དྲུག་པོ་རྣམས་ནི་ཉོན་མོངས་པ་དང་བཅས་པའི་ཁམས་སོ། །དེ་ལྟ་བས་ ན་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་རིག་པར་བྱའོ། །ལྷའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འཇམ་དཔལ་གྱིས་ཞུས་པ། བཅོམ་ལྡན་འདས་ལྷ་དེ་ལྷས་ཇི་ ལྟར་བྱིན་གྱིས་བརླབ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་འཇའ་ཚོན་ལྟ་བུ་དང་སྨིག་རྒྱུ་ལྟ་བུ་དང་ཆུ་ཟླ་ལྟ་བུ་དང་གཟུགས་བརྙན་ལྟ་བུས་སོ། །འཇམ་དཔལ་ གྱིས་སྨྲས་པ། བཅོམ་ལྡན་འདས་སྤྲུལ་པ་ཞེས་བྱ་བ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་གཉིས་ག་འཁྲུལ་པའོ། །སྒྱུ་མ་ནི་གཞན་འཕྲུལ་བའོ། ། འཇའ་ཚོན་ནི་སྟོང་པའོ། །སྨིག་རྒྱུ་ནི་ཡུལ་འཁྲུལ་ཅིང་སྟོང་པའོ། །ཆུ་ཟླ་ནི་རྒྱུ་འབྲས་སོ། །གཟུགས་བརྙན་ནི་དྲི་ཟའི་གྲོང་ཁྱེར་ཏེ། འཇམ་དཔལ་འཁྲུལ་པ་ནི་དེ་བཞིན་ཏེ་ཉོན་མོངས་པ་དང་བཅས་པའི་ཁམས་ཀྱང་དེ་ 100-1-64b བཞིན་ནོ། །འཇམ་དཔལ་དེ་ལྟ་བས་ན་ལྷས་ལྷ་ལ་བྱིན་གྱིས་རློབ་པ་ཡང་འདྲའོ། །འཇམ་དཔལ་སྤྲུལ་པ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ནི་ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་བའོ། ། ཐ་དད་པ་མེད་ཅིང་ཐ་དད་པ་དང་བྲལ་བའོ། །འཇམ་དཔལ་དེའི་ཕྱིར་དེའི་རང་བཞིན་དེ་དང་འདྲ་བར་ཡིད་ལ་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་ནི། ལག་པ་ཐལ་མོ་ཁང་སྟོང་དུ་སྦྱར་ཏེ། གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས། འཛུབ་མོ་གཉིས་དང་སྲིན་ལག་གཉིས་གུང་མོ་ལ་རེག་སྟེ་ཟུར་བཅག་ནས་མཐེའུ་ཆུང་དང་མཐེ་བོ་རྩེ་སྤྲད་ནས་ནང་སྦྱར་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཏྃ་ ཨ་ཧྃ་བཛྲ་སྟ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་སྟ་ན་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བར་མཛད་པ་ནི། ལག་པ་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་གཉིས་ཕྱིར་བཀན་ཏེ། གུང་མོ་རྩེ་ སྤྲད་དེ་མཐེ་བོས་འཛུབ་མོ་གཉིས་མནན་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ་མགོའི་སྟེང་དུ་བཞག་ནས་སྔགས་བརྗོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིནྟཱ་དྷ་མ་ཎི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧྃ་ཤུད་དྷ་པ་རི་ཤུད་དྷཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་ལག་ པ་གཉིས་ཐལ་མོ་སྦྱར་ཏེ་སོར་མོ་རྣམས་ཕན་ཚུན་དུ་སོ་སོར་བསྣོལ་གུང་མོ་བསྒྲེང་སྟེ། མཐེ་བོ་དང་མཐེའུ་ཆུང་ཡང་གཤིབས་ཏེ་བསྒྲེང་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུྃ་ ཞེས་བརྗོད་པར་བྱའོ། །དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་གསོལ་པ། ཟླ་བ་ཉི་མའི་སྐུ་འདྲ་བའི། །ལྗང་ཁུའི་མདོག་ཅན་འགྱིང་བག་ཅན། ། 100-1-65a པད་མ་ཟླ་བའི་སྟེང་ན་བཞུགས། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །སེམས་ཅན་ཀུན་གྱི་སྐྱབས་གྱུར་པའི། །ཨུད་པལ་བསྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཡུམ་ལ་བསྟོད་ནས་གསོལ་པ། བཅོམ་ལྡན་འདས་འདིའི་གསང་སྔགས་ནི་གང་གིས་འགྲུབ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་གཟུངས་སྔགས་ནི་འདིའོ། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྟྲཻ་ཡད་དྷྭ་སརྦ་ཏ་ཐཱ་ག་ཏཱ་ནཾ་ ན་མ་སྟཱ་ར་ཡེ། ན་མསྟཱ་རེ་ཏུ་རེ་བཱི་རཀྵ་ཎེ་དྱུ། ཏི་ནི་བྷི་ཀྵ་ཎེ། ཏྲཻ་ལོ་ཀྱ་ན་ཐཱ་བཀྟཱ་བ་ཛ་བི་ཀ་ཤདྐེ་ས་རོད་བྷ་བེ། ན་མཿ ཤ་ཏ་ཤ་རཙྩནྡྲ་སྃ་པཱུརྞྞ་པ་ཊ་ལཱ་ན་ནེ། ཏཱ་རཱ་ས་ཧ་ཤྲ་ནི་ཀ་ར་པྲ་ཧ་ཤཏྐི་ར་ཎོ་ཛྫྭ་ལི། ན་མཿ ཀ་ན་ཀ་ནཱི། ལཱ་བཛ་ པཱ་ཎི་པད་མ་བི་བྷཱུ་ཥ་ཏེ་དཱ་ན་བཱི་རྱ་ཏ་པཿ ཤཱན་ཏི་ཏི་ཏི་ཀྵ། དྷྱ་ན་གོ་ཙ་རེ་ན་མས་ཏ་ཐཱ་ག་ཏོ་ཥྞཱི་ཥ་བི་ཛ་ཡཱ་མནྟ་ཙ་རི། ཨ་ཤི་ཥ་པ་ར་མི་ཏཱ་པྲཱ་བྷ་ཛི་ན་པུ་ཏྲ་ཎི་སི་བི་ཏེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། ། གཟུངས་སྔགས་ནི་འདིའོ། །སྙིང་པོ་ནི་འདིའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །ཨོཾ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། པད་མའི་རིགས་ཀྱི་སྙིང་པོའོ། །ཨོཾ་ཏཱ་རེ་ཏུ་རེ་ཏུ་སྭཱ་ཧཱ། རིན་པོ་ཆེའི་རིགས་ཀྱི་སྙིང་ པོའོ། །ཨོཾ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་པོའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་སྭཱ་ཧཱ། རྡོ་རྗེའི་རིགས་ཀྱི་སྙིང་པོའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཀཱ་ར་པཱུ་རི་ཏཱ་ ཤ་དི་གནྟ་རེ་ས་པ་ཏ་ལོ་ཀ་ཏྲ་མཱ་ཏྲཱན་ཏི། ཨ་ཤེ་ཥ་ཀཪྵ་ཀྵ་མི་ཧྲཱིཿ དབང་དུ་བསྡུ་བའི་སྔགས་སོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་སྭཱ་ཧཱ། ཀཱ་ར་པུ་རི་ཤཱ་དི་གནྟ་རེ་སཔ་ཏ་ལོ་ག་ཀྲཱ་མཱ་ཀྲཱཾ་ཏི་ཨ་ཤེ་ཥ་པུཥ་ཏིང་ཀུ་རུ་ཀར་ཤ་ན་ཀྵ་མི་ ཧོ། །རྒྱས་པའི་སྔགས་སོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུད་ཏཱ་རེ་ཧཱུྃ་ཀཱ་ར་པཱུ་རི་ཏཱ་ཤཱ་དི་གྃ་ཙ་རི་སཔ་ཏ་ལོ་ཀ་ཀྲཱ་མཱ། ཀྲཱན་ཏི་ཨུཥྞི་ཥ་ཨ་ལི་ཀ་ར་ཡཱ་ཀར་ཥ་ཎ་ཀྵ་མི་ཕཊ། དེ་ནི་ལས་ཀྱི་སྔགས་སོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུད་ཏཱ་རེེ་ཏུ་རེ་ཧཱུྃ་ཀཱ་རཱ་པུ་རི་ཏཱ་ 100-1-65b ཤཱ་དི་གཾ་ཙ་རི་ས་བ་ཏ་ལོ་ཀ་ཀྲཱ་མཱ་ཀྲཱན་ཏི་ནིཿ ཨ་ཤི་ཥ་ཤཱན་ཏིང་ཀུ་རུ་ཀཱར་ཤ་ན་ཀྵ་མི་སྭཱ་ཧཱ། ཀླུ་བའི་སྔགས་སོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུད་ཏཱ་རེ་སྭཱ་ཧཱ། ཤ་ཀྲཱན་ལ་བྲཧྨ་རུ་དྭི་ཤྭེ་ཤྭེ་རཱ་རྩི་ཏེ་བྷུ་ཏ་བེ་ཏཱ་ལ་གཾ་དར་བ་ག་ན་ཡཀྵ་པུ་ ར་སྐྲྀ་ཏེ་ཕཊ་ཀཱ་ར་པཱ་ར། ཡན་ཏྲ་པྲ་མར་ད་ནི་པྲ་ཏྱཱ་ལཱི་ཌྷ་པཱ་ད་ནེ་ས་ཤི་ཁི་ཛྭཱ་ལཱ་ཀུ་ལི་ཛ་ལི་རི་མ་ཧཱ་གྷོ་རི་མཱ་ར་བཱི་ར་བི་ནཱ་ཤ་ནི། བྷྲི་ཀུ་ཊི་ཀྲྀ་ཏ་བ་ག་ཏྲཱ་བ་ཛ་སརྦ་ཤ་ཏྲུ་ནི་སུ་ད་ནི་རད་ན་མུ་ཏྲཾ་ཀ་ཧྲྀ་དྱཱཾ་གུ་ལི་བི་བྷཱུ་ཥི་ཏྱ་བྷཱུ་ཥི་ཏཱ་ཤེ་ཥ་ དི་ཀ་ཙཀྲ་ཀཱ་ར་སོ་ཀ་རཱ་ཀུ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ལས་སྣ་ཚོགས་པའི་སྔགས་སོ། །ཨོཾ་ཨིན་དྲ་ཡ། ཡ་མ་ཡ། བ་རུ་ཎ་ཡ། ཡཀྵ་ཡ། ཨག་ནི་ཡ། བ་ཡ་བེ་ཡེ། ནཻ་རི་ཏི་རཀྵ་སེ། ཨོཾ་ཨིན་དྲ་བ་ལ་ཡེ། སུྰརྱེ་ཙན་ དྲ་ཡེ། ཨུ་ཏི་ཨ་ཡ་བུ་མི་ཡེ། ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨཱ་ནཱྃ། ཨདྱཱ་ནུཏྤནྣ། ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཐམས་ཅད་གྲུབ་པའི་སྔགས་སོ། །སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །། འཇམ་དཔལ་ལས་ནི་འདིའོ། །སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ་པོའི་ཆག་ཆག་བཏབ་སྟེ། མཎྜལ་དཀར་པོ་ཙན་དན་དཀར་པོའི་ཆུས་བྱུགས་ལ་མེ་ཏོག་སིལ་མ་གཏོར་ཏེ། བུམ་པ་དཀར་པོ་རིན་པོ་ཆེ་ལས་བྱས་ པའི་ནང་དུ་རིན་པོ་ཆེ་ལྔ་ནི། གསེར་དང་མུ་ཏིག་དང་མན་ཤེལ་དང་བྱི་རུ་དང་མུ་མེན་གཞུག་པར་བྱའོ། །སྤོས་ལྔ་ནི་ཙན་དན་དང་ཨ་ག་རུ་དང་དུ་རུ་ཀ་དང་ག་བུར་དང་པུ་ཤེལ་ཙེ་གཞུག་པར་བྱའོ། །འབྲུ་ལྔ་ནི་ནས་དང་གྲོ་དང་ སྲན་མ་དང་འབྲས་དང་ཏིལ་མར་གཞུག་པར་བྱའོ། །སྙིང་པོ་ལྔ་ནི་བུ་རམ་དང་སྦྲང་རྩི་དང་མར་དང་ལན་ཚྭ་དང་ཏིལ་བཞུག་པར་བྱའོ། །གཙང་མའི་རས་ཁ་ཚར་མ་ཉམས་པས་དཀྲིས་ཏེ་དབུས་སུ་གཞག་གོ། གང་བའི་བུམ་ པ་བཞི་ཡང་བཞག་པར་བྱའོ། །པོག་ཕོར་བཞི་དང་མེ་ཏོག་ལ་སོགས་པ་བཞི་ཡང་གཞག་པར་བྱའོ། །དེ་ལྟར་རྫོགས་པས་འདི་བསམ་གཏན་དུ་བྱའོ། །ཡི་གེ་ཏཾ་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་ 100-1-66a དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པད་མ་རྒྱས་པ་ལས་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ་པཉ་ཙ་ལི་གའི་གོས་ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ་དཀྱིལ་དཀྲུང་ཕྱེད་པ་དང་བཅས་པ་ཞལ་གཅིག་ཕྱག་གཉིས་པ་ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུད་པལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་འོད་འཕྲོ་ཞིང་པད་མ་དཀར་པོ་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་འཕྲོ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པ་འདི་བྱའོ། །ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ནི་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ནས་ གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་ སྡུག་བསྔལ་ཞི་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །འཇམ་དཔལ་འདིའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་དབང་པོ་གསལ་བ་དང་ཡིད་གཞུངས་པར་འགྱུར་རོ། །བཟོའི་གནས་ཐམས་ཅད་ལ་མཁས་ པར་འགྱུར་རོ། །སྟོབས་དང་མདངས་དང་གཟི་མདངས་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྲུང་བ་དང་སྐྱོབ་པ་དང་སྦེད་པ་དང་ཕན་པར་བྱེད་དེ། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུར་རོ། ། ཞི་བའི་ལས་ཀྱི་ལེའུ་སྟེ་བདུན་པའོ།། །། འཇམ་དཔལ་རྒྱས་པའི་ལས་འདིའོ། །སྤོས་ཀྱི་ཁང་པ་དྲི་ཞིམ་པ་དང་ལྡན་པའི་གནས་སུ་བ་སེར་སྐྱའི་རྣམ་ལྔས་བརྐྱང་ནུལ་བྱ་སྟེ་དྲི་ཞིམ་པོས་བྱུགས་པའི་ 100-1-66b མཎྜལ་བྱའོ། །མེ་ཏོག་གི་ཚོམ་བུ་ཡང་དགྲམ་པར་བྱའོ། །རྒྱས་པ་ལས་བྱུང་བའི་ཐང་ཀ་ཡང་དགྲམ་པར་བྱའོ། །རིན་པོ་ཆེ་རྣམ་པ་ལྔ་དང་འབྲུ་དང་སྨན་ལ་སོགས་པ་དག་ལ་རི་ལུ་ཉི་ཤུ་རྩ་གཅིག་བྱ་སྟེ། རིན་པོ་ཆེའི་ག་བུར་ བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། །པོག་ཕོར་བཞི་ཡང་གཞག་པར་བྱའོ། །མེ་ཏོག་ལ་སོགས་པ་ཡང་གཞག་པར་བྱས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་ དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་གཅིག་མ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་དུ་རྒྱས་པའི་སྐུ་སྟོན་ཀའི་ཟླ་བ་ལྟར་གསལ་བ་སྤྲིན་དང་བྲལ་བའི་ཉི་མ་ལྟ་བུ་གཞོན་ནུ་ལང་ཚོ་ལ་བབ་པ་ ལྟ་བུའི་སྐུ་མདོག་སེར་པོ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉ་ཙ་ལི་གའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ་དཀྱིལ་དཀྲུང་ཕྱེད་པ་དང་བཅས་ པ་ཞལ་གཅིག་ཕྱག་གཉིས་པ་ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུད་པ་ལ་སྡོང་བུ་དང་བཅས་པ་འཛིན་པ་སྐུ་ལས་འོད་འཕྲོ་ཞིང་པད་མའི་གེ་སར་དང་བཅས་པའི་དཀྱིལ་ན་ བདུད་རྩིའི་རྒྱུན་སྐུ་ལ་འོད་འཕྲོ་བ་ལྷའི་ཚོགས་དང་ལྷ་མ་ཡིན་གྱི་ཚོགས་དང་ནམ་མཁའ་ལྡིང་གི་ཚོགས་དང་མི་འམ་ཅིའི་ཚོགས་དང་མིའི་ཚོགས་དང་དྲི་ཟའི་ཚོགས་དང་ལྟོ་འཕྱེ་ཆེན་པོའི་ཚོགས་དང་སྲིན་པོ་ལ་སོགས་ པའི་སྟོབས་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསྒོམ་སྟེ་བཟླས་པ་འདི་བྱའོ། །ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་སྭཱ་ཧཱ། ཞེས་བཟླས་པ་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པས་ ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི་ལྷའི་ཚོགས་དང་ལྷ་མ་ཡིན་གྱི་ཚོགས་དང་ནམ་མཁའ་ལྡིང་གི་ཚོགས་དང་ 100-1-67a མི་འམ་ཅིའི་ཚོགས་དང་མིའི་ཚོགས་དང་དྲི་ཟའི་ཚོགས་དང་ལྟོ་འཕྱེ་ཆེན་པོའི་ཚོགས་དང་། སྲིན་པོའི་ཚོགས་ཐམས་ཅད་ཀྱིས་དེའི་སྟོབས་ཐུབ་པར་མི་འགྱུར་ལ། སྲུང་བ་དང་སྐྱོབ་པ་ཡང་བྱེད་པར་འགྱུར་རོ། །དུས་མ་ཡིན་པར་འཆི་ བ་དང་རྩོད་པ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་དང་རིམས་དང་འབྲུམ་བུ་དང་གཡན་པ་ལ་སོགས་པས་མི་ཚུགས་སོ། །ནམ་འཆི་བའི་ཚེ་ཡང་སྟོབས་དང་ལྡན་པར་འགྱུར་རོ། །ངན་སོང་གསུམ་དུ་མི་འགྱུར་རོ། །འཇམ་དཔལ་ལས་ དེས་ཡོ་བྱད་དང་ཚེ་དང་བཀྲག་དང་སྟོབས་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བ་དང་སྟོབས་དང་ལྡན་པར་འགྱུར་རོ། །རྒྱས་པའི་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། འཇམ་དཔལ་དབང་དུ་བསྡུ་བའི་ ལས་ནི་འདིའོ། །དུར་ཁྲོད་དམ་ཤིང་གཅིག་གམ་ཆུ་བོ་ཆེན་པོའི་འགྲམ་འམ་གཙུག་ལག་ཁང་དུ་བྱའོ། །ཁང་པ་དེར་བའི་རྣམ་ལྔས་བརྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། ། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་པོག་ཕོར་དང་མེ་ཏོག་ལ་སོགས་པ་ཡང་བཤམ་པར་བྱའོ། །མེ་ཏོག་དང་འབྲས་བུ་ནུས་པ་དང་ལྡན་པའི་རྫས་དག་རིན་པོ་ཆེའི་ག་འུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། ། དེ་ནས་བསམ་གཏན་བསྒོམ་པ་ནི། ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་བན་དུ་ཀའི་མེ་ཏོག་ ལྟར་དམར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉ་ཙ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་ པ། འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས་པ་ཞལ་བཞད་ཅིང་ཆེར་བཞད་པ་སྤྱན་འཁྱུག་པ་ཕྱག་གཡས་ནི་ཐུགས་ཀ་ན་མདུད་པ། གཡོན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ། 100-1-67b སྐུ་ལས་འོད་འཕྲོ་བ་དང་བཅས་པ་ལས་རང་དང་འཐུན་པའི་འོད་འཁྲུག་པ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལྷ་མོ་དཔག་ཏུ་མེད་པ་དང་བཅས་པ་བསམ་སྟེ་བཟླས་པ་འདི་བྱའོ། །ཨོཾ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནས་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི་ས་བདག་ གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་འགྱུར་རོ། །ཐམས་ཅད་ཁུགས་པར་འགྱུར་རོ། །དབང་གི་ལས་ཀྱི་ལེའུ་སྟེ་དགུ་པའོ།། །། འཇམ་དཔལ་དྲག་པོའི་ལས་བྱ་བར་འདོད་པས་གནས་ནི་དུར་ ཁྲོད་དམ་ཤིང་གཅིག་གམ་ཆུ་བོ་ཆེན་པོའི་འགྲམ་འམ་གཙུག་ལག་ཁང་དུ་བྱའོ། །ཁང་པ་དེར་བའི་རྣམ་ལྔས་ཆག་ཆག་བཏབ་ཏེ་དྲི་ཞིམ་པོའི་ཆུས་མཎྜལ་བྱའོ། །སྐུ་གཟུགས་ལ་སོགས་པ་ཡང་དགྲམ་པར་བྱའོ། །གྲོ་ག་འམ་ རས་སམ་ཤིང་ཤུན་ལ་རྒྱལ་པོ་ལ་སོགས་པའི་གཟུགས་ནིམ་པའི་ཆུས་བྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་ག་འུར་གཞུག་པར་བྱའོ། །དེ་ནས་མཎྜལ་གྱི་སྟེང་དུ་གཞག་པར་བྱའོ། །པོག་ཕོར་ལ་སོགས་པའི་མཆོད་ པ་ཡང་བཤམ་པར་བྱའོ། །དེ་ནས་བསམ་གཏན་བསྒོམ་པར་བྱ་སྟེ་ཡི་གེ་ཏཾ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་རྒྱས་པ་ལས་བྱུང་ ཞིང་ཉི་ཟླའི་སྟེང་ན་བཞུགས་པ་སྐུ་མདོག་ལྗང་ཁུ་ཀུན་ནས་གསལ་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉ་ཙ་ལི་ཀའི་གོས་ ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ་ཞབས་གཡས་བརྐྱང་བ་གཡོན་བསྐུམ་པས་བཞུགས་པ་ཞལ་གཅིག་ཕྱག་གཉིས་པ་ཞལ་མཆེ་བ་གཙིགས་པ་སྤྱན་ནི་རབ་ཏུ་འབར་ཞིང་དབུ་སྐྲ་གྱེན་ 100-1-68a དུ་བརྫེས་པ་དབུའི་ཟླ་བའི་སྟེང་ན་ཨ་མི་ཏཱ་བྷ་དང་བཅས་པ་བསྐལ་པའི་མེ་དཔུང་ནང་ན་བཞུགས་པ་ཕྱག་གཡས་ན་འཁོར་ལོ་འཛིན་པ་གཡོན་སྡིགས་འཛུབ་དང་བཅས་པའི་ཨུད་པ་ལ་སྡོང་བུ་དང་བཅས་པ་ འཛིན་པ། སྐུ་ལས་ཁྲོ་བོ་འཕྲོ་བ་ཁྲོ་མོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ། །དེའི་བཟླས་པ་ནི་འདིའོ། །ཨོཾ་ཏུ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནམ་ ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ་འདིའི་ཕན་ཡོན་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་དང་ ངན་སོང་ལ་སོགས་པ་ཐམས་ཅད་འཇོམས་པའོ། །འཇམ་དཔལ་མ་རུངས་པའི་དགྲ་དང་གདོན་དང་བགེགས་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །དྲག་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། །། འཇམ་དཔལ་ཕྲིན་ལས་སྣ་ཚོགས་པའི་ལས་ནི་འདིའོ། །དུར་ཁྲོད་དམ་ཤིང་གཅིག་གམ་མཆོད་རྟེན་གྱི་མདུན་ནམ་ཆུ་བོ་ཆེན་པོའི་འགྲམ་དུ་ལས་བྱའོ། །ཁང་པ་དེར་བའི་རྣམ་ལྔས་བརྐྱང་ནུལ་བྱ་སྟེ། དྲི་ཞིམ་པོས་ བྱུགས་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། །ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ། སྤྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་ཀར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང་གསལ་བའི་ཡི་གེ་གཉིས་དང་ བཅས་པ་ལ་མིང་གི་ཡི་གེ་མཐའ་དང་བཅས་པ་བཅུག་སྟེ། མཎྜལ་གྱི་དབུས་སུ་གཞག་པར་བྱའོ། །པོག་ཕོར་དང་མེ་ཏོག་ལ་སོགས་པ་ཡང་གཞག་པར་བྱས་ནས། དེ་ནས་བསམ་གཏན་བསྒོམ་པ་ནི་ཏཾ་ལས་བྱུང་བའི་ མྱུར་བའི་བརྩོན་འགྲུས་དང་ལྡན་པའི་སྐུ། ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་པའི་ལུས་སུ་བསྒོམ་པ་ནི། པད་མ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ཏུ་འཚེར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་ 100-1-68b དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ་པཉ་ཙ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་བྱས་པ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ཞལ་གཅིག་ ཕྱག་གཉིས་པ་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་གཙིགས་པ་ཞལ་ཁྲོ་གཉེར་ཧཱུྃ་སྒྲ་དང་བཅས་པ་དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ་དབུ་ལ་ཟླ་བའི་སྟེང་ན་ཨ་མི་ཏ་བྷ་བཞུགས་པ། བསྐལ་པའི་མེ་དཔུང་དང་བཅས་པའི་འོད་ལས་ འཇིགས་པ་བརྒྱད་ལས་བསྲུང་བའི་ལྷ་མོ་བརྒྱད་འཕྲོ་བ་ཕྱག་གཡས་ན་གྲི་གུག་འཛིན་ཅིང་གཡོན་པ་སྡོང་བུ་དང་བཅས་པའི་ཨུད་པ་ལའི་སྟེང་ན་མེ་ཏོག་གིས་བཀང་བའི་བྲམ་ཟེའི་ཐོད་པ་ཅན་འཛིན་པ་ཁྲོ་བོའི་ཚོགས་ དང་བཅས་པ་བསྒོམ་པར་བྱའོ། །སྔགས་ནི་འདི་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུ་རེ་ཏུད་ཏཱ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ་འདིའི་ཕན་ཡོན་ནི་ཕྲིན་ལས་བཞི་འགྲུབ་པར་འགྱུར་རོ། །འཇིགས་པ་ལས་བསྲུང་བར་འགྱུར་རོ། །ཕྲིན་ལས་སྣ་ཚོགས་ཀྱི་ ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ནི་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེ་རིགས་ཀྱི་ཡུམ་ནི་ཞལ་བཞི་མ་ཕྱག་བརྒྱད་མ་དུང་གི་མདོག་ཅན་གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་དཀར་བ་དང་གནག་པ་དང་དམར་བ་དང་སེར་པོའི་ཞལ་བཞིའོ། །རིགས་ལྔས་དབུ་ལ་མཚན་པ་ སྤྱན་གསུམ་པའོ། །ཕྱག་བརྒྱད་ནི་རྡོ་རྗེ་དང་མདའ་དང་མདུང་ཐུང་དང་ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ། །ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་འཛུབ་ནི་གཡོན་པའི་ཕྱག་རྒྱའོ། ། 100-1-69a རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ་དེའི་སྔགས་ནི་འདིའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨཀྵོ་བྷྱཿ བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་བྷྱཿ སཾ་མྱག་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུད་ཏཱ་རེ་སྭཱ་ཧཱ། ཞེས་བརྗོད་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་ དང་མར་མེ་དང་དྲི་ཆབ་དང་གཤོས་གཙང་གིས་མཆོད་དོ། །འཇམ་དཔལ་དེའི་ལས་ནི་འདིའོ། །སྤྲེ་ཚིལ་ལས་གང་ལ་བྱ་བའི་གཟུགས་བྱས་ཏེ། སྐྲོད་པའི་རྫས་ནི་བྱ་རོག་དང་ཧུ་ལུའི་འུག་པའི་ཤ་མིང་དང་བཅས་པའི་ སྙིང་ཀར་བཅུག་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨ་མུ་ཀཾ་མེ་བ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགས་སུ་སྦས་ན་འཇམ་དཔལ་འཐབ་ཅིང་འབྱེར་བར་འགྱུར་ཏེ་གཞན་དུ་འབྲོས་པར་འགྱུར་རོ། ། རྡོ་རྗེ་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། འཇམ་དཔལ་པད་མའི་རིགས་ཀྱི་ཡུམ་ནི་ཞལ་བཞི་པ་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་དམར་མོ་བན་དུ་ཀའི་མེ་ཏོག་གི་མདོག་ཅན་གྱི་སྐུ་གཞོན་ནུ་ལང་ ཚོ་ལ་བབ་པ་གཡས་ཞལ་དཀར་པོ། གཡོན་ཞལ་ནག་པོ་རྒྱབ་ཞལ་སེར་པོ་རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ། །ཕྱག་བརྒྱད་ན་པད་མ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ། ། ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་སྡིགས་འཛུབ་ནི་གཡོན་པའི་ཕྱག་རྒྱའོ། །རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ་དེའི་སྔགས་ནི་འདིའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་མི་ཏ་བྷ་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་བྷྱཿ སཾ་མྱག་སཾ་བུདྡྷཱ་ཡ། ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུད་ཏཱ་རེ་ 100-1-69b ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་པད་མའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་པོས་དང་མར་མེ་དང་དྲི་ཆབ་དང་ཞལ་ཟས་ཀྱིས་མཆོད་དོ། །འཇམ་དཔལ་དེའི་ལས་ནི་འདིའོ། །དྷ་དུ་ར་དང་ནིམ་པ་དང་མྱ་ངན་ཚང་གིས་ མེ་ཏོག་བཏགས་ཏེ་ཕྱེ་མ་སྦྲང་རྩི་དང་ལྡེ་གུ་བྱས་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨ་མུ་ཀ་ཨ་མི་ཏ་ནཾ་ཀུ་མཱ་རི་མ་ཧཱ་མུ་རི་དྲ་བ་ཧེ་ན་ད་སྱ་པ་ཏི་བ་ཡ་ཙྪ་དུ་ཧཱུྃ་ཧྲཱིཿ ཞེས་བརྗོད་ནས་ལུས་ལ་བྱུགས་ན་རང་དབང་མེད་ པར་ཁུགས་པར་འགྱུར་རོ། །པད་མ་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །། འཇམ་དཔལ་དེ་བཞིན་གཤེགས་པའི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་སེར་མོ་གསེར་བསྲེགས་པ་ལྟ་བུའི་སྐུ་གཞོན་ནུ་ལང་ ཚོ་ལ་བབ་པ། རྩ་བའི་ཞལ་སེར་པོ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཀྱི་ཞལ་གནག་པ་རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ། །ཕྱག་བརྒྱད་ན་འཁོར་ལོ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། ། ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་སྡིགས་འཛུབ་དང་བཅས་པ་གཡོན་ན་འཛིན་པའོ། །རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ་དེའི་སྔགས་ནི་འདིའོ། །ན་མོ་རཏྣ་ ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ཛྙཱ་ན་ས་ག་རཱ་ཡ་བཻ་རོ་ཙ་ན་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་བྷྱཿ སྃ་མྱག་སྃ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་མཆོད་ པའི་མེ་ཏོག་དང་མར་མེ་དང་བདུག་པ་དང་དྲི་ལ་སོགས་པས་མཆོད་དོ། །འཇམ་དཔལ་དེའི་ལས་ནི་འདིའོ། །ཐལ་ཆེན་དང་ས་ཞག་ལ་གཟུགས་བྱ་སྟེ་སྙིང་ཀར་གསལ་བྱེད་གཉིས་ཀྱི་ཡི་གེའི་མཐའ་ཅན་བཅུག་ལ་སྔགས་ འདི་བརྗོད་པར་བྱའོ། །ཨོཾ་མཱ་ར་ཡ་མཱ་ར་ཡ་ཀཱ་ར་ཡ་ཀཱ་ར་ཡ། སྟྃ་བྷ་ཡ་སྟྃ་བྷ་ཡ། ཛམ་བྷ་ཡ་ཛམ་བྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ལྃ་ལྃ་ལྃ་ལྃ་ལྃ། ཞེས་བརྗོད་ནས་ལམ་རྒྱ་གྲམ་དུ་སྦ་བར་བྱའོ། །དེ་བཞིན་གཤེགས་པའི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །། 100-1-70a འཇམ་དཔལ་རིན་པོ་ཆེའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་རྩ་བའི་ཞལ་ནི་མཐིང་ཀ་གཞོན་ནུ་ལང་ཚོ་ལ་བབ་པ་མཐིང་ཀའི་སྐུ་ཞལ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཞལ་སེར་བ་རིགས་བཞིས་དབུ་ལ་ མཚན་པ་སྤྱན་གསུམ་པའོ། །ཕྱག་བརྒྱད་ནི་རིན་པོ་ཆེ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། །ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་འཛུབ་གཡོན་པ་ན་འཛིན་པའོ། །རྡོ་རྗེ་དཀྱིལ་མོ་དཀྲུང་གིས་ བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ་དེའི་སྔགས་ནི་འདིའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཛྙཱ་ན་ས་ག་རཱ་རད་ན་སཾ་བྷ་བ་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་བྷྱཿ སྃ་མྱག་སྃ་བུདྡྷེ་བྷྱཱཿ་ན་མཿཨཱརྱཱ་བ་ ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཏུད་ཏཱ་རེ་ཏུ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་འདིའོ། །སྟག་མའི་རྩ་བ་རུལ་པ་དང་རྙིང་པ་ལས་སྐྱེས་པའི་སྲིན་བུ་དང་ས་བོན་གཉིས་སུ་བསྲེས་པ་ཁམ་པའི་ག་འུར་བཅུག་སྟེ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨ་མུ་ཀ་ཨི་བི་ཊཱ་ནྃ། ཨཱ་ཀཪྵ་ཡ་ ཨཱ་ཀཪྵ་ཡ་ཨ་མུ་ཀི་མ་ཡེ་བ་སེ་ཏྲཾ་ས་བན་ཀ་ཐ་ཧཱུྃ་ཧྲཱིཿ། ཞེས་བཟླས་ཏེ་མལ་འོག་ཏུ་སྦས་ན་ཡོན་ཏན་ཤེས་ཤིང་མི་ཕྱེད་པར་འགྱུར་རོ། །རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །། འཇམ་དཔལ་ལས་ཀྱི་ རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་རྩ་བའི་ཞལ་ནི་ལྗང་ཁུ་གཞོན་ནུ་ལང་ཚོ་ལ་བབ་པ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཞལ་ལྗང་ཁུ་རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པ། ཕྱག་བརྒྱད་ལ་རལ་གྲི་དང་ མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། །ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་སྡིགས་འཛུབ་ནི་གཡོན་ན་འཛིན་པའོ། །རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། 100-1-70b འཇམ་དཔལ་དེའི་སྔགས་ནི་འདིའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མཿཨཱརྱཱ་ཛྙཱ་ན་ས་ག་རཱ་ཨ་མོ་གྷ་སིདྷི་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་བྷྱཿ སཾ་མྱག་སྃ་སྃ་བུདྡྷཱ་ཡ། ན་མཿཨཱ་རྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུ་རེ་ཏུད་ཏཱ་རེ་སྭཱ་ཧཱ། ཞེས་བརྗོད་པས་ལས་ཀྱི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ། །འཇམ་དཔལ་དེའི་ལས་ནི་ཕྲག་དོག་མེད་པར་མོ་ ཐམས་ཅད་འགུགས་པ་ནི་ཕུག་རོན་གྱི་མིག་དང་ལྕེ་དང་སྙིང་དང་གོ་རོ་ཙ་ན་དང་དངུལ་རྡོ་དང་དེ་རྣམས་ནིམ་པས་རིལ་བུ་བྱས་ཏེ་འདི་བརྗོད་པར་བྱའོ། །ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་ག་མི་དེ་བ་ཏད་ཏ་ཨུ་ཙ་ཏཱ་ཡ་ཨ་མུ་ཀཾ་བ་སཱ་ནཱཾ་མུག་ ཏཾ་ཀུ་རུ་ན་ཡཾ་ན་མ་ཧ་རི་ཧད་ཏེ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་ཏེ་བྱུགས་ན་མོ་ཐམས་ཅད་ཁུགས་པར་འགྱུར་དབང་དུ་འགྱུར་ཏེ་ཕྲག་དོག་མེད་པར་འགྱུར་རོ། །ལས་ཀྱི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ལས་རྣམས་ཐམས་ཅད་ཀུན་རྫོགས་པར་བྱེད་པ་སྦྱིན་བསྲེག་ཇི་ལྟར་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། འཇམ་དཔལ་འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོའི་ལས་བསྒྲུབ་པའི་ཕྱིར་སྦྱིན་བསྲེག་བྱའོ། །དེ་ལ་དང་པོ་ཞི་བའི་ལས་བྱ་བ་ནི་ཚེས་གསུམ་པའི་ཟླ་བ་ལ་ཁ་དོག་དང་འཐུན་པའི་ཁང་བུ་བྱ་སྟེ་རྡོ་རྗེ་དཀར་པོ་ དགོད་པར་བྱའོ། །བུད་ཤིང་ནི་ཙན་དན་དཀར་པོའི་ཤིང་ལ་སོགས་པ་ལ་བྱའོ། །དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བཞག་སྟེ་འབྲས་དང་ཁྲེ་དང་ཇུ་ཚེ་དང་ཏིལ་དཀར་པོ་ལ་སྔགས་གདབ་པ་ནི། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ སྭཱ་ཧཱ། ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་ཏེ་མེའི་ནང་དུ་དོར་བར་བྱའོ། །ཞོ་དང་འོ་མ་ལ་སྔགས་བཏབ་ཏེ་ཤན་ཏིང་ཀུ་རུ་དང་བཅས་པས་དབུལ་བར་བྱའོ། །འོ་མ་ཅན་གྱི་ཤིང་དང་མར་དཀར་པོ་ལ་ནི་སརྦ་པཱ་པཾ་དང་ 100-1-71a བཅས་པས་ཕུལ་སྟེ་བསྟོད་པ་བྱའོ། །འཇམ་དཔལ་མེ་ཏོག་དཀར་པོ་དང་བཅས་པའི་མེའི་ཁང་པར་ཙན་དན་ལ་སོགས་པའི་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ། སྐུ་གཟུགས་མདུན་དུ་བཞག་ལ་ཆུ་དང་ཡུངས་ཀར་ལ་ སྔགས་བཏབ་ལ་མེར་གཏོར་བའི་སྔགས་ནི། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །འཇམ་དཔལ་དེའི་ ཕན་ཡོན་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། །ནད་འགོ་བ་དང་གདོན་ལ་སོགས་པ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །འཇམ་དཔལ་བའི་རྣམ་ པ་ལྔས་བྱུག་པས་བྱུགས་ཏེ། མེའི་ཁང་བུ་དྲི་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལ་གཟུགས་བྱས་པ་དང་བཅས་པ་སྔགས་འདིས་བསྲེག་གོ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་བསྲེགས་ན་དབང་དུ་འགྱུར་ཞིང་ ཚར་གཅད་པར་ཡང་འགྱུར་རོ། །སྦྱིན་བསྲེག་གི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་འཁོར་ལོའི་རིམ་པ་བཀའ་སྩལ་ ཏོ། །འཁོར་ལོ་ལིང་ཚེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་ཀྱི་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿཞེས་པ་ནི་བསྲུང་བའོ། །ཕྱོགས་མཚམས་སུ་ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བྲིས་ཏེ་ཀུན་ལ་སྭཱ་ཧཱའི་ བར་དུ་བཅུག་པ་གྲོ་ག་ལ་གུར་ཀུམ་གྱིས་བྲིས་ནས་དཔུང་པ་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཞི་བའི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །། དེ་ནས་དབང་གི་བསྲུང་བ་ནི་འཁོར་ ལོ་ལིང་ཚེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་ཀྱི་དབུས་སུ་ནི་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿཞེས་པ་ནི་བསྲུང་བའོ། །ཕྱོགས་མཚམས་སུ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བྲི་སྟེ་ཀུན་ལ་མུ་དང་མུའི་༼བར་༽སྣར་ཐང་པའི་དཔེ་ལ་འདུག༽དུ་ས་བོན་ 100-1-71b ནོ། །དེ་གྲོ་ག་དམར་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མི་མངོན་པར་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་ཞིང་དབང་དུ་སྡུད་དོ། །དབང་གི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་རྒྱས་པའི་བསྲུང་བ་ནི་འཁོར་ལོ་རྩིབས་བརྒྱད་པ་བྱ་སྟེ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་བརྒྱད་པོ་དགོད་པར་བྱའོ། །དབུས་སུ་སྭཱ་ཧཱའི་མཐའ་ཅན་གྱི་མིང་རཀྵཿརཀྵཿདང་བཅས་པ་གྲོ་ག་ལ་གུར་ཀུམ་གྱིས་བྲིས་པ་དཔུང་པ་འམ། མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །རྒྱས་པའི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བར་ཆད་ཐམས་ཅད་བསྲུང་བའི་འཁོར་ལོ་ནི་མུ་ཁྱུད་གསུམ་ལ་ཐ་མ་ལིང་ཚེ་བརྒྱད་པའོ། ། དབུས་སུ་མིང་གི་མཐའ་ཅན་གྱི་སྭཱ་ཧཱ་རཀྵཿདང་བཅས་པའོ། །མུ་ཁྱུད་ནང་མ་ལ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཞེས་བྱ་བ་དགོད་པར་བྱའོ། །ལིང་ཚེ་བརྒྱད་པ་ཕྱི་མ་ལ་ནི། ཨོཾ་ཏཱ་རེ་ཏུ་རེ་ཏུད་ཏཱ་རེ་ཞེས་བྱ་བའི་ཡིག་འབྲུ་རྣམས་ ཨུ་དང་ཨུའི་བར་དུ་བཅུག་པ་བཀོད་ལ་གྲོ་ག་འམ་ཤིང་ཤུན་ལ་གུར་ཀུམ་གྱིས་བྲིས་ཏེ་སྤྱི་བོ་འམ་མཆན་ཁུང་དུ་མིས་མི་མཐོང་བར་བཏགས་ན་གནོད་པ་ཐམས་ཅད་ལས་ཐར་རོ། །སྔགས་ནི་ཅི་མང་དུ་གྲངས་དང་ལྡན་ པར་བཟླས་སོ། །ཤིན་ཏུ་རྒྱས་པའི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པའི་འཁོར་ལོ་ནི་གྲོ་ག་འམ་རས་ལ་ལིང་ཚེ་དགུ་པའི་འཁོར་ལོ་ཙན་དན་དཀར་ པོའི་ཆུས་བྲིས་ཏེ་སྔགས་དགོད་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་རྀ་རཱྀ་ལྀ་ལཱྀ་ཨཾ་ཨཿཞེས་བྱ་བ་ཕྱིའི་མུ་ཁྱུད་ལའོ། །ནང་གི་མུ་ཁྱུད་ལ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་དང་ཧཱའི་བར་དུ་རཀྵཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་ ནི་སྟེང་གི་འཁོར་ལོའོ། །འོག་གི་འཁོར་ལོ་ནི་སྔགས་བཟློག་པས་སོ། །ཕྱིའི་དབྱངས་ཡིག་ཀྱང་བཟློག་པར་ཤེས་པར་བྱའོ། །དབུས་སུ་ནི་ཨོཾ་དང་ཧཱའི་བར་དུ་རཀྵཿཤཱནྟིཾ་ཀུ་རུ་བྲི་བར་བྱའོ། །ཞི་བ་ཆེན་པོའི་འཕྲུལ་ 100-1-72a འཁོར་གྱི་བསྲུང་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་ཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི་ཞི་བ་ནི་ཁམ་པ་ལ་ག་འུ་ཁ་སྦྱོར་བྱ་སྟེ་མེར་བསྲེགས་ལ་ཁ་དོག་དཀར་པོས་བྱུག་པར་བྱའོ། ། དེའི་ནང་དུ་འཁོར་ལོ་ལིང་ཚེ་དགུ་པ་བྲིས་ཏེ་སྔགས་དགོད་པ་ནི། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཞེས་བྱ་བ་རེའུ་མིག་བརྒྱད་ལའོ། །རུ་རུ་ཨོཾ་རུ་རུ། རུ་རུ་ཏ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུད་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུ་རུ་རུ། རུ་རུ་རེ་རུ་རུ། ཞེས་བྲིའོ། །དབུས་སུ་ནི་ཀུ་རུ་ཤན་ཏིང་ཀུ་རུ་སྭཱ་ཧཱ་ཞེས་བྲིས་ཏེ་ག་འུར་སྦྱར་ཏེ་དབུས་སུ་སྲད་བུ་དཀར་པོ་དང་ལྡན་པའི་གའུ་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག་དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔ་ཡང་དབུལ་ཏེ་དུས་གསུམ་ དུ་མཆོད་ན་ཞི་བར་འགྱུར་རོ། །ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་གའུ་ཁ་སྦྱོར་བྱ་སྟེ་ཙན་དན་དཀར་པོས་སྣག་ཚ་བྱས་ལ་འཁོར་ལོ་ཕྱི་ནང་དང་ལྡན་ པའི་ལིང་ཚེ་དགུ་པ་བྲི་བར་བྱའོ། །སྔགས་དགོད་པ་ནི་སྭཱ་ཤན་ཏིང་ཀུ་རུ་ཧཱ་ཞེས་བྱ་བ་དབུས་སུ་བྲིའོ། །མུ་ཁྱུད་ནང་མ་ལ་ནི་ཨ་ཨ་ཞེས་བྱ་བ་བརྒྱད་དགོད་པར་བྱའོ། །མུ་ཁྱུད་ཕྱི་མ་ལ་ནི་ཨ་ཨོཾ་ཨ་ཨ་ཏཱ་ཨ་ཨ་རེ་ཨ། ཨ་ཏུད་ ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྱ་བ་བྲི་བར་བྱའོ། །ག་འུ་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་མཎྜལ་གྱི་སྟེང་དུ་བཞག་ནས་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོར་འགྲུབ་ པར་འགྱུར་རོ། །ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་རྒྱས་པའི་ལས་བྱ་བ་ན་གུར་ཀུམ་འམ་གི་ཝང་གིས་གྲོ་ག་ལ་འཁོར་ལོ་ཕྱི་ནང་དང་ལྡན་པའི་ལིང་ཚེ་དགུ་པ་བྲི་སྟེ། དབུས་སུ་སརྦྦ་པུཥ་ཊིང་ཀུ་རུ། ཨོཾ་ཨ་ཞེས་བྱ་བ་དགོད་པར་བྱའོ། །ལིང་ཚེ་ནང་མ་བརྒྱད་ལ་ཨོཾ་བརྒྱད་བྲི་བར་བྱའོ། །ལིང་ཚེ་ཕྱི་མ་བརྒྱད་ལ། ཨོཾ་ཨོཾ་ཨོཾ། ཨོཾ་ཏ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུད་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་རེ་ཨོཾ། ཞེས་བྱ་བ་ 100-1-72b བྲིས་ནས་ཁམ་པའི་ག་འུ་ར་བཅུག་སྟེ་མེ་ཏོག་སེར་པོ་ནཱ་ག་པུཥ་པའི་མེ་ཏོག་དང་མཆོད་པ་ལྔ་དུས་བཞིར་ཟླ་བ་རྒྱས་ནས་བཟུང་ནས་ཞག་བདུན་དུ་མཆོད་ན་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྲུབ་བོ། །རྒྱས་པའི་ འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་དབང་དུ་བསྡུ་བར་འདོད་ན། ཀཎ་ཌ་ཀ་རིའི་ཤུན་པ་དང་སེང་ལྡེང་གི་ཤུན་པ་དང་མཛོ་མོ་ཤིང་གི་ཤུན་པ་བཀུས་པའི་ཁུ་བས་གསེ་གབ་བམ་ག་འུ་ལ་འཁོར་ལོ་བྲི་བ་ ནི་ལིང་ཚེ་དགུ་པའོ། །སྔགས་དགོད་པ་ནི་དབུས་སུ་ཨ་སྭཱ་ཙ་ཨ་མོ་གྷ་ཨཱ་ཧྲིཿཧ། ཞེས་བྲི་བར་བྱའོ། །ལིང་ཚེ་བརྒྱད་ལ་ནི། ཨ་ཨོཾ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུད་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་ བྲིས་ནས་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཅུག་ལ་སྐུད་པ་སྔོན་པོས་དཀྲིས་ཏེ་མེ་ཏོག་དམར་པོ་དང་མཆོད་པ་ལྔས་དུས་བཞིར་ཟླ་བ་ཁཾ་པའི་དུས་སུ་མཆོད་ན་ཐམས་ཅད་དབང་དུ་འདུའོ། །དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ དྲུག་པའོ།། །། དེ་ནས་དབང་དུ་འདུ་བར་བྱེད་པ་ནི། སྲིན་ལག་གི་ཁྲག་དང་རྒྱ་སྐྱེགས་ཀྱི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བ་དང་ཀ་ན་ཀའི་ཁུ་བ་རྣམས་ཀྱིས་བྲིས་ཏེ་དུར་ཁྲོད་ཀྱི་རས་སམ་མི་ཤི་བའི་གོས་ལ་འཁོར་ལོ་ ལིང་ཚེ་དགུ་པ་བྲིའོ། །དབུས་སུ་ཨ་མོ་གྷ་ཧྲཱིཿཏེ་ཞེས་བྲིའོ། །རྩིབས་བརྒྱད་ལ་ཨོཾ་དེ་ཨོཾ། ཏཱ་བ་ཏཱ། རེ་དཏ་རེ། ཏུད་ཏཱ་ཏུད། ཏཱ་ཨ་ཏཱ། རེ་མོ་རེ། ཏུ་གྷ་ཏུ། རེ་ཧྲིཿཞེས་བྱ་བ་བྲིས་ཏེ་ག་འུར་སྲིན་མགོ་དམར་པོ་དང་འཁོར་ལོ་ ཕྲལ་ནས་གཙང་པོ་ཕར་འགྲམ་ཚུར་འགྲམ་དུ་སྦས་ན་དབྱེ་ཞིང་དབང་དུ་འགྱུར་རོ། །དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་བསྐྲད་པར་འདོད་ན་ར་དུག་པ་དང་ཁྲག་དང་ རམས་རྣམས་སྦྱར་ནས། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས་བྲིས་ཏེ་ལིང་ཚེ་དགུ་པའི་དབུས་སུ་ཧ་ས་ཨུ་ཙ་ཧ་ཧ་ཧ། བྲི་བར་བྱའོ། །ལིང་ཚེ་བརྒྱད་ལ་ཧ་ཨོཾ་ཧ། ཧ་ཧཱ་ཧ། ཧ་རེ་ཧ། ཧ་ཏུད་ཧ། ཧ་ཏཱ་ཧ། 100-1-73a ཧ་རེ་ཧ། ཧ་ཏུ་ཧ། ཧ་རེ་ཧ། ཞེས་བྲིས་ཏེ་ཁ་སྦྱར་ཀ་པ་ལར་བཅུག་སྟེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་ཏུ་སྦས་ན་བསྐྲད་པར་འགྱུར་རོ། །བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་དབྱེ་བའི་འཁོར་ལོ་ནི། དུར་ཁྲོད་ཀྱི་སོལ་བ་དང་བྱ་རོག་དང་འུག་པའི་ཁྲག་དང་དུག་རྣམས་མཉམ་པར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི་ནང་དང་བཅས་པའི་ལིང་ཚེ་དགུ་པ་བྲིས་ཏེ་དབུས་སུ་ཕཊ་སྭཱ་དེ་བ་དཏ་ཏ་ཧཱ་ ཕཊ་ཞེས་བྱ་བ་བྲིའོ། །ལིང་ཚེ་ནང་མ་བརྒྱད་ལ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཞེས་བྱ་བ་བྲིའོ། །ལིང་ཚེ་ཕྱི་མ་བརྒྱད་ལ་ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུད་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ་ཞེས་བྱ་བ་བྲི་སྟེ། བྱ་རོག་དང་འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་པར་སྒོ་ང་སྦས་ན་འབྱེ་བར་འགྱུར་རོ། །དབྱེ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་གསད་པའི་འཁོར་ལོ་ནི། དུག་དང་ཁྲག་དང་སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལིང་ཚེ་དགུ་པའི་འཁོར་ལོ་ཕྱི་ནང་དང་བཅས་པ་བྲིས་ཏེ། དབུས་སུ་ཧཱུྃ་སྭཱ་མ་ར་ཡ་ཧཱ་ཕཊ་ཞེས་བྱ་བ་བྲིའོ། །ལིང་ཚེ་ནང་མ་ལ་ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཞེས་བྱ་བ་བྲིའོ། །ལིང་ཚེ་ཕྱི་མ་ལ་ཧཱུྃ་ཨོཾ་ཕཊ། ཧཱུྃ་ཏཱ་ཕཊ། ཧཱུྃ་རེ་ཕཊ། ཧཱུྃ་ཏུད་ཕཊ། ཧཱུྃ་ཏཱ་ཕཊ། ཧཱུྃ་རེ་ཕཊ། ཧཱུྃ་ཏུ་ཕཊ། ཧཱུྃ་རེ་ཕཊ། ཞེས་བྱ་བ་བྲིས་ཏེ། རབས་ ཆད་ཕོ་མོའི་ཐོད་པ་ལ་བྲིས་ཏེ་སྔགས་མང་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ། །གསད་པའི་འཁོར་ལོའི་ལེའུ་སྟེ་སུམ་བཅུ་པའོ།། །། དེ་ནས་མྱོས་པའི་འཁོར་ལོ་ནི་དྷ་དུ་རའི་ཆུས་རས་སམ་ ཤོ་གུ་ལ་ལིང་ཚེ་དགུ་པ་ཕྱི་ནང་དུ་བཅས་པ་བྲིས་ཏེ། དབུས་སུ་ཧ་ཧ་དེ་བ་དཏ་ཏ་ཧ་ཧ། ཞེས་བྲིའོ། །ལིང་ཚེ་ནང་མ་ལ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ། ཞེས་བྲི་བར་བྱའོ། །ཕྱི་མ་བརྒྱད་ལ། ཧྷ་ཨོཾ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། 100-1-73b ཧྷ་ཏུཏ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། ཧྷ་ཏུ་ཧྷ། ཧྷ་རེ་ཧྷ། ཞེས་བྱ་བ་བྲིས་ཏེ་རྩྭའི་ག་འུར་བཅུག་ནས་བཟླས་པ་ཅི་ནས་ཀྱང་མྱུར་བར་བྱ་སྟེ། ལམ་རྒྱ་གྲམ་དུ་སྦས་ཏེ་དྷ་དུ་ར་སྤངས་ན་མྱོས་པར་འགྱུར་རོ། །གསོ་ན་མར་སྦྲང་རྩི་བའི་འོ་མས་ ལིང་ག་བཀྲུས་ན་འཚོ་བར་འགྱུར་རོ། །མྱོས་བྱེད་ཀྱི་འཁོར་ལོའི་ལེའུ་སྟེ་སུམ་བཅུ་རྩ་གཅིག་པའོ།། །། དེ་ནས་མནན་པའི་འཁོར་ལོ་ནི་གཡམ་པ་ལ་ལིང་ཚེ་དགུ་པའི་འཁོར་ལོ་བྲིས་ཏེ་ཡུང་བའི་ཆུས་ལིང་ཙེ་དགུ་ པའི་དབུས་སུ། ག་སྭ་སྟྃ་བྷ་ཡ། སྟཾ་བྷ་ཡ་གྷ་ཧ་ཞེས་བྱ་བ་བྲིའོ། །ལིང་ཚེ་བརྒྱད་ལ། ག་ཨོཾ་ག །ག་ཏཱ་ག །ག་རེ་ག །ག་ཏུད་ག །ག་ཏཱ་ག །ག་རེ་ག །ག་ཏུ་ག །ག་རེ་ག །ཞེས་བྱ་བ་བྲིས་ཏེ་འཁོར་ལོ་ཁ་སྦྱར་ནས་ལམ་རྒྱ་གྲཾ་ དུ་སྦས་ན་འགུལ་མི་ཤེས་པར་འགྱུར་རོ། །མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པའོ།། །། དེ་ནས་མནན་པ་ཆེན་པོ་ནི་ཡུང་བའི་ཁུ་བས་སྣག་ཚ་བྱས་ཏེ། ཁམ་པའི་ག་འུའི་ནང་དུ་ཕྱི་ནང་ལེའུ་ཚེ་ དགུ་པའི་འཁོར་ལོ་བྲིས་ཏེ་སྔགས་དགོད་པ་ནི། དབུས་སུ་རྒ་སྭཱ་སྟཾ་བྷ་ཡ་སྟཾ་བྷ་ཡ་རྒ་ཧ་ཞེས་བྱ་བ་བྲིའོ། །ནང་མ་ལ་ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཞེས་བྱ་བ་བརྒྱད་བྲིའོ། །ཕྱི་རོལ་གྱི་ལིང་ཚེ་བརྒྱད་ལ་ནི། རྒ་ཨོཾ་རྒ། རྒ་ཏཱ་རྒ། རྒ་རེ་རྒ། རྒ་ཏུད་རྒ། རྒ་ཏཱ་རྒ། རྒ་རེ་རྒ། རྒ་ཏུ་རྒ། རྒ་རེ་རྒ། ཞེས་བྱ་བ་བྲིས་ཏེ། བསྒྲུབ་པ་འཕགས་མ་ལ་བྱས་ལ་དགྲ་གང་ནས་འོང་བའི་ཕྱོགས་སུ་སྦས་ན་བསྲུང་བར་འགྱུར་ཞིང་དགྲའི་སྒོར་སྦས་ན་མནན་ པར་འགྱུར་རོ། །དགྲ་མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་བཅུ་རྩ་གསུམ་པའོ།། །། དེ་ནས་རིག་སྔགས་ཀྱི་སྦྱོར་བ་གནོན་པར་བྱེད་པའི་འཁོར་ལོ་ནི་ཡུང་བའི་ཁུ་བས་གཡམ་པ་འམ། ལྷང་ཚེར་མ་གཉིས་ གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ། ལིང་ཚེ་དགུ་པ་ཕྱི་ནང་དང་བཅས་པ་བྲིའོ། །སྔགས་དགོད་པ་ནི། དབུས་སུ་ཝ་སྭཱ་སྟཾ་བྷ་ཡ་སྟཾ་བྷ་ཡ་ཧཱ། འཁོར་ལོ་ནང་མ་ལ། ཝ་ཝ་ཝ་ཝ་ཝ་ཝ་ཝ་ཝ། ཞེས་བྱ་བ་ 100-1-74a བྲིའོ། །ཕྱི་མ་ལ། ཝ་ཨོཾ་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུད་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུ་ཝ། ཝ་རེ་ཝ། ཞེས་བྱ་བ་བྲིས་ཏེ་ཕན་ཚུན་གཡས་གཡོན་དུ་འཁོར་ལོ་རེ་རེ་སྦས་ན་གནོན་པར་འགྱུར་རོ། །རིག་སྔགས་ཀྱི་ སྦྱོར་བ་གནོན་པའི་ལེའུ་སྟེ་སུམ་བཅུ་རྩ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་མེ་ཏོག་མན་དཱ་ར་བ་དང་པད་མ་དང་ཀུ་མུ་ཏ་ལ་སོགས་པ་བསམ་གྱིས་མི་ཁྱབ་ པས་བཅོམ་ལྡན་འདས་ལ་གཏོར་ཏོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མ་ཡང་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་ཏེ། །ལྷ་ཡི་འཁོར་ལོ་དང་ལྡན་པས། །སྲོག་ཆགས་དག་ནི་གསད་པ་སྤངས། །མ་བྱིན་བླང་བར་མི་བྱ་ཞིང་། །བུད་མེད་མི་བསྟེན་དམད་མི་བྱ། །བརྫུན་ནི་རྣམ་ པ་ཀུན་ཏུ་སྤང་། །མྱོས་འགྱུར་དག་དང་ཤ་དག་དང་། །རྐུ་ཞིང་རྣམ་པ་རྟག་ཏུ་སྤང་། །མོ་རྣམས་ཐམས་ཅད་ཀུན་ལ་ནི། །ཆགས་པའི་སེམས་ནི་སྤང་བ་སྟེ། །མ་བཞིན་དུ་ནི་ཀུན་ལ་ནི། །ཕན་པའི་སེམས་ཀྱིས་ཀུན་ལ་ བཀུར། །དམ་ཚིག་སྡོམ་ལ་གནས་པ་ཡིས། །ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དམ་ཚིག་དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོགས་བསྟན་པ་ཞེས་བྱ་བ་ 100-1-74b རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་དྲ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་སོ་དག་གོ། ། ༄། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་བྷཊྚ་ཊཱ་རི་ཀ་ནཱ་མ་ཨཥྚ་ཤ་ཏ་ཀྃ །བོད་སྐད་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་ འོང་པོ་ཏ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པ་བཀྲམ་པ་སྟེ། །སྐྱེ་གཉིས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ཀུ་ཅོ་ཆེ། །རི་དགས་སྣ་ཚོགས་འཁྲུགས་པ་སྟེ། །མེ་ཏོག་སྣ་ཚོགས་རིགས་རྣམས་ ཀྱིས། །ཀུན་དུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུར་ལྡན། །རྐང་པ་དྲུག་པ་གླུ་ཡི་སྒྲ། །མི་འམ་ཅི་ནི་གླུ་སྙན་ལེན། །གླང་ཆེན་སྨྱོན་པས་ཡང་དག་ཁེངས། །རིག་འཛིན་གྲུབ་པའི་ཚོགས་རྣམས་དང་། ། དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིག་པའི་རྒྱལ་མོ་ སྟོང་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པའོ། །ཁྲོ་བོའི་རྒྱལ་པོའི་ཚོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ ཏེ་དེ་ཕྱིར་དཔལ་དང་ལྡན། །པད་མའི་སྙིང་པོ་ཐུབ་པའི་གདན། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་པ་དང་ནི་སྙིང་རྗེར་ལྡན། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །ཆོས་གསུང་བར་ནི་ཡང་དག་བཞུགས། །དེ་རུ་ཉེར་འདུག་ཡང་དག་ ལུངས། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །མཆོག་ཏུ་སྙིང་རྗེ་དང་ལྡན་པས། །སྤྱན་རས་གཟིགས་ལ་ཞུས་པ་སྟེ། །རྐུན་པོ་སྦྲུལ་དང་སེང་གེ་མེ། །གླང་པོ་སྟག་དང་ཆུས་འཇིགས་པས། །ཞི་མཛད་ཐུབ་པས་སེམས་ཅན་རྣམས། ། 100-1-75a འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །འཁོར་བའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་དྲི་མ་ལས། །གང་གིས་སེམས་ཅན་གྲོལ་གྱུར་པ། །དེ་གསུངས་བདག་ལ་ཐུབ་ཆེན་པོ། །འཇིག་རྟེན་མགོན་པོས་ འདི་སྐད་གསུངས། །དཔལ་ལྡན་དེ་ནི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རབ་རྟོགས་བྱེད། །སྙན་པའི་ཚིག་ནི་འདི་སྐད་གསུངས། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་སྟོབས་ཀྱིས་བྱུང་ བ་སྟེ། །ང་ཡིས་འཇིག་རྟེན་མ་རུ་ཤེས། །སྙིང་རྗེ་ཆེན་པོ་དང་ལྡན་པའི། །འགྲོ་བ་འདོན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷ་བཅས་མི་དང་ལྷ་མིན་རྣམས། །འདི་རྣམས་ཐམས་ཅད་ གསལ་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ཕྱག་ན་ཨུཏྤལ་སྔོན་པོ་བསྣམས། །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །བར་སྣང་དུ་ནི་འཕར་བར་གནས། །འགྲོ་བ་ ཡང་དག་བསྲུང་དོན་དུ། །མཚོན་ཆའི་བསྐལ་པ་བྱུང་བ་དང་། །འཇིགས་པ་སྣ་ཚོགས་འཁྲུགས་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་དེ། །མིང་རྣམས་དྲན་པ་ཉིད་ཀྱིས་ཀྱང་། །སེམས་ཅན་ཐམས་ཅད་བདག་གིས་བསྲུང་། ། སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་ སྟེ་འདི་སྐད་གསོལ། །གུས་དང་བཅས་པས་ཡང་དག་གནས། །གང་ཞིག་རྒྱལ་བས་སྔོན་བསྒྲགས་པ། །གསུངས་ཤིག་མཚན་བརྒྱ་རྩ་བརྒྱད་པ། །ས་བཅུའི་དབང་ཕྱུག་མགོན་པོ་རྣམས། །བྱང་ཆུབ་སེམས་དཔའ་རབ་དགའ་ བ། །སྡིག་པ་སྤོང་བྱེད་བསོད་ནམས་དང་། །བཀྲ་ཤིས་གྲགས་པ་འཕེལ་བར་བྱེད། །གཏེར་དང་ནོར་རྣམས་འཕེལ་བྱེད་ཉིད། །ནད་རྣམས་ཐམས་ཅད་བརླག་བྱེད་པ། །དཔལ་ལྡན་ཤིས་པ་འཇོག་བྱེད་པ། །ནད་མེད་ཚེ་ནི་འཕེལ་བར་ 100-1-75b བྱེད། །སེམས་ཅན་རྣམས་ལ་བྱམས་བསྒོམས་ནས། །དེ་དག་སྒྲོགས་ཤིག་ཐུབ་ཆེན་པོ། །འདི་སྐད་ཞུས་ནས་བཅོམ་ལྡན་འདས། །སྤྱན་རས་གཟིགས་དབང་རབ་ཏུ་བཞད། །ཕྱོགས་རྣམས་ཐམས་ཅད་རབ་གཟིགས་ནས། །འདི་ལྟ་བུ་ཡི་ བྱམས་པ་སྤྲོས། །ཕྱག་ནི་གཡས་པས་ཕྱག་ཐབས་མཛད། །བསོད་ནམས་མཚན་ཉིད་ལྡན་པ་ཡི། །དེ་གསུངས་ཤེས་རབ་ཤིན་དུ་ཆེ། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ། །སྐལ་བ་ཆེན་པོའི་ མི་རྣམས་ཉོན། །མི་རྣམས་གང་ཞིག་འདི་སྒྲོགས་པ། །ནོར་གྱི་དབང་ཕྱུག་ཡང་དག་འགྱུར། །ནད་རྣམས་ཐམས་ཅད་རྣམ་པར་གྲོལ། །དབང་ཕྱུག་ཀུན་དང་ཡང་དག་ལྡན། །དུས་མིན་འཆི་བ་ངེས་པར་འཇོམས། །འཆི་བ་བདེ་བ་ཅན་འགྲོ་བ། ། དེ་རྣམས་བདག་གིས་བཤད་པར་བྱ། །ལྷ་ཡི་དགེ་འདུན་བདག་ལ་ཉོན། །འདི་ལ་རྗེས་སུ་ཡིད་རང་གིས། །ལེགས་པར་བསྡམས་པར་འགྱུར་ལ་བསྟོད། །ཨོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་ མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ་ཨོཾ་གྱི་རྣམ་པ་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ཅན་རྒྱས་མ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་མོ་ཆེ། །སྟོབས་པོ་ཆེ་ལ་ཕ་རོལ་ ཕྱིན། །རྩུབ་མོ་ཆེན་མོ་གཏུབ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། ། འཆོལ་བྱེད་རེངས་བྱེད་ནག་མོ་ཆེ། །མཚན་མོ་ནག་མོ་མཚན་སྤྱོད་མ། །བསྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་དྲ་བའི་ལྡི། །ཚངས་པ་མོ་ནི་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་ 100-1-76a མོ། །སྐྱེ་གནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མོ། །ཚངས་མ་བདེ་མ་གཞན་མི་རྒྱལ། །དེད་དཔོན་ཆེན་པོ་སྙིང་རྗེ་གནས། །ཆུད་ཟོས་ལམ་ནི་རབ་སྟོན་མ། །མཆོག་སྟེར་སྟོན་བྱེད་སྟོན་པ་མོ། །བུད་མེད་ གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མོ་བདུད་རྩི་མ། །དེས་མ་ནོར་སྦྱིན་བསོད་ནམས་མ། །བསྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརྟུལ་ ཞུགས་ཆེན་མོ་མ། །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་ལ་གསོང་པོ་མ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པར་ཀུན་འགྲོ་རྡོ་རྗེ་མ། །དོན་ཀུན་གྲུབ་བྱེད་བཟང་པོ་མ། །གསད་བྱེད་གསོ་བྱེད་ནོར་སྟེར་མ། །མི་འཇིགས་ བསོད་ནམས་གཽ་ཏ་མ། །སྤྱན་རས་གཟིགས་དབང་བདག་ཉིད་སྐྱེས། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །ཕན་པར་བྱེད་པར་གྲགས་པ་སྟེ། །མཆོག་ཏུ་རྨད་བྱུང་གསང་བ་མོ། །ལྷ་ཡུལ་ན་འང་རྙེད་དཀའ་བའི། །བསྐལ་བཟང་སྐལ་ བ་དང་ལྡན་བྱེད། །དུག་ནི་ཐམས་ཅད་ཉམས་བྱེད་པ། །ནད་རྣམས་ཐམས་ཅད་ཞི་བྱེད་མ། །སེམས་ཅན་ཀུན་ལ་བདེ་སྟེར་མ། །བློ་ལྡན་གང་ཞིག་ལན་གསུམ་ཀློག །མཉམ་བཞག་གཙང་སྦྲ་བྱས་པ་ཡིས། །དེས་ནི་དུས་མི་རིང་བ་རུ། ། རྒྱལ་སྲིད་དཔལ་ཡང་ཐོབ་པར་འགྱུར། །རྟག་ཏུ་སྡུག་པ་བདེ་བར་འགྱུར། །བཀྲེན་པ་ཕྱུག་པོར་འགྱུར་བའོ། །རྨོངས་པ་ཤེས་རབ་ཆེན་པོར་འགྱུར། །ཡིད་གཞུངས་འགྱུར་བར་ཐེ་ཙོམ་མེད། །བཅིངས་པ་འཆིང་ལས་གྲོལ་བར་འགྱུར། །ཐ་སྙད་ ལས་ཀྱང་རྒྱལ་བར་འགྱུར། །དགྲ་བོ་བཤེས་པོར་འགྱུར་བའོ། །རྭ་ཅན་དང་ནི་མཆེ་བ་ཅན། །དོག་པའི་འཐབ་མོ་རྒྱལ་དཀའ་བ། །སྣ་ཚོགས་འཇིགས་པ་འཁྲུགས་པ་ལས། །མཚན་ནི་འདི་རྣམས་དྲན་པ་ཡིས། །འཇིགས་པ་ཀུན་ལས་ གྲོལ་བར་བྱེད། །དུས་མིན་འཆི་ལས་གྲོལ་བྱེད་པ། །སྐྱེས་བུ་སྙན་པ་ཐོབ་པར་འགྱུར། །མིར་ནི་སྐྱེ་བ་དོན་དང་བཅས། །དེ་གཅིག་པུ་ཡི་ཕན་ཡོན་གྱིས། །གང་ཞིག་འདིར་ནི་སྔར་ལངས་ནས། །སྐྱེས་བུ་གང་ཞིག་སྒྲོགས་བྱེད་པ། ། 100-1-76b དེ་ནི་དུས་རིང་ཚེ་དང་ལྡན། །མི་ཡི་དཔལ་ནི་དགའ་འགྱུར་ཏེ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལུས་སྲུལ་པོ། །འབྱུང་པོ་གཤེད་བྱེད་སྲིན་པོ་དང་། །མ་མོ་རྩུབ་པའི་སེམས་ལྡན་པ། །གནོད་སྦྱིན་མོ་དང་ཡི་དགས་བྱེད། ། སྨྱོ་བྱེད་དང་ནི་གནོད་བྱེད་རྣམས། །གྲིབ་གནོན་དང་ནི་བརྗེད་བྱེད་དང་། །ཤ་ཟ་ལ་ནི་སོགས་པ་རྣམས། །རོ་ལངས་སྣ་ཚོགས་ལ་སོགས་དང་། །སྐུལ་བྱེད་མ་དང་སེམས་སྡང་རྣམས། །གྲིབ་མ་ལ་ཡང་འགོམ་མི་བྱེད། །ཇི་ལྟར་སླར་ ཡང་རྩོད་པར་འགྱུར། །སྡང་བའི་སེམས་ཅན་འཆིང་བར་བྱེད། །ནད་ལ་སོགས་པས་ཐེབས་མི་འགྱུར། །ཕྱུག་ཅིང་ལོངས་སྤྱོད་ཡོན་ཏན་ལྡན། །བུ་དང་ཚ་བོ་འཕེལ་བར་འགྱུར། །རིགས་དང་ལྡན་ཞིང་མཐོང་དགར་འགྱུར། ། གཟི་བརྗིད་ལྡན་ཞིང་ཚིག་གསལ་བ། །བློ་ལྡན་སྐྱེ་བ་དྲན་པར་འགྱུར། །བསྟན་བཅོས་ཐམས་ཅད་རིག་པར་འགྱུར། །དགེ་བའི་བཤེས་གཉེན་ཡང་དག་ལྡན། །བྱང་ཆུབ་སེམས་ཀྱིས་ཡང་དག་བརྒྱན། །གང་དང་གང་དུ་སྐྱེས་ པ་དེར། །རྟག་ཏུ་སངས་རྒྱས་ཀྱིས་མི་སྤོང་། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུཾ་ལ་གཏུགས་ནས་ཞུས་དག་པར་བགྱིས། ། ༄།། །།རྒྱ་གར་སྐད་དུ། ཏཱ་ར་དེ་བཱི་ནཱ་མ་ཨཥྚ་ཤ་ཏ་ཀ་ན། བོད་སྐད་དུ། ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། ལྷ་མོ་ཆེན་མོ་སྒྲོལ་མ་རྣམ་པར་རྒྱལ་བའི་ནོར་བུ་རྣམ་པ་སྣ་ཚོགས་ཀྱི་དོ་ ཤལ་དང་། ན་བཟའ་དང་། ཤམ་ཐབས་ཀྱི་གཤལ་ཀས་འཇིག་རྟེན་གྱི་ཁམས་ཆེན་པོའི་བླ་རེ་བྱས་པ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མོ་སྒྲོལ་མས་དེའི་ཚེ་སྔོན་མ་མཐོང་མ་ཐོས་པའི་གཟུངས་ཀྱི་མཆོག་བརྗོད་པ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་ཙིཏྟ་ཛཱ་ཡ། ཨ་ནི་ར་ཙི་ཛ་ཏཱ་ཡ། སུ་ཛཱ་ཡ། བི་ཛཱ་ཡ། མ་ཧཱ་ཛཱ་ཡ། བི་ཛཱ་ཡ། ཛ་ཡ་ཛ་ཡ། ཧེ་ཧེ། སྨ་ར་སྨ་ར། བ་ར་བ་ར། བ་ར་ད། མ་ཧཱ་དེ་བི། བི་ལ་ས། བི་ལ་ས། བི་ལ་ས། བ་ཛ་ཨ་མོ་ཏ་ཀ་རི་ 100-1-77a བི་ཛ་ཡ་དེ་བི། ཧཱི་ཧཱི། ཀི་ནི་ཀི་ནི་བི་ལམ་བ་སེ། སྨ་ར་སྨ་ར། མ་ཧཱ་པྲ་ཛྙཱ་ཨ་ནི་བ་ཏ། བཛྲ་མ་མ་ཧཱ་ཀཱ་རུ་ཎི་ཀ །བྷ་གི་ནི་ཧྲུཾ་ཧྲུཾ། སྥུ་ཊ་སྥུ་ཊ། སྥོཊ་སྥོཊ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཀཾ་པ་ཀཾ་པ། ཀཾ་པ་ ཡ། སུ་ར་བྷི་གནྡྷ། ཨ་ཏི་སི་ཏ། མུ་ཁེ་ཧ་ལ་ད་བ་ལ། སཾ་ག་རཱ་ཛ་ན། བི་མ་བི་གི། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། ཧེ་བྷ་ག་བ་ཏི། སནྟྲ་ས་ཡ། བི་གྷ་ནཱ་ན། པ་རི་བ་ལ་ཡ། ཨ་སྨཱ་ཀཾ་ཨ་སྨཱ་ཀཾ། མ་ད་ནི་མ་ད་ནི། སཾ་བོ་དྷ་ཡ། སཾ་མོ་ཧ་ཡ། ཧ་ར་ཧ་ར། ཧི་རི་ཧི་རི། ཧུ་རུ་ཧུ་རུ། བི་ཏ་ཀ་ར། བ་ར་ཛ། ཧཾ་ཧཾ། ཏྲོ་ཏཱ་ཡ། ཧཾ་ཧཾ། སནྟྲ་ཏཱ་ཡ། སནྟྲོ་ཡ། མནྟ་མནྟ། མརྡ་མརྡ། ཙ་ར་ཙ་ར། སཾ་ཙ་ར་སཾ་ཙ་ར། བེ་ག་བེ་ག་བེ་ག་བ་ཏི། ན་མོ་ན་མོ་ན་མཿསྭཱ་ཧཱ། དེ་ནས་ལྷ་དང་ལྷ་མིན་ཚོགས། ། སྲིན་པོ་གནོད་སྦྱིན་མི་འམ་ཅི། །ལྟོ་འཕྱེ་ཆེན་པོའི་ཚོགས་རྣམས་དང་། །འབྱུང་པོ་དྲི་ཟ་ལོག་འདྲེན་རྣམས། །འཇིག་རྟེན་གསུམ་དུ་གྲགས་པའི་མཆོག །གསང་སྔགས་ཆེན་པོ་འདི་ཐོས་ནས། །སྐྲག་ཅིང་མགོ་བོ་སྨད་ གྱུར་ཏེ། །ལག་པ་ཆེན་པོ་ཡོངས་བསྐྱོད་ནས། །གང་གིས་འདི་ནས་ས་གསུམ་འདི། །མཐའ་དག་ཁྱབ་པར་བྱས་པའི་ཕྱིར། །འདོད་པའི་ལྷའི་ངག་བཟློག་པ། །སྒྲོལ་མ་སྤྱན་ཡངས་ཕྱག་འཚལ་ལོ། །སྤྱན་རས་ གཟིགས་ཀྱི་རིགས་སྨོས་པ། །ཆེ་བ་ཉིད་ཀྱི་གྲགས་པ་འོད། །སྤྱན་ཡངས་ཁྱོད་ནི་སེམས་ཅན་རྣམས། །ཕན་བཞེད་སླད་དུ་འབྱུང་བ་ལགས། །དེ་ནས་དབང་ཕྱུག་ལ་སོགས་པ། །ལྷ་དང་ལྷ་མིན་འདུས་ཀུན་དང་། །རིགས་ སྔགས་འཆང་གི་བདག་པོ་དང་། །དེ་བཞིན་རིག་སྔགས་འཆང་བ་རྣམས། །བླ་གོས་ཕྲག་པ་གཅིག་གཟར་ཏེ། །བསྐོར་བ་མཆོག་ནི་བྱས་ནས་ཀྱང་། །པུས་མོའི་ལྷ་ང་ས་སྟེང་དུ། །བཙུགས་ནས་ཚིག་ནི་འདི་སྐད་སྨྲས། ། སྒྲོལ་མ་འོད་འབར་དེ་ལ་ནི། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་ལོ། །མིང་བརྒྱ་རྩ་བརྒྱད་དམ་པ་ཡི། །དཔེ་མེད་མིང་ནི་བརྗོད་པར་བགྱི། །བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་བ། །སྐྱེ་དགུའི་དབང་ཕྱུག་མངོན་ཤེས་ 100-1-77b མྱུར། །དབང་ཕྱུག་རབ་དགའ་འཇིགས་ལ་དྲག །རྒོད་བག་མེད་ཅིང་དྲེགས་པ་མེད། །པད་མའི་སྤྱན་དང་པད་མའི་ཞལ། །པད་མའི་ལྟེ་བ་རབ་གཙང་སྦྱིན། །སྤྱན་བཟང་སྤྱན་ནི་ཡངས་པ་སྟེ། །སྔོ་བ་ཨུཏྤལ་སྔོན་པོའི་འོད། ། སྐྱོབ་པ་སྐྱབས་འོས་བདེ་བ་སྦྱིན། །དེ་བཞིན་སྟོབས་སྦྱིན་གཟུགས་སྦྱིན་པ། །མགོན་པོ་མགོན་མཛད་དྲག་མོ་སྟེ། །དཀོན་མཆོག་གསུམ་པོ་རྒྱལ་མཛད་མ། །སྒྲོས་དམར་སེན་མོ་དམར་བ་སྟེ། །སྤྱན་རྩ་དམར་པོས་གཟིགས་ པར་མཛད། །དགའ་མཛད་དགའ་སྟོབས་པད་མ་ལགས། །པད་མའི་མདོག་ཅན་པད་མདོག་དགྱེས། །འཇིག་རྟེན་གསུམ་འདུལ་ཞི་བ་སྟེ། །འཇིགས་པའི་ཆ་ལུགས་སྟོབས་མོ་ཆེ། །འདུལ་དུ་འཆུག་མ་འདུལ་མཛད་ མ། །བསྟོད་ལྡན་མི་མཆོག་དམ་པ་ལགས། །རབ་གསལ་འདུལ་བ་རྡོ་རྗེ་ཅན། །རྣམ་པར་རྒྱལ་བ་འོད་གསལ་བ། །བྱང་ཆུབ་རྡུལ་མེད་དྲི་མ་མེད། །ཟླ་བ་ལྷ་མཆོག་རྣམས་ཀྱི་རྗེད། །སྲེད་བྱ་དང་ནི་སྲེད་བྱའི་བར། ། རྒྱུ་ཞིང་གཤེགས་ལ་འོད་ཟེར་མཛེས། །ཆུ་ལྷ་གཡུལ་འགྱེད་འགྱིང་བག་ཅན། །སྐྱེས་མཆོག་རང་བཞིན་ཡིད་འཕྲོས་རྒྱས། །གཙུག་ཕུད་གསུམ་པོ་ལྟོ་ཚིལ་གསུམ། །སྤྱན་གསུམ་དྲི་མ་གསུམ་སེལ་བ། ། སྲིད་པ་སེལ་མཛད་ཁོང་དགེ་བ། །ཚིག་ལྡན་མར་ཡང་དེ་བཞིན་གྲགས། །རྒྱལ་བ་སྦྱིན་པ་བསོད་ནམས་སྦྱིན། །སྡིག་པ་འཇོམས་མ་འཇིགས་པ་མེད། །ནོར་སྦྱིན་མདོག་སྦྱིན་ཞི་བ་མ། །གཟུགས་བཟང་ཕྱལ་བཟང་ ནུ་མ་བཟང་། །སྒྱུ་འཕྲུལ་སྒྱུ་འཕྲུལ་ལྡན་ཞིང་འདུལ། །དུལ་བ་བསྲུང་བ་རྡུལ་སེལ་བ། །ཕྲེང་བ་ཐོགས་མ་རྒྱགས་མཛད་མ། །རྒྱགས་པ་སྦྱིན་མ་དྲེགས་སྤོང་མ། །དྲག་མོ་ལགས་ཏེ་གཟི་བསྐྱེད་མ། །དཀར་མོ་ཞི་མཛད་ བདེ་བ་མོ། །སྐྱེ་དགུའི་བདག་མོ་ཚངས་པར་ལྡན། །ཚངས་སྦྱིན་དབང་ཕྱུག་དམ་པ་ལགས། །ཟླ་བའི་འོད་ཅན་ཟླ་བའི་ཞལ། །ཟླ་བའི་གཟི་ནི་འཕྲོག་པར་མཛད། །ཉི་མའི་གཟི་འཕྲོག་དགྱེས་པ་མོ། །ཡིད་འོང་བཟང་ཞིང་ 100-1-78a ཞི་བ་མོ། །བདེ་བ་བདེ་ལྡན་མུ་དང་སྟེགས། །བཀྲ་ཤིས་བགེགས་རྣམས་སེལ་མཛད་མ། །ནོར་སྤེལ་བསོད་ནམས་རྣམ་པར་རྒྱལ། །འཛམ་བུའི་ཆུ་བོ་གསེར་དངུལ་འོད། །འཇིགས་པ་སེལ་བ་འཇིགས་མེད་སྦྱིན། ། སྒྲོལ་མ་ལགས་ཏེ་ཟླ་བའི་ཞལ། །སེམས་ཅན་ཀུན་ལ་མེད་མི་འགྱུར། །མཆོད་གནས་ཕྱག་གནས་དགའ་མཛད་མ། །ཆ་ལུགས་སྔོ་བ་ཆ་ལུགས་བཟང་། །རྒྱན་དམར་བརྒྱན་དུ་ཐོགས་པ་སྟེ། །ན་བཟའ་གསེར་མནབས་གང་ ག་མ། །དཀར་མོ་འབར་བ་རྣམ་པར་གཟིགས། །གེའུ་ཝང་གི་ཐིག་ལེ་སྤོས། །འཁོར་ལྡན་རྡོ་རྗེ་ཆུ་ལྷ་ཉིད། །དཀྱིལ་འཁོར་མཆོག་མངའ་འཇིགས་མཛད་མ། །ཚེམས་དཀར་བཞད་ཅིང་ཚེམས་དཀར་འཛུམ། །དཔུང་རྒྱན་ སྙན་ཆ་གདུབ་འཁོར་ཐོགས། །དོ་ཤལ་འབར་བའི་ཆུན་པོ་ཅན། །འོག་པག་བཟང་ལྡན་ཞལ་བཟང་མ། །གྲོགས་ནི་ནིམ་པའི་ལོ་མ་ཐོགས། །ནོར་བུའི་ཅོད་པན་ནོར་བུ་འཆང་། །ནོར་བུའི་རྒྱན་རྣམས་བརྒྱན་དུ་ཐོགས། །ནོར་བུའི་ འོད་ཟེར་སྣང་བ་ཅན། །ནོར་བུའི་དཀྱིལ་འཁོར་རྒྱན་མངའ་བ། །འབར་བའི་མདོག་མངའ་རྡོ་རྗེ་ཅན། །སྐྱེས་པ་བུད་མེད་སད་པར་མཛད། །ཞི་བ་དབྱིག་ཐོགས་མཆེ་བ་ཅན། །ཚངས་པའི་ཤུགས་ཅན་རླུང་དང་ལྡན། །བུད་མེད་ ལགས་ཏེ་མཁའ་ལས་གཤེགས། །ལྷ་མོ་མཆོག་གི་འོད་འཕྲོག་མ། །འོད་དང་ལྡན་པ་འདོད་པས་འདུལ། །འདོད་པའི་ཁྲོ་བོ་རབ་འཇོམས་མ། །དྲག་པོ་ཐོར་ཚུགས་གཙུག་ཕུད་ཅན། །ཚངས་པ་ཚངས་པའི་གསུང་ལྡན་རྒྱལ། ། པིང་ཀའི་སྐད་འདྲ་ཕེག་བཟང་མ། །འཇིག་རྟེན་དབང་ཕྱུག་རིགས་མཆོག་སྐྱེས། །དབྱིག་པའི་ཤིང་ལོ་རྡོ་རྗེ་ཐོགས། །དྲག་མོ་རིན་ཆེན་འོད་ཀྱིས་བརྒྱན། །གཤེགས་ན་སྙན་ཆ་དྲི་མེད་གཡོ། །གཤིན་རྗེ་བ་ཡི་ཡིད་ལ་འཇུག ། རིག་སྔགས་འཆང་མ་གཟུགས་འཆང་མ། །སྟོབས་ལྔ་སྟོབས་དང་ལྡན་པར་མཛད། །སྟོབས་དང་སྟོབས་མེད་མངའ་བ་སྟེ། །ཤེས་རབ་མཚོན་གྱིས་གཅོད་པར་མཛད། །སྒྱུ་རྩལ་ལགས་ཏེ་སྒྱུ་རྩལ་ལྡན། ། 100-1-78b དེ་བཞིན་བརྗོད་དང་སྨྲ་བ་ལགས། །སྟེང་ནས་ཁྱམས་དང་ཁྱམས་བཟའ་ཚུལ། །ཙམ་པ་ཀའི་ཆུན་པོས་གསལ། །སེར་མོ་ཙན་པ་ལེགས་པའི་རྟེན། །དྲག་མོ་ཕྱག་ན་ཆུན་པོ་ཐོགས། །སྐལ་བ་བཟང་མོ་གཤལ་ཀ་ ཅན། །དེ་བཞིན་ཤིན་དུ་ཤས་ཆེར་དགྱེས། །རིགས་མཚན་ཤིན་དུ་སྟོབས་དང་ལྡན། །རྡོ་རྗེ་ཁྲོ་བོ་དགའ་མཛད་མ། །བདེ་ལྡན་བློ་ལྡན་རྡོ་རྗེའི་ཐབས། །བློ་མཛད་ཤེས་རབ་སྐྱེད་པར་མཛད། །ལྷ་མོ་ལམ་མེ་ཅོད་པན་ཅན། །ལྷ་རྣམས་ ཀུན་ལས་ཚུལ་ལྷག་པ། །སྲེད་མེད་བུ་མོ་སྡིག་པ་སེལ། །བཀྲ་ཤིས་ངོ་ཚ་ཤེས་དང་དགྱེས། །རབ་ཏུ་དགའ་མ་འགྲོགས་ན་དགའ། །སྤྱོད་ཚུལ་དགའ་ལ་དགའ་དང་ལྡན། །དགའ་མ་དགའ་བར་མཛད་པ་སྟེ། །ཆོས་རྣམས་ཀུན་ གྱི་ལེགས་པའི་རྟེན། །སངས་རྒྱས་སྤྲུལ་པ་སྤྲུལ་མཛད་མ། །ང་རྒྱལ་སེལ་བར་མཛད་པ་སྟེ། །ལས་དང་ཉོན་མོངས་རབ་འཇོམས་ཤིང་། །འདོད་པའི་སྡེ་རྣམས་རབ་འཇོམས་མ། །ཤེས་པ་བཅུ་མངའ་སངས་རྒྱས་ པ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ས་བཅུ་དག་ལ་མངའ་བརྙེས་པ། །སྟོབས་རྣམས་བཅུ་པོས་ཆེར་གསལ་མ། །རྡོ་རྗེ་ཅོད་པན་རྡོ་རྗེ་འཆང་། །རྡོ་རྗེ་ཕྲ་མོ་ལྷ་མིན་སེལ། །དུས་ཀྱི་རྡོ་རྗེ་རབ་ཏུ་རྒྱགས། །རྡོ་རྗེ་ལྕགས་ ཀྱུ་བདེ་དང་དཔལ། །རྡོ་རྗེ་ཞགས་པ་ཞགས་པ་བཟང་། །སྒེག་མོ་རྡོ་རྗེ་ཕྱག་ན་བསྣམས། །ཡིད་འོང་ཡིད་ལ་ཚིམ་པར་མཛད། །ཕ་རོལ་བགེགས་རྣམས་སེལ་མཛད་མ། །ཚིམ་མཛད་ཤས་ཆེར་བདེ་བ་སྟེ། ། རོལ་ཅིང་གར་ཐབས་སྟོན་པར་མཛད། །ཆོས་ཅན་ཧ་ལ་ཧ་ལའི་འོད། །ཆོས་སྦྱིན་རྣམ་པར་གཟིགས་པ་ལགས། །ཁྱོད་ནི་རྡོ་རྗེ་འཕྲོ་བ་དང་། །བདུད་རྩི་རྡོ་རྗེར་བརྗོད་པ་སྟེ། །རྡོ་རྗེ་འབར་བ་སྟོབས་མོ་ཆེ། །ལྷ་མོ་ཆེན་ མོ་ཁྱོད་ཕྱག་འཚལ། །བདག་ཅག་རྣམས་ཀྱིས་བསྟོད་པ་ཡིས། །མཚན་བརྒྱ་རྩ་བརྒྱད་མཆོག་འདི་བརྗོད། །ཀྱེ་ཀྱེ་བཅོམ་ལྡན་མཆོག་ཉིད་ནི། །སྨྲ་བ་རྣམས་ཀྱི་མཆོག་ལགས་གསུང་། །དེ་ནས་ཟླ་བའི་ 100-1-79a འོད་འདྲ་ཞིང་། །འབར་ལ་འཕྲོ་བར་ལྡན་པ་ཡི། །ལྷ་མོ་སྒྲོལ་མ་བརྗིད་བག་ཅན། །འཛུམ་བཞིན་དུ་ནི་རབ་སྨྲས་པ། །དབང་ཕྱུག་ཆེན་པོ་ལ་སོགས་ཀུན། །ངའི་ཚིག་ནི་མཉན་པར་བགྱིས། །ཐམས་ཅད་ རྟག་ཏུ་འཐུན་པར་ནི། །སྟོབས་བཅུ་དག་ལ་བརྩོན་པར་གྱིས། །དེ་བཞིན་གཤེགས་པའི་ཚུལ་ཆེན་ཡང་། །དུས་ཀུན་ཏུ་ནི་བསྲུང་བར་གྱིས། །ཞི་བའི་ལམ་ལ་དམིགས་པས་ནི། །འཁོར་བའི་རྒྱ་མཚོ་མི་བཟད་ཅིང་། ། འཇིགས་པ་ཆེན་པོའི་གཞིར་གྱུར་པ། །རྒལ་དཀའ་ཁྱེད་ཀྱིས་རྒལ་བར་གྱིས། །མྱ་ངན་འདས་པའི་གྲོང་ཁྱེར་ལ། །དམིགས་ནས་བརྩོན་ཏེ་འཇུག་པར་གྱིས། །དེ་ནས་ཉི་འོད་འབར་བ་ཡི། །ཕྲེང་བ་ལྟ་བུ་མཛེས་པའི་ ཞལ། །དེ་བཞིན་གཤེགས་པའི་འབྲུག་གི་སྒྲ། །འདྲ་བའི་ཚིག་ནི་བཀའ་སྩལ་པ། །ཀྱེ་མ་རིག་སྔགས་སྒྲོལ་མའི་མཆོག །མུན་པ་སེལ་བར་བྱེད་པ་དང་། །མཐུ་སྟོབས་རྒྱ་ཆེན་སྐྱེད་བྱེད་པ། །སྒྲིབ་པ་ཐམས་ ཅད་གཅོད་བྱེད་པ། །ཚོགས་རྣམས་སྐྱེད་པའི་གཟི་བརྗིད་ཀྱིས། །དག་པར་བྱས་པ་མ་ཡིན་པས། །ཤས་ཆེར་དགའ་བར་བྱེད་པ་ཡི། །གཟུངས་འདི་ཐོས་པར་མི་འགྱུར་རོ། །སྔོན་ཆད་སངས་རྒྱས་བརྩོན་བྱས་པའི། ། བརྟན་པོ་གཟི་བརྗིད་དག་རྣམས་ལ། །དམ་ཚིག་ཆེན་པོ་རིག་སྔགས་ཀྱི། །དམ་ཚིག་འདི་ནི་འབྱུང་བར་འགྱུར། །ཉོན་མོངས་མཐའ་དག་རབ་འཇོམས་ཤིང་། །སྡིག་པ་ཐམས་ཅད་སེལ་བྱེད་པ། །སེམས་ཅན་ ཐམས་ཅད་རབ་འབྱེད་པའི། །གཟུངས་སྔགས་རྡོ་རྗེ་མཆོག་འཛིན་པ། །སུ་ཞིག་མཉམ་པར་བཞག་པ་ཡིས། །ཉན་ཏམ་འཆང་ངམ་ཀློག་བྱེད་ན། །རང་བྱུང་གིས་ནི་གསུངས་པ་བཞིན། །དེའི་དོན་ཀུན་གྲུབ་པར་འགྱུར། ། ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་། །སེམས་ཅན་ཀུན་ལས་ལྷག་པའི་མཆོག །འཇིག་རྟེན་དག་ཏུ་ཆོས་ཤེས་ལ། །འཛུད་པའི་དེ་བཞིན་གཤེགས་དང་མཚུངས། །སུ་ཞིག་མིང་བརྒྱ་རྩ་བརྒྱད་འདི། ། 100-1-79b འདོན་ཞིང་སྒྲོལ་མ་ཟླ་བའི་ཞལ། །དེ་བཞིན་བསྟོད་བྱེད་དེ་དག་ནི། །སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར། །དེའི་དོན་ཀྱང་གྲུབ་འགྱུར་ཞིང་། །རྒྱལ་པོ་རྣམས་དང་སྟོབས་ཆེན་མི། །གཞན་ཡང་སེམས་ཅན་བགྲང་བ་གང་། ། ཐམས་ཅད་དེ་ཡི་དབང་དུ་འགྱུར། །ལྷ་མོ་སྒྲོལ་མ་ཞལ་བཟང་བའི། །མིང་བརྒྱ་རྩ་བརྒྱད་གྲགས་པ་འདི། །འཇིག་རྟེན་དག་ན་རྒྱགས་པ་དང་། །ཉོན་མོངས་མི་རིགས་ཀུན་སེལ་བའོ། །དེ་ནས་བདུད་རིས་གྱེན་དུ་གཡོས་པའི་ རི་བོ་འཁྲུག་བྱེད་པ། །དེ་བཞིན་གཤེགས་པའི་རི་བོ་མཆོག་དང་འདྲ་བའི་སྐུ་མངའ་བ། །འོད་གསལ་ལྷ་དང་མི་རྣམས་ལེགས་པར་སད་པར་མཛད་པ་པོ། །རྒྱལ་སྲས་ཐུ་བོ་རྣམས་ཀྱིས་ཁྱབ་པར་སྟོབས་ཀྱིས་བརྟེན་པ་ ཡིས། །གསུང་རབ་རྟག་ཏུ་ཚོགས་ཆེན་བརྡ་སྤྲོད་ལ། །དོན་ཆེན་གྲགས་ཤིང་ཕན་ཕྱིར་ཞུགས་པ་གང་། །རབ་དེས་ཆོས་དེ་དང་ནི་བསྡུད་བྱེད་དང་། །དེ་བཞིན་ཁྱད་པར་སེམས་པའི་རིམས་སེལ་བས། །བཟོད་མེད་ཉོན་མོངས་ སེལ་བ་དང་། །ཞི་བའི་ཡིད་ནི་སྐྱེད་པའི་ཚིག །རྒྱལ་བའི་མཆོག་གིས་བཀའ་སྩལ་ནས། །གཞེས་པར་གྱུར་ཏེ་མི་གསུང་བཞུགས། །དེ་ནས་སྒྲོལ་མཆོག་ལྷ་མོས་གཙོར་གྱུར་དགའ་བར་བྱེད་ཅིང་ཡིད་འཕྲོག་ལ། ། དགའ་བ་རྒྱ་ཆེན་སྐྱེད་ཅིང་ཚེ་དང་བདེ་སྦྱིན་བསྟན་པའི་ཚིག་ཐོས་པས། །ལྷ་ཚོགས་ལྷ་མིན་ཚོགས་བཅས་མཐའ་དག་དགའ་བས་རྒྱས་ཤིང་རྨད་བྱུང་ནས། །རབ་ཏུ་དགའ་ཞིང་སྤྱི་བོས་ཐལ་མོ་སྦྱར་ཏེ་སྨྲ་བ་ཞི་བར་གྱུར། ། སྒྲོལ་མའི་མཆོག་ཅེས་བྱ་བའི་གཟུངས་ཏེ་ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་དག་པར་བགྱི།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སརྦ་དུཥྚ་པྲ་དུཥྚྃ་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ༔ སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། 100-1-80a ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟམ་བྷ་ནི་ཏཱ་ཏེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་གཟུངས་རྫོགས་སྷོ།། །།ཡང་ཞུས་སྟེ། སྟག་ལུང་རྒྱུད་འབུམ་ལ་གཏུགས་ཏེ་ཞུས་སྷོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྭ་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རཱ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ས་མ་ཡསྠི་ཏེ། བྷ་ར་བྷ་ར། སརྦཱ་བྷ་ར་ཎ། བི་བྷུ་ཥི་ཏེ། པདྨ་ནི་པདྨ། མ་ཧཱ་པདྨ། ཨཱ་ས་ན་སྠི་ཏེ། ཧ་ས་ཧ་ས། ཏྲཻ་ལོ་ཀྱ་བ་ར་དེ། སརྦ་དེ་བ་དཱ་ན་པ། པཱུ་ཛི་ཏེ་སྨ་དྷ་ཧི། བྷ་ག་བ་ཏི་ཏཱ་རེ། སྨ་རཱ་ཧཱི། བྷ་ག་བཱཾ་ཏ། ཏ་ཐཱ་ག་ཏ་སྱ། པུ་ར་ཏ། ས་མ་ཡཾ། དྷ་ར་དྷ་ར། མ་ཧཱ་སཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ནི་ཀ །བི་ཙི་ཏྲཱ་བྷ་ར་ཎེ། ཨོཾ་བི་ལོ་ཀ་ཡ། ཆེ་གེ་མོ། བྷ་ག་བ་ཏེ་ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དཀར་པོའི་ཚེས་བརྒྱད་དམ་བཅྭ་ལྔ་ལ་འཕགས་ མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླས་པར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ། ། གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། རྫོགས་སྷོ།། །།ཡང་ཞུས་སྟེ། སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་དག་གོ། །། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་ཨཥྚ་གྷོ་རེ་ཏཱ་སྦཱི་སཱུ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། 100-1-80b བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་སྟེང་ལྷའི་གནས་ན་བཞུགས་ཏེ། དེ་ཉིད་དུ་འཁོར་རྣམས་ཀྱི་ནང་ནས་ལྷ་མོ་སྒྲོལ་མས་འདི་སྐད་ཅེས་ སྨྲས་སོ། །མཐོ་རིས་རིན་ཆེན་ལྟ་བུ་འདི་ཐོབ་ནས། །ལས་དང་ལས་ཀྱི་འབྲས་བུ་ཤེས་པར་བྱོས། །བཟང་པོ་སྟེན་ཅིང་ངན་པ་སྤང་བར་གྱིས། །གང་དག་སྡིག་པའི་ལས་རྣམས་སྤྱོད་བྱེད་པ། །འཇིག་རྟེན་ཕ་རོལ་མཐུར་དུ་འབབ་ འགྱུར་ཏེ། །དུད་འགྲོ་གླེན་རྐུགས་གཅིག་ལ་གཅིག་ཟ་དང་། །གྱེན་མཐུར་འབབ་འཛེག་གཡང་ས་ངལ་བའི་ལམ། །འཇིགས་ཤིང་ང་སྐྲག་ཤིན་དུ་སྐྱི་གཡའ་བ། །ཟོན་དང་བཅས་པའི་སྡུག་བསྔལ་བསམ་མི་ཁྱབ། །ཡི་དགས་ ལྟོགས་ཤིང་སྐོམ་དང་ལུས་མི་འཚམ། །བཟའ་བཏུང་སྣང་ཡང་གཞན་གྱིས་བསྲུངས་པ་དང་། །ཁ་ཅིག་ཟོས་ཀྱང་མེ་དང་མཚོན་དུ་འགྱུར། །ལྟོགས་ཤིང་སྐོམ་པའི་སྡུག་བསྔལ་བསམ་མི་ཁྱབ། །དམྱལ་བར་སྐྱེས་པའི་སེམས་ ཅན་དེ་དག་ནི། །རང་དབང་མེད་པར་གཤིན་རྗེ་གདུག་པས་ཁྲིད། །བསྲེགས་ཤིང་བཙོས་ཏེ་མཚོན་གྱིས་རབ་ཏུ་འཐུབ། །བསྲན་གླགས་མེད་པའི་སྡུག་བསྔལ་ཚ་དང་གྲང་། །དེས་ན་ཚེ་འདིར་སྡིག་པའི་ལས་བྱེད་པ། །རང་གིས་ རང་ལ་མངན་ནི་ཆར་བྱས་ཡིན། །བསྐལ་པ་མང་པོར་སྡུག་བསྔལ་དྲག་པོས་གདུངས། །ཐར་པའི་དུས་མེད་བསྲན་པའི་གླགས་ཀྱང་མེད། །དྲན་པ་གསལ་བས་ལས་ཀྱི་འབྲས་བུར་ཤེས། །སྡུག་བསྔལ་མ་བཟོད་སྨྲེ་སྔགས་ རང་ལ་རྨོ། །སྐད་ངན་དྲག་པོའི་ཀུ་སྒྲས་གཞན་ཡང་སྐྲག ། དེ་ལ་སོགས་ཏེ་སྡུག་བསྔལ་བསམ་མི་ཁྱབ། །གང་དག་ཉེས་དམིགས་རབ་ཏུ་ཤེས་གྱིས་ལ། །ངན་སོང་གསུམ་གྱི་རྒྱུ་རྣམས་རབ་ཏུ་སྤངས། །སྡིག་པའི་ རྣམ་པ་ཕྲ་རགས་གང་ལ་ཡང་། །ལུས་ངག་ཡིད་ཀྱི་སྒོ་ནས་སྤྱད་ད་རེ། །རང་ཡང་བདེ་ལ་འགྲོ་རྣམས་ཡོངས་ལ་ཕན། །ཆགས་སྡང་རྨོངས་སྤངས་སྙིང་རྗེའི་རྩ་བ་བརྟན། །སྒོ་གསུམ་དང་བས་འབད་དེ་དགེ་བ་སྤྱད། ། 100-1-81a ཤིན་དུ་ཟབ་པའི་སྙིང་པོ་འདི་ལ་འབད། །མེ་ཏོག་སད་ཀྱིས་ཁྱེར་བའི་འབྲས་བུ་ལ། །སོ་ནམ་བྱས་ཀྱང་མྱུ་གུ་མི་སྐྱེ་ལྟར། །སྡོམ་ཉམས་ཐེ་ཚོམ་ཟོས་པའི་གང་ཟག་གིས། །ཤིན་ཏུ་ཟབ་པའི་རིག་སྔགས་བསྒྲུབ་ གྱུར་ཀྱང་། །བྱིན་བརླབས་འབྱུང་ངོ་སྙམ་ཡང་འབྱུང་མི་སྲིད། །རྩོལ་བ་དེ་དག་ངལ་བ་དོན་མེད་འགྱུར། །རིག་སྔགས་དེ་ཡང་སྐྱེ་བོའི་ཚིག་དང་མཚུངས། །ཏིང་འཛིན་རྣམས་ཀྱང་བྱིས་པའི་བསམ་པ་འདྲ། །སྐྱོན་མེད་སྐྱེས་བུས་ རིག་སྔགས་དེ་བསྒྲུབས་ན། །ཇི་ལྟར་འདོད་པ་བཞིན་དུ་མྱུར་དུ་འགྲུབ། །དཔེར་ན་ནྱ་གྲོ་དྷའི་ས་བོན་ནི། །ཤིན་ཏུ་ཕྲ་ཡང་ཆུ་ལུད་ལེགས་བྲན་ན། །དགུང་ཟླ་བདུན་ན་དཔག་ཚད་ཙམ་དུ་སྐྱེ། །བེམས་པོ་ཕྱིའི་འགྱུར་ཡང་དེ་འདྲ་ན། ། རིག་པས་རིག་པ་བསྒྲུབ་པ་ལྟ་ཅི་སྨོས། །འོད་གསལ་ནང་གི་འགྱུར་ལ་དཔག་ཏུ་མེད། །ཚོང་དཔོན་ལམ་ལ་མཁས་པ་དག་ལ་བརྟེན། །གྲུ་ཚགས་ལེགས་པས་རྒྱ་མཚོར་ཞུགས་གྱུར་ན། །རིན་ཆེན་འདོད་པ་བཞིན་དུ་ རྙེད་གྱུར་ནས། །རང་གི་གནས་སུ་ལེགས་པར་ཕྱིན་པ་ཡིན། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་རྟེན། །བྱང་ཆུབ་སེམས་ལྡན་དགེ་བ་སྤྱད་གྱུར་ན། །ཡང་དག་རྫོགས་ཀྱི་ལམ་ལ་ཞུགས་འགྱུར་ཏེ། །ངེས་པར་ མཁྱེན་ཉིད་ས་ལ་འགྲོ་བར་འགྱུར། །མདའ་ཉིད་སྐྱེས་བུའི་འཐེབ་ནས་ཤོར་གྱུར་ན། །མི་འཕང་སྙམ་ཡང་ཤིན་ཏུ་འཕངས་པར་འགྱུར། །ཆོས་ཉིད་དོན་ཀུན་ཆུབ་པའི་གང་ཟག་ནི། །མི་ཕྱིན་སྙམ་ཡང་ཕ་རོལ་ཕྱིན་པར་ འགྱུར། །བྱ་ཆའི་རྣམ་པ་རང་བཞིན་རྫོགས་གྱུར་ནས། །སངས་རྒྱས་འབྲས་བུ་འཐོབ་པར་ཐེ་ཙོམ་མེད། །ཆོས་ཉིད་རྣམ་པར་དག་པ་དེ་རྟོགས་ན། །བདག་མེད་སྲོག་མེད་སྲོག་ཀྱང་གཅད་དུ་མེད། །ལས་མེད་དེའི་རྣམ་པར་ སྨིན་པ་མེད། །མཐའ་རྣམས་རབ་སྤངས་སྐྱེས་བུ་རྣམ་པར་གྲོལ། །དེ་དོན་རྟོགས་ཕྱིར་བདག་གིས་བཤད་པའི། །སྙིང་པོ་འདི་ལ་གུས་པས་བཟླས་གྱུར་ན། །བསྐལ་པ་གྲངས་མེད་གསུམ་གྱི་སྡིག་ཀྱང་འཛད། །ངན་སོང་གསུམ་ 100-1-81b དང་འཁོར་བའི་སྡུག་བསྔལ་ཀུན། །རབ་ཏུ་སྦྱོང་ཞིང་སྒྲིབ་པ་རྣམས་གྱང་འདག །དོན་དང་ལྡན་པའི་སྙིང་པོ་འདི་ལྟ་སྟེ། ཨོཾ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ། ལྷ་མོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །ཨོཾ་ན་མོ་ཨཱརྱ་ ཨ་བ་ལོ་ཀི་ཧི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་དུཥྚཱན། པྲ་དུཥྚ་ན་མ་མ་ཀྲི་ཏེ། ཛམ་བྷ་ཡ། སྟམ་བྷ་ཡ། མོ་ཧཱ་ཡ། བན་དྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། མ་མ་ཨཱརྱཱ་བ་ལོ་བྷ་ཡཱ་ན་རཱ། བོ་དྷི་སཏྭཱ། མ་ཧཱ་སཏྭཱ་ནི། ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་མ་མ་སརྦ་ཀརྨ་ཨ་བ་ར་ཎ་སྭ་བྷཱ་བ། ཤུད་དྷེ་བི་ཤུད་དྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་སངས་རྒྱས་ཉིད་ཀྱིས་སུ། །ལྷ་མོ་ཉིད་ལ་ རབ་ཏུ་བསྟོད། །ཐུགས་རྗེ་ཤིན་དུ་ཆེ་བས་འགྲོ་བའི་དོན་མཛད་མ། །མཚན་དང་དཔེ་བྱད་རྫོགས་ཤིང་རིན་ཆེན་རྒྱན་གྱིས་སྤྲས། །ཤིན་ཏུ་མཛེས་ཚུལ་འཛུམ་ཞིང་བཞད་པའི་བཞིན། །སྤྱན་གྱི་སྐྱེ་མཆེད་ཟར་མའི་པདྨ་འདྲ། ། སྙན་གྱི་སྐྱེ་མཆེད་ཨུག་ཅོས་བྱེ་བ་འདྲ། །ཤངས་ཀྱི་སྐྱེ་མཆེད་ཨད་པལ་བུམ་བུ་འདྲ། །ཞལ་གྱི་སྐྱེ་མཆེད་ཧ་ལོ་རྒྱས་པ་འདྲ། །སྣ་ཚོགས་སྐུ་མངའ་ན་ཆུང་མཚན་ལྡན་སྐུ། །ཆོས་ཀྱི་སྒྲ་སྒྲོགས་ཀ་ལ་པིང་ཀའི་གསུང་། ། སེམས་ཅན་ཀུན་ལ་བྱམས་མགོན་ཐུགས་རྗེའི་ཐུགས། །འཁོར་བའི་སྐྱོན་གྱིས་མ་གོས་པད་མ་གཡོན། །སེམས་ཅན་དོན་རྣམས་མཛད་ཕྱིར་སྐྱབས་སྦྱིན་གཡས། །ཐབས་དང་ཤེས་རབ་ཉི་ཟླའི་གདན་ལ་བཞུགས། ། རྗེ་བཙུན་སྒྲོལ་མ་ལ་ནི་སྐྱབས་སུ་མཆི། །འཁོར་བའི་གཡང་ས་ཆེ་ལས་བདག་སྐྱོབས་ཤིག །འགྲོ་དྲུག་རང་ཁའི་གནས་སུ་འཁོར་ར་རེ། །ཐུགས་རྗེ་ཆེན་མོའི་ཞགས་པས་བདག་ཟུང་ཤིག །ངན་སོང་གསུམ་གྱི་གནས་ སུ་ཤོ་ར་རེ། །འཁྱམས་མེད་པའི་ལམ་དུ་བདག་ཆུག་ཤིག །ལོག་པར་ལྟ་བའི་རིགས་སུ་སྐྱེས་ས་རེ། །བླ་མ་བྱང་སེམས་མངའ་དང་བདག་སྤྲོད་ཅིག །བཤེས་གཉེན་ངན་པ་དག་དང་ཕྲད་ད་རེའོ། །སེང་གེ་གླང་ 100-1-82a ཆེན་མེ་དང་སྦྲུལ། །མི་རྒོད་ཆུ་དང་རིམས་རྣམས་དང་། །ཤ་ཟས་འཇིགས་པ་བརྒྱད་པོ་ལས། །སྐྱོབ་མཛད་ཁྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་དང་གཞན་དག་ཏུ། །འཇིགས་པ་བརྒྱད་ལས་བསྐྱབ་ ཏུ་གསོལ། །ཕ་རོལ་འབྲས་བུ་མ་ཐོབ་བར་དག་ཏུ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་དང་། །སྟོབས་དང་དེ་བཞིན་ཡེ་ཤེས་ཕ་རོལ་ཕྱིན། །བཅུ་པོ་དེ་ དང་མི་འབྲལ་འགྲོགས་པར་ཤོག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཆོས་འདི་བྲི་བ་དང་། བཀླག་པ་དང་། ཁ་ཐོན་དང་། ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེན་ བསྟན་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ། །རྗེ་བཙུན་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོའ་རྫོགས་སྷོ།། །།ཡང་ཞུས་སྟེ་སྐར།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མ་ཧཱ་བ་ཡ་ཏཱ་རཱ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ནས་སྤོས་དྲི་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྩལ་དང་ ལྡན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ལ་ ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཇིགས་པ་མེད་པར་བྱེད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། 100-1-82b དྷ་རེ་དྷ་རེ། དྷཱ་རེ་དྷཱ་ར་ཎཱི། ར་ན་ཀོ་ཏེ་ཨ་བྷ་ཡཱ་ཀ་ལ་པེ། ཀལ་པ་ནི་ག་ཎི། ཨ་ནན་ཏ་ཀལ་པེ། ཨ་མྲྀ་ཏ་ཀལ་པེ། ཧུ་ཏཱ་ཤ་རེ། ཨ་ནན་ཏ་མུ་ཁེ། ཨ་ནན་ཏ་ཙཀྵུ་ས་མུད་ག་ཏེ། ཨོཾ་བྷ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་ཀྱི་གསང་སྔགས་ འདི་དག་ནི་སེམས་ཅན་ངན་སོང་དུ་འགྲོ་བ་རྣམས་ཀྱི་དོན་གྱི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་ཡི་རང་བ་ཡིན་ནོ། །རིགས་ཀྱི་བུ་ བྱང་ཆུབ་སེམས་དཔའ་གང་ལ་ལ་གཟུངས་འདི་འཛིན་པར་བྱེད་པ་དེ་འཇིགས་པ་བརྒྱད་པོ་སེམས་ཅན་དམྱལ་བའི་འཇིགས་པ་མཐའ་ཡས་པ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་མཐའ་ཡས་པ་དང་། གཤིན་རྗེའི་ འཇིག་རྟེན་གྱི་འཇིགས་པ་མཐའ་ཡས་པ་དང་། ཡི་དགས་ཀྱི་འཇིགས་པ་མཐའ་ཡས་པ་དང་། བགྲོད་དཀའ་བའི་འཇིགས་པ་མཐའ་ཡས་པ་དང་། སྐྱེ་བའི་འཇིགས་པ་མཐའ་ཡས་པ་དང་། ནད་ཀྱི་འཇིགས་པ་མཐའ་ ཡས་པ་དང་། འཆི་བའི་འཇིགས་པ་མཐའ་ཡས་པ་དག་ལས་ཡང་དག་པར་འདའ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་རོ། །སེམས་རྣམ་པར་གཡེང་བ་ མེད་པར་འཆི་བའི་དུས་བྱེད་ཅིང་། སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར། ཟད་མི་ཤེས་པའི་ལུས་ཐོབ་པར་འགྱུར། སྤྲུལ་པའི་ལུས་ཀྱང་ཐོབ་པར་འགྱུར་རོ། །ན་མཿསརྦ་བིདྱ། སིད་དྷྱན་ཏུ་མེ་མན་ཏྲ་པཱ་ད་སྭཱ་ཧཱ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།ཡང་ཞུས་སྟེ་སྐར། ། ༄༅། །དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལམ་གང་གིས་ན་སངས་རྒྱས་འབྱུང་བ་དང་། །རྒྱལ་བ་སྲས་ བཅས་ཆོས་ཀྱི་བླ་མར་གྱུར། །མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི། །ཤེས་རབ་དཀྱིལ་འཁོར་མང་ལ་སྐྱབས་སུ་མཆི། །ཕྱག་འཚལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མ། །འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ 100-1-83a ཤེས། །དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་གཤེགས། །དེ་ནི་སྤྱོད་པ་རྒྱ་ཆེན་རྣམས་ལས་བྱུང་། །སེམས་ཅན་དོན་ཕྱིར་ཕྲིན་ལས་ཆེན་པོའི་ཁུར། །སྤྲོ་བར་དཀའ་བ་ཀུན་ཀྱང་ཁྱོད་ཀྱིས་མཛད། །ས་དང་ཕ་རོལ་ཕྱིན་ པ་བཅུ་སྤྱད་པས། །དགེ་བའི་ཚོགས་བརྟན་ཡིད་བཞིན་ལུས་སུ་བསྒྱུར། །ཞལ་གྱི་དཀྱིལ་འཁོར་ཟླ་བ་དྲི་མེད་རྒྱས། །ཐུགས་རྗེའི་སྤྱན་གསལ་འགྲོ་བའི་མིག་འབྱེད་པ། །དུས་རིང་འཇིག་རྟེན་ཀུན་ལ་བདེ་བར་གཟིགས། ། དེ་ལ་ལྷ་དབང་ཚངས་ཚོགས་ཤིན་དུ་འདུད། །བྱམས་ཤིང་བཟོད་ལྡན་སྙིང་རྗེ་སྐྱེད་པའི་མ། །ལྷ་མོ་མཆོག་སྟེ་འགྲོ་ཀུན་སྐྱོང་བར་དགྱེས། །ཐོར་ཚུགས་རི་བོ་རྩེ་འདྲ་སྤོབས་པ་འཕགས། །ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་ བྱེད་ཀྱང་། །རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག །འཇིག་རྟེན་ན་ཡང་ལྷའི་ལྷར་གྱུར་ལ། །སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས། །མུ་སུ་རྟོག་གེ་པ་རྣམས་ཀུན་ཀྱང་འདུད། །ཡན་ལག་རྣམ་ པར་འབྱེས་ཤིང་གསུང་སྙན་པ། །ཡོན་ཏན་དྲི་མེད་བསོད་ནམས་འབར་བར་བསྒྱིངས། །རིག་པ་མཆོག་གི་དངོས་གྲུབ་སྦྱིན་མཛད་པ། །བློ་མྱུར་ཚིག་འཆང་སྤོབས་པའི་མཆོག་སྩོལ་ཅིག །སེམས་ཅན་ཀུན་ལ་རྟག་ཏུ་ ཕན་སེམས་པ། །མི་སླུ་མཆོག་ཁྱོད་རྣམ་གྲོལ་ས་ལ་བཞུགས། །ཐུགས་དམ་བརྟན་བཅས་སྐུལ་པ་རྣམས་ལ་ཡང་། །དཔལ་གྱིས་དགོངས་ཤིང་དོན་ཀུན་ཉེ་བར་སྐོངས། །འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན། ། སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན་ཏེ། །ཕན་ཚུན་ཤེས་ཤིང་ཡང་དག་བརྡ་སྤྲོད་པ་འང་། །དབྱངས་ཅན་ཁྱོད་ཀྱི་མཐུ་སྟེ་བསམ་མི་ཁྱབ། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ། །དམ་ཚིག་བདེན་གྲུབ་ དྲང་སྲོང་ཤེས་ཉེན་ཅན། །ལུས་སེམས་ངག་རྣམས་བྱིན་གྱིས་རློབ་པ་དང་། །ཡིད་འོང་སྒྲས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །བྱང་ཆུབ་མཆོག་གི་སྤྱོད་ཕྱིར་སུ་དག་མོས། །བདག་དང་གཞན་དོན་ཕུན་སུམ་ཚོགས་འགྱུར་བའི། ། 100-1-83b ལུས་དང་ངག་ཡིད་རྣམ་དག་མཆོག་འདོད་ལ། །བཅོམ་ལྡན་འདས་མས་རྟག་ཏུ་དོན་མཆོག་སྩོལ། །བདག་ནི་དཔའ་ཞིང་བྱང་ཆུབ་ལམ་བརྩོན་དང་། །ལྕེའི་དབང་པོ་དག་ཅིང་ཚིག་བཙུན་ལ། །རིག་པའི་གཏེར་ལྡན་སྨྲ་ལ་ཐོགས་མེད་ དང་། །བདེ་གཤེགས་སྤོབས་པ་ཉེ་བར་སྒྲུབ་ཏུ་གསོལ། །རིག་པའི་ཡུམ་གྱི་རང་བཞིན་རྟོག་ལས་དབེན། །སྙན་པའི་རྒྱལ་མཚན་དགའ་བའི་ཤུགས་ཀྱིས་བསྐྱོད། །མཁའ་ལ་སྣ་ཚོགས་རྣམ་པར་དྲི་འདོད་ལྟར། །མཚན་ཉིད་ རྟོགས་དཀའ་ཡོན་ཏན་གཏིང་མཐའ་མེད། །ན་མོ་བྷ་ག་བ་ཏེ། བྲཧྨ་ནི། ན་མཿ ཤྭ་ར་སྭ་ཏཻ་དེ་བི་སིད་དྷྱན་ཏུ་མན་ཏྲ་པཱ་དཾ་བྲཧྨ་ནུ་མན་ཏྲ་སྭཱ་ཧཱ། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། རྫོགས་སྷོ།། །།ཡང་ཞུས་ཤེ ། ༄།། །། རྒྱ་གར་སྐད་དུ། ཨཱརྱཱ་ཤྲཱི་མ་ཧཱ་དེ་བི་བྱཱ་ཀ་ར་ཎ། བོད་སྐད་དུ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འཇིགས་པ་ཐམས་ཅད་སེལ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱེད་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 100-1-84a བསོད་ནམས་ཀྱི་མཚན་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་དང་། འཇིག་རྟེན་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་སྟེགས་ཀྱི་བཀྲ་ཤིས་ ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་ བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ ཏུ་འདུག་གོ། ལྷ་མོ་ཆེན་མོ་དཔལ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་། དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངས་སུ་ བསྐོར་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་སོ། །ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས་ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ་འམ། །བློན་པོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། བྲམ་ཟེ་འཾ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་གང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འདི་འཆང་ན། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་། 100-1-84b སེམས་ཅན་དེ་དག་གི་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་། གཡོ་ཅན་དང་མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། ནོར་དང་འབྲུ་དང་། མཛོད་དང་བང་བ་ ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ། །རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགས་སོ་ལེགས་སོ། །ལེགས་ལགས་ཏེ། གང་དག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་འཛིན་པ་དང་། ཐོས་ནས་ཀྱང་སྒྲུབ་པར་བགྱིད་པ་དེ་དག་གི་ཡོན་ ཏན་དང་ཕན་ཡོན་ནི་དེ་དག་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་ མོ་དཔལ་གྱིས་དགེ་བའི་རྩ་བ་གང་དུ་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཆེན་མོ་དཔལ་གྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་དེ། སྤྱན་ རས་གཟིགས་དབང་ཕྱུག་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ་བཻ་ཌཱུརྱ་དང་། གསེར་གྱི་རི་བོ་མདོག་མཛེས་ གསེར་འོད་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མང་པོ་གཞན་དག་ལ་ཡང་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དོ། །དེ་བཞིན་གཤེགས་པའི་མཚན་འདི་དག་ཀྱང་ལྷ་མོ་ཆེན་མོ་དཔལ་དེའི་ དགེ་བའི་རྩ་བ་རྣམ་པར་འཕེལ་བ་དང་། འགྲུབ་པར་བྱེད་པ་དང་། རྟག་ཏུ་རྗེས་སུ་འབྲང་བ་ཡིན་ཏེ། དེ་དག་ནི་འདིར་ལྷ་མོ་ཆེན་མོ་དཔལ་ཡང་དག་པར་བརྗོད་པ་དང་། སྡིག་པ་ཐམས་ཅད་སེལ་བ་དང་ཉེས་སྡིག་ཐམས་ཅད་མེད་ 100-1-85a པར་བྱེད་པ་དང་། ལུས་ཐམས་ཅད་དྲི་མ་མེད་པར་བྱེད་པ་དང་། ནོར་དང་འབྲུ་རྣམས་འདུ་ཞིང་འཕེལ་བར་བྱེད་པ་དང་། དབུལ་བ་གཅོད་པར་བྱེད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུན་པར་བྱེད་ཅིང་འགུགས་པར་བྱེད་པ་དང་། ཡམས་ཀྱི་ནད་དང་གནོད་པ་དང་། འཐབ་པ་དང་། འཁྲུག་པ་དང་། འགྱེད་པ་དང་། རྩོད་པ་ཐམས་ཅད་ཞི་བར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ བསྒྲུབ་པར་བྱེད་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་དཔལ་སྟུག་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ་བཻ་དཱུརྱཱ་དང་། གསེར་གྱི་རི་བོ་མདོག་མཛེས་གསེར་འོད་དཔལ་ལ་ ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གང་གཱའི་མུ་སྟེགས་ཀྱི་སྒོ་ཐམས་ཅད་བཀྲ་ཤིས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཙན་དན་གྱི་མེ་ཏོག་གཟི་བརྗིད་སྐར་མའི་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་དུ་སྣང་བ་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི་དཀྱིལ་འཁོར་གྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ ཀྱི་ཆོ་འཕྲུལ་རྒྱལ་མཚན་ཤུགས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐར་འོད་ཞི་བའི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེམས་ཅན་གྱི་བསམ་པ་ཞི་བར་མཛད་པའི་སྐུའི་དཔལ་ ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨོན་ལམ་རྒྱ་མཚོ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་ཡོངས་སུ་བརྗོད་པ་མཚན་གསོལ་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕྱིར་མི་ ཟློག་པའི་འཁོར་ལོ་རིན་པོ་ཆེའི་གནས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འོད་འཕགས་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པ་ལ་ཡང་དག་པར་རྫོགས་པའི་དཔལ་ལ་ 100-1-85b ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་གསེར་མཆོག་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་གི་ཡན་ལག་ཐམས་ཅད་ཀྱི་སྒྲ་དབྱངས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤེས་རབ་ སྒྲོན་མ་གྲངས་མེད་པའི་འོད་ཀྱི་ཏོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་བརྟུལ་ཞུགས་ཀྱི་ཆོ་ག་ལྷུན་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ པ་དབང་ཕྱུག་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་ཟླའི་འོད་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟབ་མོའི་ཆོས་ཀྱི་འོད་ཀྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་སྒྲོན་ མ་འོད་བཟངས་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་འོད་ཏོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤོས་ཀྱི་སྒྲོན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱ་མཚོའི་སྙིང་པོ་ལས་བྱུང་བའི་ དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྲུལ་པའི་འབྲུག་སྒྲ་སྙན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བ་ཐམས་ཅད་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིང་ གི་རྒྱལ་པོ་ལྟར་སྐྱེས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་རི་བོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་འོད་འཕྲོ་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ པ་སྨོན་ལམ་ཆེན་པོའི་ཤུགས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲན་པའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་ཏོག་ གི་རྒྱལ་མཚན་གྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནོར་དང་འབྲུ་ཐམས་ཅད་སྡུད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བ་འདྲེན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ 100-1-86a ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་གྲོར་བྱས་ཏེ། བཅང་བར་བྱའོ། །བཀླག་པར་བྱའོ། །དེ་ལྟར་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ ནམས་ཤིན་དུ་མང་དུ་བསྐྱེད་པར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཏེ། ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི་དུས་ན། འཇིག་རྟེན་གྱི་ཁམས་དཔལ་ཆེན་པོ་རིན་པོ་ཆེས་བརྒྱན་པ་ཞེས་ བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་ཡང་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ་ཉིད་སྣང་བར་མཛད་པར་འགྱུར་ལ། འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་ལས་འོད་བྱུང་ཞིང་ཚེ་དཔག་ཏུ་མེད་པར་འགྱུར་རོ། །ནམ་མཁའ་ལས་ ཀྱང་སངས་རྒྱས་དང་ཆོས་དང་། དགེ་འདུན་གྱི་སྒྲ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་པད་མའི་སྙིང་པོ་དག་ལས་སྐྱེ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ་ དེ་ལ་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་བསྟོད་པ་རྒྱུན་ཆགས་བཅུ་གཉིས་གང་ཞེ་ན། འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམ་པར་ཉོན་ཅིག །འདི་ལྟ་སྟེ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་དབང་བསྐུར་བ། ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ལྷ་ཐམས་ཅད་ཀྱི་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་དཔལ། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དཔལ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱི་དཔལ། ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ། གནས་ཐམས་ཅད་ 100-1-86b ཡོད་པའི་དཔལ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་ཐམས་ཅད་ཀྱི་དཔལ། འཇིག་རྟེན་སྐྱོང་བ་བཞི་དང་ལྔའི་དཔལ་གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔལ་ལོ། །ཨོཾ་ཉི་མའི་བུ་མོ་འམ། ཡུམ་རིག་བྱེད་བཞིའི་དཔལ། བཀྲ་ཤིས་མ། སེམས་ཅན་གྱི་མ། རྒྱལ་མ། རྣམ་པར་རྒྱལ་མ། གང་གཱ་མ། མུ་སྟེགས་ ཐམས་ཅད་མ། བཀྲ་ཤིས་ཐམས་ཅད་མ། དྲི་མ་མེད་པར་བྱེད་པའི་དཔལ། སྡིག་པ་ཐམས་ཅད་འཕྲོག་མ། རྒྱགས་བྱེད་མ། ཟླ་བའི་དཔལ། ཉི་མའི་དཔལ། གཟའ་ཐམས་ཅད་ཀྱི་དཔལ། སེང་གེ་ལ་ཞོན་མ། པད་མའི་མཆོག་ འབུམ་གྱིས་བཀབ་མ། པད་མ། པད་མ་ལས་བྱུང་མ། པད་མ་ལ་གནས་མ། པད་མ་འཛིན་མ། པད་མ་དང་ལྡན་མ། རིན་པོ་ཆེ་འོད་འབར་བའི་ཕྲེང་བ་དུ་མ་དང་ལྡན་མ། ནོར་སྦྱིན་མ། དཀར་མོ་དཀར་མོ་ཆེན་མོ། ལག་དཀར་མ། བཀྲ་ཤིས་ ཐམས་ཅད་འཛིན་མ། བསོད་ནམས་ཐམས་ཅད་བསགས་པའི་ལུས་ཅན་མ། ཤེས་ཉེན་ཅན་གྱི་བུ་མོ། ལག་པ་འབུམ་ལྡན་མ། མིག་འབུམ་ལྡན་མ། མགོ་འབུམ་ལྡན་མ། ནོར་བུ་རྣམ་པ་སྣ་ཚོགས་ཀྱི་ཅོད་པན་དང་ལྡན་མ། གཟུགས་བཟང་མ། ཀུན་གྱི་གཟུགས་ཅན་མ། གྲགས་མ། ཤིན་དུ་གྲགས་མ། ཞི་མ། སྤྲིན་འདྲ་བའི་སྐྲ་གཙང་མ། ཟླ་བ་ལྟར་མཛེས་མ། དགེ་མ། དགེ་བྱེད་མ། སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ། འཕགས་མ་ མེ་ཏོག་གི་དཔལ་མེ་ཏོག་གི་དབང་ཕྱུག་མ། རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི་དཔལ། ཆུ་ཀླུང་དང་མཚོ་ཐམས་ཅད་ཀྱི་དཔལ། ཆུ་དང་རྒྱ་མཚོ་ཐམས་ཅད་ཀྱི་དཔལ། མུ་སྟེགས་ཐམས་ཅད་མངོན་དུ་ཕྱོགས་པའི་དཔལ། སྨན་དང་། རྩྭ་དང་། ནགས་ཚལ་དང་། ནོར་དང་འབྲུ་ཐམས་ཅད་ཀྱི་དཔལ། གསེར་སྦྱིམ་མ། ཟས་དང་སྐོམ་སྦྱིན་མ། འོད་གསལ་མ། སྣང་མ། ལུས་གཙང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྒྱུར་མ། ལྷའི་ཚོགས་ཐམས་ཅད་ 100-1-87a ལ་མངོན་དུ་ཕྱོགས་མའི་དཔལ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་ལ་སོགས་པའི་དཔལ། སྦྱིན་བྱེད་མ། ལོངས་སྤྱོད་མ། གཟི་བརྗིད་མ། གཟི་བརྗིད་ལྡན་མ། ཕུན་སུམ་ཚོགས་མ་འབྱོར་པ་མ། རྣམ་པར་ འཕེལ་མ། མཐོ་མ། ཆོས་ཀྱི་དཔལ་མ། ཁྱབ་འཇུག་ལ་རྟེན་མ། ཀུ་མུ་ཏ་ལ་གནས་མ། གནོད་སྦྱིན་མ། བཟོད་སྦྱིན་མ། མཐུ་རྩལ་གྱི་གནས་མ། དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི་ལག་ལྡན་མ། བཀྲ་མི་ཤིས་པ་ཐམས་ཅད་འཇིགས་ པར་བྱེད་མ། བསོད་ནམས་ཐམས་ཅད་སྡུད་པའི་དཔལ། ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་དཔལ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། ལྷའི་གནས་དང་། ལྷ་ཐམས་ཅད་ཀྱི་དཔལ། བཟླས་བརྗོད་དང་། བཟླས་བརྗོད་དུ་བྱ་བ་དང་། སྦྱིན་སྲེག་དང་། སྦྱིན་སྲེག་ཏུ་བྱ་བ་དང་། བཀྲ་ཤིས་ཐམས་ཅད་ཀྱི་དཔལ། འོད་ལྡན་མ། མཆོག་དགའ་མ། སྐལ་བས་འགྱུར་མ། དྲང་སྲོང་ཐམས་ཅད་དགའ་བར་བརྗོད་པའི་དཔལ། བུད་མེད་ཐམས་ཅད་ཀྱི་གནས་གུན་གྱི་གཙོ་མོ་དཔལ་གྱི་མཆོག ། མི་འམ་ཅི་མོ་ཐམས་ཅད་དང་། ལྷ་མ་ཡིན་མོ་ཐམས་ཅད་ཀྱི་དཔལ་ གྱི་མཚོག །ཁ་ན་མ་ཐོ་བ་མེད་པའི་གནས་ན་འདུག་མ། ཡིད་འོང་མ། སིམ་བྱེད་མ། ལུས་ངན་ལ་སྡུག་མ། ཆོས་ཀྱི་རྒྱལ་པོའི་དཔལ། ཨོཾ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིང་སྒྲོལ་ཅིག །ཐར་བར་མཛོད་ ཅིག །བསོད་ནམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དུ་གྱུར་པར་མཛོད་ཅིག་སྭཱ་ཧཱ། ཨོཾ་གཾ་ག་སརྦ་ཏིཪྠ་མུ་ཁེ་སྭཱ་ཧཱ། ཨོཾ་སརྦ་བིད་ཏྲེ་སྭཱ་ཧཱ། སརྦ་མྃ་ག་ལ་དྷཱ་རི་ཎཱི་སྭཱ་ཧཱ། ཙ་ཏུར་བ་དེ་སརྦ་ན་ཀྵ་ཏྲ། གྲ་ཧ་ག །ནཱ་ཧཱ་ག ། ནཱ་དྷཱ་མུརྟ་སྭཱ་ཧཱ། བྲཧྨཱ་སྭཱ་ཧཱ། བེཥྞ་བེ་སྭཱ་ཧཱ། རུ་དྲཱ་ཡ་སྭཱ་ཧཱ། བི་ཤྭ་མུ་ཁཱ་ཡ་སྭཱ་ཧཱ། ཨོཾ་གྲི་ནི་གྲི་ན་སརྦ་ཀ་དྱ་སཱ་དྷ་ནི། སི་ནི་སི་ནི། ཨཱ་བཱ་ཧཱ། དེ་བ་ཧཱ། བཻ་ཤྲ་མ་ནཱ་ཡ་སྭཱ་ཧཱ། སུ་བརྞ། དྷ་ན་དྷ་ནྱ། ཨཱ་ཀཪྵ་ཎཻ་སྭཱ་ཧཱ། སརྦ་པུཎྱ་ 100-1-87b ཨཱ་ཀཪྵ་ཎི་སྭཱ་ཧཱ། ཤྲཱི་ཧེ་བ་ཏེ་ཨཱ་ཀཪྵ་ཎེེ་སྭཱ་ཧཱ། སརྦ་པཱ་པ་ན་ཤ་མཻ་སྭཱ་ཧཱ། སརྦ་ཨ་ལཀྵྨི་པྲ་ཤ་མ་ནྱཻ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཡེ་སྭཱ་ཧཱ། སརྦ་དེ་བ་ཏ་ཨ་བྷི་མུ་ཁ་ཤྲི་ཡེ་ཨ་ཡུཪྦ་ལ་པརྞ་ཀེ་ར་ཡེ་སྭཱ་ཧཱ། སརྦ་བིད་ཏྭ་མཾ་ག་ལ་ ཧསྟ་ཡེ་སྭཱ་ཧཱ། སི་ཧ་བ་ཧ་ན་ནཻ་སྭཱ་ཧཱ། པད་མ་སཾ་བྷཱུ་ཏ་ཡེ་སྭཱ་ཧཱ། སརྦ་ཀྲྀད་ཏི་ཀ་ཁོ་རྡ་བི་ནི་ཤ་མཻ་སྭཱ་ཧཱ། འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག །གང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིང་ཉེས་སྡིག་ཐམས་ཅད་ མེད་པར་བྱེད་པ། སྡིག་པ་ཐམས་ཅད་འཇོམ་པར་བྱེད་པ། བསོད་ནམས་ཐམས་ཅད་སྡུད་པར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ། དཔལ་དང་། བདེ་བ་དང་། སྐལ་བ་བཟང་པོ་ཐམས་ཅད་སྡུད་པར་བྱེད་པ་འདི་དག་ དང་། དེ་བཞིན་གཤེགས་པའི་མཚན་འདི་དག་འཆང་བ་དང་། ཀློག་པར་བྱེད་པ་དེས་ནང་པར་ལངས་ཏེ་གཙང་མར་བྱས་ལ། སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་བདུག་པ་གསོལ་ནས། ལྷ་མོ་ཆེན་མོ་དཔལ་ལ་ཡང་ཙན་དན་ གྱི་བདུག་པ་ཕུལ་ཏེ་བཀླགས་ན་དེས་དཔལ་ཐམས་ཅད་མཐོང་བར་འགྱུར། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར། ལྷ་ཐམས་ཅད་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པར་འགྱུར། དེའི་དགོས་པ་ཐམས་ ཅད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་ཆེན་མོའི་དཔལ་དེ་དང་། ཐམས་ཅད་དང་ལྡན་ པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་རྫོགས་སྷོ།། །། སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུསོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ཤི་ཡཱཿསཱུ་ཏྲཾ། བོད་སྐད་དུ། འཕགས་པ་དཔལ་ཆེན་མོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། 100-1-88a འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ ལ་གཟིགས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་འདི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དེ་མ་ཡིན་པ་གཞན་ཡང་རུང་སྟེ། གང་གིས་ཤེས་པ་དང་། གང་ལ་ལ་འཆང་བ་དང་། ཀློག་པ་དང་། འབྲི་བ་དང་། འཕྲིར་འཇུག་པ་དེ་ནི་དབུལ་བོར་ཏེ་ཕྱུག་པོར་འགྱུར་རོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་དེ་ལྟར་གྱུར་ ཅིག་ཅེས་ཀུན་ནས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ་འདི་ལྟ་སྟེ། དཔལ་ལྡན་མ། བཀྲ་ཤིས་མ། པད་མའི་ཕྲེང་བ་ཅན། ནོར་གྱི་བདག་མོ། དཀར་མོ། གྲགས་པ་ཆེན་ མོ། པད་མའི་སྤྱན། བྱེད་པ་མོ། ཆེན་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ། སྱཱ་ད་ཡ་ཐེ་དཾ། ཛི་ནི། གྷཱི་ནི། སརྦ་ཨཪྠ་སཱ་དྷ་ནི། ཤ་ཤི་ནི། ཨ་ལཀྵྨི་ནི། མེ་ནཱ་ཤ་ཡ་སིདྡྷྱནྟུ་མེ་མནྟྲ་པ་ད་ས་སྭཱ་ཧཱ། ཨོཾ་བྷྲྀ་ ཀུ་ཊཱི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། ལན་གསུམ་དུ་བརྗོད་པར་བྱ་སྟེ། གང་ལ་ལ་དུས་གསུམ་དུ་འདོན་པ་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་འགྱུར་རོ། །བསྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ། །འབྱོར་བ་ཟད་ མི་ཤེས་པར་འགྱུར་རོ། །མི་དང་ཕྲད་དུ་འགྲོ་བའི་ཚེ་བཀླགས་ནས་ཕྲད་པར་བྱས་ན་མི་དེས་དེ་ལ་བུའི་འདུ་ཤེས་སྐྱེད་པར་འགྱུར་ཏེ་དགའ་བར་འགྱུར་ལ་ཇི་སྐད་བསྒོ་བ་བཞིན་བྱེད་དོ། །རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན་ 100-1-88b ཚངས་པ་དང་བྲམ་ཟེས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས་པར་འགྱུར་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཔལ་ཆེན་མོའི་མདོ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྟགས་ལུང་རྒྱུད་འབུམ་ལ་གཏུགས་ཏེ། ཡང་ཞུས་ཤེ ། ༄༅། །དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་ གཟིགས་དབང་ཕྱུག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། སེམས་ཅན་གང་སུ་ཡང་རུང་བས་དཔལ་ཆེན་མོ་འདིའི་མིང་བཅུ་གཉིས་ཤེས་ཏེ་འཆང་བ་དང་། ཀློག་པ་དང་། སྒྲུབ་པར་བྱེད་པ་དང་། 100-1-89a བརྗོད་པར་ཡང་བྱེད་ན་དེ་དབུལ་པོ་སྤངས་ནས་ཕྱུག་པོ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དཔལ་ལྷ་མོ་ཆེན་མོའི་མིང་བཅུ་གཉིས་ནི་འདི་ལྟ་སྟེ། བཀྲ་ཤིས་མ། དཔལ་ལྡན་མ། པད་མའི་ཕྲེང་ཐོགས་མ། ནོར་བདག་མ། དཀར་ཤམ་མ། གྲགས་ཆེན་མ། པད་མ་སྤྱན་མངའ་མ། གྲགས་མ། འོད་ཆེན་མ། ཟས་སྦྱིན་མ། རིན་ཆེན་འོད་ལྡན་མ། དཔལ་ཆེན་མོ་མ། སངས་རྒྱས་ཐམས་ཅད་ ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཛི་ནི། གྷི་ཎི། དགོས་པ་ཐམས་ཅད་སྒྲུབ་པར་མཛད་མ། སི་མི་སི་མི། ནི་མི་ནི་མི། བདག་གི་མི་ཤེས་པ་ཐམས་ ཅད་བསལ་བར་མཛོད་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་ དགའོ། །དཔལ་གྱི་ལྷ་མོ་ཆེན་མོའི་མཚན་བཅུ་གཉིས་པ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སྟག་ལུང་རྒྱུད་འབུམ་ལ་གཏུག་ནས་ཞུསོ།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཧེ་ཥཱཉ་ཙ་ཡོ་ནི་རོ་དྷ་ཨེ་བྃ་བ་དཱི་མ་ཧཱ་ཤྲ་མ་ཎཿ། །མཾ་ག་ལྃ་བྷ་བ་ཏུ། ཤུ་བྷམ་སྟུ་སརྦ་ཛ་ག་ཏྃ། ཤུ་བྷྃ། །ཡང་ཞུས་ཤེ། །། རྒྱ་གར་སྐད་དུ། ཨཱརྱ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ།ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་ལས་ 100-1-89b གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་གཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང་། རྨི་ལམ་ངན་པ་དང་ བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་ རི་དགས་དང་། བྱ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་ སྙིང་རྗེས་ལན་བརྒྱ་འམ། སྟོང་ངམ་འབུམ་བརྗོད་ན་སེམས་ཅན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ། །ས་འམ་ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་ བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེག་པ་འམ། ཡང་ན་མཆད་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ཏེ་མགོ་བོ་ལ་བཏགས་ན་དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་ གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་འམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ་དུས་གསུཾ་ དུ་གོས་བརྗེ་ཞིང་ཁ་ཟས་མི་ཟ་བ་འམ་ཡང་ན་ཟས་དཀར་བག་བཟའ་ཞིང་སྐུ་གདུང་དང་ལྡན་པའི་མཆོད་རྟེན་སྐོར་བཞིན་དུ་གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན་དེ་ངན་སོང་ནས་ཐར་ཏེ་གནས་གཙང་ མའི་ལྷའི་རིས་སུ་སྐྱེས་ནས་གྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པ་བྱེད་ཅིང་ལུས་ཀྱང་སྟོན་ལ་ལེགས་སོ། །ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། །དེའི་མིང་བྲིས་ལ་ 100-1-90a གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང་། ཡང་ན་ཆུ་ཀླུང་དུ་བཏང་ན་དེས་སེམས་ཅན་ དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་པ་བྱས་ནས་འཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ་འཕགས་ པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་ཤེས་པར་བྱས་ན་ དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ། །མཚམས་མེད་པ་ལྔ་བྱེད་པ་འམ། དམ་པའི་ཆོས་སྤོང་བ་འམ། འཕགས་པ་ལ་སྐུར་བ་བཏབ་པ་ཡང་རུང་སྟེ་འཆི་ཀར་རྩིག་པ་ ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་ གསུང་བར་འགྱུར་རོ། །འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་དག་བགྱིས་སོ། །ཡང་ཞུས་སྟེ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བིདྱཱ་ཨུད་ཏ་མ་མ་ཧཱ་ཏན་ཏྲ། བོད་སྐད་དུ། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རིག་པ་བྱེ་བ་ཕྲག་དུ་མས་བསྐོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བར་སྣང་ལས་ 100-1-90b བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རིག་པ་ བྱེ་བ་དུ་མས་ཡོངས་སུ་བསྐོར་ནས་འཁོར་དེ་ཉིད་དུ་འདུས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་ འབྱུང་པོ་བྱེ་བ་ཕྲག་དུ་མས་བསྐོར་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དང་ཕྱག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཡང་འཁོར་ དེ་ཉིད་དུ་འདུས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞི་ཡང་གཡོག་འཁོར་བྱེ་བ་ཕྲག་དུ་མས་ཀུན་ནས་བསྐོར་ཏེ་འཁོར་དེ་ཉིད་དུ་འདུས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་ སེམས་དཔའ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་གསང་སྔགས་ཀྱི་ཚིག་འཆད་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་དུ་མ་རུངས་པ། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་དུ་བརྩམ་པ་མེད་པ། ཤིན་དུ་གཏུམ་པ་ཡིན་ན། ཅི་ལྟར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསང་སྔགས་འཆང་། ལག་ན་རྡོ་རྗེ་ཁྱོད་ནི་དམ་ཚིག་ཤེས་པ་ཡིན་ལ། སེམས་ཅན་གང་ དག་དམ་ཚིག་མི་ཤེས་པར་བརྗོད་པ་རྣམས་ནི་རྡོ་རྗེས་མཐར་བྱེད་པ་ཡིན་ན། ཁྱོད་ཅི་ལྟར་གསང་སྔགས་འཆང་། གསོལ་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་མོད་ཀྱི། བཅོམ་ལྡན་འདས་གང་དག་རིག་པ་མཆོག་འདིའི་དོན་འདོན་ 100-1-91a པ་དང་འཆང་བ་དང་མཆོད་པ་བགྱིད་པ་དེ་དག་ནི་བདག་གི་དམ་ཚིག་འཚལ་བ་ལགས། བདག་གི་དཀྱིལ་འཁོར་དུ་ཞུགས་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གནང་བ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ལ་གནོད་ སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཡི་གེ་བཞི་པ་ཞེས་བགྱི་བ་འདི་ནི་རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ལ་མང་པོ་རབ་ཏུ་སྒྲུབ་པ། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མ་མཆིས་ པ་བསྟན་པ་ཐོགས་པ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཤད་པར་བགྱིའོ། །ཀྱེ་ཀྱེ་ལྷ་ཡུལ་དང་ས་དང་ཆུ་ལ་གནས་པའི་འབྱུང་པོའི་ཚོགས་རྣམས་ཁྱེད་ཡིད་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག །རྡོ་རྗེས་མགོ་བཀས་པར་ གྱུར་ཏ་རེ། དེ་ནས་ལག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བལྟས་ནས་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་སྱ་ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། མ་ཧཱ་ཤཱཀྱ་སམྦུདྡྷཱ་ཡ། བིརླི། ཀིརླི། མིརླི། ཧིརླི། བིདྱཱ་ཏྟོ་མ་ཡ་རྩི་རྨི་ ནི་དུརྨི་ནི་ལི་སྭཱ་ཧཱ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདར་ཡེད་ཡེད་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ ཅག་ལ་བསྐྱབ་ཏུ་གསོལ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག །རིག་པའི་རྒྱལ་པོ་དྲན་པར་གྱིས་ཤིག་ཅེས་དབུགས་ ཕྱུང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདི་ལྟ་བུའི་གསང་སྔགས་ཀྱི་ཚིག་དག་འཆད་པ་ནི་ངོ་མཚར་ ཏོ། །བཅོམ་ལྡན་འདས་བདག་ཅག་ནི་རིག་པའི་རྒྱལ་པོ་གང་ན་གནས་པ་དེར་མཆོད་པར་འཚལ་ལོ། །སུ་ཀློག་པ་དང་། མཆོད་པར་བགྱིད་པ་དང་། སྒྲུབ་པའི་རིག་སྔགས་འཆང་དེའི་བརྩོན་པ་བསྐྱེད་པར་བགྱིའོ། །བཀའ་སྩལ་པ། 100-1-91b རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་ནས་རིག་པའི་རྒྱལ་པོའི་ལས་ནི་འདི་ལགས་ཏེ། སྲད་བུའམ་ཐལ་བའམ་ཆུ་ལ་ལན་ཅིག་བརྗོད་པས་བསྲུངས་བར་འགྱུར་རོ། །རིག་སྔགས་བཅད་ན་མཚོན་རྣོན་པོ་ལ་ལན་གཉིས་བརྗོད་དེ་རྩྭ་ཀུ་ཤ་ གཅད་དོ། །ཡང་ན་ས་དྲའོ། །དེ་ལྟར་ན་རིག་སྔགས་ཐམས་ཅད་གཅད་པར་འགྱུར་རོ། །ལན་གསུམ་བརྗོད་ན་རིག་སྔགས་ཚང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་རིག་སྔགས་གང་ ཡི་གེ་མ་ཚང་བ་འམ་དྲན་པ་ཉམས་པ་དེ་ལན་བརྒྱ་རྩ་བརྒྱད་བརྗོད་དེ། རིག་པའི་མཆོག་གི་སྙིང་པོ་དང་ལྷན་ཅིག་ཏུ་ལན་གསུམ་བརྗོད་ན་རྨི་ལམ་དུ་སྟོན་ཏོ། །ཅི་སྟེ་ལས་བཅད་པར་གྱུར་ན་རྩྭ་ཀུ་ཤས་བྱབ་པར་བྱ་སྟེ་རྫོགས་པར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་ལན་བཞི་བརྗོད་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །ཅི་འདོད་པ་ཡིད་བཞིན་དུ་སྦྱོར་བ་བགྱིས་ན་ལས་རྣམས་སུ་འགྱུར་རོ། །གདོན་ཚར་གཅད་ན་ཐལ་བ་འམ་ཆུ་འམ་དུར་ཁྲོད་ཀྱི་སོལ་བས་བསྣུན་ནོ། །ཡང་ན་གཟུགས་ བགྱིས་ཏེ་ལྕུག་མས་བཞུས་ན་གཏོང་བར་འགྱུར་རོ། །ཡང་ན་ས་ལ་གཟུགས་བགྱིས་ཏེ་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་ལ་རྡོ་རྗེ་བྲིས་ཏེ་ལག་པས་བཀབ་ན་གཏོང་བར་འགྱུར་རོ། །སྐུད་པ་ལ་མདུད་པ་བོར་བ་རྣམས་ཀྱིས་རིག་སྔགས་བཅིང་ངོ་། ། མཁའ་འགྲོ་མ་རྣམས་བཅད་པར་བགྱིས་ན་ཡུངས་ཀར་དག་ལ་ལན་བདུན་བདུན་བསྔགས་ཏེ་བསྣུན་ན་མཁའ་འགྲོ་མ་ཐམས་ཅད་མ་རུངས་པར་འགྱུར་རོ། །དབབ་པར་བགྱི་ན་རྣ་བར་བཟླས་བརྗོད་བགྱིའོ། །ཡང་ན་ཙན་དན་དམར་པོས་དཀྱིལ་འཁོར་ བྱུགས་ལ་རྡོ་རྗེ་རྩེ་ལྔ་པ་བྲིས་ཏེ་གུ་གུལ་གྱིས་བདུག་པ་དང་མེ་ཏོག་རྣམས་ཀྱིས་དབབ་པོ། །ཕྱག་རྒྱ་གཞིག་ན་ཆུ་འམ་ཐལ་ལྕགས་སམ། སོ་ཕག་གི་དུམ་བུ་རྣམས་ཀྱིས་སོ། །དུག་ལས་གསོ་ན་ཆུ་འམ། རྨ་བྱའི་མདོངས་སམ་ཆུ་གྲིའམ་མེ་ལོང་ གིས་སོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་མདུན་དུ་ཞག་གསུམ་བསྙུང་བར་བྱས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དམ་པ་སྩོལ་བར་འགྱུར་ཏེ། དེའི་འོག་ཏུ་དུག་གསོ་བ་ལ་སོགས་ 100-1-92a པ་དང་ལས་གཞན་རྣམས་ཀྱང་བགྱིའོ། །གལ་ཏེ་མཁའ་འགྲོ་མ་རྣམས་ཤིན་དུ་བཅད་པར་འཚལ་ན། དེ་ནས་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཀྱི་གཟེགས་མས་ལན་བརྒྱ་སྟོང་དུ་སྦྱིན་བསྲེག་བགྱིས་ན་ལག་ན་རྡོ་རྗེས་ཇི་སྐད་བཤད་པ་བཞིན་ དུ་ཚེ་ཅི་ཙམ་འདོད་ཐུབ་པར་རིག་སྔགས་ཐམས་ཅད་མ་རུངས་པར་འགྱུར་རོ། །སེང་ལྡེང་གི་རྡོ་རྗེ་བགྱིས་ཏེ་རིག་སྔགས་འཆང་གི་མིང་ནས་བརྗོད་ལ་ས་ལ་ལན་ཅིག་བཙུགས་ནས་བཤིག་པར་འགྱུར་ཏེ། དེ་ཕྱིན་ཅད་རིག་སྔགས་འཆང་དེའི་གསང་སྔགས་ རྣམས་མི་འཇུག་གོ། རིག་སྔགས་གཅད་པར་བགྱིད་འཚལ་ན། རིག་སྔགས་འཆང་གི་གཟུགས་བགྱིས་པ་གཅད་ན་བཅད་པ་བགྱིས་པར་འགྱུར་རོ། །རིག་སྔགས་བཤིག་པར་བགྱིད་འཚལ་བས་རིག་སྔགས་དེ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་ བརྗོད་ན་རིག་སྔགས་ཐམས་ཅད་བཤིག་པར་འགྱུར་ཏེ་ལས་མི་བགྱིད་དོ། །རིག་པ་འགུག་པར་འཚལ་བས་མར་གྱི་ངོ་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་ལན་ བརྒྱད་སྟོང་བཟླས་བརྗོད་བགྱིས་ན་རིག་པ་འགུགས་ཏེ་ཕྱིས་རིག་པ་བསྒྲུབ་བོ། །རིག་པ་ཉམས་པར་བགྱིས་ན་བཟླས་བརྗོད་བྱས་པས་ཆོག་སྟེ། ཆེ་གེ་མོའི་རིག་པ་ལ་གནོད་པ་མཛོད་ཅིག་ཅེས་བགྱིས་ན་རིག་པ་དེ་ལས་མི་བགྱིད་དོ། །རིག་པ་ཚར་ གཅད་པར་བགྱི་ན་ཐལ་བ་ལ་གཟུགས་བགྱི་སྟེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ལ་རྐང་པ་གཡོན་པས་ཀྱང་ཕྱིས་ན་རིག་པ་སྨད་པ་དང་ཉམས་པར་འགྱུར་ཏེ་ལས་མ་བགྱིད་དོ། །གལ་ཏེ་རིག་སྔགས་འཆང་གཞིག་པར་འཚལ་ན་ལག་ ན་རྡོ་རྗེའི་མདུན་དུ་རིག་སྔགས་འཆང་གི་མིང་ནས་བརྗོད་དེ་མར་མེའི་སྙིང་པོ་མེ་ལྕེ་དང་བཅས་པ་བདུན་སྦྱིན་སྲིག་བགྱིས་ན་རིག་སྔགས་འཆང་བཤིག་པར་འགྱུར་ཏེ་བསོད་ནམས་ཀྱང་འཇིག་གོ། སྲོག་ཀྱང་འཇིག་གོ། རིག་སྔགས་འཆང་དེའི་ཚེ་ཅི་ཙམ་ པར་གསང་སྔགས་རྣམས་མི་འགྲུབ་པོ། །སླར་གསོ་བར་བགྱི་ན་མ་ལ་ཏའི་མེ་ཏོག་མར་ལ་སྨྱུགས་པའི་སྦྱིན་སྲེག་བགྱི་བ་ལན་ཉི་ཤུ་རྩ་གཅིག་ལག་ན་རྡོ་རྗེའི་མདུན་དུ་སྦྱིན་སྲེག་བགྱིས་ན་རིག་པ་འགྲུབ་བོ། །ལས་འདི་དག་ནི་མ་བསྒྲུབས་ཀྱང་ 100-1-92b བགྱིད་དོ། །ཅི་སྟེ་བགྱིད་འཚལ་ན་རི་ལ་འཛེགས་ཏེ་ཁ་ཟས་འོ་སྐྱོ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོའི་མཆོག་རང་གི་གཟུགས་སུ་མཐོང་བར་འགྱུར་ཏེ་དེ་ལ་བུ་ཅི་བྱ་ཞེས་གསུང་བར་འགྱུར་རོ། །དེས་བཅོམ་ལྡན་འདས་ལས་ཐམས་ ཅད་མཛད་དུ་གསོལ་ཞེས་བརྗོད་པར་བགྱིའོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེ་ནས་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ཡང་འགུག་གོ། གྲོག་མཁར་གྱི་ས་ལས་སྦྲུལ་བགྱིས་ཏེ་སྔགས་ཀྱིས་བཏབ་ན་ ཀླུ་ཐམས་ཅད་འཆིའོ། །དབང་དུ་ཡང་འགྱུར་རོ། །གསེག་མ་ལ་ལན་བདུན་བསྔགས་ཏེ་མཚོར་བོར་ན་མཚོ་སྐམ་པར་འགྱུར་རོ། །འབབ་ཆུ་ཆེན་པོར་བོར་ན་འབབ་ཆུ་ཆེན་པོ་སྐམ་པར་འགྱུར་རོ། །གང་དུ་བོར་བ་དེ་སྐམ་པར་འགྱུར་རོ། །བདག་གི་རིག་པའི་ རྒྱལ་པོ་འདི་ནི་རིག་པའི་རྒྱལ་པོ་ཐམས་ཅད་དང་རིག་པ་ཐམས་ཅད་ཀྱི་མཆོག་ཏུ་བརྗོད་པའོ། །གལ་ཏེ་རིག་པ་གཞན་དག་གིས་ལས་མི་འཚལ་ན་ཡང་སྦྱོར་བ་འདིས་རིག་པ་ཐམས་ཅད་སྦྱོར་བར་བགྱིའོ། །ལས་ཐམས་ཅད་བགྱིད་དོ། །ལས་བགྱིད་ ན་རིག་པའི་རྒྱལ་པོ་དང་ལྷན་ཅིག་ལན་གསུམ་བརྗོད་ལ་འགའ་ཞིག་མ་མཆིས་ན། དེའི་མགོ་དུམ་བུ་ཟིན་ཐིག་ལའི་སྙི་མ་བཞིན་དུ་འགས་པར་འགྱུར་རོ། །གང་གི་ཚེ་གསང་བ་པ་རྣམས་ཀྱི་གསང་སྔགས་གྲུབ་པ་དེའི་ཚེ་ལས་ཐམས་ཅད་ཏུ་རིག་པའི་ མཆོག་བཟླས་བརྗོད་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་བ་སྨད་སྤུ་འཐུན་གྱི་མར་སར་བླངས་ཏེ། མར་སར་དེས་སེང་ལྡེང་གི་མེར་ལན་བརྒྱད་སྟོང་སྦྱིན་བསྲེག་བགྱིས་ ན་རིག་པའི་མཆོག་རིག་པ་སྒྲུབ་པ་རྣམས་ལ་དམ་པ་རྩོལ་བར་འགྱུར་རོ། །གང་གི་ཚེ་ཕ་རོལ་འབྲོས་པར་བགྱིད་འཚལ་ན་ཕུབ་མ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །སོ་ཕག་གིས་ཀྱང་འཕངས་ན་འབྲོས་པར་འགྱུར་རོ། །མར་གྱི་ཉིན་ཞག་ གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཞུགས་བུས་ལ་རྩྭ་དཱུར་བའི་ལོ་མ་ཅན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཏི་ན་ར་གཅིག་རྙེད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་ 100-1-93a མདུན་དུ་མེ་ཏོག་ཀུ་མུ་ད་དང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་ཁྲི་མེའི་ནང་དུ་སྦྱིན་སྲེག་བགྱིས་ན་དཔལ་ཆེ་བར་འགྱུར་རོ། །རྒྱ་མཚོའི་སྦུ་བ་དང་རྒྱ་སྤོས་དང་ལྡོང་རོས་རྣམས་ཆ་མཉམས་ཏེ་རྨ་བྱའི་མཁྲིས་པ་དང་རི་ལུ་སྲན་མ་ཙམ་ དུ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་སྦྲུལ་གྱིས་ཟིན་པ་ལ་ཆུ་ལ་བཏབ་ན་འཇོག་པོས་ཟིན་པ་ཡང་འཚོའོ། །སྲིན་བུས་ཟིན་པ་དང་བལ་ལྡོགས་དང་འབྲས། ཕྲེང་བ་འགྱུར་བ་ལ་ ཆབ་སྐོལ་བ་ལས་བཏང་ངོ་། །སྦྲུམ་མ་བུ་མ་ཕྱིན་པ་ལ་ནི་མར་ལས་བཏང་ན་བདེ་བར་བཙའ་བར་འགྱུར་རོ། །བུས་པ་གདོན་གྱིས་ཟིན་ན་གདུག་པས་བདུགས་པ་གཏོང་བར་འགྱུར་རོ། །བུད་མེད་ཀྱི་ནད་ལས་ནི་དར་བ་ལ་བཏང་ངོ་། །ཕུག་ཏུ་འཇུག་ན་ ལུས་ལ་བསྐུའོ། །སྒྲུབ་པ་ན་བདག་ལ་བདུགས་ན་ལོག་འདྲེན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་སྲད་བུ་ལ་རིག་པའི་མཆོག་བརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ་ལག་པ་ལ་བཏགས་ནས་གཡུལ་ངོར་ཞུགས་ན་ཕ་རོལ་ གྱིས་མི་ཐུབ་པར་འགྱུར་རོ། །སྦྱིན་སྲེག་བགྱིས་པའི་ཐལ་བ་འམ། ཐལ་བ་གཙང་མས་ཁམ་ཕོར་བཀང་ལ་རིག་པ་མཆོག་བཟླས་བརྗོད་བགྱིས་ན་རྐུན་པོ་གང་ན་འདུག་པ་དེར་མཆིའོ། །གང་གིས་རིག་པའི་རྒྱལ་པོ་འདི་ཡིད་ཀྱིས་བཟླས་བརྗོད་བགྱིས་པ་དེ་ལ་དབང་ ཕྱུག་ཆེན་པོ་དང་དབང་ཕྱུག་ཆེན་པོའི་ཚོགས་དང་བགེགས་དང་ལོག་འདྲེན་དང་མཁའ་འགྲོ་མ་དང་། སྲིན་པོ་དང་ཤ་ཟ་དང་གནོད་སྦྱིན་དང་འབྱུང་པོ་དང་གྲུལ་བུམ་དང་སྲུལ་པོ་དང་མདངས་འཕྲོག་པ་དང་གདོན་བརྒྱན་མ་དང་མ་མོ་དང་ལག་ན་རྡོ་རྗེའི་ཕྱག་བརྙན་ དང་གང་གིས་ཀྱང་གླགས་མི་རྙེད་ཀྱི་ལག་ན་རྡོ་རྗེས་དེའི་མགོ་འགེམས་སོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་འམ། ཕྱོགས་གཙང་མར་མཆོད་པ་བགྱིས་ཏེ་རྩྭ་ཀུ་ཤྭའི་མདུང་རྩེ་གསུམ་པ་ཐོགས་ལ་ཡུངས་ཀར་དང་ཞོ་དང་སྦྲང་རྩི་དང་མར་བསྲེགས་པ་སྦྱིན་བླུགས་ ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱི་ཞིང་ཉིན་བདུན་དུས་གསུམ་དུ་གཅེར་བུར་སྐྲ་བཤིག་ལ་བགྱིས་ན་ནོར་སྩོལ་བར་བགྱིད་དོ། །མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ་མཚོ་འགྲམ་དུ་མཆིས་ལ། མར་གྱི་ངོ་ཞག་བརྒྱད་པའི་བར་དུ་ཡུངས་ཀར་དག་ལས་སྦྱིན་ 100-1-93b སྲེག་ལན་བརྒྱད་སྟོང་བགྱིས་ན་ནོར་དང་གོས་རྣམས་སྩོལ་བར་འགྱུར་རོ། །འཕགས་པ་རིག་པའི་རྒྱལ་པོའི་མཆོག་སྒྲུབ་པ་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་ གཟུགས་བྲི་བར་བགྱིའོ། །གཡས་ཕྱོགས་སུ་ལག་ན་རྡོ་རྗེ་སྟན་ནང་ཚངས་ཅན་གྱི་སྟེང་ན་མཆིས་པར་བྲིའོ། །ལག་ན་རྡོ་རྗེའི་འོག་ཏུ་རིག་པའི་མཆོག་བྲིའོ། །བཅོམ་ལྡན་འདས་ནི་གསེར་གྱི་ཁ་དོག་ལྟ་བུའོ། །ལག་ན་རྡོ་རྗེ་ནི་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའོ། །རིག་པའི་རྒྱལ་པོ་ཡང་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་སྟན་གོར་བུའི་སྟེང་ན་མཆིས་པར་བྲིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ཅི་ནུས་སུ་མཆོད་པར་བགྱིས་ལ་རྒྱལ་བའི་བློ་གྲོས་ ཀྱིས་རིག་པའི་རྒྱལ་པོ་དགུག་པར་བགྱིའོ། །རྡོ་རྗེའི་ཁས་ཉེ་རེག་བགྱིའོ། །རྡོ་རྗེའི་ལྟེ་བས་སྤོས་དབུལ་བར་བགྱིའོ། །མེ་ཁ་ལས་མེ་ཏོག་དབུལ་བར་བགྱིའོ། །གདོང་དཀར་གྱིས་སྲུང་བར་བགྱིའོ། །རྡོ་རྗེ་སེར་མོས་ཁྲུས་བགྱིའོ། །ནག་མོས་ཁུ་ བ་བཅིང་བར་བགྱིའོ། །གྱེན་དུ་ལྟ་བའི་གདོང་གིས་ཕྱོགས་བཅིང་བར་བགྱིའོ། །རྡོ་རྗེའི་སེང་གེའི་ཁྲིས་འདུག་པར་བགྱིའོ། །རྡོ་རྗེ་ལྡན་མས་བགེགས་གཞོམ་པར་བགྱིའོ། །ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ། །ཕྱིས་རིག་པ་ མཆོག་གི་རི་མོའི་གཟུགས་ཀྱི་མདུན་དུ་གུ་གུལ་གྱི་རི་ལུ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དངོས་གྲུབ་ཀྱི་མཚན་མར་བཅོམ་ལྡན་འདས་ཀྱི་གཟུགས་འགུལ་བར་འགྱུར་རོ། །ཞག་བདུན་ན་ཏི་ནར་བརྒྱ་རྙེད་པར་འགྱུར་རོ། །ཡང་ན་ལོངས་སྤྱོད་སྩོལ་ བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ན་ལག་ན་རྡོ་རྗེའི་མདུན་དུ་དུ་རུ་ཀའི་འབྲས་བུ་ལས་ལན་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་གང་འདོད་པ་དེ་སྨྱོ་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་མར་དང་གུ་གུལ་གྱི་རི་ལུ་བརྒྱད་བརྒྱའི་སྦྱིན་སྲེག་བགྱིས་ན་ སོས་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ཤིང་ཨ་ཤྭཏྠའི་ལོ་འདབ་ཀྱི་སྟེང་དུ་ལྡོང་རོས་བཞག་ལ་ཅི་སྲིད་ཀྱིས་རྣམ་གསུམ་གྲུབ་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དྲོ་བར་གྱུར་ན་རྐང་པས་མཆིའོ། ། 100-1-94a དུ་བ་འཐུལ་ན་མི་སྣང་བ་དང་ལོ་བདུན་སྟོང་དུ་འཚོའོ། །འབར་ན་བསྐལ་པར་གནས་པར་འགྱུར་རོ། །རླུང་བཞིན་དུ་ལག་ན་རྡོ་རྗེའི་གནས་སུ་མཆི་ཞིང་ཁ་ཟས་ཅི་འདོད་པ་ཟའོ། །ཨ་ཐ་རཱ་ཛཱ་ནཱ་མ་ཤི་ཀ་དྷུ་ཀཱ་མ་ཀྲྀ་ཏ་ཨཥྚ་མྱ་ཨ་ཧོ་ར་ཏྲོ་ཤི་ཏེ་ན་ བཛྲ་པཱ་ཎི་སྱ་ཨ་གྲ་ཏ་ཨརྐ་ཀཱཥྚེ་ཨགྣི་པྲ་ཛྭཱ་ལེ། རུ་དྷི་ར་ཨ་ག་ཏ་ན་ཎ་ཏི་ལཱ་ནཱཾ་ཨཥྚ་ས་ཧ་སྲཾ་ཧུ་ཛུ་ཡ་ད་རཱ་ཛཱ་བ་ཤོ་བ་ཏི་བཛྲ་ཀཱ་མོ་པ་སཾ་ཧི་ཏམ། ཅི་སྟེ་དགྲ་གསད་པར་འདོད་པ་ན། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཞུགས་བུས་ལ་ ཡུངས་ཀར་དང་སྐེ་ཚེའི་འབྲུ་ལས་ལན་བརྒྱད་སྟོང་དུ་སྦྱིན་སྲེག་བགྱིས་ན་དགྲ་འཆིའོ། །གནོད་པར་སེམས་པར་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་ཡི་དགས་ཀྱི་ཤིང་གི་ཞུགས་སུ་བུས་ལ་ཏིལ་ནག་པོ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ ན་གནོད་པར་སེམས་པར་བགྱིས་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་བཟུང་ལ། དེའི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་ན་འཕྲལ་དུ་དགྲར་ མི་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་རིག་པ་མཆོག་གི་སྔགས་ཀྱིས་བཏབ་པའི་ཆང་གིས་རྡོ་རྗེ་བཀྲུས་ལ་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིས་ན། གང་གི་མིང་ནས་ཕྱུང་སྟེ་ བཟླས་བརྗོད་བགྱིས་པ་དེ་གདོན་གྱིས་ཟིན་པར་འགྱུར་རོ། །རྡོ་རྗེ་འོ་མས་བཀྲུས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་པ་བགྱིས་ན་སོས་པར་འགྱུར་རོ། །ཡུལ་འཁོར་གཞིག་པར་འདོད་པས་སེང་ལྡེང་གི་རྡོ་རྗེ་བགྱིས་ལ་ཡར་གྱི་ངོ་ཚེས་བཅུ་ གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ། ཡུལ་གྱི་བཞི་མདོར་བཙུགས་ན་ཡུལ་འཁོར་འཇིག་པར་འགྱུར་རོ། །ཕྱུང་ན་སྔ་ཁོ་ན་བཞིན་རྟག་པར་འགྱུར་རོ། །མར་གྱི་ངོ་ཞག་དགུ་ལ་ལག་ན་རྡོ་རྗེའི་མདུན་དུ་རིག་ པ་མཆོག་གིས་སྐེ་ཚེའི་འབྲུ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཁྱིམ་ཕུང་པོར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་མར་དང་སྲེས་པའི་སྐེ་ཚེའི་འབྲུ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་བརྟས་པར་འགྱུར་རོ། །མར་གྱི་ངོ་ཞག་ 100-1-94b བརྒྱད་ལ་བ་སྨད་སྤུ་འཐུན་གྱི་འོ་མ་བླངས་ཏེ་རིག་པ་མཆོག་གི་བཟླས་བརྗོད་བྱེད་ཅིང་བསྲུངས་ལ། དེ་ལས་མར་སར་བླངས་ཏེ་ཐོད་པའི་ནང་དུ་བཞག་ལ་ཐོད་པ་དེ་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ལ་མངོན་ མཚན་ཅིག་ཡོད་པར་སོང་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བགྱིས་ལ་ཐོད་པ་དེ་ཐོགས་དེ་ལུས་ཀྱིས་ལྷོ་ཕྱོགས་སུ་འདུག་ལ་ཅི་ཙམ་ན་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ནས་དེ་འཐུངས་ན་ཅི་འདོད་པའི་གཟུགས་སུ་འགྱུར་རོ། ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །མི་སྣང་བར་འགྱུར་རོ། །གཟུགས་སྣ་ཚོགས་སྟོན་པར་འགྱུར་རོ། །ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། །བདག་རིག་པའི་རྒྱལ་པོའི་མཆོག་འདི་ནི་རིག་པ་ཐམས་ཅད་ཀྱི་གཙོ་བོའོ། །བདག་བསྲུང་ན་གོས་ཀྱི་མཐའ་མར་ མདུད་པ་དོར་རོ། །གཞན་བསྲུང་ན་སྤྱི་གཙུག་ཏུ་སྐྲ་མདུད་དོར་རོ། །ཆུ་སྲིན་ཀུམྦྷི་རའི་ཁ་བཅིང་ན་ཕྱོགས་བཞིར་ཆུ་གཏོར་རོ། །སྟག་ལ་ནི་ཡིད་ཀྱིས་དཀྱིལ་འཁོར་བགྱིས་ན་བཅིངས་པར་འགྱུར་རོ། །མཚམས་བཅད་ན་ཡུངས་ཀར་གྱིས་སོ། །ཞིང་བསྲུང་ན་ཕུར་བུ་ དག་གིས་སོ། །སྨན་བསྲུང་ན་ཡིད་ཀྱིས་རིག་པའི་མཆོག་སྦྱར་བར་བགྱིའོ། །གཞན་ཡང་བསྒྲུབ་པ་ན་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བགྱི་སྟེ། མདོག་སྔོ་བསངས་ཤམ་ཐབས་ སེར་པོ་ལག་པ་གཡོན་ན་ཞགས་པ་གཡས་པས་དམ་པ་སྦྱིན་པར་བྲིའོ། །འོག་ཏུ་བསྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པ་བྲིའོ། །ཞག་བདུན་ཟས་སུ་འོ་སྐྱོ་བཏུང་ངོ་། །ཐ་མར་ཞག་གསུམ་བསྙུང་བར་བགྱིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཅི་ནུས་ཀྱི་ མཆོད་པ་བགྱིས་ལ་སྐྲ་ཚོགས་ལས་ཞགས་པ་བགྱིས་ཏེ། ལག་པ་གཡས་པར་ཐོགས་ཏེ་ཇི་སྲིད་དུ་རང་གི་གཟུགས་ཀྱིས་མཆི་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །རྡོ་རྗེ་བཞད་མས་སྨྲར་གཞུག་སྟེ་དེ་བུ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། །དེས་ཚངས་པ་དང་ ཁྱབ་འཇུག་གམ་དབང་ཕྱུག་ཆེན་པོ་དང་ཆེ་གེ་མོ་ཞེས་བྱ་བ་ཞགས་པས་ཟུང་ལ་ཁྲིད་དེ་སྤྱོན་ཅིག་ཅེས་བརྗོད་དོ། །ཡང་རྒྱལ་པོའམ་གནོད་སྦྱིན་ནམ་སྲིན་པོའམ་ཤ་ཟའམ་གང་དགུག་པར་འདོད་པ་དེ་བཀུག་སྟེ། དེ་དག་ཐམས་ཅད་ཕྱག་བརྙན་ 100-1-95a དུ་འགྱུར་རོ། །གང་བསམས་པ་དེ་འཚལ་ཏེ་མཆིའོ། །གང་ན་མ་གོད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བཟུང་བས་སྤྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བྱ་སྟེ། མདོག་སྔོ་བསངས་རྒྱན་ཐམས་ ཅད་ཀྱིས་བརྒྱན་པ། བསྟོད་གཡོགས་དར་དཀར་སྨད་གཡོགས་རས། ལག་པ་བཞི་པ། ལག་པ་གཡོན་པ་གཅིག་ན་རྡོ་རྗེ། གཅིག་ན་ལྕགས་ཀྱུ། གཡས་པ་གཅིག་དམ་པ་སྦྱིན་པ། གཅིག་བེ་ཅོན་ཐོགས་པར་བྲིའོ། །འོག་ཏུ་བསྒྲུབ་པ་པོ་ལག་ན་པོག་པོར་ ཐོགས་པར་བགྱིའོ། །གཡས་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་མདོག་གསེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀ་ན་རྡོ་རྗེ་ཐོགས་པ་བྲིའོ། །གཡོན་ལོགས་སུ་རྡོ་རྗེ་བློ་གྲོས་བྲི་བར་བགྱི་སྟེ། དེ་ཡང་མདོག་གསེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་བྲི་བར་བགྱིའོ། །དེ་ནས་རྡོ་རྗེ་སྒྲུབ་པ་ནི་ཟླ་བ་གཅིག་སློངས་མོའི་ཟས་ཟོས་ལ་ཐ་མར་ལུས་སྦྱང་བར་བགྱི་སྟེ། ཆོ་འཕྲུལ་གྱི་ཟླ་བ་ཉ་ལ་ཞག་གསུམ་བསྙུང་བ་བགྱིས་ལ་ལྕགས་སྣ་གསུམ་ལས་བགྱིས་པའི་རྡོ་རྗེ་རི་མོའི་སྐུ་ གཟུགས་ཀྱི་མདུན་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་བསྒྲུབ་སྟེ་ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་ནས་བླང་བར་བགྱི་སྟེ་བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་རོ། །ཉི་མ་ཤར་བའི་ཁ་དོག་ འདྲ་བར་འགྱུར། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ནས་ལྕགས་ཀྱུ་བསྒྲུབས་ན་སྔར་སྤྱད་པར་བགྱི་སྟེ། རྩྭ་ཀུ་ཤ་རྩ་བ་མེད་པ་ལས་ལྕགས་ཀྱུ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་བསྙུང་བ་བྱས་ཏེ་ རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་མེ་ཏོག་གི་སྟེང་དུ་བཞག་སྟེ་དེའི་སྟེང་དུ་ལག་པ་བཞག་ལ་ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་ནས་བླང་བར་བགྱི་སྟེ་བླངས་མ་ཐག་ཏུ་ས་སེར་ཁ་མཐོང་ཞིང་ ཚངས་པའི་གནས་སུ་མཆི་བར་འགྱུར་རོ། །ལག་ན་ལྕགས་ཀྱུ་ཐོགས་ན་སུམ་བཅུ་རྩ་གསུམ་པས་ཀྱང་ཟིལ་གྱིས་མནན་པར་མི་ནུས་སོ། །བེ་ཅོན་བསྒྲུབ་པ་བཤད་པར་བགྱི་སྟེ་ལྕགས་སྣ་གསུམ་ལས་བེ་ཅོན་སོར་བཅུ་དྲུག་པ། དབྱིབས་ཐོ་བ་ 100-1-95b འདྲ་བ་ཟུར་དྲུག་པར་བགྱིའོ། །སྔར་སྤྱད་པ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་བསྙུང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་རས་དཀར་པོའི་སྟེང་དུ་བཞག་སྟེ་ཅི་སྲིད་འབར་བ་དེ་སྲིད་དུ་བཟླས་ བརྗོད་བགྱིའོ། །དེ་ནས་བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་རོ། །ལག་ན་རྡོ་རྗེ་དང་སྟོབས་མཉམ་སྟེ་ལག་ན་རྡོ་རྗེའི་གནས་སུ་མཆི་བར་འགྱུར་རོ། །དངོས་གྲུབ་རྣམ་པ་གསུམ་ལ་བསྐལ་པར་གནས་པར་འགྱུར་རོ། །སྒྲུབ་པ་ཐམས་ཅད་དུ་ ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིས་ཏེ་རིག་པ་སྣ་ཚོགས་སྦྱར་བར་བགྱིའོ། །དེ་ལྟར་གང་གི་རིག་པའི་རྒྱལ་པོ་འདོན་པ་དང་མཆོད་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ལགས་སོ། །མཉེས་པར་བགྱིས་པ་ལགས་སོ། ། ཐོད་པ་བླངས་ཏེ་ཁྲག་གིས་བཀང་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ཁང་སྟོང་ངམ་ཀུན་དགའི་ར་བར་ཇི་སྲིད་ཀྱིས་བུད་མེད་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ལ་ཆེ་གེ་མོ་ཞེས་བྱ་བ་ལ་གནོད་པ་གྱིས་ཤིག་ པར་བརྗོད་ན་གནོད་པ་བགྱིད་དོ། །གནོད་པ་བགྱིད་དུ་འཇུག་གོ། རེངས་པར་བགྱིད་དོ། །རིག་པའི་རྒྱལ་པོ་འདི་འགུག་པ་འདིས་བཀུག་ནས་ཕྱིས་རྒྱལ་བའི་བློ་གྲོས་ཀྱིས་དགུག་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ ཡཀྵ་སེ་ན་པ་ཏི་སྱ། ཏུ་རུ་ཏུ་རུ་ཙུ་རུ་ཙུ་རུ། ཀི་རི་ཀི་རི། རཻ་ཏྲ་པྲ་ཙཎྜ་ཡ་ཊ་ཡ། ཨཱ་གཙྪ་ཨཱ་གཙྪ་ཨཱ་གཙྪ། མ་མ་ཨརྟྟ་མ། པ་རི་པཱུ་ར་ཡ། ཨསྐྲི་ཏ། བིདྱཱ་དྷ་རོཏྟ་མ་ཨ་ཧཾཿ ཏྭ་མ་ཨ་ཀཪྵ་ཡཱ་མི་མ་མཿ སརྦ་ཨརྠ་མ་ནོ་ར་ཐ་པ་རི་པཱུ་ར་ཀོ་བྷ་བ། མ་མ་ ཨརྠ་སིདྡྷིཾ་ཙ་ད་ད་མ་ཙི་རཾ་ཀུ་རུ་སྭཱ་ཧཱ། ཅི་སྟེ་ཚེས་བརྒྱད་ལ་བསྒྲུབ་པར་འཚལ་ན་ཚེས་བདུན་གྱི་ཕྱི་དྲོ་གུ་གུལ་གྱིས་བདུགས་ལ་གསང་སྔགས་ལན་བརྒྱ་རྩ་བརྒྱད་བརྗོད་དོ། །སྒྲུབ་པ་ནི་རྒྱལ་བའི་བློ་གྲོས་ཀྱིས་དགུག་གོ། སྒྲུབ་པ་ཐམས་ ཅད་དང་ལས་ཐམས་ཅད་དུའང་དགུག་པ་འདིས་དགུག་གོ། ན་མོ་རཏྣ་ཏྲ་ཡཱ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཛ་ཡ་མ་ཏི། ཛི་ན་ཏི། ཛི་ན་དྷཱ་རི་ཎི། ཨཱ་བེ་ཤེ་ཡ། ད་ཤ་མ་ཏ་ཤཱཾ་བ། དེ་བ་ནཱ་ག་ཡཀྵ་གནྡྷརྦེ་ཀཱ་ནུ་ཙ་ར་མ་རུ་ཤཾ་ 100-1-96a ལ་ཧུ་ལ་ཧུ། གྲྀཧྞ་བྷུ་མྱ་མ་པ་ཏ་ཡེ། ཤཱི་གྷྲཾ་བཛྲ་པཱ་ཎི་སྟོཾ། ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། རྒྱལ་བའི་བློ་གྲོས་འདིས་དགུག་པར་བགྱིའོ། །དེ་ནས་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་ པ་ཏ་ཡེ། ཀུ་རུ་ཀུ་རུ། ཙ་ཏ་ཙ་ཏ། མ་ལ་མ་ལ། ས་ར་ས་ར། ཏིཥྛ་ཏིཥྛ་མ་ཧཱ་བ་ལ། ས་མ་ཡ་མ་ནུ་སྨ་ར་སིདྡྷ། ན་མཤྩཎྜ་བཛྲ་པཱ་ཎི་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེ་ལྕགས་སྒྲོག་འདིས་གུ་གུལ་གྱི་རི་ལུ་གསུམ་ཡུངས་ཀར་གྱི་འབྲུ་མར་དུ་སྨྱུགས་ལ་སྦྱིན་སྲེགས་བགྱིས་ན་ བཅིངས་པར་འགྱུར་རོ། །རིག་པ་གང་བསྒྲུབ་པ་དང་ཕོ་ཉ་མོ་ཡང་རུང་སྟེ་དེ་འདི་ཉིད་ཀྱིས་བཅིང་བར་བགྱིའོ། །རྡོ་རྗེ་སེན་མོས་ནི་བཅིང་བ་ལས་དགྲོལ་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧུ་ལུ་ཧུ་ལུ། གཙྪ་གཙྪ་མ་ཧཱ་པ་ལ་སྭ་བྷཱ་བ་ནཱཾ་པུ་ཎ་ན་མ་ག་ན་མ་ཡ་ཀུ་རུ་ཀུ་རུ། གཙྪ་གཙྪ་སྭཱ་ཧཱ། ཆབ་ཁྱོར་བ་གསུམ་གཏོར་མེ་ཏོག་ཀྱང་དབུལ་ལོ། །དེ་ནས་ཤུགས་ལྡན་གྱིས་སླར་གཤེགས་སུ་གསོལ་ལོ། །ན་མོ་བཛྲ་པཱ་ཎ་ཡེ་ཕཊ་ཕཊ། གཙྪ་ གཙྪ། བྷ་ག་བ་ཏི་མ་ཧཱ་ཡཀྵཱ་དྷི་པ་ཏེ། ཙི་རི་ལི་ཙི་རི་ལི། ཧི་རི་ལི། ཨ་བི་ག་ནཱཾ་ཀུ་རུ་སྭཱ་ཧཱ། ཤུགས་ལྡན་གྱིས་སླར་གཤེགས་སུ་གསོལ་བའི་སྔགས་ཏེ། ཨ་ཀ་རུའི་བདུག་པ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་སོ། །ན་མོ་བཛྲ་པཱ་ ཎི་སྱ། ན་མ་སྟེ་བྷ་ག་ཝ་ཏེ། བཛྲ་མུ་ཁེ་གཽ་རི་བཱཀྟྲེ། ག་ར་ཏི་ག་ར་ཏི། ཀི་ནི་ཏི་ཀི་ནི་ཏི་སྭཱ་ཧཱ། ཉེ་རེག་བྱ་བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཛྭཱ་ལ་བཛྲ་ཎི་བི། ཧུ་རུ་ཧུ་རུ། ལ་ཧུ་ལ་ཧུ། པྲ་ཏི་གྲྀཧྣ་ཏྭཾ་ཨི་མཾ་གནྡྷཾ། ཀཱི་ལི་ཀཱི་ལི་ཡ་སྭཱ་ཧཱ། སྤོས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ་ཤི་ཁི་སྭཱ་ཧཱ། མེ་ཏོག་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨ་ཏི་ནི་ཙ་ལི་ནི་ཁ་ལ་ཀརྨ་ཎི། དཱ་ར་ཙི་ལི་ནི། ཙི་ལི་ནི་སྭཱ་ཧཱ། བདུག་པའི་གསང་སྔགས་སོ། ། ན་མོ་བཛྲ་པཱ་ཎི་སྱ་ན་མ་སྟེ། བྷ་ག་བ་ཏི་ཤ་ཏ་མུ་ཀི། མ་ཧཱ་གཽ་རི་ཙ་ཚུ་ལེ་ཙུ་ཙུ་ལེ། ཙི་ཙི་རཀྵ་རཀྵ་སྭཱ་ཧཱ། སྲད་བུས་བསྲུང་བར་བགྱིའོ། །ན་མོ་བཛྲ་པཱ་ཎི་སྱ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ར་ར་ར་ར། བཛྲ་པིཾ་ག་ལ། མ་ཏ་ད་ར་ད་ར་བི། ཀི་རི་ཎི་ཀི་རི་ཎི། 100-1-96b ཀི་རི་ཎི་ཀི་རི་ཎི་སྭཱ་ཧཱ། ཁྲུས་བགྱིས་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ན་མ་སྟེ། བྷ་ག་བ་ཏི་ད་ཤ་བ་ཏི་ད་ཤ་པ་ཏི། ས་ཧ་སྲ་པ་ཏི་ཨ་གཙྪ། ཤཱི་གྷྲཾ་ཀི་རི་ཀི་རི་ཤུ་ཀྲ། བནྡྷ་བནྡྷ་སྭཱ་ཧཱ། སྲད་བུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཁུ་བ་བཅིང་ངོ་། ། ན་མོ་བཛྲ་པཱ་ཎི་སྱ། ཨུཏྟ་མ་རཀྵ་ཨ་དོ་རཀྵ་ཙ་ཏུརྡི་ཤཾ་རཀྵ། མ་ཐ་མ་ཐ། ཏྲཱ་ས་ཡ་ཏྲཱ་ས་ཡ། སྟམྦྷ་ཡ་སྟམྦྷ་ཡ་ཨུདྡྷྲི་ཏ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་ཕྱོགས་བཅིང་ངོ་། །ན་མོ་བཛྲ་པཱ་ཎི་ སྱ། ཏད་ཡ་ཐཱ། བཛྲེ་བཛྲེ་ཎི། བཛྲ་སིཾ་ཧ་ནི། བཛྲ་པཱ་ཎི། པྲི་ཡེ་བཛྲ་པ་རེད་བི་ཀྲི་ཏ་དཾཥྚ་ཀ་རཱ་ལ་བ་ནེ། ལམ་བོ་ད་རི་བི་ཀྲི་ཏ་གཽ་ར་རཱུ་པ་དར་ཤ་ན་མ་རྫ་ར་བཀྟྲེ་མཛྫ་མཱཾ་ས་སྲི་ཡེ། ཨེ་ཧི་ཨེ་ཧི་བྷ་ག་བ་ཏི་བྷྱོ་གུ་རུ་པྲ་ཛྭ་ལི་ཏ། གྲ་ཀེ་ཤི་ཨི་དཾ་མ་ནུ་ཥ་ཤ་ རཱི་ར་མ་ནུ་པྲ་བི་ཤ །ཀ་ཏ་ཀ་ཏ། པུ་ར་པུ་ར། དྷུ་ན་དྷུ་ན། པ་ཏ་པ་ཏ། བལྒུ་བལྒུ། ཧ་ས་ཧ་ས། ཨཱ་བི་ཤེ་ཨཱ་བི་ཤེ་སྤ་ཏ་སྤ་ཏ་ཀིཉྩི་རཱ་ཡ་སི། བྷ་ག་བ་ཏི། བ་ཧུ་རུ་བེ། ཨད་བྷི་ཀ་སྲི་ག་ལ་ཧེ་རུ་ག་ར་བིཏྟེ། ཨཊྚཱཊྚ་ཧཱ་སེ། ཨི་མ་སེ་ཏུསྟ་གྲ་ཧ་སྱ་ཧྲི་ ད་ཡྃ། བྷིནྡ་བྷིནྡ། ཙ་ལ་ཙ་ལ། གུ་མུ་གུ་མུ། ཀུ་རུ་ཀུ་རུ། ཨཱ་བི་ཤ་ཨཱ་བི་ཤ །བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་དུ་རྩྭ་ཀུ་ཤ་སྤམས་པ་ལ་སྔགས་ཀྱིས་བཏབ་སྟེ་བདུག་པར་བགྱིའོ། །ན་མོ་བཛྲ་པཱ་ཎི་སྱ། ལ་ལ་ཧ་སེ་ཧ་ས། བཛྲ་ཎེ་ཀུ་རུ་ཀུ་རུ། ཀམྤ་ཀམྤ། ཙ་ལ་ཙ་ལ། ཛལྤ་ཛལྤ་སྭཱ་ཧཱ། གཤེགས་ནས་གསུང་དུ་གཞུག་གོ། ན་མོ་བཛྲ་པཱ་ཎི་སྱ། དྷུ་དྷུ་མ་ས་ལ་མ་ས་ལ། དྷུ་རུ་མེ་ཨ་མ་ལེ། བཛྲ་པཱ་ཎི་ཡཀྵཱ་དྷི་པ་ཏེ་མ་ཙ་མེ་ཀ་ཤྩིད་བིགྷྣ་ཀུ་རུ་སྭཱ་ཧཱ། ཡུངས་ཀར་རམ། ཐལ་བས་བགེགས་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རིག་སྔགས་འཆང་གྲུབ་པ་རྣམས་ཀྱི་རིག་པ་གཅད་པར་འཚལ་ནས་མར་གྱི་ངོ་ཚས་བཅྭ་ལྔ་ལ་ལག་ན་རྡོ་རྗེའི་མདུན་དུ་བ་ཀུ་ལའི་མེ་ཏོག་དག་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རིག་ སྔགས་འཆང་ཐམས་ཅད་ཀྱི་རིག་སྔགས་གཅད་པར་འགྱུར་རོ། །མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་མཆོག་བྲི་བར་བགྱི་སྟེ། མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྦྱིན་སྲེག་ 100-1-97a བགྱི་བ་བཟའ་ཞིང་བྲི་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཅི་ནུས་སུ་མཆོད་པ་བགྱིས་ལ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ཏེ་ཏ་མ་ལའི་མེ་ཏོག་མར་ལས་སྨྱུག་ པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་རི་མོའི་སྐུ་གཟུགས་འགུལ་ལོ། །མེ་ཏོག་གི་ཕྲེང་བ་ཡང་འགུལ་ལོ། །དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་ཅེས་བགྱི་བ་གྲུབ་པར་འགྱུར་ཏེ། ལྷ་མོ་མེ་ཏོག་གིས་ལས་རྣམས་སུ་མྱུར་དུ་འགྱུར་རོ། །རིག་སྔགས་ འཆང་གི་རིག་པའི་སྒྲུབ་པ་ལ་བགེགས་སུ་མི་འགྱུར་རོ། །ལོག་འདྲེན་གྱིས་མི་ཚུགས་སོ། །དངོས་གྲུབ་འདིས་མཚན་མོའི་ལྷ་མོ་བཞིས་དངོས་གྲུབ་དུ་འགྱུར་ཏེ། སྲོད་ནི་ལྷ་མོ་མེ་ཏོག་གིའོ། །མཇིང་ནི་ལྷ་མོ་ཕྲེང་བའི་འོ། །ནམ་གུང་ནི་ལྷ་མོ་ཀུ་མུ་ ཏའི་འོ། །ཐོ་རངས་ནི་ལྷ་མོ་མཛེས་མའི་འོ། །རིག་སྔགས་འཆང་ནི་རིག་པ་སྒྲུབ་ན་སྲོད་ལ་ལོག་འདྲེན་གནས་སུ་འོང་སྟེ། དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་གིས་ལོག་འདྲེན་མཐོང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་ལ་བགྱིད་དོ། ། ལག་ན་རྡོ་རྗེ་ཡིད་ལ་བགྱིད་པས་ལོག་འདྲེན་རྣམས་སྐྲག་ཅིང་ཉམས་ཏེ་ཉམས་ཐག་ནས་འབྲོས་པར་འགྱུར་རོ། །ལག་ན་རྡོ་རྗེ་རིག་སྔགས་འཆང་དེའི་མདུན་དུ་འདུག་ཅིང་དངོས་གྲུབ་ཀྱང་མྱུར་དུ་སྩོལ་བར་མཛད་དོ། །མཇིང་ལ་གལ་ཏེ་བགེགས་ བྱུང་ན་མཚན་མོའི་ལྷ་མོ་ཕྲེང་བ་དེས་ལྷ་ཆེན་པོ་ལ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཁྱོད་ལ་འབོད་དོ་ཞེས་སྒྲོགས་སོ། །དེས་དེ་ཐོས་ནས་སྙིང་འདར་ཞིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་རིག་སྔགས་འཆང་དེ་ལ་བགེགས་སུ་ མི་འགྱུར་རོ། །དངོས་གྲུབ་ཀྱང་མྱུར་དུ་འགྲུབ་པོ། །ནམ་གུང་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་ཀུ་མུ་ཏ་དེ་ཡང་། རྒྱལ་པོ་ཆེན་པོ་བཞི་ལ་ཀྱེ་ཀྱེ་བཙུན་ཀུན་དག་ལག་ན་རྡོ་རྗེ་ཁྱོད་ལ་འབོད་དོ་ཞེས་སྒྲོགས་སོ། །དེ་དག་གིས་ཚིག་དེ་ ཐོས་ནས་སྙིང་འདར་ཤིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་དེ་ལ་བགེགས་སུ་མི་འགྱུར་རོ། །ཐོ་རངས་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་མཛེས་མ་ཡང་ལོག་འདྲེན་རྣམས་ལ་ཀྱེ་ཀྱེ་ལོག་འདྲེན་སྡང་བ་རྣམས་དྲག་ 100-1-97b པོ་ལག་ན་རྡོ་རྗེས་བཀའ་སྩལ་ཏོ་ཞེས་བསྒོ་བར་བགྱིད་དོ། །དེ་དག་གིས་དེའི་ཚིག་ཐོས་ནས་ཕྱོགས་བཅུར་འབྲོས་སོ། །དེས་ན་དེ་ལ་བགེགས་སུ་མི་འགྱུར་ཏེ་བདེ་བར་ལས་རྣམས་འགྲུབ་པར་བྱེད་དོ། །མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་བུད་མེད་བུ་བྱུང་བའི་ ཁྱེའུའི་ལྟེ་བ་སོར་གཉིས་ཙམ་བཅད་ལ་གསེར་གྱི་གྱིམ་བག་གིས་དཀྲིས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མི་སྣང་བར་འགྱུར་རོ། །ཚེ་ཡང་ཉིས་ འགྱུར་དུ་འགྱུར་རོ། །ཞག་བདུན་དུ་ཕྱེ་ཐུག་བཏུང་ངོ་། །ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་བསྙུང་བ་བགྱིས་ཏེ་ཞི་བའི་མཚན་ཡོད་པར་སོང་ལ་མཚན་གྱི་སྟེང་གི་ལྷོ་ཕྱོགས་ལོགས་སུ་ལག་པ་གཡས་པ་བཞག་སྟེ་སྐྲ་ལས་ བགྱིས་པའི་སྐུད་པས་བཅིང་ངོ་། །བཅིངས་ནས་ཇི་སྲིད་ཀྱིས་བཅད་དོ་ཞེས་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །སྒྲ་ལན་གསུམ་དུ་བྱུང་ན་དངོས་གྲུབ་དུ་འགྱུར་རོ། །ཁུ་ཚུར་བཅངས་ཏེ་བསྒྲུབ་པར་བགྱིའོ། །ཁུ་ཚུར་བཅངས་ན་མི་སྣང་བར་འགྱུར་ རོ། །སྐྲ་ལྕང་ལོ་འཁྱིལ་པར་འགྱུར་རོ། །ལོ་བཅུ་དྲུག་ལོན་པ་ཙམ་དུ་འགྱུར་རོ། །ལོ་བདུན་བརྒྱར་འཚོ་བར་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཚོགས་རྣམས་ཀྱང་ཕྱག་བརྙན་དུ་འགྱུར་རོ། །ཇི་སྟེ་དགྲ་གསད་པར་འཚལ་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ གཅིག་བསྙུང་བ་བགྱིས་ཏེ། སྤྲ་ཚིལ་ལ་གཟུགས་བགྱིས་ལ་སེང་ལྡེང་གི་ཕུར་བུ་ལྔ་སྣོད་དུ་བཙུགས་ཏེ་དུ་ཁྲོད་དུ་མཆིས་ལ་དོང་བརྐོས་ལ་དོང་དེར་བཅུག་ལ་སྟེང་དུ་ཞུགས་བུས་ལ་དུག་དང་ཁྲག་དང་ཡུངས་ཀར་བསྲེས་ལ་ལན་བརྒྱད་སྟོང་སྦྱིན་ སྲེག་བགྱིས་ན་ངུ་ཞིང་ཚིག་ཏེ་འཕྲལ་དུ་འགུམ་མོ། །མར་གྱི་ངོ་ཞག་བཅུ་བཞི་ལ་བ་སེར་མོའི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ། ས་ཕྱོགས་གཙང་མར་གཟུགས་བགྱིས་ལ་ཅི་ནུས་ཀྱིས་མཆོད་དེ་ཞག་གཅིག་བསྙུང་བ་བགྱིས་ལ་ཤིང་བ་ལི་བའི་ ལོ་མ་བསྲེགས་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་ཏེ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དཔྲལ་བ་ལས་འོད་ཟེར་འབྱུང་ངོ་། །དེ་ནས་དངོས་གྲུབ་དུ་འགྱུར་ཏེ། གསེར་དཔག་ཏུ་མེད་པ་སྩོལ་བར་འགྱུར་རོ། །ཡང་ན་ཉིན་གཅིག་བཞིན་དུ་ཏི་ན་ར་སྩོལ་བར་འགྱུར་རོ། ། 100-1-98a བསེག་མ་ལ་ལན་བརྒྱ་སྟོང་བཟླས་ཏེ་དུར་ཁྲོད་དུ་བོར་ན་ཡིད་བཏགས་ཐམས་ཅད་གླུ་ལེན་ཅིང་གར་བྱེད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་རྐང་པའི་དྲུང་དུ་ཞག་གསུམ་བསྙུང་བ་བགྱིས་ལ་ཤིང་ཀ་ར་བཱི་རའི་མེ་ཏོག་ ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ཀ་ར་བཱི་རའི་མེ་ཏོག་དག་ལས་མེ་ཏོག་གཅིག་བླངས་ཏེ་ཀླུའི་གནས་སུ་སོང་ལ་བཟླས་བརྗོད་བགྱིས་ན་ཀླུ་དང་ཀླུ་མོ་རྣམས་དབང་དུ་འགྱུར་ཏེ་ཅི་འཚལ་བ་རྣམས་རྙེད་དོ། །ལིག་བུ་མིག་དང་གསེར་དང་། མཆོད་ ཕྱིར་ཐོགས་ཀྱང་ཀ་ར་བཱི་རའི་མེ་ཏོག་དང་འདྲའོ། །གང་ན་གནོད་སྦྱིན་མོ་འདུག་པ་དེར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་མོ་མཆི་སྟེ་ཆུང་མར་འགྱུར་རོ། །ཡང་ན་ནོར་སྩོལ་བར་འགྱུར་རོ། །གལ་ཏེ་མི་མཆི་ན་ཞག་གཅིག་བསྙུང་བ་བགྱིས་ཏེ་ཤིང་མ་ད་ནའི་ ཚེར་མ་དང་དུག་དང་ཁྲག་བསྲེས་པ་ལན་བརྒྱད་སྟོང་སེང་ལྡེང་གི་ཞུགས་ལ་སྦྱིན་སྲེག་བགྱིས་ན་དེ་ཚིག་ཅིང་མི་སྡུག་པར་འགྱུར་ལ་མཆིའོ། །གལ་ཏེ་ཀླུ་མོ་མི་མཆི་ན་དེ་ལ་ཡང་དེ་ཉིད་ཀྱིས་སྦྱིན་སྲེག་བགྱིའོ། །ཡར་གྱི་ངོའི་ཚེས་བཅྭ་ལྔ་ལ་ཞག་གསུམ་ བསྙུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་བོར་ཞུགས་ལ་ཀླུ་ཤིང་གི་མེ་ཏོག་བརྒྱད་སྟོང་བྱི་དོར་བགྱིས་ན་དུས་མ་ཡིན་པར་ཆར་འབབ་པོ། ཞག་བདུན་འོ་སྐྱོ་འཐུངས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་ མདུན་དུ་མཆོད་པ་བགྱིས་ལ་ས་ལ་བགྱིས་པའི་རྡོ་རྗེ་བཞག་སྟེ། དེའི་རྐེད་པར་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བཞག་ལ་དེའི་སྟེང་དུ་ལྡོང་རོས་བཞག་སྟེ་ཅི་སྲིད་ཀྱིས་དངོས་གྲུབ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ ན་ལོ་བདུན་སྟོང་དུ་འཚོའོ། །ལུས་མཛེས་པར་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལམ་གྱི་སུམ་མདོར་མཆོད་པ་རྒྱ་ཆེར་བགྱིས་ལ་དེར་འདུག་སྟེ་ལྡོང་རོས་སྲན་མ་ཙམ་ཅིག་ཁར་བཅུག་ལ་ཅི་སྲིད་དུ་ ཁའི་ནང་དུ་གས་པར་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཐིག་ལེ་བགྱིས་ན་མི་སྣང་བར་འགྱུར་རོ། །ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །ཅི་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ཉི་མའི་གུང་ཚིགས་ལ་ 100-1-98b བགྱིའོ། །ཚེས་གྲངས་དང་སྐར་མ་གདམ་མི་འཚལ། བསྙུང་བ་བགྱི་མི་འཚལ་བར་སྐྱེས་པའི་རོ་མ་རྨས་མ་ཉམས་པ་བླངས་ཏེ། རྡོ་རྗེ་སེར་མོའི་སྔགས་བཟླས་བརྗོད་བགྱིས་ལ་བཀྲུའོ། །རྡོ་རྗེ་ལྟེ་བས་སྤོས་བསྩལ་བར་བགྱིའོ། །རྡོ་རྗེ་མེ་ཁ་ལས་མེ་ ཏོག་བསྩལ་བར་བགྱིའོ། །དེ་ནས་དེའི་སྙིང་ཀར་འདུག་སྟེ་མི་དོ་ཙམ་གྱེན་དུ་མ་འཕགས་ཀྱི་བར་དུ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིའོ། །གྱེན་དུ་འཕགས་མ་ཐག་ཏུ་སླར་འོག་ཏུ་ལྟུང་ངོ་། །ལྷུང་ནས་བུད་མེད་བཅུ་ཉེ་བར་ གནས་པར་འགྱུར་ཏེ། དེ་དག་གཡོག་འཁོར་རྣམས་ལ་སྩལ་བར་བགྱིའོ། །དེ་དག་ཀྱང་སྟོབས་མཉམ་པར་འགྱུར་རོ། །ཅི་སྟེ་མ་སྩལ་ན་བདག་བུད་མེད་བཅུས་བསྐོར་ཏེ་མི་ལ་ཞོན་ཏེ་གར་དགའ་བ་དེར་མཆིའོ། །ཡང་ཡིད་ཀྱིས་བསམས་ པ་དེ་བཞོན་པ་ལས་འབྱུང་ངོ་། །ལོ་བརྒྱད་ཁྲིར་འཚོ་བར་འགྱུར་རོ། །རིག་སྔགས་འཆང་དུ་ཡང་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་སྐྱེས་པ་ཤི་བའི་རོ་བཞག་པའི་ཁྱོགས་ཀྱི་གཡས་རོལ་གྱི་ཟུར་ཤིང་ཁྱེར་ཏེ་སོང་ལ། ཕྱི་མ་ མར་གྱི་ངོ་ཞག་བརྒྱད་ལ་དེ་མདུང་རྩེ་གསུམ་པར་བགྱིས་ལ་སློངས་མོ་པའི་ཟས་བཟའ་ཞིང་རིག་སྔགས་འཆང་བཟླས་བརྗོད་བགྱིའོ། །ཕྱི་མ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་བསྙུང་བ་བགྱིས་ཏེ་དུར་ཁྲོད་དུ་སོང་ལ་མདུང་རྩེ་གསུམ་ པ་ལ་མཆོད་པ་རྒྱ་ཆེར་བགྱིས་ཏེ། མདུང་རྩེ་གསུམ་པ་ལག་པ་གཡས་པར་ཐོགས་ལ། རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མདུང་རྩེ་གསུམ་པ་ལས་འོད་ཟེར་འབྱུང་སྟེ་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །མཚན་མོ་ བཙུགས་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་དག་འབྱུང་ངོ་། །སྐྱེས་པ་ཅི་ལ་མ་རེག་པར་ཆེས་པ་དག་ཀྱང་ཉེ་བར་གནས་སོ། །གང་བསམས་པ་ཐམས་ཅད་རྙེད་དོ། །ཕྱུང་ན་ཐམས་ཅད་མེད་པར་འགྱུར་རོ། །འབྱུང་པོ་རྣམས་ཀྱང་ཕྱག་ བརྙན་དུ་འགྱུར་རོ། །ཆོ་ག་གང་ལ་བླངས་པའི་ཆོ་ག་དེ་ཉིད་ལ་བསྒྲུབ་པར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཅི་ནུས་ཀྱིས་མཆོད་པ་བགྱིས་ལ་དེའི་མདུན་དུ་འབྲས་ཆེན་ 100-1-99a གྱིས་ལོ་མ་བཀང་སྟེ་བཞག་ལ་འབྲས་ཆན་མི་སྣང་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཕྱིས་འབྲས་ཆན་ལ་འཕོ་བར་བགྱིད་དོ། །རྫས་ཀྱང་འཕོ་བར་འགྱུར་རོ། །འབྲུའི་རྣམ་པ་གཞན་ དག་ཀྱང་འཕོ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་སེང་ལྡེང་ལ་བགྱིས་པའི་རྡོ་རྗེ་ལ་ཤིང་ཀུན་གྱིས་བདུགས་ལ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན་གང་གི་མིང་ནས་ཕྱུང་ སྟེ་བཟླས་བརྗོད་བགྱིས་པ་དེ་རྗེད་བྱེད་ཀྱིས་ཟིན་པར་འགྱུར་རོ། །ལྕེ་པོག་གིས་བདུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་གཏོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ལ་ཨེ་རནྡྲའི་ཤིང་གི་ ཞུགས་བུས་ལ་བ་གླང་གི་ལྤགས་པ་ལས་སྲེག་བླུགས་ལན་བརྒྱད་སྟོང་མིང་ནས་བརྗོད་དེ་སྦྱིན་སྲེག་བགྱིས་ན་བ་གླང་རྣམས་འཆིའོ། །སྐྱེས་པའི་རོ་མ་གནད་མ་ཉམས་པ་བླངས་ཏེ་ཆུ་འགྲམ་གྱི་ཕྱོགས་གཅིག་གམ། སྐམ་ས་ གཙང་མར་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །དེ་ནས་རིག་སྔགས་འཆང་ཉི་མའི་གུང་ཚིགས་ལ་མི་རོའི་མགོ་ཤར་ཕྱོགས་སུ་བསྟན་ཏེ་ཕྱོགས་བཞིར་བསྙེན་བཀུར་བགྱིད་པ་བཞི་བཞག་པར་བགྱིའོ། །དེ་ནས་རིག་སྔགས་ འཆང་དེའི་སྙིང་ཀར་འདུག་ལ་ཁར་ལྡོང་རོས་བཅུག་སྟེ། དངོས་གྲུབ་རྣམ་གསུམ་མ་ཐོབ་ཀྱི་བར་དུ་བཟླས་བརྗོད་བྱའོ། །འབར་བར་གྱུར་ན་ལོ་སྟོང་ཐུབ་བོ། །རྐང་པ་ལ་བསྐུས་ན་ལོ་ལྔ་བརྒྱ་ཐུབ་སྟེ་འདི་ནི་དངོས་གྲུབ་བོ། །མར་གྱི་ ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་བུས་ལ་ཤིང་བིལ་བའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་ བརྗོད་ན་ཕྱུགས་ཆུང་རྙེད་དོ། །གལ་ཏེ་མ་རྙེད་ན་ཕྱུགས་ཆུང་འཆིའོ། །དགྲ་གང་ལ་ནད་ཀྱིས་བཏབ་པར་བགྱིད་འཚལ་ན་རུ་རྟ་བཏགས་ལ་བདག་གི་ལུས་ལ་དྲིལ་བའི་དྲི་མ་བསགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་ 100-1-99b དུ་རུ་རའི་ཤིང་གི་ཞུགས་བུས་ལ། དྲི་མ་དེས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དེ་མཛེ་ནད་ཀྱིས་འདེབས་སོ། །ལག་ན་རྡོ་རྗེའི་མདུན་དུ་ལྕེ་པོག་གིས་བདུག་པས་བདུགས་ལ་རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ ན་གསོ་བ་བགྱིས་པར་འགྱུར་རོ། །ཡར་གྱི་ངོ་ཞག་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ཟས་སུ་ཆུ་སྐྱོ་འཐུང་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིས་ན་ཡུལ་གྲུ་འཐོབ་བོ། །བྲམ་ཟེ་དབང་དུ་བགྱི་ན་ཡར་གྱི་ངོ་ཚེས་དྲུག་ནས་ བརྒྱད་ཀྱི་བར་དུ་དུས་གསུམ་དུ་ལག་ན་རྡོ་རྗེའི་མདུན་དུ་གནའ་མའི་མེ་ཏོག་ལས་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་ཐ་མར་ཞག་གཅིག་བསྙུང་བ་བགྱིས་ན། སྐྱེས་པ་འམ་བུད་མེད་ཀྱང་རུང་བ་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་ཡུངས་དཀར་གྱི་འབྲུ་མར་དང་བསྲེས་པའི་ཏིལ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དབང་དུ་འགྱུར་རོ། ། བུད་མེད་ཡུགས་ས་མོ་དབང་དུ་བགྱི་ན་ཉིན་ཞག་གཅིག་བསྙུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ལ་ཨརྐའི་མེ་ཏོག་མར་ལ་སྨྱུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་ དབང་དུ་འགྱུར་རོ། །དུས་གསུམ་དུ་ཁྲུས་བགྱི་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཤིང་མ་ད་ལའི་ཚེར་མ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །མི་ངས་འབྱུང་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ ལ་དུར་ཁྲོད་དུ་སོང་བ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་དུག་རློན་པས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་མི་ངས་འབྱུང་ངོ་། །ཞི་བར་བགྱི་ན་ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་ དུ་ཤིང་ཐ་མལ་པའི་ཞུགས་བུས་ལ་ཨུཏྤ་ལ་དང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ། །གཞན་བསྐྲད་པར་འཚལ་ན་བྱ་ཁྭའི་གཤོག་པ་ཡུངས་ཀར་གྱི་འབྲུ་མར་ལ་སྨྱུགས་ 100-1-100a པ་བརྒྱད་སྟོང་ཞག་བདུན་དུས་གསུམ་དུ་སྦྱིན་སྲེག་བགྱིའོ། །འདི་ནི་བསྐྲད་པའི་མཆོག་གོ། དབྱེ་བ་བགྱི་ན་ཞག་བདུན་དུས་གསུམ་དུ་བ་གླང་གི་ལྕི་བ་ལ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །ལས་ཅིག་གིས་ཆོ་ག་ རྒྱས་པར་སྒྲུབ་པར་འཚལ་བས་མཱ་མ་ཀཱི་ཐོགས་ལ་པད་མའི་རྫིང་དུ་སོང་སྟེ། མཱ་མ་ཀཱི་ལ་རེག་པར་པད་མ་འབུམ་ཕུལ་ན་རིག་པའི་རྒྱལ་པོ་མཆོག་རང་གི་གཟུགས་སྟོན་ཏེ་དེ་ལ་བུ་ཅི་བྱ་ཞེས་སྨྲའོ། །དེས་བཅོམ་ལྡན་འདས་ཆོ་ག་རྒྱས་པའི་ དངོས་གྲུབ་སྩལ་དུ་གསོལ་ཞེས་བརྗོད་པ་དང་དེ་བཞིན་བྱའོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེ་ཆོ་ག་རྒྱས་པ་ལས་འབྱུང་བའི་ལས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་དེས་ལས་གྲུབ་པར་མ་གྱུར་ན་དེའི་འོག་ཏུ་ལས་འདི་བསྒྲུབས་ན་དངོས་གྲུབ་ཀྱི་ མཆོག་ཏུ་འགྱུར་རོ། །ཡར་གྱི་ངོ་ཉ་ནས་བཟུང་སྟེ་ཕྱི་མའི་ཉའི་བར་དུ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་ཟས་སུ་འོ་སྐྱོ་འཐུང་ཞིང་དེ་བཞིན་གཤེགས་པའི་མདུན་དུ་འབུམ་བཟླས་བརྗོད་བགྱིས་ན་དེ་བཞིན་གཤེགས་པའི་གཟུགས་འགུལ་བར་འགྱུར་ཏེ། དེ་ནས་ཆོ་ག་ རྒྱས་པ་དང་དངོས་གྲུབ་དུ་འགྱུར་རོ། །རས་སྔོན་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་འོག་སྒོར་བཅིངས་ལ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་པའི་ཐལ་བས་མགོ་བོར་བསྲུང་བར་བགྱིས་ན་གྱད་ཕར་ནོན་ཅིང་གྱད་ཀྱིས་ཚུར་མི་ནོན་ནོ། ། ཡིད་བཞུངས་པར་བགྱི་ན་བྲ་མའི་ཁུ་བ་མར་དང་ཆ་མཉམས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་པ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་ ཞག་གཅིག་ནས་བརྩམས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མར་དང་འོ་མ་བསྲེས་པ་ལས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པ་འཐུངས་ཤིང་ཞག་བདུན་བགྱིས་ན་ཐོས་པ་འཛིན་པར་འགྱུར་རོ། །ཡར་གྱི་ངོ་ཉ་ལ་ཉིན་ཞག་གཅིག་བསྙུང་བ་བྱས་ ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨང་གོ་ལྟའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཉི་མ་གསུམ་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །ཞག་བདུན་ན་ལག་ན་རྡོ་རྗེའི་ཁ་ནས་འོད་ཟེར་འབྱུང་སྟེ་རིག་སྔགས་འཆང་ལ་བསྐོར་བ་བྱས་ནས་ 100-1-100b གྱེན་དུ་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་ཅི་ལྟར་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ལོ་སུམ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་ལ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་གནས་སྟོན་པར་འགྱུར་རོ། ། ཆོ་ག་རྒྱས་པ་སྒྲུབ་པ་པོས་ཉ་དང་ཤ་དང་ཏིལ་དང་སྲན་ཆན་གྱི་བག་དང་ལྷ་བཤོས་དང་ཁ་འདའ་དང་ལ་ཕུག་དང་ཤིང་ཐོག་རྣམས་བཟའ་བར་མི་བགྱིའོ། །གལ་ཏེ་འདི་དག་ཀྱང་ཟོས་ལ་ལས་ཀྱང་བསྒྲུབས་ན་ལག་ན་རྡོ་རྗེས་དེ་ཉིད་མཐར་བྱེད་ཅིང་ ལས་ཀྱང་དངོས་གྲུབ་ཏུ་མི་འགྱུར་རོ། །སེང་གེ་བསྒྲུབ་ན་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་རྩེ་མོ་ཡོད་པའི་མདུན་ནས་ས་བླངས་ཏེ་བའི་རྣམ་ལྔ་དང་བསྲེས་ལ་སེང་གེའི་གཟུགས་བགྱིས་ཏེ་གསོ་སྦྱོང་བཟུང་ལ་ཟླ་བ་གཅིག་ཟས་སུ་འོ་སྐྱོ་ འཐུང་ཞིང་ཐ་མར་ཞག་གསུམ་བསྙུང་བ་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་བསྒྲུབ་བོ། །སྔར་ཕོ་ཉ་མོ་རྣམས་ཀྱིས་ལས་རྣམས་བགྱིའོ། །བསྙེན་བཀུར་བགྱིས་པ་རྣམས་ཀྱང་བསྲུང་བར་བགྱིའོ། །དེ་ནས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་ བགྱིས་ཏེ་སེང་གེའི་སྒྲ་འབྱིན་གྱི་བར་དུ་བགྱིའོ། །སེང་གེའི་སྒྲ་ཐོས་ནས་ལྷ་མ་ཡིན་གྱི་བུ་མོ་རྣམས་འབྱུང་སྟེ། དེ་དག་ལ་འདོད་པ་བསྐྱེད་པར་མི་བགྱིའོ། །གལ་ཏེ་འདོད་པ་བསྐྱེད་ན་སེང་གེ་ནི་མ་མཆིས་སོ། །ལྷ་མ་ཡིན་གྱི་བུ་རྣམས་ནི་ མཆིས་ཏེ་ལྷ་མ་ཡིན་གྱི་བུ་རྣམས་ཀྱང་ཡོངས་སུ་སྤྱད་པར་འགྱུར་རོ། །གལ་ཏེ་དེ་དག་ལ་འདོད་པ་མ་བསྐྱེད་ན་སེང་གེར་འགྱུར་ཏེ། སེང་གེ་ལ་ཞོན་ན་རིག་སྔགས་འཆང་གི་བུ་མོ་བརྒྱད་བཅུ་འབྱུང་ངོ་། །རིག་སྔགས་འཆང་བཞི་སྟོང་ ཡང་གཡོག་འཁོར་དུ་འགྱུར་རོ། །གང་དུ་འདོད་པ་དེར་མཆིའོ། །རིག་སྔགས་འཆང་གི་འཁོར་ལོས་བསྒྱུར་བར་འགྱུར་རོ། །འཁོར་ལོ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གང་གི་ཚེ་རྡོ་རྗེ་དང་འཁོར་ལོ་དང་མདུང་རྩེ་གསུམ་ པ་དང་བེ་ཅོན་དང་། ཞགས་པ་དང་མདུང་ཐུང་དང་དབྱུག་ཏོ་རྣམས་མཆི་བ་དེའི་ཚེ་སེང་གེས་སེང་གེའི་སྒྲ་འབྱིན་ཏེ་སེང་གེའི་སྒྲས་མཚོན་པ་ཐམས་ཅད་དཔག་ཚད་བརྒྱད་ཁྲིར་མཆིའོ། །རིག་སྔགས་འཆང་གི་རྒྱལ་པོ་གང་དག་སེངྒེའི་ 100-1-101a སྒྲ་ཐོས་པ་དེ་དག་ཐམས་ཅད་ས་ལ་ལྟུང་ངོ་། །མཚོན་ཆ་དེ་དག་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །བསྐལ་པར་གནས་པའི་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ ཏེ་བའི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ་སྐམ་ས་གཙང་མའི་ཕྱོགས་སུ་གནོད་སྦྱིན་གྱི་གཟུགས་བགྱིས་ཏེ། དེ་ལ་མེ་ཏོག་དམར་པོ་དང་གཏོར་མ་དམར་པོ་སྦྱིན་ནོ། །ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ཕྱོགས་གཅིག་ཏུ་གནོད་ སྦྱིན་ཐམས་ཅད་ལ་མེ་ཁ་ལས་མེ་ཏོག་དཀར་པོ་རྣམས་སྩོལ་ཏོ། །གཟུགས་དེའི་མདུན་དུ་ཨརྒའི་ཤིང་གི་ཞུགས་བུས་ལ་ཤིང་བིལ་བའི་ཡམ་ཤིང་བསྲེག་ཅིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ གཟུགས་འགུལ་ཞིང་དངོས་གྲུབ་དུ་འགྱུར་ཏེ། ཉིན་རེ་ཏི་ན་ར་རེ་རེ་དབུལ་ལོ། །དཔོན་གཡོག་བདུན་གྱི་ཟས་དབུལ་ལོ། །ལས་འདི་བསམ་པར་བགྱི་སྟེ་གཙང་མར་བགྱིས་ལ་ལན་ཅིག་བཟླས་བརྗོད་བགྱིས་ཏེ་བ་ནག་མོ་མ་སྨད་སྤུ་འཐུན་གྱི་ འོ་མ་བླངས་ལ་བྲམ་ཟེའི་བུ་མོས་བསྒྲུབས་པའི་མར་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་དུ་བསྙུང་བ་བགྱིས་ཏེ། མཚན་ཅིག་ཡོད་པ་འམ་ལག་ན་རྡོ་རྗེའི་མདུན་དུ་སོང་ལ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བླངས་ཏེ་དེ་དག་གི་སྟེང་ དུ་གནོད་སྦྱིན་གྱི་གཟུགས་མཐེ་བོང་གི་ཆ་ཙམ་ཞིག་བགྱི་སྟེ། དེ་ནས་འགུལ་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་སོ་ལ་མ་རེག་པར་མིད་དོ། །དེ་ནས་དངོས་གྲུབ་དུ་འགྱུར་ཏེ་དེ་ཉིན་རེ་ཏི་ནར་རེ་རེ་དབུལ་ལོ། །དཔོན་གཡོག་བཅུ་གཉིས་ཀྱི་ཟན་ དབུལ་ལོ། །འདི་ནི་དངོས་གྲུབ་བོ། །རིག་སྔགས་གང་གཞན་ལ་བྱིན་པའི་རིག་སྔགས་དེ་ཕྱི་དྲོ་བཟླས་བརྗོད་བགྱིས་ལ། ཕྱི་དེ་ཉིན་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན་དེ་ལ་ཚིགས་སུ་བཅད་པར་འགྱུར་གྱི་གསང་ སྔགས་སུ་མི་འགྱུར་རོ། །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཡི་གེ་བཞི་པ་ནི་བསྐལ་པ་བཞིར་གནས་པ་ལགས་སོ། །བཅོམ་ལྡན་འདས་ 100-1-101b རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ། དབང་ཆེ་བ། མ་རུངས་པ། གཏུམ་པ་དྲག་པོ་ལགས་སོ། །བཅོམ་ལྡན་འདས་མིང་བརྗོད་པས་བདག་ལ་གནོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་པོ་དབང་ལྡན་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །འབྱུང་པོའི་བདག་པོ་དེ་དེ་བཞིན་ཏེ། ཅི་སྐད་སྨྲས་པ་དེ་བཞིན་ནོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདི་ནི་རྫུ་འཕྲུལ་ཆེ་བའོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་འདི་ནི་འགྲོ་ལྡིང་གི་ གཟུགས་ཅན་འགྲོ་ལྡིང་སྐད་དུ་བརྗོད་པའོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་འདི་ནི་ཕྱག་འཚལ་བ་དང་བཅས་པར་ཡི་གེ་སུམ་བཅུ་རྩ་གཉིས་པའོ། །ཡི་གེ་བཞི་པ་འདི་ཡང་མི་མཉམ་པ་དང་མཉམ་པ་མཚུངས་ པ་མེད་པ་སྟེ་བསྐལ་པ་བཞིར་གནས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བཤད་པའོ། །འབྱུང་པོའི་བདག་པོ་འདི་ཐོས་ན་སེམས་ཅན་གང་དག་མཚམས་མེད་པ་ལྔ་བྱེད་པ་དག་ཀྱང་སེམས་ ཅན་དམྱལ་བ་ཆེན་པོར་མནར་མེད་པར་སྐྱེ་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་མཐུ་ནི་འདི་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་པོ་གཙུག་ཏོར་ལྡན་ཞེས་ བྱ་བ་མཐོང་བ་ཙམ་གྱིས་ནད་ཐམས་ཅད་མེད་པར་འགྱུར་ཞིང་གདོན་ཐམས་ཅད་ཀྱང་འབྲོས་པར་འགྱུར་རོ། །འབྱུང་པོའི་བདག་པོ་དེ་བཞིན་དུ་རིག་པའི་རྒྱལ་པོ་ཆེན་པོ་བཞི་དག་གང་གིས་བཟླས་བརྗོད་བྱས་པ་དེ་མཚོན་གྱིས་འཆི་བའི་ དུས་བྱེད་པར་མི་འགྱུར་ཏེ། དུག་གིས་མ་ཡིན། ཆུ་ཡིས་མ་ཡིན། མེས་མ་ཡིན་ཞིང་དེ་བར་མ་དོར་འཆི་བར་མི་འགྱུར་རོ། །ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །ངེས་པར་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སྤྱན་སྔར་འདུག་ནས་མགོ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་རིག་པའི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ 100-1-102a འདི་སྐད་དུ་རིག་པའི་རྒྱལ་པོ་མི་མཉམ་པ་དང་མཉམ་པ་མཚུངས་པ་མེད་པ་འདི་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བཤད་དོ་ཞེས་གསུང་། བཅོམ་ལྡན་འདས་བདག་གིས་མངོན་པར་ ཤེས་པའི་སྟོབས་ཀྱིས་མཱ་མ་ཀཱིའི་དེ་ལྟར་རྫུ་འཕྲུལ་ཆེ་བ་ཡང་རྗེས་སུ་དྲན་ནོ། །རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་འཁོར་བ་འཇིགས་གི་གསུང་རབ་ལ་ལྷ་རྣམས་ལ་མཱ་མ་ཀཱི་བསྟན་ཏེ། འཁོར་འདུས་པ་དེར་མཚམས་ མེད་པ་བགྱིས་པའི་སེམས་ཅན་གཅིག་ཅིག་ཧ་ཅང་ཡང་མི་རིང་བ་ཞིག་ན་མཆིས་པ་དེ་འོད་ཟེར་གྱི་སྣང་བ་དེ་མཐོང་ནས་ཡིད་དགའ་བར་གྱུར་ཏེ་རྣམ་པར་བལྟས་ནས་རིག་སྔགས་འཆང་རྣམས་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ཞེས་བགྱི་བར་ གྱུར་ཏེ། ཤཱ་རིའི་བུས་རིག་སྔགས་འཆང་དེ་ལ་བསམས་སོ། །དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་དང་ཤཱ་རིའི་བུ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་དེའི་སླད་དུ་མཱ་མ་ཀཱི་དེ་ལྟར་རྫུ་འཕྲུལ་ཆེའོ་ཞེས་བདག་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དོན་དེ་རྡོ་རྗེ་འཆང་ཆེན་པོ་ལ་དྲིས་ཤིག །དེ་ནས་ཤཱ་རིའི་བུས་རྡོ་རྗེ་འཆང་ཆེན་པོ་ལ་འདི་ སྐད་ཅེས་སྨྲས་སོ། །རིག་པའི་རྒྱལ་པོ་མཆོག་ཁྱོད་ཅིའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ། བདག་གིས་རིག་པའི་རྒྱལ་པོ་ཆེན་པོ་འདི་བཤད་ཅེས་དེ་སྐད་སྨྲ། རྡོ་རྗེ་འཆང་ཆེན་པོས་འདི་སྐད་ ཅེས་སྨྲས་སོ། །ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པ་གཙོ་བོ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནམ། དེ་བཞིན་གཤེགས་པ་གཙོ་བོ་ཡིན་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ 100-1-102b དོ། །ཤཱ་རིའི་བུ་དེ་བཞིན་དུ་བདག་གིས་ཀྱང་རིག་པའི་རྒྱལ་པོ་ཆེན་པོ་མཆོག་གི་སྙིང་པོ་ལ་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་གྱི་རྒྱལ་པོ་དེའི་མཐུས་མཱ་མ་ཀཱི་ཕྱག་རྒྱ་ཆེན་པོའི་རྒྱལ་ མོ་ཆེན་མོ་དེ་ཐོབ་བོ། །དེ་ནས་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་པོ་དབང་ལྡན་ལ་བཀའ་སྩལ་པ། འབྱུང་པོའི་བདག་པོ་གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གང་གཱའི་ཀླུང་ དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་བ་བས་གང་གིས་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ཉིད་ལས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟོགས་ པ་དྲི་མ་མེད་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདིས་ཅི་སྲིད་ཅིག་ནས་རིག་པའི་རྒྱལ་པོ་ཆེན་ པོ་དང་རིག་སྔགས་འཆང་གི་བདག་པོར་བསྐོས་པ་ཐོབ་སྟེ། འདི་ཏིང་ངེ་འཛིན་གང་གིས་གནས་འདིའི་སྔོན་གྱི་དགེ་བའི་བཤེས་གཉེན་ནི་སུ་ལགས་འདི་གནས་པ་གང་གིས་གནས་དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་མེད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྟོགས་པ་དྲི་མ་མེད་པ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གང་གཱའི་ཀླུང་བཅུ་དགུའི་བྱེ་མ་སྙེད་འདས་པ་ན་གདུལ་དཀའ་ ཞེས་བྱ་བའི་བསྐལ་པ་ཆེན་པོ་བྱུང་སྟེ། བསྐལ་པ་ཆེན་པོ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་སྒྲོན་མ་ཆེན་མོའི་འོད་ཟེར་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་ བུ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནི་དེའི་ཚེ་དེའི་དུས་ན་རྡོ་རྗེ་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ནི་བྱང་ཆུབ་སེམས་དཔའ་ 100-1-103a བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་ལ་མུན་པ་མུན་ནག་རྣམ་པར་སེལ་བ་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་གསང་བ་འཆད་དོ། །རྡོ་རྗེ་འཆང་གི་རིགས་འཇིག་རྟེན་གྱི་ཁམས་རབ་འབྱམ་ དཔག་ཏུ་མེད་པ་ནས་འདུས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་རྡུལ་ཕྲ་རབ་སྙེད་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་བསྔགས་པ་དཔག་ཏུ་མེད་པ་བསྟན་པའི་ཕྱིར་འཛུམ་པ་མཛད་དོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་ཆེན་པོའི་ཁྱུ་མཆོག་ཏུ་ གྱུར་པ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་འཁོར་དུ་འདུས་པ་དེ་ཉིད་དུ་འདུས་པར་གྱུར་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་ཡར་ལངས་ཏེ། ཏོག་ཡངས་པ་ཆེན་པོ་རབ་འབྱམ་གྱི་འོག་གི་ཕྱོགས་ནས་ཕྱག་རྒྱ་ཆེན་པོ་བསྒྱུར་ནས་རྡོ་རྗེ་བླངས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ ཡས་པ་རྒྱ་མཚོ་རྣམ་པ་བཅུ་ཡང་དག་པར་བསྐུལ་ནས་དེ་དག་གིས་རྒྱལ་པོ་བསྒྱིངས་པར་བསྒྱུར་བས་རྒྱ་མཚོ་ཆེན་པོ་བསྡུ་བའི་ཚུལ་གྱི་ང་རྒྱལ་ཆེན་པོ་དེས་རྡོ་རྗེ་གསོར་ནས་དུས་ཀྱི་ཐ་མ་འཇིག་པའི་མེ་ལྟ་བུའི་མིག་གི་འཛུམ་ པའི་འོད་ཟེར་འབར་བའི་དཀྱིལ་འཁོར་གྱི་འོག་གི་ཕྱོགས་ཀྱི་ཕྱག་རྒྱ་བསྒྱུར་བས་རྡོ་རྗེ་དེ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་བཞག་སྟེ། ཞབས་གཉིས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་དེ་ལ་འཛུམ་མཛད་པ་ འི་རྒྱུ་དེ་ཞུས་པ། དེ་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་ལ་འཛུམ་པ་བསྟན། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་དང་སྨིན་མཚམས་ཀྱི་མཛོད་སྤུ་ནས་སྔོན་མ་བྱུང་བའི་འོད་ཟེར་ཁ་ དོག་སྣ་ཚོགས་བྱུང་། བཅོམ་ལྡན་འདས་དེའི་སླད་དུ་འཁོར་འདིས་བསྐུལ་ནས་བདག་བཅོམ་ལྡན་འདས་ལ་ཞུ་ཞིང་མཆིས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་བདག་དང་བྱང་ཆུབ་སེམས་དཔའི་ཚོགས་འདི་ལ་ཐུགས་བརྩེ་བའི་སླད་དུ་ 100-1-103b དེ་བཀའ་སྩལ་དུ་གསོལ། རྡོ་རྗེ་བསྒྱིངས་པ་ཆེན་པོ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ལག་ན་རྡོ་རྗེས་དེ་སྐད་ཞུས་པ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་དཔལ་གྱི་བེའུ་ཆེན་པོ་ལས་མཐོན་ཁ་ཆེན་པོ་དང་། བཻ་ཌཱུརྱ་ལྟ་བུ་ འོད་ཟེར་ནོར་བུ་རིན་པོ་ཆེ་ཆེན་པོ་སྐར་མདོག་ལྟ་བུའི་འོད་དང་ལྡན་པ་འོད་ཟེར་ཆེན་པོའི་རྒྱལ་པོའི་དཀྱིལ་འཁོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པར་ཆེར་སྣང་བའི་འོད་ཟེར་གྱི་མེ་ལྕེ་ཕྱུང་ནས་དྲི་མ་མེད་པའི་འོད་ཟེར་རྣམ་པར་ འཕྲོ་བའི་དཀྱིལ་འཁོར་ལས་ལག་པ་གཡོན་པས་རྡོ་རྗེ་བླངས་པ་ལས་གསང་བའི་བདག་པོ་ལག་ན་རྡོ་རྗེ་རིག་པའི་རྒྱལ་པོ་ཆེན་པོ་བྱུང་ངོ་། །ལྕགས་ཀྱུའི་མཚན་ལས་ནི་ལྕགས་ཀྱུ། ཉམས་ལས་ནི་འདོད་པའི་རྡོ་རྗེ་མ། བཀྲ་ཤིས་ལས་ནི་གཡུང་དྲུང་འཁྱིལ་ བ་མཆོག་ཏུ་མཛེས་ཤིང་མེ་འབར་བ་ལྟ་བུ་ལས་ནི་མེ་ཁ་ལ། བྱ་མ་བུམ་ལས་ནི་སེར་མོ། གདུགས་ལས་ནི་རྒྱལ་མཚན་དྲག་པོ། རྡོ་རྗེ་ལས་ནི་དགའ་བ་སྟེ། རྒྱལ་མོ་ཆེན་པོ་ཕོ་ཉ་མོ་དང་འཁོར་དུ་བཅས་པ་བདུན་པོ་དག་བྱུང་ངོ་། །དེ་དག་གི་མདུན་དུ་མ་རུང་ པ་ཁྲོ་བོའི་གཟུགས་སྟོབས་པོ་ཆེ་དང་། ཁྲོ་བོ་ཀཱི་ལི་ཀཱི་ལི་དུས་ཀྱི་ཐ་མའི་རིན་པོ་ཆེ་ལྟ་བུ་རྡོ་རྗེ་ཁུ་ཚུར་ལས་བྱུང་ངོ་། །ལག་ངར་ལས་ནི་ཁུ་ཚུར་རོ། །འཕྲག་པ་འབར་ཞིང་མཛེས་པ་ལས་ནི་རྡོ་རྗེ་གནམ་ལྕགས་ཏེ། དེ་ལྟར་འཁོར་དང་བཅས་པའི་ཕོ་ཉ་མོ་ བཅུའོ། །དེ་བཞིན་དུ་དྲུག་བཅུ་ཕྲག་བཞིར་བསྒྲེའོ། །རྟོགས་པ་དྲི་མ་མེད་པ་འདི་ལྟ་སྟེ། ལག་ན་རྡོ་རྗེ་གཡོག་འཁོར་དང་བཅས་ཤིང་ཕོ་ཉ་མོ་དང་འཁོར་དང་བཅས་པ་བྱུང་ནས་དམ་ཚིག་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་ལས་དེས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཐོག་མར་དེ་བཞིན་གཤེགས་པས་ སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བཅུ་དང་། གསང་བ་མཐའ་ཡས་དཀྲིགས་ཕྲག་བྱེ་བ་དང་ལྡན་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་གདུལ་དཀའ་བ་རྣམས་འདུལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་ 100-1-104a འཁོར་དམ་ཚིག་ཅན་འདུས་ཏེ་དཀྱིལ་འཁོར་དུ་བཤད་དོ། །རྟོགས་པ་དྲི་མ་མེད་པ་དེ་ཚུན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གམ་དུ་བདུད་ ཕམ་པར་མཛད་ནས་བསྟན་པ་ཀུན་དུ་བཟང་བར་གྱུར་ཏོ། །རྟོགས་པ་དྲི་མ་མེད་པ་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེའི་འོག་ཏུ་བསྐལ་པ་དགུ་བཅུ་རྩ་དྲུག་པ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་གསུང་རབ་ལ་བདུད་ཅི་ཡང་མི་སྨྲ་བ་ཞེས་བྱ་བ་དེ་བྱུང་ངོ་། །རྟོགས་པ་དྲི་མ་མེད་པ་ལག་ན་རྡོ་རྗེ་དེས་ཡང་བདུད་ ཕམ་པར་བྱས་ནས་དོན་གཟིགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བརྒྱད་བཅུ་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་བསྲུང་བར་བྱས་སོ། །དེ་ཚུན་ཆད་བསྐལ་པ་དགུ་བཅུ་རྩ་དྲུག་ལྷག་ པ་ཞིག་འདས་ནས་སངས་རྒྱས་གསེར་དུ་སྣང་བས་རྣམ་པར་རོལ་པ་ཞེས་བྱ་བ་བསྐལ་པ་བྱེ་བ་ཕྲག་དྲུག་བཅུ་རྩ་བརྒྱད་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་ཀུན་དུ་བསྲུངས་པར་གྱུར་ཏོ། །དེའི་འོག་ཏུ་དེར་བསྐལ་པ་སྟོང་སྙེད་འདས་ནས་ ལག་ན་རྡོ་རྗེ་འདི་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་གསང་བ་འཛིན་པ་དང་བསྟན་པ་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་སྦྱར་ཏེ་ཐ་མར་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང་། རྣམ་པར་གཟིགས་དང་ཐམས་ཅད་སྐྱོབ་དང་གསེར་ཐུབ་དང་ དེ་བཞིན་དུ་ལོག་པར་དད་སེལ་དང་མི་འཁྲུགས་པ་དང་འོད་བསྲུངས་ལ་སོགས་པ་དང་ངའི་བསྟན་པ་ལ་ཡང་མ་དུལ་བ་དང་། དེ་བཞིན་དུ་གསང་བ་འཛིན་ཅིང་བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ཏུ་སངས་རྒྱས་ཀྱི་ མཛད་པ་བྱེད་དེ། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ལ་དེ་བཞིན་དུ་མཐར་གྱིས་ཐབས་འདིས་བསྟན་པ་ལ་བྱ་བ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། 100-1-104b རྡོ་རྗེའི་རྩལ་གྱིས་འགྲོ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་ལ་འབྱུང་པོའི་བདག་པོ་དབང་ལྡན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རིག་པ་མཆོག་གི་ལས་སྩལ་བར་བགྱིའོ། །མ་གོད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་གཟུང་བས་སངས་རྒྱས་ཀྱི་སྐུ་གཟུགས་ གསེར་གྱི་ཁ་དོག་ལྟར་འདིར་སྩལ་ཏོ། །དེ་བཞིན་གཤེགས་པའི་གཡས་ལོགས་སུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་ན་རྡོ་རྗེའི་གཡས་རོལ་དུ་ནི་ཕོ་ཉ་མོ་བཅུ་གཉིས་ཏེ། རྒྱལ་བའི་བློ་གྲོས་མ་དང་མེ་ཁ་ལ་ནི་སྔོ་བསངས་སོ། ། རྡོ་རྗེ་གདོང་དང་རྡོ་རྗེ་ལྟེ་བ་དང་གདོང་དཀར་མོ་དང་རྡོ་རྗེ་སེར་མོ་དང་ནག་མོ་དང་གྱེན་དུ་ལྟ་བའི་གདོང་ནི་གསེར་མདོག་གོ། རྡོ་རྗེ་སེང་གེའི་ཁྲི་དང་རྡོ་རྗེ་ལྡན་མ་དང་ཤུགས་ལྡན་མ་དང་། རྡོ་རྗེ་བཞད་མ་ནི་དམར་མོར་བྲི་བར་བགྱི་སྟེ། ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ ཀྱིས་བརྒྱན་པར་བགྱིའོ། །བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་དབང་ཕྱུག་ཆེན་པོ་མདོག་དཀར་པོ་རལ་པ་ཅན་མཚན་མ་བསྒྲེང་བ། དཀའ་ཐུབ་ཟློག་པ་དང་ལྷན་ཅིག་བྲི་བར་བགྱིའོ། །འབྱུང་པོ་མདོག་དམར་པོ་མི་སྡུག་པ་བཞི་ཡང་བྲི་བར་བྱའོ། །ཕྱིས་རིག་སྔགས་ འཆང་གིས་དུས་གསུམ་དུ་ཁྲུས་བགྱི་ཞིང་ཟླ་བ་གཅིག་གི་བར་དུ་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བགྱི་ཞིང་ཟས་སུ་ཆུ་སྐྱོ་བཏུང་བར་བགྱིའོ། །ཐ་མར་ལུས་སྦྱང་བར་བགྱི་སྟེ། དེའི་འོག་ཏུ་ཞག་གསུམ་བསྙུང་བ་བགྱིས་ལ། གནས་བཞིར་བསྙེན་བཀུར་བྱེད་པ་ བཞི་གཞག་གོ། ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་རྩྭ་ཀུ་ཤ་སྦམས་པའི་སྟེང་དུ་འདུག་ལ། མཆོད་པ་རྒྱ་ཆེར་བགྱིས་ལ་གཏོར་མ་ཡང་ཤིན་ཏུ་རྒྱ་ཆེར་བགྱིའོ། །ལྕེ་པོག་གི་བདུག་པས་བདུག་གོ། རི་མོའི་སྐུ་ གཟུགས་ཀྱི་སྤྱན་སྔར་ཨརྐའི་ཤིང་གིས་ཞུགས་བུས་ལ། མེ་ཏོག་དཀར་པོ་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་པས་མེ་ཏོག་དག་བྱུང་གི་བར་དུ་སྦྱིན་སྲེག་བགྱིའོ། །དེའི་འོག་ཏུ་ཨུཏྤལ་སྔོན་པོ་ལྟ་བུའི་རལ་གྲི་བྱུང་གི་བར་དུ་ལྕགས་ཕྱེས་སྦྱིན་ 100-1-105a སྲེག་བགྱིའོ། །དེ་བླངས་མ་ཐག་ཏུ་སྐྲ་ལྕང་ལོར་འཁྱིལ་བར་འགྱུར། ལོ་བཅུ་དྲུག་པ་ལྟ་བུར་འགྱུར། ཉི་མ་འཆར་བའི་འོད་ལྟར་འགྱུར། དཔོན་གཡོག་དྲུག་ནམ་མཁའ་ལ་མཆི་བར་འགྱུར་རོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །དེ་བཞིན་དུ་ གྲོགས་རྣམས་ཀྱང་དཔག་ཚད་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ། །དེ་བཞིན་དུ་འོག་མ་དབང་ཕྱུག་ཆེན་པོའི་རལ་གྲི་བསྒྲུབ་པར་བགྱིའོ། །གཞན་ཡང་རལ་གྲི་བསྒྲུབ་པ་ནི་ཟླ་བ་གཅིག་སློང་མོའི་ཟས་ཟ་ཞིང་། ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ལ་ རི་མོའི་གཟུགས་ཀྱི་མདུན་དུ་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ཞག་གསུམ་སྨྱུང་བ་བགྱིས་ཏེ་རལ་གྲི་མ་ཆག་ཅིང་འཕན་མེད་པ་བླངས་ལ་རལ་གྲི་ལག་པ་གཡས་ན་ཐོགས་ཏེ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་བླངས་པ་ཙམ་ གྱིས་ནམ་མཁའ་ལ་འཕག་གོ། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །རིག་སྔགས་འཆང་སྟོང་གི་བདག་པོར་འགྱུར་རོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །གཞན་ཡང་འཁོར་ལོ་བསྒྲུབ་པ་བཤད་པར་བགྱིའོ། །སློངས་མོའི་ཟས་ཟ་ཞིང་ཕྱིས་མར་ གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་གཏོར་མ་དང་ལྷ་བཤོས་ཀྱང་ཤིན་དུ་རྒྱ་ཆེར་སྦྱར་ཅིང་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ལྕགས་སྣ་གསུམ་ལ་འཁོར་ལོ་རྩིབས་ བཅུ་དྲུག་པ་བགྱིས་ལ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །འབར་ནས་ས་གཡོ་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་སྐྲག་པར་འགྱུར་རོ། །དེས་བླངས་པ་ཙམ་གྱིས་སྐྲ་ལྕང་ལོར་འཁྱིལ་ བར་འགྱུར་རོ། །ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །མདོག་ཉི་མ་ཤར་བ་བཞིན་དུ་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །བུད་མེད་བརྒྱད་འབྱུང་བར་འགྱུར་རོ། །དཔོན་གཡོག་བཅུ་དྲུག་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་ གཞན་བརྒྱ་ཡང་འབྱུང་སྟེ་བསྙེན་བཀུར་བགྱིད་པར་འགྱུར་རོ། །གང་གི་གནས་ཆེ་གེ་མོ་ཞེས་བགྱི་བར་མཆི་བར་བསམས་པ་དེའི་ཚེ་འཁོར་ལོ་དཔག་ཚད་ཙམ་དུ་མེ་ལྕེ་འབར་བ་སྟོང་འབྱིན་ཅིང་འགྲོ་སྟེ་བསྡོ་བ་ཅི་ཡོད་པ་ཕུང་བར་འགྱུར་རོ། །ལོ་བརྒྱད་ཁྲི་ཐུབ་པོ། ། 100-1-105b གང་གི་ཚེ་འཆི་བ་དེའི་ཚེ་ལྷའི་ནང་དུ་སྐྱེའོ། །དེ་ནས་རིག་པའི་རྒྱལ་པོ་ལས་ཀྱི་དཀྱིལ་འཁོར་བཤད་པར་བགྱི་སྟེ། བརྟག་པར་བགྱིས་ལ་གནས་མ་ཉམས་པར་ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིའོ། །ཁྲུ་ནི་བཅུ་གཉིས་སྒོ་བཞི་པ། །དེ་བཞིན་དུ་ནི་ཁྲུ་བརྒྱད་ ལ། །དེ་ལ་ཐོག་མར་བྲི་བ་ནི། །རིམ་པ་གཉིས་པ་དམར་པོ་སྟེ། །རིམ་པ་གསུམ་པ་ནག་པོའོ། །དཀྱིལ་འཁོར་དེ་ཡི་བྱང་ཕྱོགས་སུ། །སངས་རྒྱས་བཅོམ་ལྡན་བྲི་བར་བགྱི། །དེ་བཞིན་གཤེགས་དང་ཉེ་བར་ནི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་སྟེ། །རྡོ་རྗེ་ཐོགས་ཤིང་ རིམ་པས་བསྐོར། །སྒོ་རྣམས་ཀུན་དུ་བསྲུང་བར་བགྱི། །སྒོ་བཞིར་སྒོ་བ་རྣམས་བྲིའོ། །ཤར་ཕྱོགས་སུ་ནི་དྲག་པོ་དང་། །གཞོན་ནུ་དང་ནི་མ་མོ་བྲི། །ལྷོ་ཕྱོགས་སུ་ནི་ཁྱབ་འཇུག་དང་། །ཉི་ཟླ་དང་ནི་ཚངས་པ་བྲི། །ནུབ་ཕྱོགས་སུ་ནི་གཤིན་རྗེ་དང་། །ཀ་ཏྱའི་བུ་ མོ་གཏུམ་མོ་བྲི། །བྱང་ཕྱོགས་སུ་ནི་ལྷ་མོ་དཔལ། །དེ་བཞིན་ལྷ་མོ་དབྱངས་ཅན་བྲི། །ལྷ་རྣམས་འདི་དག་ཐམས་ཅད་ནི། །ཇི་སྐད་བཤད་པ་བཞིན་དུ་བྲི། །བྱ་མ་བུམ་མགུལ་ཆིངས་ཅན་གྱིས་བསྐོར་ཞིང་སྒོ་སྒོར་ཡང་བཞག་གོ། དབུས་སུ་གཏུན་ ཤིང་སྐྲའི་སྲད་བུ་དང་བཅས་པ་ཅིག་བཞག་གོ། བྱ་མ་བུམ་གྱི་ལྷོ་ཕྱོགས་སུ་རྡོ་རྗེ་བྲིའོ། །ལྷ་རྣམས་ཀྱང་མཚོན་ཆ་དང་བཅས་པར་བགྱིས་ཏེ། དྲག་པོ་ཡི་ནི་མདུང་རྩེ་གསུམ་པ་བྲིའོ། །གཞོན་ནུ་ཡི་ནི་མདུང་ཐུང་ངོ་། །མ་མོ་རྣམས་ནི་མཆེ་བའོ། ། ཁྱབ་འཇུག་གི་ནི་འཁོར་ལོའོ། །ཟླ་བ་དང་ནི་ཉི་མའི་གཞུ། །ཚངས་པའི་རིལ་བ་སྤྱི་བླུགས་སོ། །གཤིན་རྗེ་ཡི་ནི་བེ་ཅོན་ནོ། །གཞན་དག་མཚོན་ཆ་ཐ་མལ་བའོ། །ཞུགས་ནི་རབ་ཏུ་བུས་ནས་སུ། །བརྒྱད་བརྒྱད་ཚང་བའི་ཡམ་སྲེག་ཤིང་། ། ལྷ་བཤོས་དྲི་དང་བདུག་སྤོས་དང་། །གཏོར་མ་བཙལ་ནས་ལྷ་སྤྱན་དྲང་། །སྦྱིན་སྲེག་འདི་ནི་སྦྲང་རྩི་དང་། །མར་དང་འབྲས་ཡོས་ལན་ཚྭ་དང་། །དེ་བཞིན་ཡུངས་ཀར་རྣམས་ཀྱིས་བགྱི། །ཡུངས་ཀར་གྱིས་ནི་བསྲུང་བ་བགྱི། །གཙང་མའི་གོས་ནི་བགོ་ བར་བགྱི། །མཆོད་པ་དག་ནི་སྔར་བགྱིས་ཏེ། །དེ་ཡི་འོག་ཏུ་ལས་བརྩམ་མོ། །འཇིག་རྟེན་ན་ནི་ཅི་ཡོད་པ། །མནའ་ཚིགས་རྣམས་ཀྱིས་མནས་བསྒག་གོ། དམ་ཚིག་འདི་ལྟར་སུ་སྲུང་བ། །དེ་ལ་ལོག་འདྲེན་ཐམས་ཅད་ཀྱིས་གླགས་མི་རྙེད་ཅིང་ལས་ 100-1-106a ཀྱང་དངོས་གྲུབ་ཏུ་འགྱུར་རོ། །དཀོན་མཆོག་གསུམ་ལ་དད་པས། དཀྱིལ་འཁོར་སྔར་མཐོང་ནས་དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པར་བགྱིའོ། །སུ་ཞིག་གཞན་དུ་བགྱིད་ན་དེའི་རྡོ་རྗེ་ཉིད་ཀྱིས་མཐར་བགྱིས་པར་འགྱུར་རོ། །དཀྱིལ་འཁོར་ གྱི་ཆོ་ག་རྫོགས་སྷོ།། །། རིག་པ་མཆོག་བསྒྲུབ་པ་ནི་འདི་ལགས་ཏེ། ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཐུངས་ལ་ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་སམ་བྱང་ཆུབ་ཀྱི་ཤིང་ངམ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡང་ཅི་ནུས་སུ་མཆོད་དོ། །ཕོ་ཉ་མོ་རྣམས་ཀྱིས་དྲི་དང་མེ་ཏོག་དང་བདུག་པ་དང་གཏོར་མ་སྦྱིན་ནོ། །དེ་ནས་ལྕགས་ཀྱི་རལ་གྲི་བགྱིས་ཏེ། བུད་མེད་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་བུད་མེད་བཅུས་བསྐོར་ནས་ནམ་འོངས་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །འོངས་ནས་གཡོག་འཁོར་དབུལ་ལོ། །རལ་གྲི་དེ་གཡོག་འཁོར་ལ་བཞག་ན་བུད་མེད་དེ་ཆུང་མར་འགྱུར་རོ། །གལ་ཏེ་འཚལ་ན་བུད་མེད་དེ་དག་ཀྱང་ཆུང་མར་འགྱུར་རོ། ། གལ་ཏེ་མི་འཚལ་ན་གཡོག་འཁོར་རྣམས་ལ་སྩལ་ལོ། །གཡོག་འཁོར་རྣམས་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མཆིའོ། །འོག་ཏུ་ཡང་དཔག་ཚད་སྟོང་དུ་ཡང་མཆིའོ། །སྟེང་དུ་ཡང་དེ་བཞིན་ནོ། །རལ་གྲི་དེ་ཐོགས་ན་འཁོར་ལོས་སྒྱུར་བ་མ་གཏོགས་ པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་དོ། །ལོ་ཁྲི་ཐུབ་བོ། །སྒྲུབ་པ་གཞན་ཡང་ཡོད་དེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས་སྨྱུང་བ་བགྱི་མི་དགོས། བུད་མེད་དེ་ལེགས་པར་བསྐུ་ཞིང་མེ་ཏོག་གིས་ཀྱང་མཆོད་ལ་ཕོ་ཉ་མོ་རྣམས་ ཀྱིས་ཀྱང་ལས་བྱའོ། །དེའི་འོག་ཏུ་བུད་མེད་དེ་ཁབ་ཏུ་བཞག་ལ་བུད་མེད་དེའི་རྒྱབ་ཏུ་ཞོན་ཏེ་བུད་མེད་དེ་འགུལ་ཞིང་སྒྲ་འབྱིན་ཡང་འཇིགས་པར་མི་བྱ་ཞིང་། གྱེན་དུ་འཕག་གི་བར་དུ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ། །ཡང་ས་ལ་ལྷུང་ངོ་། །ལྷུང་ནས་དེ་ལས་ བབས་པར་བྱའོ། །དེ་ནས་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྣམས་མཐོང་ངོ་། །དེའི་ནང་ནས་བུད་མེད་གཅིག་ཁས་བུབ་དུ་འདུག་ཅིང་དབུགས་འབྱིན་པ་དེའི་རྒྱབ་ཏུ་ཞོན་ན་ནམ་མཁའ་ལ་འཕག་ཅིང་མདོག་ཉི་མ་ཤར་བ་ལྟར་འགྱུར་རོ། །བུད་མེད་ཀྱི་གློ་ 100-1-106b ལ་རལ་གྲི་འཛམ་བུའི་ཆུ་བོའི་གསེར་གྱིས་བརྒྱན་ཅིང་མུ་ཏིག་དང་རིན་པོ་ཆེས་སྤྲས་པ་འཕྱང་ངོ་། །ལས་འདི་ནི་རྒྱལ་མཚན་དང་འདྲའོ་ཞེས་སྨྲས་ནས་བྱའོ། །ལེ་ལོ་ཅན་དང་བྱས་པ་མི་བཟོ་བ་རྣམས་ཀྱིས་ལས་འདི་མི་བྱའོ། །གང་ནུས་པ་བརྟན་ཞིང་མཐུ་སྟོངས་ དང་ལྡན་པ་རྩོལ་བ་ངེས་པར་བྱས་པས་ལས་འདི་བརྩམ་པར་བྱ་སྟེ། ལས་འདི་སྒྲུབ་པ་པོས་རྟག་ཏུ་གོ་ཆ་སྲ་བ་དང་། ཚངས་པར་སྤྱོད་པར་བྱ་ཞིང་ཉ་དང་ཤ་ཡོངས་སུ་སྤང་བར་བྱའོ། །རིག་སྔགས་འཆང་གིས་ལྡོང་རོས་སྒྲུབ་པའི་ཚེ་གལ་ཏེ་སྟོན་ན་དེ་དགུག་ པའི་ཕྱིར་འདི་བརྩམ་པར་བྱ་སྟེ་རིག་སྔགས་འཆང་གྲུབ་པ་འམ། ཀླུ་འམ་གནོད་སྦྱིན་ནམ། ཤ་ཟ་འམ་གྲུལ་བུམ་ཡང་རུང་སྟེ། དབབ་པ་བྱས་པ་དེ་ལ་གང་གིས་རྫས་ཁྱེར་བ་དེས་ང་ལ་སླར་བྱིན་ཅིག་དང་ཕུང་བར་མི་བྱའོ་ཞེས་བརྗོད་པར་བྱའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཟངས་པོ་ཆེ་བཙུགས་ལ་འབྲུ་མར་བླུགས་ཏེ་བསྐོལ་ལ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱས་ན་རིག་སྔགས་འཆང་གྲུབ་པ་ཡང་རུང་། གང་ཡིན་པ་དེ་དེར་འོང་ཞིང་འོངས་ ནས་ཀྱང་སླར་འབུལ་ལ་དེ་ལ་ཅི་ཡང་མི་བྱའོ། །གལ་ཏེ་མི་འོང་ན་ཕྱིས་སྙིང་པོས་ཡན་ལག་དང་ཉིན་ལག་རྣམས་བཏུབ་ཏེ་བཞག་གོ་སྲུང་བ་བྱས་པའི་ཆོ་གས་བྱའོ། །གཞན་དུ་ན་མ་རུངས་པར་འགྱུར་རོ། །གལ་ཏེ་སྲུང་བ་མ་བྱས་ན་གྲུབ་པ་རྣམས་ ཀྱིས་མ་རུངས་པར་བྱེད་དོ། །ཡན་ལག་དང་ཉིད་ལག་གཏུབས་པས་འོང་ཞིང་རྫས་ཀྱང་སྦྱིན་པར་བྱེད་དོ། །འདི་སྐད་དུ་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་སྨྲས་སོ། །དེ་སླར་གསོ་བའི་ཕྱིར་འབྲུ་མར་གྱི་ཟངས་པོ་ཆེ་ལས་འབྲུ་མར་ བླངས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྙིང་པོས་སྲེག་བླུགས་ལན་སྟོང་སྦྱིན་སྲེག་བྱས་ན་སོས་ཤིང་དབང་དུ་ཡང་འགྱུར་རོ། །དབྱིག་དུག་བསལ་བར་འདོད་ན་ལག་པ་དང་རྐང་པ་སྣོད་དུ་བཅུག་ལ་རླུང་གཡབ་ཀྱིས་གཡབས་ ཏེ་གང་དུ་འདོད་པ་དེར་རིག་པའི་རྒྱལ་པོ་བཟླས་བརྗོད་བགྱིས་ན། དབྱིག་དུག་བྱུང་ཏེ་ནད་མེད་པར་འགྱུར་རོ། །མིག་སེར་གྱི་ནད་བསལ་བར་འདོད་ན། ཆུ་ལ་ལན་བདུན་བསྔགས་ལ་སྐོམ་དུ་བླུད་ན་འཚོའོ། །མིག་ནད་བསལ་བར་འདོད་ན་ 100-1-107a མེ་ཏོག་རྩ་བ་རིང་པོ་དག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་སྔགས་ཀྱིས་བཏབ་ལ་སྣོད་དུ་བཅུག་ན་འཚོའོ། །དེ་ནས་རིག་པའི་རྒྱལ་པོའི་མཆོག་ལག་ན་རྡོ་རྗེ་ལ་ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་ཏུ་རིག་པ་མཆོག་འདི་འཆང་ངམ། བཅོམ་ལྡན་འདས་གང་གིས་བདག་ལ་འཁྱམ་ཞིང་སེམས་ཅན་རྣམས་ལ་ཡང་གླགས་རྙེད་པར་འགྱུར་བར་བདག་ལ་མི་གཟིགས་སམ། དེ་ནས་གནོད་སྦྱིན་གྱི་དབང་པོ་ ལག་ན་རྡོ་རྗེས་ལོག་འདྲེན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཉོན་ཅིག་གང་དག་དམ་ཚིག་མི་ཤེས་པར་དེའི་རིག་པའི་ཆོ་ག་རྒྱས་པར་ཀློག་པ་དེ་དག་ཁྱེར་ཅིག །གང་དག་གཅིག་གི་ལྷག་མ་གཅིག་ཟ་བ་དང་། ལྷ་ལ་ཕུལ་བའི་དྲི་དང་བདུག་པ་དང་། མེ་ཏོག་ལ་སྤྱོད་པ་དེ་དག་ཁྱེར་ཅིག །གང་དག་ངའི་དམ་ཚིག་ཤེས་པ་དང་ཆོ་ག་རྒྱས་པ་ལས་བྱུང་བ་བཞིན་དུ་སྤོང་བར་བྱེད་པ་དང་། གང་དག་རིག་པ་མཆོག་རྡོ་རྗེའི་རིག་སྔགས་དང་བཅས་གསང་ཆེན་དང་བཅས་པར་འཛིན་ པ་དེ་དག་ལ་གླགས་མ་འཚོལ་ཅིག་ཆུད་མ་གསོན་ཅིག །དེ་སྐད་ཐོས་པ་དང་། ལོག་འདྲེན་དེ་དག་ཅ་ཅོ་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། ལག་ན་རྡོ་རྗེའི་རྐང་པ་ལ་ཕྱག་བྱ་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པ་ པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏད་ཡ་ཐཱ། ཧུ་རུ་བཛྲ་པཱ་ཎི་ཧུ་རུ་བཛྲ་པཱ་ཎི་ཏྲོ་ཊ་ཐ་ཡ་བཛྲ་པཱ་ཎི་སྥོ་ཊ་ཡ་བཛྲ་པཱ་ཎི། ད་ཧ་པ་ཙ་མ་ཐ་བཛྲ་པཱ་ཎི་སྭཱ་ཧཱ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་འཕགས་པ་ ལག་ན་རྡོ་རྗེ་བྲི་བར་བྱ་སྟེ། པྲི་ཡང་ཀུ་ལྟར་སྔོ་བསངས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡོག་འཁོར་ལོག་འདྲེན་བཞི་བཅུ་བྲི་བར་བྱ་སྟེ། ཁ་དོག་སྣ་ཚོགས་པ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་བ་བྲི་བར་བྱའོ། །སྣ་དཀར་ ལ་གཅུ་བར་བྱའོ། །དེའི་འོག་ཏུ་རིག་སྔགས་འཆང་གི་མར་གྱི་ངོ་ཞག་བཅུ་བཞི་ནས་བརྩམས་ཏེ། བའི་རྣམ་ལྔས་ལུས་སྦྱང་བ་བྱས་ལ། དུས་གསུམ་དུ་ཁྲུས་བྱ་ཞིང་རི་མོའི་གྐུ་གཟུགས་ཀྱི་མདུན་དུ་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། ། 100-1-107b ཟླ་བ་ཕྱི་མ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ཏེ་ལོག་འདྲེན་རྣམས་ལ་ཡང་བག་ཆོས་པར་པ་ཏ་ཀ་དང་། མོ་ཀ་ཀ་ད་དང་པུ་པ་ལི་ཀ་དང་རྩ་བ་དང་ཤིང་ཏོག་ གཞན་དག་ཀྱང་ཕུལ་ལ། ལག་ན་རྡོ་རྗེའི་མདུན་དུ་གནའ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་ལ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །འོག་དང་རི་མོའི་སྐུ་གཟུགས་འགུལ་ཞིང་ཧ་ཧ་ཞེས་བྱ་བའི་སྒྲ་གྲག་ཏེ། དེ་ལ་ཡང་འཇིགས་པར་མི་བྱའོ། ། ཡང་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེ་ནས་མི་མི་སྡུག་པ་ཞིག་འོང་སྟེ་དེ་ལ་ཡང་འཇིགས་པར་མི་བྱའོ། །རྡོ་རྗེ་བཞད་མས་སྨྲར་བཅུག་ན་དེ་ཅི་ཞེས་སྨྲས་སོ། །དེས་ལག་ན་རྡོ་རྗེའི་མདུན་དུ་གང་སྨྲས་པ་དེ་དྲན་པར་བགྱིས་ལ་དེ་བཞིན་གྱིས་ཤིག་ ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་རོ། །དེའི་འོག་ཏུ་རིག་སྔགས་སྒྲུབ་པ་ལ་ལོག་འདྲེན་དེ་དག་དངོས་གྲུབ་སྦྱིན་པར་འགྱུར། ཉིན་གཅིག་བཞིན་ཀར་ཤ་པ་ནི་ཉི་ཤུ་སྦྱིན་པར་འགྱུར། དབང་དུ་ཡང་འགྱུར་ཡིད་ལ་ གང་ཅི་བསམས་པ་དེ་ཐམས་ཅད་བྱེད་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་བརྗོད་པར་བགྱིའོ། །གང་དག་རིག་པ་མཆོག་གི་ཆོ་ག་རྒྱས་པར་བསྒྲུབ་པར་བགྱི་བ་དང་། མཆོད་པར་བགྱིད་པ་དེ་དག་ལ་ཅི་ཡང་མི་བགྱིའོ། །འདོད་པ་ཐམས་ ཅད་ཟ་ཞིང་སྒྲུབ་པ་དེ་ལ་དངོས་གྲུབ་སྩལ་ཏོ། །གང་དག་བདག་ཅག་གི་གསང་སྔགས་འཆང་བ་དེ་དག་ལ་ལོག་འདྲེན་ནམ། ལོག་འདྲེན་གྱི་བུའམ་ལོག་འདྲེན་གྱི་འཁོར་གང་ལ་ལ་ཞིག་གླགས་ལྟ་བ་འམ། གང་གླགས་རྣམ་པར་ཚོལ་བ་ དེའི་མགོ་ཚལ་པ་བརྒྱར་འགས་སོ། །བཅོམ་ལྡན་འདས་བདག་ཅག་གིས་མི་སྙན་པ་བརྗོད་པར་བགྱིའོ། །སྒྲུབ་པའི་དུས་ན་གསང་སྔགས་འདི་ཉིད་ཀྱིས་མེ་ཏོག་ལ་ལན་བདུན་སྔགས་ཀྱིས་བཏབ་ལ་སྩལ་བར་བགྱིས་ན་ལོག་འདྲེན་ཐམས་ ཅད་དངོས་གྲུབ་སྩོལ་ཏོ། །སྔགས་འདི་ཉིད་ཀྱིས་གཞན་ལ་བགེགས་བགྱིད་དོ། །སྐར་མ་འདམ་མི་འཚལ་སྨྱུང་བ་བགྱི་མི་འཚལ་ལོ། །ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་བགྱིས་པའི་སྣུམ་ཁུར་ཕུ་པ་ལ་ཀ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ལ་འདི་སྐད་ 100-1-108a དུ་ཆེ་གེ་མོ་ཞེས་བྱ་བའི་བགེགས་གྱིས་ཤིག་ཅེས་བརྗོད་ན་དེའི་ཚེ་ལོག་འདྲེན་དེ་དག་དགའ་ཞིང་མགུ་བར་གྱུར་པའི་ཡིད་ཀྱིས་བགེགས་བགྱིད་དོ། །བསམས་ན་ཞི་བར་འགྱུར་རོ། །ཅི་སྟེ་ལོག་འདྲེན་རྣམས་མཐོང་བར་འཚལ་ན། མར་གྱི་ངོ་ཞག་བརྒྱད་ལ་ ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། དུར་ཁྲོད་དུ་མཆིས་ལ་འགལ་བ་བླངས་ཏེ། དྲི་དང་མེ་ཏོག་དང་བདུག་པས་བརྒྱན་པ་བགྱིས་ལ་རིག་པ་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་དགུང་ཕྱེད་ཀྱི་དུས་ན་ལོག་འདྲེན་རྣམས་མཆི་སྟེ། དེ་དག་ལས་རྡོ་རྗེ་ལྟེ་བས་ དྲི་སྩལ་བར་བགྱིའོ། །མེ་ཁ་ལས་མེ་ཏོག་སྩལ་བར་བགྱིའོ། །རྡོ་རྗེ་བཞད་མས་སྨྲར་སྩལ་ཏེ། འདི་སྐད་སེམས་དང་བར་གྱིས་ཤིག་ཅེས་བརྗོད་ན་ལོག་འདྲེན་དེ་དག་རྩེ་ཞིང་དགོད་དོ། །དེ་ནས་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བགྱིས་ན་དེ་དག་མི་འགུལ་ཏེ་འདི་ སྐད་དུ་ཁྱེད་སེམས་དང་བར་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེའི་འོག་ཏུ་རིག་པ་ལ་བགེགས་མི་བགྱིད་དོ། །སྔགས་འདི་ཉིད་ཀྱིས་སྐྱེས་པ་དང་བུད་མེད་དབང་དུ་བགྱི་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་ རྩེའི་མདུན་གྱི་དོག་ས་བླངས་ལ་གཟུགས་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཐབ་ཁུང་བགྱིས་ལ་ཐབ་ཁུང་གི་ནང་དུ་དགོན་པའི་བ་ལང་གི་ལྕི་བས་ཞུགས་བུས་སྟེ་ཞུགས་ཀྱི་ནང་དུ་གཟུགས་སྩལ་ལ་དེའི་སྟེང་དུ་ལན་ཚྭའི་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་ བགྱིས་ཏེ་དགུང་བདུན་དུ་དུས་གསུམ་ན་དབང་དུ་འགྱུར་རོ། །བགེགས་བརྒྱད་ཁྲི་གཙུག་ཕུད་འཕྱང་བ་ཞེས་བགྱི་བའི་བགེགས་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བགེགས་བགྱིད་པ་ལགས་ཏེ། དེའི་བར་དུ་བསྒྲུབ་པར་བགྱིའོ། །བསྒྲུབ་ པའི་དུས་ན་རིག་སྔགས་འཆང་གིས་གྲོག་མཁར་གྱི་དོག་ས་ལས་གཙུག་ཕུད་འཕྱང་གི་སྐུ་གཟུགས་བགྱིས་ལ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། ཞོ་དང་འོ་མས་བཀྲུས་ལ་མེ་ཏོག་དང་བདུག་པས་མཆོད་དེ། རིག་པ་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་ཡིད་དགའ་ནས། འཇིག་རྟེན་གྱི་འཕྲུལ་པོ་ཆེས་དངོས་གྲུབ་སྩོལ་ཏོ། །དགོས་པ་ཞིག་གྲུབ་ན་ཡང་དེ་ལ་དངོས་གྲུབ་སྩོལ་ཏོ། །ལོག་འདྲེན་གྱི་སྒྲུབ་པ་རྫོགས་སྷོ།། །།རིག་སྔགས་འཆང་གིས་ནོར་ 100-1-108b བསྒྲུབ་པ་དང་། ལས་བྱང་བར་བགྱི་བར་འཚལ་ན་བ་ལང་གི་ལྷས་སུ་མཆིས་ལ་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཟས་སུ་འོ་སྐྱོ་འཚལ་ཞིང་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོ་ཚངས་པའི་གདུགས་ཀྱི་གུང་ལ་ལྕེ་སྤྱང་མོ་སྒྲ་འབྱིན་ཏེ། སྒྲ་ལན་ལྔ་བརྒྱ་འབྱིན་ཏོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཏི་ན་ར་སྟོང་རྙེད་ཅིང་ལས་ཀྱང་བྱང་བར་འགྱུར་རོ། །ཅི་སྟེ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མཐོང་བར་འཚལ་ན་པད་མའི་རྫིང་དུ་མཆིས་ལ་ཡར་གྱི་ངོ་ཞག་བདུན་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་ འཐུང་ཞིང་ལན་སུམ་སྟོང་བཟླས་བརྗོད་བགྱིས་ན་ཉིད་ཀྱིས་ལག་ན་རྡོ་རྗེ་མཐོང་ངོ་། །མེ་ཁ་ལ་བཟླས་བརྗོད་བགྱིས་པས་མེ་ཏོག་དབུལ་ལོ། །རྡོ་རྗེ་བཞད་མས་སྨྲར་སྩལ་ཏེ། རིག་སྔགས་འཆང་གིས་འདི་སྐད་དུ་བཅོམ་ལྡན་འདས་བདག་ཡོངས་སུ་བསྐྱབ་ ཏུ་གསོལ་ཞེས་བརྗོད་དོ། །དེ་འདི་སྐད་དུ་བུ་དེ་ཅི་བྱ་ཞེས་བརྗོད་པ་དང་། དེ་ནས་བཅོམ་ལྡན་འདས་ཡིད་ཀྱིས་གང་བསམས་པ་དེ་ཐོབ་པར་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཡིད་ལ་ གང་བསམས་པ་དེ་ཐམས་ཅད་འགྲུབ་བོ། །བྱིས་པ་ལོག་འདྲེན་གྱིས་ཟིན་ན་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་སྤོས་ཆུས་བཀྲུས་ན་གཏོང་ངོ་། །གལ་ཏེ་ལོག་འདྲེན་གྱི་གནས་སྒྲུབ་པར་འཚལ་ན་རིག་སྔགས་ འཆང་གིས་ཡར་གྱི་ངོའི་ཉ་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྙུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་ཅི་འབྱོར་པས་མཆོད་དེ། མེ་ཏོག་ དཀར་པོ་སྟོང་གིས་མཚན་མ་བསྣུན་ན་མཚན་རྒྱར་འགགས་ཏེ། དེ་ནས་ལོག་འདྲེན་གྱི་ལས་དངོས་གྲུབ་ཏུ་འགྱུར་རོ། །ལོག་འདྲེན་རྣམས་ངག་ཉན་པར་ཡང་འགྱུར་རོ། །ལོག་འདྲེན་རྣམས་གསད་དོ་སྙམ་དུ་ཁྲོས་པའི་ཡིད་ཀྱིས་བཟླས་བརྗོད་བགྱིས་ ན་ལོག་འདྲེན་རྣམས་འགུམ་མོ། །གང་དུ་བསྒོམས་པ་དེར་ཐམས་ཅད་བགྱིད་དོ། །ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ནང་པར་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །གདུགས་ཀྱི་གུང་ལ་ 100-1-109a ཡང་དེ་བཞིན་དུ་བགྱིའོ། །ཕྱེ་མ་རེད་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དེ་ལྟར་དགུང་བདུན་དུ་བགྱིས་ན་བདུན་པའི་གདུགས་ལ་ཏི་ན་ར་སྦྱིན་པར་བགྱིད་དོ། །ཅི་ནུས་ཀྱིས་མཆོད་པར་བགྱིའོ། །ཟས་སུ་འོ་སྐྱོ་འཐུང་བར་བགྱིའོ། ། ཡར་གྱི་ངོ་ཚེས་ལྔ་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་སྔ་དྲོ་ནས་ཕྱི་དྲོའི་བར་དུ་བཟླས་བརྗོད་བགྱིས་ན་ཏི་ན་ར་ཅིག་རྙེད་དོ། །ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་ཡུངས་ཀར་འབྲུ་སྟོང་ ལས་རྡོ་རྗེ་བགྱིས་ཏེ། ཁམ་ཕོར་དུ་སྩལ་ལ་ལོ་མས་ཁ་བཅད་དེ། རིག་པ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །རས་ཟུང་གཅིག་སྩོལ་གྱི་བར་དུ་བཞག་གོ། དེ་ནས་མཚེ་འུར་འདོར་ངོ་། །ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ བར་རྐེད་པ་ནུབ་ཙམ་གྱི་ཆབ་ཏུ་ཞུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། རས་ཟང་ཅིག་སྩོལ་བར་བགྱིད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ། ཤིང་བ་ལི་བའི་ ཞུགས་ཤིང་གིས་ཞུགས་བུས་ཏེ་གནའ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཏི་ན་ར་སྩོལ་བར་བགྱིད་དོ། །ཡར་གྱི་ངོ་ཚེས་བཅུ་གསུམ་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་མཆོད་པ་བགྱིས་ཏེ། ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། རས་ཟུང་གཅིག་རྙེད་དོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་གསན་དུ་གསོལ། ཡོན་ཏན་བསམ་ གྱིས་མི་ཁྱབ་པའི་ལས་བརྗོད་པར་བགྱིའོ། །དགུང་གསུམ་དུ་སྨྱུང་བ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ནྱ་གྲོ་དྷའི་ཤིང་གཅིག་པུ་མཆིས་པར་མཆིས་ལ། དྲི་དང་མེ་ཏོག་དང་བདུག་པས་བརྒྱན་པར་བགྱིའོ། །ཕོ་ཉ་མོ་རྣམས་ཀྱིས་ ཐམས་ཅད་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་རས་ཡུག་མ་གོད་པས་ཤིང་ནྱ་གྲོ་དྷ་དཀྲིས་ལ་རྩྭ་ཀུ་ཤ་སྦམས་པའི་སྟེང་དུ་མཆིས་ཤིང་། རིག་པའི་རྒྱལ་པོ་བརྒྱད་སྟོང་བཟླས་བརྗོད་བགྱིས་པ་དེ་ནས་ཤིང་ནྱ་གྲོ་དྷ་ལས་འོད་ 100-1-109b ཟེར་ཅིག་བྱུང་སྟེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་སྤྱི་བོར་ནུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་རས་ལ་བཏགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ལག་ན་རྡོ་རྗེ་ལ་ཕྱག་བགྱིས་ལ་རས་དེ་ དེ་བཞིན་གཤེགས་པ་ལ་ཕུལ་ན་ཡིད་ལ་བསམས་པ་ཙམ་གྱིས་སྐྱེ་བོ་བདུན་གྱིས་བསྐོར་ཏེ་ནམ་མཁའ་ལ་མཆིའོ། །ཅི་འཚལ་བ་གཟུགས་ཅན་དུ་འགྱུར་རོ། །དཔག་ཚད་སུམ་སྟོང་དུ་གྱེན་དུ་འཕག་གོ། འོག་ཏུ་ཡང་དེ་བཞིན་བསམས་ པ་ཙམ་གྱིས་ལྷའི་རིགས་ཐམས་ཅད་འགུག་པར་བགྱིད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡང་འཚལ་བར་འགྱུར་རོ། །ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་གནས་པར་འགྱུར་རོ། ། ལོ་ཁྲི་བདུན་སྟོང་ཐུབ་པར་འགྱུར་རོ། །དེའི་བསམ་པ་དང་དགོས་པ་ཐམས་ཅད་འབྱོར་པར་འགྱུར་རོ། །རིག་སྔགས་འཆང་གྲུབ་པ་དང་། ས་ལ་གནས་པ་རྣམས་ཀྱི་རྣམ་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གང་གི་ཚེ་ནམ་མཁའ་ལ་གནས་ པ་དེའི་ཚེ་རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །དངོས་གྲུབ་འདིས་ལྷ་ཐམས་ཅད་དང་རིག་སྔགས་འཆང་ཐམས་ཅད་མདུན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ཐམས་ཅད་དངོས་གྲུབ་ ཏུ་འགྱུར་རོ། །འདི་སྒྲུབ་པའི་རིག་སྔགས་འཆང་གི་མཚམས་མ་མཆིས་པ་ལྔ་འབྱུང་བར་འགྱུར་རོ། །གང་གི་ཚེ་འགུམ་པ་དེའི་ཚེ་ལག་ན་རྡོ་རྗེའི་གནས་སུ་མཆིའོ། །ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་ལུས་སྦྱང་བ་བགྱིས་པ་ལ་ཟས་སུ་ འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་ཤམ་ཐབས་སེར་པོ་བགོ་ཞིང་བསྒྲུབ་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་གཏོར་ མའི་ཆོ་ག་རྒྱ་ཆེར་བགྱིས་ལ་མཚན་གྱི་སྟེང་དུ་ཞབས་གཡོན་པ་བཞག་སྟེ། རིག་སྔགས་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་མཚན་ལས་འོད་ཟེར་ཅིག་བྱུང་སྟེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་མགོ་བོར་ནུབ་པར་ 100-1-110a འགྱུར་ཏེ། དེ་ནས་སྐྲ་ལྕང་ལོར་འཁྱིལ་ཞིང་གདུགས་ཤར་བ་ལྟ་བུའི་མདོག་ཅན་གྱི་རིག་སྔགས་འཆང་དུ་འགྱུར་རོ། །ཡིད་ཀྱིས་གར་འཚལ་བ་དེར་མཆི་བར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ཡང་སྟོབས་ དང་ཕ་རོལ་གནོན་པ་དཔག་ཏུ་མ་མཆིས་ཤིང་འབྱུང་པོ་ཐམས་ཅད་དང་། གནོད་སྦྱིན་དང་ཀླུ་ཐམས་ཅད་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པ་ལགས་ཏེ། རིག་པའི་རིགས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་མཆོག་གི་གསང་སྔགས་བཤད་ པར་བགྱིའོ། །ཊཀྐི་ཧཱུྃ་ཛཿའདི་དང་ཕོ་ཉ་མོ་རྣམས་ཀྱིས་ལས་ཀྱི་ཁྱད་པར་བརྗོད་པར་བྱའོ། །སྙིང་པོའི་ལས་རྣམས་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་ བྲི་བར་བགྱིའོ། །དེའི་གཡོན་རོལ་དུ་ཀུན་དགའ་བོ་དང་། གཡས་རོལ་དུ་ལག་ན་རྡོ་རྗེ་རྔ་ཡབ་ཐོགས་པ་བྲི་བར་བགྱིའོ། །བཅོམ་ལྡན་འདས་ནི་གསེར་གྱི་མདོག་ཅན་ནོ། །ཀུན་དགའ་བོ་ནི་སྔོ་བསངས་སོ། །ལག་ན་རྡོ་རྗེ་ཡང་སྔོ་བསངས་ཏེ་ རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པར་བྲིའོ། །དེ་ནས་ཡར་གྱི་ངོ་ནས་དགུང་གསུམ་སྨྱུང་བ་བགྱིས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་ གནའ་མའི་མེ་ཏོག་མར་ལ་བསྙུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། དེ་བཞིན་གཤེགས་པའི་དཔྲལ་བ་ལས་འོད་ཟེར་འབྱུང་སྟེ། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །དེས་ཡིད་ཀྱིས་གང་བསམས་པ་དེ་འབྱོར་པར་འགྱུར་ཏེ། འཁོར་ལོས་སྒྱུར་བ་ཉིད་དམ། རིག་སྔགས་འཆང་ཉིད་ནི་མ་གཏོགས་སོ། །གཏོར་མ་རྒྱ་ཆེར་སྩལ་བར་བགྱིའོ། །མ་བསྒྲུབས་ཀྱང་ལས་རྣམས་སུ་འགྱུར་བ་ལགས་ཏེ། ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་བ་འམ། སྲད་བུ་འམ། ཆུས་ནི་བཀྲུ་བར་བགྱིའོ། །གྲོགས་བསྲུང་ན་སྤྱི་བོར་མདུད་པ་དོར་རོ། །ལན་གསུམ་བཟླས་བརྗོད་བགྱིས་པས་ཡུལ་འཁོར་བསྲུང་ངོ་། །གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་པ་ཆབ་ཏུ་སྩལ་ 100-1-110b བས་ཆུ་སྲིན་ཀུམ་བི་ར་དང་། ཆུ་སྲིན་བཅིང་ངོ་། །ཡལ་གས་ནི་རིམས་ནད་གསོ་བར་བགྱིའོ། །ཆབ་བམ་རྩ་ཀུ་ཤས་ནི་དུག་ལས་གསོ་བར་བགྱིའོ། །བགེགས་དང་ལོག་འདྲེན་ཕུང་བར་བགྱི་བར་འཚལ་བས་སྒྲུབ་པའི་དུས་ན་ ཨཪྐའི་ཤིང་གི་ཞུགས་བུས་ལ་ཀེ་ཚེའི་འབྲུ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལོག་འདྲེན་རྣམས་ཕུང་བར་འགྱུར་རོ། །ཕྱུགས་ཆུང་དབང་དུ་བགྱིས་པར་འཚལ་བས་མདའ་ཐོགས་པ་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་ བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཕྱུགས་ཆུང་གི་ལག་ནས་བཟུང་ན་དབང་དུ་འགྱུར་རོ། །ཆང་མ་རུང་བར་བགྱི་བར་འཚལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་གསེག་མ་ཁྱིམ་གྱི་སྒོར་དོར་རོ། །ཆབ་ལ་མི་འབྱིང་བར་བགྱིས་ན་ ཤིང་ཤ་ལྱ་ཀའི་འབྲས་བུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། སྩལ་ན་ཆབ་ལ་ནི་མི་འབྱིང་བ་བགྱིས་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བར་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཤིང་བིལ་ བའི་བུད་ཤིང་གིས་ཞུགས་བུས་ལ་སྲེག་བླུགས་རྒྱ་སྐྱེགས་ལ་ལན་སྟོང་དུ་བསྐྱར་ཞིང་སྦྱིན་སྲེག་བགྱིས་ན། ནད་རྐོམ་སྐེམས་ཀྱིས་འདེབས་པར་བགྱིད་དོ། །མར་དང་གུ་གུལ་གྱི་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་ བགྱིས་ན་ཞི་བར་འགྱུར་རོ། །ཡར་གྱི་ངོ་ཉ་ནས་བརྩམས་ནས་གདུགས་ཀྱི་གུང་ལ་གོས་གསར་པ་བགོས་ལ། ཟངས་ཀྱི་སྣོད་ཏུ་ཞོ་དང་འབྲས་ཆན་སྩལ་ཏེ། གདོང་གཏུགས་ལ་ བསྟན་ཅིང་། ཕྱུགས་ཆུང་གི་མིང་ནས་ཕྱུང་སྟེ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན། ཕྱུགས་ཆུང་མཆིའོ། །གལ་ཏེ་མི་མཆི་ན་ཕྱུགས་ཆུང་དེ་འགུམ་མོ། །གདུགས་བདུན་དུ་བགྱིའོ། ། འབྲས་ཆན་གྱི་གདུགས་ལ་དབུལ་ལོ། །ཤིང་ཤ་མི་ཕུར་བུ་སོར་བརྒྱད་པ་བླངས་ཏེ། སྲད་བུས་དཀྲིས་ཏེ་ལག་ན་རྡོ་རྗེའི་མདུན་དུ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་གྲུ་མི་འགུལ་བར་བགྱིའོ། །ཞེས་ 100-1-111a བགྱིས་ཏེ་ཆབ་ཏུ་དོར་ན་གྲུ་མི་འགྱུར་བར་བགྱིས་པར་འགྱུར་རོ། །མར་གྱི་ངོ་ཞག་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ། འབྱུང་པོའི་གཏོར་མ་སྩལ་ཏེ། ལྷོ་ཕྱོགས་ཀྱི་ངོས་ལ་ཤུ་དག་ བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཏི་ན་ར་གསུམ་རྙེད་དོ། །ཤུ་དག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་སོ་ཕྲག་དུ་སྩལ་ན་ཤགས་འགྱེད་པའི་ཚེ་གཞན་གྱིས་ལན་མི་ཐེབས་པར་སྨྲ་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ གིའུ་ཝང་ལ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དེས་ཐིག་ལེ་བགྱིས་ཏེ་དཔལ་ཆེ་བར་འགྱུར་རོ་རྒྱལ་པོའི་ཕོ་བྲང་འཁོར་དུ་ལན་ཐེབས་པར་སྨྲ་བར་འགྱུར་རོ། །བུད་མེད་དབང་དུ་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་ བུས་ལ་སྔ་དྲོ་ལན་ཚྭ་ལ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིས་ནས་མིང་ནས་བརྗོད་ན་ཉི་མ་བདུན་གྱིས་འགྲུབ་སྟེ། ཟ་གཅིག་པར་བགྱིའོ། །ཡུགས་ས་མོ་དབང་དུ་བགྱིད་ན་མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ་བཅུའི་བར་དུ་དུས་གསུམ་དུ་ལག་ ན་རྡོ་རྗེའི་མདུན་དུ་ལུང་ཐང་གི་ཤིང་ལ་ཞུགས་བུས་ལ་མོས་སྲན་གྲེའུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །བྲམ་ཟེའི་བུ་མོ་དབང་དུ་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དུ་བ་མ་མཆིས་པའི་མེ་ མདག་ལ་རྒྱ་སྐྱེགས་ཀྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ན། ལག་ན་རྡོ་རྗེའི་མདུན་དུ་དོང་ཁའི་ཤིང་གི་ཞུགས་བུས་ལ་ཡུངས་ཀར་ལ་ལན་ བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །རཱ་ཛ་ནཱ་མ་པ་ཤི་དུ་ཀཱ་མེ་ན་ཤུ་ཀླ་པཉྩི་མེ་མ་ཧོ་ར་ཏ་ཤི་ཏེ་བཛྲ་པཱ་ཎི་སྱ་ཨ་གྷྲ་ཏ་པྲི་ཡཾ་ཀུ་བ་ཏ་ཤེ་རཏ་ནི་མ་པྲ་ཛྭཱ་ལྱ་ཤྭེ་སཪྴ་པཾ་ཨིནྡྲ་ཡ་པནྩི་ཀི་ཀྲི་ཏྱ་བི་ཤྭ་རུ་ཏི་ར་ཨཀྟཱ་ནཱཾ་ཨཥྚ་ས་ཧ་སྲཾ་ཛཱུ་ ཡ་ཤོ་བ་ཏི། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་ཅི་ནུས་ཀྱིས་མཆོད་དེ། རིག་པ་མཆོག་གིས་དྲི་དང་མེ་ཏོག་དང་བདུག་པ་ཐམས་ཅད་ལ་ཕུལ་ལ། དེའི་འོག་ལོགས་སུ་ 100-1-111b རིག་སྔགས་འཆང་གིས་ཤིང་ས་ལ་སེར་པོ་ལས་སྒྲོམ་བུ་བགྱིས་ཏེ། སྒྲོམ་བུ་དེར་ལིག་བུ་མིག་སྩལ་ལ། དྲོ་བར་གྱུར་བ་དང་དུད་བར་འཐུལ་བ་དང་འབར་བའི་བར་དུ་བཟླས་བརྗོད་བགྱིའོ། །དྲོ་བར་གྱུར་ན་དབང་དུ་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་རོ། ། འབར་ན་ནམ་མཁའ་ལ་མཆི་བར་འགྱུར་རོ། །མདོག་གདུགས་ཤར་བ་འདྲ་བར་འགྱུར་རོ། །ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །ལུས་ཞིག་ནས་ལག་ན་རྡོ་རྗེ་མཐོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་དུར་ ཁྲོད་དུ་མཆིས་བ་སྐྱེས་པའི་རོ་མ་སྣད་པ་བླངས་ཏེ། རིག་པ་མཆོག་གི་དྲི་དང་མེ་ཏོག་དང་བདུག་པས་བརྒྱན་པ་བགྱིས་ལ་མགོ་བོ་ཤར་ཕྱོགས་སུ་བསྟན་ཏེ། དེ་ནས་རིག་སྔགས་འཆང་གཅེར་བུར་ཕྱུང་ལ་སྐྲ་བཤིག་སྟེ། དེའི་སྙིང་གར་མཆིས་ལ་མི་ རོའི་ཁར་མིའི་ཐོད་པ་ཡུངས་ཀར་གྱིས་གཏམས་པ་བཞག་ལ་ཡུངས་ཀར་རྣམས་མི་སྣང་བར་གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་དུ་འགྱུར་རོ། །མི་ཐོད་བླངས་ལ་མཚེའུར་བོར་ན་དེ་ནས་ཡིད་ཀྱིས་བསམས་པ་ཙམ་གྱིས་ ནམ་མཁའ་ལ་མཆི་བར་འགྱུར་ཏེ་ནམ་མཁའ་ལ་མཆིའོ། །མི་སྣང་བར་འགྱུར་རོ། །རྒྱལ་པོར་བགྱིད་དོ། །བདག་མི་སྡུག་པར་ཡང་སྟོན་ཏོ། །སླར་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། མདོག་གདུགས་ཤར་བ་ལྟ་བུར་ཡང་སྟོན་ཏོ། ། བདག་གིས་གང་བསམས་པ་དེ་དག་ཐམས་ཅད་འགྲུབ་པོ། །ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་ལག་ན་རྡོ་རྗེ་ལ་དྲི་དང་མེ་ཏོག་ དང་བདུག་པ་རྣམས་དབུལ་ལོ། །གྲོང་གི་ཕུག་རོན་གྱི་ཁར་ལྡོང་རོས་སྩལ་ལ་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དྲོ་བར་གྱུར་པས་ཐིག་ལེ་བགྱིས་ན་ཆབ་ཀྱི་ནང་དུ་དགུང་ཟླ་གཅིག་མཆིས་ཤིང་ ཆབ་ཀྱི་ནང་དུ་བཞག་གོ། གང་མཐོང་བ་དེ་དབང་དུ་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་ཏེ། མི་སྣང་བར་གྱུར་ན་གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །ལོ་སྟོང་ཐུབ་པར་འགྱུར་རོ། །འབར་ན་ནམ་མཁའ་ལ་ 100-1-112a མཆི་བར་འགྱུར་ཏེ། དཔག་ཚད་སྟོང་ཚུན་ཆད་མཐོང་ཞིང་སྒྲ་ཡང་ཐོས་སོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །ལག་ན་རྡོ་རྗེ་གྲུབ་པར་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་གང་བགྱིད་དུ་སྩལ་ཏེ་ལན་ གསུམ་བཟླས་བརྗོད་བགྱིས་པའི་དུ་བས་གསང་ཚིག་སྨྲར་སྩལ་ཏོ། །ཡིད་ཀྱིས་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་སྨྲར་སྩལ་ཏོ། །ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་ གི་ཞུགས་བུས་ལ་ཀུ་མུ་དའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལས་སྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡིད་ཀྱིས་བསམས་པ་དེ་དག་ཐམས་ཅད་འགྲུབ་སྟེ། རིག་སྔགས་འཆང་གི་རྒྱལ་པོ་ཉིད་ནི་མ་གཏོགས་སོ། །མར་གྱི་ངོ་ཞག་ བརྒྱད་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་བའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བགྱིས་ན་རྒྱལ་པོ་ཉིད་དུ་སྩོལ་ཏོ། །ཆོ་ག་འདི་ཉིད་ཀྱིས་རིག་སྔགས་འཆང་ཉིད་ཀྱང་ སྩོལ་ཏོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་མེ་ཏོག་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལས་གྲུབ་པའི་མཆོག་ཏུ་འགྱུར་རོ། །མར་གྱི་ངོ་ ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ལ་ཨརྐའི་མེ་ཏོག་ལས་ལན་འབུམ་སྦྱིན་སྲེག་བགྱིས་ན་ཏི་ན་ར་སྟོང་སྩོལ་ཏོ། །བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་ཟས་སུ་ཆུ་གྲོག་འཚལ་ཞིང་ལན་སུམ་འབུམ་བཟླས་བརྗོད་ བགྱིས་ན་རིག་སྔགས་འཆང་བརྒྱས་བསྐོར་བའི་རིག་སྔགས་འཆང་དུ་འགྱུར་རོ། །འདོད་པ་ཐམས་ཅད་ལོངས་སྤྱོད་དུ་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གང་རིག་པའི་རྒྱལ་པོ་བསྒྲུབ་པར་འཚལ་བ་དེས་མར་ངོ་ཞག་བརྒྱད་ནས་ གཟུང་སྟེ། ཟས་སུ་འོ་སྐྱོ་འཚལ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ཏེ། ཀུ་མུ་ཏའི་མེ་ཏོག་རྒྱས་པ་འབུམ་ཕུལ་ན་དེ་ནས་རིག་སྔགས་འཆང་ལ་ཆུའི་ནང་དུ་ཀླུས་རེག་པར་བགྱིད་དེ་དེ་ལ་འཇིགས་པར་མི་བགྱིའོ། ། 100-1-112b དེ་ནས་བཅོམ་ལྡན་འདས་རིག་པའི་མཆོག་འགྲུབ་པར་འགྱུར་ཏེ། དེ་གྲུབ་པས་ཆོ་ག་རྒྱས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །རིག་པའི་མཆོག་གི་སྙིང་པོའི་ཆོ་ག་རྒྱས་པ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉེ་བའི་སྙིང་པོ་འདི་མཆོག་ཏུ་མི་བཟད་པ་ཆོ་ག་རྒྱས་པ་མང་པོ་རབ་ཏུ་བསྒྲུབ་པ་བགྱིད་པ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་འགལ་བར་བགྱི་བ་མ་ལགས་ པ། འབྱུང་པོ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་མི་ཚུགས་ཏེ་ཕྱིར་ཞིང་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤོད་ཅིག་གནོད་སྦྱིན་གྱི་དབང་པོ་སེམས་ཅན་རྣམས་ ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གནང་གིས་ཤོད་ཅིག །དེ་ནས་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་རྣམ་པར་བལྟས་ནས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་ལྷའི་ཚོགས་རྣམས་ཉོན་ཅིག ། ཉེ་བའི་སྙིང་པོ་འདི་ནི་མཆོག་ཏུ་མི་ཟད་པ་དེ་བཞིན་གཤེགས་པས་ཀྱང་འགལ་བར་མཛད་པ་མ་ཡིན་ཏེ། ཕྱི་ཕྱིར་བཤད་ཀྱིས་ལྷའི་ཚོགས་རྣམས་དེ་ཉོན་ཅིག །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་གསང་ སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ན་མཤྩཎྜ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། དེ་ནས་གསང་སྔགས་སྨྲས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་ཀྱང་ཁ་བུབ་དུ་འགྱེལ་ནས་སྐྱབས་མེད་ཅིང་དཔུང་གཉེན་མེད་དེ་འདར་ཡིད་ཡིད་ནས་གསང་བའི་བདག་པོ་ཅི་ནས་བདག་ཅག་སྲོག་དང་བྲལ་བར་མི་འགྱུར་བར་ བདག་ཅག་ལ་ཡོངས་སུ་བསྐྱབས་དུ་གསོལ་ཞེས་ལག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །ལོག་འདྲེན་རྣམས་ཀྱང་འགུལ་མ་ནུས་ནས་ཡིད་ཀྱིས་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ཅུང་ཟད་འཛུམ་པའི་ 100-1-113a བཞིན་གྱིས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱེད་ལོངས་ཤིག་ངའི་དམ་ཚིག་ལ་ཡང་དག་པར་གནས་པར་གྱིས་ཤིག །དེ་ཐོས་ནས་ལྷ་རྣམས་རབ་ཏུ་དགའ་བའི་བཞིན་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་རྐང་པ་ གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་འདི་ནི་མཆོག་ཏུ་མི་བཟད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དག་དེ་དེ་བཞིན་ནོ། །དེ་ནས་ བཅོམ་ལྡན་འདས་ལ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གི་རིག་པ་འདི་ནི་ལྷ་རྣམས་འཆི་འཕོ་བར་བགྱིད་པ། གནོད་སྦྱིན་རྣམས་ཕུང་བར་བགྱིད་པ། དྲི་ཟ་རྣམས་ཕུང་བར་བྱེད་པ། ལོག་འདྲེན་རྣམས་ངེས་པར་བརླག་པར་ བགྱིད་པ། རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་བགྱིད་པ། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་བདག་གི་ཉེ་བའི་སྙིང་པོ་འདི་ནི་བདག་ལ་ཡང་ཕུར་བུས་ འདེབས་པ་ལགས་ཏེ། བཅོམ་ལྡན་འདས་འགུམ་པར་བགྱིད་པ། བསྐམ་པར་བགྱིད་པ་ཆད་པས་གཅོད་པ་ལགས་སོ། །ལྷ་རྣམས་འཆི་འཕོ་བར་བགྱིད་པ་དང་། གནོད་པར་བགྱིད་པ་དང་། ཕུར་བུས་གདབ་པར་བགྱིད་པར་འཚལ་ བས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་ལས་བརྒྱ་བྱིན་གྱི་གཟུགས་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། དེའི་སྟེང་དུ་ཤིང་ཀུན་གྱི་ཤིང་གིས་ཞུགས་བུས་ལ་པྲི་ཡང་ཀུའི་ ཡམ་སྲེག་ཤིང་ཡུངས་དཀར་གྱི་འབྲུ་མར་ལ་བསྙུགས་པ་ལ་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ལྷ་རྣམས་སོ་སོ་ནས་ཚིག་ཅིང་བརྒྱ་བྱིན་གྱི་གན་དུ་མཆིའོ། །བརྒྱ་བྱིན་ཡང་ལྷ་རྣམས་དབུགས་འབྱིན་ཏེ། གྲོགས་པོ་དག་མ་འཇིགས་ ཤིག་ཅེས་ལྷ་རྣམས་དབུགས་ཕྱུང་ནས་རིག་སྔགས་འཆང་གི་གན་དུ་མཆི་སྟེ་ཕྱིན་པ་དང་། ཚིག་འདི་སྐད་དུ་ཀྱེ་མའོ་རིག་སྔགས་འཆང་ལ་དགེ་སྦྱོང་གི་ཚུལ་མེད་དོ་ཞེས་སྨྲས་པ་དང་། རིག་སྔགས་འཆང་གིས་འདི་སྐད་དུ་ 100-1-113b བཅོམ་ལྡན་འདས་ལག་ན་རྡོ་རྗེས་གང་བཤད་པ་དེ་དྲན་པར་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །དེ་ཐོས་ནས་ཤིན་ཏུ་དགའ་བའི་བཞིན་གྱིས་རིག་སྔགས་འཆང་ལ་རིག་པ་སྩོལ་ལོ། །དེའི་འོག་ཏུ་རིག་སྔགས་འཆང་གི་རིག་པ་མཆོག་གིས་སླར་ བཏང་བར་བགྱིའོ། །རིག་པ་མཆོག་དེས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་བདུན་སྟོང་གིས་བདག་པོ་བསྐལ་པར་གནས་པར་འགྱུར་རོ། །ལྷ་རྣམས་ཀྱང་གཡོས་པར་བགྱིད་པར་འགྱུར་ རོ། །གནོད་སྦྱིན་རྣམས་ཀྱང་ཕུང་བར་བགྱིད་པར་འཚལ་བས་གང་ནས་གནོད་སྦྱིན་ནམ། གནོད་སྦྱིན་མོ་གནས་པ་དེར་མར་གྱི་ངོ་ཞག་བརྒྱད་ལ་མཆིས་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ ལ་ཨ་པ་མརྒའི་ཡམ་སྲེག་ཤིང་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་གདོན་དེ་དག་འབྲོས་པ་དང་ཚུར་ཤེག་ཅེས་བརྗོད་ན་སླར་མཆིའོ། །མཆིས་ནས་ཀྱང་ངའི་བསྙེན་བཀུར་བ་གྱིས་ཤིག་ཅེས་བརྗོད་དོ། །གདུགས་གཅིག་ བཞིན་དུ་ཏི་ན་ར་བདུན་བདུན་སྩལ་ཏོ། །གང་དུ་བསྐོས་པ་དེ་ཐམས་ཅད་བགྱིད་དོ། །དྲི་ཟ་རྣམས་ལྟུང་བར་བགྱིད་པར་འཚལ་བས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་སུ་ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཁམ་པོ་ཛཱའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་མར་དང་བསྲེས་པས་ལན་ཁྲིར་སྦྱིན་སྲེག་བགྱིའོ། །དེ་ནས་ཡི་དགས་ཀྱི་གཟུགས་ཅན་གྱི་མི་ཞིག་མཆིའོ། །མཆིས་ནས་ཀྱང་རྐང་པ་གཉིས་ལ་ཕྱག་བགྱིད་པ་དང་། བདེ་ བར་གྱུར་ཅིག་ཅེས་བརྗོད་པར་བགྱིའོ། །དེ་ནས་མི་དེས་རྐང་པ་གཉིས་ལ་ལིག་བུ་མིག་གཞག་ནས་སླར་མཆིའོ། །ལིག་བུ་མིག་དེས་མིག་བསྐུས་ན་དྲི་ཟའི་གཟུགས་སུ་འགྱུར་རོ། །རྐང་གིས་འགྲོ་བར་འགྱུར་རོ། ། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དྲི་ཟ་རྣམས་ཀྱང་བསྲུངས་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་དོ། །ལོག་འདྲེན་རྣམས་ཀྱང་བརླག་པར་བགྱིད་ན་སྨན་ཨ་ས་དེ་བ་དང་། ཤིང་བ་ལ་ཀར་བ་སའི་ཚིག་གུ་དང་ནེའུ་ལེའི་སྤུ་དང་། སྦྲུལ་ཀོགས་ 100-1-114a རྗེས་པ་དང་རྫས་དེ་དག་གིས་གནོད་སྦྱིན་གྱི་གཟུགས་ལ་བདུག་པར་བགྱིའོ། །རིག་པ་ཡང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། །དེ་ནས་རྨི་ལམ་དུ་ལོག་འདྲེན་རྣམས་བྲེད་ཅིང་ཅི་བྱ་གཏོལ་མེད་པར་མཐོང་ངོ་། །དེའི་ནང་ནས་ མི་ཅིག་འདི་སྐད་ཅེས་ཀྱེ་རིག་སྔགས་འཆང་བདག་ཅག་ལ་གནོད་པ་མཛད་པར་འདི་སྣོམས་ཤིག་ཅེས་སྨྲའོ། །དེ་ནས་ནང་པར་ཏི་ན་ར་ཅིག་སྩོལ་ལོ། །བསྒྲུབ་པའི་དུས་ན་ཡང་བདུག་པ་འདི་ཉིད་ཀྱིས་བདག་ལ་བདུགས་ན་ལོག་འདྲེན་ ཐམས་ཅད་ཉམས་པར་འགྱུར་རོ། །ལོག་འདྲེན་གྱི་ལས་བགྱི་ན་ཡང་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་བགྱིའོ། །རྡོ་རྗེའི་རིགས་སྐྲག་པར་བགྱི་ན་ལྕེ་འབབ་པས་བཅག་པའི་ཤིང་བླངས་ལ་མར་གྱི་ངོ་ཞག་ གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལྕེ་འབབ་པས་བཅག་པའི་ཤིང་གིས་ཞུགས་བུས་ལ་ཁམ་པོ་ཛྭ་ཡི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་འགྱུར་རོ། །རིའི་དངོས་ གྲུབ་ཀྱང་སྩོལ་ལོ། །ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པ་བགྱིད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ་ཅི་ནུས་ཀྱིས་མཆོད་དེ། མཚན་ ལ་ཁྲག་གིས་བསྐུས་ལ་ཁྲོས་པ་དང་བཅས་པས་ལག་པ་གཉིས་ཀས་འཁྱུད་དེ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་མཚན་འགུལ་ལོ། །སྐྲག་པར་འགྱུར་ཞིང་རང་གི་ཆོ་ག་རྒྱས་པ་རྣམས་ཀྱིས་དངོས་གྲུབ་སྩོལ་ཏོ། ། དེ་ལྟར་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེ་ལ་ཕུར་བུས་བཏབ་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་ཁམ་པོ་ཛཱའི་ཡམ་ བགྱིས་ན་སྲེག་ལུགས་གསུམ་པའི་ཚེ་འདར་རོ། །བརྒྱས་ཚར་གཅོད་པར་འགྱུར་རོ། །སུམ་བརྒྱས་བསྐམ་པར་འགྱུར་རོ། །བཞི་བརྒྱ་པའི་ཚེ་ལག་ན་རྡོ་རྗེ་ལ་ཕུར་བུས་བཏབ་པར་འགྱུར་རོ། །ལག་ན་རྡོ་རྗེ་ཕུར་བུས་བཏབ་པས་ལག་ན་རྡོ་ 100-1-114b རྗེའི་རིགས་ཐམས་ཅད་དང་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ཀྱང་ཕུར་བུས་བཏབ་པར་འགྱུར་རོ། །བརྒྱ་སྟོང་ཚང་བའི་ཚེ་ལག་ན་རྡོ་རྗེའི་ཚིག་ནས་མཆི་སྟེ། རིག་སྔགས་འཆང་ཅི་འདོད་ཅི་སྦྱིན་ཅེས་ བརྗོད་པ་དང་། བཅོམ་ལྡན་འདས་ཆོ་ག་རྒྱས་པའི་དངོས་གྲུབ་བདག་ལ་སྩལ་དུ་སྩོལ་ཞེས་བརྗོད་པར་བྱའོ། །དེ་ལྟར་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རིག་སྔགས་འཆང་གིས་མྱུར་བར་ལག་ན་རྡོ་རྗེའི་གཟུགས་ འོ་མས་བཀྲུ་བར་བགྱིའོ། །དེ་ནས་མཆིས་པའི་མར་དང་གུ་གུལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་སོས་པར་འགྱུར་རོ། །ལྷ་ལ་ཡང་མཆོད་པ་རྒྱ་ཆེར་བགྱིས་ལ་ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ། ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བསྒྲུབ་པའི་རིག་སྔགས་འཆང་ལ་གལ་ཏེ་དངོས་གྲུབ་ཏུ་མ་གྱུར་ན་རིག་སྔགས་འཆང་དེས་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ། །ལན་གཉིས་སུ་ཡང་བསྒྲུབ་པར་བགྱིའོ། ། མ་གྲུབ་ན་ཡང་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་དེ་སྐད་སྨྲ། གསོལ་པ་བཅོམ་ལྡན་འདས་ཕ་འགུམས་པའམ་མ་འགུམས་པ་འམ། ཚངས་པ་ལ་གནོད་ པ་བགྱིད་པའི་སེམས་ཅན་དག་ཀྱང་མཆིས། མཚམས་མ་མཆིས་པ་ལྔ་དང་ལྡན་པའི་སེམས་ཅན་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་འདི་སྐད་ཅེས་བརྩོན་འགྲུས་བརྩམས་ལ་བསྒྲུབ་པར་བྱའོ། །ཞེས་མཆི་ འོ། །ལན་བདུན་དུ་ཡང་སྒྲུབ་པ་ལ་འཇུག་པར་བགྱིའོ། །གལ་ཏེ་མ་གྲུབ་ན་ལས་འདི་བརྩམ་པར་བགྱིད་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ཏེ། སེང་ལྡེང་གི་ཡམ་སྲེག་གི་ ཤིང་ལ་བདག་གི་ཁྲག་བྱུགས་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །གལ་ཏེ་མ་མཆིས་ན་རང་གི་ཤས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་མཆི་བར་བགྱི་སྟེ། བཅོམ་ལྡན་འདས་རིག་སྔགས་ཀྱི་དངོས་གྲུབ་ཀྱང་སྩལ་ 100-1-115a བར་བགྱིའོ་ལས་འདི་ནི་མཆོག་ཏུ་མི་བཟད་པ་ལགས་ཏེ་རིག་སྔགས་འཆང་དེའི་མི་བཟད་པའི་ལས་འདི་ཐོག་མར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་འགལ་བར་བགྱི་བ་ མ་ལགས་པ་ལྟ་བུ་སྟེ། གལ་ཏེ་རིག་སྔགས་འཆང་གིས་ལས་ཐོག་མར་བརྩམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་གནོད་པ་བགྱིད་དེ་དེ་ཁོ་ན་ཉིད་ཀྱང་མི་མཐོང་ལ་བདག་ལ་གནོད་པར་བགྱིད་དོ། །བཅོམ་ལྡན་འདས་བདག་ལ་གནོད་པ་བགྱིད་ན་ ལྷ་ཐམས་ཅད་ལ་གནོད་པ་བགྱིད་པར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་ལ་ཡང་གནོད་པ་བགྱིད་པར་འགྱུར་ཏེ། དེ་དག་རིག་སྔགས་འཆང་དེ་ལ་གླགས་འཚལ་ཞིང་མཆིས་པར་འགྱུར། གལ་ཏེ་མཚམས་མ་མཆིས་པ་ལྔ་དང་ལྡན་པའི་རིག་ སྔགས་འཆང་ཞིག་རིག་པའི་རྒྱལ་པོ་བསྒྲུབ་ན་སྒྲུབ་པ་བདུན་པ་ལ་དངོས་གྲུབ་སྩལ་བར་བགྱིའོ། །གལ་ཏེ་མ་སྩལ་ན་དེ་བཞིན་གཤེགས་པ་ཐམས་ཅད་འཁུས་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་སྔགས་འཆང་རྣམས་ཀྱི་ དངོས་གྲུབ་ཏུ་འགྱུར་བའི་རྫས་རྣམས་མི་འཕྲོགས་པར་བརྗོད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་སྤྲོས་ཤིག །བཅོམ་ལྡན་འདས་རིག་སྔགས་འཆང་གིས་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་སྒྲུབ་ན་ཐོག་མར་འོ་མས་བཀྲུ་བར་བགྱི་སྟེ། བཀྲུས་པས་དངོས་གྲུབ་དུ་འགྱུར་རོ། །དངོས་གྲུབ་དུ་འགྱུར་བའི་རྫས་རྣམས་ཀྱང་རིག་སྔགས་འཆང་གི་བླ་མ་དང་བདག་དང་གྲོགས་རྣམས་ལ་ཆ་གསུམ་དུ་བགོ་བར་བགྱིའོ། །རལ་གྲི་དང་འཁོར་ལོ་དང་མདུང་རྩེ་གསུམ་པ་ཞིག་གྲུབ་ལ། སྟོར་ན་ཡིད་ཀྱིས་ འདི་སྙམ་དུ་སེམས་ཅན་གང་བསོད་ནམས་ཆུང་བ་དེའི་སྟོར་གྲང་སྙམ་དུ་བསམས་ལ་རིག་སྔགས་འཆང་དེས་སྦྱིན་སྲེག་བགྱིའོ། །ཡང་ན་ལག་པ་བཀན་ཏེ་མནན་ནོ། །གལ་ཏེ་ཤིན་ཏུ་གནོད་པ་བགྱིད་ན་རིག་སྔགས་འཆང་དེས་འདི་སྐད་དུ་རྫས་འདི་ནི་ ལག་ན་རྡོ་རྗེའི་ཡིན་ནོ། །ཞེས་བརྗོད་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་མིང་ཐོས་ནས་ཡིད་ཀྱིས་ཀྱང་འཁུ་བས་སེམས་པ་ནི་ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་ 100-1-115b དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེ་ནས་ཐམས་ཅད་དང་བཅས་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེང་གེའི་སྒྲ་འདི་ལྟ་བུ་འབྱིན་པ་ལེགས་སོ་ཞེས་ཏེ། ལེགས་སོ་ཞེས་བྱ་བ་བྱིན་ནོ། །བཅོམ་ལྡན་འདས་འདི་ནི་བདག་གི་ཉེ་བའི་སྙིང་པོ་ལགས་ཏེ། འདི་ལན་ཅིག་བརྗོད་པས་ཆོ་ག་ཆེན་པོ་རྒྱས་པ་བརྒྱད་བརྗོད་པར་འགྱུར་རོ། །ལག་ན་རྡོ་རྗེ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་རིག་པའི་ རྒྱལ་པོ་འདི་བདུན་བསྒྲུབ་པ་འམ། གནོད་པ་བགྱིད་ན་ཡིད་ཀྱིས་བཟླས་བརྗོད་བགྱིའོ། །ཅི་སྟེ་རིག་སྔགས་འཆང་རིག་སྔགས་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ཐོག་མར་རིག་སྔགས་དེ་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ། །ཉེ་བའི་སྙིང་པོ་ ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་བསྒྲུབ་པར་བགྱིའོ། །གལ་ཏེ་རིག་སྔགས་མ་གྲུབ་ན་དེ་ཉིད་དུ་མཆིས་ལ་དུ་བ་མ་མཆིས་པའི་མེ་མདག་ཏུ་སྐྱེ་ཚེ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ རིག་པ་དེ་ཉམས་པར་གྱུར་ནས་དེའི་མདུན་དུ་མཆི་སྟེ། དངོས་གྲུབ་དུ་སྩོལ་ཏོ། །དེ་ཉིད་དུ་མཆིས་ལ་རིག་སྔགས་འཆང་གིས་ཡང་རིག་པ་བསྒྲུབས་ན་མྱུར་དུ་འགྲུབ་པོ། །གསང་སྔགས་ཐམས་ཅད་ཀྱི་ལས་ཀྱང་འདིས་འགྲུབ་པ་ལགས་སོ། །སྤོས་ རྣམས་ཀྱིས་ལག་ན་རྡོ་རྗེའི་གཟུགས་བགྱིས་ལ་གདུགས་བདུན་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་ མོ་མཆི་བར་འགྱུར་ཏེ། རྡོ་རྗེ་བཞད་མས་སྨྲར་སྩལ་བར་བགྱིའོ། །གང་གི་ཚེ་ངས་ཆེ་གེ་མོ་ཞེས་བྱ་བ་ལ་རྒྱོབ་ཤིག་རྒྱོབ་ཤིག །བསྲེགས་ཤིག་བསྲེགས་ཤིག །ཟུང་ཤིག་མྱོས་པར་གྱིས་ཤིག །མ་རུངས་པར་གྱིས་ཤིག་ཅེས་བསྒོ་བ་ཐམས་ཅད་ ལ་གནོད་པ་གྱིས་ཤིག །བཅོམ་ལྡན་འདས་དྲན་པ་ཙམ་གྱིས་ཀྱང་ཐམས་ཅད་གྱིས་ཤིག་ཅེས་བསྒོ་བར་བགྱིའོ། །ཉེ་བའི་སྙིང་པོ་རྫོགས་སྷོ།། །། ནག་མོ་དྲག་མོའི་ལས་རྣམས་ལགས་ཏེ་གསང་སྔགས་ཐམས་ཅད་དུ་གསང་ 100-1-116a སྔགས་གང་ལས་མི་བགྱིད་པ་དེ་ནག་མོ་དྲག་མོ་འདིས་བཀུག་ན་དེས་ལས་བགྱིད་དོ། །བཀུག་ཀྱང་གལ་ཏེ་མ་གྲུབ་ན་ཕྱེམ་རེད་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་དེ་ལན་བདུན་བརྗོད་ལ། དེའི་འོག་ཏུ་ནག་མོ་དྲག་མོའི་སྔགས་ལན་བརྒྱ་རྩ་ བརྒྱད་བརྗོད་པར་བགྱིའོ། །དེ་ནས་སྔགས་དེ་རྨི་ལམ་དུ་སྟོན་པར་བགྱིད་དོ། །ཡི་གེ་མ་ཚང་བ་འམ། ཕུར་བུས་བཏབ་པས་སྨྲ་བར་བགྱིད་དོ། །གལ་ཏེ་ཡི་གེ་མ་ཚང་བར་གྱུར་ན་རིག་པ་མཆོག་གིས་ཚང་བར་བགྱིད་དོ། །གལ་ཏེ་ཕུར་བུས་བཏབ་ པར་གྱུར་ན་རིག་པ་མཆོག་ཉིད་ཀྱིས་ཕུར་བུས་འབྱུང་བར་བགྱིད་དེ། ཕྱེམ་རེད་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་སྔགས་ཏེ་རང་གི་ཁྲག་གིས་ཤིང་ཏ་ལའི་ལོ་མ་ལ་བྲིས་ཏེ། རྩྭ་ཀུ་ཤ་ལས་བགྱིས་པའི་རྡོ་རྗེ་ལས་ལན་བདུན་སྔགས་ལ་བསྣུན་ ན་དེ་ནས་ཕུར་བུ་འབྱིན་པར་འགྱུར་རོ། །གདོན་དགུག་ན་མེ་ཏོག་གིས་བགྱིའོ། །གདོན་རིངས་པར་བགྱི་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །གདོན་སྤོང་བར་བགྱིད་ན་བདུག་པས་བགྱིའོ། །གདོན་དབབ་ན་རྣ་བར་བཟླས་བརྗོད་ བགྱིས་པས་སོ། །གདོན་གཏོང་བར་འདོད་ན་ཤ་ཁ་རའི་ཆབ་ལ་ལན་བདུན་བཟླས་བརྗོད་བགྱིས་ན་གཏོང་ངོ་། །ཙནྡན་དམར་པོ་ལས་རྡོ་རྗེ་བགྱིས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བ་ལང་གི་ ཤས་གདུག་པར་བགྱིའོ། །རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ཕ་རོལ་བརྗེད་བྱེད་ཀྱིས་ཟིན་པར་བགྱིད་དོ། །རྡོ་རྗེ་འོ་མས་བཀྲུས་ལ་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ཐར་པར་བགྱིས་པར་འགྱུར་རོ། ། རྡོ་རྗེ་དེ་ཉིད་ལ་ཤ་ཆེན་པོས་བདུགས་ལ་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་འགུམ་པར་བགྱིད་དོ། །ཚེས་གྲངས་དང་སྐར་མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ་འདི་ལ་རྒྱུ་ནི་ཁྲོ་བོ་ཉིད་དོ། །དགྲ་བསད་པར་འཚལ་བས་ གོས་རློན་པ་བགོས་ལ་ཁ་གདུགས་ལ་བལྟས་ཏེ། དགྲའི་སྲོག་སྐམས་ཀྱི་བར་དུ་གསང་སྔགས་བཟླས་བརྗོད་བགྱིའོ། །རྡོ་རྗེ་འོ་མས་བཀྲུས་པའི་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་སྔ་མ་ཁོ་ན་བཞིན་འགྱུར་རོ། ། 100-1-116b གལ་ཏེ་ནག་མོ་དྲག་མོ་བསྒྲུབ་པར་འཚལ་ན་ཐོག་མ་ཉིད་དུ་ཟས་སུ་འོ་སྐྱོ་འཚལ་ཞིང་ལན་འབུམ་བཟླས་བརྗོད་བགྱིའོ། །དེའི་འོག་ཏུ་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་གསེར་མདོག་ལྟ་བུ་བྲི་བར་ བགྱིའོ། །དེའི་གཡོན་རོལ་ཏུ་ནག་མོ་དྲག་མོ་བྲི་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། མཆོད་པ་རྒྱ་ཆེར་བགྱིས་ལ་ནག་མོ་དྲག་མོ་མཆི་བར་འགྱུར་གྱིས་བར་དུ་རིག་པ་བཟླས་བརྗོད་བགྱིའོ། །མཆིས་ པ་དང་རིག་པ་མཆོག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་དེ་རིག་སྔགས་འཛིན་ཅི་སྦྱིན་པར་བྱ་ཞེས་མཆི་བ་དང་། དེ་ནས་བཅོམ་ལྡན་འདས་མ་རྒྱལ་པོ་བགྱིད་དུ་སྩོལ་ཅིག་ཅེས་བརྗོད་ན་དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་གདའ་བར་འགྱུར་རོ། ། ནག་མོ་དྲག་མོའི་ཆོ་ག་རྫོགས་སྷོ།། །། རྒྱལ་བ་ལྡན་མའི་ལས་རྣམས་ལགས་ཏེ། ལྷ་ཐམས་ཅད་དགུག་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་དགུག་ན་ ཡིད་ཀྱིས་བགྱིའོ། །བུད་མེད་དབང་དུ་བགྱིད་ན་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ། ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་དུ་བ་མ་མཆིས་པའི་མེ་མདག་ལ་ན་ལེ་ཤམ་གྱིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ ན་དབང་དུ་འགྱུར་རོ། །དབབ་པར་བགྱི་ན་ཆབ་བམ་བྱེའུ་རུག་པའི་ལོ་མས་བགྱིའོ། །གདོན་བཅིང་ངམ་བསྐྱོད་པར་བགྱི་ན་གུ་གུལ་གྱིས་བགྱིའོ། །དུར་ཁྲོད་ཀྱི་ཐལ་བ་ལ་ལན་གསུམ་བཟླས་བརྗོད་བྱས་པས་གདོན་གྱིས་གཏོང་བར་བགྱིད་དོ། ། དུར་ཁྲོད་ཀྱི་སོལ་བ་ལས་གདོན་གྱི་གཟུགས་བགྱིས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་འགྱུར་ཏེ་གཏོང་ངོ་། །དུག་ལས་གསོ་ན་ཡལ་གས་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་ཏུ་དུར་ཁྲོད་ཀྱི་ཐལ་བས་གཟུགས་བགྱིས་ལ་ བཟླས་བརྗོད་བརྒྱ་སྟོང་བགྱིས་པའི་སེང་ལྡེང་གི་ཕུར་བུས་སྙིང་གར་བཙུགས་ན་གཟེར་ཐབས་དྲག་པོས་བཏབ་པར་འགྱུར་རོ། །ཕྱུང་ན་སོས་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བདུན་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བྱ་རོག་ 100-1-117a མ་ལངས་ཀྱི་བར་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཏི་ན་ར་ཅིག་སྩོལ་ཏོ། །སྒྲུབ་པ་བགྱི་ན་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་མདོག་ཅན་བྲི་བར་བགྱིའོ། །དེའི་ གཡོན་རོལ་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བགྱིའོ། །དེའི་གཡས་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་བྲི་བར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འདམ་བུ་འདའ་རྒྱུའི་ཁ་དོག་ལྟར་དཀར་པོའོ། །ལག་ན་ རྡོ་རྗེ་ནི་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་ན་རྡོ་རྗེའི་གཡས་རོལ་དུ་ནི་རྒྱལ་བ་ལྡན་མ་སྔོ་བསངས་ལ་དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་འོག་རོལ་ཏུ་ནི་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པར་བྲིའོ། ། དེ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་གུ་གུལ་གྱིས་བདུག་པ་བསྲེག་ཅིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཞུགས་བུས་ལ་ཀ་ར་བཱི་རའི་མེ་ཏོག་དང་ཞོ་དང་སྦྲང་ རྩི་མར་ལ་བསྙུག་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་མེ་ཐབས་ནས་ཀ་ར་བཱི་རའི་མེ་ཏོག་པད་མའི་ཚད་ཙམ་དུ་འབྱུང་ངོ་། །ཀ་ར་བཱི་རའི་པད་མའི་དབུས་ན་ཀ་ར་བཱི་ར་འདྲ་བའི་ལྡོང་རོས་འབྱུང་སྟེ། རིག་པའི་རྒྱལ་པོ་བཟླས་བརྗོད་ བགྱིད་བཞིན་དུ་དེ་བླང་བར་བགྱིའོ། །བླངས་པ་ཙམ་གྱིས་གདུགས་ཤར་བའི་མདོག་ལྟ་བུ་དང་། སྐྲ་ལྕང་ལོ་འཁྱིལ་བ་དང་ལོ་བཅུ་དྲུག་ལོན་པའི་ལུས་ལྟ་བུར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། ནམ་མཁའ་ལ་མཆི་བ་དང་མཉམ་པ་ མ་མཆིས་པ་དང་། ཁ་ཟས་ཅི་འཚལ་བ་རྣམས་འཚལ་བར་འགྱུར་རོ། །རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པར་འགྱུར་རོ། །བདག་འགུམ་པའི་དུས་འཚལ་བར་འགྱུར་རོ། །གལ་ཏེ་སླད་ཀྱིས་ཀྱང་བརྩོན་འགྲུས་བསྐྱེད་ ན་ཚེ་དེའི་ཉིས་འགྱུར་ཐུབ་པར་འགྱུར་རོ། །ཡར་གྱི་ངོ་ཟླ་བ་ཉ་བ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཆོད་པ་བགྱིས་ལ་མེ་ཏོག་དྲི་ཞིམ་པོ་ལས་བརྒྱ་སྟོང་ཕུལ་ན་ཀར་ཤ་པ་ནི་ལྔ་སྩལ་ཏོ། །དགྲ་བསྐྲད་པར་འཚལ་ན་ཡར་གྱི་ངོ་ཚེས་ 100-1-117b གཅིག་ལ་དུར་ཁྲོད་ཀྱི་གནས་སུ་ཞུགས་བུས་ལ་དུར་ཁྲོད་ཀྱི་ཐལ་བས་སྦྱིན་སྲེག་བགྱིས་ན་བསྐྲད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་ཞུགས་བུས་ལ་ བེང་ཀ་ཏའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ནོར་སྩོལ་ཏོ། །དཔལ་ཆེ་བར་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་ཏིལ་གྱིས་ལན་བརྒྱ་སྟོང་བཟླས་བརྗོད་བྱའོ། །དབྱེ་བར་བགྱི་ན་ཡར་གྱི་ངོ་ཚེས་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ ཏེ་ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ། ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་བ་ རུ་ར་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་ཕྱུགས་ཆུང་རྙེད་དོ། །བུད་མེད་དབང་དུ་བགྱིད་ན་གདུགས་བདུན་དུས་གསུམ་དུ་མོན་སྲན་གྲེའུ་ལས་སྦྱིན་སྲེག་བགྱིའོ། །སྐྱེས་པ་དབང་དུ་བགྱིད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཉིན་ ཞག་གཅིག་སྨྱུང་བ་བགྱིས་ལ་ཏིལ་ལས་ལན་བརྒྱ་སྟོང་བགྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། །རཱ་ཛཱ་མ་ཏེ་བ་ཤཱི་ཀ་ར་མཻ་ཤུཀླ་པྲ་ཏི་བ་དྷ་མྃ་བྷེ་བཛྲ་པཱ་ཎི་རྒྷྲ་ཏ་ཨརྐྐ་ཨསྟེ་རགྣིཾ་པ་ཛྭ་ལྱ་ཤྭེ་ཏ་སར་ཤ་པ་ནྃ་ཨཥྚ་ས་ཧ་སྲཾ་ཛུ་ཧུ་ཡངྻ་བད་ཨསྟ་མི་ཏི་ བ་ཤ །རྒྱལ་བ་ལྡན་པའི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་ལྕགས་སྒྲོག་གི་ལས་རྣམས་ལགས་ཏེ་རིག་སྔགས་བཅིངས་ན་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་མདུད་པ་དོར་རོ། །ཡུངས་ཀར་གྱིས་ནི་ ཞུགས་ཀྱི་ར་བར་འགྱུར་རོ། །ཆབ་ཀྱིས་ནི་ཡུལ་གྲུ་ཆེན་པོར་འགྱུར་རོ། །ཐལ་བས་ནི་རྡོ་རྗེ་ར་བར་འགྱུར་རོ། །བཅིང་བ་ཐམས་ཅད་རྡོ་རྗེ་ལྕགས་སྒྲོག་འདི་ཉིད་སྦྱར་བར་བགྱིའོ། །གང་དག་བདག་གི་རིག་པ་མཆོག་གི་ཆོ་ག་རྒྱས་པ་ ལ་དམ་ཚིག་མཐོང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་སྒྲུབ་པ་དེ་དག་ལ་གང་དག་བགེགས་བགྱིད་དམ་རྫས་འཕྲོག་པ་དེ་དག་ནི་དམ་ཚིག་མ་འཚལ་ཅིང་རིགས་པ་ལ་ཁུ་བ་ལགས་ཏེ། དེ་དག་མ་རུང་པར་ 100-1-118a བགྱི་བའི་སླད་དུ་ལས་འདི་བརྩམས་པར་བགྱིའོ། །ཙན་དན་དམར་པོ་ལས་ལག་ན་རྡོ་རྗེའི་གཟུགས་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་ཤིང་གི་ཞུགས་བུས་ལ། ཤ་ཆེན་ པོ་སྲེག་བླུགས་ལན་བདུན་སྦྱིན་སྲེག་བགྱིས་ཏེ་དེའི་འོག་ཏུ་འདི་སྐད་ཅེས་ལྷ་འམ། གནོད་སྦྱིན་ནམ། གྲུབ་པ་འམ། རིག་སྔགས་འཆང་ངམ། ལོག་འདྲེན་ནམ། ལོག་འདྲེན་གྱི་གཡོག་འཁོར་རམ། གྲུལ་བུམ་འམ། འབྱུང་པོ་འམ། ཤ་ཟ་འམ། གང་གིས་བདག་གི་རྫས་ཇི་ལྟར་ཁྱེར་བ་དེས་སླར་བྱིན་ཅིག་ཅེས་བརྗོད་པར་བྱའོ། །དེ་སྐད་ཐོས་ནས་གལ་ཏེ་དེས་སྩལ་ན་ནི་ཅང་མི་བགྱིའོ། །གལ་ཏེ་མི་སྩལ་མ་སྩལ་ན་ཡང་འདི་སྐད་བསྒྲག་པར་བགྱི་སྟེ། གང་གིས་བདག་གི་རྫས་ཁྱེར་བ་ དེས་སླར་བྱིན་ཅིག་ཅེས་བགྱིའོ། །ཅི་སྟེ་མ་སྩལ་ན་ལག་ན་རྡོ་རྗེའི་རིགས་ལས་ཕྱི་རོལ་པ་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་ལགས་པས་བྱ་གག་གི་རྟུག་པ་བླངས་ལ་ཡང་ལན་གསུམ་བརྗོད་པར་བགྱིའོ། །དེ་ལྟར་བགྱིས་ཀྱང་ མ་སྩལ་ན་བྱ་གག་གི་རྟུག་པ་ལག་ན་རྡོ་རྗེ་ལ་བདུག་ཅིང་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིའོ། །དེ་ནས་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་དེས་ཀྱི་ཧུད་ཀྱི་ཧུད་ཅེས་མཆི་ལ་ཚིག་ཅིང་ས་ཕྱོགས་དེར་ལྷུང་ངོ་། ། མིག་ཀྱང་འཇར་རོ། །འགུམ་པར་ཡང་འགྱུར་རོ། །དེའི་རིགས་རབས་ཆད་པར་འགྱུར་རོ། །ནོར་ནི་སླར་ཁུགས་པར་འགྱུར་རོ། །བསད་པར་ནི་མི་བགྱིའོ། །གདོན་གྱི་ལས་རྣམས་ཀྱང་བགྱི་སྟེ། ས་ཟིན་པའམ་མ་ཟིན་པ་ཡང་ རུང་སྟེ། ཡིད་ཀྱིས་དབབ་པར་བགྱིའོ། །བྱེའུ་རུག་པའི་ལོ་མ་འམ། སྲ་ཙི་པོག་གམ། ཆབ་ཀྱིས་དུག་ལས་གསོ་བར་བགྱིའོ། །བདག་གསོ་ཞིང་མཛེ་ནད་མ་མཆིས་པར་བགྱི་ན་དོག་ས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་ བགྱིས་ལ་བསྐུ་བར་བགྱིའོ། །ནད་ཀྲིད་ཏ་སི་མ་མཆིས་པར་བགྱི་ན་སྲད་བུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་གང་ན་ནད་ཀྲི་ཏ་སི་མ་མཆིས་པ་དེར་བཅིང་བར་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་ 100-1-118b སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་བའི་ཡམ་སྲེག་ཤིང་ཁྲི་སྦྱིན་སྲེག་བགྱིས་ན་ལོངས་སྤྱོད་དག་སྩོལ་ལོ། །ཡར་གྱི་ངོ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་ དུ་ཨ་པ་མརྒའི་ཡམ་སྲེག་ཤིང་ཁྲི་རིག་པ་མཆོག་དང་ལྷན་ཅིག་པས་སྦྱིན་སྲེག་བགྱིས་ན་རྡོ་རྗེ་ལྕགས་སྒྲོགས་མཐོང་ཞིང་གང་བླངས་པ་དེ་སྩོལ་ལོ། །རྡོ་རྗེ་ལྕགས་སྒྲོག་གི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་སེར་མོའི་ལས་རྣམས་ལགས་ཏེ། གདོན་བབས་པ་གཏོང་བར་བགྱི་ན་ཆབ་ཀྱིས་བགྱིའོ། །འདར་བར་བགྱི་ན་མཛུབ་མོ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་བསྟན་ན་འདར་རོ། །གདོན་རྣམས་གཞོམ་ན་ཡིད་ཀྱིས་ལན་བདུན་ བཟླས་བརྗོད་བགྱིའོ། །ཆབ་ཀྱིས་ནི་རེངས་པར་བགྱིད་དོ། །རིག་པས་བཅིངས་པ་ལས་སྒྲོལ་ན་རྡོ་རྗེ་སེར་མོའི་སྔགས་ལན་བདུན་བཟླས་བརྗོད་བྱས་ཏེ་སོང་ཤིག་སོང་ཤིག་ཅེས་བརྗོད་ན་གྲོལ་བར་འགྱུར་རོ། །བཅིངས་ པ་དགྲོལ་ན་ལན་འབུམ་བཟླས་བརྗོད་བགྱིས་པས་འགྲོལ་ལོ། །རྐང་རྡུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པས་ཐིག་ལེ་བགྱིས་ན་གང་བསམས་པ་དེ་རྙེད་དོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གཅིག་སྨྱུང་བ་བགྱིས་ཏེ། ནྱ་གྲོ་དྷ་ ཅིག་པུ་མཆིས་པར་མཆིས་ལ་མཆོད་པ་རྒྱ་ཆེར་བགྱིས་ཏེ། ནྱ་གྲོ་དྷའི་དྲུང་དུ་མཆིས་ལ། ཏ་ཀའི་ལོ་མ་དག་གིས་སྟེང་དུ་རྩྭ་དུར་བའི་ལོ་མ་བཞག་སྟེ། འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །འབར་ནས་མགོ་བོར་བཞག་ན་དེ་མེ་ཏོག་གི་ ཕྲེང་བར་འགྱུར་རོ། དེ་མགོ་ལ་བཅིངས་ན་དཔག་ཚད་སྟོང་དུ་གྱེན་ལ་འཕག་གོ། ལོ་ཁྲི་ཉིས་སྟོང་ཐུབ་བོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་རས་དཀར་པོ་བཞག་ལ་འབར་གྱི་བར་ལ་ བཟླས་བརྗོད་བགྱིས་ན་བླངས་པ་ཙམ་གྱིས་གདུགས་ཤར་བ་ལྟ་བུའི་མདོག་ཅན་དུ་འགྱུར་རོ། །ལོ་ཉིས་སྟོང་ཐུབ་པར་འགྱུར་རོ། །རྡོ་རྗེ་སེར་མོའི་ཆོ་ག་རྫོགས་སྷོ།། །། ཤུགས་ལྡན་མའི་ལས་རྣམས་ལགས་ཏེ། གདོན་ 100-1-119a ཚར་གཅད་ན་དུར་ཁྲོད་ཀྱི་སོལ་བས་གཟུགས་བྲིས་ལ། ལན་གསུམ་བཟླས་བརྗོད་བགྱིས་པའི་ལྕུག་མས་བཞུས་ན་གདོན་གྱིས་གཏོང་ངོ་། །སྐྲ་ལས་བགྱིས་པའི་སྲད་བུས་གཏུན་ཤིང་གིས་བརྡུངས་ན་གདོན་དུ་ཞིང་གཏོང་ངོ་། ། གཟེགས་མ་ལས་སྦྱིན་སྲེག་བགྱིས་ན་གདོན་གྱི་ཡན་ལག་ཚིག་པར་འགྱུར་རོ། །བ་ལང་གི་ལྕི་བ་ལས་གཟུགས་བགྱིས་ལ། ལན་བདུན་བཟླས་བརྗོད་བགྱིས་པའི་ཐུར་མས་མིག་ཕྱུང་ན་ཞར་བར་འགྱུར་རོ། །ལན་བདུན་བཟླས་ བརྗོད་བགྱིས་པའི་གསེག་མས་ཤིང་ལྗོན་པ་ལ་བསྣུན་ན་འཕོ་བར་འགྱུར་རོ། །དབབ་ན་མེ་ཏོག་གིས་བགྱིའོ། །དགྲོལ་ན་ཡིད་ཀྱིས་སོ། །འདི་དག་ལ་སོགས་པ་ནི་གདོན་གྱི་ལས་རྣམས་ལགས་སོ། །བསྲུང་བ་ནི་ལན་ཉི་ཤུ་རྩ་ གཅིག་བཟླས་བརྗོད་བགྱིས་པའི་ཐལ་བས་བགྱིའོ། །ཡུལ་གྲུ་བསྲུང་བ་ནི་ལན་བདུན་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །བསྐྲད་པ་ནི་ཡུངས་ཀར་གྱིས་བགྱིའོ། །ནང་པར་ལངས་ཏེ་ཤུགས་ལྡན་མའི་སྔགས་ལན་བརྒྱ་ རྩ་བརྒྱད་བརྗོད་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །བུད་མེད་དབང་དུ་བྱ་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་དགུང་བདུན་དུས་གསུམ་དུ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ། ཏིལ་གྱི་སྲེག་བླུགས་ལན་ཉི་ཤུ་རྩ་གཅིག་ སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །རཱ་ཛྙཱ་ན་བ་མ་ཤི་ཀ་ཏུ་ཀ་མ་ཀྲྀཥྞ་སྲ་ཨ་བྷ་མི་མ་ཨ་ཧོ་ར་ཏྲོ་ཤི་ཏེ་ན་བཛྲ་པཱ་ཎི་ར་གྷུ་ཏ་ཏ་ལ་ཀེ་ཤྭ་རགྣིཾ་པྲ་ཛྭཱ་ལྱ་རུ་དྷི་ར་ཨཀྟ་ནཾ་རཱ་ཛི་ཀ་ནཾ་ཨཥྚ་ས་ཧ་སྲཾ་ཛུ་ཧཱུ་ཡཱད་བཱ་ཤོ་བྷ་བ་ཏི། རྒྱ་མཚོར་འབབ་པའི་ ཆུ་ངོགས་གཉིས་ཀའི་ས་བླངས་ལ་ཟ་མ་ཏོག་བགྱིས་ཏེ་ཟ་མ་ཏོག་དེར་ལིག་བུ་མིག་སྩལ་ལ་ཟ་མ་ཏོག་ཀྱང་མི་ཐོད་ཁ་སྦྱར་གྱི་ནང་དུ་སྩལ་ཏེ། མར་གྱི་ངོ་ཞག་བརྒྱད་ནས་དགུང་གསུམ་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ་ ལྷོ་ཕྱོགས་སུ་མཆིས་ཏེ་མི་ཐོད་ཐོགས་ལ་འབར་གྱི་བར་བཟླས་བརྗོད་བགྱིའོ། །འབར་ནས་བླངས་ཏེ་རིག་པ་མཆོག་གིས་བསྲུང་བ་བགྱིས་ཏེ། ལིག་བུ་མིག་གཅིག་ལ་བཏབ་སྟེ། ལིག་བུ་མིག་དེ་འོ་མ་དང་ལྷན་ཅིག་འཚལ་ན་ 100-1-119b འཚལ་བ་ཙམ་གྱིས་སྐྲ་ལྕང་ལོ་འཁྱིལ་བར་འགྱུར། མདོག་ཨུཏྤ་ལའི་ཁ་དོག་ལྟ་བུར་འགྱུར། མཚོན་གང་དག་འཕངས་པ་དེ་དག་ཕྱེ་མར་ལྷགས་པར་འགྱུར། ལོ་དྲུག་ཁྲི་ཐུབ་པར་འགྱུར། དབང་ཕྱུག་ཆེན་པོའི་ཚོགས་རྣམས་གྲོགས་སུ་ འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་མེ་ཏོག་ཨུཏྤ་ལ་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཡུལ་རྙེད་དོ། །འབྱུང་ པོ་ཐམས་ཅད་དབང་དུ་བགྱི་བར་འཚལ་བས་མར་གྱི་ངོ་ཞག་གསུམ་དུ་སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་མཆིས་ལ་པྲི་ཡང་ཀུའི་ཤིང་གིས་ཞུགས་བུས་ཏེ་མར་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་འབྱུང་པོ་ཐམས་ཅད་མཆི་བར་འགྱུར་ཏེ། དེ་དག་ལ་ ཕྱག་བསྙེན་གྱིས་ཤིག་ཅེས་བརྗོད་ན་གང་དང་གང་དུ་བསྐོས་པ་དེ་ཐམས་ཅད་བགྱིད་དོ། །ཡར་གྱི་ངོ་ཚེས་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨ་ཏི་མུཀྟ་ཀའི་མེ་ཏོག་སྟོང་རྩ་བརྒྱད་ཕུལ་ན་ལོངས་སྤྱོད་ རྣམས་སྩོལ་ཏེ། ཤུགས་ལྡན་མའི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་གདོང་གི་ལས་རྣམས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པའི་བུམ་པས་གདུགས་བདུན་ཁྲུས་བགྱིས་ན་སྡིག་པ་ཐམས་ཅད་ལས་ སྒྲོལ་བར་འགྱུར་རོ། །བྱིས་པ་གང་དག་གདོན་གྱིས་ཟིན་པ་དེ་ཁྲུས་བགྱིས་ན་གཏོང་བར་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་བདུག་པས་བདུགས་ན་གཏོང་བར་འགྱུར་རོ། །གང་དག་ ནམ་གྲུ་དང་སྲུལ་པོ་དང་། གདོན་བརྙན་མས་ཟིན་པ་དེ་དག་ཚོན་སྣ་ལྔའི་སྐུད་པ་ལ་མདུད་པ་བདུན་བོར་ཏེ། ལག་པ་ལ་བཅིངས་ན་གཏོང་ངོ་། །དུག་ལས་གསོ་ན་ཡལ་གས་བགྱིའོ། །སྲིན་བུ་ཏི་ཀས་ཟིན་པ་དང་། ནད་ཙི་ལུ་ཏ་དང་རྐང་ཤུ་བྱུང་བ་ ལ་ས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་བསྐུས་ན་ལན་གསུམ་གྱི་ཐ་མ་ལ་སོས་པར་འགྱུར་རོ། །ཕྱག་རྒྱ་གཞིག་ན་ཆབ་ཀྱིས་བགྱིའོ། །དབྱིག་དུག་བསལ་བར་བགྱི་ན་ཆབ་ཀྱིས་རྐང་ལག་བཀྲུས་ལ་སྣོད་དུ་སྩལ་ཏེ་ 100-1-120a དེ་ནས་རྩྭ་ཀུ་ཤས་བྱབས་ན་འབྱང་བར་འགྱུར་རོ། །གདོན་སྤོ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་བས་བགྱིའོ། །ནད་ཙི་ལུ་མ་མཆིས་པར་བགྱི་ན་མཚོན་རྣོན་པོས་ས་ཤུར་གྱིས་དྲས་ལ་ཡང་རྐེད་དུ་བཅད་ན་ཙི་ལུ་ མ་མཆིས་པར་འགྱུར་རོ། །ནད་བྲི་ཧ་མ་མཆིས་པར་བགྱི་བ་ཡང་དེ་བཞིན་ནོ། །འཛེར་པ་མ་མཆིས་པར་བགྱི་ནས་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་ཅི་ནུས་སུ་བགྱིས་ལ་གིའུ་ཝང་རས་དཀར་པོའི་སྟེང་དུ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །འབར་ནས་བླངས་པར་བགྱིས་ཏེ། བླངས་ནས་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར། འབྱུང་ པོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཟླ་བ་གཅིག་སློངས་མོའི་ཟས་འཚལ་ཞིང་ཐ་མར་ཞག་གསུམ་སྨྱུང་བ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ཏེ། ཤུ་དག་འཆང་བར་ བཅངས་ལ་སྦྲུལ་དུ་གྱུར་གྱི་བར་དུ་བཟླས་བརྗོད་བགྱི་ཞིང་། དེས་མི་འཇིགས་པར་བགྱིའོ། །སླར་ཡང་ཤུ་དག་ཏུ་གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དེ་བཟའ་བར་བགྱི་སྟེ། འཚལ་བ་ཙམ་གྱིས་གདུགས་ཤར་བ་ལྟ་བུའི་ མདོག་ཅན་དུ་འགྱུར་ཞིང་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ལྷ་ཆེན་པོ་གནས་སུ་མཆིས་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། ལྷ་ཆེན་པོ་གཞོགས་གཡས་པར་ལིག་བུ་མིག་ཨ་ཤྭཏྠའི་ལོ་མའི་སྟེང་ དུ་བཞག་སྟེ། དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་ལིག་བུ་མིག་བླངས་ཏེ་ལྷའི་སྐལ་བ་བཞག་ལ་མིག་བསྐུས་ན་མི་གདའ་བར་འགྱུར་རོ། །ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །ཨརྐའི་མེ་ཏོག་དུར་ཁྲོད་ཀྱི་ མེས་སྲེགས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ནས་ལྷ་ཆེན་པོའི་གནས་སུ་མཆིས་ལ། ཤིང་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་ཐིག་ལེ་བགྱིས་ན་མི་གདའ་བར་ 100-1-120b འགྱུར་རོ། །ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །ཟླ་བ་གཅིག་འོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་མིའི་རུས་པ་ཟླ་གམ་ལྟ་བུར་བགྱིས་ལ་དེ་ནས་རིག་སྔགས་འཆང་གིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ལག་ན་རྡོ་རྗེའི་ གཟུགས་དང་། དབང་ཕྱུག་ཆེན་པོའི་གཟུགས་བཞག་ལ་རིགས་སྔགས་འཆང་གིས་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོ་ལ་རྒྱ་ཆེར་མཆོད་དེ། རིག་སྔགས་འཆང་གིས་ཡར་གྱི་ངོའི་ཚེས་བརྒྱད་ནས་ཉིན་ཞག་ གཅིག་སྨྱུང་བ་བགྱིས་ལ་ཟླ་གམ་བླངས་ཏེ་རས་དཀར་པོའི་སྟེང་དུ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །འབར་ནས་བླངས་ཏེ་མགོ་བོར་བཞག་ན་ཅི་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོའི་ གཟུགས་སུ་ཡང་བསྒྱུར། ཡིད་ཀྱིས་གང་བསམས་པ་དེ་ཐམས་ཅད་ཀྱང་འགྲུབ་བོ། །ལོ་སྟོང་ཐུབ་པར་འགྱུར་རོ། །འཆི་བའི་དུས་ཀྱང་འཚལ་ཏོ། །ཟས་སུ་འོ་སྐྱོ་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཤླེ་ཤྨ་ཏ་ཀའི་ཤིང་གི་ཞུགས་བུས་ལ། ཨ་པ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བགྱིས་ན་རྒྱལ་པོ་ཉིད་འཐོབ་བོ། །རྡོ་རྗེ་གདོང་གི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་ལྟེ་བའི་ལས་རྣམས་ལགས་ཏེ་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་མ་ འདྲེས་པའི་ཚོན་གྱིས་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་ཤམ་ཐབས་ཅན་བྲི་བར་བྱའོ། །དེའི་གཡས་རོལ་ཏུ་རྡོ་རྗེའི་ལྟེ་བ་གསེར་གྱི་མདོག་ཅན་ལྟ་བུ་བྲི་བར་བགྱི་སྟེ། དེ་ཡང་ རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། །དེ་ནས་རིག་སྔགས་འཆང་ཟས་སུ་འོ་སྐྱོ་འཚལ་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ཅི་ནུས་ཀྱིས་མཆོད་པ་བགྱིས་ལ་ཙན་དན་དམར་པོ་མཐོ་གང་ ལ་རྡོ་རྗེ་བགྱིས་ཏེ། རྡོ་རྗེའི་རྐེད་པར་ལྡོང་རོས་བཞག་ལ། བྱང་ཆུབ་ཀྱི་ཤིང་གི་ལོ་མས་གཡོགས་ཏེ་དངོས་གྲུབ་རྣམ་གསུམ་འབྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ན་བསྐལ་པར་གནས་ཤིང་རིག་སྔགས་འཆང་ 100-1-121a ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དཔག་ཚད་སྟོང་གྱེན་ཏུ་འཕག་ཅིང་དེའི་མོད་ལ་སླར་མཆིའོ། །གང་གི་ཚེ་འགུམ་པ་དེའི་ཚེ་ལག་ན་རྡོ་རྗེའི་རིགས་སུ་སྐྱེའོ། །ཅི་སྟེ་དུ་བ་འཐུལ་ནས་བླངས་ཏེ་ཐིག་ལེ་བགྱིས་ན་མི་ གདའ་བར་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུའི་གཟུགས་སུ་འགྱུར། ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །དྲོ་བར་གྱུར་ནས་བླངས་ལ་ཐིག་ལེར་བགྱིས་པ་ན་གང་མཐོང་བ་དེ་དབང་དུ་འགྱུར་ཏེ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡང་ དབང་དུ་འགྱུར་རོ། །ཟླ་བ་གཅིག་ཟས་སུ་ཆུ་བགྲོག་འཚལ་ཞིང་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། བ་ལང་གི་ལྷས་སམ་ཀུན་དགའ་ར་བ་འམ། ཡང་ན་གནས་གཙང་མར་མཆོད་པ་རྒྱ་ཆེར་བགྱིས་ལ་ ལྡོང་རོས་ཏིལ་གྱི་ལོ་མ་བདུན་གྱི་སྟེང་དུ་བཞག་སྟེ། གདོལ་པའི་བུ་མོའི་མོ་མཚན་ནམ། འཇིཾ་བ་ལས་བགྱིས་པའི་མོ་མཚན་གྱི་སྟེང་དུ་བཞག་པར་བགྱི་ཞིང་གདོལ་བའི་བུ་མོ་རལ་གྲི་ཐོགས་པ་བཞི་ཕྱོགས་བཞིར་བཞག་པར་ བགྱིས་ལ། དེ་ནས་རིག་སྔགས་འཆང་གི་དངོས་གྲུབ་རྣམ་པ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ན་གདུགས་ཤར་བ་འདྲ་བའི་མདོག་ཏུ་འགྱུར། སྐྲ་ཅང་ལོ་འཁྱིལ་པར་འགྱུར་ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། འོག་ཏུ་དཔག་ཚད་སྟོང་དུ་མཆི་བར་འགྱུར། སྟེང་དུ་ཡང་དེ་བཞིན་མཆི་བར་འགྱུར། དཔག་ཚད་སྟོང་ཚུན་ཆད་ཀྱི་ཐོས་ཤིང་མཐོང་བར་འགྱུར། ལོ་ཁྲི་ཉིས་སྟོང་འཚོ་བར་འགྱུར། ནམ་མཁའ་ལ་རླུང་གི་ཤུགས་དང་མཚུངས་པར་འགྱུར། གྲུབ་པ་ ཐམས་ཅད་ཀྱང་འདིས་དབང་དུ་འགྱུར། ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ། བུ་མེད་ཀྱི་རོ་བླངས་ལ་ལིག་བུ་མིག་དེ་མོ་མཚན་གྱི་སྟེང་དུ་བཞག་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ། ལིག་བུ་མིག་དེ་བླངས་ཏེ། མིག་ལ་བསྐུས་ན་མི་གདའ་བར་འགྱུར། ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་ 100-1-121b བགྱིས་ཏེ་གདོལ་བའི་ཁྱིམ་ནས་ཞུགས་བླངས་ལ་སེང་ལྡེང་གི་ཤིང་གི་ཞུགས་བུས་ཏེ། དུག་དང་ཁྲག་བསྲེས་པའི་ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་གང་གིས་མིང་ནས་སྨོས་ཏེ། སྦྱིན་སྲེག་བགྱིས་པ་དེ་དབང་དུ་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་གཉིས་ལ་མི་རུས་ཀྱི་ཐུར་མ་བླངས་ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་དགྲའི་ཁྱིམ་སྒོར་བཙུགས་ན་དགུང་གསུམ་གྱིས་འབྲོས་པར་འགྱུར་རོ། །རྡོ་རྗེ་ལྟེ་བའི་ཆོ་ག་རྫོགས་སྷོ།། །། མེ་ཁ་ལའི་ལས་རྣམས་ ལགས་ཏེ་བསྲུང་བ་བགྱིད་ན་ལན་བདུན་བཟླས་བརྗོད་བགྱིས་པའི་སྲད་བུས་ལག་པ་ལ་བཅིང་བར་བྱའོ། །ཡུལ་གྲུ་བསྲུང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །དབབ་ན་བྱེའུ་རུག་པའི་ལོ་མ་འམ་རྨ་བྱའི་མདོངས་ ཀྱིས་བགྱིའོ། །གདོན་ལ་གནོད་པ་བགྱི་ན་ཆབ་ཀྱིས་བགྱིའོ། །ཁྱིམ་འམ་ལྷ་ཁང་ངམ་ཀུན་དགའི་ར་བར་མཆིས་ལ་གང་དུ་བཟླས་བརྗོད་བགྱིས་པ་དེ་ནས་འབྱུང་པོ་དང་གདོན་ཐམས་ཅད་འབྲོས་པར་འགྱུར་རོ། །གདོན་ཚར་བཅད་ན་ཁྲག་གིས་ གཟུགས་བྲིས་ལ་རྐང་པས་མནན་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་གདོན་གྱི་རིགས་ཕུང་བར་འགྱུར་རོ། །རིག་པ་བསྒྲུབ་ན་ཐོག་མ་ཉིད་ལས་འདི་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཤླེ་ཤྨ་ཏ་ཀའི་ཤིང་གིས་ཞུགས་བུས་ཀུར་བའི་མེ་ ཏོག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ལྷ་དེས་རིག་པའི་ལྷ་བཟུང་ནས་ཁྲིད་དེ་མཆིའོ། །ཁྲིད་དེ་མཆིས་ནས་མྱུར་དུ་དངོས་གྲུབ་དུ་འགྱུར་རོ། །ཅི་སྟེ་ལོག་འདྲེན་རྣམས་ཀྱི་རིགས་བསྒྲུབ་པར་འཚལ་ན། ལོག་འདྲེན་རྣམས་ཀྱི་ལོག་འདྲེན་གྱི་རིགས་ནི་ བཞི་མཆིས་ཏེ། སོ་གཅིག་པའི་རིགས་དང་། ཀམ་པོ་ཛའི་རིགས་དང་རྣམ་པར་འཇོམས་པའི་རིགས་དང་། ཕུང་བྱེད་ཀྱིས་རིགས་སོ། །སོ་གཅིག་པའི་རིགས་ལ་གཙུག་ཕུད་འཕྱང་ལ་སོགས་པ་ལོག་འདྲེན་བརྒྱད་ཁྲི་མཆིས་ཏེ་དེ་དག་ནི་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ན་བགེགས་བགྱིད་དོ། །ཀམ་པོ་ཛའི་རིགས་ལ་ནི་དབང་ཕྱུག་ཆེན་པོའི་གཡོག་འཁོར་བ་ལང་རྣ་བ་ལ་སོགས་པ་ལ་བགེགས་དྲུག་ཁྲི་མཆིས་ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་ལ་བགེགས་ 100-1-122a བགྱིད་ཅིང་རིག་པ་ཡང་འཇོམས་པར་བགྱིད་དོ། །རྣམ་པར་འཇོམས་པའི་རིགས་ལ་ནི་འཇིག་རྟེན་སྐྱོང་བའི་གཡོག་འཁོར་མྱ་ངན་མེད་པ་ལ་སོགས་པ་ལོག་འདྲེན་དྲུག་ཁྲི་མཆིས་ཏེ། དེ་དག་ཀྱང་དབང་ཕྱུག་ཆེན་པོ་དང་ཕུར་བུ་གསུམ་པའི་ ཆོ་ག་རྒྱས་པ་ལ་བགེགས་བགྱིད་དོ། །ཕུང་བྱེད་ཀྱི་རིགས་ལ་ནི་ལག་ན་རྡོ་རྗེའི་གཡོག་འཁོར་མུརྡཱ་ཏཱ་ཀ་ལ་སོགས་པའི་ལོག་འདྲེན་བྱེ་བ་ཕྲག་འབུམ་མཆིས་ཏེ། དེ་དག་ནི་རིག་པའི་ཆོ་ག་རྒྱས་པ་ཐམས་ཅད་ལ་བགེགས་བགྱིད་ཅིང་། རིག་པ་ཡང་ འཇོམས་པར་བགྱིད་དོ། །འདི་ནི་ལོག་འདྲེན་དེ་དག་གིས་བསྒྲུབ་པ་ལགས་ཏེ། སོ་གཅིག་པའི་རིགས་ཀྱི་སྒྲུབ་པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་བ་ལང་གི་ མཁྲིས་པས་སྤངས་པའི་ཡུངས་ཀར་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན། ཀྱི་ཧུད་ཀྱི་ཧུད་ཅེས་མཆི་བའི་སྒྲ་གྲག་ཅིང་གྲུབ་པར་འགྱུར་ཏེ། གྲུབ་ནས་ཀྱང་སྒྲུབ་པ་ལ་བགེགས་མི་བགྱིད་དོ། །བདེ་བར་བསྒྲུབ་དུ་མཆིས་སོ། །སྐམ་པོ་ཛའི་ རིགས་ཀྱི་བསྒྲུབ་པ་ནི་མར་གྱི་ངོ་ཞག་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོ་ལ་མཆོད་པ་བགྱིས་ནས་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་མོན་སྲན་གྲེའུ་དང་མར་སྲེས་པ་ལ་ལན་ བརྒྱ་སྟོང་སྦྱིན་སྲེག་བགྱིས་ན། ལག་ན་རྡོ་རྗེའི་གཟུགས་འགུལ་ཏེ། དེ་གྲུབ་པར་འགྱུར་རོ། །གྲུབ་ནས་ཀྱང་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་བཀླགས་པ་ཙམ་གྱིས་རིགས་པ་ཐམས་ཅད་འགྲུབ་བོ། །རྣམ་པར་འཇོམས་པའི་རིགས་ཀྱིས་ བསྒྲུབ་པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་མཚན་གཅིག་པ་ལ་མཆོད་པ་ཆེན་པོ་བགྱིས་ལ་ལོག་འདྲེན་རྣམས་ལ་ཡང་གཏོར་མ་བགྱིའོ། །དེའི་མདུན་དུ་བེ་ཀངྐ་ ཏའི་ཞུགས་བུས་ལ་ཁྲག་དང་བསྲེས་པའི་ཡུངས་ཀར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དེའི་འོག་ཏུ་གྲིབ་མ་གདའ་ཞིང་གྲུབ་པར་འགྱུར་རོ། །རྣམ་པར་འཇོམས་པའི་རིགས་གྲུབ་ན་ལོག་འདྲེན་རྣམས་དབང་དུ་འགྱུར་རོ། ། 100-1-122b གང་དང་གང་དུ་དགོས་པ་དེ་ཐམས་ཅད་བགྱིད། ཕུང་བྱེད་ཀྱི་རིགས་ཀྱི་སྒྲུབ་པ་ནི་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་ བགྱིས་ལ་ཞུགས་མར་གཉིས་བུས་ལ། གཅིག་ནི་ལག་ན་རྡོ་རྗེ་ལ་དབུལ་ལོ། །གཅིག་ནི་མུ་རྡ་ཏ་ཀ་ལ་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་བསྲུང་བ་བགྱིས་ལ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ ཞུགས་བུས་ཏེ་ན་ལེ་ཤམ་དཀར་པོ་བདག་གི་ཁྲག་དང་བསྲེས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་ཐེ་བོང་ལས་འོད་ཟེར་བྱུང་སྟེ། དེ་ནས་གྲུབ་པར་འགྱུར་རོ། །ཕུང་བྱེད་ཀྱི་རིགས་སྒྲུབ་ན་རིག་པའི་ཆོ་ག་ཐམས་ཅད་བདེ་ བར་སྒྲུབ་མཆིས་ཏེ། བགེགས་མ་མཆིས་པའོ། །ལོག་འདྲེན་དེ་དག་ཀྱང་ཕྱག་བརྙན་དུ་འགྱུར་རོ། །ལོག་འདྲེན་རྣམས་ཀྱང་རིག་སྔགས་འཆང་ལ་གསང་སྔགས་སྩོལ་ཏེ། དེས་ལོ་སྟོང་ཐུབ་པར་འགྱུར་རོ། །ཟས་སུ་འོ་ཐུག་འཚལ་ཞིང་ལག་ན་རྡོ་རྗེའི་ མདུན་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་མེ་ཁ་ལ་གྲུབ་པར་འགྱུར་ཏེ། གདུགས་གཅིག་བཞིན་ཀར་ཤ་པ་ཎི་བརྒྱ་སྟོང་སྩོལ་ཏོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་དགྲ་ལས་རྒྱལ་ལོ། །མར་གྱི་ངོ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ པདྨ་བརྒྱ་སྟོང་ཕུལ་ན། རིག་པའི་རྒྱལ་པོ་དམ་པ་སྩོལ་བར་འགྱུར་རོ། །མེ་ཁ་ལཱའི་ཆོ་ག་རྫོགས་སྷོ།། །། གདོན་དཀར་མོའི་ལས་རྣམས་ལགས་ཏེ་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་ལག་ན་རྡོ་ རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ཕོ་ཉ་མོ་བཅུ་གཉིས་ཀྱིས་བསྐོར་བ་བྲི་བར་བགྱི་སྟེ་ཁ་དོག་ཇི་ལྟ་བ་བཞིན་དུ་བྲི་བར་བགྱིའོ། །ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །ཐ་མར་རིའི་ རྩེ་མོ་རྣམས་བྲི་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཟས་སུ་ཆུ་བགྲོག་འཚལ་ཞིང་མར་གྱི་ངོ་ཞག་བརྒྱད་ལ་ཐུག་གི་བར་དུ་བཟླས་བརྗོད་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་ 100-1-123a སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་འབྱུང་པོ་ལ་གཏོར་མ་བཟང་དུ་ཡང་བགྱིའོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་པད་མ་ཞོ་དང་ སྦྲང་རྩི་དང་མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ཅ་ཅོའི་སྒྲ་ཆེན་པོ་གྲགས་པར་འགྱུར་ཏེ། དེ་ལ་ཡང་མི་འཇིགས་པར་བགྱིའོ། །དེ་ནས་གདོང་དཀར་མོ་གཟུགས་མི་སྡུག་པར་གྱུར་ནས་མཆི་སྟེ། དེ་ལ་ཡང་མི་འཇིགས་ པར་བགྱིའོ། །རྡོ་རྗེ་བཞད་མའི་བཟླས་བརྗོད་བགྱིས་ལ་དེ་ལ་འདི་སྐད་ཅེས་ལག་ན་རྡོ་རྗེའི་གནང་ཆེན་མ་བཅོམ་ལྡན་འདས་མ་ཁྱོད་ལེགས་པར་བྱོན་ཏམ་ཞེས་བརྗོད་པར་བགྱིའོ། །དེ་དེ་སྐད་ཐོས་ནས་དགའ་བར་འགྱུར་ཏེ། དེ་འདི་སྐད་དུ་ཅི་ བྱ་ཞེས་བརྗོད་པ་དང་། བཅོམ་ལྡན་འདས་མ་ལོ་ལྔ་སྟོང་ཐུབ་པར་འཚལ་ལོ་ཞེས་བརྗོད་པར་བགྱི་སྟེ། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་དགའ་བའི་ཡིད་ཀྱིས་རལ་གྲི་སྩོལ་ཏེ། དེ་ནས་མི་གདའ་བར་འགྱུར་རོ། །རལ་གྲི་དེ་བླངས་ནས་སྐྲ་ལྕང་ ལོར་འཁྱིལ་བར་འགྱུར་གདུགས་ཤར་བ་ལྟ་བུའི་མདོག་ཅན་དུ་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །མ་བསྒྲུབ་པར་ལས་རྣམས་འགྲུབ་པར་འགྱུར་རོ། །དབབ་པར་བགྱི་ན་གདོན་གྱིས་ཟིན་པའི་རྐང་པ་ལ་རྐང་ པས་མནན་ཏེ་དབབ་པར་བགྱིའོ། །འབྱུང་པོ་དང་ཤ་ཟ་རྣམས་དགའ་བར་བགྱི་ན་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བགྱིའོ། །དུག་ལས་གསོ་ན་ཡལ་གས་བགྱིའོ། །གདོན་བཟའ་བར་བགྱི་ན་ལན་གསུམ་བཟླས་བརྗོད་ བགྱིས་པའི་མེ་ཏོག་དམར་པོས་བགྱིའོ། །གདོན་འཁུམས་པར་བགྱི་ན་ཡིད་ཀྱིས་བཟླས་བརྗོད་བགྱིས་པས་བགྱིའོ། །དབྱེ་བར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུ་དུས་གསུམ་དུ་བ་རུ་ རའི་ཤིང་གིས་ཞུགས་བུས་ལ་སྦྲུལ་ཁོག་པ་བརྗེས་པའི་སྲེག་བླུགས་གསུམ་སྦྱིན་སྲེག་བགྱིའོ། །ལོང་བར་བགྱི་ན་དབང་ཕྱུག་ཆེན་པོའི་གནས་སུ་མཆིས་ལ་ནེའུ་ལེའི་ལྕེས་ལན་བརྒྱད་བརྒྱ་སྦྱིན་སྲེག་བགྱི་ཞིང་མིང་ནས་ཕྱུང་ན་ལོང་བར་ 100-1-123b འགྱུར་རོ་ལག་ན་རྡོ་རྗེའི་མདུན་དུ་ཤུ་དག་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་སྔ་མཁོ་བཞིན་དུ་འགྱུར་རོ། །གདོན་དཀར་མོའི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་སེར་མོའི་ལས་རྣམས་ལགས་ཏེ། ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ། དུར་ཁྲོད་ དུ་ཟླ་བ་དྲུག་བཟླས་བརྗོད་བགྱིས་ན་རྒྱལ་པོ་ཉིད་དུ་སྩོལ་ཏོ། །ཟླ་བ་གསུམ་བཟླས་བརྗོད་བགྱིས་ན། ཉི་ཚེ་བའི་ལོངས་སྤྱོད་རྣམས་སྩོལ་ཏོ། །ཟླ་བ་གཅིག་བཟླས་བརྗོད་བགྱིས་ན་ཏི་ན་ར་ཁྲི་ཉིས་སྟོང་སྩོལ་ཏོ། །ཟས་སུ་ནི་སློངས་མོའི་ ཟས་རྣམས་བཟའ་བར་བགྱིའོ། །དགྲ་བསྐྲད་པར་འཚལ་ན་བྱ་ནག་བཀྲའི་མདབ་མ་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དགྲའི་ཁྱིམ་དུ་བཞག་ན་དགྲ་འཕྲལ་དུ་འབྲོས་སོ། །གཞན་ནད་ཀྱིས་འདེབས་པར་འཚལ་ ན་མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་ཤིང་བཛྲའི་རྩ་བས་རྡོ་རྗེ་ལ་བདུག་པར་བགྱི་ཞིང་། རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གང་ཡིད་ལ་བསམས་པ་དེ་ནད་ཀྱིས་ཐེབས་པར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་ དུ་ཅེ་པོག་གིས་བདུག་ཅིང་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གསོས་པ་བགྱིས་པར་འགྱུར་རོ། །འབྱུང་པོ་དང་ཤ་ཟ་རྣམས་རེངས་པར་བགྱི་ན་ཡིད་ཀྱིས་བགྱིའོ། །དབབ་པ་ནི་མེ་ལོང་གིས་བགྱིས་ཏེ་མེའི་སྦྱིན་སྲེག་ བགྱིས་པའི་ཐལ་བས་དག་པར་ཕྱེས་སི་ལ་ཁྱེའུ་དག་ལ་བསྟན་ན་བདེན་པ་བརྗོད་དོ། །གདོན་བསྐྲད་ནས་ཡུངས་ཀར་གཏུན་དུ་བརྡུངས་ན་ངུ་ཞིང་གཏོང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བས་ས་ལ་གཟུགས་བྲིས་ལ་དེའི་ལག་པ་འམ་མགུལ་ པར་ལག་ན་རྡོ་རྗེ་བྲིས་ཏེ་མནན་ན་གཏོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་ཟ་མ་ཏོག་ཏུ་སྩལ་ལ་བཟླས་བརྗོད་བགྱིས་ན་དེས་རེག་པ་ཙམ་གྱིས་གདོན་དུ་ཞིང་གཏོང་བར་ འགྱུར་རོ། །དགྲ་གསད་པར་འཚལ་ན་དུར་ཁྲོད་ཀྱི་སོལ་བ་བླངས་ལ་གཟུགས་བྲིས་ཏེ་སྙིང་གར་མནན་ལ་བཟླས་བརྗོད་བགྱིས་ན་འཕྲལ་དུ་དགྲ་མ་ལགས་པར་འགྱུར་རོ། །ཚེས་གྲངས་དང་སྐར་མ་འདམ་མི་འཚལ་སྨྱུང་བ་བགྱི་མི་ 100-1-124a འཚལ་ཏེ་དགྲ་སྐམ་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཤིང་མ་དཱ་ན་ལས་གཟུགས་བགྱིས་ལ་སེང་ལྡེང་གི་ཕུར་བུ་སྙིང་གར་གཙུགས་ཏེ། རིག་པ་གང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ནད་དྲག་པོས་འདེབས་ཤིང་སྐམ་པར་ ཡང་འགྱུར་རོ། །ཕྱུང་ན་སོས་པར་ཡང་འགྱུར་རོ། །རྡོ་རྗེ་སེར་མོའི་ཆོ་ག་རྫོགས་སྷོ།། །། ནག་སེར་གྱི་ལས་རྣམས་ལགས་ཏེ། ཡུལ་གྲུ་བསྲུང་ན་ཆབ་ཀྱིས་བགྱིའོ། །མཚམས་བཅད་ན་ལན་ཉི་ཤུ་རྩ་གཅིག་པའི་བཟླས་བརྗོད་ བགྱིས་པའི་ཕུར་བུས་བགྱིའོ། །སྨད་བསྲུང་ན་ཡིད་ཀྱིས་བགྱིའོ། །རྐང་གཉིས་པ་དང་རྐང་བཞི་པ་རྣམས་དགར་ན་ཐལ་མོས་བརྡབས་པར་བགྱིའོ། །རིག་སྔགས་བཅད་ན་མཚོན་རྣོན་པོས་ས་ལ་ཤུབ་རེར་དྲས་ན་རིག་སྔགས་ བཅད་པར་འགྱུར་རོ། །གདོན་དབབ་ན་ཡིད་ཀྱིས་བགྱིའོ། །གདོན་སྤོ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་བགྱིའོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་འགྲུབ་པར་འགྱུར་རོ། །གྲུབ་ནས་ལས་སུ་གྱུར་ཏེ། གླང་པོ་ཆེ་རེངས་པར་བགྱི་བ་དང་། རྟ་རེངས་པར་བགྱི་བ་དང་། ཕ་རོལ་གྱི་དམག་ཚོགས་རེངས་པར་བགྱི་བ་དང་། གང་ཡིད་ལ་བསམས་པ་དེ་དག་ཐམས་ཅད་ རེངས་པར་བགྱིད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ནག་མོའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ལ་འབྲས་སཱ་ལུ་མར་དང་བསྲེས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལྷ་མོ་མཆིས་པར་འགྱུར་ཏེ། དེ་ལ་ཕོ་ཉ་མོའི་གསང་ སྔགས་ཀྱིས་མཆོད་ཡོན་ཕུལ་ན་དེ་ཁྱོད་ཉིད་ལ་དམ་པ་གང་སྦྱིན་པར་བྱ་ཞེས་སྨྲ་བར་འགྱུར་རོ། །དེ་ལ་འདི་སྐད་དུ་སའི་བདག་པོར་གྱུར་པ་སྩོལ་ཅིག་ཅེས་བརྗོད་པར་བགྱིའོ། །དེས་འདི་སྐད་དུ་ཡུལ་གཅིག་གི་རྒྱལ་པོར་གྱུར་ཅིག་བརྗོད་ན་དེ་བཞིན་དུ་ གྱུར་ཅིག་ཅེས་བརྗོད་པར་བགྱི་སྟེ། སླར་བཏང་བའི་གསང་སྔགས་ཀྱིས་ཀྱང་སླར་བཏང་ཞིང་། མེ་ཏོག་དཀར་པོས་ཀྱང་སླར་བཏང་ན་དེ་ནས་མི་གདའ་བར་འགྱུར་རོ། །ལུང་ཐང་གི་ཤིང་དྲུང་ན་གཏུམ་པོ་ཁ་ཤར་ཕྱོགས་སུ་བསྟན་པ་མཆིས་པ་དེའི་ 100-1-124b མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། དུ་བ་མ་མཆིས་པའི་མདག་མར་མར་མེའི་སྙིང་པོ་བརྒྱ་སྟོང་བོར་ན་ཏི་ན་ར་སྟོང་སྩོལ་ཏོ། །ནག་སེར་གྱི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་བསྟོད་དེ་འཛིན་པའི་ལས་རྣམས་ལགས་ཏེ། མར་གྱི་ ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱ་སྟོང་ཕུལ་ན་མཚན་མས་བཏབ་པ་སྟོང་སྩོལ་ཏོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོ་ནས་ བཟུང་ལ་གཟུགས་འགུལ་གྱི་བར་དུ་བཟླས་བརྗོད་བགྱིས་ན་ཡིད་ཀྱིས་བསམས་པས་རེངས་པར་བགྱིད་དེ་དུད་འགྲོའི་སྐྱེ་གནས་སུ་མཆིས་པའི་སེམས་ཅན་དེ་དག་ཐམས་ཅད་རེངས་པར་བགྱིད་དོ། །ཡིད་ཀྱིས་གྲོལ་བར་འགྱུར་རོ། །མར་གྱི་ངོ་ཞག་ བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལག་ན་རྡོ་རྗེ་ལ་མཆོད་པ་བགྱིས་ལ་ཤིང་ཤླེ་སྨ་ཏ་ཀའི་ཕུར་བུ་བླངས་ཏེ། སྐུད་པ་དམར་པོས་དཀྲིས་ལ་དེ་ནས་རིག་སྔགས་འཆང་གིས་པ་ལ་ཤའི་ཤིང་གིས་ཞུགས་བུས་ཏེ། ཕུར་ བུ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དེ་ནས་དུམ་བུ་གསུམ་དུ་བཅད་དེ། དུམ་བུ་རེ་རེ་ལ་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བགྱིས་ལ་ཞུགས་སུ་བོར་ན་ནང་པར་ཏི་ན་ར་སུམ་སྟོང་སྩོལ་ཏོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་ བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་པད་མ་འབུམ་ཕུལ་ན་རྒྱལ་པོ་ཉིད་སྩོལ་ཏོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བར་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ ཞུགས་བུས་ལ་ཀུ་མུ་ཏའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་དྲི་མཆོག་གི་ མེ་ཏོག་བརྒྱ་སྟོང་གིས་ལག་ན་རྡོ་རྗེ་ལ་བསྣུན་ན་བུད་མེད་དབང་དུ་འགྱུར་རོ། །རྡོ་རྗེ་བསྟོད་དེ་འཛིན་གྱི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་སེང་གེའི་ཁྲིའི་ལས་རྣམས་ལགས་ཏེ། དབབ་ན་གདོན་གྱིས་ཟིན་པའམ་མ་ཟིན་པ་ཡང་རུང་གུ་ 100-1-125a ཀུལ་གྱིས་དབབ་བོ། །གདོན་བཅིངས་ན་ཡིད་ཀྱིས་བགྱིའོ། །གདོན་སྐྲག་པར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་མོས་བརྡབས་པར་བགྱིའོ། །གདོན་འབྲོས་པར་བགྱི་ན་སོལ་བས་གཟུགས་བྲིས་ལ་ལྕུག་མས་ བསྣུན་ན་གཏོང་བར་འགྱུར་རོ། །གདོན་སྐམ་ན་གུ་གུལ་གྱིས་བདུག་པས་བགྱིའོ། །གདོན་བཟའ་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཤས་བགྱིའོ། །གདོན་གཅོད་ན་མཚོན་རྣོན་པོས་རྩྭ་ཀུ་ཤ་བཅད་ན་གདོན་བཅད་པར་འགྱུར་ རོ། །དུག་སྤོ་ན་ཆབ་བམ་ཡལ་གས་བགྱིའོ། །བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་ཡལ་གས་བྱབ་པར་བགྱིའོ། །ཆུར་མི་བྱིང་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ། །མཚོན་གྱིས་མི་ཚུགས་པར་བགྱི་ན་ ཡིད་ཀྱིས་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་གདོང་དམར་བྲིས་ནས། དེ་ལ་གཏོར་མ་སྣ་ཚོགས་སྩལ་ཅིང་གྲོ་མཁར་གྱིས་ལ་མདུང་རྩེ་གསུམ་པ་བགྱིས་ཏེ་ལག་པ་གཡོན་ན་རྡོ་རྗེ་ཐོགས་ པ་མདུང་རྩེ་གསུམ་པའི་སྟེང་དུ་མཆིས་ཏེ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གཏེར་མཐོང་བར་འགྱུར་རོ། །ཡར་གྱི་ངོ་ཚེས་ལྔ་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་ འཆང་གི་འཁོར་ལོས་སྒྱུར་བར་འགྱུར། རིག་སྔགས་འཆང་དགུ་སྟོང་གི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །བསྐལ་པར་གནས་པར་ཡང་འགྱུར་རོ། །ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་ བགྱིས་ཏེ། དབང་ཕྱུག་ཆེན་པོའི་གནས་སུ་མཆིས་ལ་གློ་གཡས་ལོགས་སུ་མཆོད་པར་བགྱིས་ཏེ། ཕག་རྒོད་ཀྱི་མཆེ་བ་ལ་གེའུ་ཝང་གིས་བསྐུས་ལ་རས་དཀར་པོའི་སྟེང་དུ་བཞག་སྟེ་རིག་པ་བཟླས་བརྗོད་བགྱིས་ན་བགེགས་རྣམ་པ་ སྣ་ཚོགས་འབྱུང་སྟེ། རིག་པའི་རྒྱལ་པོས་བསྣུན་པར་བགྱིའོ། །དེ་ནས་མཆེ་བ་དེ་འབར་བར་འགྱུར་ཏེ། འབར་ནས་བླང་བར་བགྱིའོ། །བླངས་མ་ཐག་དུ་མདུང་རྩེ་གསུམ་པར་འགྱུར་ཏེ་རིག་སྔགས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་ 100-1-125b མི་འགྱུར། དཔག་ཚད་སྟོང་གྱེན་དུ་འཕག་པར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །རྡོ་རྗེ་སེང་གེའི་ཁྲིའི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་ལྡན་མའི་ལས་རྣམས་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་ གོད་པའི་རས་ལ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་འཕགས་པ་ཕྱག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །དེའི་གཡས་རོལ་ཏུ་རྡོ་རྗེ་དང་ལག་བཟངས་ཀྱང་བྲི་བར་བགྱི་སྟེ། གཉིས་ཀ་ཡང་གསེར་ གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། །གཡོན་རོལ་དུ་རྡོ་རྗེ་ལྡན་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །ཐ་མར་རིའི་རྩེ་མོ་རྣམས་བྲི་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཚེས་གཅིག་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཚལ་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་བའི་མེ་ཏོག་ཞོ་དང་སྦྲང་རྩི་མར་ལ་ བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དེ་ནས་རྡོ་རྗེ་འགུལ་ནས་གྲུབ་པར་འགྱུར་ཏེ། ཉིན་གཅིག་བཞིན་ཏི་ན་ར་སྩོལ་ཏོ། །དེ་བཞིན་དུ་གོད་པར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རི་མོའི་གཟུགས་ ཀྱི་མདུན་དུ་དུ་བ་མ་མཆིས་པའི་མདག་མེ་ལ་ཨ་ཀ་རུ་སྟོང་སྦྱིན་སྲེག་བགྱིས་ན་རི་མོའི་གཟུགས་ཀྱི་མེ་ཏོག་གི་ཕྲེང་བ་འགུལ་ནས་གྲུབ་པར་འགྱུར་ཏེ། གྲུབ་ནས་ཡུལ་གྲུ་སྩོལ་ལོ། བུད་མེད་དབང་དུ་བགྱི་ན་གདུགས་བདུན་དུས་གསུམ་ དུ་ཀ་ར་བཱི་རའི་ཤིང་གིས་ཞུགས་བུས་ལ་མར་དང་བསྲེས་པའི་ཡུངས་ཀར་གྱིས་སྦྱིན་སྲེག་ལན་བརྒྱ་སྟོང་བགྱིའོ། །ཡུག་ས་ས་མོ་དབང་དུ་བགྱི་ན་ས་ཕྱོགས་གཙང་མར་ལུང་ཐང་གི་ཤིང་གི་ཞུགས་བུས་ལ་ཏིལ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་ བགྱིས་ན་ཡུགས་ས་མོ་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ལ་སྐེ་ཚེའི་འབྲུ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་ 100-1-126a བགྱིས་ན་དབང་དུ་འགྱུར་རོ། །རྡོ་རྗེ་ལྡན་མའི་ཆོ་ག་རྫོགས་སྷོ།། །། རྡོ་རྗེ་བཞད་མའི་ལས་རྣམས་ལགས་ཏེ། དབབ་ན་མེ་ཏོག་དཀར་པོ་དག་གིས་བགྱིའོ། །བཅིང་ན་ཡིད་ཀྱིས་བགྱིའོ། །སྨྲར་སྩལ་ན་ལན་བདུན་བཟླས་ བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །གང་བགྱིད་དུ་སྩལ་ན་གུ་གུལ་གྱི་བདུག་པས་བགྱིའོ། །ཟས་སྩལ་ན་ཀ་ར་བཱི་རའི་མེ་ཏོག་ལ་ལན་བདུན་བཟླས་བརྗོད་བགྱིས་པར་བགྱིའོ། །བརྗོད་དུ་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ ཡུངས་ཀར་གྱིས་བསྣུན་ན་འདས་པ་དང་མ་འོངས་པ་བརྗོད་དོ། །གདོན་དགོད་དུ་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གཏོར་རོ། །བཅིང་ན་ཆབ་ཀྱིས་བགྱིའོ། །བརྡེག་ན་སེ་གོལ་ཏོག་པ་བགྱིའོ། །ཚར་བཅད་ན་རྩྭ་ལ་ལན་བདུན་ སྔགས་ཀྱིས་བཏབ་ལ་མགོ་ལ་བཞག་ན་མྱོས་པར་འགྱུར་ཏེ་གདོན་འབྲོས་སོ། །གཅོད་ན་བ་ལང་གི་ལྕི་བ་ལ། གཟུགས་བགྱིས་ལ་ས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་འགྱུར་རོ། །གདོན་བསྡིགས་པ་དང་རྒྱུག་ཏུ་གཞུག་ན་མཛུབ་མོས་ བསྡིགས་པར་བགྱིའོ། །གདོན་དཀྱིལ་འཁོར་དུ་གཞུག་ན་རྡོ་རྗེའི་ཕྱག་རྒྱས་བསྣུན་ན་དཀྱིལ་འཁོར་དུ་གཞུག་གོ། གདོན་འབྲོས་པར་བགྱི་ན་གདོན་གྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་གདོན་ངུ་ཞིང་འབྲོས་སོ། །གདོན་སྤོ་ན་ ཡིད་ཀྱིས་གར་འཚལ་བ་དེར་རྦད་དོ། །དུག་དབབ་ན་སྲ་རྩི་པོག་གི་བདུག་པས་བགྱིའོ། །ཕུར་བུ་དབབ་ན་ལུང་ཏང་གི་ལོ་མའི་བདུག་པས་བགྱིའོ། །རིམས་དབབ་ན་ཀ་ར་བཱི་རའི་མེ་ཏོག་གི་བདུག་པས་བགྱིའོ། །རིམས་ཞག་བཞི་ པ་དབབ་ན་མདས་བགྱིའོ། །བསྲུང་བ་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་སྲད་བུས་བགྱིའོ། །ཆང་མ་རུང་བར་བགྱི་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ལ་ཁང་སྟེངས་སུ་བོར་ན་ཆང་མ་རུང་བར་བགྱིས་པར་འགྱུར་ རོ། །གདོན་གྱིས་བཏབ་པར་བགྱི་ན་ཡིད་ཀྱིས་བགྱིའོ། །སྐྱེས་པ་དང་བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་གདུགས་བདུན་དུས་གསུམ་དུ་ཕྲུ་མ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། 100-1-126b དབྱེ་བ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྐྱེས་པའི་སྐྲ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །རོ་ལངས་སྒྲུབ་པར་འཚལ་བས་ཚེས་ གྲངས་དང་སྐར་མ་གདམ་མི་འཚལ་སྨྱུང་བ་བགྱི་མི་འཚལ་བར་བུད་མེད་ཀྱི་རོ་ལངས་ལ་སྤོས་དང་བདུག་པས་མཆོད་དེ་མགོ་ཤར་ཕྱོགས་སུ་བསྟན་ལ། དེ་ནས་རིག་སྔགས་འཆང་གིས་རྡོ་རྗེ་བཞད་མ་བརྗོད་པར་བགྱིས་ན་བུད་ མེད་དེ་རྒོད་ཅིང་ལྡང་བར་འགྱུར་ཏེ་དེ་ལ་ཉལ་པོ་བགྱིའོ། །གལ་ཏེ་མ་ནུས་ན་རིག་སྔགས་འཆང་གིས་ལ་གོར་དུ་རིག་པ་མཆོག་དྲན་པར་བགྱི་ཞིང་སྙིང་པོ་གཉིས་ཀ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་ བགྱིའོ། །དེ་ནས་བུད་མེད་དེ་རྒོད་ཅིང་མཆི་སྟེ། དེ་ལ་རྩེད་པར་བགྱིའོ། །དེ་ནས་བུད་མེད་དེ་སྦྲུམ་མར་འགྱུར་ཏེ། དེ་ནས་རིག་སྔགས་འཆང་གིས་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། ། དེ་ནས་དེ་མི་འགུལ་བར་འགྱུར་རོ། །ཡང་རིག་པ་མཆོག་གིས་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། །དེ་ནས་ལྟོ་འགས་ཏེ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་མངལ་བླང་བར་བགྱིའོ། །མངལ་བླངས་ནས་ཀྱང་ཡུངས་ ཀར་གྱིས་བསྣུན་ན་དུམ་བུ་བརྒྱར་འགྱུར་ཏེ་ཕྲུ་མའི་ནང་དུ་སྩལ་ལ་མི་ཐོད་གསུམ་གྱི་སྟེང་དུ་མཆིས་ལ་ཡོངས་སུ་སྨིན་པར་འགྱུར་གྱི་བར་དུ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་བླངས་ཏེ་གྲོགས་རྣམས་ལ་ཡང་སྩལ་ཅིང་འཚལ་ ན་སྐྲ་ལྕང་ལོ་འཁྱིལ་བར་འགྱུར། གདུགས་ཤར་བ་ལྟ་བུའི་མདོག་དུ་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། ནམ་མཁའ་ལ་མཆི་བར་འགྱུར། རིག་སྔགས་འཆང་ཐམས་ཅད་བྲན་དུ་འགྱུར། རྡོ་རྗེ་འཁོར་ ལོས་སྒྱུར་བར་འགྱུར། དཔག་ཚད་སྟོང་གྱེན་དུ་འཕགས་པར་འགྱུར། དཔག་ཚད་སྟོང་ཚུན་ཆད་ཀྱིས་ཐོས་པར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། མཚོན་ཆས་ལུས་ལ་མི་ཚུགས་པར་འགྱུར་རྡོ་རྗེ་ཉིད་དུ་འགྱུར། 100-1-127a བདག་མཆི་བར་འཚལ་བར་འགྱུར་རོ། །ལྷའི་བསྒྲུབ་པ་ནི་ཟླ་བ་གཅིག་ཟས་སུ་ཆུ་བགྲོག་འཚལ་ཞིང་དེའི་འོག་ཏུ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་མཆོད་ཅིང་ལྷ་ཐམས་ཅད་ ཀྱང་མཆོད་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་སྟེ་དངོས་གྲུབ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ན་ནམ་མཁའ་ལ་མཆི་བར་ འགྱུར་རོ། །དུ་བ་འཐུལ་ན་མི་གདའ་བར་འགྱུར། ལོ་ལྔ་སྟོང་ཐུབ་པའི་རིག་སྔགས་འཆང་ཉིད་དུ་འགྱུར། ལོ་ལྔ་སྟོང་ཐུབ་པའི་རྐང་གིས་འགྲོ་བར་འགྱུར་རོ། །ས་ཕྱོགས་གང་ན་གནོད་སྦྱིན་མོ་མཆིས་པ་དེར་མར་གྱི་ངོ་ཞག་བརྒྱད་ནས་ ཞག་གསུམ་སྨྱུང་བ་བགྱིས་ཏེ། གནས་དབེན་པར་མཆིས་ལ་དུར་ཁྲོད་ཀྱི་ཤིང་གི་ཞུགས་བུས་ལ་སེང་ལྡེང་གི་ཡམ་སྲེག་ཤིང་ཁྲག་དང་དུག་ལ་བསྙུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་གནོད་སྦྱིན་མོ་དེ་མཆི་བར་འགྱུར་ཏེ། མཆིས་ནས་འདི་སྐད་དུ་ཅི་བྱ་ཞེས་མཆི་བ་དང་། དེས་འདི་སྐད་དུ་གང་བསམས་དེ་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །གལ་ཏེ་གཏུབ་ན་འདི་སྐད་ཅེས་དཔག་ཚད་བརྒྱ་ནས་བུད་མེད་ངའི་གན་དུ་ཁྲིད་དེ་ཤོག །གྲོགས་པོ་བརྒྱད་བཅུ་ ལ་ཟན་བྱིན་ཅིག །ཉིན་གཅིག་བཞིན་རས་ཟུང་བརྒྱད་དང་། ཀར་ཤཱ་པ་ཎི་བརྒྱད་བརྒྱད་ཕུལ་ཅིག་ཅེས་བརྗོད་དང་དེ་ལྟར་བགྱིའོ། ཞེས་མཆི་བར་འགྱུར་ཏེ། དེའི་འོག་ཏུ་བུད་མེད་དེ་ཁྲིད་དེ་མཆིའོ། །ཡིད་ཀྱིས་བཟླས་བརྗོད་བགྱིའོ། ། ཡིད་ཀྱིས་སླར་གཏང་བར་བགྱིའོ། །རྡོ་རྗེ་བཞད་མའི་ཆོ་ག་རྫོགས་སྷོ།། །། ཕོ་ཉ་མོ་ཐམས་ཅད་ཀྱི་ལས་ནི་འདི་ལགས་ཏེ། རིག་པ་མཆོག་གི་ཕོ་ཉ་མོ་ནི་ལས་ཐམས་ཅད་དུ་ཡང་སྦྱར་བར་བགྱིའོ། །ལས་ཐམས་ཅད་དུ་ ཡང་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་སྦྱར་བར་བགྱི་སྟེ། སྒྲུབ་པ་མ་ལགས་པའི་རིག་པ་ཡང་སྒྲུབ་པར་བགྱིད་དོ། །སྲིན་བུ་ཀ་ཏའི་དུག་གིས་གནོད་པར་གྱུར་པ་རྣམས་ལ་ནི་ཡི་གེ་བྲི་བའི་གཞི་དང་སྣག་ཚ་དང་སྙུག་གུ་ 100-1-127b ཡང་སྔགས་ལན་བདུན་བདུན་གྱིས་སྔགས་ལ་གང་འདོད་པ་བྲིས་ཏེ་བསྐུར་ན་སོས་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་པ་ཐམས་ ཅད་དངོས་གྲུབ་ཏུ་འགྱུར་བ་སྩོལ་བའི་རིག་པའི་ལྷ་ཐམས་ཅད་ཀྱི་གསང་བ་བརྗོད་པར་བགྱིའོ། །གལ་ཏེ་རིག་སྔགས་འཆང་གི་རིག་པ་བསྒྲུབ་པར་འཚལ་ན་རིག་པའི་ལྷ་དེ་ལ་འདིས་མགུ་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོགས་གཉིས་ཀའི་ས་བླངས་ལ་ལྷའི་གཟུགས་བགྱིས་ཏེ་སྤྱིན་དང་མ་འདྲེས་པའི་ཚོན་གྱིས་ལྷའི་ཁ་དོག་ཅི་འདྲ་དེ་འདྲ་བར་བྲི་བར་བགྱིའོ། །མར་དང་སྦྲང་རྩིས་ལྟོ་ དགང་བར་བགྱིའོ། །མེ་ཏོག་པད་མའི་དབུས་སུ་ལྷ་དེ་གཞག་པར་བགྱིའོ། །པད་མའི་ཟེ་བ་ནི་ཨ་ཀ་རུ་དང་ཙན་དན་གྱིས་བསྐུ་བར་བགྱིའོ། །དུས་གསུམ་དུ་བདུག་པས་ཀྱང་བདུག་པར་བགྱི་སྟེ། གུ་གུལ་དང་། དུ་རུ་ཀ་དང་། ག་ཕུར་དང་ཤིང་ཤ་ཨ་མྲའི་མེ་ཏོག་དང་དེ་རྣམས་བསྲེས་པའི་བདུག་པས་བདུག་པར་བགྱིའོ། །གདུགས་གསུམ་གྱི་བར་དུ་བགྱིའོ། །དེ་ནས་གཟུགས་དེ་འོ་མའི་ནང་དུ་སྩལ་དེ་ཞིག་པར་མ་གྱུར་གྱི་བར་དུ་བཞག་ལ་ཞིག་ནས་ འོ་མ་རྒྱ་མཚོར་འབབ་པའི་ཆབ་ཀྱི་ནང་དུ་སྩོལ་ཏོ། །དེ་ནས་སྦྱོར་བ་འདིས་ལྷ་དེ་མགུ་བར་འགྱུར་ཞིང་དགའ་བ་མཐོང་སྟེ་མྱུར་དུ་དངོས་གྲུབ་ཀྱང་སྩོལ་ཏོ། །བཅོམ་ལྡན་འདས་འདི་ནི་རིག་པའི་རིགས་ཐམས་ཅད་ཀྱི་གསང་བ་ལགས་ ཏེ་འདིས་ལྷ་ཐམས་ཅད་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གསང་བ་འདི་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བརྗོད་དོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བདག་གིས་བཤད་པ་འདི་ནི་རིགས་ ཐམས་ཅད་ཀྱི་རྒྱལ་པོ་སྟེ། རིག་པ་ཐམས་ཅད་སྒྲུབ་དུ་སྩལ་བ། མཚུངས་པ་མ་མཆིས་པ། མི་མཉམ་པ་དང་མཉམ་པ། ཟླ་མ་མཆིས་པ་ལགས་སོ། །འདི་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བཤད་དོ། ། 100-1-128a དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་ཆེན་པོ་ལག་ན་རྡོ་རྗེ་མཐོང་ངམ། གསོལ་པ་བཅོམ་ལྡན་ འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གང་གིས་འདི་ལྟར་ཡིད་ཀྱིས་ ཕྱག་འཚལ་ན་ཡང་དེས་དེ་བཞིན་གཤེགས་པ་སྟོང་ཕྲག་དགུ་ལ་ཕྱག་བྱས་པར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་བྱང་ཆུབ་སེམས་ དཔའ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པས་བསྟོད་ཅིང་བཀུར་ཏེ་བསྔགས་ལ་ལེགས་སོ་ལེགས་སོ། །བརྩོན་འགྲུས་དང་བརྟུལ་བ་ཆེན་པོ་དང་ལྡན་པ་ལེགས་སོ་ཞེས་བྱ་བ་སྨྲས་སོ། །དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བཅོམ་ལྡན་འདས་ ཀྱི་ཞབས་དང་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་བདག་ཀྱང་རིག་པ་མཆོག་ལ་དགའ་བས་གང་གིས་རིག་པ་མཆོག་བསྒྲུབ་པའི་རིག་སྔགས་འཆང་དེ་ལ་གནོད་ སྦྱིན་ཐམས་ཅད་དང་ལོག་འདྲེན་ཐམས་ཅད་དང་རིག་སྔགས་འཆང་ཐམས་ཅད་དང་གྲུབ་པ་ཐམས་ཅད་དང་ཀླུ་ཐམས་ཅད་དང་ཡི་དགས་ཐམས་ཅད་དང་གྲུལ་བུམ་ཐམས་ཅད་བགེགས་བགྱིད་པར་མི་འགྱུར་བར་སེམས་ཅན་ཐམས་ ཅད་ཀྱི་དོན་གྱི་སླད་དུ་གསང་སྔགས་སྩལ་བར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ་ལེགས་སོ། ། བཞིན་བཟངས་ཁྱོད་རིག་པ་མཆོག་གི་དོན་གྱི་ཕྱིར་གསང་སྔགས་སྨྲོས་ཤིག །དེ་ནས་ཕས་གནང་བས་གཞོན་ནུ་རྡོ་རྗེ་སྡེ་དགའ་མགུ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ལོག་འདྲེན་ངེས་པར་གཞིག་ 100-1-128b པའི་གསང་སྔགས་སྨྲས་པ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་སེ་ནཱ་ཡ། ཀུ་མཱ་ར་རཱུ་པ་དྷཱ་ར་ཎི། ཨ་པྲ་ཏི་ཧ་ཏཱ་ཡ། མ་ཧཱ་བ་ལ་པ་ར་ཀྲ་མཱ་ཡ། ཙ་ལ་ཙ་ལ། ཀུ་ལ་ཀུ་ལ། མ་ཐ་མ་ཐ། ནཱ་ཤ་ཡ་སརྦ་བིན། བི་ནཱ་ཡ་ཀཱཾ། བནྡྷ་བནྡྷ། སྥོ་ཊ་ཡ་སྥོཊ་ཡ། མ་ར་མ་ར། བྷིནྡ་བྷིནྡ། ཡེ་མ་མ་དུཥྚ། ཙིནྟ་སྟྭཾ་མྱ་ཀིནྟ་ཛམྦྷ་མོ་ཧ་ཡ་ནི། སུམྦྷ་སྟམྦྷ་ཡ་སྭཱ་ཧཱ། སྒྲུབ་པའི་དུས་ན་གྲོག་མཁར་གྱི་ས་ལས་རྡོ་རྗེ་ བགྱིས་ཏེ་བསྲུང་བར་བགྱིའོ། །བསྲུང་བའི་དུས་ན་ཏིལ་ནག་པོས་སྦྱིན་སྲེག་བརྒྱ་སྟོང་བགྱིས་ལ་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །བསྒྲུབ་པའི་དུས་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་མཚམས་བཅད་ དོ། །རྐང་བརྗེས་ཀྱི་ས་འམ་ཐལ་བ་ལ་ལན་གསུམ་བཟླས་བརྗོད་བགྱིས་ཏེ་བསྲུང་བ་བགྱིའོ། །བསྒྲུབ་པའི་དུས་ན་འཇིམ་པ་ལས་རྡོ་རྗེ་སྡེའི་གཟུགས་བགྱིས་ཏེ། སྤོས་དང་མེ་ཏོག་དང་བདུག་པས་མཆོད་ལ་རིག་པ་ལན་བརྒྱ་སྟོང་ བཟླས་བརྗོད་བགྱིས་ན་སྒྲུབ་པའི་ཚེ་བྱིན་གྱིས་རློབ་པར་བགྱིད་ཅིང་དངོས་གྲུབ་དུ་འགྱུར་རོ། །ལྷ་རྣམས་དབབ་ན་གུ་གུལ་གྱི་བདུག་པས་བགྱིའོ། །ཀླུ་དཀྲུག་པར་བགྱི་ན། རྡོ་རྗེའི་ཕྱག་རྒྱ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་ལན་ བརྒྱད་བརྒྱ་བགྱིས་ཏེ། གང་ན་ཀླུ་གནས་པའི་མཚོ་དེར་བོར་ནས་ཀླུ་ཐམས་ཅད་སྐྲག་པར་འགྱུར་རོ། །དྲི་ཟ་རྣམས་གཡོས་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་སོལ་ བས་དྲི་ཟའི་གཟུགས་བྲིས་ལ་དེའི་ལྟོ་བར་སྲིན་ལག་བཞག་སྟེ། རིག་པ་ལན་བརྒྱ་སྟོང་བརྗོད་ན་སྙིང་པོ་བརྗོད་པས་མཆི་བར་འགྱུར་རོ། །མཆིས་ནས་བར་སྣང་ལས་སྨན་འདོར་ཏེ། དེ་འཚལ་ན་ཐོས་པ་འཛིན་པར་འགྱུར་དྲི་ཟ་ཐམས་ ཅད་ཀྱང་བསྲུང་བར་འགྱུར་རོ། །གནོད་སྦྱིན་རྣམས་བརླག་པར་བགྱི་ན་ཕྱོགས་གང་ན་གནོད་སྦྱིན་ནམ་གནོད་སྦྱིན་མོ་གནས་པའི་ཕྱོགས་དེར་མཆིས་ལ་ལྕགས་ཕུར་སོར་བཞི་པ་བླངས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ 100-1-129a ཏེ་བཙུགས་ན་གནོད་སྦྱིན་འབྲོས་པར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་གཟུགས་གསེར་གྱི་མདོག་ཅན་བྲི་བར་བགྱིའོ། །དེའི་གཡོན་ རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །དེ་བཞིན་གཤེགས་པའི་གཡས་རོལ་དུ་རྡོ་རྗེ་སྡེ་གཞོན་ནུའི་གཟུགས་འཛིན་པ་གསེར་གྱི་མདོག་ཅན་ལག་པ་གཡོན་པ་ན་པད་མ་གཡས་ པས་དམ་པ་སྦྱིན་པར་བྲིའོ། །དེའི་འོག་རོལ་ཏུ་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་ཆེར་མཆོད་ལ་གཏོར་མ་ཡང་རྒྱ་ཆེར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་གནའ་མའི་མེ་ཏོག་བརྒྱ་སྟོང་གིས་དེ་བཞིན་གཤེགས་པ་ལ་ཕོག་པར་བགྱིའོ། །དངོས་གྲུབ་ཀྱི་མཚན་མར་ནི་མར་མེའི་མེ་ལྕེ་གྱེན་དུ་ མཆི་ལ་སྤུ་ཟིང་ཞེས་བགྱིད་ན་དངོས་གྲུབ་དུ་འགྱུར་རོ། །ཡིད་ཀྱི་གང་བསམས་པ་དེ་སྩོལ་ཏེ་རིག་སྔགས་འཆང་ཉིད་དང་འདོད་པ་དང་ལྡན་པ་ནི་མ་གཏོགས་སོ། །ལས་ཐམས་ཅད་དུ་ཡང་སྦྱར་བར་བགྱི་སྟེ་ཡིད་ཀྱིས་ལས་བགྱིའོ། །རྡོ་རྗེ་སྡེའི་ཆོ་ག་རྫོགས་ སྷོ།། །། དེ་ནས་མུ་དྷ་ད་ཀས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་བདག་ནི་ཁྱོད་ཀྱི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་ལ་བགེགས་བགྱིད་པ་ལགས་མོད་ཀྱི་གང་དག་རིག་པ་མཆོག་བསྒྲུབ་པ་དེ་དག་ལ་བདག་སླར་བཅིང་བ་ སྩལ་བར་བགྱིའོ། །བདག་བཅིངས་ན་རིག་སྔགས་འཆང་བ་དེ་ལ་སུ་ཡང་བགེགས་བགྱིད་པར་མི་འགྱུར་རོ། །བཞིན་བཟངས་དེ་དེ་བཞིན་ཏེ། བདག་བཅིང་བ་སྨྲོས་ཤིག་སྨྲོས་ཤིག །དེ་ནས་མུ་དྷ་ད་ཀས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་ བཏུགས་ཏེ། བདག་བཅིང་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཛི་རྫི་རུ་རུ་ཁ་རི་བི་ཁ་རི། ཏིཥྛ་ཏིཥྛ། ཙ་ལ་ཡ་ཙ་ལ་ཡ། བཛྲ་པཱ་ཎི་སྱ། ཨ་ཀྲོ་དྷ་བྷ་ཤ་དྷཾ། སྨ་ར་སྨ་ར། བྷནྡྷ་བྷནྡྷ་སྭཱ་ཧཱ། 100-1-129b ལག་ན་རྡོ་རྗེ་དང་མུ་དྷ་ད་ཀའི་མདུན་དུ་མེ་ཏོག་དམར་པོ་དང་བདུག་པས་མཆོད་ལ། དེ་ནས་སྒྲུབ་པའི་དུས་ན་སྲད་བུ་དཀར་པོ་ལ་མདུད་པ་གསུམ་དོར་རོ། །སུ་ཞིག་རྟག་ཏུ་འཆང་བ་དེ་ལ་ཐམས་ཅད་དངོས་གྲུབ་དུ་འགྱུར་རོ། །སྒྲུབ་པ་ཐམས་ཅད་དང་ ལས་ཐམས་ཅད་དུ་ཡང་སྤྲ་ཚིལ་ལས་མུ་དྷ་ཏ་ཀའི་གཟུགས་བགྱིས་ཏེ། ལག་པ་གཡོན་ན་མདུང་རྩེ་གསུམ་པ་ཐོགས་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཙན་དན་དམར་པོའི་མདུང་རྩེ་གསུམ་པས་སྙིང་གར་བཙུགས་པ་དེའི་འོག་ ཏུ་རྡེའུ་ནག་པོས་བཀང་སྟེ། དངོས་གྲུབ་སྩལ་གྱི་བར་དུ་བཞག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་མདུང་རྩེ་གསུམ་པ་ཕྱུང་ལ་འོ་མས་བཀྲུས་ཏེ། །རིག་པ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཐམས་ཅད་ བགྱིའོ། །གལ་ཏེ་ལས་དེ་ལྟར་མ་བགྱིས་ན་དངོས་གྲུབ་ཏུ་མི་འགྱུར་རོ། །མུ་དྷ་ད་ཀའི་བསྒྲུབ་པ་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་གཟུགས་གསེར་གྱི་ཁ་དོག་ཅན་བྲི་བར་བྱའོ། ། དེ་བཞིན་གཤེགས་པའི་གཡོན་རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །དེ་བཞིན་གཤེགས་པའི་གཡས་རོལ་དུ་ནི་འཕགས་པ་ཀུན་དགའ་བོ་གསེར་གྱི་མདོག་ཅན་ལག་ན་རྔ་ཡབ་ཐོགས་པ་ བྲིའོ། །ལག་ན་རྡོ་རྗེའི་འོག་ལོགས་སུ་མུ་དྷ་ད་ཀའི་མདོག་དམར་ལ་མིག་གསུམ་པ་འདོད་པའི་གཟུགས་འཛིན་པ་གད་མོ་རྟ་སྐད་འབྱིན་ཅིང་། ལག་པ་གཡས་པ་ཁ་འགྲམ་དུ་བཞག་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་ མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་དེའི་མདུན་དུ་ཨ་ཀཪྵའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་དང་། ཏིལ་ནག་པོ་དང་འབྲས། སྤོས་དང་འདི་ རྣམས་མར་དང་བསྲེས་ལ་ལན་བརྒྱ་སྟོང་བགྱིས་ན་རི་མོའི་གཟུགས་ཀྱི་མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་ཏེ་དངོས་གྲུབ་དུ་འགྱུར་རོ། །དངོས་གྲུབ་ཏུ་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་དུ་འགྱུར་རོ། །ལས་གཞན་ 100-1-130a དག་ཀྱང་བགྱིས་ཏེ། །སྦྲུལ་གྱིས་ཟིན་པ་དབབ་ན་སྲ་རྩི་པོག་གི་བདུག་པས་བགྱིའོ། །གདོན་བསྐྲད་ན་རྐང་རྗེས་ཀྱི་ས་ལག་མཐིལ་དུ་མདུང་རྩེ་གསུམ་པ་བྲིས་ལ་བསྟན་ན་གདོན་ངུ་ཞིང་འབྲོས་སོ། །སྐྱེས་པ་དང་བུད་མེད་དབང་དུ་བགྱི་ ན་མུ་དྷ་ད་ཀ་ལ་ཕྱག་བགྱིས་ལ་གདུགས་གང་ཡང་རུང་སྟེ། ཤླེ་སྨ་ཏ་ཀའི་ཤིང་གིས་ཞུགས་བུས་ལ། བ་རུ་རའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །མོ་མཚན་བཅིང་བར་འཚལ་ན་དུར་ཁྲོད་ཀྱི་ཐལ་བ་དུར་ཁྲོད་ཀྱི་ རས་ཀྱིས་བཅིངས་ལ་རིག་པ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མོ་མཚན་བཅིངས་པར་འགྱུར་རོ། །དགྲོལ་ན་དབྱེའོ། །བྱིས་པ་གདོན་སྐེམ་བྱེད་ཀྱིས་ཟིན་པ་རྣམས་ནི་ཆབ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་བཀྲུས་ ན་སོས་པར་འགྱུར་རོ། །འབྱུང་པོ་དང་འདྲེ་དང་ཀླུ་རྣམས་བསྐྲད་ན་ཐལ་མོ་བརྡབས་པས་བགྱིའོ། །ཨཱརྱ་མུ་ད་ཀའི་ཆོ་ག་རྫོགས་སྷོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བླ་གོས་ཕྲག་པ་གཅིག་ ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེ་ལ་གསང་སྔགས་སྩལ་བར་བགྱིའོ། །ལག་ན་རྡོ་རྗེ་འདི་ནི་ཁྲོ་བོ་གོས་ དཀར་མོའི་སྙིང་པོ་བཏོན་པ་ཙམ་གྱིས་འགྲུབ་པ་སྟེ། འདི་ནི་ཁོ་བོས་བརྗོད་པར་བགྱིའོ། །འདི་བཏོན་པ་ཙམ་གྱིས་སེམས་ཅན་ཐམས་ཅད་རེངས་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བྷ་ག་བ་ཏེ། ༀ་བ་ཡ་ནཱ་ཤ་ནེ་ཏྲཱ་ས་ནེ་ཏྲཱ་ ས་ཡ། བྷྲྀ་ཀུ་ཊཱི་ཏ་ཏི་བེ་ཏ་ཏི་སྭཱ་ཧཱ། རིག་པ་འདི་བཏོན་པ་ཙམ་གྱིས་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །བདག་བསྲུང་ན་ཐལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། །གཞན་བསྲུང་ན་སྤྱི་བོར་ལན་གསུམ་བཟླས་ བརྗོད་བགྱིས་ཏེ་སྐྲ་འདུད་པར་བགྱིའོ། །སེམས་ཅན་ཐམས་ཅད་རེངས་པར་བགྱི་ན་ཡིད་ཀྱིས་བགྱིའོ། །དབང་དུ་བགྱི་ན་ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བགྱིས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ 100-1-130b བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཏིལ་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། མ་རུང་པར་བགྱི་འཚལ་ན་མི་རུས་ཀྱི་ཕུར་བུ་བླངས་ལ་ལན་བརྒྱ་སྟོང་སྔགས་ཀྱིས་བཏབ་སྟེ། དགྲའི་ཁྱིམ་དུ་བཙུགས་ན་དགྲ་མ་ རུང་པར་འགྱུར་རོ། །དགྲ་དགུམ་ན་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་དུར་ཁྲོད་ཀྱི་ཞུགས་སུ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་འགུམ་མོ། །སྐམ་པར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཆབ་ལྟེ་བ་ནུབ་ཙམ་ དུ་ཞུགས་ལ་དགྲའི་སྲོག་སྐམས་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །མཚམས་བཅད་པར་འཚལ་ན་སེང་ལྡེང་གི་ཕུར་པ་སོར་བཞི་པ་བླངས་ཏེ་ཕུར་བུ་རེ་རེ་ལ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཕྱོགས་བཞིར་བཙུགས་ ན་མཚམས་བཅད་པར་འགྱུར་རོ། །ཡུལ་འཁོར་བཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །སེམས་ཅན་རྣམས་བསྐྲད་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ། ། ལིག་བུ་མིག་དང་ལྡོང་རོས་བསྒྲུབ་ན་ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཚལ་ཞིང་ཡར་གྱི་ངོ་ཚེས་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཤིང་ ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་ལིག་བུ་མིག་དང་ལྡོང་རོས་བཞག་པ་དངོས་གྲུབ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་ན་ནི་ལོ་སྟོང་ཐུབ་པར་འགྱུར་རོ། །རིག་སྔགས་འཆང་སྐྲ་ལྕང་ལོ་འཁྱིལ་པ་ཅན་དུ་འགྱུར་རོ། ། དུ་བ་འཐུལ་ན་ནི་མི་གདའ་བར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །ཡུལ་འཁོར་མ་རུང་པར་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་དང་དུག་དང་། ཁྲག་དང་ བསྲེས་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཡུལ་འཁོར་མ་རུང་པར་འགྱུར་རོ། །མར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ། །དགྲ་དགུམ་ན་ཚེས་གྲངས་དང་སྐར་མ་བདམ་མི་འཚལ་ཏེ་ལུང་ཐང་གི་ཤིང་ 100-1-131a གིས་ཞུགས་བུས་ལ་ཤིང་ཨརྐའི་ལོ་མ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་ན་འགུམ་མོ། །ཤགས་འགྱེད་ན་རིག་པ་བཟླས་བརྗོད་བགྱིས་ལ་གདོང་ལ་བྱུགས་ན་རྒྱལ་བར་འགྱུར་རོ། །ཁྲོས་པའི་མདུན་དུ་བཟླས་ བརྗོད་བགྱིས་ན་དགའ་བར་འགྱུར་རོ། །ཡུགས་ས་མོ་དབང་དུ་བགྱི་བར་འཚལ་བས་ཡར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མེ་ཏོག་དཀར་པོ་བརྒྱ་སྟོང་སྦྱིན་སྲེག་བགྱིད་ན་དབང་དུ་འགྱུར་རོ། ། དགྲ་ཚར་བཅད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དུ་བ་མ་མཆིས་པའི་མེ་མདག་ལ་རྒྱ་སྐྱེགས་ཀྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །བཟླས་བརྗོད་བགྱིས་ན་གང་འདོད་པ་དེ་རྙེད་པར་འགྱུར་རོ། །མཁའ་ འགྲོ་མ་ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་ན་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། །ཆུ་སྲིན་ཀུམ་བྷི་རའི་ཁ་བཅིང་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཆབ་དུ་བོར་ན་ཁ་བཅིང་བར་འགྱུར་རོ། ། སེང་གེ་དང་སྟག་དང་མ་ཧེ་དང་གླང་པོ་ཆེ་དང་རྒྱལ་པོ་དང་ཆོམ་རྐུན་གྱི་ནང་དུ་ཆུད་ན་བསམ་པར་བྱའོ། །རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱ་སྟེ། གཡོན་རོལ་ཏུ་ནི་ལག་ན་ རྡོ་རྗེ། གཡས་རོལ་དུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། དེ་བཞིན་གཤེགས་པ་ནི་གསེར་གྱི་མདོག་ཅན་དུ་བྲིའོ། །ལག་ན་རྡོ་རྗེ་ནི་ལོ་བཅུ་དྲུག་ཙམ་ལོན་པའི་གཟུགས་འདྲ་བ། ཁ་དོག་སྔོ་བསངས་རྒྱན་ཐམས་ ཅད་ཀྱིས་བརྒྱན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གཡས་རོལ་དུ་ནི་ལྷ་མོ་བྲི། དེ་ཡང་འདམ་བུ་མདའ་རྒྱུ་ལྟར་དཀར་བའོ། །འཕགས་པ་སྤྱན་རས་གཟིགས་ཀྱང་དེ་དང་འདྲའོ། །ལྷ་མོ་ནི་པད་མོའི་ཕྲེང་ བས་བརྒྱན་པར་བྲིའོ། །དེའི་འོག་རོལ་ཏུ་སྒྲུབ་པ་པོ་པོག་ཕོར་ཐོགས་པ་བྲིའོ། །སྒྲུབ་པ་པོ་ཟླ་བ་གཅིག་གི་བར་དུ་ཟས་སུ་འོ་སྐྱོ་འཚལ་ཞིང་ཡར་གྱི་ངོ་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ཏེ། ལྷ་མོ་ལ་འོད་ཟེར་བྱུང་གི་བར་དུ་ 100-1-131b བཟླས་བརྗོད་བགྱིའོ། །འོད་ཟེར་དེ་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་རྒྱལ་པོ་ཉིད་སྩོལ་ཏོ། །ཡིད་ཀྱིས་གང་བསམས་པ་དེ་དག་ཐམས་ཅད་འབྱོར་ཏེ། །ཡར་གྱི་ངོ་ཟླ་བ་ཉ་ ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་པད་མ་འབུམ་བོར་ན་ལྷ་མོ་ཉིད་མཐོང་ངོ་། །དམ་པ་གང་བླངས་པ་དེ་སྙེད་དེ་རྒྱལ་པོ་ཉིད་དམ། རིག་སྔགས་འཆང་ཉིད་དུ་འགྱུར་རོ། །ཐ་མར་ཞག་ གསུམ་སྨྱུང་བ་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ངས་ཀྱང་གང་གིས་རྡོ་རྗེའི་རིགས་ དང་། ཆོ་ག་རྒྱས་པ་ཆེན་པོ་གཞན་དག་ཀྱང་འགྲུབ་པར་འགྱུར་བའི་གསང་སྔགས་ཀྱི་ཆོ་ག་རྒྱས་པ་འདིར་སྦྱིན་པར་བགྱིའོ། །དེ་ལྟ་བས་ན་ཆོ་ག་རྒྱས་པ་ཐམས་ཅད་དུ་འདི་གཅིག་པུ་སྦྱར་བར་བགྱིའོ། །ལག་ན་རྡོ་རྗེ་འདི་དྲན་པ་ཙམ་གྱིས་ རིག་པའི་ལྷ་ཐམས་ཅད་མངོན་དུ་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷ་ག་བདྡྷྱཿ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྚ། སིདྡྷི་ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ལག་ན་རྡོ་རྗེ་སྤྱན་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་ པ་བྱེ་བ་ཕྲག་བཅུས་དགོངས་ཏེ། ངས་ཀྱང་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་དང་ཁྲོ་བོ་རྣམས་དགའ་བར་བྱ་བ་དང་གདུལ་དཀའ་བ་རྣམས་གདུལ་བའི་ཕྱིར་བཤད་དོ། །རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྤྱིན་དང་ མ་འདྲེས་པའི་མཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་མདོག་ཅན་ཆོས་སྟོན་པ་བྲི་བར་བྱའོ། །དེའི་གཡས་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆོས་ཉན་པ་བྲིའོ། ། དེ་བཞིན་གཤེགས་པའི་གཡོན་རོལ་ཏུ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འདའ་རྒྱུ་ལྟར་དཀར་བ། སྐྲའི་ཐོར་ཚུགས་དང་ཅོད་པན་ཅན་སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ་ལག་ན་རྔ་ཡབ་ཐོགས་པ་བྲི་བར་བྱའོ། ། 100-1-132a དེ་ནས་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བྱའོ། །དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ལ་རིག་པ་ལན་བརྒྱ་སྟོང་བཟླས་ བརྗོད་བྱའོ། །དེ་བཞིན་གཤེགས་པའི་གློ་གཡས་ནས་འོད་ཟེར་བྱུང་སྟེ། ལག་ན་རྡོ་རྗེ་ལ་ནུབ་ན་གྲུབ་པར་འགྱུར་རོ། །རྒྱལ་པོ་ཉིད་དམ་རིག་སྔགས་འཆང་ཉིད་དེ་དམ་པ་གཉིས་སྦྱིན་པར་བྱེད་འོ། །རྒྱལ་པོ་ཉིད་དུ་གྱུར་ན་རིག་སྔགས་ འཆང་རྣམས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་ཉིད་དུ་གྱུར་ན་ནི་རིག་སྔགས་འཆང་དྲུག་ཁྲིའི་བདག་པོ་ཉི་མ་ཤར་བ་ལྟ་བུའི་མདོག་ཅན་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར་རོ། །ལོ་ཁྲི་བཞི་སྟོང་ཐུབ་པར་ འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པར་འགྱུར་རོ། །སློངས་མོའི་ཟས་བཟའ་ཞིང་རི་བོའི་རྩེ་མོར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་མེ་ཏོག་དཀར་པོ་ཞོ་དང་སྦྲང་རྩི་དང་མར་ལ་བསྙུགས་པ་འབུམ་སྦྱིན་ སྲེག་བྱ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན། དེ་བཞིན་གཤེགས་པའི་གཟུགས་མངོན་སུམ་དུ་འགྱུར་ཏེ་མཐོང་ནས་གང་བསྒྲུབ་པ་དེ་འགྲུབ་བོ། །སུ་ཞིག་རྟག་ཏུ་ལན་གསུམ་བརྗོད་ཅིང་ཕྱག་ཀྱང་འཚལ་ན་དེས་དེ་བཞིན་ གཤེགས་པ་བྱེ་བ་ཕྲག་བཅུ་ལ་བསྟིང་སྟང་བྱས་པ་དང་བླ་མར་བྱས་པ་དང་རིམ་གྲོ་བྱས་པ་དང་མཆོད་པ་བྱས་པར་འགྱུར་རོ། །གང་གི་ཚེ་ཤི་བ་དེའི་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་ གཅིག་སྨྱུང་བ་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་ཙན་དན་དཀར་པོས་དཀྱིལ་འཁོར་བྱུགས་ཏེ། རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །དེའི་འོག་ཏུ་ལས་ཐམས་ཅད་ལ་སྦྱར་ བར་བྱའོ། །མིག་ལ་ལན་བདུན་བསྔགས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་མིག་ལ་བསྐུས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །རྐང་རྗེས་ཀྱི་ས་ 100-1-132b བླངས་ལ་ལན་བདུན་བསྔགས་ཀྱིས་བཏབ་ནས་བུད་མེད་གང་གི་མགོ་བོར་གཏོར་ན་དེ་དབང་དུ་འགྱུར་རོ། །བདག་གི་མཆིལ་མ་ལ་ལན་བདུན་བསྔགས་ཏེ་ཐིག་ལེ་བྱས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །གང་གི་མིང་ནས་བརྗོད་དེ་ ཡུངས་ཀར་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་པས་དེ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱས་ན་ཏིལ་ནག་པོ་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱ་ཞིང་མིང་ནས་ཀྱང་བརྗོད་ན་དབང་དུ་འགྱུར་རོ། །ཀྲྀཥྞ་ཙ་ཏུར་ད་ཤྱེ་ན་ཤྭེ་ཏ། ཕུཥྞན་མ་ ཨཥྚ་ས་ཧ་སྲེ་ན། བཛྲ་པཱ་ཎི་ར་ཧ་ན་ཏ་བ་སྱ། རཱ་ཛ་པ་ད་ནི་ཡ་ཤྭ་བ་ཏི། ལྡོང་རོས་ཀྱིས་ལག་མཐིལ་དུ་གཟུགས་བྲིས་ལ་མིང་ནས་བརྗོད་ཅིང་ཉི་མ་ལ་བལྟས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་ སོལ་བ་བླངས་ཏེ་བརྩིག་ངོས་ལ་གཟུགས་བྲིས་ལ་མོ་མཚན་གྱི་སྟེང་དུ་མཛུབ་མོ་བཞག་སྟེ། ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །སྤྲ་ཚིལ་ལ་གཟུགས་བྱས་ཏེ་ལྡན་པ་གཡས་པར་བཞག་ལ་ལན་བརྒྱད་ བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །གིའུ་ཝང་དང་ཤུ་དག་དང་དུང་གི་ལྟེ་བ་དང་རྒྱ་སྤོས་རྣམས་བསྲེས་ཏེ་བཏགས་ལ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ་ཟས་དང་སྐོམ་དང་བཟའ་བའི་ནང་དུ་བཏབ་ན་དབང་དུ་འགྱུར་རོ། ། དུར་ཁྲོད་ཀྱི་ཐལ་བས་བླངས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་གང་ལ་གཏོར་བ་དེ་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་གཏོར་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་བརྩིག་ ངོས་ལ་གཟུགས་བྲིས་ལ་ཤིང་ཀ་ར་བཱི་རའི་མེ་ཏོག་བརྒྱ་རྩ་བརྒྱད་མོ་མཚན་དུ་ཕོག་པར་བྱས་ན་དབང་དུ་འགྱུར་རོ། །བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ་ཞི་བའི་མཚན་གཅིག་བྱས་ལ་དེའི་མདུན་དུ་རྩྭ་ཀུ་ཤ་ལས་མདུང་རྩེ་ གསུམ་བྱས་པས་ཉི་མ་གསུམ་དུ་ཡུངས་ཀར་དང་ཞོ་དང་སྦྲང་རྩི་བསྲེས་པའི་སྲེག་བླུགས་ལན་བདུན་བདུན་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ལྡུམ་བུ་བ་ཤ་ཀའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ 100-1-133a དབང་དུ་འགྱུར་རོ། །གཞོན་ནུ་མ་དབང་དུ་བྱ་ན་ཨ་རང་ག་ནི་མེ་ཏོག་བརྒྱ་སྟོང་གིས་ལག་ན་རྡོ་རྗེ་ལ་ཕོག་པར་བྱས་ན་གཞོན་ནུ་མ་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་དྲེའུ་སྦྱིན་སྲེག་བྱ་ ཞིང་མིང་ནས་ཀྱང་བརྗོད་ན་དབང་དུ་འགྱུར་རོ། །ཐལ་བ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་བུད་མེད་ལ་གཏོར་ན་དབང་དུ་འགྱུར་རོ། །བུད་མེད་ཀྱི་མདུན་དུ་རིག་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །ཤིང་བུ་སོར་ བཞི་པ་བླངས་ཏེ་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ། །མེ་ཏོག་དཀར་པོ་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ལ་བུད་མེད་མཐོང་བར་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ། །གཞན་ཡང་ལས་བྱེད་འདོད་ན་ བུ་མོ་གཙང་མས་བཀལ་བའི་སྐུད་པ་བརྐྱང་ནས་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཉིས་ཁུགས་དང་བཞི་ཁུགས་བྱས་པ་བཞག་ལ་བཟླས་བརྗོད་བྱས་ཏེ་གཅིག་ལ་གཅིག་འཁྲིལ་ན་དགོངས་པ་འགྲུབ་པར་འགྱུར་རོ། །གིའུ་ཝང་ སྒྲུབ་པར་འདོད་པས་ཉི་མ་བདུན་དུ་ཟས་སུ་འོ་སྐྱོ་འཐུང་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་མཆོད་པ་རྒྱ་ཆེར་བྱས་ལ་གིའུ་ཝང་པད་མའི་སྟེང་དུ་བཞག་སྟེ། འབར་གྱི་བར་དུ་བཟླས་བརྗོད་ བྱའོ། །འབར་ནས་བླངས་བར་བྱ་སྟེ་བླངས་པ་ཙམ་གྱིས་ཉི་མ་ཤར་བ་ལྟ་བུའི་མདོག་དང་ལྡན་པར་འགྱུར་རོ། །དགོས་པ་ཐམས་ཅད་ཡིད་ཀྱིས་བསམས་པ་ཙམ་གྱིས་འབྱུང་བར་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ པར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་དེ་ནས་རིག་སྔགས་འཆང་གིས་གྲོག་མཁར་གྱི་ས་ལས་ནོར་རྒྱས་ཀྱི་གཟུགས་བྱས་ལ་དེའི་སྟེང་དུ་འདུག་ལ། ནམ་འགུལ་བར་གྱུར་ གྱི་བར་དུ་རིག་སྔགས་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་རོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་སྟོན་པར་འགྱུར་རོ། །ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །བདེ་བ་ཅན་དུ་སྐྱེ་བར་འགྱུར། ཟས་སུ་ 100-1-133b འོ་སྐྱོ་འཐུང་ཞིང་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་ཏེ། ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་བཟའ་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་ པ་བྱས་ནས་བཅོམ་ལྡན་འདས་ལ་ཡང་ལྷག་པར་མཆོད་དེ་ལག་ན་རྡོ་རྗེའི་རྐང་པ་ནས་བཟུང་ལ་རིག་སྔགས་འཆང་བཟླས་བརྗོད་བྱས་ཏེ། ལག་ན་རྡོ་རྗེའི་གཟུགས་འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །འགུལ་བར་གྱུར་ན་ གྲུབ་པ་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །ཡིད་ཀྱིས་བསམས་པས་ཁ་ཟས་འབྱུང་བར་འགྱུར། །ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་གསང་སྔགས་འདི་ལྟ་བུ་གསུངས་པ་ནི་ངོ་མཚར་ཏོ་ཞེས་གསོལ་ནས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །སངས་རྒྱས་ཀྱི་སྤྱན་གྱི་ཆོ་ག་རྫོགས་སྷོ།། །། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་འདི་ནི་རིག་པ་ཐམས་ཅད་ཀྱི་གཙོ་མོ་ལགས་ཏེ། འདི་དྲན་པ་ཙམ་གྱིས་བདག་གིས་དངོས་གྲུབ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མིང་དབུལ་བར་འཚལ་ལོ། །འབྱུང་པོའི་བདག་པོ་དེ་བཞིན་དུ་གྱིས་ཤིག །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་ལག་ན་རྡོ་རྗེའི་ཞབས་གཉིས་ལ་གཏུགས་ནས་ལག་ན་ རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བའི་བདག་པོ་ཁྱོད་ཀྱིས་རིག་སྔགས་ཆེན་མོའི་མིང་འདི་བཞེས་སུ་གསོལ། ན་མོ་རུ་ཏྲཱ་ཡ་ལེ་ལེ། ལི་ལི་ལི་ལི། ཀ་མུ་ཀཱ་ཡཱ་སྭཱ་ཧཱ། ལིག་བུ་མིག་བུད་མེད་ཀྱི་སྐྲས་བཅིངས་ལ་ 100-1-134a རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་གཉིས་ཀའི་འཇིམ་པ་བླངས་པའི་ནང་དུ་བཅུག་སྟེ། སྲེགས་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་ནས་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལིག་བུ་མིག་ བླངས་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་སྦྱངས་བར་བྱ་སྟེ། མིག་ལ་སྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་མིའི་ཐོད་པ་ལ་བདར་ནས་ལན་བརྒྱ་རྩ་བརྒྱད་བཟླས་ བརྗོད་བྱས་པས་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །སོལ་བ་ཡང་བསྒྲུབ་པར་བྱ་སྟེ། ཞག་བདུན་གྱི་བར་དུ་ཟས་སུ་ཆུ་དང་ཕྱེའི་འདག་གུ་ཟ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་དུར་ཁྲོད་ དུ་སོང་ལ་དེ་ནས་ཐག་བུ་ལ་བརྐྱང་ནུལ་བ་ཀོ་ཙམ་བྱས་ཏེ། མཆོད་པ་ཆེན་པོ་བྱས་ནས་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ། དེ་ནས་རིག་སྔགས་འཆང་གིས་སོལ་བ་མིའི་ཐོད་པའི་ནང་དུ་བཞག་ལ་ལག་པས་མནན་ཏེ་དུད་པར་འཐུལ་ བར་གྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ནས་བླངས་ཏེ་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་། བསམས་པས་ཀྱང་ཁ་ཟས་འབྱུང་བར་བྱེད་དེ་ཚེ་ལོ་སྟོང་ཐུབ་པར་འགྱུར་ལ་དབང་ཕྱུག་ཆེན་པོའི་ལས་རྣམས་བཀླགས་པ་ ཙམ་གྱིས་འགྲུབ་པར་འགྱུར་རོ། །ཚེས་གྲངས་དང་སྐར་མ་ཡང་བདམ་མི་འཚལ། སྨྱུང་བ་ཡང་བགྱི་མི་འཚལ་བར་བུད་མེད་ཤི་བའི་རོ་བླངས་ལ་དྲི་དང་། མེ་ཏོག་གིས་བརྒྱན་ཏེ། དེའི་མོ་མཚན་དུ་ཏིལ་གྱི་ལོ་མ་བཞག་ནས་ དེའི་སྟེང་དུ་ལྡོང་རོས་སྲང་གཅིག་གམ་སྲང་ཕྱེད་བཞག་ལ་འབར་བར་གྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ཏེ། འབར་བར་གྱུར་ན་དབང་ཕྱུག་ཆེན་པོའི་གཟུགས་དང་ལྡན་པར་འགྱུར་ཞིང་རབ་ཏུ་འཇོམས་པའི་ཚོགས་ ཀྱིས་བསྐོར་ལ། ལོ་དགུ་སྟོང་ཐུབ་ཅིང་དབང་ཕྱུག་ཆེན་པོའི་ཚོགས་རྣམས་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་མིའི་ཐོད་པའི་སྣོད་དུ་བཞག་ལ། མཚན་གཅིག་འདུག་པའི་གནས་སུ་སོང་ནས་ཞག་གསུམ་ 100-1-134b སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་འབྱུང་པོའི་གཏོར་མ་ཡང་བྱས་ལ། དེ་ནས་ཐོད་པའི་སྣོད་ལག་ཏུ་བླངས་ཏེ་དངོས་གྲུབ་རྣམ་གསུམ་དུ་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དུད་པ་འཐུལ་བས་ནི་ལུས་མི་སྣང་བར་འགྱུར་ཞིང་ ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །འབར་བར་འགྱུར་ཏེ་ཐིག་ལེ་བྱས་པས་ནི་སྐྲ་ལྕང་ལོ་འཁྱིལ་བར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང་། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །གིའུ་ཝང་བསྒྲུབ་པར་འདོད་པས་ནི་མར་གྱི་ངོ་ཞག་ གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ་ལག་ན་རྡོ་རྗེའི་ལག་ཏུ་གིའུ་ཝང་བཞག་ནས་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ཏེ་འབར་བར་གྱུར་ན་བླངས་པ་ཙམ་གྱིས་སྟོབས་གླང་པོ་ཆེ་དང་མཉམ་ ཞིང་ཕ་རོལ་གྱི་མཚོན་གྱིས་ཀྱང་མི་ཚུགས་ལ་ཚེ་ལོ་སུམ་སྟོང་ཐུབ་པར་འགྱུར་བ་དང་གང་གཏམ་བྱས་པ་དེ་དབང་དུ་འགྱུར་ཞིང་དབང་ཕྱུག་ཆེན་པོའི་གཡོག་རྣམས་ཀྱིས་ཉིན་གཅིག་བཞིན་ཏི་ན་ར་བཅུ་གཉིས་དང་གོས་ཕྲུགས་ བཅུ་གཉིས་སྦྱིན་པར་བགྱིད་ཅིང་། སྔོན་མ་བྱུང་བའི་བུད་མེད་ཀྱང་ཁྲིད་དེ་འོང་བར་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཆོ་ག་རྫོགས་སྷོ།། །། དེ་ནས་མ་ཐང་གི་རྒྱལ་པོ་ཕུར་བུ་གསུམ་པས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ སོ། །ལག་ན་རྡོ་རྗེ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མིག་དབུལ་བར་བགྱིས་ཏེ། འདི་དྲན་པ་ཙམ་གྱིས་བདག་གིས་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་མ་ཐང་གི་རྒྱལ་པོ་ཕུར་བུ་གསུམ་ པས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ་ན་མཿ ན་མཿཏྲི་ཤངྐརྨྨ་ཏཾ་གརྫྫ་སྱ། ཨ་ཏེ་བ་ཊ། ཨུ་པུ་རི་ཎི་གཽ་རི་ གཾ་ད་རི་ཧ་ན་ད་ཧ་པ་ཙ། པ་ཙ་སནྟྲ་པ་ཡ། ཏུ་རུ་ཏུ་རུ། ཀམྤཱ་ཡ་སྭཱ་ཧཱ། ཡར་གྱི་ངོ་ཚེས་བརྒྱད་ཀྱི་སྲོད་ལ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས། ཕུར་བུ་གསུམ་པ་ལ་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ཏེ། 100-1-135a བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་ཡང་བདུག་པ་གསོལ་ནས་ཞག་གཅིག་སྨྱུང་བ་བྱས་ཏེ། རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་བརྩམ་པར་བྱའོ། །བུད་མེད་དབང་ དུ་བྱ་ན་ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་པར་ཀ་ར་བཱི་རའི་ཡམ་སྲེག་ཤིང་གིས་བརྒྱ་སྟོང་གིས་མིང་ནས་སྨོས་ཤིང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དཀྱིལ་འཁོར་བརྐྱང་ནུལ་གྱིས་ བྱུགས་ལ་ལན་ཚྭ་ལས་གཟུགས་བྱས་ནས་མཚོན་རྣོན་པོས་རྐང་པ་ནས་བརྩམས་ཏེ། བཅད་ཅིང་དུད་པ་མེད་པའི་མདག་མ་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཡང་དབང་དུ་འགྱུར་རོ། །ཡར་གྱི་ངོ་ཚེས་ལྔ་ལ་ཡང་མིའི་རུས་པའི་ ཕུར་བུ་ས་ལ་བཏབ་སྟེ་དེའི་སྟེང་དུ་མར་མེ་སྤར་ལ་མར་མེ་དེའི་མེ་ལྕེ་འབར་བ་ལ་ནིམ་པའི་ལོ་མ་ཁབ་ཀྱིས་བཙུགས་ཏེ་མིང་ནས་སྨོས་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡར་གྱི་ངོ་ཚེས་བཅུ་གསུམ་ལ་རས་ བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་དོག་བསྒྱུར་བ་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བ་ལས་མར་མེའི་སྙིང་པོ་བྱས་ཏེ་མར་མེ་སྦར་ལ་ཀ་ར་བཱི་རའི་མེ་ཏོག་ཁབ་ཀྱིས་བཙགས་ཏེ། བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡང་དབང་དུ་འགྱུར་ རོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཨ་ཏི་མུཀྟི་ཀའི་མེ་ཏོག་བརྒྱ་སྟོང་གིས་དཀའ་བཟློག་མའི་མོ་མཚན་ལ་བསྣུན་ན་ཡང་གྲོང་དང་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་ གཅིག་སྨྱུང་བ་བྱས་ཏེ་ཨ་རང་ག་ནའི་མེ་ཏོག་གིས་དཀའ་བཟློག་མའི་རྐང་པ་ལ་བསྣུན་ན་བུ་མོ་ཐོབ་པར་འགྱུར་རོ། །བུད་མེད་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་ཕུལ་ན་དབང་དུ་འགྱུར་རོ། ། ཡར་གྱི་ངོ་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཀམ་པོ་རྩའི་ཤིང་གིས་མེ་སྦར་ལ་ཀོ་ཤ་ཏ་ཀའི་མེ་ཏོག་བརྒྱ་སྟོང་གིས་མིང་ནས་སྨོས་ཤིང་སྦྱིན་སྲེག་བྱས་ན་མོ་མཚན་རུལ་བར་འགྱུར་རོ། །དཀའ་ཟློག་མའི་འོ་མས་བཀྲུས་ 100-1-135b ལ་རིག་སྔགས་ཀྱང་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ། །ཕུར་བུ་གསུམ་པའི་ཆོ་ག་རྫོགས་སྷོ།། །། དེ་ནས་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་གྱིས་ཅ་ཅོ་དང་ག་ཞའི་སྒྲ་བཏོན་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འཁོར་འདུས་པ་དེ་དག་ཐམས་ཅད་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་ཤས་འབུལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་གང་ཁྱེད་སེམས་ཅན་ཐམས་ཅད་ ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེགས་སོ། །དེ་ནས་མ་མོ་དེ་དག་གིས་ཚིག་འཐུན་པར་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་བུདྡྷཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏད་ཡ་ཐཱ། ཧུ་ལུ་ཧུ་ལུ། ལ་ཧུ་ལ་ཧུ། ཧ་ཧ། ཏིཥྛ་ཏིཥྛ། བྷྲ་མ་བྷྲ་མ། བནྡྷ་བནྡྷ། ཁཱ་ད་ཁཱ་ད། མ་ཙ་མེ་ཀ་ཤྩིད་བིགྷྣཱཾ་ཀ་རི་ཤྱ་ཏེ། མོ་ཧ་ནི་མོ་ཧ་ནི། ན་ཡ་ཏི་ན་ཡ། མ་ལི་ནི་བི་ཤྭེ་ཤྭ་རེ། ཨ་མོ་ཀེ་ན་མ་སྭཱ་ཧཱ། རིག་སྔགས་འདི་དྲན་ པ་ཙམ་གྱིས་རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་དེ་ལ་བདག་ཅག་མ་མོ་བདུན་གྱིས་དཔག་ཚད་གཅིག་གི་བར་དུ་བསྲུང་བར་བགྱི་ཡང་དག་པར་སོ་སོར་བསྐྱབ་པར་བགྱིའོ། །རིག་སྔགས་ཀྱི་ལས་རྣམས་འབྱུང་སྟེ་ རས་སར་པ་ལ་སྤྱིན་དང་མ་འདྲེས་པའི་ཚོན་རྩིས་ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་ལོ་བཅུ་དྲུག་ལོན་པའི་ཤ་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མ་མོ་བདུན་གྱིས་བསྐོར་བར་བྲིའོ། །མ་མོ་བདུན་ནི་འཇིགས་པའི་ཚུལ་དུ་ བསྒྲུབ་པར་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཅི་ནུས་ཀྱི་མཆོད་པ་བྱས་ཏེ། ཆང་དང་ཤའི་གཏོར་མ་ཡང་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་སེང་ 100-1-136a ལྡེང་གི་ཤིང་གིས་མེ་སྦར་ལ་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ཏེ། དེ་ནས་རི་མོའི་སྐུ་གཟུགས་འགུལ་བར་མཐོང་ན་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱའོ། །བུད་མེད་མཆེ་ བ་གཙིགས་པ་ཡང་འོང་བར་འགྱུར་ཏེ་དེས་འཇིགས་པར་མི་བྱ་བར་དེ་སྲིང་མོ་ཁྱོད་འོངས་པ་ལེགས་སོ། །རྡོ་རྗེ་འཛིན་གྱིས་དམ་ཚིག་བྱིན་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག་ཅེས་སྨྲོས་ཤིག །དེ་སྐད་ཐོས་ནས་ཅ་ཅོའི་ སྒྲ་ཕྱུང་སྟེ་དེ་བཞིན་དུ་བྱའོ་ཞེས་ནས་མི་སྣང་བར་འགྱུར་རོ། །དེ་ནས་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་སྦྱིན་པར་བྱེད་ཅིང་དོན་ཐམས་ཅད་སྒྲུབ་ཏེ་རིག་སྔགས་ཀྱི་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ། །ལས་གཞན་དག་ཀྱང་འབྱུང་སྟེ། ལོག་འདྲེན་ཕུང་བར་བྱ་བ་ལ་ ནི་སྐེ་ཚེ་དང་ལན་ཚྭ་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱའོ། །གདོན་གཞིག་པ་ནི་སྐྲ་བཏུབས་པའི་བདུག་པས་བདུགས་ན་གདོན་ཐམས་ཅད་འཇིགས་པར་འགྱུར་རོ། །གདོན་གཞོམ་པའི་མཛུབ་མོས་བྱའོ། །ལོ་ཐོག་མ་རུང་བར་བྱ་བ་ནི་མར་གྱི་ངོ་ ཞག་བཅུ་བཞི་ལ་ནི་ཨ་འབྲའི་ཤིང་གིས་ཕུར་བུ་སོར་བརྒྱད་པ་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་ཤིང་ལ་བཏབ་ན་ལོ་ཐོག་མེད་པར་འགྱུར་རོ། །ཆང་མ་རུང་བར་བགྱི་ན་འོ་མའི་སྲེག་བླུགས་ལ་ལན་ཉི་ཤུ་རྩ་ གཅིག་སྦྱིན་སྲེག་བྱས་ན་ཆང་མ་རུང་བར་འགྱུར་རོ། །དགྲ་ལུས་མི་སྡུག་པར་བྱ་ན་ལམ་གྱི་སུམ་མདོར་སྐྱུ་རུ་རའི་ཤིང་གིས་མེ་སྦར་ཏེ། དགྲའི་མིང་ནས་སྨོས་ཤིང་དུག་གིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དགྲའི་ལུས་ལ་མི་གཙང་བའི་དྲི་མནམ་ པར་འགྱུར་རོ། །ཕྱིར་གསོ་བ་ནི་ལག་ན་རྡོ་རྗེ་ལ་མཆོད་པ་རྒྱས་པར་བྱས་ཏེ་མར་དང་གུ་གུལ་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ། །དབྱེ་བར་བྱ་བ་ནི་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྤེན་མའི་ཤིང་གིས་མེ་སྤར་ལ་ཕུབ་མས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ། །དགྲ་སྐྲད་པར་འདོད་པས་ནི་མར་གྱི་ངོ་ཞག་བརྒྱད་ལ་ནེའུ་ལེའི་རུས་པ་བླངས་ནས་དགྲའི་མིང་ནས་སྨོས་ཏེ། སྦྲུལ་གྱི་ཁུང་ 100-1-136b བུར་བཙུགས་ན་དེ་མ་ཐག་ཏུ་དགྲ་འབྲོས་པར་འགྱུར་རོ། །རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གིས་ཆོ་ག་རྒྱས་པ་ལས་འབྱུང་བའི་ལྷ་རྣམས་ལ་མཆོད་པ་བྱས་ལ་བཙུགས་ནས་བྱུང་ན་ཡང་རྟག་ཏུ་བཅིང་བར་བྱའོ། །དེ་བཅིངས་ནས་ཆོ་ག་ རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ལ་སུ་ཡང་གླགས་ཚོལ་བར་མི་འགྱུར་རོ། །གང་ལ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཐམས་ཅད་རྫོགས་པ་ཡོད་དེ། ཐམས་ཅད་ལ་ནི་ལྷ་རྣམས་ཡིད་དགའ་བར་འགྱུར་ཏེ་རིག་ སྔགས་ཀྱང་སྦྱིན་པར་བྱེད་དོ། །དེ་མ་ཡིན་ན་ལག་ན་རྡོ་རྗེའི་བྱ་བ་སྒྲུབ་པ་རྣམས་གླགས་ཚོལ་བའི་ཕྱིར་འཁོད་དོ། །ཆོ་ག་རྒྱས་པ་བསྒྲུབས་པས་ཆོ་ག་རྒྱས་པ་ལས་བཤད་པ་བཞིན་དུ་འགལ་བ་རྣམས་བསྲུང་བར་བྱ་སྟེ། ཉ་དང་ཤ་སྤང་བར་བྱ་སྟེ། །རྟག་ ཏུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མངོན་པར་དགའ་བར་བྱའོ། །གང་དག་ངའི་རྡོ་རྗེའི་རིགས་ལ་མཆོད་པ་བྱེད་ཅིང་དང་བར་བྱེད་པ་དང་རིག་པའི་མཆོག་འདོན་ཅིང་མཆོད་པ་དེ་དག་ནི་ངའི་དམ་ཚིག་ཤེས་པ་ཡིན་ནོ། །དེ་དག་ནི་ང་ལ་ཤས་ཆེར་ དང་སྟེ་དེ་དག་ལ་ང་ཞི་བར་སེམས་སོ། །ལྷ་ཐམས་ཅད་ཀྱང་ཞི་བར་སེམས་པར་འགྱུར་རོ། །གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ལས་ཕྱི་རོལ་ཏུ་གྱུར་ཅིང་འདོད་དོ་ཅོག་ཟ་བ་དང་དགེ་སྦྱོང་དུ་མི་འཛིན་པ་དང་བྲམ་ཟེར་མི་འཛིན་ པར་ཆོ་ག་རྒྱས་པ་འདི་སྒྲུབ་པ་དེ་དག་ནི་ལག་ན་བཤིག་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་མ་དད་པའི་སེམས་སུ་འགྱུར་རོ། །ལོག་འདྲེན་རྣམས་ཀྱང་གླགས་བལྟ་ཞིང་ཀླན་ཀ་ཚོལ་བའི་ཕྱིར་འཁོད་དེ། དེ་མ་ཐག་ཏུ་ནད་ ཀྱིས་འདེབས་ཤིང་ལོག་འདྲེན་རྣམས་ཀྱིས་ནོན་པར་འགྱུར་རོ། །མ་མོ་རྣམས་ཀྱི་ཆོ་ག་རྫོགས་སྷོ།། །། དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་བལྟ་སྟངས་ཀྱིས་བལྟས་ནས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་སེམས་ཅན་རྣམས་ནི་བསོད་ནམས་དམན་པ་དང་ཚུལ་ལ་མི་གནས་པ་དང་ཕ་ལ་མ་གུས་པ་དང་མ་ལ་མ་གུས་པ་དང་བསོད་ནམས་ཆུང་བ་དང་དད་པ་མེད་པ་དང་། 100-1-137a གླགས་ཚོལ་བ་དང་འཆལ་བ་དང་རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང་རྟག་ཏུ་ལོག་འདྲེན་དང་མཆེ་བ་ཅན་དང་ཤ་ཟ་རྣམས་ཀྱིས་ཟིན་པ་ལགས་ཏེ་བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང་མཐར་གཏུག་པའི་སླད་དུ་གསང་སྔགས་བཤད་ པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁྲོ་བོ་ལ་བཀའ་སྩལ་ཏོ། །བདུད་རྩི་ཐབས་སྦྱོར་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །ཁྱོད་དེ་ལ་དེ་བཞིན་གཤེགས་པས་གནང་གིས་ སེམས་ཅན་ཐམས་ཅད་ཀྱི་ཕྱིར་གསང་སྔགས་ཤོད་ཅིག །དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱིས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལི་ཏ་དཱིཔྟ། དཾཥྚོ་ཏ་ཀ་ཊ་བྷཻ་བཱ་ར་ཡ། ཨ་སི་མུ་སི་ལ། བཛྲ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁ་ཁ་ཁཱ་ན། ཁཱ་ན་ཁཱ་ན། ཁཱ་ན། ཁཱ་ད་ཁཱ་ད་ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧེ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། གརྫྫ་གརྫྫ། ཏརྫྫ་ཏརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། བྷ་ག་བཱན་ཨ་མྲྀ་ཏ་ཀུཎྜ་ལི། མཱུརྟཱནྟཱ་ད་ཡ་བཛྲེ་ ཎ་སརྦ་བིགྷྣཱཾ་བི་ནཱ་ཡཱནྣི་བཱ་ར་ཡ་མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོཾ་ཀྲོ་དྷ་གཱ་ཎ་ཡེ་སྭཱ་ཧཱ། བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་དང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། དཾཥྚོ་ཊ་ཀ་ཏ་བྷཻ་ར་བཱ་ཡ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཧེ་ཧེ། པ་ཏ་པ་ཏ། དྷ་བ་དྷ་བ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཀུཎྜ་ལི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫྫ་ གརྫྫ། ག་ཎ་པ་ཏི། ཛཱི་བི་ཏཱནྟ། ཀ་རཱ་ཡ་སྭཱ་ཧཱ། གསང་སྔགས་གཉིས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། བི་མ་ལ་ཀ་ན་ཀ་ཛྭ་པུ་ཤ་ནཱ་ཡ་ག་ག་ན། 100-1-137b ཨ་མྲྀ་ཏ། སཾ་བྷ་བཱ་ཡ། གརྟ་༼ཡང་པེར། ༽རག་ཏ་མཱ་ལྱ་ཨ་ནུ་ལེ། པ་ན་པྲི་ཡཱ་ཡ། བཛྲ་པཱ་ཎི་པྲི་ཡཱ་ཡ། བཛྲ་པཱ་ཎི་ཏུ་ལྱ། བྷ་གཱ་ཡ་དེ་བ་ནཱ་ག་ཡ་ག་ཡཀྵ་རཱཀྵ་ས་པྲེ་མ་ཏ་ནཱ་ཡ། ཏྲཻ་ལོཀྱ། གོ་ཙ་རཱ་ཡ། ཤ་ཏ་སཻ་ནྱ་བི་ཏྲ་ཀ་ར་ཡ་ཧྲི་ད་ནན། གརྦྷོཏྟ་མཱ་ཡ། ཨ་མྲྀ་ཏ་ཀུཎྜ་ལི། ཨེ་ཧྱེ་ཧི་དཾ་ཥྚོ་ཏ་ཀ་ཊ་བྷཻ་ར་བགྷ་བི་ཏུངྫྭ་ལ་སྤུ་ལིཾ་ག་ཤ་ནི་དུ་ལ་རུ་ཕོ་ཏི་ཏི་སཾ་བྷུདྡྷ། ཨོཾ་ཁ་ཁ་ཁ་ཁ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། དྷ་ཀ་དྷ་ཀ །ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། གྲ་ས་གྲ་ས། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱྃ་ཧྲྀ་ད་ཡྃ། སྤ་ཏ་གནྡྷ་རྦ་ཧྲྀ་ད་ཡཾ། སྤ་ཏ་རཱཀྵ་ས་ཧྲྀ་ད་ཡྃ། སྤ་ཏ་སརྦ་ཛྭ་ར་ཧྲྀ་ད་ཡཾ། སྤ་ཏ་སརྦ་ཙ་ཏུར་ཀ་ཧྲྀ་ད་ཡཾ། སྤ་ཏ་སརྦ་ནཱ་ག་ནཾ་ཧྲྀ་ད་ཡཾ། སྤ་ཏ་ཧཱུྃ་ཧཱུྃ་སྤ་ཏ་ད་ཧ་ད་ ཧ། པ་ཙ་པ་ཙ། ཨཱ་བི་ཤ་ཨཱ་བི་ཤ །ཨི་དན་ཙ་མེ་ཀ་རྱཾ་ཀུ་རུ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསང་སྔགས་གསུམ་པའོ། །ན་མོ་བཛྲ་ཀྲོ་དྷཱ་ཡ། དཾ་ཥྚོ་ཏ་ཀ་ཊ་བྷཻ་ར་པཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁ་ཁ་ཁ་ཁ། ཁཱ་ཧི་ཁཱ་ ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ་སྭཱ་ཧཱ། ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་བཞི་པའོ། །དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་འདོན་པ་དང་། བཟླས་བརྗོད་བྱས་ཤིང་བསྒྲུབས་ན་བདག་གི་གསང་སྔགས་ཐམས་ཅད་བཏོན་ཅིང་ བཟླས་བརྗོད་བགྱིས་པ་དང་བསྒྲུབས་པར་གྱུར་པ་དེ་བཤད་པར་འཚལ་ལོ། །དེ་ལ་འདི་ནི་བདག་གི་སྙིང་པོ་ལགས་སོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་གསང་ སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ལོག་འདྲེན་རྣམས་ཀྱང་སྐྲག་སྟེ། སྐྱབས་མེད་ཅིང་རྟེན་མེད་པར་གྱུར་ནས་དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བདག་ཅག་ གི་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་སྐྱབས་མཛད་དུ་གསོལ། ཞེས་དེ་སྐད་དུ་སྨྲ་ཞིང་མགོ་བོ་མཐུར་དུ་གཏུགས་ཏེ། ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག་ 100-1-138a རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བས་ཁྱེད་ཀྱི་སྤྱི་བོ་གཤེགས་ས་རེ། ངས་རལ་པ་སེར་པོ་ཅན་རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལོ་སྟོང་གི་བར་དུ་ལོག་འདྲེན་རྣམས་བཅོམ་པ་དང་། གཏུབས་པ་དང་གདུངས་པ་དང་གཟིར་བ་དང་བསྐམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག །ངའི་མཐུ་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག །གང་ངའི་གསང་སྔགས་འཛིན་ཅིང་འདོན་པ་དང་། བསྒྲུབ་པ་དང་དེས་བསྲུང་བར་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག །ཏིལ་སྦྲུས་བ་འམ་ཟས་ངན་པ་ཟ་ཡང་རུང་ཤ་ཟ་ཡང་རུང་གྲོང་གི་ཆོམ་རྐུན་སྤྱོད་ཀྱང་རུང་སྟེ། རིག་པའི་མཆོག་ལ་སོགས་པ་རིག་པ་ཐམས་ཅད་བསྒྲུབ་པ་ལ་ གླགས་མ་ཚོལ་ཅིག །ཟན་ཟ་བའི་ཚེ་ཡང་ཁམ་དང་པོ་ལ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། །ཉི་མ་ཤར་བའི་ཚེ་ལན་བདུན་བརྗོད་ན་དེའི་ཕྱི་བཞིན་དུ་རྟག་ཏུ་འབྲང་ངོ་། །ལོག་འདྲེན་རྣམས་ཀྱང་གླགས་མི་ཚོལ་ལོ། །ཉ་དང་ ཤ་དང་ཏིལ་དང་སྲན་ཆན་དང་པེན་ཚེ་ཡང་རུང་སྣུམ་ཁུར་སྤར་པ་ཏ་དང་ལ་ཕུག་ཀྱང་རུང་སྟེ་ཐམས་ཅད་ཟར་ཟིན་ཀྱང་རིག་སྔགས་འཛིན་ན་དེ་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་ངའི་གསང་སྔགས་འཛིན་པ་ནི་བཟའ་བ་མ་ ཡིན་པ་ཟ་ཞིང་བྱ་བ་མ་ཡིན་པ་བྱེད་དུ་ཟིན་ཀྱང་དེ་ལ་གང་གིས་ལོག་འདྲེན་རྣམས་གླགས་ཚོལ་བ་བརྟུན་ཏེ་འཁོད་པར་མི་འགྱུར་བའི་གསང་སྔགས་བདེ་བ་བསྟན་པར་བྱའོ། །རིག་སྔགས་འཆང་གྲུབ་པ་ན་གང་དུ་ལོག་ འདྲེན་རྣམས་ཀྱི་གླགས་རྙེད་པར་མི་འགྱུར་བའི་གནས་ཀྱང་བསྟན་པར་བྱ་སྟེ། ངེས་པར་བྱས་པ་ལ་ནི་གླགས་ཚོལ་བ་ལ་བཏུན་པར་མི་འགྱུར་རོ། །ངེས་པར་གནས་པ་ལ་ཡང་གནས་ནས་གནས་སུ་འགྲོ་བ་ན་གོམ་པ་རེ་རེ་ ལ་ལོག་འདྲེན་རྣམས་གླགས་ཚོལ་བའི་ཕྱིར་འཁོད་པ་ཡོད་དོ། །ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བ་གང་དག་ས་རྟོལ་ནས་འབྱུང་བ་ཡང་ཡོད་དོ། །དེ་ལ་བགེགས་ཀྱི་མཚན་མ་ཡང་བཤད་པར་བྱ་སྟེ། དེ་དག་ནི་གོམ་པ་ 100-1-138b རེ་རེ་འཛིན་པར་བྱེད་དོ། །དེ་དག་གིས་ཟིན་ན་བགེགས་སུ་འགྱུར་ཏེ་ལེ་ལོ་སྐྱེ་བར་འགྱུར་ཞིང་བརྒྱལ་བ་དང་སྐྱུག་པ་དང་མགོ་འཁོར་བར་འགྱུར་རོ། །ལོག་འདྲེན་དེ་དག་ནི་བསོད་ནམས་ཀྱང་ཟད་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་རིག་པ་ ཙམ་གྱིས་ལྷའི་ལོ་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་ཐལ་བར་རློག་པར་བྱེད་ཅིང་རིག་སྔགས་འཆང་རིག་སྔགས་བསྒྲུབ་པའི་བསོད་ནམས་ཟད་པར་བྱེད་དེ། དེ་ནས་རིག་སྔགས་རྣམས་ འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་ལུས་ཀྱི་ཅི་ཡང་ལས་ཤེས་པར་བྱ་སྟེ། མར་དང་སྲ་རྩི་པོག་གིས་བདག་ཉིད་བདུག་པར་བྱའོ། །དེ་ནས་ལོག་འདྲེན་དེ་དག་གིས་གཏོང་བར་འགྱུར་རོ། །གང་ངའི་ གསང་སྔགས་འཛིན་པ་དེ་ལ་ནི་གླགས་ཚོལ་བས་བཏུན་པར་མི་འགྱུར་ཏེ། དེ་བས་ན་རིག་སྔགས་འཆང་གིས་རིག་པའི་མཆོག་དྲན་པར་བྱས་ན་དེ་མཉེས་པར་གྱུར་པས་འཛུམ་པའི་བཞིན་གྱིས་དངོས་གྲུབ་མྱུར་དུ་འབྱིན་པར་ བྱེད་དེ། ལོག་འདྲེན་རྣམས་ཀྱིས་མ་མཐོང་བར་གྲུབ་པར་འགྱུར་རོ། །ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བའི་མཚན་ཉིད་རྫོགས་སྷོ།། །།ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱ་བ་དེ་དག་ནི་ཆུ་ན་གནས་ཏེ། རིག་སྔགས་ འཆང་ཁྲུས་བྱེད་པ་ན་འཛིན་པར་བྱེད་དོ། །དེ་དག་ནི་མཚན་མ་འབྱུང་སྟེ་སེམས་འཁྲུག་པར་བྱེད་དེ། འདོད་པ་ལ་ལྷུར་སེམས་པ་དང་བྲུ་བས་གཟིར་ཅིང་ཁ་ཟས་ལ་མངོན་པར་ཆགས་པ་དང་འཇིགས་པའི་སེམས་སྐྱེ་བར་ འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་བདུད་རྩི་ཐབས་སྦྱོར་དྲན་པར་བྱ་སྟེ་དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་འཆི་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་སྙིང་རྗེའི་སེམས་བསྐྱེད་པར་བྱ་སྟེ། རིག་པ་ མཆོག་དྲན་པར་བྱའོ། །དེ་དྲན་པ་ཙམ་གྱིས་འབྲས་བུ་ཆེ་བར་འགྱུར་ཏེ་རིག་སྔགས་ཀྱི་ལྷ་དེ་དག་གིས་ལོག་འདྲེན་རྣམས་མོས་པར་མཐོང་ནས་དགའ་བའི་སེམས་ཀྱིས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ལོག་འདྲེན་ 100-1-139a ཆུ་ལྟར་གཡོ་བ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སྷོ།། །།ལོག་འདྲེན་རིག་སྔགས་ཀྱི་ལྷའི་མངག་གཞུག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་བ་སྟེ། དེ་དག་ནི་རིག་སྔགས་འཆང་རིག་སྔགས་ལས་ལྡང་བ་ན་ འཛིན་པར་བྱེད་དོ། །ཟིན་པར་གྱུར་ན་ལུས་ཀྱི་ཚུལ་ལས་རྟོགས་པར་བྱ་སྟེ། ལུས་ཚ་བར་འགྱུར་སྔང་བར་འགྱུར་སྡིག་པའི་སེམས་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་དེ་དག་ཕྱིར་གཞིལ་བར་བྱ་སྟེ། གཙུག་ཕུད་འཕྱང་ལ་བདུག་པ་ཐམས་ཅད་སྦྱིན་ཞིང་རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་ཕྱིན་ཅད་ལོག་འདྲེན་དེ་དག་གླགས་ཚོལ་བ་ལ་བཏུན་པར་མི་འགྱུར་ཏེ། དགའ་བར་གྱུར་ནས་དངོས་གྲུབ་ཀྱང་སྦྱིན་ པར་བྱེད་དོ། །ལོག་འདྲེན་འདི་དག་ཀྱང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཕྱི་བཞིན་འབྲང་ཞིང་གནས་པ་ཡིན་ནོ། །རྟག་ཏུ་གླགས་ཚོལ་བ་ཡང་ཡིན་ཏེ། སུ་ཞིག་སྔགས་གྲུབ་པ། སུ་རིག་སྔགས་གདོན་པ། སུ་མཆོད་ པ་བྱེད་ཅེས་དེ་ལ་བགེགས་ཀྱང་བྱེད་ཅིང་འདུན་པ་བཟློག་པར་བྱེད་དེ་ལེ་ལོ་ཡང་འཇུག་པར་བྱེད་དོ། །དེ་བས་ན་རིག་སྔགས་འཆང་གིས་ཉི་མ་ལོགས་སུ་ཁ་བལྟས་ལ་རྟག་ཏུ་ཆུ་ཁྱོར་གང་གཏོར་ནས་ཁྲོ་བོའི་རིག་སྔགས་ ཀྱང་ལན་བདུན་བརྗོད་པར་བྱ་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བྱ་བའི་རིག་སྔགས་ཆེ་གེ་མོ་ཞེས་བྱ་བ་བསྒྲུབ་ཀྱིས་ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་ཀྱང་སྨྲོས་ཤིག །དུས་ཐམས་ཅད་དུ་དེ་སྐད་སྨྲས་ནས་དེས་ལོག་འདྲེན་རྣམས་དགའ་ ཞིང་མགུ་ལ་ཡིད་དགའ་བར་གྱུར་ཏེ་དངོས་གྲུབ་སྦྱིན་པར་བྱེད་ཅིང་སེམས་ཀྱང་དང་བར་འགྱུར་རོ། །གྲུབ་པའི་ཚེ་ཡང་ནང་པར་ཉི་མ་ལོགས་སུ་ཁ་བལྟས་ལ་ཐལ་མོ་སྦྱར་ནས་རིག་སྔགས་བརྗོད་དེ། འདི་སྐད་དུ་བདག་མིང་འདི་ཞེས་ བགྱི་བའི་རིག་སྔགས་ཆེ་གེ་མོ་ཞིག་བསྒྲུབ་ཀྱིས་ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་ཀྱང་སྨྲོས་ཤིག །དེ་ནས་གཙུག་ཕུད་འཕྱང་བ་ལ་སོགས་པ་ལོག་འདྲེན་དེ་དག་དེ་ཉིད་དུ་འདུ་བར་འགྱུར་ཏེ། རིག་སྔགས་འཆང་གིས་ཁྲོ་ 100-1-139b བར་བྱས་ལ་ཁྱེད་མ་འགུལ་ཅིག་ཅེས་སྨྲོས་ཤིག །དེ་ནས་ལོག་འདྲེན་དེ་དག་བཅིངས་ཤིང་གཟིར་བར་གྱུར་ཏེ་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ལོག་འདྲེན་རྣམས་དགྲོལ་བ་ནི་ཡིད་ཀྱིས་བྱའོ། །ལོག་འདྲེན་ལྷའི་མངག་གཞུག་ཅེས་བྱ་ བ་རྣམས་ཀྱི་མཚན་ཉིད་རྫོགས་སྷོ།། །།ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བ་རྣམས་ནི་གང་གི་ཚེ་རིག་སྔགས་འཆང་རིག་སྔགས་སྒྲུབ་ཅིང་ལྷ་ལ་མེ་ཏོག་འབུལ་བ་ན་དེའི་ཚེ་ལོག་འདྲེན་དེ་དག་གིས་འཛིན་པར་བྱེད་དེ་ལོག་འདྲེན་དེ་དག་ ཉིད་ཀྱང་མེ་ཏོག་གིས་ཁོངས་སུ་འཇུག་ཅིང་གནས་སོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་མེ་ཏོག་དེ་དག་རིག་སྔགས་འཆང་བཟླས་བརྗོད་བྱེད་དུ་བླང་བར་བྱའོ། །བླངས་ནས་གུ་གུལ་གྱི་བདུག་པས་བདུགས་ཏེ། དེ་ནས་ ལྷ་ལ་ཕུལ་ན་ལྷ་རྣམས་ཡིད་དགའ་བར་འགྱུར་རོ། །བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །བདུག་པས་མ་བདུགས་པར་ལྷ་དེ་དག་ལ་ལོག་འདྲེན་རྣམས་ཀྱིས་གནོད་པར་འགྱུར་ཏེ་འགྲུབ་པར་མི་འགྱུར་རོ། །ལོག་འདྲེན་འཇིག་རྟེན་མེ་ཏོག་ ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སྷོ།། །།ལོག་འདྲེན་ཟས་སུ་དྲི་ཟ་བ་ཞེས་བྱ་བ་དེ་དག་ནི་རིག་སྔགས་འཆང་དྲི་ལ་རེག་པ་ན་འཛིན་པར་བྱེད་དེ། ཅི་སྟེ་རིག་སྔགས་འཆང་གིས་དྲི་དག་ལྷ་ལ་ཕུལ་ན། ལྷ་དེ་དག་སེམས་དང་བ་ མེད་ཅིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལོག་འདྲེན་དེ་རྣམས་མཐོང་བས་འཕང་བར་འགྱུར་ཞིང་རིག་སྔགས་འཆང་ལ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ཁྲོ་བོའི་བཟླས་བརྗོད་བྱེད་བཞིན་དུ་དྲི་ བླང་བར་བྱའོ། །དེས་ན་ལོག་འདྲེན་དེ་དག་འབྱེར་ཏེ་སྨྲས་པར་ཡང་འགྱུར་རོ། །དེ་ནས་ལྷ་དེ་དག་དྲིས་ཚིམ་པར་བྱས་པས་དགའ་བའི་སེམས་ཀྱིས་དངོས་གྲུབ་སྩོལ་ཏོ། །ལོག་འདྲེན་ཟས་སུ་དྲི་ཟ་བ་རྣམས་ཀྱི་མཚན་ཉིད་རྫོགས་སྷོ།། །། ལོག་འདྲེན་ནག་པོ་ཞེས་བྱ་བ་རྣམས་ནི་བདུག་པ་ཉིད་ལས་འབྱུང་སྟེ། གང་གི་ཚེ་རིག་སྔགས་འཆང་ལྷ་ལ་བདུག་པ་འབུལ་ན་དེའི་ཚེ་འཛིན་པར་བྱེད་དོ། །ལོག་འདྲེན་གྱིས་ཟིན་པའི་མཚན་མ་ནི་དྲན་པ་ཉམས་པ་དང་། རིག་སྔགས་ 100-1-140a གཏོང་བར་འགྱུར་ཏེ། བདུག་པ་མཐོང་བས་ལྷ་འཕང་བར་འགྱུར་ཞིང་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ལག་པ་གཡོན་པས་མར་བླངས་ལ་ཁམ་ཕོར་གྱི་ནང་ནས་བདུག་པ་ ཕུལ་ན་དེ་ཕྱིན་ཆད་ལོག་འདྲེན་རྣམས་འབྱུང་བར་མི་འགྱུར་རོ། །བདུག་པ་དེས་ཀྱང་ལྷ་ཐམས་ཅད་ཚིམ་པར་བྱའོ། །ལྷ་དེས་ཀྱང་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ནག་པོ་དང་ཟས་སུ་དྲི་ཟ་བ་ནི་མཚན་ཉིད་གཅིག་གོ། ནག་ པོ་ཞེས་བྱ་བའི་མཚན་ཉིད་རྫོགས་སྷོ།། །།ལོག་འདྲེན་གཙུག་ཕུད་གཅིག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་སྟེ། ལོག་འདྲེན་དེ་དག་ཀྱང་མར་མེའི་མེ་ལྕེ་ཉིད་ལས་འབྱུང་སྟེ། དེ་བས་ན་རིག་སྔགས་འཆང་ གིས་ཐོག་མ་ཉིད་དུ་འདི་ལྟར་བྱ་སྟེ། རས་དཀར་པོ་ལས་སྙིང་པོ་བྱས་ཏེ་མར་གྱི་མར་མེ་གཉིས་སྤར་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་ཁ་མཐུར་དུ་བསྟན་ཏེ་བཞག་ལ་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བརྗོད་ན་ལོག་འདྲེན་ ཐམས་ཅད་ཁ་མཐུར་དུ་བལྟས་ཏེ་འཁོད་པར་འགྱུར་རོ། །རིག་སྔགས་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཐམས་ཅད་ལ་ཡང་ཐོག་མ་ཉིད་དུ་ལས་དེ་དག་བྱའོ། །ལོག་འདྲེན་གཙུག་ཕུད་གཅིག་པ་ཞེས་བྱ་བ་རྣམས་ ཀྱི་མཚན་ཉིད་རྫོགས་སྷོ།། །།བཅོམ་ལྡན་འདས་གང་སུ་ལོག་འདྲེན་རྣམས་འཛིན་པར་འགྱུར་བ་དང་། གང་དུ་རིག་སྔགས་འཆང་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་བའི་ལོག་འདྲེན་རྣམས་ཀྱི་གནས་བདག་གིས་བཤད་ལགས་ སོ། །བཅོམ་ལྡན་འདས་ལོག་འདྲེན་ཐམས་ཅད་ཀྱི་སྲོག་མཐར་ཐུག་པར་བགྱི་བའི་ལས་འདི་ཡང་བཤད་པར་འཚལ་ལོ། །སྒྲུབ་པའི་ཚེ་རིག་སྔགས་འཆང་གིས་རྡོ་རྗོ་ཁྲོ་བོའི་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ། ཀ་ར་བཱི་རའི་ཤིང་གིས་མེ་སྦར་ལ། ཀ་ར་བཱི་རའི་མེ་ཏོག་བདག་གི་ཁྲག་གི་ནང་དུ་བསྙུགས་པའི་སྲེག་བླུགས་ཉི་ཤུ་རྩ་གཅིག་གིས་སྦྱིན་སྲེག་བྱ་སྟེ། ལས་དེ་བྱས་ནས་ལོག་འདྲེན་ཐམས་ཅད་བཅིང་ངོ་ཞེས་བརྗོད་ནས་བཅིངས་པར་འགྱུར་ 100-1-140b རོ་ལོག་འདྲེན་ཐམས་ཅད་ཀྱི་མཐར་ཐུགས་པར་གྱིས་ཤིག་ཅེས་བརྗོད་ན་ལོག་འདྲེན་ཐམས་ཅད་འཆི་བར་འགྱུར་རོ། །བཅིངས་པ་ལས་དཀྲོལ་ན་ཡང་ཡིད་ཀྱིས་བྱའོ། །ལས་གཞན་དག་ཀྱང་འབྱུང་སྟེ། བསྲུང་བར་བྱ་ན་ལན་བདུན་བཟླས་ བརྗོད་བྱས་པའི་ཆུས་མགོ་བོར་བླུགས་སོ། །མཚམས་བཅད་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་སེང་ལྡེང་གི་ཕུར་བུས་བྱའོ། །གདོན་དབབ་ན་ཧ་ཧ་ཞེས་བྱ་བ་དང་། གུ་གུལ་གྱི་བདུགས་པས་བྱའོ། །དུག་ལས་གསོ་བར་བྱ་ན་ སེ་གོལ་འམ་ཡལ་གས་བྱའོ། །གདོན་འབྲོས་པར་བྱ་ན་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་བརྗོད་བྱ་བ་འམ། གུ་གུལ་གྱིས་བདུག་པར་བྱའོ། །དགྲ་བསྐྲད་པར་འདོད་པས་ནི་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་པྲི་ཡང་ཀུའི་ཤིང་གི་མེ་སྦར་ཏེ་ཕུབ་མའི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་རོ། །དགྲ་བསད་པར་འདོད་ན་དུར་ཁྲོད་དུ་སོང་ལ་རྡོ་རྗེ་ཁྲོ་བོའི་ དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་པའི་དབུས་སུ་ས་ལས་གཟུགས་བྱས་པ་དེའི་ཁར་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ཡུངས་ཀར་གྱི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་དེ་མ་ཐག་ཏུ་དགྲ་འཆི་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ ལ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་བཱི་རའི་མེ་ཏོག་དུས་གསུམ་དུ་བརྒྱ་རྩ་བརྒྱད་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱས་ན་ཁྲག་འཛག་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཀ་ར་བཱི་རའི་མེ་ཏོག་དཀར་པོ་སྟོང་རྩ་ བརྒྱད་ཕུལ་ན་ཞི་བར་འགྱུར་རོ། །དེ་ནས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་མ་ད་ན་ལས་གཟུགས་བྱས་ཏེ་མ་ད་ནའི་ཚེར་མ་བདུན་གྱིས་གནད་རྣམས་སུ་བཏབ་ལ་ཚ་བ་གསུམ་གྱིས་སྙིང་གར་བཀང་ནས་ཟངས་ཀྱི་ཐུར་མས་ཀྱང་ བཤང་བར་བཙུགས་ལ་སྤྱི་བོར་ཕྱུང་སྟེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱེད་བཞིན་དུ་སེང་ལྡེང་གི་མེ་ལ་བསྲེག་ཅིང་དུས་གཅིག་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་འཇུག་ཏུ་ཞག་གཅིག་སྨྱུང་བ་བྱས་ལ་ 100-1-141a མཆོད་པ་རྒྱ་ཆེར་བྱས་ཏེ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་མེ་སྦར་ལ། བེ་ཀང་ ཀ་ཏའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་བསྙུགས་ལ་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་ཏི་ན་ར་རེ་རེ་ཐོབ་པར་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཞག་གསུམ་གྱི་བར་དུ་དུས་གསུམ་ དུ་ཟར་མའི་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་འདོད་པའི་ལྷའི་གཟུགས་བྱས་ཏེ་འདིའི་ཁར་འབྲས་ ཀྱི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་བུ་མོ་དབང་དུ་འགྱུར་རོ། །དེ་ནས་མཛུབ་མོ་བསྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བརྐྱང་ནུལ་ གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་མིའི་ཐོད་པ་མ་ཆག་མ་ཉམས་པ་བཞག་ལ་ཙན་དན་དམར་པོའི་དྲི་ཆུས་གཏོར་ནས་མེ་ཏོག་དམར་པོས་མཆོད་ལ། དེ་ནས་བསྒྲུབ་པ་པོས་མཛུབ་མོས་གཡབས་ནས་གང་གི་ཚེ་ཐོད་པ་ འགུལ་ན་དེའི་ཚེ་འགྲུབ་པར་འགྱུར་ཏེ། གང་ལ་མཛུབ་མོས་བསྡིགས་པ་དེ་དབང་དུ་འགྱུར་རོ། །དེ་ནས་གཏེར་དབྱུང་བར་འདོད་ན་མེའི་སྦྱིན་སྲེག་གི་ཐབ་དུ་ལྕགས་བཞག་པ་བླངས་པ་ལས་རྡོ་རྗེ་བྱས་ལ་རྡོ་རྗེ་དེ་བལ་ནག་གི་སྐུད་པས་ དཀྲིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ནས་ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེ་དེ་ལ་ལན་བརྒྱ་བཟླས་བརྗོད་བྱས་ན་དེའི་ཚེ་འགྲུབ་པར་འགྱུར་རོ། །བསྒྲུབ་ནས་ཀྱང་གཏེར་གང་ན་ཡོད་པ་དེར་བཞག་ལ་རྡོ་རྗེ་དེས་གཏེར་ དེ་བླངས་ཏེ་འབྱུང་བར་འགྱུར་རོ། །དེ་ནས་ཁྲོ་བོའི་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ། །དེ་སྟེ་མེད་ན་རྡོ་རྗེ་ཉིད་འབྱུང་བར་འགྱུར་རོ། །དེ་ནས་གཤེད་བྱེད་བསླང་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ 100-1-141b ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གི་མེ་སྦར་ལ། བ་ལང་གི་ཤས་སྦྱིན་སྲེག་བྱས་པ་དང་ཇི་ཙམ་ན་མེའི་ཐབ་ནས་གཤེད་བྱེད་འབྱུང་བར་འགྱུར་ཏེ། གང་ལ་ཡིད་ཀྱིས་བསམས་པ་དེ་སྐྱབས་པར་འགྱུར་རོ། །མི་ནད་འབྱུང་བར་འདོད་ ན་མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་སོང་སྟེ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། སྒྲེན་མོར་བྱུང་ཞིང་སྦ་བཤིག་སྟེ་ཏིལ་དང་བསྲེས་པའི་ཡུངས་ཀར་གྱིས་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་མི་ནད་འབྱུང་བར་འགྱུར་རོ། །འཕགས་ པ་ལག་ན་རྡོ་རྗེའི་མདུན་དུ་པད་མའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ། །མི་མང་པོ་གཞིག་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་འཚལ། སྨྱུང་བ་ཡང་བྱ་མི་དགོས་པར་ཁྲོ་བོ་ཉིད་མཆོག་ཏུ་ བརྩམ་པར་བྱ་སྟེ། དུར་ཁྲོད་དུ་སོང་ལ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ་སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ། ནིམ་པའི་ལོ་མས་བསྲེགས་པའི་དུར་ཁྲོད་ཀྱི་ཐལ་བའི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་མི་མང་པོ་འཇིག་པར་འགྱུར་ རོ། །ཞི་བར་འདོད་ན་སྣ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་ཆོ་ག་རྫོགས་སྷོ།། །། དེ་ནས་མི་མཇེད་ཀྱི་བདག་ པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་རྩི་ཐབས་སྦྱོར་གང་གིས་ལོག་འདྲེན་རྣམས་ཀྱི་གསང་བའི་གནས་འདི་དག་བཤད་པ་ནི་བརྩོན་འགྲུས་དང་མཐུ་དང་ཕ་རོལ་གནོན་པ་ཆེ་བ་ ལགས་སོ། །བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་རྣམས་ཀྱི་སླད་དུ་གང་གིས་རིག་སྔགས་རྣམས་གྲུབ་པ་དང་གང་གིས་མི་འགྲུབ་པ་ཡོངས་སུ་ཞུ་བར་འཚལ་ལོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་ཏེ། དངོས་གྲུབ་འགྲུབ་པར་འགྱུར་བ་དང་འགྲུབ་པར་མི་འགྱུར་བ་དེ་བཞིན་ 100-1-142a གཤེགས་པ་ལ་ཡོངས་སུ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །ཚངས་པ་ཆེན་པོ་ཁྱོད་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བ་དང་འགྲུབ་པར་མི་འགྱུར་བའི་རྒྱུ་བཤད་པར་བྱ་སྟེ། འཇུག་པར་ བྱ་བ་མ་ཡིན་པ་ལ་འཇུག་པ་གང་ཡིན་པ་དང་ཚངས་པ་ཆེན་པོ་འཇོམས་པ་དང་རིག་སྔགས་ལ་དམོད་པ་གང་ཡིན་པ་དེ་ལ་ནི་རིག་སྔགས་གྲུབ་པར་མི་འགྱུར་རོ། །མི་བཟད་པའི་ལས་བྱེད་པ་འམ་སྡིག་པའི་ངང་ཚུལ་ཅན་ནམ་བརྫུན་ ཟེར་བ་འམ་རིག་སྔགས་གཅོད་དམ་ཕུར་བུས་འདེབས་པ་གང་ཡིན་པ་དེ་ལ་ཡང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །ཚངས་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་ནི་ཡིད་ཀྱིས་ཀྱང་ལྷ་གཞན་ལ་ཕྱག་མི་བྱའོ། །གསོལ་ པ་བཅོམ་ལྡན་འདས་དེ་ནི་དེ་ལགས་སོ། །བཀའ་སྩལ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་ལྷ་གཞན་ལ་ཕྱག་བྱས་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པ་མིན་པའི་ཕྱིར་དེ་ལ་ལྷ་ དེ་མ་དད་པའི་ཕྱིར་ཏེ། དེའི་ཕྱིར་དེས་ཀྱང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །དུད་འགྲོར་སྐྱེས་པ་རྣམས་ལ་འཇུག་པར་བྱེད་པ་གང་ཡིན་པ་དང་སྦྲུལ་འཛིན་པ་དང་ཁས་རྩྭ་གཅོད་པར་བྱེད་པ་གང་ཡིན་པ་དེ་ལ་ཡང་རིག་སྔགས་ འགྲུབ་པར་མི་འགྱུར་རོ། །པད་མ་དང་ཁྱུ་མཆོག་ལ་རྐང་པས་རིག་པར་བྱེད་པ་དེ་ལ་ཡང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །ཚངས་པ་གང་གིས་རིག་སྔགས་འགྲུབ་པར་མི་འགྱུར་བ་ངས་མདོར་བསྟན་པ་ཡིན་ནོ། །དེ་ནས་ མི་མཇེད་ཀྱི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ལྟར་སེམས་ཅན་དག་བདེ་བླག་ཏུ་འགྲུབ་པར་བགྱི་བའི་གནས་རྣམས་སྟོན་པ་ཐུགས་རྗེ་ཆེ་བ་ ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་གང་དག་ལ་རིག་སྔགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བའི་ཕྱོགས་འགའ་ཙམ་ཞིག་ཁྱོད་ལ་བསྟན་པར་བྱ་སྟེ། སངས་ 100-1-142b རྒྱས་དང་ཆོས་དང་དགེ་འདུན་ལ་དགའ་བ་གང་ཡིན་པ་དག་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གང་ཡིན་པ་དག་དང་ཕ་ལ་གུས་པ་དང་མ་ལ་གུས་པ་གང་ཡིན་པ་དང་རིག་སྔགས་ལ་མཆོད་པ་བྱེད་ཅིང་རིག་སྔགས་ལ་བཀུར་ སྟིར་བྱེད་པ་གང་ཡིན་པ་དང་གསང་སྔགས་འཛིན་པར་བྱེད་པ་གང་ཡིན་པ་དང་འབྱུང་པོའི་ཟས་ངན་པ་དང་ཏིལ་སྦྲུས་པ་མི་ཟ་བ་དང་སེམས་ཅན་ཐམས་ཅད་ལ་ལེགས་པར་བལྟ་བ་གང་ཡིན་པ་དེ་ལ་ནི་རིག་སྔགས་འགྲུབ་པར་འགྱུར་རོ། །དེ་ནས་མི་མཇེད་ ཀྱི་བདག་པོ་ཚངས་པ་དགའ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ ལ་གང་གིས་རིག་སྔགས་འཆང་རྣམས་བསྲུངས་བའི་གསང་སྔགས་དབུལ་བར་འཚལ་བ་ལགས་སོ། །བཀའ་སྩལ་པ་ཚངས་པ་ཆེན་པོ་གང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བསམས་པ་ཤོད་ཅིག་ཤོད་ཅིག །ཁྱོད་ལ་ དེ་བཞིན་གཤེགས་པས་གནང་ངོ་། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་རཏྣ་ཏྲ་སྱ་ན་མཤྩཎྜ་བཛྲ་པཱ་ཎ་སྱ། མ་ཧཱ་ཡ་ཀྵ་སེ་ནཱ་པ་ཏི་སྱ། ཏད་ཡ་ཐཱ། ན་མཤྩཎྜ་བཀྵི་ཎི། ཨ་ཏི་ནི་ ཙ་ཨ་ཤེ་བྷི་ཤ་ཡ། མི་མ་ཙ་མེ་དཉྩ་ཨཱ་ཧ་ར་སྭཱ་ཧཱ། བཅོམ་ལྡན་འདས་རིག་སྔགས་འདི་དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་ལས་ཐར་བར་འགྱུར་རོ། །འདི་དག་གི་ལས་རྣམས་འབྱུང་སྟེ། བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་ པའི་སྐུད་པས་བྱའོ། །མཚམས་གཅད་པ་དང་དུག་བཅིང་བ་ནི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཆུས་བྱའོ། །དུག་ལས་གསོ་བ་ནི་ཡལ་གས་བྱའོ། །རྒྱ་གཞོམ་པ་ནི་ཆུས་བྱའོ། །དབབ་པ་ནི་གུ་གུལ་གྱིས་བདུག་ པའམ་ཆུས་བྱའོ། །གདོན་བཅིང་བ་དང་གདོན་བསྐྱོད་པ་ནི་མཐེ་བོས་བྱའོ། །གདོན་འཁོར་དུ་གཞུག་པ་ནི་མཛུབ་མོ་ལ་བཟླས་བརྗོད་བྱས་ཏེ་བསྡིགས་པར་བྱའོ། །སྐྱེས་པ་དང་བུད་མེད་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་ 100-1-143a གཅིག་ལ་བརྩམས་ཏེ། ཞག་བདུན་གྱི་བར་དུ་དུས་གསུམ་དུ་གནའ་མའི་མེ་ཏོག་སྟོང་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །བུམ་པ་ལ་ལན་བརྒྱད་བརྒྱར་བསྔགས་ཏེ། བདག་ཉིད་ཁྲུས་ བྱས་ན་ལོག་འདྲེན་ཐམས་ཅད་ཀྱིས་གཏོང་བར་འགྱུར་རོ། །རིག་སྔགས་བསྒྲུབ་པའི་ཚེ་བགེགས་ཞི་བར་བྱ་ན་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བ་གཙང་མས་བྱའོ། །གཞན་ལ་བགེགས་འབྱུང་བར་འདོད་ན་རིག་སྔགས་འཆང་གང་གིས་ ནུབ་མོའི་རིག་སྔགས་སྒྲུབ་པ་དེ་ཉིད་ཀྱི་ནུབ་མོ་ལག་ན་རྡོ་རྗེའི་མདུན་བཻ་ཀངྐ་ཏའི་ཡམ་སྲེག་ཤིང་བརྒྱད་བརྒྱས་སྦྱིན་སྲེག་བྱས་ན་ཕ་རོལ་ལ་བགེགས་འབྱུང་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ བརྗོད་བྱས་ན་རྨི་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །གཞིག་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལྷ་ལ་ཕུལ་བའི་མེ་ཏོག་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རིམས་ཀྱིས་འདེབས་པར་ བྱ་ན་མར་གྱི་ངོ་ཞག་བརྒྱད་ན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་རིམས་ཀྱིས་འདེབས་པར་འགྱུར་རོ། ། དབྱེ་བར་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །གདོན་གཞིག་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་ཏིལ་དང་ཐལ་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གདོན་གྱི་རིགས་འཇིག་པར་འགྱུར་རོ། ། གདོན་མདོངས་པར་བྱ་ན་ཞིམ་ཐིག་ལེའི་ལོ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་མདོངས་པར་འགྱུར་རོ། །ཡུངས་ཀར་དང་གིའུ་ཝང་བཏགས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སླར་ཤགས་འགྱེད་པ་ལ་ ལན་ཐེབས་པར་འགྱུར་རོ། །ནོར་འདོད་ན་ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ནིམ་པའི་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཏི་ན་ར་རེ་རེ་ཐོབ་པར་འགྱུར་རོ། །དེ་ནས་མཛུབ་མོ་ 100-1-143b བསྒྲུབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཁང་སྟོང་ངམ། དབེན་པའི་ཕྱོགས་སུ་བུད་མེད་ཀྱི་མོ་མཚན་དུ་མཛུབ་མོ་བཙུགས་ཏེ་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེ་ནས་གང་ལ་ མཛུབ་མོས་བསྡིགས་པ་དེ་དབང་དུ་འགྱུར་རོ། །གོས་འདོད་ན་ཡང་ཡར་གྱིས་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ལ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱ་ཕུལ་ན་གོས་ཕྲུགས་རེ་རེ་ཐོབ་པར་འགྱུར་རོ། ། ཀླུ་མཆོད་པའི་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གྲོག་མཁར་གྱི་སྟེང་དུ་སོང་ལ་དེར་འདུག་ནས་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་སྦྲུལ་མཐོང་བ་དེ་ལ་ཆེ་གེ་མོ་ཞིག་གི་ཐད་དུ་སོང་ལ་ཟོ་ཤིག་ཅེས་སྨྲོས་ཤིག །ཕྱིར་ གསོ་ན་ཡིད་ཀྱིས་བྱ་སྟེ། གཅིག་པུས་གསོ་ནུས་ཀྱི་གཞན་སུས་ཀྱང་མི་ནུས་སོ། །ཚངས་པའི་ཆོ་ག་རྫོགས་སྷོ།། །། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིག་པའི་མཆོག་བསྒྲུབ་པ་ལ་དངོས་གྲུབ་སྩལ་བར་འཚལ་ཏེ། བགེགས་གཞིལ་བའི་གསང་སྔགས་ཀྱང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་དག་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཁྱེད་ཀྱིས་ཤོད་ཅིག །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་གཉིས་ལ་ཕྱག་འཚལ་ནས་ཚིག་འཐུན་པར་གསང་སྔགས་བཤད་ པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏད་ཡ་ཐཱ། ཨུ་གྲཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲཱ་ཡ་སྭཱ་ཧཱ། ཨུ་གྲ་པྲི་ཡཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་བི་ཡཱ་ཡ་སྭཱ་ཧཱ། ཨུ་ཀྲཱ་ཀྲོ་དྷ་ནཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་ ཀྲོ་དྷ་ནཱ་ཡ་སྭཱ་ཧཱ། ཙཎྜ་རོ་ཥ་ཎཱ་ཡ་སྭཱ་ཧཱ། རོ་ཥ་པྲ་མ་ཎཱ་ཡ་སྭཱ་ཧཱ། པྲ་ཧ་ར་ཎ་བཛྲ་པྲ་ཧ་ར་ཎི་སྭཱ་ཧཱ། ཨཊྚེ་མཊྚེ་མཏྟི་ནི་ཧ་སེེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་དྲན་པ་ཙམ་གྱིས་གདོན་ཐམས་ཅད་འབྱེར་བར་འགྱུར་རོ། ། 100-1-144a ཡི་དགས་ཐམས་ཅད་དང་ཤ་ཟ་ཐམས་ཅད་དང་གྲུལ་བུམ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་དང་གནོད་སྦྱིན་ཐམས་ཅད་འབྱེར་བར་བྱེད་དེ་འགུམ་པར་ཡང་འགྱུར་རོ། །དེ་ནས་རིག་སྔགས་འདིའི་ལས་རྣམས་འབྱུང་སྟེ། དབབ་ པར་བྱ་ན་ནི་ཞིམ་ཐིག་ལེའི་ལོ་མས་བྱའོ། །གདོན་ཐམས་ཅད་མཉེ་བར་བྱ་ན་གོས་བསྲེག་པར་བྱའོ། །གདོན་གྱིས་ཟིན་པ་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་གཏུན་ཤིང་གིས་བསྡིགས་པར་བྱའོ། །གདོན་འབྲོས་པར་བྱ་ན་དུར་ཁྲོད་ ཀྱི་སོལ་བ་ལས་གཟུགས་བྱས་ཏེ། མཚོན་རྣོན་པོས་བཅད་ན་གདོན་ཆོ་ངེས་འདེབས་ཤིང་འབྲོས་པར་འགྱུར་རོ། །གདོན་གྱི་མདུན་དུ་ལན་ཚྭ་དང་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་གདོན་གྱི་ལུས་ཚ་བས་འདེབས་པར་འགྱུར་རོ། ། བ་ལང་གི་ལྕི་བ་ལས་གདོན་གྱི་གཟུགས་བྱས་ཏེ་ལྕགས་ཀྱི་ཐུར་མས་མིག་ཏུ་བཙུགས་ན་ལོང་བར་འགྱུར་རོ། །གདོན་གྱི་མདུན་དུ་ཕུབ་མའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་གདོན་གྱི་རིགས་བརླག་པར་འགྱུར་རོ། །གདོན་གྱི་མདུན་དུ་ ན་ལེ་ཤམ་གྱི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གདོན་ཁྲག་ཏུ་སྐྱུག་པར་འགྱུར་རོ། །བྱིས་པ་གདོན་གྱིས་ཟིན་པ་ལ་ནི་བདུགས་པས་གཏོང་བར་འགྱུར་རོ། །ཅི་སྟེ་མི་གཏོང་ན་སྐྲ་གཏུབས་པ་དང་ལུག་རུ་དང་སྒོག་སྐྱ་དང་སྦྲུལ་གྱི་ ལྤགས་པ་བརྗེས་པ་རྣམས་ཀྱི་བདུག་པས་བདུགས་ན་དེ་མ་ཐག་གཏོང་བར་འགྱུར་རོ། །བྱིས་པ་གདོན་གྱི་ཟིན་པ་རྣམས་ལ། བཟླས་བརྗོད་བྱས་པའི་ཚོན་སྣ་ལྔའི་སྐུད་པས་ཀྱང་གཏོང་བར་འགྱུར་རོ། །བདག་བསྲུང་ན་ལན་གསུམ་ བཟླས་བརྗོད་བྱས་པའི་ཐལ་བས་བྱའོ། །ཕ་རོལ་བསྲུང་ན་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །མཚམས་བཅད་ན་ལན་གསུམ་བཟླས་བརྗོད་བྱས་ནས་གསེག་མས་བྱའོ། །སྦྲུལ་བསྐྲད་ན་ལན་གསུམ་བཟླས་ བརྗོད་བྱས་པའི་ཆུ་དང་ཐལ་མོས་བརྡབ་པར་བྱའོ། །མཆེ་བ་ཅན་ཐམས་ཅད་ཁ་བཅིང་བར་བྱ་བ་དང་སྨད་བཅིང་བར་བྱ་བ་ནི་ཡིད་ཀྱིས་བྱའོ། །གཏེར་བཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་སེང་ལྡེང་གི་ཕུར་བུ་ས་ལ་བཏབ་ན་གཏེར་ 100-1-144b བཅིངས་པར་འགྱུར་རོ། །ཆང་མ་རུང་བར་བྱ་ན་ཏིལ་གྱི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །ཉ་བསྐྲད་ན་ནིམ་པའི་ལོ་མ་ལ་ལན་བདུན་བསྔགས་ཏེ་མཚོའི་ནང་དུ་བོར་ན་ཉ་འབྲོས་པར་འགྱུར་རོ། །དུད་འགྲོར་སྐྱེས་པ་རྣམས་ལ་ནད་ཞི་བར་འདོད་པས་ བྱ་ན་ལག་ན་རྡོ་རྗེའི་གཟུགས་འོ་མས་བསྐྲུས་ལ་བཟླས་བརྗོད་ཀྱང་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ། །དུས་མ་ཡིན་པར་ཆར་དབབ་པར་འདོད་ན་ཡང་ཡར་གྱི་ངོ་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ ཞུགས་ནས་པད་མའི་ཁྲི་ཕུལ་ན་དུས་མ་ཡིན་པར་ཆར་པ་འབབ་པར་འགྱུར་རོ། །ཞི་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ་ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་མེ་སྦར་ནས་ཨུཏྤ་ལའི་ སྦྱིན་སྲེག་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །དུག་གཞོམ་པར་འདོད་ན་རྩྭ་ཀུ་ཤས་བྱའོ། །དུག་བསལ་ན་ཁུ་ཚུར་གྱིས་བྱའོ། །གདོན་ཟར་གཞུག་ན་ལན་བདུན་བཟླས་བརྗོད་བྱས་པའི་ཨ་པ་རཱ་ཛི་ཏའི་མེ་ཏོག་གིས་ བྱའོ། །གཡུལ་འགྱེད་ན་ཨ་པ་རཱ་ཛི་ཏའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མགོ་ལ་བཏགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གང་གི་ཚེ་རིག་སྔགས་འཆང་རིག་སྔགས་འགྲུབ་པར་འདོད་ན་ཞག་གསུམ་ སྨྱུང་བ་བྱས་ལ་ནང་པར་བུམ་པ་སར་པ་བཞི་བླངས་ཏེ་ཆུས་བཀང་ནས་རིག་སྔགས་འཆང་གིས་ཕྱེ་མ་རེད་ན་ལེ་ཤམ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། བུམ་པ་དེ་དག་གི་ནང་དུ་བླུགས་ན་བུམ་པ་དེ་དག་འཕག་ཅིང་ ལུད་པར་གྱུར་ན་རིག་སྔགས་འཆང་གིས་རིག་སྔགས་འགྲུབ་པར་ཤེས་པར་བྱའོ། །དེ་སྟེ་མི་འགྲུབ་ན་ནི་འཕག་པར་མི་བྱེད་དོ། །རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཞག་གཅིག་སྨྱུང་བར་བྱས་ལ་ས་ལས་གཟུགས་བྱས་ པ་བཀོད་དེ་མེའི་ཕྱོགས་སུ་ཁ་དོག་དམར་པོ་གཞག་པར་བྱའོ། །གཤིན་རྗེའི་ཕྱོགས་སུ་ནི་ཁ་དོག་སེར་པོའོ། །ཆུ་ལྷའི་ཕྱོགས་སུ་ནི་སྔོ་བསངས་སོ། །རླུང་གི་ཕྱོགས་སུ་ནི་ནག་པོ་སྟེ་འདི་དག་སོ་སོའི་གནས་ཇི་ལྟ་བ་བཞིན་དུ་ 100-1-145a དགོད་པར་བྱའོ། །དེ་ནས་རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ནི་ཅིས་ཏེ་བགེགས་ཀྱི་གཟུགས་དག་འབྱུང་བར་འགྱུར་ཏེ། དངོས་གྲུབ་ཕལ་སྒྲུབ་ན་གཤིན་རྗེའི་ཕྱོགས་ནས་ཡི་དགས་མོ་ནག་མོ་ཞེས་བྱ་བ་དེ་བགེགས་ བྱེད་དེ། སྟག་གི་གཟུགས་སུ་སྟོན་པ་དང་ཝའི་གཟུགས་སུ་འཚེ་བར་བྱེད་དོ། །དེ་ལྟ་བུ་ལ་སོགས་པ་བགེགས་བྱེད་པ་དང་རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་ལ་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བསྣུན་ ན་བགེགས་རྣམས་མེད་པར་འགྱུར་རོ། །གཤིན་རྗེའི་རྒྱལ་པོའི་གཡོག་ཡི་དགས་ཀུ་མུ་ཏ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ཡི་དགས་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། ཀུ་མུ་ཏ་དེ་ཡང་རིག་སྔགས་འཆང་དེ་དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་ བགེགས་བྱེད་དེ་ཀུ་མུ་ཏའི་བགེགས་འབྱུང་བ་ཡང་ལ་ལ་ནི་ཡི་དགས་ཀྱི་ཚུལ། ལ་ལ་ནི་སྲིན་པོའི་གཟུགས་ལ་ལ་ནི་ཁྱིའི་མགོ་ཅན། ལ་ལ་ནི་རྔ་མོའི་མགོ་ཅན། ལ་ལ་ནི་བུང་བུའི་མགོ་ཅན་གྱི་ཡི་དགས་ཏེ། དེ་དག་འོང་མའི་ཚེ་ ཡང་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་མདའ་བརྒྱ་དག་ཁ་ནས་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བསྣུན་ན་དེ་མ་ཐག་ཏུ་ བགེགས་ཐམས་ཅད་མེད་པར་འགྱུར་རོ། །རྒྱལ་པོ་དེའི་ཕྱི་བཞིན་འབྲང་བ་སྒོ་དཔོན་མ་སྣ་ཆད་མ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་དོ། སྣ་ཆད་མ་དེ་ནི་བགེགས་ཆེན་པོར་བྱེད་པ་ཡིན་ནོ། །དེ་ཡང་དེས་གསང་ སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་འོང་བ་དང་སྐར་མདའ་ལྷུང་བར་སྟོན་ཅིང་སྤྱུགས་པ་ཡང་ལེན་ཏེ། སྣ་ཆད་མ་དེས་དཀྱིལ་འཁོར་གྱིས་མཚམས་སེང་ལྡེང་གི་ཕུར་བུ་བཏབ་པ་ནི་མོ་མཚན་གྱིས་འབྱིན་པར་བྱེད་དོ། ། དཀྱིལ་འཁོར་གྱི་མཚམས་ཐལ་བས་བཅད་པ་ནི་བུས་པས་མེད་པར་བྱེད་དོ། །དཀྱིལ་འཁོར་གྱི་མཚམས་ཆུས་བཅད་པ་ནི་མཆིལ་མས་མེད་པར་བྱེད་དོ། །ཡིད་ཀྱིས་དཀྱིལ་འཁོར་གྱིས་མཚམས་བཅད་པ་ནི་གཅིན་ 100-1-145b གྱིས་འབྲལ་བར་བྱེད་དོ། །དེ་ལྟ་བུའི་ཚུལ་དག་གིས་དཀྱིལ་འཁོར་འཇིག་པར་བྱེད་པ་དང་དེ་ལ་རིག་སྔགས་འཆང་གིས་མྱུར་དུ་སྣ་ཆད་མའི་མིང་ནས་སྨོས་ཏེ། སྲིང་མོ་སྣ་ཆད་མ་ཁྱོད་འོངས་པ་ལེགས་སོ། ལེགས་སོ་ཞེས་བྱས་ནས། ལན་ བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པ་གཤིན་རྗེའི་ཕྱོགས་ཀྱི་སྙིང་གར་གདབ་བོ། །དེ་ནས་སྣ་ཆད་མ་དེས་ངུ་འབོད་ཀྱི་སྒྲ་ཕྱུང་ནས་མེད་པར་འགྱུར་ཏེ་རིག་སྔགས་ཀྱང་གྲུབ་པར་འགྱུར་རོ། །གཤིན་རྗེའི་ཕྱོགས་ཀྱི་ཆོ་ ག་རྫོགས་སྷོ།། །། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ནི་ཅི་སྟེ་མེའི་ཕྱོགས་ནས་བགེགས་ཀྱི་གཟུགས་དག་འབྱུང་སྟེ། དངོས་གྲུབ་ཕལ་སྒྲུབ་པ་ནི་མེའི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོའི་སྲིན་མོ་རྩེད་མོ་ཅན་ཞེས་ བྱ་བ་ཡོད་དེ། དེ་ནི་བགེགས་བྱེད་པ་ཡིན་ནོ། །སྲིན་མོ་རྩེད་མོ་ཅན་དེ་ཡང་བྱའི་གཟུགས་སུ་སྟོན་པར་བྱེད་ཅིང་ང་རོ་མི་སྙན་པ་ཡང་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་ སྔགས་ཀྱིས་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། །དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་རྒྱལ་པོ་དེའི་གཡོག་སྲིན་མོ་མི་སྡུག་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་སྲིན་པོ་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། མི་སྡུག་པ་དེ་ཡང་རིག་སྔགས་འཆང་ལ་བགེགས་བྱེད་པ་ཡིན་ཏེ། མི་སྡུག་པ་དེ་འོང་བ་དང་མི་སྡུག་པ་དེའི་རྣམ་པའི་སྲིན་པོ་དག་དང་། ལ་ལ་ཁྱི་མགོ་ཅན་དག་དང་། ལ་ལ་གླང་པོ་ཆེའི་མགོ་ཅན་དག་དང་ལ་ལ་སེང་གེའི་མགོ་ ཅན་ལྟ་བུའི་བགེགས་ཀྱི་རྣམ་པ་དག་ཏུ་སྣང་སྟེ། ལ་ལ་ནི་བྲག་འཕེན་པར་བྱེད། ལ་ལ་ནི་འབྱུང་པོའི་འཕྲུལ་འཁོར་སྟོན་ཅིང་འཇིགས་པའི་སྒྲ་སྐད་དག་ཀྱང་འབྱིན་ཏེ་སྐར་མདའ་བརྒྱ་དག་ཀྱང་ཁ་ནས་འབྱིན་པར་བྱེད་དོ། ། དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཐལ་བས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །རྒྱལ་པོ་དེའི་གཡོག་སྲིན་པོ་སོ་དཀར་ཞེས་བྱ་བ་མཐུ་ཆེ་ཞིང་བརྩོན་འགྲུས་ 100-1-146a ཆེ་བ་ཞིག་ཡོད་དེ། སོ་དཀར་དེ་ཡང་རིག་སྔགས་འཆང་དེ་ལ་ནམ་གུང་གི་ཐུན་ལ་བགེགས་བྱེད་དོ། །དེ་ཡང་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་འོང་བ་དང་ངུ་འབོད་ཀྱི་སྒྲ་ཆེན་པོ་ནི་འབྱིན། རི་རྣམས་ནི་གཡོ། རི་དགས་ རྣམས་ནི་གར་བྱེད། ཝ་རྣམས་ནི་རྩེ། གླང་པོ་ཆེ་རྣམས་ནི་སྐད་འབྱིན་ཏེ། དེ་རིག་སྔགས་འཆང་གི་མེའི་ཕྱོགས་ཀྱི་བགེགས་ཡིན་པར་ཤེས་པར་བྱའོ། །སོ་དཀར་དེ་ཡང་བུས་པའི་གཟུགས་ཀྱིས་སྒྲ་འབྱིན་ཞིང་འོང་ངོ་། །ཡང་ན་ ལྷའི་གཟུགས་ཀྱིས་འོངས་ཏེ། དེས་ཀྱང་བལྟས་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གིས་ཕུར་བུ་སོར་བཞི་པས་མེའི་ཕྱོགས་ ཀྱི་གཟུགས་ལ་བཏབ་སྟེ། འདི་སྐད་དུ་སོ་དཀར་བཅོམ་མོ་ཞེས་ཀྱང་སྨྲས་ན། ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ། །མེའི་ཕྱོགས་ཀྱི་ཆོ་ག་རྫོགས་སྷོ།། །། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ནི་ཅི་སྟེ་རླུང་གི་ཕྱོགས་ནས་སོང་ལ་བགེགས་ཀྱི་གཟུགས་དག་འབྱུང་སྟེ། དངོས་གྲུབ་ཕལ་པ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོ་སོ་སྒོ་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ཡང་ བགེགས་བྱེད་དེ། མར་མེ་གསོད་ཅིང་ལྷ་བཤོས་སྨེ་བས་འབགས་པར་བྱེད་དོ། །དེ་ཕྱིར་གཞིལ་བར་བྱ་བ་ནི་རླུང་གི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་བགེགས་རྣམས་མེད་པར་ འགྱུར་རོ། །དངོས་གྲུབ་ཆེན་པོ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་དྲུག་ཁྲིའི་བདག་པོ་ཞིག་ཡོད་དེ་ཚུབ་མ་གཅིག་པ་ཞེས་བྱ་བ་དེ་ཡང་རིག་སྔགས་འཆང་དེ་ལ་མཇིང་གིས་ཐུན་ལ་ བགེགས་བྱེད་དོ། །ཚུབ་མ་གཅིག་པ་དེ་ཡང་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། ཆེད་འགའ་ནི་ཝའི་གཟུགས་ཆེད་འགའ་ནི་སྟག་གི་གཟུགས། ཆེད་འགའ་ནི་ཁྱུ་མཆོག་གི་གཟུགས། གཟུགས་སྣ་ཚོགས་སུ་ 100-1-146b བདག་ཉིད་སྟོན་པར་བྱེད་ཅིང་། ཆེད་འགའ་ནི་ཧཱ་ཧཱ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་མདའ་བརྒྱ་དག་ལྟུང་བར་བྱེད། གནམ་ཡང་འགྲུམ་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་རླུང་གི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་ པའི་ཐལ་བས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །རྒྱལ་པོའི་སྒོ་དཔོན་མ་ལྕགས་ཀྱུ་དཀར་མོ་ཅན་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་ལ་བགེགས་བྱེད་པ་ཆེན་མོ་ཞིག་ཡོད་དེ་དེ་ཡང་གསང་སྔགས་ཀྱིས་བཟློག་ པར་མི་ནུས་ཏེ། དེ་ནི་ནམ་ཆུང་གིས་ཐུན་ལ་འོང་ངོ་། །དེ་འོང་བ་དང་དུས་མ་ཡིན་པའི་ཆར་འབབ་ཅིང་འབྲུག་ཀྱང་དི་རི་རི་སྒྲོགས། གནམ་ཡང་འགྲུམ་པར་བྱེད་དེ། ལྕགས་ཀྱུ་དཀར་མོ་ཅན་དེ་ཡང་མདོག་དཀར་ཞིང་གཟུགས་ཀྱི་ ལུས་བསྟན་པས་ཀྱང་དཀྱིལ་འཁོར་འཇིག་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་ཏེ་སེང་ལྡེང་གི་ཕུར་བུ་སོར་བཞི་པས་རླུང་གིས་ཕྱོགས་ཀྱི་གཟུགས་ལ་བཏབ་སྟེ། ལྕགས་ཀྱུ་དཀར་མོ་ ཅན་བཅོམ་མོ་ཞེས་ཀྱང་སྨྲས་ན་ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་རོ། །གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ། །རླུང་གི་ཕྱོགས་ཀྱི་ཆོ་ག་རྫོགས་སྷོ།། །། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ན་ཆུ་ལྷའི་ ཕྱོགས་ནས་བགེགས་རྣམས་འབྱུང་སྟེ། དངོས་གྲུབ་ཕལ་བསྒྲུབ་པ་ན་ཆུ་ལྷའི་རྒྱལ་པོའི་གཡོག་མོ་ཀླུ་མོ་རྒྱལ་བ་མོ་ཞེས་བྱ་བ་ཞིག་ཡོད་དེ་རྒྱལ་བ་མོ་དེ་ཡང་སྲོད་ལ་བགེགས་བྱེད་དོ། །ཐོག་ཏུ་འོང་ལ་ཁོག་སྐམ་མདོར་བར་བྱེད་ ཅིང་ཕ་གུ་འཕེན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་ཆུའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། །རྒྱལ་པོ་དེའི་གཡོག་ཀླུ་སོ་བརྩེགས་ཅེས་བྱ་བ་མཐུ་ ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཀླུ་སུམ་ཁྲིའི་བདག་པོ་ཞིག་ཡོད་དོ། །སོ་བརྩེགས་དེ་ཡང་རིག་སྔགས་འཆང་དེ་ལ། མཇིང་གི་ཐུན་ལ་བགེགས་བྱེད་སྣ་ཚོགས་རྣམ་པ་མང་པོ་བྱེད་དེ། སོ་བརྩེགས་དེ་དུར་ཁྲོད་དུ་སྐྱེས་པ་ཐམས་ཅད་ཀྱི་ 100-1-147a ཆ་ལུགས་དག་ཏུ་སྣང་ཞིང་ཀུན་ཏུ་རྒྱུ་དང་གཅེར་བུ་པ་ལྟ་བུའི་བགེགས་ཀྱི་ཆ་ལུགས་དག་ཏུ་སྣང་སྟེ། དེ་ཡང་ངུ་འབོད་ཀྱི་སྒྲ་ཆེན་པོ་འབྱིན་ཅིང་སྐར་མདའ་དག་ཀྱང་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་ཆུ་ལྷའི་ ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། །ཆུ་ལྷའི་ཕྱོགས་ཀྱི་རྒྱལ་པོ་སྒོ་དཔོན་མ་མིག་སེར་མ་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་བགེགས་ཆེན་པོ་བྱེད་པ་ཅིག་ཡོད་དེ་དེ་ཡང་ གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། རིག་སྔགས་འཆང་དེ་རིག་སྔགས་བསྒྲུབ་པ་ན་ནམ་ཆུང་གི་ཐུན་ལ་བགེགས་བྱེད་དེ་དེས་ཀྱང་སྒྲ་ཕྱུང་བས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་ཅིང་མེའི་གཟུགས་ཀྱི་ བགེགས་བྱེད་ལ་སྐར་མདའ་སྟོང་དག་སྣང་བར་བྱེད་དོ། །དེ་ལ་རིགས་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པས་ཆུ་ལྷའི་ཕྱོགས་ཀྱི་གཟུགས་ལ་བཏབ་ཅིང་འདི་སྐད་དུ་མིག་སེར་མ་འདུག་ཤིག་འདུག་ ཤིག་ཅེས་སྨྲས་ན་འདུག་ཤིག་འདུག་ཤིག་ཅེས་བྱ་བ་ཐོས་ནས་བདག་ནི་རྨ་ཕབ་བོ་སྙམ་ཏེ། ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ཀྱང་གྲུབ་པར་འགྱུར་རོ། །ཆུ་ལྷའི་ཆོ་ག་རྫོགས་སྷོ།། །། དེ་བས་འཇམ་པའི་ལས་ལས་འདི་བཤད་དེ། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ན་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པ་ཚོན་སྣ་ལྔའི་སྐུད་པས་དཀྲིས་པ། བགེགས་ཐམས་ཅད་ཀྱི་གནས་སུ་རྐང་པ་གཡོན་ པས་མནན་ན་བགེགས་ཐམས་ཅད་བཅོམ་པ་དང་རེངས་པར་བྱས་པར་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་སྟེ། འབྱུང་པོའི་གཏོར་མ་ཡང་བྱིན་ལ་རིག་ སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་བགེགས་ཀྱི་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། བསམས་པས་བགེགས་ཐམས་ཅད་མེད་པར་འགྱུར་རོ། །འཇིག་རྟེན་སྐྱོངས་བ་རྣམས་ཀྱི་ཆོ་ག་རྫོགས་སྷོ།། །། 100-1-147b དེ་ནས་འཇིག་རྟེན་ཕན་འདོད་པ། །ཐུབ་པ་ཀུན་དང་ལྷ་ཆེན་གྱིས། །ལག་ན་རྡོ་རྗེའི་མདུན་དུ་བདར། །ལྷན་ཅིག་ཏུ་ནི་འདུས་པར་འགྱུར། །ཉི་མ་བཞིན་དུ་གཟི་འབར་ཞིང་། །དཀའ་ཐུབ་རྣལ་འབྱོར་ལྡན་པ་ཡི། །ཐུབ་པ་རབ་མཆོག་ལྡན་ པ་ཀུན། །ཉིན་མོ་བྱ་བ་བྱས་ནས་འཁོད། །ཐུབ་པ་དག་ནི་ཐམས་ཅད་དང་། །བདེ་བྱེད་ལྷ་ཚོགས་ལྷ་རྣམས་ཀྱིས། །ལག་ན་རྡོ་རྗེ་སེམས་དཔའ་ཆེ། །འབྱུང་པོ་ཀུན་དབང་རྗེ་ལ་ཞུས། །འཇིག་རྟེན་དངོས་གྲུབ་བྱེད་པ་ཡི། །བགེགས་ རྣམས་དག་ནི་ག་ལ་འབྱུང་། །དེ་དག་གི་ནི་ཚིག་ཐོས་ནས། །ལག་ན་རྡོ་རྗེ་གྲགས་པ་ཆེ། །དགའ་བར་གྱུར་ནས་དྲིས་པ་དེ། །རྒྱས་པར་ཡང་ནི་རབ་བཤད་དེ། །བགེགས་རྣམས་ཇི་ལྟར་འབྱུང་འགྱུར་བ། །ཐུབ་པ་དག་ནི་ཀུན་གྱིས་ཉོན། ། ལྷ་རྣམས་ལ་ཡང་ལྷ་མིན་རྣམས། །འཐབ་པའི་ཕྱིར་ནི་ལྡང་བ་ལྟར། །སེམས་ཅན་རྣམས་ལ་བགེགས་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་འབྱུང་འགྱུར། །ཅི་ལྟར་ལྷ་ཡིས་ལྷ་མིན་རྣམས། །གཡུལ་དུ་ལན་བརྒྱར་བཅོམ་པ་དང་། ། བརྒྱ་བྱིན་གྱིས་ནི་གཡུལ་བཅོམ་ལྟར། །དེ་བཞིན་བགེགས་རྣམས་བཅོམ་པར་གྱུར། །དེ་ཚེ་ལྷ་ཀུན་དགའ་གྱུར་ནས། །འཇིག་རྟེན་གྲགས་པ་དེ་དག་ནི། །ཐམས་ཅད་སྟོབས་དང་ལྡན་འགྱུར་ཞིང་། །དེ་དག་ང་རྒྱལ་དྲེགས་པས་རྒྱས། ། འཇིག་རྟེན་དོན་དང་ལྷ་རྣམས་ཀྱི། །བརྩོན་འགྲུས་དང་ནི་མཐུ་བསྐྱེད་ཕྱིར། །བདོ་ཞིང་རྒྱ་མཚོ་ཆེན་པོ་ནི། །གཤེད་བྱེད་དག་ནི་དབྱུང་བར་བརྩམས། །ཐུབ་པ་དེ་དག་རྨོངས་པ་སྟེ། །ཕན་པ་བྱས་ན་སྟོབས་ཀྱིས་བརྒྱགས། །ང་རྒྱལ་འདིས་ ནི་འཇིག་རྟེན་ན། །རིང་པོར་མི་ཐོགས་ཐེ་ཚོམ་མེད། །དེ་ནས་དྲང་སྲོང་ལྷར་བཅས་རྣམས། །ཅ་ཅོའི་སྒྲ་ནི་རབ་འདོན་ཅིང་། །རྩོམ་པ་ཆེན་པོ་སྐད་ཅིག་ཏུ། །འཇིག་རྟེན་དུ་ནི་གྲགས་པར་གྱུར། །དེ་ནས་ལྷ་རྣམས་ཐུབ་པར་ བཅས། །ཁྲོ་བ་རུ་ནི་གྱུར་པ་ན། །ལྷར་བཅས་དྲང་སྲོང་དེ་དག་ལ། །ལྷ་ཆེན་གྱིས་ནི་ཚིག་སྨྲས་པ། །ཚངས་བཅས་ལྷ་རྣམས་ཁྱེད་ཀྱི་མཐུས། །རྩོམ་པ་དག་ནི་མ་བྱེད་ཅིག །རྡོ་རྗེ་འཆང་བ་དཔལ་ལྡན་འདི། །གནོད་སྦྱིན་ཚོགས་ཀུན་ 100-1-148a བདག་པོ་སྟེ། །གནོད་སྦྱིན་སྡེ་བདག་ཞི་བ་པོ། །སེམས་ཅན་ཀུན་ལ་ཕན་པར་དགའ། །མ་རུངས་འདི་དག་རླག་བྱེད་པ། །བརྩམས་ཞིང་ཚར་གཅོད་ནུས་པ་ཡོད། །དེ་ནས་ལྷའི་མཆོག་རྣམས་ཀྱིས། །ལག་ན་རྡོ་རྗེ་དཔལ་ལྡན་ མཆོག །སྦྱོར་བ་ཤེས་ཤིང་སྦྱོར་གནས་ནས། །དཔུང་ཆེན་དག་ནི་རབ་སྤྲུལ་པ། །རྒྱལ་བའི་བློ་གྲོས་རྡོ་རྗེའི་གདོང་། །རྡོ་རྗེ་ལྟེ་བ་གདོང་དཀར་མ། །རྡོ་རྗེ་མིག་སེར་འོག་ཕག་ཅན། །རྡོ་རྗེ་ནག་མོ་ཕོ་ཉ་ཆེ། །དབང་ཕྱུག་ཆེན་པོ་གནམ་ ངོ་མ། །དྲག་མོ་རྡོ་རྗེ་སེང་གེའི་ཁྲི། །ཤུགས་ལྡན་མ་དང་རྡོ་རྗེ་ཅན། །དེ་བཞིན་བཞད་མ་རྡོ་རྗེ་ཅན། །གཏུམ་མོ་རང་གིས་ཐུགས་དང་ནི། །ཉེ་བའི་སྙིང་པོ་ལས་ཀུན་བྱེད། །འབྱུང་པོ་སྲིན་པོ་ཕོ་ཉ་མ། །རྣམ་པ་སྣ་ཚོགས་མིང་ གྲགས་པ། །མ་རུངས་གདོན་རྣམས་བཟློག་པ་དང་། །བགེགས་རྣམས་བརླག་ཕྱིར་སྤྲུལ་པར་གྱུར། །དེ་ནས་དཔུང་དེ་དགའ་གྱུར་ནས། །དཔལ་གྱིས་སུ་ནི་འཁྱུད་པ་བཞིན། །ལག་ན་རྡོ་རྗེའི་ཕོ་ཉ་དེ། །ཀུན་ནས་བསྐོར་ཏེ་ འཁོད་པར་གྱུར། །དེ་ནས་རབ་འབར་མི་བཟད་ཅིང་། །འབྱུང་པོ་ཐམས་ཅད་རླག་བྱེད་ཅིང་། །ལག་ན་རྡོ་རྗེའི་རྡོ་རྗེ་དེ། །ཕྱོགས་བརྒྱད་དག་ཏུ་འཕྲོས་པར་འགྱུར། །དེ་ནས་སྟོབས་ཆེན་བརྩོན་ཆེན་མོ། །ཕོ་ཉ་མོ་དག་སོང་བར་གྱུར། ། དེ་ནས་སྐྲག་ནས་གདོན་དེ་དག །ཐམས་ཅད་བརྡུངས་ཏེ་སེམས་སྟོར་ཅིང་། །རྡོ་རྗེ་ནག་མོས་འཇིགས་གཟིར་བས། །སྐྱབས་ཀྱང་རྙེད་པར་མ་གྱུར་ཏེ། །རྡོ་རྗེ་སྒྲོགས་ཀྱིས་འཕམ་བྱས་ཤིང་། །རྡོ་རྗེ་ཅན་གྱི་ཡུལ་དུ་བཅོམ། །དེ་ནས་དེ་དག་ ཡིད་ཀྱིས་སུ། །དེ་བཞིན་གཤེགས་ལ་སྐྱབས་སུ་སོང་། །དཀོན་མཆོག་གསུམ་གྱིས་མཛེས་བྱས་ཤིང་། །ཐམས་ཅད་དགེ་ལ་ངེས་པར་གྱུར། །དེ་ནས་མེ་ནི་འདྲ་བ་དེ། །རྡོ་རྗེ་ལྟ་བུའི་མཚོན་ཐོགས་པ། །ཞི་ནས་རྡོ་རྗེ་ལ་སོགས་ཚོགས། ། ཡིད་མ་ཞི་ལ་སྨྲས་པ་ནི། །ཀྱེ་ཀྱེ་ཚོགས་རྣམས་ཞི་བར་གྱིས། །སྐལ་བ་ཆེ་རྣམས་ལྡོག་པར་གྱིས། །གདོན་ཀུན་དགེ་ལ་ངེས་བྱས་ཤིང་། །ཞི་བར་གྱུར་གྱིས་མ་གཞོམ་ཤིག །ལག་ན་རྡོ་རྗེ་ལྟས་བསྟེན་པའི། །ཐད་དུ་ཡང་ན་ 100-1-148b ཁྲིད་པར་གྱིས། །མི་བཟད་ཚོགས་ཀྱིས་དེ་མཉན་ནས། །གདོན་རྣམས་དེ་དག་ཐམས་ཅད་ནི། །རྣལ་འབྱོར་བསྟན་བཅོས་མཐུས་བཏུལ་ནས། །ལག་ན་རྡོ་རྗེས་ཐད་དུ་ཁྲིད། །བཅོམ་ལྡན་རྡོ་རྗེ་ལྡན་པ་དེས། །མཐོང་ནས་ཅི་སྟེ་གསོན་འདོད་ན། ། རིག་པའི་མཆོག་ལ་ཕྱག་བྱོས་ལ། །ཕྱག་རྒྱ་མཐོང་ནས་བསྟན་ལ་གནོས། །གནས་ནས་མི་རྣམས་ཐོང་ཤིག་ཅེས། །གདོན་རྣམས་ལ་ནི་བརྒད་དེ་སྨྲས། །དེ་སྐད་སྨྲས་ནས་གདོན་དེ་དག །ཀུན་གྱིས་དེ་ཚེ་བསྟན་སྨྲས་པ། ། ཁྱོད་ཀྱིས་ལས་འདི་མཆོག་ཡིན་ཏེ། །གཞན་གྱིས་མི་ཐུབ་དྲག་ཅིང་དགེ། མངའ་བདག་ཁྱོད་ཀྱིས་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱི་བར་འཚལ། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་དགེ་འདུན་དེ་བཞིན་ཏེ། ། ཞི་ལ་མ་རུངས་འདུལ་བ་པོ། །ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྟོབས་ཆེན་དེ་ནི་སྐྱེས་པ་ལེགས། །བདག་ཅག་གི་ནི་འཚོ་བ་ཡི། །ཐབས་ཀྱི་ཕྱིར་ཡང་བཀའ་སྩོལ་ཅིག །དེ་ནས་དཔལ་ ལྡན་རྡོ་རྗེ་འཆང་། །བརྒད་ནས་ཚོགས་ལ་སྨྲས་པ་ནི། །ཁྱོད་ཀྱིས་བླང་བར་བྱ་བ་དང་། །མི་བླང་བ་ཡང་བསྟན་པར་བྱ། །གང་དག་རྟག་ཏུ་བརྫུན་སྨྲ་དང་། །དྲིན་དུ་མི་གཟོ་གཙང་སྦྲར་མེད། །བྱང་ཆུབ་སེམས་ནི་རབ་ཉམས་པ། །སྐྱེ་བོ་དེ་དག་རྟག་ ཏུ་ལོང་། །ཉ་དང་ཤ་སོགས་ཟ་བ་དང་། །མི་བྱ་བ་དག་བྱེད་པ་དང་། །རྐང་པས་ཕྱག་རྒྱ་བརྫི་བྱེད་པ། །སྐྱེ་བོ་དེ་དག་བླང་བར་གྱིས། །ཅི་སྟེ་གསོན་པར་འདོད་ན་ནི། །གང་དག་བདེན་པའི་ཚིག་སྨྲ་དང་། །དྲིན་དུ་གཟོ་ཞིང་ངེས་པར་གནས། ། སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །གཏོང་བར་མི་བྱེད་རབ་བསྡམས་དང་། །རྟག་ཏུ་ང་ལ་དད་པ་དང་། །དེ་བཞིན་རིགས་མཆོག་རིགས་ལ་གནས། །གང་རྣམས་ཀྱི་ནི་ཁྱིམ་དག་ཏུ། །རིག་རྒྱལ་དམ་པ་རྟག་མཆོད་དང་། །ང་རིག་པ་ཡི་རྒྱལ་ པོ་མཆོག །སྒྲུབ་པ་དང་ནི་བཟླས་བརྗོད་བྱེད། །དེ་དག་ལ་ནི་ཞི་བར་གྱིས། །ཡི་གེ་བཞི་པ་ཞེས་བྱ་བའི། །རྡོ་རྗེ་དོན་ཡོད་ཆེན་པོ་དེས། །གདོན་གང་ང་ལ་དད་མི་འཛིན། །དེ་ཡི་སྤྱི་བོ་འགེམས་པར་བྱེད། །རྟག་ཏུ་ང་དང་རིགས་མཆོག་ལ། ། 100-1-149a དེ་བཞིན་དད་པ་ལྷུར་བྱེད་དང་། །དམ་ཚིག་ཤེས་པ་གང་ཡིན་ཏེ། །ཁྱེད་ཀྱིས་རྟག་ཏུ་མཆོད་པ་གྱིས། །ལག་ན་རྡོ་རྗེའི་ཚིག་འདི་དག །ཐོས་ནས་ཀྱང་ནི་ལོག་འདྲེན་རྣམས། །དགའ་ཞིང་ཅ་ཅོའི་སྒྲ་འབྱིན་ནས། །སྐད་ཅིག་གིས་ ནི་མི་སྣང་འགྱུར། །རིག་པ་མཆོག་གི་རྒྱུད་ཕྱི་མ་ལས་ལོག་འདྲེན་འབྱུང་པོ་རྫོགས་སྷོ།། །། ལས་འདི་ནི་དམ་པར་འགྱུར་བ་དང་། དྲག་ཅིང་དོན་ཡོད་ལ་གཞན་གྱིས་མི་ཐུབ་ཅིང་དགེ་བ་ཡིན་ཏེ། དངོས་གྲུབ་སྒྲུབ་པའི་ཚེ་དུད་པ་ མེད་པའི་མེ་མདག་ལ་རིག་སྔགས་ཀྱི་རྒྱལ་པོས་ཏིལ་ནག་པོའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །ལས་འདི་དག་ནི་མཆོག་ཡིན་ཏེ། །འཇིག་རྟེན་རྣམས་ཀྱི་དངོས་གྲུབ་ཕྱིར། །རིག་ མཆོག་མགོ་བོར་གཞག་ན་ནི། །སྤྱན་རྣམས་དངོས་གྲུབ་སྟོན་པར་འགྱུར། །སངས་རྒྱས་ཡུམ་དང་ཆོས་སྤྱན་ལ། །གང་ཞིག་ཕྱག་འཚལ་དེ་ལ་ནི། །བཅོམ་ལྡན་གསུངས་པའི་ལས་ལ་སོགས། །ལག་ན་རྡོ་རྗེས་བཤད་པ་ཡི། ། ཆོ་ག་འདི་དང་རྡོ་རྗེའི་རིགས། །དེ་དག་ཐམས་ཅད་འགྲུབ་འགྱུར་ཏེ། །ཡུམ་ཡང་ཡིད་ལ་བཞག་ནས་ནི། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལས་འདི་དག་ཀྱང་བྱས་ནས་ནི། །དངོས་གྲུབ་མཆོག་འགྱུར་ཤེས་པར་བྱ། །གང་གིས་ ཉིན་མོ་ཡང་རུང་སྟེ། ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། གདུག་པ་ཕུལ་ནས། བ་སེར་མོའི་ལྕི་བ་ས་ལ་མ་ལྷུང་བས་ལྷ་མོའི་གཟུགས་བྱས་ཏེ། ལག་པ་གཡས་པར་རྡོ་རྗེ་ཐོགས་པར་བྱ། དེའི་འོག་ ལོགས་སུ་སྒྲུབ་པ་པོ་སྙིམ་པ་ཟེད་ཅིང་འདུག་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡིད་ལ་བསམས་ཏེ། རིག་སྔགས་བརྗོད་ནས་ཅི་སྟེ། གཟུགས་འགུལ་བར་འགྱུར་ན་དེ་མ་ཐག་ཏུ་ལས་འགྲུབ་ཅིང་། རིག་སྔགས་ཀྱང་བདེ་ བླག་ཏུ་འགྲུབ་སྟེ་བགེགས་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འཇིགས་པར་འགྱུར་རོ། །ཡང་ན་སྒྲུབ་པ་པོའི་ལག་ཏུ་རྡོ་རྗེ་བྱིན་ན་སའི་བདག་པོར་འགྱུར་རོ། །ཡང་ན་བཅོམ་ལྡན་འདས་མ་ལས་འོད་ཟེར་འབྱུང་སྟེ། འོད་ཟེར་དེས་ 100-1-149b ཕོག་པར་གྱུར་ན་ནི་རིག་སྔགས་འཆང་དུ་འགྱུར་ཞིང་གླང་པོ་ཆེའི་སྟོབས་དང་ལྡན་ལ་སྐྲ་ལྕང་ལོ་འཁྱིལ་བ་དང་། ཉི་མ་ཤར་བའི་ཁ་དོག་ཅན་དུ་འགྱུར་ཞིང་ལག་ཏུ་རལ་གྲི་འོང་བར་འགྱུར་ཏེ། དེ་ཐོགས་ནས་རིག་སྔགས་འཆང་ཐམས་ ཅད་ཀྱིས་མི་སོད་ལ་སྒྱུ་འཕྲུལ་དག་ཀྱང་བྱེད་པར་འགྱུར་རོ། །གང་གི་ཚེ་གཉིད་ཀྱིས་ལོག་པ་དེ་ན་རལ་གྲི་དེ་དཔག་ཚད་གཅིག་ཙམ་ནས་མགལ་མེའི་འཁོར་ལོ་བཞིན་དུ་ཀུན་ནས་འཁོར་བར་བྱེད་ཅིང་སད་པ་ན་ཤུགས་སུ་འགྲོ་སྟེ། ཚེ་ལོ་ ཁྲི་བཞི་སྟོང་ཐུབ་ཅིང་ནམ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ལས་འདི་བྱས་ཏེ་དངོས་གྲུབ་ཀྱི་མཆོག་སྒྲུབས་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དེ། མས་བུ་ལ་བྱ་བ་བཞིན་ནོ། །དངོས་གྲུབ་བསྒྲུབ་པའི་ཕྱིར་ དབང་ཕྱུག་ཆེན་པོ་བསྒྲུབ་པའི་མདོར་བསྟན་ཏེ། དེ་ལ་འདི་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་བསྒྲུབ་པ་བསྟན་པ་སྟེ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་མེ་སྦར་ལ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་ བྱས་ན་ཁྲུ་དོ་འམ་ཁྲུ་གསུམ་ཙམ་དུ་དུད་པའི་ཁྲི་ཞིང་འབྱུང་སྟེ། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རིགས་འགྲུབ་པ་དང་། ཆོ་ག་རྒྱས་པ་འགྲུབ་པར་ཤེས་པར་བྱ་སྟེ། དེ་ནས་ལས་བརྩམ་པར་བྱའོ། །ཡིད་ལ་བསམས་ཏེ་ ཕུར་བུ་གསུམ་པས་བཤད་པའི་ཆོ་ག་རྒྱས་པ་དང་། ལག་ན་རྡོ་རྗེས་བཤད་པ་སྒྲུབ་པར་བྱའོ། །རྣམ་པར་བཤིབས་ཏེ་བཟླས་བརྗོད་བྱས་ན་དངོས་གྲུབ་ཀྱི་མཆོག་སྟོན་པར་འགྱུར་ཏེ། ནུབ་ཀར་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ་ལག་ ན་རྡོ་རྗེའི་རྣ་བ་གཡས་པར་རིག་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཅི་སྟེ་རྨི་ལམ་དུ་བྲམ་ཟེ་མཐོང་ན་ལས་འགྲུབ་པར་འགྱུར་རོ། །འདྲེག་མཁན་མཐོང་ན་ནི་འགྲུབ་པར་མི་འགྱུར་ཏེ། དེ་ལ་བལྟ་ཞིང་ས་ལ་ བསྒྲུབ་པར་བྱའོ། །རི་མོའི་གཟུགས་གང་གིས་མཐོང་བ་དེས་ནི་རྡོ་རྗེའི་རིགས་མཐོང་བ་ཡིན་ནོ་རྡོ་རྗེའི་རིགས་མཐོང་ན་ལས་འབྱང་བར་འགྱུར་རོ། །ལས་བྱང་ན་དངོས་གྲུབ་ཀྱི་མཆོག་མཐོབ་པར་འགྱུར་ཏེ། རས་མ་ཉམས་པ་ལ་རི་མོ་ 100-1-150a མཁན་གསོ་སྦྱོང་དང་ལྡན་པ་ཚོན་རྩི་སྤྱིན་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་ཁ་དོག་ཅན་ཆོས་སྟོན་པའི་ཚུལ་དུ་འདྲིར་གཞུག་གོ། དེ་བཞིན་གཤེགས་པའི་གཡས་ལོགས་སུ་ལྷ་མོ་གསེར་གྱི་ཁ་དོག་ཅན་ཆོས་ ཉན་པར་བྲིའོ། །དེའི་འོག་ལོགས་སུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆོས་ཉན་པར་བྲི། དེ་བཞིན་གཤེགས་པའི་གཡོན་ལོགས་སུ་དབང་ཕྱུག་ཆེན་པོ་འདམ་བུ་འདའ་རྒྱུའི་མདོག་ཅན་ཐོར་ཚུགས་ དང་ཅོད་པན་ཐོགས་པར་བྲི། དེའི་གཡོན་ལོགས་སུ་ཕུར་བུ་གསུམ་པའི་མ། མ་ཏང་གི་ཆ་ལུགས་ཅན་ཆོས་ཉན་པའི་ཚུལ་དེའི་འོག་ལོགས་སུ་དབང་ཕྱུག་ཆེན་པོ་འདམ་བུ་འདའ་རྒྱུའི་ཁ་དོག་ཅན། ཐོར་ཚུགས་འཆང་བའི་མགོ་ལ་ཟླ་ བའི་མཚན་མ་ཡོད་ལ་མིག་གསུམ་དང་ལྡན་པར་བྲིའོ། །དེའི་དྲུང་དུ་མ་ཏང་གི་རྒྱལ་པོ་ཕུར་བུ་གསུམ་པ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མ་ཏང་གི་ཆ་ལུགས་སུ་བྲིའོ། །དེའི་ལོགས་སུ་འཇིག་རྟེན་སྐྱོང་བ་ བཞི་ཁ་དོག་ཐ་དད་པ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཆོས་ཉན་པའི་ཚུལ་དུ་བྲི། ལག་ན་རྡོ་རྗེའི་ལོགས་སུ་རྡོ་རྗེ་སྡེ་དང་གཙུག་ནས་བྱུང་རྩེ་ཞིང་འདུག་པར་བྲི་སྟེ། རྡོ་རྗེ་སྡེ་ནི་གསེར་གྱི་མདོག་ཅན་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ པར་བྱའོ། །གཙུག་ནས་བྱུང་གི་མདོག་དམར་ལ་མིག་གསུམ་ཡོད་པ་གླང་པོ་ཆེའི་ལྤགས་པའི་སྨད་གཡོགས་ཅན་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སེ་རལ་ཀར་ཐོགས་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ། །ཁྱད་པར་དུ་རྡོ་རྗེ་སྡེའི་ དྲུང་དུ་རྡོ་རྗེ་ཁྲོ་བོ་འབར་ལ་ལོག་འདྲེན་རྣམས་འཇོམས་ཤིང་འཐོར་བར་བྲི། རིག་པའི་མཆོག་འདོད་དགུར་སྒྱུར་བའི་གཟུགས་ཅན་ལན་ཅིག་མཐོང་བ་ཙམ་གྱིས་ངོ་ཤེས་པ་ཙམ་དུ་གསལ་བ་ལག་ན་རྡོ་རྗེའི་ཁ་ནས་འབྱུང་བར་བྲིའོ། ། གཟུགས་དེ་མཐོང་ན་སྔོན་གྱི་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ལོག་འདྲེན་རྣམས་ཀྱིས་ཀྱང་མི་ཚུགས་སོ། །གང་རི་མོའི་གཟུགས་འདི་སྒྲུབ་པ་དེས་ནི་དངོས་གྲུབ་ཀྱི་མཆོག་ངེས་པར་འགྲུབ་པར་འགྱུར་རོ། །སྒྲུབ་པར་འདོད་པའི་ 100-1-150b རིག་སྔགས་འཆང་གིས་ཞག་གསུམ་སྨྱུང་བ་བྱས་ཏེ་ཟླ་བ་ཉ་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་གསང་སྔགས་སྔ་མ་དག་གིས་ལས་རྣམས་བྱའོ། ། འོ་མས་བཀང་བའི་སྣོད་བཞི་དང་། ཞོས་བཀང་བ་བཞི་དང་། དེ་བཞིན་དུ་བཏུང་ བ་དང་། སྦྱར་ཐུག་གིས་བཀང་བ་བཞི་བཞི་དབུལ་ཞིང་འབྱུང་པོའི་གཏོར་མ་ཡང་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་ནམ་ཕྱེད་ཀྱི་དུས་སུ་མེ་ཏོག་དྲི་ཞིམ་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་སྦྱར་ཞིང་ བཅོམ་ལྡན་འདས་མ་སངས་རྒྱས་ཀྱི་ཡུམ་ལ་བསྣུན་ན་རི་མོའི་གཟུགས་འགུལ་བ་དང་། མེ་ཏོག་གི་ཕྲེང་བ་གཡོ་བ་དང་། ལྷ་མོ་ལས་འོད་ཟེར་འབྱུང་བར་འགྱུར་ཏེ་རི་མོའི་གཟུགས་འགུལ་ན་ནི་དབབ་པའི་ལས་དང་ཞི་བ་དང་། རྒྱས་པའི་ཆོ་ག་ འགྲུབ་པར་འགྱུར་རོ། །མེ་ཏོག་ཕྲེང་བ་གཡོ་ན་ནི་དབབ་པའི་རིག་སྔགས་ཀྱི་ཆོ་ག་འགྲུབ་པར་འགྱུར་རོ། །འོད་ཟེར་བྱུང་ན་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། སྒྲུབ་པར་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་འགྲུབ་པར་ འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔལ་ཆེན་མོའི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ལྷག་མ་དག་ཀྱང་འགྲུབ་པར་འགྱུར་རོ། །ཅི་སྟེ་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པར་བསྒྲུབ་པར་འདོད་ན་རིག་སྔགས་འཆང་དེས་ མེ་ཏོག་དམར་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་དང་སྦྱར་ཏེ། དབང་ཕྱུག་ཆེན་པོ་ལ་བསྣུན་ན་དེའི་ཡང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །ཅི་སྟེ་ཕུར་བུ་གསུམ་པའི་ ཆོ་ག་རྒྱས་པར་བསྒྲུབ་པར་འདོད་ན་རིག་སྔགས་འཆང་དེས་མེ་ཏོག་ནག་པོ་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་ལན་རེ་དང་སྦྱར་ཏེ། ཕུར་བུ་གསུམ་པའི་རི་མོ་ལ་བསྣུན་ན་དེ་ཡང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། ཕུར་བུ་གསུམ་པས་བྱས་པའི་མ་ ཏང་གི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཆོ་ག་འདི་ནི་བདག་གིས་བཤད། །ཁྱེད་རྣམས་ཡིད་ནི་དགའ་བཞིན་པས། །དངོས་གྲུབ་དམ་པ་སྦྱིན་པར་གྱིས། །གང་སངས་རྒྱས་ཀྱི་ཡུམ་ 100-1-151a དྲན་པ་ཙམ་གྱིས་འོང་བར་མི་བྱེད་ན་དངོས་གྲུབ་ཀྱང་སྦྱིན་པར་མི་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་སྙིང་རིངས་པ་ཡིན་ཏེ། ངས་ཀྱང་རྡོ་རྗེས་སྤྱི་བོ་བཀས་པར་བྱའོ། །གང་ཆོ་ག་རྒྱས་པ་འདི་འཆང་བ་དེ་ལ་གདོན་ཐམས་ཅད་དང་། ལོག་ འདྲེན་ཐམས་ཅད་དང་། ཤ་ཟ་ཐམས་ཅད་ཀྱང་འབྱེར་ཞིང་སྐྲག་པར་འགྱུར་རོ། །གང་ཞིག་ཆོ་ག་འདིས་མཆོད་པ། །དེ་ལ་ལྷ་མཆོག་རྣམས་ཀྱིས་མཆོད། །གང་ཞིག་དངོས་གྲུབ་མཆོད་པ་ལ། །དེ་ཡིས་ཆོ་ག་ལྷ་མཆོད་བྱ། །གང་ཞིག་ཆོ་ ག་འདི་མཆོད་དང་། །ཐམས་ཅད་རྫོགས་པར་མཆོད་བྱེད་པ། །དེ་ཡི་ལག་ན་རྡོ་རྗེ་ཡིས། །བཤད་པ་བཞིན་དུ་ངེས་པར་འགྲུབ། །གང་ཞིག་ཆོ་ག་འདི་འཆང་བ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ལག་ན་རྡོ་རྗེ་དཔལ་ལྡན་པ། ། དེ་ཡི་ལུས་ཀྱི་སྤྱི་བོར་གནས། །ཡི་གེ་བཞི་པ་ཞེས་བྱ་བ། །རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་སྟེ་ བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་ཕྱི་མ་རྣམས་དང་། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་སླད་དུ་རིག་སྔགས་ཀྱི་རྒྱལ་པོ་དང་། ལྷ་ཐམས་ ཅད་ཀྱི་ཆོ་ག་ཕྱི་མ་རྒྱས་པར་བཤད་པར་འཚལ་ན་དེ་བཞིན་གཤེགས་པས་སྣང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་རིག་སྔགས་ཀྱི་རྒྱལ་པོའི་ ལས་ཕྱི་མ་རྣམས་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལ་བསམས་ནས་ལས་ཕྱི་མ་རྣམས་བཤད་དོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་མཆོག་གི་ལས་འབྱུང་སྟེ། དགོན་པ་འམ། རིའི་རྩེ་མོ་ འམ། དབེན་པའི་ཕྱོགས་སུ་བརྐྱང་ནུལ་བྱ་སྟེ། ཐབ་དབྱིབས་གྲུ་བཞིར་བྱས་ལ་ལྷ་བཤོས་སུ་ཞོ་དབུལ་བར་བྱའོ། །གཡོག་བྱེད་པ་རྣམས་ལ་ཡང་ཞོ་བླུད་དོ། །ཡང་ན་ངོས་ཀུན་དུ་ཁྲུ་བཅུ་པའི་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ཏེ་ 100-1-151b དེར་མེ་སྦར་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་བེེ་ཀངྐ་ཏའི་ཡམ་སྲེག་ཤིང་སྲིད་དུ་ཁྲུ་གང་སྦོབས་སུ་འཆང་བས་འཁྱུད་པ། འཕན་མེད་པ་སྟོང་རྩ་བརྒྱད་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་ཏེ་དུས་གསུམ་དུ་སྦྱིན་སྲེག་བྱའོ། ། ཟས་སུ་ཕྱེ་འམ་འོ་མའི་འདིག་གུ་འམ། སློངས་མོའི་ཟས་བཟའ་ཞིང་ལས་བྱ་སྟེ། མི་སྨྲ་བར་འདུག་ཅིང་དུས་གསུམ་དུ་ཁྲུས་བྱའོ། །ཁང་པའི་ཤར་ཕྱོགས་ཀྱི་གློར་གྲོག་མཁར་གྱིས་ལས་ལག་ན་རྡོ་རྗེའི་སྟེགས་བུ་ཁྲི་འཕང་ཅན་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། ལྷ་བཤོས་དབུལ་ཞིང་ཕོ་ཉ་མོའི་སྔགས་ཐམས་ཅད་ཀྱི་ལས་བྱ་ཞིང་ཅི་འབྱོར་པས་མཆོད་པ་བྱས་ནས་རིག་སྔགས་འཆང་གིས་བཅོམ་ལྡན་འདས་མ་སྔགས་ཀྱིས་བཏབ་པའི་ཆུས་ཁ་ཟས་བསང་གཏོར་བྱས་ཏེ་ བཟའ་བར་བྱའོ། །ཅི་དགའ་བའི་འདོད་པ་ཡང་གསོལ་བར་བྱའོ། །སྦྱིན་སྲེག་དེ་ཡང་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མེ་ཐབ་དེའི་ནང་ནས་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དམ་པའམ་ རྡོ་རྗེ་སྩོལ་བར་མཛད་དེ། རྡོ་རྗེ་ལག་ན་ཐོགས་པས་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་པར་འགྱུར་ཏེ། ཐམས་ཅད་དུ་ཡང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །མིག་བཙུམས་པའི་ཡུད་ཙམ་གྱིས་ཀྱང་འོག་མིན་གྱི་གནས་སུ་འགྲོ་བར་ འགྱུར་ཞིང་བསྐལ་པར་གནས་པར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱང་དེས་སྒོ་བ་བཞིན་བྱེད་པར་འགྱུར་རོ། །རིག་སྔགས་འཆང་ལ་ཆོ་ག་རྒྱས་པའི་དངོས་གྲུབ་ཀྱང་སྦྱིན་པར་མཛད་དེ། ཆོ་ག་རྒྱས་པ་བསྒྲུབས་ན་ལས་ཐམས་ ཅད་རྡོ་རྗེ་བསྒྱུར་བ་ཙམ་གྱིས་འགྲུབ་པ་དང་བྱེད་པར་འགྱུར་ཏེ་བསྐལ་པར་གནས་པར་འགྱུར་རོ། །དབང་དུ་བྱ་ན་གཙང་སྦྲར་བྱས་ཏེ་མཆོད་རྟེན་ལ་མེ་ཏོག་དང་། དྲི་དང་། བདུག་པ་ཕུལ་ཞིང་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་ཡང་མཆོད་པར་བྱས་ལ་ དེའི་མདུན་དུ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་ཞག་བདུན་གྱི་བར་དུ་དུས་གསུམ་དུ་མེ་ཏོག་དཀར་པོ་སྙིམ་པར་བཅུག་སྟེ། མིང་ནས་སྨོས་ཤིང་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཕྱོགས་མཚམས་མ་ནོར་བར་མཆོད་རྟེན་ལ་ 100-1-152a བོར་ན་དབང་དུ་འགྱུར་རོ། །གཏེར་དང་ལྷ་མ་ཡིན་གྱི་ཕུག་གང་ན་ཡོད་པར་ཡུངས་ཀར་གྱིས་བསྣུན་ན་ལྷ་མ་ཡིན་གྱི་ཕུག་གི་འཕྲུལ་འཁོར་ཚོགས་པར་འགྱུར་ཞིང་གཏེར་གྱི་འཁོར་ཐམས་ཅད་ཆོམས་པར་འགྱུར་ཏེ་ཕྱིན་པར་ཡང་ འགྱུར་རོ། །ཐམས་ཅད་དུ་སྐུད་པར་བསྲུང་བར་བྱའོ། །གཏེར་དང་ལྷ་མ་ཡིན་གྱི་ཕུག་གི་གནས་བསྒྲུབ་པ་ཐམས་ཅད་ལ་བགེགས་དང་ལོག་འདྲེན་ཐམས་ཅད་མེད་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་འཕགས་ པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ཏེ་ཞག་གཅིག་སྨྱུང་བ་བྱས་ཏེ་ནིམ་པའི་ཤིང་དང་ཨརྐའི་བུད་ཤིང་གིས་མེ་སྦར་ནས་ཡུངས་ཀར་དང་ལན་ཚྭ་ཡུངས་མར་གྱིས་བསྒོས་པའམ། ཡང་ན་མར་དང་འབྲས་ ཡོས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། བདུག་པ་དང་། ལྷ་བཤོས་དབུལ་ཤིང་ལག་ན་རྡོ་རྗེ་ལ་ཡང་མཆོད་པ་བྱས་ན་དེའི་འོག་ཏུ་ལས་བརྩམ་པར་བྱའོ། ། དེ་ནས་མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་ མེ་སྦར་ལ་འབྲས་ཡོས་ཀྱི་འོ་ཐུག་གིས་སྦྱིན་སྲེག་སྟོང་རྩ་བརྒྱད་རྩ་བརྒྱད་བྱས་ན་དབང་དུ་འགྱུར་ཏེ་ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་ནོར་སྦྱིན་པར་འགྱུར་རོ། །བྲམ་ཟེ་དབང་དུ་བྱ་ན་ཆོ་ག་དེ་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་བརྒྱ་སྟོང་བྱའོ། ། རྒྱལ་རིགས་ལ་ནི་ནས་ཀྱི་སྦྱིན་སྲེག་བྱའོ། །རྗེའུ་རིགས་ལ་ནི་ནས་དང་ལན་ཚྭའི་སྦྱིན་སྲེག་བྱའོ། །དམངས་རིགས་ལ་ནི་སྦྱར་ཐུགས་ཀྱི་སྦྱིན་སྲེག་བྱའོ། །ཡུགས་ས་མོ་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །བུ་མོ་དབང་ དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །འདི་དག་ལ་ཡང་དེ་བཞིན་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་དབུལ་ཞིང་སྦྱིན་སྲེག་ལན་སྟོང་སྟོང་བྱས་ན་དབང་དུ་འགྱུར་ཏེ་ཟ་གཅིག་པར་བྱའོ། །དགྲ་ཕུང་བར་བྱ་ན་མར་གྱི་ངོ་ཞག་བཅུ་ 100-1-152b བཞིའམ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དཀྱིལ་འཁོར་གྲུ་གསུམ་པ་བརྐྱང་ནུལ་གྱིས་བྱུགས་ནས་སེང་ལྡེང་གི་བུད་ཤིང་གིས་མེ་སྦར་ལ་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་དེ་མ་ཐག་ཏུ་མེད་པར་འགྱུར་རོ། ། དགྲ་བསད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་དུག་དང་ཁྲག་གི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་འཆི་བར་འགྱུར་རོ། །གནོད་སྦྱིན་དང་། གནོད་སྦྱིན་མོ་དབང་དུ་བྱ་ན་གནོད་སྦྱིན་དང་། གནོད་སྦྱིན་མོ་ཕྱོགས་གང་ན་གནས་པ་དེར་མར་གྱི་ངོ་ཞག་ བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་དྲི་དང་། མེ་ཏོག་དང་བདུག་སྤོས་དང་། མར་མེ་ཕུལ་ཏེ་མངར་གསུམ་གྱི་ལྷ་བཤོས་ཀྱང་དབུལ་ལོ། །དེ་ནས་ཨ་ཤོ་ཀའི་བུད་ཤིང་གིས་མེ་སྦར་ལ་ཨ་ཤོ་ཀའི་ མེ་ཏོག་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་གང་ཞིག་གིས་རྡོ་རྗེའི་རིགས་གཙོ་བོ་མཆོག་གི་མིང་ཙམ་འཛིན་པ་དེ་ལ་ཡང་ལྷ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་ན་གང་མདོ་ཉིད་འཆང་བ་ལྟ་ སྨོས་ཀྱང་ཅི་འཚལ། དེ་ནས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་བསྲུང་བ་བྱས་པར་འགྱུར་རོ། །དུག་གོ་ཅོག་ལ་ནི་ཆུའམ་རྨ་བྱའི་མདོངས་ཀྱིས་བྱབས་ན་མེད་པར་འགྱུར་རོ། །ཞག་ གཅིག་སྨྱུང་བ་བྱས་ཏེ་ཉི་མ་བཟང་བ་ལ་འབབ་ཆུའི་འགྲམ་དུ་སོང་སྟེ་མེ་ཏོག་བརྒྱ་སྟོང་ཕུལ་ན་མེ་ཏོག་གི་ཁ་དོག་ཇི་ལྟ་བུ་ཕུལ་བ་དེ་ལྟ་བུའི་གོས་རྣམས་ཞག་བདུན་ཚུན་ཆད་ཀྱི་ཐོབ་པར་འགྱུར་རོ། །གཞོན་ནུའི་གདོན་གྱིས་ བྱིས་པ་ཟིན་པ་ལ་ནི་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་པ་ལ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱིས་པ་ཤར་ཕྱོགས་སུ་ཁ་བསྟན་ཏེ་བཞག་ལ་བདུག་པས་བདུགས་ཏེ་བྱ་བ་པ་ཡང་བྱས་ནས་ལག་པ་ལ་ ཡང་སྐུད་པ་བཏགས་ན་སོས་པར་འགྱུར་རོ། །རིག་སྔགས་བསྒྲུབས་པ་ཐམས་ཅད་དང་། རོ་ལངས་བསྒྲུབ་པ་དང་། བདག་ཉིད་བསྲུང་བ་དང་། ཕྱོགས་བཅིང་བ་དང་། ཕ་རོལ་བསྲུང་བ་དང་། མཚམས་བཅད་པ་དང་། བསྒྲུབ་པ་ 100-1-153a ཐམས་ཅད་ལ་རིག་སྔགས་ཀྱི་རྒྱལ་པོ་འདི་གཅིག་པུས་བྱའོ། །ཆར་དབབ་པར་འདོད་ན་ཆུ་ཀླུང་གི་སར་འགྲམ་གཉི་གའི་སས་རྡོ་རྗེ་བྱས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཆུ་ཀླུང་རྒྱ་མཚོར་འབབ་ པའི་འགྲམ་དུ་སོང་ལ་ས་དེ་ལྟ་བུ་ལ་ནོར་རྒྱས་ཀྱི་བུའི་གཟུགས་བྱས་ཏེ། དེ་ལ་དྲི་དམར་པོ་དང་། མེ་ཏོག་དམར་པོ་དང་། བདུག་པ་དང་། མར་མེ་ཕུལ་ནས་དེའི་མདུན་དུ་རྡོ་རྗེ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་ཟིན་ ན་དུས་མ་ཡིན་པར་ཆར་འབབ་པར་འགྱུར་རོ། །བཅད་ན་ལག་ན་རྡོ་རྗེའི་མདུན་དུ་ལག་ན་རྡོ་རྗེ་ལ་ཕུལ་བའི་མེ་ཏོག་རྙིང་པ་བརྒྱད་བརྒྱས་སྦྱིན་སྲེག་བྱས་ན་འཆད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་ བྱས་ཏེ་རྒྱ་ཤུགས་དང་བནྡ་ཀའི་ཤིང་བླངས་ལ་མར་གྱི་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་བརྐྱང་ནུལ་དུ་བྱུགས་ཏེ། དྲི་དང་མེ་ཏོག་དང་། བདུག་པ་ཕུལ་ནས་ནམ་དྲོ་བར་གྱུར་གྱི་བར་དུ་ རིག་སྔགས་ཀྱི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བརྒྱད་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་དེ་འཆང་ན་རྒྱལ་པོ་ལ་གཞག་ན་གཞན་གྱིས་མི་ཐུབ་པར་འགྱུར་ཏེ་ཅི་རྙེད་པ་ཡང་འཕྲལ་དུ་ཟད་པར་འགྱུར་རོ། །རི་བོང་གི་ ཁྲག་དང་མིག་གཉིས་དང་། དེ་བཞིན་དུ་སྦལ་པའི་མིག་གཉིས་དང་། རི་དགས་ཀྲིཥྞ་ས་རིའི་མིག་གཉིས་བླངས་ལ་སྐར་མ་རྒྱལ་དང་སྦྱར་ཞིང་ཞག་གཅིག་སྨྱུང་བ་བྱས་ཏེ། བཏགས་ལ་ལག་ན་རྡོ་རྗེའི་མདུན་དུ་ཏིལ་གྱི་ལོ་མའི་ བར་དུ་གཞག་ནས་དྲོ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་གྲུབ་པར་འགྱུར་ཏེ། རྐང་པས་མགྱོགས་པའི་སྨན་དུ་འགྱུར་རོ། །དེས་མིག་ལ་བསྐུས་ན་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པར་འགྱུར་ཞིང་། གཏེར་ཐམས་ཅད་མཐོང་ སྟེ། ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་ལ་ཚན་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་བརྐྱང་ནུལ་དུ་བྱུགས་ནས་དེའི་དབུས་སུ་འབྲས་ཕྱེ་ 100-1-153b ལས་མིའི་གཟུགས་བྱས་ཏེ་དེ་ལ་གཏོར་མ་རྒྱས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་ཡང་བྱིན་ལ་ཏ་ལའི་ལོ་མའི་སྤུ་གྲི་སྐྲ་ལ་སོགས་པ་བྲེག་བ་ལྟར་བྱ། དེའི་གཡས་ལོགས་སུ་མིའི་ཐོད་པ་དྲི་དང་། མེ་ཏོག་དང་། བདུག་པས་ བརྒྱན་ཏེ་བཞག་ལ་ཐོད་པའི་སྟེང་ན་འདུག་པ་བཞིན་དུ་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། དེ་ནས་ཐོད་པ་བླངས་ཏེ་དུར་ཁྲོད་ཀྱི་མེས་བསྲེགས་ན་ཐོད་པ་ཆག་པ་དེའི་དུམ་གྲུགས་ བླངས་ཏེ། གཟུགས་བྱས་ཏེ་དེའི་ལྟེ་བའི་སྟེང་དུ་གཞག་སྟེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་ཐོད་པའི་དུམ་གྲུགས་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བཏགས་ལ། ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་ལུས་བསྐུས་ ན་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། གང་དྲི་མི་ཞིམ་པ་དེ་དག་ཀྱང་དྲི་ཞིམ་པར་བྱེད་ཅིང་ཆུ་ཀླུང་གྱེན་དུ་འབབ་པར་བྱེད་ལ་ཚེ་ལོ་བདུན་བརྒྱ་ཐུབ་པར་འགྱུར་ཏེ་བསྲུང་བའི་ཆོ་ག་བྱེད་པས་བྱའོ། །ཆུ་སྲིན་ནག་ཀྲ་དང་། སྦལ་པའི་ཚལ་བླངས་ལ་ཏིལ་མར་དང་སྦྱར་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ནས་ཏིལ་མར་དེས་གདོང་བསྐུས་ན་ཆུའི་ནང་དུ་ཟླ་བ་དྲུག་གི་བར་དུ་འདུག་ནུས་པར་འགྱུར་རོ། །མིག་སྨན་བསྒྲུབ་པར་འདོད་ན་ ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་ཕག་གི་མིག་གཉིས་དང་། གླང་པོ་ཆེའི་མིག་གཉིས་དང་། ལིག་བུ་མིག་དང་། ཕ་ཝང་ལོང་བུ་དང་། སྟང་ཟིལ་དང་། པུ་ཏྲ་འཛི་བ་དང་། འདི་རྣམས་བླངས་ནས་ མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་ན་ལུས་ལ་ནད་ཡོད་པ་རྣམས་མེད་པར་ འགྱུར་རོ། །མི་གདོན་གྱིས་ཟིན་པ་ཡང་གདོན་གྱིས་དེ་མཐོང་བར་འགྱུར་ཏེ། མཐོང་ནས་འབྲོས་པར་འགྱུར་རོ། །ཀླུ་དབང་དུ་བྱ་ན་བ་ལང་གི་ལྷས་སམ་ཀུན་དགའི་ར་བར་དཀྱིལ་འཁོར་བརྐྱང་ནུལ་དུ་བྱུགས་ལ་སིད་ཏྱའི་ཤིང་གིས་མེ་ 100-1-154a སྦར་ཏེ་རིག་སྔགས་ཀྱི་རྒྱལ་པོས་གནའ་མའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །དེ་ནས་ལས་དེ་གྲུབ་པར་འགྱུར་ཏེ། ཀླུ་མཐོང་ན་ཚུར་ཤོག་ཅེས་བརྗོད་ན་སའི་སྟེང་ན་གནས་པའི་ ཀླུའམ། ཀླུའི་བུ་མོ་རྣམས་འོངས་ཏེ་ཡིད་ལ་བསམས་པ་ཙམ་གྱིས་ཐམས་ཅད་འོང་བར་འགྱུར་རོ། །བསྒྲུབ་པ་ཐམས་ཅད་ལ་རྒྱལ་པོ་ཆེན་པོ་བཞི་རྣམས་ཤེས་པར་བྱ་བའི་ལས་འདི་བྱས་ན་བགེགས་ཐམས་ཅད་མེད་པར་འགྱུར་རོ། ། རིག་སྔགས་འཆང་གིས་བསྒྲུབ་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་བྲིས་ལ་དེའི་སྟེང་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ཏེ། ལེབ་རྒན་རྩིའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་ བརྒྱ་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་བཅོམ་ཞིང་བརྟགས་པར་འགྱུར་རོ། །དེ་ཕྱིན་ཆད་བསྒྲུབ་པ་རྣམས་ཅི་འདོད་པ་བཞིན་འགྲུབ་པར་འགྱུར་རོ། །གང་ཞིག་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་འདྲི་ན་ཡང་སྒྲུབ་པ་ ཐམས་ཅད་ལ་བགེགས་མེད་པར་འགྱུར་རོ། །གཏུམ་པོ་ནུབ་ཕྱོགས་སུ་ཁ་བསྟན་པའི་མདུན་དུ་མར་གྱི་ངོ་ཞག་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མཆོད་པ་རྒྱས་པར་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བཻ་ཀངྐའི་བུད་ ཤིང་གིས་མེ་སྦར་ཏེ་འབྲས་ལས་བྱས་པའི་མཁུར་བ་ལན་བརྒྱ་སྟོང་བླངས་ནས་སྦྱིན་སྲེག་བྱས་ན་ལྷ་མོའི་དཔྲལ་བ་ནས་འོད་ཟེར་འབྱུང་སྟེ་དེ་ནས་འགྲུབ་པར་འགྱུར་རོ། །གྲུབ་ནས་ཀྱང་ཏི་ན་ར་ལྔ་བརྒྱ་འམ་ཡང་ན་ལོངས་སྤྱོད་ཀྱི་ གཞི་སྦྱིན་པར་འགྱུར་རོ། །དགྲ་ལ་གཙེ་བར་འདོད་ན་མར་གྱི་ངོ་ཞག་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་འབྲས་ཕྱེ་ལས་གཟུགས་བྱས་ནས་སེང་ལྡེང་གི་ཕུར་བུ་དུག་གི་དུད་པས་བདུགས་པས་ཚིགས་རྣམས་སུ་ བཏབ་ལ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དགྲའི་ཡན་ལག་ཐམས་ཅད་དུ་ཟུག་པར་འགྱུར་རོ། །ཕྱུང་སྟེ་འོ་མས་བཀྲུས་ན་སོས་པར་འགྱུར་རོ། །དཔྱིད་ཟླ་འབྲིང་པོའི་ཚེས་གསུམ་ལ་འདོད་པའི་གཟུགས་བྱས་ལ་ 100-1-154b དེའི་མདུན་དུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་བཞག་སྟེ་ཞག་གཅིག་སྨྱུང་བར་བྱས་ལ་མཆོད་པར་བྱས་ཏེ་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་གྲུབ་པར་འགྱུར་ཏེ། དེ་ནས་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་ གྱི་འདབ་མ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་དུག་གིས་བསྒོས་པས་མོ་མཚན་གྱི་གཟུགས་བྱས་ཏེ་བུད་མེད་ཀྱི་མིང་ནས་སྨོས་ཤིང་ཕུར་བུ་དེས་ཕུག་ན་བུད་མེད་ཀྱི་མོ་མཚན་ན་ཞིང་ཁྲག་འཛག་པར་འགྱུར་ཏེ་ཕྱུང་ན་སོས་པར་ འགྱུར་རོ། །སྨིགས་བུའི་སྐད་དམ། ཅེ་སྤྱང་གི་སྐད་དམ། ཝའི་སྐད་ཤེས་པར་འདོད་ན་དུར་ཁྲོད་དམ། ཁྱིམ་གཙང་མ་འམ། ལྷ་ཁང་དུ་ཡར་གྱི་ངོ་ཚེས་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ་ ལག་ན་རྡོ་རྗེའི་གཟུགས་གཞག་ནས་དེའི་གཡས་ཕྱོགས་སུ་ལྷ་ཆེན་པོ་བཞག་སྟེ། ལྷ་ཆེན་པོའི་མདུན་དུ་འབྲས་ཕྱེ་ལས་སྨིགས་བུའི་གཟུགས་སམ། ཅེ་སྤྱང་གི་གཟུགས་སམ། ཝའི་གཟུགས་བྱས་ལ་གཞག་ནས་འཕགས་པ་ལག་ན་རྡོ་རྗེ་ལ་ མཆོད་པ་བྱས་ལ། ལྷ་ཆེན་པོ་ལ་ཡང་ལྷ་བཤོས་ཅི་འབྱོར་པ་ཕུལ་ནས་སྨིགས་བུ་ལ་འབྲས་ཆན་ཞོ་དང་སྦྱར་བ་སྦྱིན་ནོ། །ཅེ་སྤྱང་ལ་ནི་ཤ་སྦྱིན་ནོ། །ཝ་ལ་ནི་ཅི་འདོད་པ་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་ཡིད་ལ་བསམས་ཏེ་རིག་ སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱས་ན་ཅི་སྟེ་སྨིགས་བུ་ཡིད་ལ་བསམས་ན་ནི་སྨིགས་བུ་སྨྲ་བར་འགྱུར་རོ། །ཅེས་སྤྱང་ཡིད་ལ་བསམས་ན་ནི་ཅེས་སྤྱང་སྨྲ་བར་འགྱུར་རོ། །ཁྭ་ཡིད་ལ་བསམས་ན་ནི་ཁྭ་སྨྲ་བར་འགྱུར་རོ། །ཡང་ན་དེ་དག་ ཐམས་ཅད་ཡིད་ལ་བསམས་ན་ཐམས་ཅད་སྨྲ་བར་འགྱུར་ཏེ་སྨྲས་ན་འགྲུབ་པར་འགྱུར་རོ། །གྲུབ་ནས་ཀྱང་འཛམ་བུའི་གླིང་ན་ཡོད་པའི་དོན་ཐམས་ཅད་སྟོན་པར་འགྱུར་རོ། །ནམ་འཆི་བ་ཡང་སྟོན་པར་འགྱུར་རོ། །ནོར་ཡང་སྟོན་པར་འགྱུར་རོ། ། རིག་སྔགས་གང་ཞིག་ལས་འགྲུབ་པར་མི་བྱེད་ན་རིག་སྔགས་དེའི་མིང་ནས་སྨོས་ཤིང་ལག་ན་རྡོ་རྗེའི་མདུན་དུ་ཨུ་དུམ་བ་རའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་མཐུ་དང་ལྡན་པར་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་ 100-1-155a སྦྱིན་པར་བྱེད་དོ། །འབྱུང་པོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་དེའི་དབུས་སུ་ཚོན་རྩི་སྣ་གསུམ་གྱིས་ཕྱེ་མས་ལག་ན་རྡོ་རྗེའི་གཟུགས་ བྱས་ཏེ་དེའི་གཡས་ཕྱོགས་སུ་འབྱུང་པོའི་བདག་པོ་གཞག་གོ། དེ་ནས་ལག་ན་རྡོ་རྗེ་ལ་མཆོད་པ་བྱ་སྟེ། འབྱུང་པོའི་བདག་པོ་ལ་ལྷ་བཤོས་རྒྱས་པར་དབུལ་ཞིང་འབྱུང་པོའི་ཁ་ཟས་ཀྱང་སྦྱིན་པར་བྱ་སྟེ། སངས་རྒྱས་ཀྱི་སྤྱན་སྔར་སྤྱན་དྲང་ བར་བྱས་ལ་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་བ་རུ་རའི་ཤིང་གིས་མེ་སྦར་ལ། བ་རུའི་ས་བོན་ཉེ་བའི་སྙིང་པོས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་འབྱུང་པོའི་བུ་ནག་པོ་ཞེས་བྱ་བ་འོང་བར་ འགྱུར་ཏེ། འོངས་ནས་ཅི་བྱ་ཞེས་ཟེར་བ་དང་། དེས་ཡིད་ལ་ཅི་དང་ཅི་བསམས་པ་ཐམས་ཅད་གྱིས་ཤིག་ཅེས་སྨྲོས་ཤིག །དེ་ནས་དེ་ལྟར་བྱའོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏེ་བསམས་པ་ཙམ་གྱིས་དཔག་ཚད་བརྒྱར་ཡང་འགྲོ་ཞིང་དེ་བཞིན་ དུ་ཕྱིར་ཡང་འོང་ངོ་། །དཔག་ཚད་བརྒྱ་ནས་བུད་མེད་ཁྲིད་དེ་འོང་ཞིང་ཕྱིར་ཡང་སྐྱེལ་ལོ། །ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། ཁང་ཁྱིམ་དང་། མལ་སྟན་དག་ཀྱང་སྤྲུལ་པར་བྱེད་དོ། །གཡོག་ཀྱང་བྱེད་པར་འགྱུར་རོ། །བཟའ་བ་ དང་། བཞིབ་པ་དང་། བལྡག་པ་དང་། བཏུང་བ་ལ་སོགས་པ་ཡང་སྤྲུལ་པར་བྱེད་དོ། །ཚེ་ལོ་སུམ་བརྒྱ་ཐུབ་པར་འགྱུར་ཏེ། ལུས་ཞིག་ནས་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་ བཞི་ལ་མ་མོའི་ནང་དུ་སོང་ནས་མཆོད་པ་རྒྱས་པར་བྱ་སྟེ། གཏོར་མ་ཡང་རྒྱས་པར་བྱས་ནས་བཅོམ་ལྡན་འདས་མས་བསྲུང་བ་བྱ་ཞིང་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བྱས་ལ་མར་མེ་གཉིས་སྤར་ཏེ། སྟང་ཟིལ་བ་སོའི་གབ་ཙེའི་ ནང་དུ་བཅུག་ནས་མ་མོའི་གཙོ་མོའི་མདུན་དུ་པུས་མོ་གཉིས་བཙུགས་ཏེ་འདུག་ལ་ལག་པ་གཡོན་པས་མནན་ཏེ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་ཏེ། དྲོ་བ་དང་། 100-1-155b དུད་པ་འཐུལ་བ་དང་། འབར་བར་འགྱུར་རོ། །དེ་ལ་འབར་བ་ནི་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་ཉི་མ་ཤར་བའི་ཁ་དོག་དང་ལྡན་དེ་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་ཅན་དུ་འགྱུར་ལ་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ པར་འགྱུར་རོ། །དུད་པ་འཐུལ་ན་ནི་ལུས་མི་སྣང་བར་འགྱུར་ཞིང་རིག་སྔགས་འཆང་གི་རིགས་མེ་ཏོག་ཅེས་བྱ་བ་དང་། རིགས་སྔགས་འཆང་གི་རིགས་དྲི་ཞེས་བྱ་བ་དང་། རིག་སྔགས་འཆང་གི་རིགས་ཡི་དགས་ཞེས་བྱ་ བའི་རིག་སྔགས་འཆང་གི་རིགས་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །དེ་ལ་རིག་སྔགས་འཆང་གི་རིགས་མེ་ཏོག་ཅེས་བྱ་བ་དེ་དག་ནི་གནོད་སྦྱིན་མོ་རྣམས་དང་། ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་དེ་ཚེ་ལོ་ སྟོང་ཐུབ་ལ་རིག་སྔགས་འཆང་དྲི་ཞེས་བྱ་བ་རྣམས་ཀྱིས་མི་ཚུགས་ཤིང་དབང་ཡང་མི་བྱེད་དོ། །རིག་སྔགས་འཆང་གི་རིགས་དྲི་ཞེས་བྱ་བ་དེ་དག་ནི་རྒྱལ་པོའི་བཙུན་མོ་དག་དང་། དེད་དཔོན་ཆེན་པོའི་རིགས་རྣམས་དང་། ཁྱིམ་བདག་ ཁྱིམ་ཆེན་པོའི་རིགས་རྣམས་ཀྱི་བུད་མེད་གང་དག་ཡིན་པ་དེ་དག་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ཚེ་ལོ་ལྔ་བརྒྱ་ཐུབ་བོ། །དེ་དག་ཀྱང་རིག་སྔགས་འཆང་མེ་ཏོག་ཅེས་བྱ་བ་རྣམས་ཀྱིས་མི་ཚུགས་སོ། །རིག་ སྔགས་འཆང་གི་རིགས་ཡི་དགས་ཞེས་བྱ་བ་དེ་དག་ནི་མི་འདོད་དེ་དེ་དག་གི་ཡི་དགས་རྫུ་འཕྲུལ་ཆེན་པོའི་བུ་མོ་འབྱུང་བར་འགྱུར་ཏེ། དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ཚེ་ལོ་སུམ་བརྒྱ་ཐུབ་བོ། །དེ་ལ་མེ་ ཏོག་གི་རིགས་རྣམས་ནི་མེ་ཏོག་གི་མིང་གིས་དགུག་པར་བྱའོ། །དྲིའི་རིགས་རྣམས་ནི་དྲིའི་མིང་རྣམས་ཀྱིས་དགུག་པར་བྱའོ། །ཡི་དགས་ཀྱི་རིགས་རྣམས་ནི་ཡི་དགས་ཀྱི་མིང་གིས་དགུག་པར་བྱའོ། །དེ་བཀུག་ན་སྐྲག་ སྟེ་དྲུང་དུ་འོང་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་མངའ་བདག་དུ་གྱུར་ཏེ་མིང་སྨོས་པ་ཙམ་གྱིས་ཀྱང་རིག་སྔགས་འཆང་རྣམས་སྐྲག་པར་འགྱུར་རོ། །གང་ཞིག་རྒྱུད་ཕྱི་མ་མཐའ་དག་ཆུབ་པར་བྱེད་པ་ལ་ནི་རིག་སྔགས་ཀྱི་ལྷ་ 100-1-156a ཐམས་ཅད་དང་། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ཡང་ཕྱི་བཞིན་འབྲང་བར་འགྱུར་ཏེ། ལྷ་ཐམས་ཅད་ཀྱང་སེམས་རངས་པར་འགྱུར་ལ་དངོས་གྲུབ་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ཆོ་ག་རྒྱས་པ་རྒྱུད་ཕྱི་ མ་དང་བཅས་པ་ལག་ན་རྡོ་རྗེ་དང་། ལྷ་ཆེན་པོས་གང་བཤད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་བསྟོད་ཅིང་བསྔགས་ཏེ། དེ་ལ་ལྷ་ཐམས་ཅད་སེམས་དགའ་ནས་དངོས་གྲུབ་སྦྱིན་པར་བྱེད་དོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་ མཆོག་གི་ཆོ་ག་རྒྱས་པའི་སྙིང་པོ་བརྒྱན་པ་བཅོམ་ལྡན་འདས་མ་མཆོག་ལ་དྲག་དུ་སྐུལ་བ་བྱེད་པ་གང་ཡིན་པ་དེའི་སྙིང་པོ་ཆེན་པོ་རིག་པ་མཆོག་གི་སྙིང་པོ་ལ་དྲག་ཏུ་སྐུལ་བར་བྱེད་པ་ཡང་ངས་བཤད་ཟིན་ཏོ། །རིག་སྔགས་མཆོག་ དྲག་ཤུལ་ཅན་ཕ་རོལ་གནོན་པ་གང་ཡིན་པ་དེ་དག་ལ་དྲག་ཤུལ་སྐུལ་བར་བྱེད་པ་དེ་ཉིད་ཀྱི་སྙིང་པོ་ཡང་ངས་བཤད་ཟིན་ཏེ། འདི་ནི་དངོས་གྲུབ་གཉིས་ཀ་སྦྱིན་པར་བྱེད་པ་ཡིན་པས་ན་དེས་ནི་ལྷ་རྣམས་ཀྱང་དེ་བཞིན་དུ་ཡིད་བསྐྱོད་པར་བྱེད་ དོ། །ཉེ་བའི་སྙིང་པོ་བཤད་པ་ན་ལྷའི་ཚོགས་འཁོད་པ་གང་ཡིན་པ་དེ་དག་སྐྲག་ཅིང་འཇིགས་པར་འགྱུར་ཏེ། དེ་དག་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ནས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་དག་ལ་ བཀའ་སྩལ་པ། ལྷ་དག་རིག་སྔགས་བཤད་པར་བྱས་ཏེ། རེ་ཤིག་ཁྱེད་ལ་སྙིང་པོ་མཆོག་གི་ལས་རྣམས་ཉོན་ཅིག །དེ་ནས་སྙིང་པོའི་ལས་རྣམས་འབྱུང་སྟེ་བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ། །མཚམས་ བཅད་པ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཕུར་བུས་བྱའོ། །བསྐྲད་པ་ནི་སྐྲས་བྱའོ། །ཀུམྦྷིར་ཁ་བཅིང་བར་བྱ་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། །ལས་ཐམས་ཅད་དང་སྒྲུབ་པ་ཐམས་ཅད་ལ་ཡང་རིག་སྔགས་ ཀྱི་རྒྱལ་པོའི་སྙིང་པོ་སྦྱར་བར་བྱའོ། །སྒྲུབ་པའི་ཚིག་བགེགས་བསལ་བ་ནི་མེ་སྦར་ལ་ཡུངས་ཀར་བདག་གི་ཁྲག་གིས་བསྒོས་པས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཆོམས་པར་འགྱུར་རོ། །བགེགས་ 100-1-156b ཐམས་ཅད་རིངས་པར་བྱ་ན་ཙམ་པ་ཀའི་ས་བོན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་བྱའོ། །རོ་ལངས་རེངས་པར་བྱ་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བྱའོ། །རོ་ལངས་སྒྲུབ་པ་ཐམས་ཅད་དང་། བགེགས་རེངས་པར་བྱ་བ་ཐམས་ཅད་ལ་ནི་སྙིང་པོས་བྱའོ། །བདག་དང་གྲོགས་རྣམས་བསྲུང་བ་ནི་བཅོམ་ལྡན་འདས་མས་བྱའོ། །མཚམས་བཅད་པ་ནི་རིག་སྔགས་ཀྱི་རྒྱལ་པོས་བྱ་སྟེ། རྩ་བའི་ལས་རྣམས་ལ་ཡང་སྦྱར་རོ། ། ཕྱི་མའི་ལས་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་གྱིས་བྱའོ། །རིགས་ཀྱི་རྒྱལ་པོའི་སྙིང་པོའི་ལས་རྣམས་བསྒྲུབ་པ་ནི་སྙིང་པོའི་ཕྱི་མའི་ལས་གཞན་རྣམས་རིག་སྔགས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་མས་བྱའོ། ། རིག་སྔགས་ཀྱི་རྒྱལ་པོ་ལ་ནི་བཅོམ་ལྡན་འདས་མ་ཡུམ་གྱིས་བྱའོ། །ཉེ་བའི་སྙིང་པོ་ལ་ནི་སྙིང་པོའམ་ཡུམ་འམ། རིག་སྔགས་ཀྱི་རྒྱལ་པོས་བྱའོ། །ཕོ་ཉའི་གསང་སྔགས་རྒྱུད་ཕྱི་མ་དང་བཅས་པ་ཐམས་ཅད་ནི་བཅོམ་ ལྡན་འདས་མས་སྦྱར་བར་བྱའོ། །ནོར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱས་པར་བྱས་ལ་སྤྲ་བའི་ཤིང་གིས་མེ་སྦར་ནས་འབྲས་དམར་པོ་ལ་རྡོ་རྗེ་བྱས་ཏེ། མར་ གྱི་ནང་དུ་བསྙུགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དངོས་གྲུབ་ཀྱི་མཚན་མར་མེ་ཏོག་ཕྲེང་བ་འགུལ་བར་འགྱུར་རོ། །གྲུབ་ནས་ཀྱང་ཏི་ན་ར་ལྔ་བརྒྱ་འམ་ཡང་ན་ཡུལ་སྦྱིན་པར་བྱེད་དོ། །སྐྱེས་པ་དབང་དུ་བྱ་ན་མར་གྱི་ངོ་ ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལྷ་ཆེན་པོའི་གནས་སུ་སོང་སྟེ། གཟུགས་ཀྱི་གཡས་ལོགས་སུ་ཨརྐའི་ཤིང་གིས་མེ་སྦར་ནས་ཞག་གསུམ་གྱི་བར་དུ་སེང་ལྡེང་གི་ཡམ་སྲེག་ཤིང་སྐུད་པས་དཀྲིས་པ་སྟོང་ རྩ་བརྒྱད་རྩ་བརྒྱད་སྦྱིན་སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། །མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གྲོག་མཁར་གྱི་ཕུང་པོ་གཅིག་འདུག་པར་སོང་ནས་ 100-1-157a དེའི་སྟེང་དུ་མེ་ཏོག་དང་། དྲི་དང་བདུག་པ་ཕུལ་ལ་དེའི་འོག་ཏུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ཏེ་ཡུངས་ཀར་གྱི་སྦྱིན་སྲེག་ལན་སྟོང་སྦྱིན་སྲེག་བྱས་ན་མིའི་གཙོ་བོ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱ་བར་འདོད་ན་ཞག་གསུམ་གྱི་བར་དུ་དུད་པ་མེད་ པའི་མདག་མ་ལ་འབྲས་དང་ཕུབ་མ་བསྲེས་པས་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱས་ན་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། པ་ལ་ཤའི་ཤིང་གིས་མེ་སྦར་ནས་ སྐེ་ཚེ་དང་། ལན་ཚྭ་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡུགས་ས་མོ་དབང་དུ་འགྱུར་རོ། །སྤྱན་མ་མ་གཏོགས་པར་གང་གསང་སྔགས་ཐམས་ཅད་ལ་སྙིང་གཟིར་བར་བྱེད་པ་དང་། གདུང་བར་བྱེད་པ་དང་། རིག་སྔགས་ཀྱི་རྒྱལ་པོ་གདུང་བར་བྱེད་པའི་སྙིང་པོ་ དང་བཅས་པར་སྦྱར་བར་བྱའོ། །དེ་ལྟར་སྦྱར་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་བཟའ་ཞིང་སྙིང་པོ་བཟླས་བརྗོད་བྱས་པ་ལ་དེའི་འོག་ཏུ་མར་གྱི་ངོ་ཞག་བརྒྱད་ལ་སྐྱེས་པའི་རོ་མ་ཉམས་པ་བླངས་ཏེ་སྙིང་པོས་ གཏོར་མ་སྦྱིན་ཞིང་དེའི་ལག་ཏུ་ལིག་བུ་མིག་གཞག་ལ་དེ་ནས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱ་སྟེ་ཡི་དགས་ཀྱི་རིག་སྔགས་འཆང་གིས་ལག་ཏུ་ལིག་བུ་མིག་འབུལ་བར་འགྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ། དེ་ནས་མིག་གཉིས་བསྐུས་ན་གང་ལ་རེག་པ་དེ་གསེར་དུ་འགྱུར་རོ། །ཉེ་བའི་སྙིང་པོ་ཐོགས་པ་མེད་ཅིང་སྟོབས་ཀྱིས་ཕ་རོལ་གནོན་པའི་ཕྱི་མའི་ལས་རྣམས་འབྱུང་སྟེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིག་སྔགས་ཐམས་ ཅད་ཀྱི་ཡུམ་གསུངས་པ་གང་དྲན་པར་བྱས་ན་རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་པ་དང་། རིག་སྔགས་ཐམས་ཅད་ཀྱི་ཉེ་བའི་སྙིང་པོ་དམ་པ་འཇུག་པར་བྱེད་པ་ངས་བཤད་པ་གང་ཡིན་པའི་སྤྱན་དང་། ཉེ་བའི་སྙིང་པོ་དྲན་པར་བྱས་ན་རིག་ སྔགས་བསྒྲུབ་པར་དཀའ་བ་ཐམས་ཅད་ཀྱང་འགྲུབ་པར་བྱེད་ཅིང་རིག་སྔགས་རྣམས་ལས་གང་དང་གང་ལ་སྦྱར་བ་དེ་ཡང་མྱུར་དུ་བྱེད་པར་འགྱུར་རོ། །རིག་སྔགས་གང་ལས་ཐམས་ཅད་ལ་ལས་མི་བྱེད་པ་དེ་ལ་རིག་སྔགས་འཆང་གི་ཡུམ་དང་ཉེ་བའི་ 100-1-157b སྙིང་པོ་ལྡན་པས་ལག་ན་རྡོ་རྗེའམ་ལྷ་ཆེན་པོའི་མདུན་དུ་གནའ་མའི་མེ་ཏོག་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་གིས་ལས་ཐམས་ཅད་བདེ་བླག་ཏུ་དངོས་གྲུབ་སྦྱིན་པར་བྱེད་དོ། །རིག་སྔགས་ཡིད་ལ་བསམས་ཏེ་གྲོག་མཁར་གྱི་ས་ལས་གཟུགས་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ་ཡུམ་དང་ཉེ་བའི་སྙིང་པོར་ལྡན་པས་སྣ་མའི་མེ་ཏོག་བརྒྱད་བརྒྱས་བསྣུན་ན་རྨི་ལམ་དུ་སྟོན་དེ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །རྨི་ལམ་ཉིད་དུ་རིག་སྔགས་འགྲུབ་པའམ་ཡང་ན་མི་འགྲུབ་ པ་ཡིན་པའི་རིག་སྔགས་ཐམས་ཅད་སྟོན་པར་བྱེད་དེ། དེ་ལྟར་རྟོགས་ནས་རིག་སྔགས་བདེ་བླག་ཏུ་བསྒྲུབ་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ལ་སློངས་མོའི་ཟས་ཟ་ ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཡུལ་སྦྱིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བརྒྱད་ནས་ཉའི་བར་དུ་ཟས་འོ་མ་དང་ཕྱེ་མའི་འདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ན་གཞན་གྱི་ཡུལ་འཁོར་ལ་གནོད་པ་བྱེད་པར་འགྱུར་རོ། །དེ་ནས་ ཟས་སུ་ཆུ་དང་ཕྱིའི་འདག་གུ་ཟ་ཞིང་བཟླས་བརྗོད་བྱས་ན་དམག་གི་དཔུང་འཇོམས་པར་བྱེད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་བཟུང་ནས་ཉེ་བའི་སྙིང་པོ་བཟླས་ བརྗོད་བྱས་ན་ཇི་ཙམ་ན་ལག་ན་རྡོ་རྗེའི་རྐང་པའི་མཐེ་བོང་ལས་འོད་ཟེར་འབྱུང་བར་འགྱུར་ཏེ། འོད་ཟེར་དེས་ཀྱང་རིག་སྔགས་འཆང་གཡས་ཕྱོགས་སུ་བསྐོར་ནས་ལག་ན་རྡོ་རྗེའི་སྤྱི་བོར་མི་སྣང་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ། རྒྱལ་པོ་སྦྱིན་པར་བྱེད་ཅིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །སློངས་མོའི་ཟས་ཟ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ་ཉེ་བའི་སྙིང་པོ་སྤྱན་དང་བཅས་པར་ལན་འབུམ་བཟླས་བརྗོད་བྱས་ལ་དེ་ནས་རིག་སྔགས་འཆང་གིས་ ཆུའི་ནང་དུ་ཡུངས་ཀར་གྱི་སྦྱིན་བླུགས་ལན་བརྒྱ་སྟོང་བྱས་ན་བར་སྣང་ལ་རལ་གྲི་མཐོང་བར་འགྱུར་ཏེ་དེ་བླང་བར་བྱའོ། །ཅི་སྟེ་སྣང་བར་མི་བྱེད་ན་ནི་རིག་སྔགས་འཆང་གིས་རིགས་པ་མཆོག་བཟླས་བརྗོད་བྱས་ན་སྣང་བར་འགྱུར་རོ། ། 100-1-158a འོག་པག་ཅན་གྱི་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ། །དེ་བླངས་པས་སྐྲ་ལྕང་ལོར་འཁྱིལ་ཅིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་ཅན་དུ་འགྱུར་ཏོ། དཔག་ཚད་ཉིས་སྟོང་གྱེན་དུ་འཕག་པ་དང་། རིག་སྔགས་ འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། ཚེ་ལོ་ཉིས་སྟོང་ཐུབ་པར་འགྱུར་རོ། །གཏེར་འབྱུང་བར་འདོད་ན་རིག་སྔགས་འཆང་གནས་གང་ན་གཏེར་ཡོད་པར་སོང་ལ་ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་ པར་བིལ་བའི་མེའི་ནང་དུ་ཡུངས་ཀར་དང་། པད་མའི་ལོ་མ་སྲེགས་པ་ལ་ཉེ་བའི་སྙིང་པོ་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་གཏེར་གྱི་ལྷ་དེས་རྨི་ལམ་དུ་སྟོན་པར་བྱེད་དོ། །དེ་ནས་རིག་པ་མཆོག་གིས་བགེགས་རྣམས་ཀྱི་སྦྱིན་སྲེག་བྱས་ ནས་བླང་བར་བྱའོ། །དགའ་བྱེད་གདོང་གིས་གནས་བསྲུང་བར་བྱའོ། །ཉེ་བའི་སྙིང་པོས་ནི་མར་མེ་སྦར་བར་བྱ་སྟེ། བ་ལང་གི་རྭ་ཨརྐའི་ཤིང་བལ་གྱིས་དཀྲིས་ལ། བ་སེར་མོའི་མར་གྱིས་མར་མེ་སྦར་བས་གཏེར་གང་ན་ཡོད་པ་དེ་བརྟོལ་ ཏེ། སྒྲ་ཚིག་ཚིག་པོར་འབྱུང་བར་འགྱུར་རོ། །ཡང་ན་སྲིན་ཕྱེས་ཨརྐའི་ཤིང་བལ་གྱི་དཀྲིས་ལ་རྡོ་རྗེ་ཁྲོ་བོའི་སྔགས་དང་ལྡན་པས་སྲོག་ཆགས་གོ་ཏའི་ཚིལ་གྱིས་མར་མེ་སྦར་རོ། །མཚན་མ་ནི་དེ་ཉིད་དང་འདྲའོ། །ནཱ་ག་པ་ལའི་ ཨརྐའི་ཤིང་བལ་གྱིས་གཡོགས་ཏེ་པད་མའི་རྒྱུས་པས་དཀྲིས་ལ་མིའི་ཚིལ་གྱིས་མེ་སྦར་ཏེ་བཟུང་ངོ་། །མཚན་མ་ནི་དེ་ཉིད་དང་འདྲ་སྟེ་སྙིང་པོ་ཆེན་པོ་ཞེས་བྱའོ། །ལྷ་རྣམས་ངས་རྣམ་པ་སྣ་ཚོགས་མཐོང་ནས་ཉེ་བའི་སྙིང་པོའི་ལས་ རྣམས་བཤད་པ་ཡིན་ནོ། །སྒྲུབ་པའི་སྙིང་པོ་སྟོབས་ལྡན་པ། །གང་དག་སྙིང་སྟོབས་མེད་པ་དང་། །བསོད་ནམས་ཆུང་ངུ་དེ་དག་གི། །ཕ་རོལ་ཕྱིན་པ་རྫོགས་བྱའི་ཕྱིར། །གཏེར་གྱི་སྒོ་ཡི་ཁྱད་པར་དག །བདག་གིས་སུ་ནི་བཤད་པར་ བྱ། །བཅོམ་ལྡན་ལག་ན་རྡོ་རྗེ་ཡིས། །དེ་ནས་ཚིག་ནི་འདི་སྐད་སྨྲས། །གཏེར་སྒོ་གང་དག་ཚངས་པ་ཡིས། །གསང་སྔགས་ཀྱི་ནི་སྦྱོར་བ་དང་། །ཆོ་ག་ས་ནི་ངེས་བཞག་པ། །མི་རྣམས་ཆོ་ག་མེད་པ་དང་། །སྟོབས་ 100-1-158b དང་མཐུ་ནི་མེད་པ་ཡི། །རྟག་ཏུ་ཆོམས་པར་མི་འགྱུར་ཏེ། །གང་གིས་མི་རྣམས་བདེ་བླག་ཏུ། །ལོངས་པར་སྤྱད་པར་འགྱུར་བ་དང་། །ཕ་རོལ་ཕྱིན་པ་འང་རྫོགས་བྱེད་དང་། །ཇི་ལྟར་ནོར་རྣམས་རབ་བཞག་པ། །དེ་དག་བདག་གིས་བཤད་ པར་བྱ། །བཅོམ་ལྡན་ལག་ན་རྡོ་རྗེ་ཡིས། །དེ་སྐད་དུ་ནི་ཚིག་ཀྱང་སྨྲས། །གཏེར་གྱི་སྒོ་ནི་རབ་བཤད་པ། །ས་མཐར་རྒྱ་མཚོར་ཐུག་པ་ཡི། །ས་ཡི་འོག་གནས་གང་ཡིན་པ། །བདག་གིས་སུ་ནི་རབ་བཤད་ཀྱིས། །ལྷ་རྣམས་ ཀྱིས་ནི་མཉན་པར་གྱིས། །དེ་དག་གི་ནི་ཁ་དོག་མཚན། །གསང་སྔགས་གང་གིས་གཞོམ་པ་དང་། །ཆོ་ག་ཇི་བཞིན་ལས་རྣམས་དང་། །བདེ་བླག་ཏུ་ནི་ཐོབ་པ་ཡི། །སྦྱར་སྨན་བདག་གིས་བཤད་པར་བྱ། །དེ་དག་གི་ནི་མཚན་ མ་ཡང་། །སོ་སོ་རུ་ནི་བཤད་པར་བྱ། །གྲུ་གསུམ་དང་ནི་ཟླ་གམ་དང་། །ཟླུམ་པོ་དང་ནི་ཟུར་བཞི་དང་། །པད་མ་ཆུ་ཤིང་ལོ་མ་དང་། །དེ་བཞིན་གཞན་མ་བསིལ་ཡབ་འདྲ། །གཏེར་གྱི་སྒོ་ནི་བརྒྱད་བཤད་པ། །དེ་དག་ཁ་དོག་ལེགས་ པར་ཉོན། །ངང་པའི་མདོག་འདྲ་གཏེར་སྒོ་ཡོད། །ཀ་ར་བཱི་རའི་མདོག་འདྲ་དང་། །བདམ་བུ་ཆུ་གཤེར་འདྲ་བ་དང་། །རྒྱ་སྐྱེགས་ཁུ་བའི་ཁ་དོག་འདྲ། །ལྗང་ཁུའི་མདོག་ཅན་གཏེར་སྒོ་ཡོད། །བབ་བླའི་མདོག་དང་འདྲ་བ་དང་། །གིའུ་ ཝང་གི་ནི་ཁ་དོག་འདྲ། །དེ་བཞིན་འབྲིང་ག་ར་དང་མཚུངས། །ཁ་དོག་བཤད་པ་འདི་དག་གི། །གཏེར་སྒོ་རྣམས་ཀྱི་བགེགས་བསལ་བཞིན། །སྟེང་དང་ས་འོག་གནས་པ་ཡི། །བགེགས་རྣམས་གང་གིས་བརླག་འགྱུར་བའི། ། སྦྱིན་སྲེག་ལས་ནི་ཆོ་ག་རྣམས། །རབ་ཏུ་བཤད་ཀྱི་མཉན་པར་གྱིས། །གཏེར་སྒོ་གསང་སྔགས་གང་གིས་དགོད། །དེ་དག་རིམ་བཞིན་བཤད་པར་བྱ། །ན་མོ་བཛྲ་པཱ་ཎ་ཡེ། ན་མོ་རུ་ཏྲཱ་ཡེ། ན་མོ་མ་ཧཱ་བིདྱཱ་རཱ་ཛཱ་ཡ། བི་རུ་དྲི་ ནེ་སྭཱ་ཧཱ། ར་ར་ན་ར་སྭཱ་ཧཱ། ཨངྒ་ནཱ་ཡ་སྭཱ་ཧཱ། བི་རཱུ་པི་ནི་སྭཱ་ཧཱ། ཏི་བྷ་རི་སྭཱ་ཧཱ། མུཀྟི་ནི་སྭཱ་ཧཱ། བི་མུཀྟི་ནི་སྭཱ་ཧཱ། པྲེ་ཧ་ཧེ་སྭཱ་ཧཱ། བི་ད་རི་ནི་སྭཱ་ཧཱ། ཧཽརྒྒ་ཁོ་སྭཱ་ཧཱ། ག་ག་ནེ་སྭཱ་ཧཱ། བི་རི་ཎི་སྭཱ་ཧཱ། ཨངྒ་རི་ཎི་སྭཱ་ཧཱ། བི་ར་ག་ནི་སྭཱ་ཧཱ། 100-1-159a མ་ཧཱ་བ་ར་ཏེ་སྭཱ་ཧཱ། རུ་ཎི་བ་ནི་སྭཱ་ཧཱ། ཀ་ར་པ་ར་བི་ཀ་ར་སྭཱ་ཧཱ། བི་རཱུ་པི་སྭཱ་ཧཱ། མ་རི་པ་སྭཱ་ཧཱ། བརྫ་ནི་སྭཱ་ཧཱ། གརྫ་ནི་སྭཱ་ཧཱ། མཱརྨ་ཎི་སྭཱ་ཧཱ། ཀུ་ནི་པ་ཏི་ན་སྭཱ་ཧཱ། ས་ལ་དཀྱིལ་འཁོར་གྲུ་བཞིར་བརྐྱང་ནུལ་དུ་བྱུགས་ལ་ ཀུ་ཤའི་སྟན་བཏིང་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་གཙང་སྦྲ་དང་། ཚངས་པར་སྤྱད་པ་དང་། དབང་པོ་དུལ་བར་བྱ་སྟེ། ཟས་སུ་ཆུ་བགྲོག་འཐུང་ཞིང་ལས་བརྩམས་ལ་ཆོ་ག་འདིས་ལྷ་ཐམས་ཅད་བཀོད་ནས་མཁུར་བ་བཀྲ་ ཤིས་ལྡན་དང་། པེན་ཙེ་དང་། ཙན་དན་དྲི་ཞིམ་པོ་དག་ཕྱོགས་དང་མཚམས་ཀྱི་ལྷ་རྣམས་ལ་དབུལ་ཞིང་ཞོ་དང་དམར་བག་སྦངས་ཏེ། སྔགས་སྔ་མས་ཤ་མྱའི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱའོ། ། བགེགས་ཐམས་ཅད་ཕུང་བར་བྱེད་པའི་གཅོད་བྱེད་ཅེས་བྱ་བའི་རིག་སྔགས་བསྟན་པར་བྱ་སྟེ། ན་མོ་བཛྲ་པཱ་ཎི་སྱ། ཀུ་ཏི་ཀུ་ཏི། ཙི་ཏི་ཙི་ཏི། མི་ཏི་མི་ཏི། རི་ཎི་རི་ཎི། མོ་ཏི་ནི་པྲ་མོ་ཏི་ནི་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་ལ་ལན་ བདུན་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་གཏོར་ན་བསྲུང་བར་བྱས་པར་འགྱུར་རོ། །ན་མོ་བཛྲ་པཱ་ཎི་སྱ། ཨ་མ་ར་ཨ་མ་ར། མ་རི་ཀ་ཏི་ནི་ཏ་ལ་ཏི་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་ལ་བཟླས་བརྗོད་བྱས་ཏེ། མགོ་བོར་གཏོར་ན་ བགེགས་རྣམས་འཚེ་བར་མི་བྱེད་དོ། །ན་མོ་བཛྲ་པཱ་ཎི་སྱ། ཀུ་ཏི་ཀུ་ཏི། ཏུ་ཏི་ཏུ་ཏི། ཧ་ར་ཧ་ར་སྭཱ་ཧཱ། རིག་སྔགས་འདིས་ཆུ་ལ་བཟླས་བརྗོད་བྱས་པའི་སར་བཞག་ན་མེའི་འཇིགས་པ་མི་འབྱུང་ངོ་། །གཏེར་སྒོ་ཀུན་གྱི་བགེགས་རྣམས་ནི། ། རྣམ་པ་བརྒྱད་དུ་རབ་བཤད་དོ། །མི་ར་དག་ནི་མིའུ་ཐུང་དང་། །འཇིགས་པར་བྱེད་པ་སྐད་ཅིག་པ། །གླང་པོ་ཆེ་དང་མ་ཧེ་དང་། །རབ་ཏུ་འཇིགས་པའི་སྲིན་པོ་དང་། །སྟག་དང་བྱ་དང་སྤྱལ་པ་ཙམ། །བགེགས་རྣམས་བརྒྱད་པོ་ རབ་བཤད་དེ། །དེ་དག་ཕུང་བར་བྱ་བའི་ཕྱིར། །རིག་སྔགས་འདི་ནི་སྦྱར་བར་བྱ། །ན་མོ་བཛྲ་པཱ་ཎི་སྱ། ཨ་རི་བ་རི། ཏི་རི་མི་རི། ཙི་རི་མི་རི། པ་ར་པ་ན་ར་ཏི། ཀི་རི་ཀི་རི། ཀ་ལི་ཀ་ལི། མི་རི་མི་རི། ཤི་རི་ཤི་རི། ནཱ་ཤ་ནི་ནཱ་ཤ་ནི། 100-1-159b སྟམྦྷ་ནི་སྟམྦྷ་ནི། མོ་ཧ་ནི་སྭཱ་ཧཱ། རིག་སྔགས་འདི་དང་། རིག་སྔགས་ཀྱི་རྒྱལ་པོས་ཡུངས་ཀར་ལ་བཟླས་བརྗོད་བྱས་ཏེ་ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་མི་སྣང་བར་འགྱུར་རོ། །ན་མོ་རཏཱ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། པྲ་ཧཱ་ཡ། ཁ་རི་བི་བི་ཀི་རི། ནཱ་རི་བ་ན་གི། མོ་ཧ་ན་ནི་ཧ་རི་ཧ་རི་ཕོ་ཥ་ཎི་སྭཱ་ཧཱ། རིག་སྔགས་འདི་ཆུ་ལ་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་བཅོམ་ཞིང་མི་སྣང་བར་འགྱུར་རོ། །ན་མོ་ བཛྲ་པཱ་ཎི་སྱ། ན་མོ་མི་རི་མི་རི། ཙནྡཱི་ཙནྡྲི། མནྟི་སྭཱ་ཧཱ། གསང་སྔགས་འདིས་ཆུ་ལ་བཟླས་བརྗོད་བྱས་ཏེ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གཏོར་ན་ཕྱོགས་བཅིང་བར་བྱས་པར་འགྱུར་ཏེ། ཁྲའི་གཟུགས་ནི་མི་སྣང་འགྱུར། ། འཕུར་ཞིང་ཆེ་ལ་གསུམ་དུ་སྣང་། །སྤྱིལ་བོ་ཙམ་ཞེས་བྱ་བ་ནི། །ཕྱོགས་རྣམས་ཀུན་དུ་ཞི་བར་འགྱུར། །གཏེར་གྱི་སྒོ་ཡི་རི་མོ་ནི། །ཐོད་པར་རབ་འདྲ་རྟོགས་པར་བྱ། །དེ་ན་ཕུར་བུ་ཟེར་སྣང་བ། །འཇའ་ཁུགས་འདྲ་བའི་འོད་དང་ བཅས། །ཕུར་བུ་དེ་ནི་དཔལ་གཟུགས་ལྡན། །དེ་ལ་ལག་པས་རེག་མི་བྱ། །ལུས་ནི་སྦྱར་སྨན་བསྐུས་ནས་ཀྱང་། །དེ་ནས་ཕུར་བུ་འབྱུང་བར་བྱ། །གང་གིས་ས་ལ་དེ་ལྷུང་བའི། །ནམ་མཁའི་ཕུབ་མ་ཤུ་དག་ཡུང་། །ནིམ་པའི་ ལོ་མ་ལྡོང་རོས་དང་། །སྒོག་སྐྱ་ནས་དང་ཤིང་ཀུན་རྣམས། །མི་ཁྲག་གིས་ནི་སྦྱར་བ་ཡི། །བྱུགས་པས་དེ་ལ་བསྐུ་བར་བྱ། །དེ་ནས་ས་ལ་ལྷུང་བར་འགྱུར། །དེ་ལྟར་མ་བྱས་ནུས་མི་འགྱུར། །ཤྲི་རི་ཤ་ཡི་མེ་ཏོག་དང་། ། དེ་ཡི་རྩ་བ་ཤུན་ལྤགས་དང་། །རུ་རྟ་རྒྱ་སྤོས་འབྲི་ཧ་ཏི། །ཡུངས་ཀར་འདི་རྣམས་ཆ་མཉམ་པ། །ར་གཅིན་དག་དང་བརྟག་པར་བྱ། །ལུས་ལ་བསྐུས་པའི་སྦྱར་སྨན་འདི། །ཁྲག་འཇོམས་པ་ཡི་མཆོག་ཡིན་ནོ། ། རུ་རྟ་དང་ནི་རྒྱ་སྤོས་དང་། །ལིག་བུ་མིག་དང་ལྡོང་རོས་བཅས། །སྦལ་པའི་ཚིལ་དང་ལྡན་བྱས་ཏེ། །དུད་པའི་མིག་རྩི་རབ་སྦྱར་བ། །འདི་ནི་མིག་རྩིའི་རྒྱལ་པོ་སྟེ། །གཏེར་གྱི་སྒོ་རྣམས་གཅོད་པ་ཡིན། །ཉ་རི་ཀུན་དའི་ཤུན་ 100-1-160a ལྤགས་བླངས། །སིནྡུ་བ་རའི་གིའུ་ཝང་བཅས། །བྲིང་གའི་དུད་པས་རབ་བདུགས་པ། །འདི་ནི་སྦྱར་སྨན་མཆོག་ཡིན་ཏེ། །སྦྱར་སྨན་གྱིས་ནི་ལུས་བསྐུས་ནས། །དེ་ནས་ཕུར་བུ་དབྱུང་བར་བྱ། །ཅི་སྟེ་སྣང་ བར་མི་བྱེད་ན། །ཁྲ་ཡི་འཕྲུལ་འཁོར་རེངས་བྱེད་ཅིང་། །བགེགས་ཀུན་ཕུང་བར་བྱེད་པ་ཡི། །རིག་སྔགས་འདི་ནི་དེ་ཡིས་སྦྱར། །ཀ་རུངྒཱ་ཀ་རུང་གི། དཱི་བྱ་རཱུ་པི་ན། ཀནྣེ་ཏུམྤ་ཀ་གཱ་ཏྲ། སམྦྷ་བེ་བི་དུ་ལུ་ནི། ཀུ་མི་ནི། ཧཱི་ཧཱི་ནི། ཧཱུ་ཧཱུ་ཧཱུ་ནི། ཀི་རི་ཀི་རི། ཀཱ་ལ་ཀ་ར་ཎེ། མ་ཧཱ་བིདྱཱ་དེ། ཧ་ར་ཧ་ར་ཧ་ར། ཙ་ལ་ཙ་ལ་ཙ་ལ། ར་ར་ར། ཐ་ཐ་ཐ། ཤ་ཤ་ཤ །སྟམྦྷ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧི་རི་ཧི་རི། གི་ནི་གི་ནི། ཧུ་ན་ད་ཧུ་ན་ད། གྲྀཧྞ་མུ་ཡ། ཧ་ན་བྲཧྨ་ ཎི། པ་ཏ་ནི། མོ་ཧ་ནི། བི་ཙི་རི། མ་བ་ན། ཐ་ར་ཐ་ར། མི་ཏི་མི་ཏི། སི་ཏི་སི་ཏི། མི་རི་མི་རི། བི་རི་བི་རི། ཧི་རི་ཧི་རི། དེ་མྱ་ནི། དེ་མྱ་ནི། བིཏྟི་བ་ཏི། པ་ཏ་ནི། པ་ཏ་ནི། ཧ་ཧ་ཧ་ནི་སྭཱ་ཧཱ། ཕུར་བུ་འབྱིན་པ་ན་འདོམ་གསུམ་དུ་བཅལ་ ཏེ། ཆུ་དང་ཡུངས་ཀར་གྱིས་བསྣུན་ན། ཁྲ་དེ་རེངས་པར་འགྱུར་རོ། །ཡང་ན་རྒྱང་རིང་པོར་ལྷུང་བར་འགྱུར་ཏེ། རིག་སྔགས་འདིས་ནི་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །ན་མ་བཛྲ་པཱ་ཎ་ཡེ། ན་མོ་རུ་དྲཱ་ཡ། ན་མོ་བྲ་ཧྨཱ་ཡ། གཪྴ་ རི་རི། སི་སི་རི་རི། མི་རི། བ་བ་པ་སྭཱ་ཧཱ། རིག་སྔགས་འདི་འམ་ཡང་ན་གོས་དཀར་ཅན་གྱིས་གཙུག་ཕུད་བཅིང་བར་བྱའོ། །གང་གིས་ནོར་རྣམས་བླང་བྱ་བའི། །གྲུ་གསུམ་འཇོམས་པ་འདི་ཡིན་ཏེ། །ཁོ་ར་ཁོར་ཡུག་སྦྱང་བྱས་ལ། ། རབ་ཏུ་བསྒྲིམས་ཏེ་བརྟག་པར་བྱ། །དེ་ཡི་མཚམས་ཀྱི་དབུས་དག་ཏུ། །རི་མོ་གྲུ་གསུམ་གནག་པ་ཡོད། །ཅི་སྟེ་དེ་ལྟར་མི་སྣང་ན། །དེ་ནས་འོ་མས་གཏོར་བར་བྱ། །ཨ་པ་མརྒའི་ཐལ་སྨན་གྱིས། །མཁས་པ་དག་གིས་ རབ་གཏོར་ཞིང་། །དུང་གི་ཕྱེ་མས་ཕྱི་བར་བྱ། །ཁོ་ར་ཁོར་ཡུག་གཏོར་བྱ་ཞིང་། །གཏོར་དང་བྱི་དོར་བྱས་ནས་ཀྱང་། །ཅི་སྟེ་མཚན་མ་མཐོང་འགྱུར་ན། །སྦྱར་སྨན་གྱིས་ནི་བསྐུས་ན་ཡང་། །ལྕགས་ཀྱི་ཁར་བས་བརྡབ་བྱས་ན། ། 100-1-160b ཆག་པར་འགྱུར་ཏེ་གཞན་དུ་མིན། །ཟླ་གམ་དག་གི་དབུས་དག་ན། །བཀྲ་ཤིས་ལྡན་པའི་གཟུགས་ཀྱང་སྣང་། །ཅི་སྟེ་དེ་ལྟར་མི་སྣང་ན། །ཐལ་བའི་སྨན་འདི་སྦྱར་བར་བྱ། །ཨེ་འདྲ་བྱེའུ་རུག་ལོ་མ་རྣམས། །མཉམ་པར་བཞག་པས་བཙིར་ ནས་ནི། །བ་གཅིན་དག་དང་ལྷན་ཅིག་སྦྱར། །བསྐོལ་ནས་གཏོར་བ་བྱས་ནས་ནི། །བཀྲ་ཤིས་ལྡན་པ་དེར་སྣང་སྟེ། །འདི་ལ་བློ་ལྡན་ཐེ་ཚོམ་མེད། །སྦྱར་སྨན་གྱིས་ནི་བསྐུས་ནས་ཀྱང་། །ལྕགས་ཀྱི་ཁར་བས་བརྡབ་པར་བྱ། །དེས་ན་ ས་ལ་དེ་ལྟུང་སྟེ། །རྣམ་པ་བཞིན་དུ་འགྱུར་བ་མེད། །ཟླུམ་པོ་གཞོམ་པའི་ཆོ་ག་ཡིས། །སྦྱར་བར་བྱ་བ་རབ་བཤད་དེ། །ཁོ་ར་ཁོར་ཡུག་སྦྱངས་ནས་ནི། །རབ་ཏུ་བསྒྲིབས་ཏེ་བརྟག་པར་བྱ། །པད་མའི་རྩ་བའི་མདོག་འདྲ་བ། །སྦྲུལ་ མགོ་གདེངས་ཀའི་རི་མོ་སྣང་། །ཅི་སྟེ་དེ་དག་མི་སྣང་ན། །ཐལ་བའི་སྨན་འདི་སྦྱར་བར་བྱ། །ཀ་ལི་ཤ་ཡི་ས་བོན་དང་། །བརྩོད་རྣམས་དང་ནི་བ་གཅིན་གྱིས། །སྦྱར་ནས་ཀུན་ཏུ་བླུགས་པར་བྱ། །དེ་ནས་མཚན་མ་སྣང་འགྱུར་ཏེ། །སྦྱར་སྨན་ གྱིས་ནི་ལུས་བསྐུས་ནས། །ལྕགས་ཀྱི་ཁར་བ་བརྡབ་པར་བྱ། །དེས་ན་དེས་ནི་འཇིག་འགྱུར་ཏེ། །རྣམ་པ་གཞན་དུ་འགྱུར་བ་མེད། །གྲུ་བཞི་པོ་ཡི་རི་མོ་ཡང་། །གྲུ་བཞི་ཡིན་ཏེ་བཤད་པར་བྱ། །ཅི་སྟེ་དེ་ནི་མི་སྣང་ན། །ཐལ་བའི་སྨན་ འདི་སྦྱར་བར་བྱ། །སྣུ་ཧ་ཤ་རའི་ཡལ་ག་བླངས། །མཉམ་པར་བཞག་པས་བཙིར་བྱས་ལ། །བ་གཅིན་གྱིས་ནི་སྦྱར་ནས་ཀྱང་། །མཁས་པ་ཡིས་ནི་བླུག་པར་བྱ། །བླུགས་ནས་མཚན་མ་སྣང་འགྱུར་ཏེ། །དེ་ལ་སྨན་གྱིས་བསྐུས་བྱ་ཞིང་། ། ལྕགས་ཀྱི་ཁར་བས་བརྡབ་བྱས་ན། །ཆག་པར་འགྱུར་ཏེ་གཞན་དུ་མིན། །པད་མ་ཡི་ནི་དབུས་སུ་ཡང་། །སྙིང་པོ་དག་ནི་སྣང་བ་ཡོད། །སྨན་རྣམས་ཀྱིས་ནི་ལུས་བསྐུས་ནས། །རྡོ་བ་ཡིས་ནི་བརྡབ་བྱ་ཞིང་། །དེ་ནི་སྙིང་པོ་གཞོམ་པར་བྱ། ། དེ་ན་ཡོད་པར་ཐེ་ཚོམ་མེད། །ཇི་ལྟར་བདག་གིས་བཞག་པ་བཞིན། །ལྷག་པར་ཡང་ནི་བླང་བར་བྱ། །ཆུ་ཤིང་ལོ་མའི་དབྱིབས་འདྲ་བ། །སྦྱར་བའི་ཐབས་ནི་མཉན་པར་བྱ། །དེ་ནི་མཚན་མ་སྣང་བ་ནི། །གིའུ་ཝང་ཐིག་ལེ་འདྲ་བ་ཡིན། ། 100-1-161a རི་མོ་གཉིས་སམ་གསུམ་ཡང་རུང་། །ཡང་ན་བཞི་འམ་ལྔ་ཡོད་དེ། །མཚན་མ་འདི་དག་སྣང་བར་འགྱུར། །ཅི་སྟེ་མཚན་མ་མི་སྣང་ན། །ཐལ་བའི་སྨན་འདི་སྦྱར་བར་བྱ། །ཨ་ཤྭཏྠ་དང་པ་ཏ་པའི། །ལོ་མ་ཨ་པ་མརྒ་རྣམས། །ར་ཡི་ གཅིན་གྱིས་སྦྱར་ནས་སུ། །ཁོ་ར་ཁོར་ཡུག་བླུག་པར་བྱ། །བླུགས་མ་ཐག་ཏུ་སྣང་འགྱུར་ཏེ། །སྦྱར་སྨན་གྱིས་ནི་བསྐུས་ནས་ཀྱང་། །ལྕགས་ཀྱི་ཁར་བར་བརྡབ་བྱས་ན། །ཆག་པར་གྱུར་ཏེ་གཞན་དུ་མིན། །བསིལ་ཡབ་ དག་དང་འདྲ་བ་ནི། །ཡུ་བར་བཅས་པར་སྣང་བར་འགྱུར། །གཤོར་གྱིས་ལེགས་པར་སྦྱང་བྱས་ལ། །དེའི་མཚན་མ་བརྟག་པར་བྱ། །ཅི་སྟེ་དེ་ན་མི་སྣང་ན། །ཐལ་བའི་སྨན་འདི་སྦྱར་བར་བྱ། །ཨིནྡྲ་ཤིང་གི་ལོ་མ་དང་། །ནིར་རྒུན་ དག་གི་ལོ་མ་དག །རྟའི་གཅིན་གྱིས་སྦྱར་ནས་ཀྱང་། །ཁོ་ར་ཁོར་ཡུག་བླུགས་ནས་ནི། །དེ་ནས་མཚན་མ་སྣང་བ་དེར། །སྦྱར་སྨན་གྱིས་ནི་བསྐུས་ནས་ཀྱང་། །ལྕགས་ཀྱི་ཁར་བས་བརྡབ་བྱས་ན། །ཆག་པར་འགྱུར་ཏེ་གཞན་དུ་ མིན། །ཆུ་ཤིང་ལོ་མ་འདྲ་བ་ལས། །རུ་སྦལ་རྒྱབ་དང་འདྲ་བ་དང་། །རྡོ་རྗེ་ཅི་སྟེ་རབ་འོངས་པ། །དེ་ནི་གཞོམ་དུ་མེད་པ་ཡིན། །གཏེར་གྱི་སྒོ་ནི་ཐམས་ཅད་ལ། །ཕུར་བུ་རྣམ་པ་བཞི་ཡོད་དོ། །དབང་པོ་གཤིན་རྗེ་ལུས་ངན་དང་། །ཁྱབ་ འཇུག་ཕུར་བུ་བཞི་པའོ། །གཏེར་གྱི་སྒོ་ནི་ཐམས་ཅད་དུ། །རིག་སྔགས་འདིས་གཏོར་མ་སྦྱིན་པར་བྱ་སྟེ། གཤིན་རྗེ་ལ་ནི་སྲེག་བྱ་རྣམས་སོ། །ཁྱབ་འཇུག་ལ་ནི་འབྲས་ཅན་སྣ་ཚོགས་པའོ། །ཀུ་བེ་ར་ལ་ནི་སྦྱར་ཐུག་གོ། དཔལ་ལྡན་ ལ་ནི་འབྲས་ཀྱི་འོ་ཐུག་སྦྱིན་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ནན་ཏེ་སུ་ནན་ཏེ་གྷོ་བཾཏེ། རི་ཏི་རི་ཏི། མི་ཏི་མི་ཏི། མོ་རི་ཏི་སྭཱ་ཧཱ། སྔགས་འདིས་ཅི་འདོད་པའི་གཏོར་མ་ཐམས་ཅད་བྱིན་ལ། དེ་ན་ས་ལས་བརྩམ་པར་བྱའོ། །གཞོར་གྱི་སྔགས་ནི་ འདི་ཡིན་ཏེ། ན་མོ་བཛྲ་པཱ་ཎི་སྱ། ཏི་ཤ་ཡ་བི་ཏི་ཤ་ཡ། ན་མོ་མ་ཧཱ་ཥ་ཡཱ་ཡ་སྭཱ་ཧཱ། སྔགས་འདི་དག་གིས་ཆུ་ལ་བཟླས་བརྗོད་བྱས་སྟེ། བསང་གཏོར་བྱ་སྟེ་དེ་ནས་ལས་བྱའོ། །དེ་ལ་གཏེར་སྒོ་གཅོག་པའི་མཆོག །རྡོ་རྗེ་རྣམས་དང་གཞན་ཡང་གང་། ། 100-1-161b ཁྲ་ཡི་རིགས་རྣམས་གཅོག་པ་ཡི། །སྦྱར་སྨན་རྣམས་ཀྱང་བཤད་པར་བྱ། །ཀ་ན་ཀ་ཡི་རྩ་བ་དང་། །ཨ་ཤ་ནཀྟའི་གིའུ་ཝང་དང་། །སྤུ་ཡི་རྩ་བ་འདི་དག་རྣམས། །ཨརྐ་དར་བའི་ཤུན་ལྤགས་དང་། །རིལུ་སྲན་ཙམ་བྱས་ནས་ཀྱང་། །གྲིབ་མ་ དག་ཏུ་བསྐམ་པར་བྱ། །གཏེར་སྒོ་ཐམས་ཅད་གཅོག་པ་འདི། །འབྱུང་པོའི་མཆོག་ཅེས་བྱ་བ་ཡིན། །འབམ་པོ་དང་ནི་གཅོད་རྣམས་དང་། འགིའུ་ཝང་ལྡོང་རོས་བཅས་པ་དང་། །ཀ་ར་བཱི་རའི་རྩ་བ་དང་། །ཨརྒ་དཀར་པོའི་ཤུན་ལྤགས་ དང་། །ཤོ་ན་ཀའི་ཤུན་ལྤགས་དང་། །འདི་དག་ཆ་ནི་མཉམས་བྱས་ལ། །བ་གཅིན་དག་དང་བརྟག་པར་བྱ། །གཏེར་སྒོ་ཐམས་ཅད་གཅོག་པ་ཡིན། །སྦྱར་སྨན་དག་གི་དམ་པ་སྟེ། །ལག་ན་རྡོ་རྗེས་བཤད་པ་ཡིན། །ཨགྣི་མནྟའི་ ལོ་མ་དང་། །ཨེ་རནྟའི་རྩ་བ་དང་། །སྣུ་ཧ་གཤི་རི་སྒོག་སྐྱ་རྣམས། །བ་གཅིན་དག་དང་བརྟག་པར་བྱ། །གཏེར་སྒོ་གཅོག་པའི་སྦྱར་སྨན་འདི། །རྡོ་རྗེ་ཞེས་ནི་བྱ་བ་ཡིན། །ཀ་ར་བཱི་རའི་རྩ་བ་དང་། །ཆུ་ཤིང་ས་བོན་སྐྱེར་པ་དང་། ། ཡུང་དང་ནག་ཏ་མ་ལ་དང་། །གི་རི་ཀར་ནི་དཀར་པོ་རྣམས། །བ་གཅིན་དག་དང་བརྟག་པར་བྱ། །སྦྱར་སྨན་གྱི་ནི་རྒྱལ་པོ་འདི། །གཏེར་སྒོ་གཅོག་པའི་མཆོག་ཡིན་ནོ། །བིདྱུད་ཛི་ཧཱ་མོ་ར་ཏི། །དེ་བཞིན་རམ་ཉེའུ་ཡུངས་ཀར་རྣམས། ། བ་གཅིན་གྱིས་ནི་ལེགས་སྦྱར་བ། །གཏེར་སྒོ་གཅོག་པ་དམ་པ་ཡིན། །བ་ལུང་གི་ནི་མེ་ཏོག་དང་། །ཤལ་ལ་ཀའི་སྙིང་པོ་དང་། །འབམ་པོ་སྣི་ཧ་ཀྴི་རི་དང་། །གེའུ་ཝང་དག་དང་ལྡན་པར་ནི། །ར་གཅིན་དག་དང་བརྟག་བྱས་པ། །རྡོ་རྗེ་འཇོམས་ པའི་མཆོག་ཡིན་ནོ། །ཀོ་ཤ་ཏ་གའི་ས་བོན་དང་། །ཀོ་བི་ར་ཡི་འབྲས་བུ་དང་། །དུ་རུ་ཀའི་ལོ་མ་རྣམས། །བ་གཅིན་དག་དང་བཏག་བྱས་ལ། །ཞག་གྲངས་བཞི་བཅུ་དགུར་བཞག་པ། །རྡོ་རྗེ་འཇོམས་པའི་དམ་པ་ཡིན། །པ་རི་ཛཱ་ཏིའི་རྩ་བ་དང་། ། སུ་བརྞ་དང་ཏ་ཀ་དང་། །སྤེན་མ་ཡི་ནི་ལོ་མ་དང་། །སྦྲང་རྩི་དང་ནི་ཤིང་ཀྲུ་དང་། །གིའུ་ཝང་དག་དང་སྦྱར་བ་ནི། །གཏེར་སྒོ་གཅོག་པའི་དམ་པ་ཡིན། །སྦྱར་སྨན་དམ་པ་འདི་དག་ནི། །རྡོ་རྗེ་འཇོམས་པ་ཡིན་པར་བཤད། །གསེར་རྣམས་བླང་བར་ 100-1-162a འདོད་པ་ཡི། །ལག་པ་བསྐུ་བ་ང་ལས་ཉོན། །རུ་རྟ་དང་ནི་རྒྱ་སྤོས་དང་། །ཨ་ལི་ཏ་དང་མོ་ར་ཏི། །ལག་པ་བསྐུ་བའི་མཆོག་ཡིན་ཏེ། །རྡོ་རྗེ་འབར་བྱེད་འཇིགས་པ་ཡིན། །ཞིམ་ཐིག་ལེ་ཡིས་ས་བོན་དང་། །ནག་ཏ་མ་ལེའི་ འབྲས་བུ་རྣམས། །བ་གཅིན་དག་དང་སྦྱར་བ་ནི། །བདེ་བར་བྱེད་པའི་ལག་སྐུད་ཡིན། །པད་མའི་རྩ་བ་རྒྱ་སྤོས་དང་། །ས་རཀྵི་དང་སྤུ་རྣམས་ནི། །ར་ཡི་གཅིན་དང་ལེགས་སྦྱར་བའི། །བདེ་བར་བྱེད་པའི་ལག་སྐུད་ཡིན། ། ཀ་གན་འཛི་ཡི་ས་བོན་དང་། །ཀར་ཎ་ཀ་རའི་མེ་ཏོག་དང་། །པྲི་ཡང་ཀུ་དང་རྒྱ་སྤོས་དང་། །སུ་ར་བི་དང་ཙན་དན་དཀར། །གིའུ་ཝང་དག་ལྡན་པ་ནི། །བདེ་བར་བྱེད་པའི་ལག་སྐུད་ཡིན། །སྒོ་གླེགས་ལག་པས་རེག་པ་ ན། །མཚམས་ནས་ཀྱང་ནི་འབྱེ་བར་འགྱུར། །དེ་ཉིད་རེངས་པ་བྱ་བའི་ཕྱིར། །རིག་སྔགས་འདི་ནི་སྦྱར་བར་བྱ། །ན་མོ་བཛྲ་པཱ་ཎི་སྱེ། ཏི་རི་ཏི་རི། མི་རི་སྭཱ་ཧཱ། རིག་སྔགས་འདིས་ཆུ་ལ་ལན་བདུན་བསྔགས་ཏེ་སྒོ་གླེགས་ཀྱི་ངོས་ལ་ གཏོར་ན་རེངས་པར་འགྱུར་ཏེ། བདེ་བླག་ཏུ་བཟུང་བར་འགྱུར་རོ། །གཏེར་གྱི་སྒོ་རྣམས་ཐམས་ཅད་ལ། །རིག་སྔགས་འདི་ནི་སྦྱར་བར་བྱ། །རེངས་བྱེད་རྨོངས་བྱེད་དགེ་བ་སྟེ། །བགེགས་རྣམས་ཐམས་ཅད་འཇོམས་བྱེད་པ། །ཚངས་པ་ ཉིད་ཀྱི་བྱས་པ་སྟེ། །རྨོངས་བྱེད་སྒོ་ཡི་ཐིམ་པའི་ཕྱིར། །རི་རབ་བརྟོལ་ནས་བྱུང་བ་སྟེ། །དྲི་ཟ་ལྷ་མོ་རྣམས་དང་ནི། །མི་འམ་ཅིས་ནི་རབ་ཏུ་མཆོད། །འཇོམས་པར་བྱེད་ཅིང་སྐྲག་བྱེད་པ། །ལྷའི་གཟུགས་ལྡན་བློ་གྲོས་ཆེ། །རིག་སྔགས་ འདི་ནི་བཤད་པར་བྱ། །ཀི་ལི་ཀི་ལི། པིངྒ་ལཱཀྵི་ཧ་ཧ་བྷི་མངྒི། ཧ་ན་ཧ་ན། ཤུ་ལེ་ན་བི་དཱ་ར་ཡ་བཛྲ་ཎ། ཀི་ལི་ཀི་ལི། ཤབྡེ་ཎ། སྟམྦྷ་ཡ་རུ་ཏྲེ་ཎ། དེ་ན་ཧ་ན་ཧ་ན་ཤཀྡི་ན། ཀི་རི་ཀི་རི། ཙི་རི་ཙི་རི། མི་རི་མི་རི། ན་རུ་ཏི་ན་རུ་ཏི། ཐ་ར་ཐ་ར། ཐ་ཐ། ར་ར། པ་ཏ་ཡ་པ་ཏ་ཡ། སྟམྦྷ་ཡ་སྟམྦྷ་ཡ། པ་ཏ་ཡ་པ་ཏ་ཡ། གརྫ་གརྫ། མརྫ་མརྫ། ཏརྫ་ཏརྫ། ཀིངྐི་ནི་ཀིངྐི་ནི། དུནྡུ་བྷི་དུནྡུ་བྷི། ཤུཀླ་དཾཥྚྲ། ཀ་རཱ་ལཱ་ན་ནེ། ཀ་ན་ནེ་དཱི་པྱ་རཱུ་པེ། ཙ་མ་བི་དུས་སཾ་མ་དཱ། དཱི་པྱ་བྲ་བེ། བ་ཤ་ནེ། 100-1-162b ཀ་ཧ་ཀ་ཧ། ཁནྒ་ཧ་སྟེ། ཏྲི་ནེ་ཏྲེ། རུ་དྲཱ་ཡ་ནེཤྨ་ཤ་ནེ། ཡ་དཱ་ཀྲི་ད་སྶེ། གླེཾ་པ་གླེ་པཱ། ག་གླེཾ་པ། ཡུཪྦྦ་ཎི་ཨནྡྷ་ཀཱ་རེ་སྭ་ཡཾ་ཀ་ཤ་ཀི་མུ་ཀུ་ཊ་ཙནྡྲཾ་ཤིཪྵེ། དེ་བ་གནྡྷརྦ། ཡཀྵ་བིདྱ། ད་རཻ་ཨ་ཙེ་ཏེ། སུ་པཱུ་ཛི་ཏེ། དྲེམྦཱ་དྲེམྦཱ། ཐི་ཐི། མ་བ་ པ་སྤཪྴ་མ་བ། ཧ་ཧ་མ་བ། ཀ་ཀ་མ་པ། ཙིཏྟྲེ། ཧ་ན་ཧ་ན། སྟམྦྷ་ཡ་སྟམྦྷ་ཡ། མ་ཧཱ་བིདྱཱ་ཙ་ཏུརྨུ་ཁ། ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་དང་། ཆུ་དང་ཐལ་བ་རྣམས་ལས་གང་ཡང་རུང་བ་ཅིག་བླངས་ཏེ། རིག་སྔགས་བཟླས་ བརྗོད་བྱས་ལ་ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་རེངས་པར་འགྱུར་ཞིང་། ཁྲ་ཡང་བཅོམ་པར་འགྱུར་རོ། །དེ་ཉིད་ཀྱིས་བསད་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། མུན་པར་བྱ་བ་དང་། གར་དང་གླུ་དང་རོལ་མོ་ལ་སོགས་པ་ བྱེད་དུ་གཞུག་པ་དང་། གཞན་ཡང་སེམས་ཅན་མི་སྣང་བ་གང་ཡིན་པ་དག་དང་། སྣང་བ་གང་ཡིན་པ་དག་དང་། བགེགས་དང་ལོག་འདྲེན་གང་ཡིན་པ་དང་། ཅི་སྟེ་རྒྱལ་པོའི་ཕོ་བྲང་འམ། དུར་ཁྲོད་ཀྱི་གནོད་པ་བྱུང་ངམ། སྦྲུལ་གྱིས་ བཅིངས་པའང་རུང་། གཞན་ཡང་སེམས་ཅན་གནོད་པར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་འཇོམས་པར་བྱེད་ཅིང་རྨོངས་པར་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་དེ་སྐད་བཤད་དོ། །གསེར་ལེན་པ་ན་རྡོ་རྗེ་ལག་ ན་ཐོགས་ཤིང་རིག་སྔགས་ཀྱི་མཆོག་འདིས་སྦྱིན་སྲེག་ལེགས་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། བི་བེ་ཏཱ་ཡ་སྭཱ་ཧཱ། ཏི་སྡེཾ་སུ་ཁ། ལ་ཧཱ་ཡ་སྭཱ་ཧཱ། ཀུམྦེཥྚ་ན་ཡ། བ་རནྟི་ཨཏ་ནཱ་ཡ་སྭཱ་ཧཱ། ནི་དྲ་དྷི་པཱ་ཏ་ཡེ་སྭཱ་ཧཱ། ཤ་ཡེ་ཡུཪྦཱ་ཡུ་སྭཱ་ཧཱ། ལི་བི་གྲ་རེ་ཏཱ་ཡ་སྭཱ་ཧཱ། བ་ཧུ་ཡཀྵ་ཡ་སྭཱ་ཧཱ། ཡ་སྭཱ་ཧཱ། ག་ཎཱ་ཡ་སྭཱ་ཧཱ། ག་ཎ་པ་ཏཱ་ཡ་སྭཱ་ཧཱ། ཀཱ་མ་རཱུ་པཱ་ཡ་སྭཱ་ཧཱ། ཀང་ལི་ནི་སྭཱ་ཧཱ། བྱཱ་གྷྲཱ་ཡ་སྭཱ་ཧཱ། བྱཱ་གྷྲཱ་དྷི་པ་ཏ་ཡེ་སྭཱ་ཧཱ། རཱཀྵ་ས་ཡ་སྭཱ་ཧཱ། རཱཀྵ་སཱ་དྷི་པ་ཏི་ཡེ་སྭཱ་ཧཱ། ཁཌྒཱ་ཡ་སྭཱ་ཧཱ། ཁཌྒཱ་ དྷི་པ་ཏ་ཡེ་སྭཱ་ཧཱ། རུ་དྲཱ་ཡ་སྭཱ་ཧཱ། ཡ་མ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཀུ་བེ་རཱ་ཡ་སྭཱ་ཧཱ། པྲི་ཐི་བྱཻ་སྭཱ་ཧཱ། མ་ཏྲི་བྱཻ་སྭཱ་ཧཱ། བྲཧྨཱ་ཡ་སྭཱ་ཧཱ། གང་གསང་སྔགས་འདི་དག་གིས་ཤ་མའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་བགེགས་ 100-1-163a ཐམས་ཅད་བཅོམ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་བཤད་དེ། དེ་ཡང་འཁྲུལ་འཁོར་ཐམས་ཅད་འཇོམས་པའི་ཉེ་བའི་སྙིང་པོ་དང་ལྡན་པས་སྦྱིན་སྲེག་བྱའོ། །ཡང་ན་ཉེ་བའི་སྙིང་པོ་གཅིག་པུས་ བྱའོ། །དེ་ལྟར་མ་བྱས་ན་བརླག་པར་འགྱུར་རོ། །དེ་ནས་དབང་ལྡན་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་ཞུས། བཅོམ་ལྡན་འདས་སྟོབས་པོ་ཆེ་ཕ་རོལ་གནོན་པ། མི་རྣམས་ལ་ཕན་པའི་ཕྱིར། ཉན་པར་འཚལ་བ་དེ་བདག་ལ་གསུངས་ཤིག ། ཁྲ་རྣམས་བཤད་པ་དུ་ཞིག་མཆིས། །བརྩོན་འགྲུས་མཐུ་སྟོབས་ཇི་ཙམ་ལགས། །བདག་གི་ཐེ་ཚོམ་དེ་དག་གསུངས། །ཇི་བཞིན་དུ་ནི་གསུངས་པའི་རིགས། །རྡོ་རྗེ་འཛིན་ཆེན་མངའ་བདག་གིས། །དབང་ལྡན་གྱི་ནི་ཚིག་ཐོས་ནས། །དབང་ ལྡན་གཟི་བརྗིད་ཆེན་པོ་པ། །ཚངས་པས་བཤད་པའི་ཁྲ་དེ་ཉིད། །སྔོན་ནི་ས་འདི་སྟེང་དག་ན། །རྟག་ཏུ་གཏེར་རྣམས་མང་པོ་ཡོད། །གཏེར་དེ་དག་ནི་བསྲུང་བའི་ཕྱིར། །ཚངས་པ་ཉིད་ཀྱིས་ཁྲ་རྣམས་ཡོད། །ཁྲ་ཡི་རྣམས་པ་བརྒྱད་བཤད་པ། ། བརྩོན་འགྲུས་ཆེ་ཞིང་སྟོབས་པོ་ཆེ། །ལག་ན་རྡོ་རྗེ་བཀའ་མཆོག་གིས། །དེ་དག་གང་གིས་བརྒྱར་འགྱེས་དང་། །གཏོར་མའི་སྔགས་རྣམས་ཇི་བཞིན་པ། །དེ་དག་བདག་གིས་བཤད་པར་བྱ། །གནག་དང་དཀར་དང་དེ་བཞིན་དམར། ། མགྲིན་པ་མཐོན་ཀར་གྲགས་པ་དང་། །ཀ་པིཉྫ་ར་མིག་དམར་དང་། །འདབ་བཀྲ་དང་ནི་ཤེལ་མིག་ཅན། །དེ་ལ་ནག་པོ་ནི་གཤིན་རྗེ་ལྷར་འཛིན་པ་ཡིན་ནོ། །དཀར་པོ་ནི་ཚངས་པ་ལྷར་འཛིན་པ་ཡིན་ནོ། །དེ་བཞིན་དུ་མགྲིན་པ་མཐོན་ཀ་ནི་སྨིན་ དྲུག་གི་བུ་ལྷར་འཛིན་པ་ཡིན་ནོ། །ཀ་པིཉྫ་ར་ནི་ཁྱབ་འཇུག་ལྷར་འཛིན་པ་ཡིན་ནོ། །མིག་དམར་ནི་ཀུ་བེ་ར་ལྷར་འཛིན་པ་ཡིན་ནོ། །དེ་བཞིན་དུ་འདབ་བཀྲ་ནི་དབང་པོ་ལྷར་འཛིན་པ་ཡིན་ནོ། །ཤེལ་མིག་ཅན་ནི་སའི་ལྷ་ལྷར་འཛིན་པ་ཡིན་ནོ། །ཁྲ་དེ་ དག་གི་ཁ་དོག་མཚན། །རྟགས་རྣམས་བདག་གིས་བཤད་པ་ཡིན། །དེ་དག་གི་ནི་མདོག་དང་དབྱིབས། །རིམས་བཞིན་དུ་ནི་བཤད་པར་བྱ། །ནག་པོ་ཡི་ནི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །ཁ་དོག་རབ་ཏུ་གནག་པ་ 100-1-163b དང་། །བོང་ཚད་ཆེ་ཞིང་འཇིགས་པར་བྱེད། །དཔག་ཚད་གཅིག་ན་གནས་བཞིན་དུ། །དྲིལ་བུའི་སྐད་འདྲ་འབྱིན་པར་བྱེད། །གཏོར་མ་འདོད་ཕྱིར་ཡང་དང་ཡང་། །དེ་བཞིན་རྒྱུན་དུ་སྐད་ཀྱང་འབྱིན། །གང་གིས་ཞི་བར་འགྱུར་བ་ཡི། །ཟས་རྣམས་ཀྱང་ནི་བཤད་པར་ བྱ། །ཤ་བཙོས་དེ་བཞིན་བརྔོས་པ་རྣམས། །བྱ་རྗེ་ལ་ནི་སྦྱིན་པར་བྱ། །མྱུར་དུ་སྔགས་ཀྱང་སྦྱར་བྱ་ཞིང་། །གཏོར་མ་ཡང་ནི་སྦྱིན་པར་བྱ། །ན་མོ་བཛྲ་པཱ་ཎི་སྱ། ཀྲྀཥྞ་ཡཀྵ་ཡ་ཀྲྀཥྞ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། གཏོར་མ་ལ་ཡང་སྔགས་འདིས་བསྔགས་ལ་དེ་ ནས་སྦྱིན་པར་བྱའོ། །དཀར་པོ་ཡི་ནི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །ནམ་མཁའ་ལ་དག་བསྐོར་བྱས་ནས། །དེ་ནི་ཆུ་སྐྱར་མདོག་འདྲ་ཡི། །འདབ་མའི་ཤུགས་ཀྱིས་འོང་བར་འགྱུར། །རྒྱུན་དུ་ཁོ་ར་ཁོར་ཡུག་ནས། ། འདབ་མའི་གཤོག་སྒྲ་ཆེན་པོ་ཡིས། །འབྲུག་སྒྲ་ཆེན་པོ་འབྱིན་པར་བྱེད། །གནས་རྣམས་སུ་ནི་ལན་ཅིག་གམ། །ལན་གཉིས་ལན་གསུམ་སྐོར་བར་བྱེད། །གདོན་རྣམས་ལན་གསུམ་ཚང་བའི་བར། །དེ་སྲིད་དུ་ནི་གཏོར་མ་སྦྱིན། །སྣ་མ་འབྲས་ ཡོས་མར་དག་གི། །གཏོར་མ་རྣམས་ནི་སྦྱིན་པར་བྱ། །སྔགས་ལ། །ན་མོ། བཛྲ་པཱ་ཎི་སྱ། ཤོ་དྷ་ཡ་ཤོ་དྷ་ཡ་པ་ཏ་ཡ། ཤོ་པཱ་དྷི་པ་ཏ་ཡེ་སྭཱ་ཧཱ། དམར་པོ་ཡིད་ནི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །བཞད་བཞིན་དུ་ནི་སྐད་འབྱིན་ ཞིང་། །ཟབ་མོའི་སྒྲ་ནི་རབ་ཏུ་སྒྲོགས། །ལན་ལྔའི་བར་དུ་སྐད་འབྱིན་ཞིང་། །དེ་ནི་མྱུར་དུ་འོང་བར་བྱེད། །ཇི་སྲིད་ལན་ལྔ་སྐད་འབྱིན་པ། །དེ་སྲིད་དུ་ནི་གཏོར་མ་སྦྱིན། །དྲི་དམར་དང་ནི་མེ་ཏོག་དམར། །པུ་པ་ལི་ཀ་སྦྱིན་པར་བྱ། །བཟའ་བ་དང་ནི་ལ་ཏུ་དང་། ། ཏིལ་གྱི་ཁུ་བ་སྦྱིན་པར་བྱ། །སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། རཀྟེ་རཀྟ། ཀྵེ་རཀྟཱ་དྷི་པ་ཏ་ཡེ་སྭཱ་ཧཱ། མགྲིན་པ་མཐོན་ཀའི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །སྡེར་མོས་ཀྱང་ནི་བྲད་པར་བྱེད། །དེ་ནི་ཁྭ་ལྟར་སྐད་འབྱིན་ཅིང་། ། ལན་བདུན་བར་དུ་སྐད་འབྱིན་ཏེ། །དེ་ནི་མྱུར་དུ་འོང་བར་འགྱུར། །གཏོར་མ་མྱུར་དུ་སྦྱིན་པར་བྱ། །སྔགས་ཀྱང་ལེགས་པར་དྲན་པར་བྱ། །ལན་ཚྭ་མེད་པའི་ཤ་སྦྱིན་ཅིང་། །ཡམ་སྲེག་ཤིང་ཡང་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་དག་གིས། །དེ་ནི་མྱུར་དུ་ལྟུང་བར་ 100-1-164a འགྱུར། །སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ནཱི་ལ་ག་ཤོ། ནཱི་ལ་ཏེ་ཛོ། ནཱི་ལཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཀ་པིཉྫ་རའི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །སྲིན་བྱ་བཞིན་དུ་ཡང་དང་ཡང་། །སྐད་པོ་ཆེ་ནི་འབྱིན་པར་བྱེད། ། མྱུར་བ་མྱུར་བར་སྐད་འབྱིན་ཅིང་། །དེ་བཞིན་སྒྲ་ཡང་ལན་གསུམ་འབྱིན། །ཉེ་བ་དག་ཏུ་འོང་བར་འགྱུར། །དེ་ཚེ་ཟས་ཀྱང་སྦྱིན་པར་བྱ། །གསང་སྔགས་ཀྱིས་ནི་བྱ་བ་ཡིན། །ཁྲག་གིས་སུ་ནི་བཀང་བ་ཡི། །མངོན་སུམ་དག་ཀྱང་སྦྱིན་པར་བྱེད། ། དེ་བཞིན་ཉ་དང་ཤ་རྗེན་སྦྱིན། །སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ཀ་རཱ་ལི། བི་ཀ་རཱ་ལི། ཀ་རཱ་ལཱ་དྷི་པ་ཏ་ཡེ་སྭཱ་ཧཱ། མིག་དམར་གྱི་ནི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །རྟ་བཞིན་དུ་ནི་སྐད་འབྱིན་ཅིང་། །ཁར་བའི་སྒྲ་ལྟར་ཚེར་ ཚེར་པོ། །དེ་བཞིན་སྒྲ་ཆེར་སྒྲོགས་པར་བྱེད། །མེ་ལྕེ་འབར་བ་ཁ་ནས་འབྱིན། །ཐེ་ཙོམ་མེད་ཅིང་མྱུར་བ་རུ། །དེ་ལ་གཏོར་མ་སྦྱིན་པར་བྱ། །དེ་བཞིན་ཤ་ནི་རྗེན་པ་དང་། །ཆང་གིས་བཀང་བའི་སྣོད་ཀྱང་སྦྱིན། །སྔགས་ལ་ན་མོ་བཛྲ་པཱ་ཎི་སྱ། རཀྟ་ནེ་ཏྲོ་རཀྟ་ནི་བ། །རཀྟཱ་དྷི་པ་ད་ཡེ་སྭཱ་ཧཱ། འདབ་བཀྲ་ཡི་ནི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །འབྲུག་སྒྲ་བཞིན་དུ་སྐད་འབྱིན་ཅིང་། །དེ་ཡང་དེ་བཞིན་འོང་བར་འགྱུར། །རང་གི་ལུས་ལས་དེ་བཞིན་འདབ། །གློག་གི་ རྒྱུད་འདྲར་སྣང་བར་འགྱུར། །རྔ་མོ་ལྟར་ནི་བརྟུལ་ཞིང་འོང་། །ངུར་པ་བཞིན་དུ་ཡང་དང་ཡང་། །ལན་བརྒྱད་དུ་ནི་སྐད་འབྱིན་ཞིང་། །དེ་ནི་མྱུར་དུ་འོང་བར་འགྱུར། །དེ་ལ་གཏོར་མ་སྦྱིན་བྱ་ཞིང་། །གསངས་སྔགས་ཀྱང་ནི་བྱ་བ་ཡིན། །བུ་རམ་ཞོ་དང་ སྦྱར་བ་ཡི། །ཟས་ཀྱང་རབ་ཏུ་སྦྱིན་པར་བྱ། །སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ཙི་ཏྲ་ཙི་ཏྲ་ཀྵོ། བི་ཙི་ཏྲ། ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཤེལ་མིག་ཅན་གྱི་གཟུགས་གང་དང་། །མཐུ་སྟོབས་གང་ཡིན་རབ་བཤད་དེ། །ནམ་མཁའ་དག་ ནི་ཁེབས་པར་བྱེད། །དེ་ནི་དལ་ནས་འོང་བར་བྱེད། །གླང་པོ་ཆེ་ལྟར་སྐད་འབྱིན་ཅིང་། །འདབ་མས་རླུང་ནི་གཡོ་བར་བྱེད། །འདབ་མ་དེ་ནི་རླུང་གིས་སུ། །གྲང་བར་ཡང་ནི་བྱེད་པར་འགྱུར། །སྐད་ནི་ལན་གཉིས་འབྱིན་བྱེད་ཅིང་། ། 100-1-164b དེ་ནི་ཁད་ཀྱིས་འོང་བར་འགྱུར། །དེ་ལ་གཏོར་མ་སྦྱིན་བྱ་ཞིང་། །གསང་སྔགས་ཀྱང་ནི་བྱ་བ་ཡིན། །དེ་བཞིན་མར་དང་སྦྱར་བྱ་ཡི། །ནས་ཀྱི་ཟས་ཀྱང་སྦྱིན་པར་བྱ། །བ་ཡི་མར་དང་དེ་བཞིན་ཤ །བུ་རམ་ཆང་གིས་བཀང་བར་སྦྱིན། །སྔགས་ལ། ན་མོ་ བཛྲ་པཱ་ཎི་སྱ། ཀེ་ཀ་རཀྵ། ཀ་ཀ་ར་དྲྀཥཱི། ཀེ་ཀ་ར་ཏི་པ་ཏ་ཡེ་སྭཱ་ཧཱ། ཁྲ་འདི་དག་ནི་བདག་གིས་སུ། །མཚོན་བཅས་ཆོ་གར་ལྡན་པར་བཤད། །གང་ཞིག་ཁྲ་ནི་ནག་པོ་ཡི། །སྔགས་ལས་བརྟེན་ཏེ་ལས་བཙོམ་པ། །དེ་ལ་འཇིགས་པ་ཅི་ཡང་ རུང་། །ཅུང་ཟད་ཀྱང་ནི་འབྱུང་མི་འགྱུར། །དེ་ལ་སྦྲང་རྩི་འོ་མར་སྦྱར། །དེ་ལས་འགལ་བར་ལས་བྱ་བ། །གང་ཡིན་དེ་ནི་བདག་ཉིད་བརླག །བདག་ཉིད་ཆེན་པོ་ཁྲ་འདི་དག །མཆོད་པ་བྱས་ན་ལྡོག་འགྱུར་ཏེ། །ལག་ན་རྡོ་རྗེས་བཤད་པ་བཞིན། ། ཁྲ་ཐམས་ཅད་ཀྱི་གསང་སྔགས་ནི་ལྷག་པར་སྤྱན་དང་རིག་སྔགས་ཀྱི་རྒྱལ་པོ་དང་སྦྱར་བར་བྱའོ། །ཁྲ་གཞོམ་པའི་རིག་སྔགས་ཚངས་པས་སྨྲས་པ། ངས་བཤད་ཟིན་ཏེ། དེ་དང་སྦྱར་ཞིང་ལས་བྱའོ། །ངས་ཀྱང་ཁྲ་ཐམས་ཅད་ཕུང་བར་བྱ་བའི་ ཕྱིར་གཏུམ་པོ་མི་བཟད་པའི་རིག་སྔགས་གང་ཐོས་པས་བྲག་ལ་ཐོག་ཐོག་འབབ་པ་བཞིན་དུ་དུམ་བུ་བརྒྱར་འགྲོ་བར་འགྱུར་བར་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཙནྡེ་ཙནྡེ་ཙིནྟ་ན་མ་ན་ཙ་མ་ནེ། སྟམྦྷ་ནི་ཛམྦྷ་ནི། མོ་ཧ་ནི། ཧི་ཧི་ག་ཀ་རེ་བ་རེ་ ཡེ་སྭཱ་ཧཱ། ཁྲ་ཐམས་ཅད་བཟློག་པ་ལ་ཡུངས་ཀར་གྱིས་བྱའོ། །དེ་ནས་རྡོ་རྗེ་འབྱར་བྱེད་གཞོམ་པར་འདོད་ན་རྡོ་རྗེ་འབྱར་བྱེད་ལ་བལྟས་ལ། རྡོ་རྗེ་ཁྲོ་བོ་ཉིད་བསྔགས་ཏེ་བླང་བར་བྱའོ། །སྨན་འདི་དག་ཀྱང་གཏོར་བར་བྱ་སྟེ། རྒྱ་སྲན་གྱི་ཁུ་བ་དང་། སྲུ་སྲུའི་རྩ་བ་དང་། འོམ་བུ་བསྲེགས་པའི་ཁུ་བ་དང་། སོ་མ་དང་སོ་མ་ཏ་བ་དང་། སོ་མ་ཛ་ཏི་དང་། འདི་རྣམས་བསྲེས་པའི་ཆུས་གཏོར་ལ་ཉི་མའི་འོད་ཀྱིས་གདུང་བར་བྱའོ། །གང་ན་ཉི་མ་མེད་པ་དེར་ནོར་བུ་མེ་ཤེལ་བསྟན་པར་བྱའོ། ། དེ་ནས་བཅོས་མའི་རྡོ་རྗེ་འབྱར་བྱེད་གཞིག་པར་འདོད་ན། སྭ་རི་ཀའི་ཐལ་བ་དང་། གཟེ་མ་དང་། ཀནྟ་ག་དང་། ཨ་བ་ཡག་དང་དུནྟི་ཀའི་ཐལ་བ་དང་འདི་རྣམས་བསྲེས་པས་བཤིག་ན་དེས་འཇིགས་པར་འགྱུར་རོ། །དེ་ནས་བཅོས་མའི་རྡོ་རྗེ་ 100-1-165a འབྱར་བྱེད་བྱ་བར་འདོད་ན་ལྷང་ཚེར་སྲང་གཉིས་དང་། སོ་མ་ར་ཙའི་ས་བོན་སྲང་གཅིག་དང་། བ་ལ་སྲང་ཕྱེད་དང་། མོན་སྲན་གྲེའུ་ཡི་ཕྱེ་མ་སྲང་གཉིས་དང་། ཕྱེ་མ་ཞོ་གཉིས་དང་། ས་མ་ཛ་ཏི་ཞོ་གཉིས་དང་། ཀུ་ཏ་ཛི་ཞོ་གཉིས་དང་། ཀ་ལ་ པ་ཏའི་ས་བོན་ཞོ་གཉིས་དང་། འདི་རྣམས་ལྷན་ཅིག་ཏུ་སྦྱར་ཏེ། ཕྱེ་མ་ཞིབ་མོར་བྱའོ། །ལྷང་ཚེར་ཡང་བརྟག་པར་བྱ་སྟེ། ཀ་ཙ་པ་ལ་བསྲེགས་པའི་ཆུ་དང་། འོམ་བུ་དང་། ཨིནྡྲ་བྲིཀྵ་བསྲེགས་པའི་ཆུ་དང་ལྷན་ཅིག་ཏུ་སྦྱར་ལ་མ་ཐང་གིས་ བསྐུས་པའི་སྣོད་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་ནས་ཀྲ་ཀན་ཏི་དང་། མུ་ཟིའི་ཕྱེ་མས་བཏབ་ན་དེ་ནས་རྡོ་རྗེ་འབྱར་བྱེད་དེ་དག་དང་བར་འགྱུར་ཏེ། སྒོ་གླེགས་སམ། བརྩིག་ངོས་སམ། གང་འདོད་པ་ལ་བཏུན་པའི་ཕྱིར་གྱིས་བསྐུས་ན་ རྡོ་རྗེ་འབྱར་བྱེད་དེ་ཨ་ཤ་ཀའི་མེ་ཏོག་འདྲ་བར་དམར་པོར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་ཉེ་བའི་སྙིང་པོ་དང་ལྡན་པར་འགྱུར་རོ། །གཏེར་སྒོ་འདི་དག་ངས་བཤད་དེ། །གཏེར་རྣམས་འདི་ན་ཡོད་དོ་ཞེས། །མངོན་པའི་རྟགས་ནི་གང་དག་གིས། ། ངེས་པར་རྟོགས་པར་འགྱུར་འདི་ཉོན། །རྫས་ཀྱི་ཚད་ནི་ཇི་ཙམ་པ། །དེ་ཀུན་བདག་གིས་བཤད་པར་བྱ། །ཤིང་མེད་ཁྲད་ཁྲོད་གནས་དག་ན། །ས་ལ་ཐའི་ཤིང་འདྲ་བ། །དཀར་ཞིང་དྲི་ཞིམ་སྣང་བ་ཡོད། །ཟབས་སུ་མི་འགྲེང་གཉིས་ཙམ་ན། ། ནོར་རྣམས་ཁྲི་ཕྲག་དྲུག་ཡོད་དེ། །དེ་ནི་ཀླུ་དང་ལྡན་པ་ཡིན། །ཤིང་གི་གནས་ནི་དུ་མ་ན། །པད་མའི་འདབ་མ་འདྲ་བ་དང་། །པད་མ་ཆེན་པོའི་དྲི་ཞིམ་ཡོད། །ཟབས་སུ་མི་འགྲེང་གཉིས་ཙམ་ཡོད། །ནོར་ནི་དྲུག་ཁྲི་ལྔ་སྟོང་ཡོད། །དེ་ནི་སྲིན་དང་ལྡན་ པ་ཡིན། །ཤིང་མེད་པའི་གནས་དག་ན། །ས་ལ་ཐ་ལའི་འབྲུ་འདྲ་བ། །ཏ་ལའི་དྲི་དང་ལྡན་པ་ཡོད། །ཟབས་སུ་མི་འགྲེང་གཉིས་ཙམ་ན། །འབུམ་ལས་ལྷག་པའི་ནོར་ཡོད་དེ། །དེ་ནི་གནོད་སྦྱིན་ལྡན་པ་ཡིན། །ཤིང་མེད་པའི་གནས་དག་ ན། །ས་ལ་ཏ་ལའི་ཤིང་འདྲ་བ། །གཅིག་པུ་དྲི་ཞིམ་ལྡན་པ་ཡོད། །ཟབས་སུ་མི་འགྲེང་གསུམ་ཙམ་ན། །ནོར་རྣམས་བྱེ་བ་སྙེད་ཡོད་དེ། །དེ་ན་རྣམ་ཐོས་བུ་ཡང་གནས། །ཤིང་མེད་པའི་གནས་རྣམས་ན། །ས་ལ་ཏ་ཡི་མིག་འདྲ་བ། ། 100-1-165b དཀར་ཞིང་དྲི་མ་ལྡན་པ་ཡོད། །ཟབས་སུ་མི་འགྲེང་གསུམ་ཙམ་ན། །ནོར་རྣམས་བཞི་ཁྲི་དྲུག་སྟོང་ཡོད། །དེ་དག་ན་ནི་དབང་ལྡན་ཡོད། །ཤིང་མེད་པ་ཡི་གནས་རྣམས་ན། །ཇི་སྟེ་ས་ལའི་ཁྲི་འདྲ་བ། །རྐང་པ་བཞི་ལ་ལྡན་པ་སྟེ། །ཀེ་ཏ་ཀ་ཏི་དྲི་ཅན་ཡོད། ། དེ་ན་བྱེ་བ་སྙེད་ཡོད་དོ། །དེ་ནི་ཀླུ་དང་ལྡན་པ་ཡིན། །མཚན་རྟགས་ཆེན་པོ་འདི་དག་ནི། །བཤད་ཟིན་གཞན་ཡང་ང་ལས་ཉོན། །དབྱར་ཞིང་སྐམ་ལ་རྩུབ་པ་དང་། །རྒུན་ཞིང་གསིང་མར་གྱུར་པ་དང་། །མཛའ་བོ་དེ་བཞིན་བྱི་ལ་སྦྲུལ། །ལྷན་ཅིག་ གཅིག་ཏུ་གནས་པ་དང་། །དེ་བཞིན་སྦྲུལ་དང་ནེའུ་ལེ་གཉིས། །ཁུང་གཅིག་ན་ནི་ལྷན་ཅིག་གནས། །གང་ན་གོ་ད་དཀར་པོ་དང་། །བྱི་བ་དཀར་པོ་ལྷན་ཅིག་གནས། །གང་ན་ཝ་ནི་ཉལ་བ་དང་། །ཅི་སྟེ་ས་ཕྱོགས་དྲོ་བ་དང་། །ཁྱི་ནི་རྟག་ཏུ་གྲོང་བོར་ ནས། །དགོན་པའི་ཕྱོགས་གཅིག་གང་ན་ཉལ། །ཤིང་ནི་ཐུར་དུ་མི་འཁྲུང་པ། །ཅི་སྟེ་ཐུར་དུ་འཁྲུང་འགྱུར་དང་། །འོ་མ་མེད་ལས་འོ་མ་འབྱུང་། །མུ་ཏུའི་རྩ་ནི་གདུགས་འདྲ་དང་། །རྒྱལ་མཚན་འདབ་མ་འདྲ་བ་དང་། །ཤིང་རྣམས་གང་དག་བུམ་པ་འདྲ། ། རྩྭ་ལས་རྩྭ་འབྱུང་ཡལ་ག་འཕྱང་། །རྩུབ་ཅིང་ཁ་རྔ་འདྲ་བ་དང་། །འདབ་མ་སྐམ་ཞིང་ལོ་མ་སྣུམ། །དུས་མ་ཡིན་པར་མེ་ཏོག་འབྱུང་། །རྟག་ཏུ་འབྲས་བུ་ཆགས་པ་དང་། །ཚེར་མ་མེད་ལས་ཚེར་མ་འབྱུང་། །ཚེར་མ་ཅན་ལས་ཚེར་མ་མེད། ། རྩེ་གཅིག་ཤིང་རིགས་གང་ཡིན་པ། །ཅི་སྟེ་ཁ་བྲག་གྱུར་པ་དང་། །ཤིང་དྲུང་གྲོག་མཁར་ཕུང་ཆེན་ཡོད། །དུས་མ་ཡིན་པར་མེ་ཏོག་འབྱུང་། །ཤིང་དྲུང་གང་ན་གཟུགས་ཡོད་ལ། །རྟག་ཏུ་འབྲས་བུ་མཆོད་པ་དང་། །མཆོད་པ་མེད་ཅིང་གཟི་བྱིན་ ལྡན། །ཤིང་དྲུང་གིས་ནི་ཕྱོགས་གཅིག་ན། །བདེ་བྱེད་མཚན་ནི་སྣུམ་བྱེད་ཡོད། །ཤིང་དྲུང་གི་ནི་ཕྱོགས་གཅིག་ན། །ཅི་སྟེ་རྡོ་ལེབ་ཡོད་པ་དང་། །གྲོང་གི་ཕྱོགས་གཅིག་མ་མོ་ཡི། །གནས་ཡོད་མཆོད་པ་མེད་པ་དང་། །ཁྲོན་པའི་ཕྱོགས་ གཅིག་སངས་རྒྱས་གཟུགས། །ཅི་སྟེ་ཁྲོན་པའི་ཕྱོགས་གཅིག་ན། །བདེ་བྱེད་མཚན་མ་སྟེགས་བུར་བཅས། །རྟག་ཏུ་སྣུམ་པ་གནས་པ་དང་། །ཁྲོན་པ་ཡི་ནི་ཕྱོགས་གཅིག་ན། །རྡོ་ལེབ་མིང་དང་ལྡན་པ་ཡོད། །ཞིང་གི་ཕྱོགས་ 100-1-166a གཅིག་ཀླུ་རྣམས་ཀྱིས། །མཆོད་ཅིང་སྟེགས་བུར་བཅས་པ་དང་། །རྟག་ཏུ་སྣུམ་དང་ལྡན་པ་ཡོད། །ཞིང་གི་དབུས་ནི་གང་དག་ན། །རྡོ་ཡི་ཕུང་པོ་ཆེན་པོ་ཡོད། །དེ་ན་ཁུང་གི་སྒོ་ཡང་ཡོད། །ཞིང་དག་གིས་ནི་དབུས་རྣམས་ ན། །རྡོ་ལེབ་ཟུར་གསུམ་ཡོད་པ་དང་། །རྫིང་བུ་དག་གི་འགྲམ་དག་ན། །མ་མོ་རྣམས་ཀྱི་གནས་ཡོད་པ། །མཆོད་པ་མོད་ཅིང་གཟི་བྱིན་ལྡན། །མཆོད་དུ་ཟིན་ཀྱང་གཟི་མེད་ན། །ངེས་པར་དེ་ན་ནོར་ཡོད་དོ། །གྲོང་གི་ཕྱོགས་གཅིག་སླར་སོང་ ནས། །རྭ་དང་རྨིག་པས་རྐོ་བར་བྱེད། །ཁང་པ་བརྩེགས་པའི་ཁ་དག་ནས། །བྱ་རོག་མཐུར་དུ་བལྟ་བཞིན་དུ། །རྟག་ཏུ་སྐད་ཀྱང་འབྱིན་པར་བྱེད། །རྫིང་བུ་ཡི་ནི་འགྲམ་དག་ན། །ཅི་སྟེ་གནོད་སྦྱིན་གཟུགས་ཡོད་དང་། །ཆུ་ཀླུང་འགྲམ་ ན་སངས་རྒྱས་གཟུགས། །དབང་ཕྱུག་ཆེ་དང་ལྷན་ཅིག་གནས། །གྲོང་ན་གྲོང་གི་ཕྱོགས་གཅིག་ན། །ས་འབིགས་ཞེས་བྱ་རྡོ་ལེབ་ཡོད། །གྲོང་རྣམས་ཀྱི་ནི་དབུས་དག་ན། །སྟེགས་བུ་མེད་པའི་མཆོད་ཤིང་ཡོད། །ཀླུའི་མཆོད་ཤིང་སྟེགས་ བུ་དང་། །ལྷན་ཅིག་ན་ནི་གནས་པ་ཡོད། །དེ་དག་གི་ནི་ལྷོ་ཕྱོགས་ན། །གྲོང་མཁར་ཕུང་པོ་ཆེན་པོ་ཡོད། །གྲོང་ངམ་ཡང་ན་དགོན་པ་ན། །མ་མོའི་གནས་ནི་མཆོད་པ་མེད། །སངས་རྒྱས་གཟུགས་དང་ཉི་མའི་གཟུགས། །ཅི་སྟེ་དེ་དག་ གཡོན་ཕྱོགས་ན། །གང་ན་ཉི་མའི་གཟུགས་ཡོད་པ། །ཀླུ་དག་དང་ནི་ལྷན་ཅིག་གནས། །ཞིང་དབུས་རྡོ་ཕུང་ཆེན་པོ་ཡོད། །གྲོག་མཁར་དང་ཡང་ལྷན་ཅིག་གནས། །ས་གཞི་དག་ཀྱང་དུད་པར་འཐུལ། །རྩྭ་ཡང་རྙིངས་པར་འགྱུར་བ་སྟེ། ། རྟག་ཏུ་ཡང་ནི་གཟི་བྱིན་ལྡན། །ཆུ་ཡང་ཤིན་ཏུ་སྐམ་པར་འགྱུར། །ཆུ་ངོགས་ཕ་གུ་ཕུང་ཆེན་ཡོད། །ས་དག་ཀྱང་ནི་བྱེ་མ་འདྲ། །ཁང་པ་བརྩིགས་པའི་ཕྱོགས་གཅིག་ན། །རྟག་ཏུ་དུད་པ་འདྲ་བར་འཐུལ། །གྲོང་ངམ་ཡང་ན་དགོན་པ་ འམ། །ཞིང་ངམ་ཡང་ནི་ཁྱིམ་དག་ན། །ཁྲ་དང་ཕུག་རོན་ལྷན་ཅིག་ཏུ། །གང་ན་ཤིན་ཏུ་མཛའ་བར་འགྱུར། །གྲང་བ་འམ་ཚབ་འམ་བཀྲེས་པ་འམ། །སྐོམ་པ་ཡིས་ནི་གཟིར་བཞིན་དུ། །དེ་ལྟར་དུས་ནི་ཐམས་ཅད་དུ། །ཕྱོགས་གཅིག་ཏུ་ 100-1-166b ནི་དགའ་བར་འཛིན། །ཞིང་དག་གི་ནི་དབུས་དག་ཏུ། །རྡོ་ལེབ་མིང་དང་ལྡན་པ་ཡོད། །ཤིང་རྣམས་གང་ལ་བ་ལང་རྫི། །བྲུ་བས་གཟིར་ཅིང་སྐོམ་པས་གཟིར། །རྟག་ཏུ་འཛེག་ཅིང་རྩེ་བ་དང་། །སྡུག་བསྔལ་དེ་བཞིན་རབ་བདེར་འཛིན། ། དུས་ཀུན་དུ་ནི་བ་ལང་རྫི། །གང་དུ་དེ་བཞིན་རྩེ་བྱེད་ཅིང་། །གྲང་བཞི་གྲང་བ་མེད་པར་འཛིན། །དེ་བཞིན་དུ་ནི་སྐྱོ་བ་མེད། །པད་མའི་སྡོང་བུ་གཅིག་པ་ལ། །པད་མ་ལ་ནི་པད་མ་སྐྱེས། །དེ་བཞིན་ཨུཏྤལ་ཀུ་མུ་ཏ། །ཅི་སྟེ་ཁ་དོག་ངན་པར་འགྱུར། །དྲི་ཡང་ཞིམ་ པར་མི་འགྱུར་དང་། །འདབ་མ་དག་ཀྱང་འཁུམས་པ་དང་། །གང་ལ་འབྲས་བུ་མི་ཆགས་པ། །དེ་ལ་པད་མ་ཀུ་མུ་ཏ། །བ་གཅིན་དང་ནི་རྟ་གཅིན་དང་། །རྡོ་ཐལ་རྣམས་དང་ལྷན་ཅིག་སྦྱར། །དེ་དང་དེ་མེ་ཏོག་དང་། །ཆུ་རྣམས་ལ་ནི་གཏོར་བྱས་ན། །གང་ན་ གཏེར་དེ་གནས་པ་ཡི། །ས་ཕྱོགས་དེ་དང་ཆུ་རྣམས་དང་། །མེ་ཏོག་སྔོན་པོ་དམར་པོར་འགྱུར། །རྟག་ཏུ་ས་ཕྱོགས་གང་དག་ན། །ཆུ་ནི་ཁྱོར་གང་ཙམ་ཡོད་ལ། །ས་གཞི་དེ་ཡང་དྲོ་བ་དང་། །ཁང་པ་བརྩེགས་པ་གང་དག་ལ། །རྡོ་ཐལ་སྔོན་པོར་འདུག་པ་ དང་། །བྱི་རུ་ལྟ་བུར་མདོག་དམར་ཞིང་། །བར་བར་དུ་ནི་གནས་པ་དང་། །ཡང་ན་རབ་ཏུ་མདོག་སྔོ་ཞིང་། །ཕུག་རོན་མདོག་ལྟར་འདུག་ཀྱང་རུང་། །དེ་བཞིན་རོ་ནི་ཁ་བ་དང་། །གང་ན་གཟུགས་ནི་མདོག་སྣུམ་ཞིང་། །བཀྲུས་ཀྱང་ཤིན་ཏུ་སྐམ་པ་ཡོད། །དེ་བཞིན་ དྲི་དང་མེ་ཏོག་ཕྲེང་། །དེ་ནི་སྙིང་པོར་ལྡན་པ་སྟེ། །ཡན་ལག་འབྲུ་མར་བསྐུས་པ་ལ། །མི་ཡི་ལྕེ་ཡིས་བལྡག་བྱས་ན། །མྱུར་དུ་ཡལ་བར་འགྱུར་བ་དང་། །གང་ན་རྡོ་རྗེའི་གཟུགས་ཡོད་པ། །ཐུར་དུ་ཡང་ནི་བལྟ་བར་བྱེད། །ཕྱོགས་གཅིག་ན་ནི་ལྷ་གཞན་ གྱི། །ཤིང་ངམ་ཡང་ན་རྡོ་གཟུགས་ཡོད། །མགོ་ལ་རྫ་ཐོགས་ཅི་སྟེ་སྣང་། །རྫིང་བུ་འགྲམ་གྱི་གནས་དག་ན། །ནོར་ལྷ་ཡི་ནི་བུ་ཡི་གཟུགས། །ནུབ་ཕྱོགས་ཕྱོགས་པ་དེ་འདུག་བཞིན། །ཤར་ཕྱོགས་ལོགས་སུ་བལྟ་བ་དང་། །རྫིང་བུའི་འགྲམ་ན་ མ་མོ་གནས། །ནུབ་ཕྱོགས་ཕྱོགས་པ་དེ་འདུག་བཞིན། །ཤར་ཕྱོགས་ལོགས་སུ་བལྟ་བ་དང་། །ཁྲོན་པའི་ཕྱོགས་གཅིག་སངས་རྒྱས་གཟུགས། །ཅི་སྟེ་དུར་ཁྲོད་གནས་དག་ན། །སངས་རྒྱས་གཟུགས་འདྲ་སྣང་བ་དང་། །ཆུ་མེད་ཕྱོགས་ན་ 100-1-167a སྦྲུལ་གཟུགས་དང་། །གང་ན་མི་རོ་མགོ་མེད་འདྲ། །རྡོ་འམ་ཡང་ན་ཤིང་ལ་བྱས། །ལམ་གྱི་བཞི་མདོ་གང་དག་ན། །ཅི་སྟེ་དབང་པོའི་གཟུགས་སྣང་ཞིང་། །སྒྲ་ཆེན་ལ་ནི་ཞོན་བཞིན་དུ། །བུམ་པ་མགོ་ལ་ཐོགས་ནས་ཀྱང་། །ཐུར་དུ་བལྟ་བ་ཡོད་ པ་དང་། །མིག་རྣམས་ཡོངས་ཀྱི་མི་གནས་པའི། །ཤིང་མེད་པའི་གནས་དག་ན། །མ་མོ་དག་ཀྱང་གནས་འགྱུར་ལ། །མཚན་ནི་ཐུར་དུ་བལྟ་བ་དང་། །ཤིང་གི་ཚལ་ནི་གང་དག་ན། །ཅི་སྟེ་གླང་ཆེན་གཟུགས་ཡོད་དང་། །གྲོང་ནས་ཀྱང་ནི་རྒྱང་རིང་ བ། །གང་ན་ཕག་གི་གཟུགས་ཡོད་པ། །རྡོ་འམ་ཡང་ན་ཤིང་ལས་བྱས། །ཤིང་གི་ཚལ་གྱི་དབུས་དག་དང་། །ཤིང་མཚམས་བར་ལ་སོགས་པ་ན། །དབང་ཕྱུག་གི་ནི་གཟུགས་ཡོད་དེ། །དེ་ནི་རྟག་ཏུ་ཐུར་དུ་བལྟ། །ཁྲོན་པའི་ཕྱོགས་གཅིག་ གནོད་སྦྱིན་གནས། །གཟུགས་བརྙན་སྟེགས་བུར་བཅས་པ་སྟེ། །གང་ན་ཀླུ་དང་གནོད་སྦྱིན་དང་། །ཡང་ན་གཏུམ་པོ་འམ་བརྒྱ་བྱིན་གྱི། །ཤ་ཚུགས་འདྲ་ལ་ཤིང་རིངས་ཐོགས། །གང་ན་གླང་གི་གཟུགས་ཡོད་དང་། །གང་ན་གླང་གཟུགས་ ཤིང་ལས་བྱས། །ཡང་ན་ས་ལས་བྱས་པ་ཡོད། །ཤིང་གི་ཚུལ་གྱི་ཕྱི་རོལ་ན། །གང་ན་ཀླུའི་རྡོ་གཟུགས་ཡོད། །ལམ་གྱི་བཞི་མདོ་གང་དག་ན། །ཀླུ་ནི་གཅིག་པུ་གནས་པ་ལ། །ཤིང་རྣམས་ཀྱིས་ཀྱང་བསྐོར་བ་སྟེ། །མི་རྣམས་མེད་པའི་ ས་ཕྱོགས་བཟང་། །ཆུ་མེད་པ་ཡི་དགོན་པ་ན། །ཀླུ་ཡི་མཆོད་ཤིང་ཁ་བྲག་བཞི། །དུར་ཁྲོད་ན་ནི་སྦྲུལ་འདྲའི་ཤིང་། །ཡང་ན་ཀླུ་ཡི་མཆོད་ཤིང་ཡོད། །དུར་ཁྲོད་དེ་ན་ཤིང་ཡོད་པ། །ཀླུ་ཤིང་དག་གིས་ཀུན་ནས་བསྐོར། །དུར་ཁྲོད་གང་ན་ཁྱི་དང་ནི། ། ཡང་ན་ཝ་ནི་རྟག་ཏུ་གནས། །གྲོག་མཁར་བ་ཡི་དུས་ཀུན་དུ། །ཝ་རྣམས་སྣང་བ་ཡོད་པ་དང་། །དགུན་ཞིང་གྲོང་གི་ཕྱི་རོལ་དུ། །ཕྱུགས་ནི་རྟག་ཏུ་ཉལ་བར་བྱེད། །ཕག་གམ་ཡང་ན་ཁྱི་ཡང་རུང་། །སོང་ནས་རྟག་ཏུ་བལྟ་བ་དང་། ། རྐང་ལག་དག་གིས་འབྲུ་བར་བྱེད། །བྱ་རོག་ས་ལ་འདུག་ནས་ནི། །རྟག་ཏུ་ཐུར་དུ་བལྟ་བར་བྱེད། །གྲོག་མཁར་གྱི་ནི་ཕྱོགས་གཅིག་ན། །གང་དུ་བྱ་རོག་མཆུ་དག་གིས། །རྟག་ཏུ་རྐོ་བར་བྱེད་པ་དང་། །ས་ནི་རྟག་ཏུ་དུད་པར་འཐུལ། ། 100-1-167b གང་ན་ས་ནི་དཀར་པོར་སྣང་། །དབྱར་ཞིང་སྐམ་ལ་རྩུབ་པ་དང་། །རྟག་ཏུ་ཡང་ནི་དུད་པར་འཐུལ། །གཙང་མའི་གནས་ནི་གང་དག་ན། །རྟག་ཏུ་མི་གཙང་སྣང་བ་དང་། །ཉི་མ་ནུབ་ཀ་དག་ཏུ་ཡང་། །དུད་པ་མེད་པར་དུད་འདྲ་སྣང་། །དབྱར་ཞིང་དྲ་བས་ ཁེབས་འགྱུར་ལ། །ཁོ་ར་ཁོར་ཡུག་གས་པ་དང་། །རྟག་ཏུ་ཡང་ནི་རབ་ཏུ་འབར། །ཤིང་དྲུང་གང་ན་རྟག་འབར་དང་། །གེལ་པ་ཁྲི་ཤིང་མེད་པ་ལ། །དབྱར་ཞིང་ཐོག་ཐོག་འབར་བ་དང་། །རྟག་ཏུ་ཚ་སྒོ་གང་དག་ན། །ས་ནི་འཁོར་ལོ་གཤོལ་ དག་གིས། །ཁེབས་པར་སྣང་བ་ཡོད་པ་དང་། །གྲང་བའི་དུས་ན་དྲོ་བ་དང་། །དྲོ་བའི་དུས་ན་གྲང་བ་དང་། །གཞན་དག་གིས་ནི་མ་འདྲེས་པའི། །ཤིང་གི་ཚལ་གྱི་དབུས་དག་ན། །མི་ཡི་ཐོད་པ་ཁུང་ཆེན་ཡོད། །ཨ་ནི་ན་ཛ་བྱི་ཛ་ན་ཀན་ཏེ། ། ཤིང་མེད་གནས་ན་གཏེར་ཡོད་དོ། །ཁང་པ་དོག་པ་དག་ན་ཡང་། །བྲག་ཆའི་སྒྲ་ནི་ཡོད་པ་དང་། །མེ་ཏོག་མེད་ཅིང་འབྲས་བུར་ལྡན། །འབྲས་བུ་ལ་ཡང་མེ་ཏོག་ཆགས། །ཤིང་གང་འབྲས་ལས་འབྲས་བུ་འབྱུང་། །མེ་ཏོག་ལས་ཀྱང་མེ་ཏོག་ སྐྱེ། །དཀྱིལ་འཁོར་བཞི་དང་འདྲ་བ་ཡི། །ས་ནི་རབ་ཏུ་འབར་བ་ཡོད། །གང་ན་ཡལ་ག་གཅིག་པུ་ལས། །འབྲས་བུ་འབྱུང་གི་གཞན་ལས་མིན། །ལོ་མ་མེད་པའི་ཡལ་ག་ལས། །མེ་ཏོག་གང་ནས་འབྱུང་བ་ཡོད། །ཉིན་པར་ལོ་མ་འཁུམ་ འགྱུར་ཞིང་། །མཚན་མོ་འདུ་བར་འགྱུར་བ་དང་། །ཤིང་གཉིས་རྩེ་མོའི་ཡལ་ག་དང་། །རབ་ཏུ་འདུ་བར་འགྱུར་བ་ཡང་། །རྫིང་གི་འགྲམ་ན་སྟོབས་བཟངས་གཟུགས། །ཤར་ཕྱོགས་སུ་ནི་ཁ་བལྟ་ཞིང་། །སྲེད་མེད་བུ་ཡང་ལྷོ་ཕྱོགས་འདུག ། ཅི་སྟེ་རྫིང་གི་འགྲམ་དག་ན། །སངས་རྒྱས་སྐུ་གཟུགས་ཡོད་པ་དང་། །ཀུན་དགའ་ར་བ་ཡི་ཕྱོགས་གཅིག་ན། །ཅི་སྟེ་གནོད་སྦྱིན་གཟུགས་ཡོད་དང་། །སྐུ་བ་ཡི་ནི་ལོ་མ་རྣམས། །ཕུར་མར་ཆགས་ཤིང་བུ་གུ་ཡོད། །ཅི་སྟེ་ཞིང་གི་དབུས་དག་ ན། །ཀླུ་ཡི་གཟུགས་དང་སྐུ་ལ་ཀ །ཡང་ན་བདེ་བྱེད་མཚན་ཡོད་དང་། །ཅི་སྟེ་ཞིང་གི་དབུས་དག་ན། །ཁྲོན་པ་འགའ་ཞིག་ཡོད་པ་དང་། །བདེ་བྱེད་གནས་ཀྱི་སྟེགས་བུ་ཡི། །ཕྱོགས་གཅིག་ན་ནི་གཟུགས་གཞན་ཡོད། །ལམ་གྱི་བཞི་མདོའི་ཤིང་ 100-1-168a དྲུང་ན། །ཅི་སྟེ་ཁྲོན་པ་ཡོད་པ་དང་། །དཱུར་བ་དཀར་པོའི་ཕྱོགས་བཞི་ནས། །རྩྭ་རྣམས་ཀྱིས་ཀྱང་བསྐོར་བ་དང་། །ཤིང་ལ་ཅི་སྟེ་གཟུགས་ཡོད་དང་། །ས་ལ་སྦྲང་མས་རྟག་ཏུ་བསྐོར། །ས་ཕྱོགས་བཟང་པོར་དབྱར་གྱི་དུས། །སྲིན་ཕྱིས་ ཕུང་པོ་སྣང་བ་ཡོད། །རྟགས་འདི་རྣམས་ལས་གཏེར་རྣམས་ཀྱི། །མཚན་མ་དག་ནི་བརྟགས་བྱས་ཏེ། །འབྱུང་བ་དག་ནི་ངས་བཤད་ཟིན། །དེ་ནས་བླུགས་པར་བྱ་བའི་སྨན། །གང་དག་གིས་ནི་རྟོགས་འགྱུར་ནས། །རྟག་ཏུ་ཐེ་ཚོམ་མེད་འགྱུར་བའི། ། བླུགས་སྨན་ཆོ་ག་མཉན་པར་གྱིས། །འབྲས་ཅན་ཞོས་སྦྱར་ཏིལ་ཕྱེ་དང་། །ཀུན་ཛ་ར་ཡི་མེ་ཏོག་རྣམས། །མ་ཧེའི་འོ་མས་སྦྱར་བར་བྱ། །སྣ་མའི་མེ་ཏོག་བརྟག་པར་བྱ། །ཀ་ར་བཱི་རའི་མེ་ཏོག་རྣམས། །མ་ཧེའི་འོ་མ་བ་གཅིན་སྦྱར། །སྲན་ཆུང་ཏིལ་ དང་ལྷན་ཅིག་ཏུ། །ཆུ་ཡིས་བུ་ནི་བརྟགས་པར་བྱ། །ཀུན་དའི་མེ་ཏོག་བླངས་བྱས་ལ། །འོ་མ་ཙན་དན་དག་དང་སྦྱར། །ཨིནྡྲ་བྲིག་ཤའི་ལོ་མ་རྣམས། །ཞོ་ག་ཆུ་དང་བཏག་པར་བྱ། །ཉ་ལྕིབས་ས་ནི་བླངས་ནས་ཀྱང་། །ཆུ་དང་ལྷན་ཅིག་བརྟག་ པར་བྱ། །ཀུན་དའི་མེ་ཏོག་མ་བྱེ་བ། །བླངས་ནས་འོ་མས་སྦྱར་བར་བྱ། །ཨརྐ་ད་དང་དམར་པོའི་ལོ་མ་རྣམས། །འོ་མ་ཡིས་ནི་སྦྱར་བར་བྱ། །ཨ་ཤ་ན་ནི་ཞོ་དང་སྦྱར། །མཁས་པས་བླུགས་སྨན་དེ་བྱས་ལ། །རང་བཞིན་གྱུར་པར་རྟོགས་ ནས་ནི། །ནོར་ཡོད་པར་ནི་བསྟན་པ་ཡིན། །གཞན་དག་ཀྱང་ནི་བཤད་བྱ་སྟེ། །མ་བསྲེགས་པ་ཡི་ཁམ་ཕོར་དག །འབྲས་ཕྱེ་འདག་གུས་བསྐུས་བྱས་ལ། །མཛུབ་གང་བརྐོས་ནས་བཞག་པར་བྱ། །རང་བཞིན་གཞན་དུ་གྱུར་ན་ནི། ། ནོར་རྣམས་ཡོད་པར་ཤེས་པར་བྱ། །ཡུངས་ཀར་ཨ་དའི་མེ་ཏོག་རྣམས། །གོང་བུ་དག་ཏུ་བརྫིས་ནས་ནི། །རང་བཞིན་གྱུར་ན་ནོར་ཡོད་དོ། །འབྲས་རྣམས་ཐིལ་དང་ལྷན་ཅིག་ཏུ། །ཞོ་དང་སྦྱར་ཏེ་གོང་བུར་བྱས། །ཁམ་ཕོར་ཁ་སྦྱར་ནང་ བཅུག་ལ། །མཛུག་གང་བསྐོས་པའི་འོག་ཏུ་བཞག །རང་བཞིན་གྱུར་ན་ནོར་ཡོད་དོ། །རྒུན་སྨད་དུས་སུ་དུས་རྣམས་ནི། །མར་གྱིས་བཀང་སྟེ་བརྐོས་ནས་བཞག །ཞུ་བར་གྱུར་ན་ནོར་ཡོད་དོ། །ལྷ་རྣམས་སེམས་ཅན་དོན་གྱི་ཕྱིར། ། 100-1-168b བླུགས་སྨན་དམ་པའི་ཆོ་ག་རྣམས། །བདག་གིས་སུ་ནི་བཤད་པ་ཡིན། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །མིག་སྨན་གང་གིས་མིག་བསྐུས་ན། །ས་ལ་གཏེར་ཀུན་མཐོང་འགྱུར་བའི། །མིག་སྨན་རྣམས་ཀྱང་བཤད་པར་བྱ། ། འུག་པའི་མཆི་མ་ཟགས་པ་ཡིས། །ལིག་བུ་མིག་ནི་བསྒོས་ནས་ཀྱང་། །ལྡོང་རོས་དག་དང་ལྷན་ཅིག་ཏུ། །བློ་ཅན་གྱི་ནི་མིག་ཀྱང་བསྐུ། །ལྡོང་རོས་དག་ནི་ཤིང་མངར་དང་། །གེའུ་ཝང་དང་ནི་འུག་པ་ཡི། །མིག་རྣམས་ལྷན་ཅིག་ སྦྱར་བྱས་ལ། །བློ་ལྡན་གྱིས་ནི་མིག་ཀྱང་བསྐུ། །ར་ཡི་གཅིན་དང་དེ་བཞིན་དུ། །བྱི་ལ་ཡི་ནི་གཅིན་བླངས་ལ། །འུག་པའི་མིག་དང་ལྷན་ཅིག་ཏུ། །དུད་པ་བཀག་སྟེ་བསྲེག་པར་བྱ། །ལིག་བུ་མིག་དང་སྦྱར་བྱས་ལ། །བློ་ལྡན་གྱིས་ནི་ མིག་ཀྱང་བསྐུ། །རྡུལ་བྱེའུ་རང་ནི་ཤི་བ་ཡི། །ཁོང་དུ་ལིག་བུ་མིག་བཅུག་ལ། །དུད་པ་བཀག་སྟེ་བསྲེགས་པ་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །འཇོན་མོའི་མགོ་ཡི་ནང་དག་ཏུ། །ལིག་བུ་མིག་ནི་བཅུག་ནས་ཀྱང་། ། དུད་པ་བཀག་སྟེ་བསྲེགས་ན་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །ནིའུ་ལེའི་མགོ་བོ་བླངས་ནས་ནི། །དེ་ཡི་ནང་དུ་ལྡོང་རོས་གཞུག །དུད་པ་བཀག་སྟེ་བསྲེགས་པ་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །མཐིང་རིལ་སྒོ་ང་བྱ་ གག་སྒོང་། །དེ་བཞིན་སྦྲུལ་མགོ་དེ་དག་རྣམས། །དུད་པ་བཀག་སྟེ་བཞག་པ་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །ན་མ་སྐ་རི་སྦྲུལ་མགོ་དང་། །ལིག་བུ་མིག་དང་སྦྱར་བྱས་ནས། །དུད་པ་བཀག་སྟེ་བསྲེགས་པ་ནི། ། མིག་སྨན་རབ་ཏུ་བཟང་བ་ཡིན། །རང་ཤི་བ་ཡི་སྦྲུལ་དག་གི། །ཁོང་དུ་ལིག་བུ་མིག་བཅུག་ལ། །ལྡོང་རོས་དང་ནི་ལྷན་ཅིག་ཏུ། །དུད་པ་བཀག་སྟེ་བསྲེགས་པ་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །ན་མ་སྐ་རི་གིའུ་ཝང་དང་། ། འུག་པ་ཡི་ནི་མིག་རྣམས་དང་། །འཇོན་མོའི་མགོ་དང་ཆ་མཉམ་པར། །དུད་པ་བཀག་སྟེ་བསྲེགས་པར་བྱ། །ལུང་བོང་གི་ནི་མིག་གཉིས་དང་། །དེ་བཞི་བྱི་བའི་མིག་གཉིས་དང་། །བྱ་རྒོད་མགོ་དང་ལྷན་ཅིག་ཏུ། ། 100-1-169a དུད་པ་བཀག་སྟེ་བསྲེག་པ་ནི། །མིག་སྨན་རབ་ཏུ་བཟང་བ་ཡིན། །སྤྲེའུ་ཡི་འཇུག་མ་དག་དང་ནི། །དེ་བཞིན་འཇོན་མོའི་མིག་གཉིས་དང་། །སྦྲུལ་གྱི་མགོ་དང་ལྷན་ཅིག་ཏུ། །དུད་པ་བཀག་སྟེ་བསྲེགས་པ་ནི། ། མིག་སྨན་ཀུན་གྱི་མཆོག་ཡིན་ནོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །མིག་སྨན་གྱི་ནི་སྦྱོར་བ་མཆོག །ལྷ་རྣམས་དག་གི་བཤད་པ་ཡིན། །མིག་སྨན་རྣམས་དང་བླུགས་སྨན་རབ་ཏུ་བཟང་པ་ཡིན། རིག་སྔགས་ཀྱང་ རྒྱལ་པོས་བྱའོ། །ཉེ་བའི་སྙིང་པོ་རྫོགས་སྷོ།། །། ངས་སྔར་བཤད་པའི་ཕོ་ཉ་གང་ཡིན་པ་ཐམས་ཅད་ཀྱི་ཕོ་ཉ་མོའི་ལས་བཤད་པར་བྱའོ། །ལྷ་རྣམས་ཀྱི་རིག་སྔགས་ཆེན་པོའི་འཕྲུལ་བའི་རིག་སྔགས་དེ་དག་གི་རིག་སྔགས་ཀྱི་ཆོ་ གའི་ལས་ཀྱང་བཤད་པར་བྱའོ། །དེ་ལ་ཕོ་ཉ་མོ་ཐམས་ཅད་ཀྱི་ལས་ནི་འདི་ཡིན་ཏེ། ལོངས་སྤྱོད་ཀྱི་གཞི་བསྒྲུབ་པར་འདོད་པས་ཞག་གསུམ་སྨྱུང་བར་བྱས་ལ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ། ལྷ་བཤོས་སྣ་ཚོགས་ ཕུལ་ནས་མཆོད་པར་བྱས་སྟེ། པྲི་ཡང་ཀུའི་ཤིང་གིས་མེ་སྦར་ལ་པྲི་ཡང་ཀུ་དང་གེའུ་ཝང་དང་། རི་ལུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱི་ཐ་མར་ལོངས་སྤྱོད་ཀྱི་གཞི་འཐོབ་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ མཆོད་སྦྱིན་བྱས་པའི་མཆོད་སྡོང་བླངས་ནས། མི་རོ་བསྲེགས་ན། རིག་སྔགས་ཀྱི་སྙིང་པོ་དང་ལྡན་པར་བཟླས་བརྗོད་བྱེད་བཞིན་དུ། འདག་མ་བླངས་ལ་བླངས་པ་དེ་སྤྱན་གྱི་སྔགས་བཟླས་བརྗོད་བྱེད་བཞིན་དུ། ཕུག་རོན་གྱི་ ཁུང་དུ་ཤི་བར་བྱས་ཏེ། ཕྱི་མའི་མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོའི་གནས་སུ་སོང་ནས་ལོག་འདྲེན་གྱི་སྔགས་ཀྱིས་གཏོར་མའི་ཆོ་ག་ཐམས་ཅད་བྱས་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྡུམ་བུ་སོ་མའི་འདབ་མ་བདུན་བླངས་པའི་ སྟེང་དུ་སོལ་བ་བཞག་ནས་གཟུགས་ཀྱི་ལྷོ་ཕྱོགས་སུ་རིག་སྔགས་བཟླས་བརྗོད་བྱ་སྟེ་དུད་པ་འཐུལ་ཞིང་བར་དུ་བཟླས་བརྗོད་བྱས་ལ། དེ་བླངས་ནས་ནང་པར་བྲམ་ཟེ་རྣམས་དང་། དགེ་སློང་གི་དགེ་འདུན་ལ་མཆོད་སྟོན་བྱས་ལ། དེ་ནས་སྦྱར་བར་བྱ་སྟེ། 100-1-169b ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་ཚེ་ལོ་ལྔ་བརྒྱ་ཐུབ་ལ། ཕོ་ཉ་མ་ཐམས་ཅད་དབང་དུ་འགྱུར་རོ། །ཟས་སུ་འོ་མའི་འདག་གུ་ཟ་ཞིང་ཚེས་གཅིག་ལ་བརྩམས་ཏེ། ཚེས་བདུན་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ནས་ཞག་གཅིག་སྨྱུང་ བ་བྱས་ལ་དཀའ་བཟློག་མའི་གནས་སུ་སོང་སྟེ། འབྲས་ཕྱེ་ལས་མདུང་རྩེ་གསུམ་པ་བྱས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡུལ་གྲུ་ཐོབ་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་མ་མོའི་གནས་སུ་སོང་ལ་མཆོད་པ་བྱས་ཏེ། དབང་ཕྱུག་ཆེན་པོའི་སྔགས་ཀྱི་ལས་ ཐམས་ཅད་བྱའོ། །མ་མོའི་གཙོ་བོའི་མདུན་དུ་འབྲས་ཕྱེ་ལས་མཁུར་བ་དཀྲིས་ཤིང་ལྡན་པར་བྱས་པ། བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡུལ་གྲུ་སྦྱིན་པར་བྱེད་དོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་ མདུན་དུ་སྣ་མའི་མེ་ཏོག་ཁ་མ་བྱེ་བ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཕོ་ཉ་མ་ཐམས་ཅད་ལས་སོ་ཅོག་བྱིང་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་བསྒྲུབ་པའི་ལས་རྣམས་ལ་ནི་ཕོ་ཉ་མ་རྣམས་སྦྱར་བར་བྱའོ། །ཕོ་ཉ་མ་རྣམས་ལ་ ནི་བདུད་རྩི་ཐབས་སྦྱོར་དང་། དགའ་བྱེད་གདོང་སྦྱར་བར་བྱའོ། །བདུད་རྩི་ཐབས་སྦྱོར་ལ་སོགས་པའི་གསང་སྔགས་ཐམས་ཅད་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་དང་སྤྱན་སྦྱར་བར་བྱའོ། །ཡང་ན་བཅོམ་ལྡན་འདས་མ་ཉི་ཚེ་སྦྱར་བར་ བྱའོ། །གདོན་ནོ་ཅོག་དབྱེ་བར་འདོད་ན་མ་ད་ནའི་ཚེར་མ་དུག་དང་ཁྲག་གི་ནང་དུ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་འབྱེར་བར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་སྨིན་དྲུག་གི་བུའི་གནས་སུ་ སོང་ནས། རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་གཞན་གྱི་ཡིད་དུ་འོང་བར་འགྱུར་རོ། །སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་ སོང་ལ་གཟུགས་ཀྱི་ལྷོ་ཕྱོགས་སུ་སེང་ལྡེང་གི་ཤིང་གིས་མེ་སྦར་ནས་ཡུངས་ཀར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ། །མར་གྱི་ངོ་ཚེས་བདུན་ལ་རྒྱུ་སྐར་ས་རི་ལ་བབ་པའི་ཚེ་བིལ་ 100-1-170a བ་ལས་ཤིང་བརྙན་བདུན་སྐྱེས་པ་བླངས་ནས་དུག་མོ་ཡུངས་གྱི་ཤིང་དྲུང་ལན་སྟོང་བཟླས་བརྗོད་བྱས་ཏེ་བཙུགས་ན་གྲོང་ཁྱེར་གྱི་མི་ཐམས་ཅད་གཉིད་ལོག་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་སྤོས་ཀྱི་རེང་བུ་བླངས་ཏེ། མིའི་ཚིལ་གྱིས་བསྒོས་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་སོང་ནས་མཆོད་པ་རྒྱས་པར་བྱས་ལ་གཟུགས་ཀྱི་ལྷོ་ཕྱོགས་སུ་སྤོས་ཀྱི་འདག་གུས་མདུང་རྩེ་གསུམ་པ་བྲིས་ནས་དེའི་ སྟེང་དུ་མིའི་ཐོད་པ་བཞག་པ་ལ་འདུག་སྟེ། ཐོད་པའི་སྣོད་མི་ཚིལ་གྱིས་བཀང་བའི་ནང་དུ་སྤོས་ཀྱི་རེང་བུ་བཞག་པ་ལས་ཐོད་པའི་ནང་དུ་དུད་པ་ཆགས་པར་བྱས་ན་དེ་བླངས་པ་ལག་ན་རྡོ་རྗེ་དང་། ལྷ་ཆེན་པོ་དང་། གྲོགས་རྣམས་ལ་ ཡང་སྐལ་བ་སྦྱིན་ཏེ། དེ་ནས་མིག་གཉིས་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་། འདོད་དགུར་སྒྱུར་བའི་གཟུགས་ཅན་སྟོབས་པོ་ཆེ་ཚེ་ལོ་དགུ་བརྒྱ་ཐུབ་པར་འགྱུར་རོ། །གདོན་ལས་ཐར་བར་བྱ་འདོད་ན་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ཏེ་ ལན་ཚྭ་དང་སྐེ་ཚེས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཆོ་ངེ་བཏོན་ནས་གཏོང་བར་འགྱུར་རོ། །དགུན་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་མེ་སྦར་ ནས་དྲིན་ཤུ་ལེའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཕོ་ཉ་མོ་ཐམས་ཅད་ཀྱིས་དམ་པ་སྦྱིན་པར་འགྱུར་རོ། །ཚོགས་ཀྱི་བདག་པོ་ལྕགས་ཅན་ནི་ཕོ་ཉ་མ་ཐམས་ཅད་ཀྱི་གཞེན་འདེབས་པ་དང་། སྒྲུབ་པ་བྱེད་པར་ངས་བསྐོས་ཏེ། དེ་དྲན་པར་བྱས་ན་ཕོ་ཉ་མ་ཐམས་ཅད་མདུན་ན་འཁོད་པར་འགྱུར་རོ། །ང་དང་ལྷ་རྣམས་ཀྱི་སྙིང་པོ་ལྟ་བུར་གྱུར་པ་འབྱུང་པོའི་བདག་པོའི་ཆོ་ག་རྒྱས་པ་བསྒྲུབ་པ་ཕོ་ཉ་མ་ཐམས་ཅད་ཀྱི་ཡིད་དང་འཐད་པ་ཚོགས་ཀྱི་བདག་པོ་ལྕགས་ ཅན་བཤད་པར་བྱའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏད་ཡ་ཐཱ། ར་བ་ར་བ། དྷ་བ་དྷ་བ། མ་ར་མ་ར། བྷཉྫ་བྷཉྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། 100-1-170b ཧ་ན་ལ་ཧ་ཀ་བཛྲ་ན་སྭཱ་ཧཱ། ལྕགས་ཅན་སྙིང་ལྟ་བུར་གྱུར་པ། འབྱུང་པོའི་བདག་པོའི་ཆོ་ག་རྒྱས་པར་བསྒྲུབ་པོ། །ཚོགས་ཀྱི་བདག་པོའི་ཕོ་ཉ་མ་ཐམས་ཅད་ཀྱི་ཡིད་དང་འཐད་པ་བཤད་དེ། ན་མོ་བཛྲ་པཱ་ཎ་ཡེ། ན་མཿཨཱི་ཤྭ་རཱ་ཡ། ན་མོ་ནནྟ་ཀེ་ཤྭ་རཱ་ཡ། རུ་ལུ་རུ་ལུ། པི་ལ་ཏ་མ་ཏ་གི་ཙ་ལ་ལོ་ཧ་ཀ །དུཥྚ་སཾ་གྲ་ཧ་མི་ནཾ། ཨཱ་བེ་ཤཱ་ཡ་སྭཱ་ཧཱ། འདི་ནི་ཚོགས་ཀྱི་བདག་པོ་ལྕགས་ཅན་ཕོ་ཉ་མ་རྣམས་ཀྱི་གཞེན་འདེབས་པ་དང་། སྒྲུབ་པར་བྱེད་པ་ཐོགས་པ་ མེད་པའི་ལས་ཅན་ནོ། །གདོན་དབབ་པ་ཐམས་ཅད་ལ་ནི་མེ་ཏོག་གིས་བྱའོ། །ལས་སོ་ཅོག་ལ་ཡང་ཚོགས་ཀྱི་བདག་པོ་ལྕགས་ཅན་བརྗོད་ནས་ལས་ཐམས་ཅད་བྱའོ། །ཞག་གསུམ་སྨྱུང་བ་བྱས་ནས་མར་གྱི་ངོ་ཞག་ བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་བརྐྱང་ནུལ་གྱི་བྱུགས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བཻ་ཀངྐ་ཏའི་ཤིང་གིས་མེ་སྦར་ལ་བིལ་བའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བྱས། དེའི་འོག་ཏུ་ ཚོགས་ཀྱི་བདག་པོ་ལྕགས་ཅན་གྱིས་མཚན་མོ་རྨི་ལམ་དུ་བསྟན་པར་འགྱུར་རོ། །དེ་ནས་ཕོ་ཉ་མ་ཐམས་ཅད་བྱེད་པར་འགྱུར་རོ། །ཕོ་ཉ་མ་རྣམས་ཀྱི་ཆོ་ག་རྫོགས་སྷོ།། །། ལོག་འདྲེན་རྣམས་ཀྱི་རིག་སྔགས་ བཤད་པ་གང་ཡིན་པ་དེ་ནི་སྙིང་པོའི་མཆོག་ཀྱང་བཤད་པར་བྱ་སྟེ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པི་ཏི་ཏ་མ་ཏ་སྟཻ་ཧ། སྙིང་པོའི་ལས་རྣམས་འབྱུང་སྟེ་བསྒྲུབ་པ་ཐམས་ཅད་དང་། ལས་ཐམས་ཅད་ལ་ལས་འདི་ཉིད་བྱ་སྟེ། གུ་གུལ་དང་ནི་ཡུངས་ཀར་དང་། གིའུ་ཝང་ཤུ་དག་རུ་རྟ་དང་། །སུག་སྨེལ་ཡང་ནི་དེ་བཞིན་ཏེ། །སྒྲོན་ཤིང་དང་ནི་ཐང་ཤིང་དང་། །ཙན་དན་དང་ནི་ཨ་ཀ་རུ། །ཀ་ལེ་ཡ་ཀ་པད་ཏྲ་དང་། །གེ་སར་འདི་རྣམས་ཆ་མཉམས་ལ། །ཆུ་དང་ལྷན་ ཅིག་བཏག་པར་བྱ། །གང་ན་སྦྱར་སྨན་འདི་གནས་པ། །དེར་ནི་འཇིགས་པ་མི་འབྱུང་སྟེ། །ཆོམ་རྐུན་མ་ཡིན་མཚོན་རྣམས་མིན། །སྦྲུལ་རྣམས་མ་ཡིན་ལྷ་མིན་མིན། །ལག་ན་རྡོ་རྗེའང་འདིས་བསྐུལ་བས། །ས་སྟེངས་དག་ཏུ་རྒྱལ་བར་གྱུར། ། 100-1-171a འདི་ཡིས་ལུས་ལ་བསྐུས་པ་ནི། །ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྦྱར་སྨན་འདི་ནི་བྱས་ནས་ཀྱང་། །བསྒྲུབ་པ་ཐམས་ཅད་བསྒྲུབ་བྱས་ན། །ལོག་འདྲེན་རྣམས་ཀྱིས་མི་ཚུགས་ཏེ། །ལག་ན་རྡོ་རྗེས་བཤད་པ་བཞིན། ། ལོག་འདྲེན་རྣམས་ཀྱང་གཞེན་འདེབས་པ། །སྒྲུབ་པ་བྱེད་པར་ནི་འཕགས་པ་ལག་ན་རྡོ་རྗེས་བདུད་རྩི་ཐབས་སྦྱོར་བསྐོས་སོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོའི་ ཁུ་བས་འཕགས་པ་བདུད་རྩི་ཐབ་སྦྱོར་བྲིའོ། །དེའི་གཡོག་སུམ་བཅུ་རྩ་གཉིས་ཀྱང་ཐལ་བས་བྲིའོ། །ལོག་འདྲེན་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །བདུད་རྩི་ཐབ་སྦྱོར་ཡང་ལན་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་ལག་ན་རྡོ་ རྗེས་བཤད་པ་བཞིན་དུ་ལོག་འདྲེན་རྣམས་འགྲུབ་པར་འགྱུར་རོ། །ལོག་འདྲེན་རྣམས་ཀྱི་ཆོ་ག་རྫོགས་སྷོ།། །། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་རིག་པ་མཆོག་ལས་བཅོམ་ལྡན་འདས་མ་གོས་དཀར་ཅན་བཤད་པ་གང་ཡིན་ པ་དེའི་ཕྱི་མའི་ལས་རྣམས་ངས་བཤད་ཀྱིས་ལྷ་རྣམས་ཉོན་ཅིག །བསྒྲུབ་པ་ཐམས་ཅད་ལ་བསྲུང་བ་ཡིན་ཏེ། ཆོམ་རྐུན་དང་། སྟག་དང་། སྦྲུལ་དང་། ཆུ་སྲིན་ན་ཀྲ་དང་། མ་ཀ་ར་རྣམས་ལས་གནས་བསྲུང་བ་དང་། མཚམས་བཅད་པ་དང་། ཁ་བཅིང་བར་བྱ་བ་རྣམས་ཡིད་ཀྱིས་བྱའོ། །གཏེར་བླང་བ་ནི་གཏེར་གང་ན་ཡོད་པ་དེར་སོང་ལ་སྨྱུང་བར་བྱས་ཏེ། དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་བིལ་བའི་ཤིང་གིས་མེའི་ནང་དུ་ཡུངས་ཀར་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་ བྱས་ན་དེའི་འོག་ཏུ་གཏེར་སྟོན་པར་འགྱུར་ཏེ། དེ་ནས་བླངས་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་བརྒྱ་སྟོང་ལན་རེ་བཟླས་ བརྗོད་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྲང་དུ་བསྣུན་ལ་བཟླས་བརྗོད་རྫོགས་པའི་ཏིལ་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དངོས་གྲུབ་གྲུབ་པའི་མཚན་མར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡན་ལག་དང་ 100-1-171b ཉིང་ལག་འགུལ་བར་འགྱུར་རོ། །དེ་ནས་གྲུབ་ནས་ཡུལ་གྲུ་འམ། ཡང་ན་གསེར་སྦྱིན་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ལ་དེ་ནས་རིག་སྔགས་འཆང་གིས་ཟླ་བ་ཉ་ལ་ཞག་གཅིག་ སྨྱུང་བ་བྱས་ཏེ། རས་མ་ཉམས་པ་ལ་ཚོན་རྩི་སྤྱིན་མེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་སྟེ། འདམ་བུ་འདའ་རྒྱུའི་མདོག་ཅན་ཐོར་ཚུགས་བྱས་པ་ལག་པ་གཡོན་པ་ན་པད་མ་ཐོགས་པ། གཡས་པ་ན་ སྔགས་ཀྱི་ནོར་བུ་ཐོགས་ཏེ། བྲང་ན་དཔལ་བེའུ་ཡོད། པད་མ་ལ་བཞུགས་པར་བྱ། གཡས་ཕྱོགས་སུ་བཅོམ་ལྡན་འདས་མ་གོས་དཀར་ཅན་འདམ་བུ་འདའ་རྒྱུའི་མདོག་དང་ལྡན་པ། ཐོར་ཚུགས་བྱས་ཤིང་པད་མའི་ཕྲེང་བས་བརྒྱན་པ། པདྨ་ ལ་བཞུགས་ཏེ། ཡིད་ཙམ་གྱིས་འདུད་པར་བྱའོ། །དེ་ནས་རིག་སྔགས་འཆང་སྤྱད་པ་བྱས་པས་མར་གྱི་ངོ་ཞག་ལྔ་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་རི་མོའི་སྐུ་གཟུགས་བཀྲམ་སྟེ། མཆོད་པ་རྒྱས་པར་བྱས་ལ་ལྷ་བཤོས་ ཀྱང་རྒྱས་པར་དབུལ་ལོ། །རི་མོའི་གཟུགས་ཀྱི་མདུན་དུ་པྲི་ཡང་ཀུའི་ཕྱེ་མ་བརྫིས་པས་གཟུགས་བྱས་ཏེ། སྤྱན་རས་གཟིགས་ཀྱི་གསང་སྔགས་སྙིང་པོ་དང་བཅས་པས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་འཇུག་བརྟུལ་ཏེ་རིག་ སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱས་པས་མཚམས་རྣམས་བཅད་པར་བྱའོ། །བཅོམ་ལྡན་འདས་མས་ནི་སྟེང་དང་འོག་བཅིང་བར་བྱའོ། །སྟེང་དང་འོག་བཅིང་བ་ན་ལྷོ་ཕྱོགས་སུ་སྐར་མདའ་ལྟུང་བར་འགྱུར་ཏེ་དེ་ནས་དངོས་གྲུབ་འགྲུབ་པའི་ མཚན་མར་ཤེས་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡང་ཉེ་རེག་པས་ལ་རི་མོའི་གཟུགས་ཀྱི་མདུན་དུ་ཀུ་ཤའི་སྟན་བྱས་ལ་འདུག་སྟེ། རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་རི་མོའི་གཟུགས་འགུལ་ཞིང་ས་ཡང་ གཡོ་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ། བླ་མ་ལ་ཕྱག་བྱས་ནས། རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་གྱེན་དུ་འཕགས་པར་བྱའོ། །འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་དཔག་ཚད་སྟོང་དུ་གྱེན་དུ་ 100-1-172a འཕགས་ཤིང་རྣ་བ་གསང་ཞིང་མིག་རྣོ་བ་དང་། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །ལུས་དང་བྲལ་བའི་འོག་ཏུ་ཡང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གོས་དཀར་ཅན་གྱི་རིག་ སྔགས་ཀྱི་ཆོ་ག་ལ་གཞེན་འདེབས་ཤིང་སྒྲུབ་པར་བྱེད་པའི་གསང་སྔགས་ཆེན་པོ་ཡང་ངས་སྦྱིན་པར་བྱའོ། །ཨོཾ་ཤྲཱི་པཱཎྜ་ར་པཱ་སི་ནི། ན་ཛ་ཊ་མུ་ཀུ་དྷཱ་ད་ར་ཎེ་སྭཱ་ཧཱ། ཀ་བེ་ཀ་བེ་ཀ་བེ་ཀཾ་བི་རི་སྭཱ་ཧཱ། རིག་སྔགས་འདི་ལག་ན་རྡོ་རྗེའི་ མདུན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གཞག་པར་བྱའོ། །དེའི་གཡོན་རོལ་དུ་ནི་གོས་དཀར་ཅན་གཞག་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོ་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བ་བྱས་ཏེ། མེ་ཏོག་དང་དྲི་དང་བདུག་པ་ལ་སོགས་པས་མཆོད་པ་བྱས་ནས་ཞག་གསུམ་གྱི་བར་དུ་བཟླས་བརྗོད་བྱས་ན། དེ་ནས་གོས་དཀར་ཅན་འགྲུབ་པར་འགྱུར་རོ། །གོས་དཀར་ཅན་གྱི་ཆོ་ག་རྫོགས་སྷོ།། །། ལྷ་རྣམས་ངས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་གི་ལས་རྣམས་བཤད་ཟིན་ཏེ། གཞོན་ནུ་རྡོ་རྗེའི་སྡེའི་ཐོགས་པ་མེད་པའི་ལས་རྣམས་ཀྱང་བཤད་པར་བྱའོ། །སྟོན་ཟླ་ར་བ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཀ་ར་བཱི་རའི་མེ་ ཏོག་བརྒྱ་སྟོང་ལན་རེ་བཟླས་བརྗོད་བྱས་པས་འཕགས་པ་རྡོ་རྗེ་ལ་སྡེ་ལ་བསྣུན་ནས་མདུན་དུ་འདུག་པར་གྱུར་ཏེ། ཕོ་ཉ་མོ་རྣམས་ཀྱིས་ལྷའི་ཚོགས་སོ་ཅོག་འགུགས་པར་འགྱུར་ཞིང་དངོས་གྲུབ་སྦྱིན་དུ་འཇུག་སྟེ། མངགས་མ་ཐག་ཏུ་ཡིད་ཅི་ སེམས་པ་འགྲུབ་པར་འགྱུར་རོ། །གདོན་རྣམས་ཀྱི་སྙིང་གཞོམ་པར་བྱ་ན། ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བྱའོ། །བཅའ་སྒ་ལ་ལན་བདུན་བཟླས་བརྗོད་བྱ་སྟེ། གདོན་ལ་བསྟན་ན་གདོན་གྱི་ལུས་ཚ་བས་འདེབས་པར་ འགྱུར་རོ། །ནད་དོ་ཅོག་ལ་ས་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། བྱིན་ན་ནད་མེད་པར་འགྱུར་རོ། །གཞོན་ནུ་མཆོག་གི་གཞེན་འདེབས་ཤིང་སྒྲུབ་པར་བྱེད་པའི་སྙིང་པོ་བཤད་ཟིན་ཏོ། །དྲག་ཏུ་བསྐུལ་བ་གཞན་ཡང་བཤད་པར་བྱའོ། ། 100-1-172b ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། འཕགས་པ་རྡོ་རྗེ་སྡེའི་སྙིང་པོའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེའི་སྡེ་བཞག་ནས་མེ་ཏོག་དཀར་པོ་བརྒྱ་སྟོང་སྙིང་པོ་དང་སྦྱར་ཏེ། འཕགས་ པ་རྡོ་རྗེ་སྡེ་ལ་བསྣུན་ན་དེ་ནས་འཕགས་པ་རྡོ་རྗེ་སྡེ་འགྲུབ་པར་འགྱུར་ཏེ། དྲག་ཏུ་བསྐུལ་བའི་སྙིང་པོ་མཆོག་བཟླས་བརྗོད་བྱས་པས་ཐམས་ཅད་བྱེད་པར་འགྱུར་རོ། །འཕགས་པ་རྡོ་རྗེའི་སྡེའི་ཆོ་ག་རྫོགས་སྷོ།། །། ལྷ་རྣམས་ངས་འཕགས་པ་རྡོ་རྗེ་སྡེའི་ལས་གང་དག་གིས་མྱུར་དུ་མདུན་ན་གནས་པར་གྱུར་པ་རྣམས་བཤད་ཟིན་ཏེ་འགྱིང་བར་དགའ་བ་མཐུ་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་རྒྱུད་ཕྱི་མ་གང་གིས་རྩེ་བཞིན་དུ་བདེ་བླག་དུ་ལས་རྣམས་ བྱེད་པ་ཡང་བཤད་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་གཞོན་ནུ་ མཆོག་འགྲུབ་པར་འགྱུར་ཏེ། ལས་ཏེ་གྲུབ་པས་ཆོ་ག་རྒྱས་པར་གཞན་དག་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་གཞོན་ནུའི་གསང་སྔགས་དྲན་པར་བྱས་ཏེ། དྲན་པ་ཙམ་གྱིས་ མྱུར་དུ་མདུན་ན་འདུག་པར་འགྱུར་རོ། །རྩེ་ཞིང་སྒྲུབ་ན་ལྷ་ཐམས་ཅད་གཞོན་ནུ་བལྟ་བའི་ཕྱིར་འོང་བར་འགྱུར་ཏེ། འོངས་ནས་དངོས་གྲུབ་སྦྱིན་པར་བྱའོ། །ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོའི་ གནས་སམ། ཡང་ན་ཀུན་དགའི་ར་བ་འམ། ཁང་སྟོང་དུ་སོང་ནས་བེའུ་དཀར་པོ་བླངས་ཏེ། དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ལ་ཁ་ལྷོ་ཕྱོགས་སུ་བསྟན་ནས་སྦྲང་རྩི་དང་། ཨ་ལམ་བུ་མས་ལག་པ་གཉིས་བསྐུས་ ཏེ། རྐང་པ་གཡས་པ་བྱུག་པར་བྱའོ། །རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། བེའུ་སྨྲར་གཞུག་གོ། །དེ་སྟེ་སྨྲར་མི་བཏུབ་ན་ཡང་ལན་བརྒྱད་སྟོང་བཟླས་བརྗོད་བྱ་སྟེ། དེ་ནས་སྨྲར་བཅུག་ན་ཅི་བྱ་ཞེས་ 100-1-173a སྨྲ་བར་འགྱུར་རོ། །དེས་ཀྱང་འདོད་པ་ཐམས་ཅད་སྦྱིན་པར་གྱིས་ཤིག་ཅེས་སྨྲོས་ཤིག །དེ་ནས་ཡིད་ལ་གང་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཚེ་ལོ་སྟོང་ཉིས་བརྒྱ་ཐུབ་པར་འགྱུར་རོ། །གཞོན་ནུའི་ལས་རིག་ སྔགས་སྒྲུབ་པར་བྱེད་པ་བཤད་ཟིན་ཏོ། །ཅི་སྟེ་རྡོ་རྗེའི་རིགས་བསྒྲུབ་པར་འདོད་ན། ལག་ན་རྡོ་རྗེའི་སྲས་གཙུག་ནས་བྱུང་གཏུམ་པ། དྲག་པ། འདུལ་དཀའ་བ་བསྟེན་པར་བྱའོ། །བསྒྲུབ་པར་འདོད་པ་གང་ཡིན་པས་ཡུམ་སྙིང་ལ་དྲན་པར་ བྱས་ཏེ་སྲས་གཏུམ་པོ་དྲན་པར་བྱའོ། །འདི་ལས་གང་བསྒྲུབ་ན་རྡོ་རྗེའི་རིགས་འགྲུབ་པར་འགྱུར་བ་ཡང་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་འཕགས་པ་ལག་ན་རྡོ་རྗེའི་གློ་གཡས་ཕྱོགས་སུ་ ནི་འཕགས་པ་རྡོ་རྗེ་སྡེ། གཡོན་ཕྱོགས་སུ་ནི་འཕགས་པ་གཙུག་ནས་བྱུང་གཞག་གོ། །དེ་དག་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་དབུལ་བར་བྱ་སྟེ། འཕགས་པ་རྡོ་རྗེ་སྡེ་ལ་ནི་ཙན་དན་དཀར་པོ་དབུལ་ལོ། །འཕགས་པ་ ལག་ན་རྡོ་རྗེ་དང་། གཞོན་ནུ་ལ་ནི་ཙན་དན་དམར་པོ་དབུལ་ལོ། །མེ་ཏོག་དཀར་པོ་དང་། དམར་པོ་ཡང་ཚུལ་དེ་དང་འདྲ་བར་དབུལ་བར་བྱ་སྟེ། དེའི་མདུན་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ལ་ཡུམ་གྱི་གསང་སྔགས་ཀྱིས་ཙན་དན་དམར་ པོའི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ། བརྒྱ་སྟོང་སྦྱིན་སྲེག་བྱའོ། །དེ་ནས་གཞོན་ནུ་འགྲུབ་པར་འགྱུར་ཏེ། བགེགས་མེད་པ་བདེ་བླག་ཏུ་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེས་བཤད་པ་བཞིན། །རིག་སྔགས་རྒྱལ་ པོ་མངའ་བདག་མཆོག །གང་ཞིག་ཕྱག་འཚལ་མཆོད་བྱེད་དང་། །གང་ཞིག་རྟག་ཏུ་ལན་གཅིག་གམ། །ཡང་དང་ཡང་དུ་བརྗོད་བྱེད་དང་། །གཟི་ཆེན་སྲས་ནི་ཡུམ་དང་བཅས། །ལེགས་པ་རུ་ནི་དྲན་པར་བྱེད། །དེ་ལ་ངས་ནི་ཁོར་ཟུག་ཏུ། ། ལག་ན་རྡོ་རྗེས་བསྐུལ་བ་བཞིན། །དངོས་གྲུབ་ཀྱང་ནི་སྦྱིན་པར་བྱ། །གང་ཞིག་ཆོ་ག་རྒྱས་པ་འདི། །གསང་བཅས་གསང་ཆེན་ལྡན་པ་དང་། །ལག་ན་རྡོ་རྗེས་སྔགས་བཤད་དང་། །གཟི་ཆེན་ཕྱི་མའི་རྒྱུད་ཀློག་དང་། །གཞོན་ནུ་དམ་པ་མངའ་ 100-1-173b བདག་ནི། །སྤྱན་དང་ལྷན་ཅིག་ལྡན་པ་དང་། །ཕྱི་མའི་རྒྱུད་ལས་བཤད་པ་ཡིན། །ལས་རྣམས་གང་ཞིག་བལྟ་བྱེད་པ། །དེ་ལ་དཔལ་ལྡན་རྡོ་རྗེ་འཛིན། །ལུས་ཀྱི་སྤྱི་བོར་རྟག་ཏུ་གནས། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སངས་རྒྱས་ ཀྱི་སྤྱན་སྤྱི་བོ་ལ་བཀུར་ཏེ། རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ལྷ་ཐམས་ཅད་སེམས་འཇིགས་པར་འགྱུར་ཏེ། ལྷགས་ ནས་ཁྱབ་འཇུག་ནི་བཅོམ་ལྡན་འདས་ཀྱི་གློ་གཡོན་ཕྱོགས་སུ་འདུག་གོ། །ལྷ་ཆེན་པོ་ནི་གཡས་ཕྱོགས་སུ་འདུག་གོ། །སྨིན་དྲུག་མ་ནི་འཛེམ་བཞིན་དུ་རྒྱབ་ལོགས་སུ་འདུག་གོ། །དཀའ་ཟློག་མ་ནི་མདུན་ཕྱོགས་སུ་འདུག་གོ། །གཞོན་ནུ་དྲིལ་མཛེས་ དང་། སྨིན་དྲུག་གི་བུ་ནི་གློ་གཡས་ཕྱོགས་སུ་འདུག་གོ། །ཚོགས་རྣམས་ནི་གཡོན་ཕྱོགས་སུ་འདུག་གོ། །ཕོ་ཉ་མོ་དྲུག་གིས་བསྐོར་བའི་དཔལ་གྱི་ལྷ་མོ་གཟི་བརྗིད་ཆེན་མོ་ཤིན་ཏུ་འོད་འབར་བ་དྲག་མོ་ཕ་རོལ་གནོན་པ་དྲག་མོ་ནི་ཕྱོགས་གཅིག་ཏུ་འདུག་སྟེ། དེའི་ལྷ་ཡུལ་བ་དང་། ལྷ་མ་ཡིན་དང་། གྲུབ་པས་བརྟེན་པའི་འཁོར་གྱི་དཀྱིལ་འཁོར་དེར་མ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཏིང་ངེ་འཛིན་ལས་བཞེངས་ཏེ་ལྷ་དེ་དག་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་སོ། །དེ་ནས་ཕྱོགས་གཅིག་ ན་འདུག་པའི་དཔལ་གྱི་ལྷ་མོ་དང་། ཕོ་ཉ་མོ་སྟོབས་ཆེན་མོ་ལྷའི་ཕ་རོལ་གནོན་པ་དང་ལྡན་པ་དྲུག་ཀྱང་བལྟས་སོ། །དེ་ནས་ཕོ་ཉ་མོ་དྲུག་པོ་རྣམས་ཀྱི་དཔལ་གྱི་ལྷ་མོ་ཆེན་མོ་ལ་ལེགས་པར་བལྟས་ནས། ཕོ་ཉ་མོ་དེ་དག་གིས་བསྟོད་དེ། ཕོ་ཉ་མོ་ཆེན་མོ་མེ་ལྕེ་མ་དང་། མེ་སྟག་མ་དང་། ཕྲེང་ལྡན་མ་དང་། མཛོད་ལྡན་མ་དང་། འབར་ལྡན་མ་དང་། ཁ་འབར་མ་དང་། འདི་དག་གིས་དཔལ་གྱི་ལྷ་མོ་ལ་བསྟོད་པ། ཨགྣི་ཛི་ཧྭཱ་སྭཱ་ཡ་ན་མཿ། པི་ཏ་དཾཥྚཱ་ཡ་ན་མཿ། ཡ་མཱ་ཡ་ན་མཿ། ད་ཧ་ནཱ་ཡ་ན་མཿ། བི་དུ་ཛི་ཧྭཱ་ཡ་ན་མཿ། ཨཱ་དཪྴ་ནཱ་ཡ་ན་མཿ། བྲི་ཤ་ལཱ་ཡ་ནཱ་མཿསྭཱ་ཧཱ། མེ་ལྕེ་མས་བསྟོད་ནས་ལྷ་རྣམས་དགའ་བར་གྱུར་ཏོ། །མེ་སྟག་མའི་རིག་སྔགས་བཤད་དེ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། པུ་རུ་པུ་རུ་སྭཱ་ཧཱ། 100-1-174a ཨཱ་ཀེ་ཙྪ་བ་ཏེ་སྭཱ་ཧཱ། མེ་སྟག་མས་བསྟོད་ནས་ཕྲེང་ལྡན་མས་བསྟོད་པ། ན་མོ་བཛྲ་པཱ་ཎ་ཡེ། དེ་བ་ཏི། དེ་བ་ཡ། ཙི་ལི་མི་ལི། ཀ་ལི་པྲ་ཏཱིཙྪ་བི་ལི་དེ་བ་ཏི་སྭཱ་ཧཱ། ཕྲེང་ལྡན་མས་བསྟོད་ནས་མཛོད་ལྡན་མས་བསྟོད་པ། ན་མོ་བཛྲ་པཱ་ ཎ་ཡེ་དེ་བ་ཏི་དྷ་བཱ་ཡ་ཏི་པ་རི་སི་རི་རི། བི་དུ་རི། ཛ་པེ་ན་ཏ་ཏོ་ད་ནེ་སྭཱ་ཧཱ། མཛོད་ལྡན་མས་བསྟོད་ནས་འབར་ལྡན་མས་མངོན་པར་བསྟོད་དོ། །ན་མོ་བཛྲ་པཱ་ཎི་སྱ། ན་མཿཔྲ་ཙནྡྲ་སྱ། ན་མ་སྐྲི་ཏྭ་སརྦ་བྷཱུ་ཏ། པྲ་ཤ་མ་ནི། སརྦ་ཨརྟ་སིདྣཾ་བ་ཤེ་མི་ཧུ་ན་ནི་ ཧུ་ན་ནི། མོ་ཧ་ནི་མོ་ཧ་ནི། ཧི་ཧི་བཛྲ་པཱ་ཎི་སྭཱ་ཧཱ། འབར་ལྡན་མས་བསྟོད་ནས་ཁ་འབར་མས་མངོན་པར་བསྟོད་པ། ཤྲི་ཡེ་མ་ཧཱ་ཤྲི་ཡེ། ཙ་ལ་མ་ཧཱ་ཙ་ལེ། ཨི་རྱིད་དེ་ཀ་ནི། མ་ཧཱ་བོ་གི་ནི། བོ་གྷ་བ་ཏཱི། མ་མཱ་བ་ལོ་ཀ་སྭཱ་ཧཱ། ཁ་འབར་མས་ བསྟོད་ནས་ལྷའི་མིག་གིས་རྣམ་པར་བལྟས་སོ་དེ་ནས་དཔལ་གྱི་ལྷ་མོ་ཆེན་མོས་ལག་ན་རྡོ་རྗེ་ལ་བསྟོད་ནས་དེ་ནས་བསྐྱོད་པར་བརྩམས་སོ། །དེ་ནས་ལྷའི་དཀྱིལ་འཁོར་དེ་དག་གིས་དཔལ་གྱི་ལྷ་མོ་ཆེན་མོ་རྒྱང་རིང་པོ་ནས་འོང་བར་མཐོང་ནས་མྱུར་དུ་ ལངས་ཏེ། ལག་ན་རྡོ་རྗེའི་གཡས་ཕྱོགས་སུ་འཁོད་དོ། །སྟོབས་པོ་ཆེའི་ཚོགས་བརྒྱད་ལ་གཏུམ་བྱེད་དང་། བསར་ཅན་དང་། རྨུགས་བྱེད་དང་། རྫོང་ལྡན་དང་། ལྕགས་ཅན་དང་། སོ་ཅན་དང་། མཚན་སྦྱིན་དང་། བདུད་རྩི་ཐབས་སྦྱོར་ལ་སོགས་ པ་ཚོགས་བརྒྱད་པོ་དེ་དག་གིས་མངོན་པར་བསྟོད་དོ། །ཚོགས་རྣམས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་སྟོབས་ཆེན་མོ་བསྟོད་པ་ནི་སྤྱན་དང་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ནས། ཐོག་མར་གཏུམ་བྱེད་མ་བརྗོད་པ། ན་མོ་བཛྲ་པཱ་ཎི་ཡེ། ད་མ་ ད་མ་རང་གཱ་རང་གཱ། ག་ག་ག་ཡ་ག་ཡ། ཙནྡ་ཀོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གཉིས་པ་སྟེ་བསར་ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། བ་ན་བ་ན། ཙ་བ་ལ་ཙ་བ་ལ། ན་མོ་ཛཱ་ཀཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསུམ་པ་སྟེ་རྨུགས་བྱེད་བརྗོད་པ། ན་མོ་བཛྲ་ པཱ་ཎི་སྱ། ད་ཧ་ད་ཧ། པ་ཙ་པ་ཙ། ཙཱུརྞ་ཙཱུརྞ། ནཱ་ཤ་ཡ། བི་ནཱ་ཤ་ཡ་ཛཱཾ་བ་ཀོ་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བཞི་པ་སྟེ་རྫོང་ལྡན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཙུ་རུ་ཙུ་རུ། ཏ་ཏ་ཏ་ཏ། མ་ཏ་མ་ཏ། ཀོཏྟ་ཀོཏྟ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ལྔ་པ་སྟེ་ཚོགས་ 100-1-174b ཆེན་མོ་ལྕགས་ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཏད་ཡ་ཐཱ། ར་བ་ར་བ། ད་བ་ད་བ། མ་ར་མ་ར། མཱ་ར་མཱ་ར། བྷཉྫ་བྷཉྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཧ་ན་ལོ་ཧཱ་ཀ་བཛྲ་ཎ་སྭཱ་ཧཱ། དྲུག་པ་སྟེ་སོ་ ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ཏ་ཧུ་ཏ། གྲཱ་ཧ་མ་བ་ཧ་རི་ཤུ་མི་བཛྲ་ཧསྟེ་ན་སུ་པྲ་ཏན་དན་ཏ་ཀཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བདུན་པ་སྟེ་ཚོགས་གཟི་བོ་ཆེ་སྟོབས་པོ་ཆེ་མཚན་སྦྱིན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཏིཥྛ་ཏིཥྛ། བྷོ་མ་ཧཱ་གྲ་ ཧ་བཛྲ་ས་ཏྱེ་ན་སུ་པྲ་ཏི་པི་བ་བི་ལ་ཏོ་དཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བརྒྱད་པ་སྟེ་ཚོགས་ཆེན་པོ་བདུད་རྩི་ཐབས་སྦྱོར་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཨ་མྲྀ་ཏ་ཀུནྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ་སྭཱ་ཧཱ། ལྷ་དེ་ དག་གིས་ཚོགས་ཆེན་པོ་བརྒྱད་པོ་འདི་དག་ལས་བརྩམས་ཏེ། དཔལ་གྱི་ལྷ་མོ་ཆེན་མོ་ལ་བསྟོད་ནས། ཚོགས་ཆེན་པོ་དེ་དག་གིས་ཀྱང་དཔལ་གྱི་ལྷ་མོ་ཆེན་མོ་ལ་རིམ་གྲོ་བྱེད་ཅིང་ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་དུ་སོང་ངོ་། ། དེ་ནས་གཞོན་ནུ་སྨིན་དྲུག་གི་བུས་ལྷ་མོ་དེ་དག་ལ་བསྟོད་པ་མཐོང་ནས། རང་གི་རིག་སྔགས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་བསྟོད་པ་ན་མོ་བཛྲ་པཱ་ཎི་སྱ། ཏྲཻ་ལོཀྱ་ཛཱ་ལ་ནི་བི་དྲ་པ་ཎི། སརྦ་དྷརྨ་ཎི། ས་མ་ཎི། ས་མི་ར་ཎི། སརྦ་ལོ་ཀ་པ་ཤྱཾ་ཀ་རི། ཛ་ ཛྫེ་མུ་ཛེ། ཧྲྀ་ད་ཡཾ་ཨ་བརྟི་ནི། མི་ལི་མི་ལི། མི་ལི་ཙ་ལཱ་ཡ། སརྦ་ལོ་ཀོཏྶཱ་ད་ནི། ཨ་ནུ་ན་ཧ་ན་སྭཱ་ཧཱ། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་གཞོན་ནུ་སྨིན་དྲུག་གི་བུས་བསྟོད་ནས་ཡིད་རབ་ཏུ་དགའ་ཞིང་། འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ སོང་ངོ་། །དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་སོང་བ་དྲུག་མས་མཐོང་ནས་རང་གི་རིག་སྔགས་ཀྱིས་བསྟོད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མ་སཏྱ་པཱ་ཎི་ནཾ། སཏྱ་པཱ་ཙ་ནེ་ན་ས་ཏྱ། བ་ཏི་ནི་ས་ཏྱཾ་བ་དེ་སཏྱཾ་བ་ཧི་ཏེ་ཛ་བ་ཏི། མཱ་ལ་ནི། ཧ་རི་ཎ་བརྟ་ནི། ཛ་ལོ་ཏིཊྩ་ལི། སརྦ་ལོ་ཀ་པ་ཤྱངྐ་རི། ཨཱཏྨ་ནཾ་མུ་ནི་སྱ། ཀི་བི་ཏི། ཡོ་ག་མེ་ད་རེ། ཧི་ལི་ཧི་ལི། ན་མོ་སྟུ་དེ་སྭཱ་ཧཱ། དྲུག་མས་བསྟོད་པ། དཀའ་བཟློག་མས་མཐོང་ནས། མངོན་པར་བསྟོད་པ། ན་མོ་ 100-1-175a བཛྲ་པཱ་ཎི་སྱ། སྱད་དཻ། ད་ཡི་ཏེ་ཨ་ཏི་ཏྲེ། སྭ་མེ་བྲཏྨ། བི་ད་ནི། རྀ་ཥི་རྀ་ཥི། ནཀྵ་ཏྲེ། ཡ་སྟ་ཏྲ་སྱ་དྱ་ན། ཏམ་བ་ཏ་ཀ་ཏེ་ཡ་ནི་སྭཱ་ཧཱ། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་ལ་དྲུག་མ་དང་། དཀའ་བཟློག་མ་གཉིས་ཀྱིས་བསྟོད་ནས་ དྲུག་མ་དང་དཀའ་བཟློག་མ་གཉིས་ལ་ཡང་བལྟས་ཏེ། ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་སོང་ངོ་། །དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་ལྷ་རྣམས་ཀྱིས་བསྟོད་དེ། ལག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་རིག་ པ་མཆོག་གི་ཆོ་ག་ཆེན་པོ་རྒྱས་པ་ཕྱིར་ཞིང་འཕེལ་བར་བྱ་བ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བརྒྱན་པ་དང་། རིག་པ་མཆོག་གི་ཆོ་ག་ཆེན་པོ་རྒྱས་པ་བསྒྲུབ་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་དཔལ་ བསྐྱེད་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་ཀྱི་ལས་ཐམས་ཅད་བྱ་བའི་ཕྱིར། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེས་རྗེས་སུ་ཡིད་རང་བ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་ པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། རྟག་ཏུ་དཔལ་མངོན་པར་འཕེལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་གསལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་གཏོགས་པ། དཀྱིལ་འཁོར་ ཐམས་ཅད་དུ་འཇུག་པར་བྱེད་པ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རིག་སྔགས་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེའི་སྤྱི་བོ་ལ་བཀུར་ཏེ། རིག་སྔགས་ འདི་བཤད་དོ། །ན་མོ་བུདྡྷ་སྱ། ན་མོ་དྷརྨ་སྱ། ན་མཿསྶངྒྷསྱ། ན་མ་བཛྲ་པཱ་ཎི་སྱ། ན་མོ་ཡཀྵཱ་ནཱན། ན་མོ་མ་ཧཱ་ཤྲི་ཡེ། ཙི་ལི་ཙི་ལི། ཨུནྨཱ་ད། པྲ་མནྟེ། དྲྀ་ཌྷ། ཤྲི་ཡེ། ཙ་ལེ་ཙཱ་ལེ། ཤྲི་ཡེ་ཨ་ཀི་ར་ཎི། ཨུ་པ་ཏིཥྛ། ཨུ་པ་ ཏིཥྛ། ཨི་མི་ཏིཥྛ། ཨི་མཾ་པུ་རུ་ཥ། མ་ན་མ་ཨུ་པ་ཏིཥྛ། མ་ཡ་ར་མ། གྲི་ཧེ་གྲི་ཧེ། དེ་བ་ཏི་བཛྲ་སྭ་མཱཾ་སྭཱ་ཧཱ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་དཔལ་གྱི་ལྷ་མོ་ཆེན་མོས་རིག་སྔགས་བཤད་མ་ཐག་ཏུ་ལྷ་ 100-1-175b ལྷ་རྣམས་ཀྱིས་དེ་ཐོས་ནས་སྙིང་འདར་ཏེ་ལག་ན་རྡོ་རྗེའི་ཞལ་དུ་བལྟ་ཞིང་འཁོད་དོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཁྱེད་ཀྱིས་རིག་སྔགས་ཀྱི་རྒྱལ་ པོ་ཆེན་པོ་དཔལ་གྱི་ལྷ་མོ་ཆེན་མོས་རིག་སྔགས་བཤད་པ་གང་ཡིན་པ་ཉོན་ཅིག །རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་ཕྱིར་འཕེལ་བར་བྱ་བ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བརྒྱན་པ་དང་། རིག་པ་མཆོག་གི་ཆོ་ག་ རྒྱས་པ་ཆེན་པོ་བསྒྲུབ་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་དཔལ་མངོན་པར་བསྐྱེད་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་ཀྱི་ལས་ཐམས་ཅད་བྱ་བའི་ཕྱིར་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུ་མི་ཟ་བར་བྱེ་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། རྟག་ཏུ་དཔལ་འཕེལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་གསལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་གཏོགས་པ། དཀྱིལ་འཁོར་ཐམས་ཅད་ དུ་འཇུག་པར་བྱེད་པ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རིག་སྔགས་བཤད་པ་དེ་བཟོད་ལྡན་དག་ཁྱེད་ཀྱིས་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །ངས་རྡོ་རྗེ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་བས་སྤྱི་བོ་གཤགས་ ས་རེ། དེ་ནས་ལྷ་རྣམས་སྙིང་འདར་ཏེ་ལག་ན་རྡོ་རྗེའི་ཞལ་དུ་བལྟ་ཞིང་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེ་ལ་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་རིག་སྔགས་ཀྱིས་ཀྱང་མངོན་པར་བསྟོད་དེ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ གྱི་ལྷ་མོས་རིག་སྔགས་བཤད་པ་གང་ཡིན་པ་དེ་དག་གིས་ལག་ན་རྡོ་རྗེ་ལ་བསྟོད་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་གྱི་ལྷ་མོ་ཀུན་ཏུ་བལྟ་བ་ཆེན་པོའི་རིག་སྔགས་དཀྱིལ་འཁོར་གྱི་ནང་དུ་ གཏོགས་པའི་ལས་རྣམས་བཤད་དུ་གསོལ་བཤད་དུ་གསོལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ངས་བཤད་ཀྱིས་ཁྱེད་ཉོན་ཅིག །རིག་སྔགས་འཆང་ཐམས་ 100-1-176a ཅད་ཀྱིས་དཔལ་མངོན་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་དཔལ་ཐམས་ཅད་སྐྱེད་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་དཀྱིལ་འཁོར་གྱི་རྒྱལ་པོ་དེ་ངས་བཤད་པར་བྱ་སྟེ། གང་མཐོང་ ནས་རིག་སྔགས་འཆང་ཐམས་ཅད་ཀྱི་དཔལ་ཐམས་ཅད་ཀྱི་མངོན་པར་འགྱུར་བ་དང་། ལྷ་ཐམས་ཅད་བསྐྱེད་པར་འགྱུར་བ་དང་། ལོག་འདྲེན་ཐམས་ཅད་ཞི་བར་འགྱུར་བ་དང་། རྒྱལ་སྲིད་ཐམས་ཅད་བརྟེན་པར་འགྱུར་བ་དང་། དགྲ་ཐུལ་བར་འགྱུར་ རིག་སྔགས་འཆང་གི་དཔལ་རྣམས་འཕེལ་བར་འགྱུར་བའི་དཀྱིལ་འཁོར་གྱི་རྒྱལ་པོ་དེ་ངས་བཤད་དོ། །ས་བཞི་མཉམ་པར་བརྟག་བྱས་ལ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཁྲུ་ནི་བཞི་འམ་བཅུ་དྲུག་པ། །གྱོ་མོ་དང་ནི་ བསེག་མ་མེད། །དུར་ཁྲོད་ཡང་ན་ཤིང་གཅིག་དྲུང་། །ཡང་ན་ཆུ་ཀླུང་འདུས་པའི་མདོ། །ས་གཞི་དེ་དག་བརྟག་བྱས་ལ། །དེ་ནས་མཁས་པས་དཀྱིལ་འཁོར་བྲི། །ས་དེ་ལྟ་བུ་མཐོང་ནས་སྨྱུང་བ་བྱས་ཏེ་གསོ་སྦྱོང་དང་ལྡན་པས་དུ་གུ་ལའི་རས་ དཀར་པོ་བགོས་ལ། ལག་ན་པོག་ཕོར་ཐོགས་ནས་ཕྱེམ་རེད་ཀྱི་དུས་མཚམས་སུ་དཔལ་གྱི་ལྷ་མོའི་རིག་སྔགས་ཀྱིས་ལྷ་རྣམས་སྤྱན་དྲང་བར་བྱའོ། །དེ་ནས་ནམ་ཕྱེད་ཀྱི་དུས་སམ། ཡང་ན་ནང་པར་དཀྱིལ་འཁོར་བྲི་བར་བྱ་སྟེ། ཅི་སྟེ་ གསེར་གྱི་ཕྱེ་མས་བྲི་ན་ནི་ལྷའི་དཔལ་འཐོབ་པར་འགྱུར་རོ། །དངུལ་གྱིས་ནི་དགྲ་ལས་རྒྱལ་བར་འགྱུར་རོ། །ཟངས་ཀྱིས་ནི་ཞི་བར་འགྱུར་རོ། །ཡང་ན་ཙན་དན་གྱི་ཕྱེ་མས་བྲིས་ན་ནི་དཔལ་ཐོབ་པར་འགྱུར་རོ། །ཙན་དན་དམར་པོའི་ ཕྱེ་མས་ནི་དགྲ་ལས་རྒྱལ་བར་འགྱུར་རོ། །པུ་ཤེལ་ཙིས་ནི་གྲོང་ཁྱེར་ཞི་བར་འགྱུར་རོ། །ཡང་ན་འབྲས་ཕྱེ་དཀར་པོས་བྲིས་ན་ནི་དཔལ་ཐོབ་པར་འགྱུར་རོ། །ནས་རྗེན་པའི་ཕྱེས་བྲིས་ན་ནི་དགྲ་ལས་རྒྱལ་བར་འགྱུར་རོ། །ཡང་ན་མེའི་ བསྲེག་བྱ་བྱས་པའི་ཐལ་བས་བྲིས་ན་ནི་ཞི་བར་འགྱུར་རོ། །ཅི་སྟེ་སོ་ཕག་གི་ཕྱེ་མ་འམ་སོལ་ཕྱེ་འམ། དུར་ཁྲོད་ཀྱི་ཐལ་བ་ཡང་རུང་སྟེ། ཚོན་རྩི་འདི་གསུམ་གྱིས་དཀྱིལ་འཁོར་བྲིས་ན་ནི་ཡུལ་འཁོར་ལ་གདོན་པར་འགྱུར་རོ། ། 100-1-176b རིག་སྔགས་འཆང་བདག་ཉིད་དག་པར་བྱ་སྟེ། རྒྱུ་སྐར་དང་འཐུན་པའི་དུས་སུ་སྨྱུང་བ་བྱས་ལ། ཉི་མ་བཟང་བ་འམ་ཡང་ན་ཡར་གྱི་ངོ་ཚེས་ལྔ་ལ་དཀྱིལ་འཁོར་ཁྲུ་བཅུ་དྲུག་པ་འམ་ཡང་ན་ཁྲུ་བཅུ་བཞི་པ་བྲིའོ། །ཅི་སྟེ་ཐོག་མར་ཤར་ཕྱོགས་ སུ་ཐིག་བཏབ་ན་ནི་རིག་སྔགས་འཆང་རྣམས་ཀྱི་དཔལ་འཕེལ་བར་འགྱུར་རོ། །ཅི་སྟེ་ལྷོ་ཕྱོགས་སུ་བཏབ་ན་ནི་གྲོང་ཁྱེར་ལ་གནོད་པར་འགྱུར་རོ། །ཅི་སྟེ་ནུབ་ཕྱོགས་སུ་བཏབ་ན་ནི་རིག་སྔགས་འཆང་རྣམས་ཕན་ཚུན་མི་འཐུན་པར་ འགྱུར་རོ། །ཅི་སྟེ་བྱང་ཕྱོགས་སུ་བཏབ་ན་ནི་དགྲ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཅི་སྟེ་ཐོག་མར་ཚོན་དཀར་པོ་བཀྱེ་ན་ནི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་རིག་སྔགས་འཆང་རྣམས་ཀྱི་ལས་འགྲུབ་པར་འགྱུར་རོ། །ཅི་སྟེ་ཚོན་དམར་ པོ་བཀྱེ་ན་ནི་གྲོང་ཁྱེར་ཞི་བར་འགྱུར་རོ། །ཅི་སྟེ་ནག་པོ་བཀྱེ་ན་ནི་གྲོང་ཁྱེར་ལ་མི་དགེ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་དཀྱིལ་འཁོར་བྲི་བར་བྱ་སྟེ། བྱང་ཕྱོགས་ སུ་ནི་གངས་ཀྱི་རི་གཞག་གོ། །ལྷོ་ཕྱོགས་སུ་ནི་རི་འབིགས་བྱེད་གཞག་གོ། །དེ་ནས་ཁོར་ཡུག་གི་རིས་བསྐོར་བར་བྱའོ། །དབུས་སུ་ནི་སངས་རྒྱས་བཅོམ་ལྡན་འདས་བྲིའོ། །གཡོན་ལོགས་སུ་ནི་ལག་ན་རྡོ་རྗེ་བྲིའོ། །བཅོམ་ ལྡན་འདས་ཀྱི་གཡས་ལོགས་སུ་ནི་དཔལ་ལྷ་མོ་ཆེན་མོ་བྲིའོ། །ལག་ན་རྡོ་རྗེའི་དྲུང་དུ་ནི་ཕོ་ཉ་མ་དྲུག་བྲིའོ། །བྱང་ཕྱོགས་ངོས་སུ་ནི་ཁྱབ་འཇུག་དང་ལྷ་ཆེན་པོ་དང་ཚངས་པ་རྣམས་དེ་དག་དང་འཐུན་པའི་འཁོར་དང་བདུད་རྩི་ གཞག་གོ། །ནུབ་ཕྱོགས་སུ་དྲུག་མ་དང་། དཀའ་བཟློག་མ་དང་། གཞོན་ནུ་འཁོར་དང་བཅས་པ་གཞག་གོ། །ལྷོ་ཕྱོགས་སུ་ནི་ཚོགས་དྲུག་བཅུ་རྩ་བཞི་པོ་རྣམས་གཞག་གོ། །སྒོ་རེ་རེར་ཡང་ཚོགས་རྣམས་གཞག་པར་བྱ་ སྟེ། ཤར་ཕྱོགས་ཀྱི་སྒོར་གཏུམ་བྱེད་དང་། བསར་གཅན་གཉིས་གཞག་གོ། །ལྷོ་ཕྱོགས་ཀྱི་སྒོར་ནི་བདུད་རྩི་ཐབས་སྦྱོར་དང་། རྨུགས་བྱེད་གཉིས་གཞག་གོ། །ནུབ་ཕྱོགས་ཀྱི་སྒོར་ནི་རྫོང་ལྡན་དང་། མཚན་སྦྱིན་གཉིས་གཞག་ 100-1-177a གོ་བྱང་ཕྱོགས་ཀྱི་སྒོར་ནི་ལྕགས་ཅན་དང་། སོ་ཅན་གཉིས་གཞག་གོ། །ནང་དུ་ནི་བཅོམ་ལྡན་འདས་ཚིག་ལྡན་མ་དྲི་ཟའི་འཁོར་གྱིས་བསྐོར་བ་གཞག་གོ། །ཀར་ཤ་བརྒྱ་རྩ་ཚང་བ་འམ། ཡང་ན་པ་ན་བརྒྱས་ རྡོ་རྗེ་བྱས་ཏེ་གཞག་ལ་དེའི་སྟེང་དུ་སྤྱན་གྱིས་བཟླས་བརྗོད་བྱས་པའི་བུམ་པའ་མི་གནག་ཅིང་རྩ་བ་མེད་ལ་མགྲིན་བཅིངས་དང་བཅས་པ་གཞག་པར་བྱ་སྟེ། །བུམ་པ་དེའི་ནང་དུ་ས་བོན་ཐམས་ཅད་དང་། རིན་པོ་ཆེ་ཐམས་ཅད་གཞུག་ཅིང་། འོ་མ་ཡོད་པའི་ཤིང་གི་ཡལ་ག་གཞག་གོ། །གྲྭ་བཞིར་ཡང་བུམ་པ་བཞི་བཞག་པར་བྱ་སྟེ། མགྲིན་བཅིངས་དང་ལྡན་པ་ལ་ས་བོན་དང་རིན་པོ་ཆེ་ཐམས་ཅད་བཅུག་སྟེ། འོ་མ་ཡོད་པའི་ཤིང་གི་ཡལ་ག་གཞུག་གོ། །དེ་ནས་རིག་སྔགས་ འཆང་གང་དག་དཔལ་ལམ་རིག་སྔགས་འཆང་ལས་བྱུང་བའི་འབྲས་བུ་འདོད་ན། རིག་སྔགས་འཆང་དེས་བླ་མ་ལ་བསྙེན་བཀུར་བྱའོ། །བླ་མ་དེས་ཀྱང་རིག་སྔགས་འཆང་སྨྱུང་བར་བྱས་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ། གསོ་སྦྱོང་གི་ཡན་ལག་དང་ལྡན་པ། གོས་གཙང་མ་བགོས་པ། དར་དཀར་གྱིས་གདོང་གཡོགས་པ། དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ལ་ནུབ་ཕྱོགས་ཀྱི་སྒོར་བཅུག་ན་ནི་དཔལ་མངོན་པར་འཕེལ་བར་འགྱུར་རོ། །ལྷོ་ཕྱོགས་ སུ་ནི་རྟག་ཏུ་རྒྱལ་བར་འགྱུར་རོ། །ཤར་ཕྱོགས་སུ་ཐབ་མོ་འབྱུང་བར་འགྱུར་རོ། །བྱང་ཕྱོགས་སུ་ནི་བླ་མའི་སྒོ་ཡིན་ཏེ་འཇུག་པར་མི་བྱའོ། །དེ་ནས་བླ་མས་རིག་སྔགས་འཆང་དུ་གུ་ལའི་རས་དཀར་པོས་གདོང་གཡོགས་ལ། དཔལ་གྱི་ལྷ་ མོའི་རིག་སྔགས་ཀྱིས་མགོ་བོར་བསང་གཏོར་བྱས་ཏེ་གཞུག་གོ། །དེ་ནས་འགྲོན་བུ་བརྒྱད་བརྒྱ་ལྷ་ལ་དོར་བར་བྱའོ། །འགྲོན་བུ་དེ་ཡང་ལོ་མས་དཀྲིས་ན་ནི་རིག་སྔགས་འགྲུབ་པར་འགྱུར་རོ། །རས་དཀར་པོས་དཀྲིས་ཏེ་བོར་ན་ནི་ཞག་ བདུན་གྱིས་དཔལ་འོང་བར་འགྱུར་རོ། །རིག་སྔགས་འཆང་དེ་དག་ལ་ལྷ་རྣམས་ཀྱང་བསྟན་པར་བྱའོ། །དེ་ནས་ཕྱིར་བྱུང་སྟེ་བྱང་ཕྱོགས་སུ་སོང་ལ་དབུས་ཀྱི་བུམ་པའི་ཆུ་ཁྱོར་བའི་ནང་དུ་སྦྱིན་ནོ། །རིག་སྔགས་འཆང་རྣམས་ཀྱིས་ 100-1-177b ཀྱང་ལག་པ་གཡོན་པས་མནོས་ཏེ་བཏུང་བར་བྱའོ། །རིག་སྔགས་རྣམས་ལ་ཡང་སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་བཟུང་ངོ་ཞེས་སྨྲོས་ཤིག་ཅེས་སྒོ་བར་བྱའོ། །དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ པོ་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་སྨྲར་གཞུག་གོ། །དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་རིག་སྔགས་ཀྱི་ཚོགས་རྣམས་བདག་ལ་གྲུབ་པར་གྱུར་ཅིག་ཅེས་སྨྲར་གཞུག་གོ། །དེ་ནས་རིག་སྔགས་འཆང་བ་སྤུ་ལྡང་བར་འགྱུར་ཞིང་ བསྟོད་པའི་གླུའི་སྒྲ་ཡང་ཐོས་པར་འགྱུར་ཏེ། དེའི་འོག་ཏུ་འོང་བའི་བྲམ་ཟེ་རྣམས་ཀྱང་རྒྱལ་བར་གྱུར་ཅིག །དར་བར་གྱུར་ཅིག་ཅེས་བརྗོད་པར་འགྱུར་རོ། །དུང་གི་སྒྲ་དང་རྔ་སྒྲ་ཡང་ཐོས་པར་འགྱུར་རོ། །ཅི་སྟེ་བུད་མེད་གོས་དཀར་ པོ་བགོ་ཞིང་སྣོད་གང་བ་ཐོགས་པ་མཐོང་ན་ནི་ལག་ན་རྡོ་རྗེས་ཇི་སྐད་བཤད་པ་བཞིན་དུ་རིག་སྔགས་འཆང་དེ་ལ་དཔལ་འོང་བར་འགྱུར་རོ། །ཅི་སྟེ་ཐུ་བ་གང་བ་མཐོང་ན་ནི་རྒྱལ་སྲིད་དམ། ཡུལ་གྲུ་འམ། གྲོང་གི་བདག་པོ་ཐོབ་པར་འགྱུར་ རོ། །དེ་ནས་རིག་སྔགས་འཆང་གི་དཔལ་ཐོབ་པར་འདོད་ན་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་འདི་མཐོང་ན་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཏེ། རིག་སྔགས་འཆང་ཐམས་ ཅད་ལས་རྒྱལ་བར་འགྱུར་རོ། །ཅི་སྟེ་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཐམས་ཅད་མཐོང་ན་ནི་དེ་ཡང་རྒྱལ་བར་འགྱུར་ཏེ། དགྲ་རྣམས་བཏུལ་ནས་སའི་སྟེང་འཁོལ་བར་འགྱུར་རོ། །མི་ཕལ་པ་ གང་ལ་ལ་དཔལ་འདོད་པས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་ན་ཡང་སྐལ་བ་ཅན་གྱི་ཁྱད་པར་དུ་འགྱུར་ཞིང་། རྒྱལ་སྲིད་དམ། ཡུལ་གྲུའི་བདག་པོའམ། གྲོང་གི་བདག་པོར་འགྱུར་ཏེ་ དཀྱིལ་འཁོར་ཆེན་པོ་འདིའི་ལས་འདི་ནི་དོན་ཡོད་པ་ཡིན་ནོ་ཞེས་རྡོ་རྗེ་འཛིན་པས་བཤད་དོ། །དེ་ནས་རིག་སྔགས་འཆང་རིག་སྔགས་ཀྱི་དངོས་གྲུབ་འདོད་པས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་ལ་ 100-1-178a མཐོང་ནས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ངེས་པར་གནས་པར་བྱ་སྟེ། རིག་སྔགས་གང་འདོད་པ་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་དེ་ལ་རིག་སྔགས་དེ་འགྲུབ་པར་འགྱུར་རོ། །རྒྱལ་པོས་མཐོང་སྟེ་ཞག་ཉི་ཤུ་རྩ་གཅིག་ གི་བར་དུ་ངེས་པར་གནས་ན་ཡང་ཡིད་ལ་བསམས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ལས་རྣམས་ཟིན་ནས་རིག་སྔགས་ཀྱི་ལྷ་བཤོས་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་རྙིང་པ་དེ་རྣམས་ཀྱང་བསྡུས་ལ་དུར་ཁྲོད་དམ། ཆུ་ཀླུང་ གང་ཡང་རུང་བར་དོར་བར་བྱའོ། །དེ་ནས་རིག་སྔགས་འཆང་དབང་ཕྱུག་ཉམས་པའམ། རྒྱལ་པོའི་དཔལ་ཉམས་པ་སླར་གྲོན་པར་འདོད་ན་རིག་སྔགས་འཆང་དེས་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉའི་ནུབ་མོ་གནས་དབེན་པ་འམ། ཡང་ན་ནྱ་གྲོ་དྷའི་དྲུང་དུ་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཁྲུ་བཅུ་དྲུག་པ། སྒོ་བཞི་ཡོད་པ། མེའི་སྦྱིན་སྲེག་བྱས་པའི་ཐལ་བ་ཡིས་བྲི་ཞིང་། དཔལ་གྱི་ལྷ་མོའི་རིག་སྔགས་དང་སྦྱར་ཏེ་དེའི་དབུས་ སུ་སངས་རྒྱས་བཅོམ་ལྡན་འདས་བྲིའོ། །གཡོན་ཕྱོགས་སུ་ནི་རྡོ་རྗེ་བྲིའོ། །དེ་བཞིན་གཤེགས་པའི་གཡས་ཕྱོགས་སུ་ནི་དཔལ་གྱི་ལྷ་མོ་ཆེན་མོ་བྲིའོ། །དེ་ནས་རིག་སྔགས་འཆང་གིས། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ངོས་ སུ་བུམ་པ་ཉི་ཤུ་རྩ་བདུན་དགོད་པར་བྱའོ། །བྱང་དང་ནུབ་དང་ལྷོར་ཡང་དེ་བཞིན་དུ་དགོད་པར་བྱའོ། །བུམ་པ་དེ་དག་གི་ནང་དུ་ཡང་ས་བོན་དང་། རིན་པོ་ཆེ་ཐམས་ཅད་གཞུག་གོ། །བུམ་པ་ཐམས་ཅད་ཀྱང་མགྲིན་བཅིང་ལྡན་པར་ བྱའོ། །བུམ་པ་དེ་དག་ཐམས་ཅད་དུ་འོ་མ་ཡོད་པའི་ཤིང་གི་ཡལ་ག་ཡང་བཅུག་སྟེ་ལན་བདུན་བདུན་བསྔགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ལག་ན་རྡོ་རྗེ་དང་དཔལ་གྱི་ལྷ་མོ་ཆེན་མོ་ལ་ ལྷ་བཤོས་རྒྱས་པར་དབུལ་ཞིང་མཆོད་པ་རྒྱས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་གུར་ཀུམ་གྱིས་བརྐྱང་ནུལ་དུ་བྱུགས་ལ་དེའི་མདུན་དུ་བིལ་བའི་ཤིང་གིས་མེ་སྦར་ཏེ། བ་སེར་ 100-1-178b མོ་བེའུ་ཡོད་པའི་མར་གྱི་ནང་དུ་ཨ་ག་རུའི་ཡམ་སྲེག་ཤིང་ངམ། ཡང་ན་པད་མ་བརྒྱད་སྟོང་བསྙུགས་ཏེ། སྦྱིན་སྲེག་བྱས་ལ་མར་གྱི་མར་མེ་བརྒྱད་སྟོང་སྦར་ཏེ་དེ་ནས་ལས་བྱའོ། །ལས་ཟིན་ནས་བུམ་པ་དེ་དག་གིས་རྒྱལ་པོ་དེ་ཁྲུས་བྱེད་དུ་བཅུག་ལ་ ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ངེས་པར་གནས་པར་བྱས་ན་ཟིན་པའི་རྗེས་ལ་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཕལ་པ་གང་ལ་ལས་ཁྲུས་བྱས་ན་དེའི་ལོངས་སྤྱོད་ཀྱི་གཞི་འགྲུབ་པར་འགྱུར་ཏེ། རྒྱལ་སྲིད་དམ། ཡུལ་གྲུའི་བདག་པོའམ། གྲོང་ གི་བདག་པོར་འགྱུར་རོ། །ཅི་སྟེ་བ་ལང་དང་བྲམ་ཟེ་གསོད་པར་བྱེད་ན་ཡང་སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་དང་གང་འདོད་པའི་ཕྱིར་བྱས་ན་ཡང་འདོད་པ་དེ་དང་དེ་ཐོབ་པར་འགྱུར་ཏེ། ཇི་ལྟར་ང་དེ་བཞིན་གཤེགས་པའི་ཞམ་རིང་ན་རྟག་ ཏུ་གནས་པ་དེ་བཞིན་དུ་དཔལ་གྱི་ལྷ་མོ་ཆེན་མོ་འདི་དེའི་ཐད་ན་གནས་པར་འགྱུར་རོ། །ཇི་ལྟར་རྡོ་རྗེ་འདི་རྟག་ཏུང་ལ་གནས་པ་དེ་བཞིན་དུ་དཔལ་གྱི་ལྷ་མོ་འདི་རྟག་ཏུ་དེ་ལ་གནས་པར་འགྱུར་རོ། །གང་ཞིག་རྟག་ཏུ་དཔལ་ཐམས་ཅད་མངོན་པར་འབྱུང་ བར་བྱེད་པའི་དཀྱིལ་འཁོར་འཆང་དེ་ལ་ནི་རྟག་ཏུ་ལྷ་རྣམས་བསྲུང་བར་བྱེད་ཅིང་ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །རིག་སྔགས་འཆང་ངམ། རིག་སྔགས་འཆང་གི་བུའམ། རིག་སྔགས་འཆང་མ་གང་ཞིག་དཔལ་ཐམས་ཅད་མངོན་པར་ འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་ན་ཐམས་ཅད་འཕེལ་བར་བྱེད་པའི་དཔལ་ཐོབ་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་རྫོགས་སྷོ།། །།དེ་ནས་དྲང་སྲོང་ལྔ་ དགའ་བའི་ཚལ་དུ་འཁོད་ནས་གཅིག་ལ་གཅིག་བལྟས་ཏེ་འདི་སྐད་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་འཛིན་པ་འདི་ཉིད་ནི། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ཐུབ་པའི་དྲུང་ན་གསང་བའི་ སྔགས། །རྣམ་པ་སྣ་ཚོགས་ཐབས་ཀྱིས་སུ། །རིག་མཆོག་ཆོ་ག་ཆེན་པོ་གང་། །ལྷ་རྣམས་ལ་ནི་གྲུབ་སྦྱིན་ཞིང་། །ཐོས་ནས་རྟག་ཏུ་ལྷ་རྣམས་ནི། །ལྷ་མིན་ལས་རྒྱལ་སྔོན་བྱེད་ཀྱིས། །སེམས་ཅན་རྣམས་ཀྱི་དོན་གྱི་ 100-1-179a ཕྱིར་གསང་བའི་བདག་པོ་སྟོབས་པོ་ཆེ། །ཞི་བ་དང་ནི་དུལ་བ་ཡི། །ཐད་དུ་སོང་ནས་དྲི་བར་བྱ། །དེ་ནས་ལྷའི་དྲང་སྲོང་འོད་ཟེར་ཅན་དང་། འོད་སྲུངས་དང་། ཀུན་བཤེས་དང་། གནས་འཇོག་དང་། མི་སྦྱིན་གྱི་བུ་ལ་སོགས་པ། བཅོམ་ ལྡན་འདས་དང་། ལག་ན་རྡོ་རྗེ་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་གྱིས་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ལྷའི་གླུ་དབྱངས་ཀྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་ འདས་ལག་ན་རྡོ་རྗེས་དཀྱིལ་འཁོར་དེ་ནས་ལངས་ནས་ལྷའི་དྲང་སྲོང་དེ་དག་ལ་སྨྲས་པ། དྲང་སྲོང་ཆེན་པོ་ཁྱེད་རྣམས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། དཔལ་ཐམས་ཅད་ མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་གྱི་རྒྱལ་པོའི་ནང་དུ་འོངས་པ་ལེགས་སོ་ལེགས་སོ། །དེ་ནས་དགའ་བའི་ཚལ་ཆེན་པོ་ཡིད་དུ་འོང་བ་དང་། ཤིང་ཆེན་པོ་ཡོངས་འདུ་ལ་གནས་པའི་སྲིན་མོ་ནམ་གྲུ་ཞེས་བྱ་བ་སྟོབས་ཆེན་མོ་ བརྩོན་འགྲུས་ཆེན་མོ། འཇིག་རྟེན་གསུམ་ན་བྱིས་པ་རྣམས་གསོད་པ། འདོད་དགུར་སྒྱུར་བའི་གཟུགས་ཅན་དེ་ཡང་དྲང་སྲོང་དེ་དག་གི་ཐད་དུ་སོང་སྟེ་མཐོང་ནས་ལྟད་མོར་གྱུར་ཏེ། དཀྱིལ་འཁོར་དེ་དང་ཉེ་བ་ཞིག་ཏུ་སོང་ནས་རྒྱང་ན་འདུག་ ཅིང་རྡོ་རྗེ་འབར་བའི་གཟི་བྱིན་གྱིས་དེའི་ནང་དུ་འོང་མ་ནུས་སོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དང་། མི་སྦྱིན་གྱི་བུ་ལ་སོགས་པ་དྲང་སྲོང་རྣམས་ལག་ན་རྡོ་རྗེའི་ཞལ་དུ་བལྟ་ཞིང་། རྡོ་རྗེ་འཛིན་སྲིན་མོ་ནམ་གྲུ་ཞེས་བྱ་ བ་སྟོབས་ཆེན་མོ། བརྩོན་འགྲུས་ཆེན་མོ། འདི་ནི་སྐྱེ་བོ་གནས་པ་དང་། འགྲོ་བ་འཇིག་པར་བྱེད་པ་ལགས་ཀྱིས། རྡོ་རྗེ་འཛིན་ཆེན་པོ་སྲིན་མོའི་འཇིགས་པ་དེ་ལས་བདག་ཅག་ཡོངས་སུ་སྐྱོབས་ཤིག །དེ་ནས་དཔལ་དང་ལྡན་པ་རྡོ་རྗེ་འཛིན་ ཁྲོས་ཏེ་མིག་དམར་པོར་བསྒྱུར་ནས་རང་གི་དཔུང་ལ་བལྟས་ཏེ། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་རེ་ཤིག་འཁོད་ཅིག་དང་། འཇིག་རྟེན་ན་སྡང་བ་གང་ཇི་སྙེད་ཡོད་པ་དེ་དག་གཞིག་པར་བྱའོ། །དེ་ནས་ལྷ་རྣམས་དང་། དྲང་སྲོང་ 100-1-179b དེ་དག་གིས་ལག་ན་རྡོ་རྗེ་དང་། སྤྱན་ལ་བསྟོད་ནས། རྡོ་རྗེ་འཛིན་སྲིན་མོ་ཆེན་མོ། བརྩོན་འགྲུས་ཆེན་མོ། སྟོབས་ཆེན་མོ། ཁྱོད་ཀྱི་དཀྱིལ་འཁོར་དུ་འཇུག་མི་ནུས་ཀྱིས། རྡོ་རྗེ་འཛིན་ཁྱོད་ཀྱིས་ཀྱང་སྲིན་མོ་ཆེན་མོ་འདི་ལ་བསྟོད་པར་མཛོད་ཅིག་དང་། དེས་ན་དཀྱིལ་འཁོར་དུ་འོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་སྙིང་རྗེའི་སེམས་ཀྱིས་བལྟས་ནས་སྲིན་མོ་ནམ་གྲུ་ལ་རང་གི་ཆོ་འབྲང་ལས་བསྟོད་པ། ནམ་གྲུ་ཁྱོད་ཀྱི་ཆོ་འབྲང་དང་། །མཚན་ཉིད་དག་ནི་ བཤད་བྱ་ན། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་འཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ཡང་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེས་གཏམས། །མིང་པོ་མཛོད་དང་མཛོད་སྲུང་བ། །ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། ། ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས། །ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སྲིན་མོ་ནམ་གྲུ་རང་གི་ཆོ་འབྲང་ལ་བསྟོད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ ཕྱག་འཚལ་ཏེ། རྡོ་རྗེ་འཛིན་པ་བདག་ཉིད་ཆེ། །ཚངས་དང་གསུམ་ལ་ཕྱག་འཚལ་ཏེ། །དབང་ཕྱུག་ཆེ་ལ་ཕྱག་འཚལ་ནས། །ས་འཛིན་ཀླུ་རྣམས་གང་ཡིན་དང་། །གང་དག་གནོད་སྦྱིན་སྟོབས་པོ་ཆེ། །གྲུབ་པ་བརྒྱུ་བ་དྲི་ཟ་རྣམས། ། དྲང་སྲོང་ལྷ་དང་ལྷ་མིན་པ། །དེ་ནས་འབྱུང་པོ་ཐམས་ཅད་དང་། །འོད་ཟེར་ཅན་དང་འོད་སྲུངས་དང་། །ཀུན་ཤེས་དང་ནི་གནས་འཇོག་དང་། །ཐུབ་པ་ཆེན་པོ་མི་སྦྱིན་བུ། །དབང་པོ་གཏུམ་པོ་ཁྱབ་འཇུག་དང་། །འདི་རྣམས་བདག་ལ་ གྲུབ་སྦྱིན་ཤོག །ནམ་གྲུ་མོ་ནི་བཤད་བྱ་ན། །མཚན་མོ་ནག་མོ་འཇིགས་བྱེད་མ། །གཤིན་རྗེའི་སྲིང་མོ་ཆེན་མོ་སྟེ། །ཡོངས་འདུའི་ཤིང་ལ་གནས་པ་ཡིན། །རི་ལ་ཁྱབ་འཇུག་གཅིག་པུ་ནི། །བདེ་བར་ཉལ་བར་མི་ཉམ་སྟེ། ། དེས་ནི་བྱའི་ཡི་གཟུགས་ཀྱིས་སུ། །མཚན་མོ་ཁྱབ་འཇུག་སྐྲག་པར་བྱེད། །ལྷ་མོ་ནག་མོ་སྟོབས་མོ་ཆེས། །དེ་མཐོང་ནས་ནི་འོང་བར་འགྱུར། །དེ་ནས་རྩེད་མོ་བྱེད་བཞིན་དུ། །བྱིས་པ་གསོད་པའི་མགྲིན་པ་ནས། །ལག་པ་ 100-1-180a གཡོན་པས་བཟུང་ནས་ནི། །འཇིགས་པའི་སྒྲ་ཡང་འབྱིན་པར་བྱེད། །རྣ་གཉིས་ཀྱང་ནི་མི་མཐོང་སྟེ། །སེམས་ཉམས་པས་ནི་དེ་མཐོང་ནས། །ཤིན་ཏུ་བྲེད་ཅིང་བཞིན་ཡང་འགྱུར། །ཁྱོད་ནི་ང་ལ་མ་འཚེ་བར། །ལྷ་ཡི་དགའ་ གནས་དགའ་བར་གྱིས། །དེ་ནས་ཁྲོས་ནས་དེ་ཉིད་དུ། །བྱིས་པ་གསོད་ལ་བསྒོ་བ་ནི། །ལོ་གཅིག་པ་དང་ལོ་གཉིས་དང་། །ལོ་དགུ་པ་ལ་མ་འཇུག་པར། །བཟང་མོ་སོང་ལ་སྐྱེ་དགུ་འདི། །རང་གི་ལས་ཀྱིས་བཟའ་བར་གྱིས། ། བ་ལང་རྣམས་ལ་གོར་ཡང་བྱོས། །ཝ་རྣམས་ལ་ནི་ཝ་གསོད་དང་། །རི་དགས་ལ་ནི་རི་དགས་ནད། །མི་རྣམས་ལ་ནི་མི་ངས་བྱོས། །ཁྱོད་ཀྱི་ལུས་ལ་དེང་བརླག་གྱུར། །བྱིས་པ་རྣམས་ནི་རྩེ་གྱུར་ཅིག །བྱིས་པ་རྣམས་ལ་ ཕན་གདགས་ཕྱིར། །མ་མོ་རྣམས་ལ་སྙེམས་པའི་མཆོག །མི་རྣམས་ཀྱང་ནི་རིམས་བཞིན་དུ། །དེ་ནི་བདག་གིས་བཤད་པར་བྱ། །དཀྱིལ་འཁོར་འདི་ནི་མཐོང་བ་ལ། །གདོན་ནི་གང་ཞིག་ལྡོག་མི་བྱེད། །གདོན་མང་དག་གིས་ དེ་སྤངས་ནས། །མུན་པ་མི་བཟད་གནས་པར་འགྱུར། །གང་གིས་སུ་ནི་ཞི་འགྱུར་བ། །འདི་ཡང་ལྷ་རྣམས་མཉན་པར་གྱིས། །གང་ན་བུད་མེད་སྲུང་བྱེད་པ། །དེར་ནི་བྱིས་པ་བསྲུང་བྱ་སྟེ། །གསེར་དག་དང་ནི་ལུང་ཏང་རྣམས། །པུད་ཏྲན་ ཛི་བ་ལིག་བུ་མིག །གིའུ་ཝང་མར་དང་སྦྲང་རྩི་དང་། །ཡང་ན་ཤུ་དག་གྲོ་བ་རྣམས། །འདི་དག་གང་གི་ཁྱིམ་ན་ཡོད། །དེར་ནི་བྱིས་པ་སྲུང་བར་བྱ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེས་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ཙི་ལི་ཙི་ལི། བྷི་ན་བྷི་ན་མུཉྩ་མུཉྩ། ཧི་བ་ལ་ཀཾ་སྭཱ་ཧཱ། བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་བཱ་ས་མཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རི་ཥཱ་ཡ་ས་མཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེས་ འདི་བཤད་མ་ཐག་ཏུ་སྲིན་མོ་སྟོབས་མོ་ཆེ་ནམ་གྲུས་སྐད་ཆེན་པོ་ཕྱུང་ནས། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ 100-1-180b འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེ་ཚོགས་མི་བཟད་པ་མཆོག་ཏུ་འཇིགས་པ་ལས་བདག་བསྐྱབ་ཏུ་གསོལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་སྲིན་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྲིན་མོ་མ་འཇིགས་ ཤིག །མ་འཇིགས་ཤིག །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དྲན་པར་གྱིས་ཤིག །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དྲན་པར་གྱིས་ཤིག་དང་། དེས་ན་འཇིགས་པར་མི་འགྱུར་རོ། །སྐལ་བ་ཆེན་པོ་ལྡོག་པར་ གྱིས་ཤིག །སྟོབས་པོ་ཆེ་ངའི་བཀའ་ཉོན་ཅིག །དེ་ནས་སྲིན་མོ་ཆེན་མོ་ནམ་གྲུས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གིས་གཏང་ལགས་ཀྱིས། བདག་ གིས་ཅི་བགྱི་བ་བཀའ་སྩོལ་ཅིག་དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྲིན་མོ་དེ་ལ་སྨྲས་པ། གང་ན་རིག་སྔགས་ཀྱི་རྒྱལ་པོ་གནས་པ་དེར་ཁྱོད་མ་འདུག་ཤིག །དཔལ་ཐམས་ཅད་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་བ་ གང་ཡིན་པ་དང་། ཁྱོད་ཀྱི་ཆོ་འབྲང་དང་། མཚན་ཉིད་གྲོ་ག་ལ་བྲིས་ཏེ་འཆང་བ་དེར་ཡང་ཁྱོད་ཀྱིས་བསྲུངས་ལ་ཞི་བ་དང་བདེ་ལེགས་སུ་གྱིས་ཤིག་སྨྲས་པ། སྟོབས་པོ་ཆེ་དེ་ལྟར་བགྱི་སྟེ་གང་བདག་གི་ཆོ་འབྲང་དང་། མཚན་ཉིད་ འགྲོ་བ་ལ་གིའུ་ཝང་གིས་བྲིས་ནས་སྣོད་དུ་བཅུག་སྟེ་འཆང་བ་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་བ་དང་། ཡུལ་ལམ་གྲོང་ཁྱེར་གང་ན་དཀྱིལ་འཁོར་ཆེན་པོ་འདི་འདྲི་བའི་ཡུལ་དེ་ཞི་བ་དང་ བདེ་ལེགས་སུ་འགྱུར་ཏེ། དེས་ན་སེམས་ཅན་སྡང་བར་སེམས་པ་རྣམས་ཀྱིས་ཁྱོད་ཀྱི་བཀའ་མཉན་ནས་བསྲུང་བར་བྱེད་དེ། ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །བྱིས་པ་གང་ནམ་གྲུའི་ཆོ་འབྲང་དང་མཚན་ཉིད་སྣོད་དུ་བཅུག་སྟེ་འཆང་བ་ དེ་ལ་ནི་གདོན་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་རོ། །གང་ཞིག་དཔལ་ཐམས་ཅད་མངོན་པར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བྲིས་པའི་དབུས་སུ་རྡོ་རྗེའི་དབྱིབས་ཀྱི་ཐབ་ཁུང་བྱས་ཏེ། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ 100-1-181a ཁྲོ་བོ་སྟོབས་པོ་ཆེ་ངས་བཤད་པ་གང་ཡིན་པ་འམ། ཡང་ན་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོས་གུ་གུལ་ལམ་འབྲུའི་སྦྱིན་སྲེག་བྱས་ན་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་ཡུལ་ལམ་གྲོང་ཁྱེར་གྱི་མི་ནད་ཞི་བར་འགྱུར་རོ། ། ཞི་བའི་ཆོ་ག་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཉོན་ཅིག །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལས་ངས་ རིག་སྔགས་བཤད་པ་གང་ཡིན་པ་དེ་དག་གིས་ལས་ཀྱི་འབྲས་བུ་སྟོན་པ་རྣམ་པ་སྣ་ཚོགས་ངས་བཤད་པར་བྱའོ། །སྨྲས་པ། རིག་སྔགས་ཀྱི་རྒྱལ་པོ་སྔགས་ཐམས་ཅད་ཀྱི་ལས་ཤོད་ཅིག་ཤོད་ཅིག །སྨྲས་པ། ལྷ་རྣམས་ངའི་ བཀའ་གཅོག་པ་དེ་ནི་ངས་རྡོ་རྗེ་འབར་བ་ཀུན་ཏུ་རབ་ཏུ་འབར་བར་སྤྱི་བོ་གཤེག་པར་བྱའོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ངས་བཤད་པ་གང་ཡིན་པ་དེ་ཡང་དེ་བཞིན་དུ་གྱིས་ཤིག ། ནམ་གྲུའི་ཆོ་ག་འབྲང་དང་། མཚན་ཉིད་ཀྱི་ཆོ་ག་བཤད་པར་བྱ་སྟེ། ཡུལ་གང་དུ་མི་ནད་ཀྱི་གནོད་པ་བྱུང་བ་དེར་ངས་ཆོ་ག་བཤད་པའི་ཆོ་ག་དེས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བྲིས་ལ། དེའི་ དབུས་སུ་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ལས་བཤད་པའི་རྡོ་རྗེ་ཁྲོ་བོས་གུ་གུལ་ལས་འབྲུའི་སྦྱིན་སྲེག་བྱའོ། །སྲིན་མོ་ཆེན་མོ་དེའི་གཏོར་མ་གང་གིས་མི་ནད་ཞི་བར་གྱུར་པ་ཡང་བཤད་པར་བྱ་སྟེ། འབྲས་ཀྱིའོ་ཐུག་སྦྱར་ཐུག་དང་། ། འབྲས་ཅན་མོན་སྲན་གྲེའུ་སྦྱར་དང་། །འབྲས་ཅན་བུ་རམ་སྦྱར་བ་དང་། །ཏིལ་དང་སྦྱར་བའི་སྣུམ་མཁུར་དང་། །འབྲས་ཀྱི་ཞིང་དེ་དུ་ཞོ་དང་། །པེན་ཙེར་མཁུར་བ་བཀྲ་ཤིས་ལྡན། །འབྲས་ཀྱི་ཆུང་པེང་ལ་ཕུག་ཏིལ། ། བུར་མར་འོ་མ་ཉ་དང་ཤ །ཏིལ་ཕྱེ་ལས་བྱས་མཁུར་བ་དང་། །ཆང་དང་དབྱིག་དང་བཅས་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་བྱུག །གཏོར་མ་དེ་དག་བྱིན་ན་ནི། །མི་ནད་ཀུན་ཞི་ཕན་པར་འགྱུར། །ལྷ་ཐམས་ཅད་ལ་ 100-1-181b ཡང་བཤོས་སྣ་ཚོགས་དབུལ་བར་བྱ་ཞིང་དེར་ཤིན་ཏུ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཡང་བཀླག་པར་བྱའོ། །རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྨ་བྱ་ཆེན་ མོའི་རིག་སྔགས་བདུན་བརྒྱས་བསྐོར་བ་གང་ཡིན་པ་དེ་ཡང་དེར་བཀླག་པར་བྱ་སྟེ། རིམ་གྲོ་བྱ་ཞིང་བླ་མར་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། བཤོས་རྣམས་ཀྱིས་མཆོད་པར་བྱའོ། །ནམ་གྲུའི་ཚོ་འབྲང་དང་། མཚན་ཉིད་ ཀྱང་བཀླག་པར་བྱ་སྟེ། གྲོ་ག་ལ་བྲིས་ནས་མགོ་ལ་བཏགས་ན་ཡུལ་དེར་ཞི་བ་དང་། བདེ་ལེགས་སུ་འགྱུར་ཏེ། ཡུལ་དེར་མི་ནད་གྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ནམ་གྲུའི་ཆོ་འབྲང་མཚན་ཉིད་ནི། །ལག་ན་རྡོ་རྗེས་བཤད་པ་བཞིན། ། དེ་ནི་བདག་གིས་ངེས་པར་བསྟན། །ཕོ་ཉ་མ་སྟོབས་ཆེན་མོ་རྣམས་ཀྱི་ལས་ཀྱང་བཤད་པར་བྱ་སྟེ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་ཕོ་ཉ་མོ་སྟོབས་ཆེན་མོ་དྲུག་ངས་བཤད་པ་གང་ཡིན་པ་རྣམས་དང་། ཚོགས་རྣམས་ཀྱི་ནང་ན་ཕོ་ཉ་མོ་རྣམས་ཀྱི་ལས་སྒྲུབ་པ་ལྕགས་ཅན་བསྟན་པ་གང་ཡིན་པ་དང་། མཐོང་བར་དགའ་བར་བཤད་པ་ཕོ་ཉ་ཚོགས་དྲུག་གིས་བསྐོར་བ་ཚོགས་ཆེན་པོ་ལྕགས་ཅན་གང་གིས་མཐོང་བ་དེས་ཕོ་ཉ་མོ་རྣམས་དང་། འགྲོགས་པ་མི་བཟད་པ་དཔའ་བོ་ཚོགས་ཆེན་པོ་དང་། ཕོ་ཉ་མ་རྣམས་དང་ལྷན་ཅིག་གནས་པ་དྲག་པོ་མི་བཟད་པ་ལས་དྲག་པོ་བྱེད་པ། གཟུགས་བཟང་པོ་དང་། ལྕགས་ཅན་ཕོ་ཉ་མ་རྣམས་དང་ལྷན་ཅིག་ན་གནས་པ་སྟོབས་པོ་ཆེ་ སྒྲུབ་པ་ནི་མར་གྱི་ངོ་ཞག་བརྒྱད་ལ་སྨྱུང་བར་བྱས་ཏེ་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྣམས་པ་སྣ་ཚོགས་དེ་བཞིན་དུ་བྱས་ལ། དེ་ནས་ཕོ་ཉ་མ་སྟོབས་མོ་ཆེ་དྲུག་གཞག་པར་བྱའོ། །དེ་ལ་དབུས་སུ་ནི་ལག་ན་རྡོ་རྗེ་ སྟོབས་པོ་ཆེ་དྲག་པོའི་ལས་བྱེད་པ་གཟུགས་བཟང་པོ་གཞག་གོ། །འོག་ལོགས་སུ་ནི་རྐང་པ་གཡས་པའི་ལྷོ་ཕྱོགས་སུ་ནི་ཕོ་ཉ་མོ་སྟོབས་མོ་ཆེ་དྲུག་གཞག་གོ། །རྐང་པ་གཡས་པ་དེ་ཡང་འདེག་པར་བྱ་སྟེ། ཚོགས་ཆེན་པོ་ལྕགས་ 100-1-182a ཅན་སྟོབས་པོ་ཆེ་ཚོགས་བདུན་གྱིས་བསྐོར་བས་ལག་པ་གཉིས་ཀྱིས་རྡོ་རྗེ་འཛིན་ཆེན་པོའི་རྐང་པ་གཡས་པ་སྟོན་ཅིང་འཛིན་པར་བྱའོ། །དེ་ནས་ལྕགས་ཅན་གྱི་འོག་ལོགས་སུ་རིན་པོ་ཆེ་ཐམས་ཅད་དང་འབྲུ་ཐམས་ཅད་གཞག་པར་བྱའོ། ། ཡང་ན་ཀཪྴ་པ་ཎི་བརྒྱ་རྩ་བརྒྱད་ཚང་བར་དབུལ་བར་བྱའོ། །ལག་ན་རྡོ་རྗེ་དང་ལྕགས་ཅན་ལ་སོགས་པ་ཚོགས་རྣམས་དང་། ཕོ་ཉ་མ་སྟོབས་མོ་ཆེ་དེ་དག་ཀྱང་ཚོན་རྩི་སྣ་གསུམ་གྱིས་བྲི་བར་བྱའོ། །དེ་ནས་ལག་ན་རྡོ་རྗེ་དང་ཚོགས་ཆེན་པོ་ རྣམས་དང་། ཕོ་ཉ་མོའི་ཚོགས་དེ་དག་ལ་ལྷ་བཤོས་སྣ་ཚོགས་དབུལ་བར་བྱའོ། །དེ་ནས་ཚོགས་ཆེན་པོ་ལྕགས་ཅན་གྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་མཚན་མོ་རྨི་ལམ་བཟང་པོ་རྨི་བར་འགྱུར་རོ། །ཡང་ན་སྐྱེས་པ་ འམ། བུད་མེད་མཐོང་བར་འགྱུར་ཏེ། ཅི་སྟེ་སྐྱེས་པ་ནག་པོ་མིག་དམར་ལ་གོས་སེར་པོ་གྱོན་པ་ཞིག་མཐོང་ན་ནི་དེ་ཕྱིན་ཅད་རིག་སྔགས་འཆང་གི་ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་གྱི་ལས་རྣམས་འགྲུབ་པར་འགྱུར་རོ། །ཅི་སྟེ་བུད་ མེད་གོས་དཀར་པོ་གྱོན་པ་མདོག་ནག་པ་འམ། སྔོ་བསངས་སམ་དཀར་པོ་མཐོང་བར་གྱུར་ན་དེ་ཇི་སྟེ་དཀར་པོ་མཐོང་ན་ནི་ལྡོང་རོས་སྒྲུབ་པར་བྱའོ། །ཅི་སྟེ་སྔོ་བསངས་མཐོང་ན་ནི་མཚོན་ཆ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཅི་སྟེ་ནག་པོ་ མཐོང་ན་ནི་ལིག་བུ་མིག་དང་། ཕ་བང་ལོང་བུ་དང་། སྟང་ཟིལ་ལ་སོགས་པའི་མིག་སྨན་རྣམས་འགྲུབ་པར་འགྱུར་རོ། །ཕོ་ཉ་མ་རྣམས་ཀྱི་ལས་ཐམས་ཅད་ལ་ནི་ནང་པར་བླ་མ་དང་ཚོགས་ལག་ན་རྡོ་རྗེ་དང་འདྲ་བར་བྱ་སྟེ། བདག་ཉིད་ཀྱིས་ ཕོ་ཉ་མོ་རྣམས་ཀྱི་ཐབས་སུ་བུད་མེད་གང་ཡང་རུང་བ་ཀུ་ཤའི་སྟན་བྱས་པ་ལ་འདུག་པ་ལ་ཅི་རིགས་པའི་ཁ་ཟས་ཀྱིས་སྟོན་ན་ཕོ་ཉ་མོ་དྲུག་དང་། ཚོགས་སྟོབས་པོ་ཆེ་བརྒྱད་པོ་རྣམས་འགྲུབ་པར་འགྱུར་ཏེ་ཞག་གསུམ་ན་ཕོ་ཉ་མའི་ཚོགས་ རྣམས་ཡོངས་སུ་མགུ་བར་གྱུར་པས་གློ་བུར་དུ་སྐྱེས་པ་དང་། བུད་མེད་ཀྱི་གཟུགས་ཀྱིས་ཤིང་ཐོག་སྦྱིན་པར་བྱེད་དོ། །དེ་ནས་རིག་སྔགས་འཆང་གིས་ཤིང་ཐོགས་བླངས་ལ་བདག་གྲུབ་པོ་སྙམ་དུ་ཤེས་པར་བྱས་ནས་ལག་ན་རྡོ་རྗེ་དང་། 100-1-182b ཕོ་ཉ་མའི་ཚོགས་རྣམས་ལ་མཆོད་པར་བྱའོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་དང་ལྷན་ཅིག་ཏུ་ཚོན་རྩི་སྣ་གསུམ་གྱིས་བྲིས་པ་འདི་ནི་གང་གིས་མཐོང་ན་ཡང་ཕོ་ཉ་མའི་ཚོགས་ཐམས་ཅད་འགྲུབ་པར་འགྱུར་ན་སྒྲུབ་པ་དང་། འཆང་བ་ལྟ་ཅི་སྨོས། དབྱིག་དེ་དག་ཀྱང་ལག་པར་གཞག་སྟེ་བླ་མ་ལ་དབུལ་བར་བྱའོ། །ཕུལ་ནས་ཀྱང་ཕོ་ཉ་མོའི་ཚོགས་རྣམས་བདག་ལ་གྲུབ་པར་གྱུར་ཅིག་ཅེས་སྨྲས་ལ། དེ་ནས་ཀྱང་བསྒྲིམས་ཏེ་ཕོ་ཉ་མའི་ཚོགས་ཀྱིས་བལྟས། པའི་ལུས་འདི་བསྒྲུབ་པར་བྱའོ། །དེ་ནས་ཕོ་ཉ་མོ་དྲུག་དང་། ཚོགས་སྟོབས་པོ་ཆེ་བརྒྱད་པོ་རྣམས་ལས་སྣ་ཚོགས་ཀྱིས་བསྒྲུབ་པར་བྱའོ། །ཕོ་ཉ་མོ་རྣམས་ཀྱིས་ལས་སྣ་ཚོགས་རྣམས་བཤད་པར་བྱ་སྟེ། མེ་ལྕེ་མའི་ལས་འདི་རྣམས་ བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །མཚམས་བཅད་པ་ནི་ཐལ་བས་བྱའོ། །དུག་ལས་གསོ་བ་ནི་ཡལ་གས་བྱའོ། །གདོན་ཐམས་ཅད་ལ་ནི་ཡུངས་ཀར་གྱིས་གདབ་པའི་ལས་བྱའོ། །གཞོན་ནུའི་ གདོན་ལ་ནི་རྣ་བར་བཤིབས་ཏེ་བཟླས་བརྗོད་བྱས་པས་གཏོང་བར་བྱེད་དེ། གཞོན་ནུ་ཐམས་ཅད་ལ་རྟག་ཏུ་སྦྱར་བར་བྱའོ། །དབབ་པ་ནི་གུ་གུལ་གྱིས་གདུག་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་ པ་ལག་ན་རྡོ་རྗེ་ལ་མེ་ཏོག་དཀར་པོ་སྟོང་གིས་བསྣུན་ན་ལོང་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། །ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་རིག་སྔགས་བཟླས་བརྗོད་བྱས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལྕགས་ཅན་བཞག་ནས་མཆོད་པ་རྒྱས་པར་བྱས་ལ། དེའི་མདུན་དུ་དོང་ཀའི་ཤིང་གིས་མེ་སྦར་ལ་ལྡོང་རོས་བ་ལང་གི་མཁྲིས་པ་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གློ་བུར་དུ་ཧཱ་ ཧཱ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་ཏེ། དེ་ནས་ཚོགས་ཆེན་པོ་རྨུགས་བྱེད་འོང་བར་འགྱུར་རོ། །འོངས་ནས་རྨུགས་བྱེད་ཀྱིས་ལྡོང་རོས་སྦྱིན་པར་བྱེད་དེ། དེ་ཐོགས་པས་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ལྕགས་ 100-1-183a ཅན་དང་། ཁ་དོག་མཚུངས་ལ་བསྐལ་པར་གནས་པར་འགྱུར་རོ། །ཡང་ན་སློངས་མོའི་ཟས་བཟའ་ཞིང་དབེན་པའི་གནས་སུ་ལན་འབུམ་བཟླས་བརྗོད་བྱས་ན་ཚོགས་ཆེན་པོ་ལྕགས་ཅན་གྱིས་རལ་གྲི་སྦྱིན་ པར་བྱེད་དེ། དེ་ཐོགས་པས་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་ཅིང་བསྐལ་པར་གནས་པར་འགྱུར་རོ། །བྱན་ལག་གི་ཚང་ནས་ཤིང་བུ་བླངས་ལ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བྱས་ན། དེ་ཐོགས་ པས་ཡིད་ལ་གང་བསམས་པ་དེ་འགྲུབ་པར་འགྱུར་ཏེ། སྐྱེས་པ་དང་། བུད་མེད་དང་། ཟས་དང་། གོས་དང་། མལ་སྟན་རྣམས་ཡིད་ལ་བསམས་པས་འགྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཤིང་བུ་ཆུ་ཀླུང་ཆེན་པོར་བོར་ཏེ། དེ་ནས་ཉི་མ་ལ་ བལྟས་ལ་ཆུ་ངོགས་སུ་བཟླས་བརྗོད་བྱས་ན་ཡིད་ལ་གང་བསམས་པ་དེ་དག་ཐམས་ཅད་འགྲུབ་ཅིང་ཚེ་ལོ་ཁྲི་ཐུབ་པར་འགྱུར་ཏེ། མིའི་ཐོད་པ་ལ་དབབ་པ་དང་། རལ་གྲི་དང་། མེ་ལོང་ལ་དབབ་པ་ཡང་བྱེད་ནུས་པར་འགྱུར་རོ། །ཡར་གྱི་ ངོ་ཟླ་བ་ཉ་ལ་བརྩམས་ཏེ་སློངས་མོའི་ཟས་ཟ་ཞིང་འཕགས་པ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བྱས་ན་བུད་མེད་ཐོབ་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་ལས་བྱ་བ་དང་། ལྷ་རྣམས་ ལ་དྲི་དབུལ་བ་ཡང་འདིའི་རིག་སྔགས་ཀྱིས་བྱའོ། །མེ་ལྕེ་མའི་ཆོ་ག་སྟེ་དང་པོ་རྫོགས་སྷོ།། །། མེ་སྟག་མའི་ལས་རྣམས་འབྱུང་སྟེ། དབབ་པ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཆུས་བྱའོ། །རྒྱ་གཞོམ་པ་ནི་སོ་ཕག་གིས་བྱའོ། ། དུག་ལས་གསོ་བ་ནི་ཡལ་གས་བྱའོ། །སྡོམ་དང་ལུ་ཏས་ཟིན་པ་རྣམས་ལ་ནི་བྱབ་པས་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དུར་ཁྲོད་ཀྱི་གསེག་མ་བླངས་ནས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་ སྟོང་བཟླས་བརྗོད་བྱས་ན་གསེག་མ་དེ་ཐོགས་པས་གང་ལ་བསྡིགས་པ་དེ་རྒྱས་བཏབ་པར་འགྱུར་ལ། གུ་གུལ་གྱིས་བདུགས་ན་གྲོལ་བར་འགྱུར་རོ། །མི་རོ་ལ་བལྟས་ཏེ་ལོངས་ཞེས་སྨྲས་ན་ལྡང་བར་འགྱུར་ཏེ་དོན་དུ་གཉེར་བའི་ 100-1-183b མཆོག་སྟོན་པར་འགྱུར་རོ། །དེ་ནས་རྨ་བྱ་སྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་གཞོན་ནུའི་གནས་སུ་སོང་ལ་ཚོན་རྩི་སྣ་གསུམ་གྱིས་རྨ་བྱ་བྲིས་ནས་དེའི་ལུས་ལ་རྨ་བྱའི་སྒྲོ་བཞག་སྟེ། ལྷ་བཤོས་སྣ་ ཚོགས་ཕུལ་ལ་དེ་ནས་སྐད་ལན་གསུམ་ཕྱུང་གི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ན་དེ་ཕྱིན་ཅད་དུག་གསོ་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །རྨ་བྱའི་སྒྲོ་དེ་ཡང་དུད་པ་བཀག་སྟེ། བསྲེགས་ལ་དེས་མིག་བསྐུས་ན་ ཕྱེམ་རེད་ལུས་མི་སྣང་བར་འགྱུར་ཏེ་ཡིད་ལ་གང་བསམས་པའི་དོན་དེ་བྱེད་ནུས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཡང་མཚམས་བཅད་པར་ནུས་སོ། །འབྲུའི་ཞིང་གི་སྟེང་དུ་སོང་ལ་ལན་སྟོང་བཟླས་བརྗོད་བྱས་ན་འབྲུ་རྣམས་ རྒྱས་པར་འགྱུར་རོ། །འབྲུ་མ་རུང་བར་བྱ་བར་འདོད་ན་མིའི་རུས་པའི་ཕུར་བུ་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ་བཙུགས་ན་མ་རུངས་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ ཏོག་དབུལ་བ་དང་། ལྷ་ཐམས་ཅད་ལ་ཡང་ལྷ་བཤོས་དབུལ་བ་ཡང་འདིའི་རིག་སྔགས་ཀྱིས་བྱའོ། །མེ་སྟག་མའི་ཆོ་ག་སྟེ་གཉིས་པ་རྫོགས་སྷོ།། །། ཕྲེང་ལྡན་མའི་ལས་རྣམས་འབྱུང་སྟེ། བུད་མེད་དབང་དུ་བྱ་ན་ཞག་ གསུམ་གྱི་བར་དུ་དུས་གསུམ་དུ་ལན་ཚྭའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་དུས་གསུམ་དུ་ཁྲུས་བྱས་ཏེ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་ཟླ་བ་གཅིག་ལོན་ནས་བཅོམ་ལྡན་འདས་ལག་ན་ རྡོ་རྗེ་མཐོང་བར་འགྱུར་ཏེ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དགོན་པའི་གནས་སུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་གློ་ བུར་དུ་འོང་བར་འགྱུར་ཏེ། འོངས་ནས་གཏེར་སྦྱིན་པར་བྱེད་ལ་དེ་ཡང་མི་ཟད་པར་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ཏེ་ཡར་གྱི་ངོ་ཚེས་ལྔ་ལ་བུམ་པ་ས་བོན་དང་རིན་པོ་ཆེ་ཐམས་ཅད་ཀྱིས་བཀང་སྟེ་འགྲིན་བཅིངས་དང་བཅས་ 100-1-184a པར་གཞག་སྟེ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ་ཆུ་དེས་རྒྱལ་པོ་འམ། རྒྱལ་པོའི་བུ་ཁྲུས་བྱེད་དུ་བཅུག་ན་ཡུལ་དེ་དཔལ་དང་ལྡན་པར་འགྱུར་རོ། །དེ་ནས་གནོད་སྦྱིན་དབང་དུ་བྱ་བར་འདོད་ན་དགོན་ པའི་གནས་སྐྱེས་པ་དང་བུད་མེད་མེད་པའི་ཕྱོགས་སུ་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་བཟའ་ཞིང་ས་ལས་གནོད་སྦྱིན་གྱི་གཟུགས་བྱས་ཏེ་དུས་གསུམ་དུ་ལན་བརྒྱད་བརྒྱ་འམ། ལན་སྟོང་བཟླས་བརྗོད་བྱས་ན་ཟླ་བ་དྲུག་ལོན་ པ་ན་གནོད་སྦྱིན་གྱི་བདག་པོ་འོང་བར་འགྱུར་ཏེ། དེ་ན་རེ་བདག་ཅག་གིས་ཅི་ཞིག་བྱ། དམ་པ་སློངས་ཤིག་ཞེས་ཟེར་བ་དང་། དེ་ནས་དེས་འདི་སྐད་དུ་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གནོད་སྦྱིན་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་ཅེས་སྨྲོས་ ཤིག །དེ་ན་རེ་དེ་ལྟར་བྱའོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་ཏེ། ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་བྱེད་ཅིང་དུས་མ་ཡིན་པར་རྩ་བ་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་དང་། གོས་དང་། རིན་པོ་ཆེ་དང་། ཏི་ན་ར་གང་འདོད་ པ་རྣམས་སྦྱིན་པར་བྱེད་དོ། །དེ་ནས་ལོངས་སྤྱོད་ཀྱི་གཞི་བླང་བར་འདོད་ན་ཞག་དྲུག་སྨྱུང་བར་བྱས་ཏེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མཆོད་པ་ཕྱིར་ཞིང་རྒྱས་པར་བྱས་ལ། ཟླ་བ་ཉའི་ནུབ་མོ་ཨ་ཀ་རུ་དང་། གུ་གུལ་དང་། དུ་རུ་ ཀ་བསྲེགས་ཅིང་ནམ་ནངས་ཀྱི་བར་དུ་བཟླས་བརྗོད་བྱས་ཏེ་ཞག་བདུན་གྱི་བར་དུ་ངེས་པར་གནས་ན་དེ་ནས་ལོངས་སྤྱོད་ཀྱི་གཞི་ཆེན་པོ་ཐོབ་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ མར་མེ་རྣམས་ཀྱང་འདིའི་རིག་སྔགས་ཀྱིས་དབུལ་བར་བྱའོ། །ཕྲེང་ལྡན་མའི་ཆོ་ག་སྟེ་གསུམ་པ་རྫོགས་སྷོ།། །། མཛོད་ལྡན་མའི་ལས་རྣམས་འབྱུང་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་ བྱས་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གསུམ་ལ་སྨྱུང་བ་བྱས་ལ་གུ་གུལ་དང་། བིལ་བ་ལྷན་ཅིག་ཏུ་སྦྱར་ཏེ་ལན་སྟོང་བཟླས་བརྗོད་བྱས་ན་ཏི་ན་ར་སྟོང་ 100-1-184b ཐོབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དུར་ཁྲོད་དུ་སོང་ནས་མིའི་ཐོད་པ་བླངས་ལ་རའི་འོ་མས་བཀང་སྟེ། ཐོད་པ་གསུམ་གྱི་སྟེང་དུ་བཞག་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ། འབྲས་ས་ལུའི་འོ་ཐུག་ བཙོས་ལ། ཟིན་པའི་འོག་ཏུ་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་འཐུངས་ཏེ་སླར་ཐོད་པའི་ནང་དུ་བསྐྱུག་པར་བྱའོ། །དེ་ནས་ཡི་དགས་འོང་བར་འགྱུར་ཏེ་ཡི་དགས་ན་རེ་རིག་སྔགས་འཆང་ང་ལ་འོ་ཐུག་བྱིན་ཅིག་ཅེས་ཟེར་བ་དང་། དེ་ནས་རིག་ སྔགས་འཆང་གིས་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་ཡི་དགས་དེ་ལ་སྦྱིན་པར་བྱའོ། །ཡི་དགས་དེས་འོ་ཐུག་འཐུངས་ནས་འཆི་བར་འགྱུར་ཏེ་དེའི་ལག་ན་ལྡོང་རོས་འདུག་པ་བླངས་ནས་དེ་ཐོགས་པས་ལག་ན་རྡོ་རྗེ་དང་ མཐུ་སྟོབས་མཉམ་ཞིང་བསྐལ་པར་གནས་པར་འགྱུར་རོ། །རིག་སྔགས་འཆང་གིས་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་། རིག་སྔགས་བཟླས་བརྗོད་བྱས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་དགའ་ ར་བར་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་པའི་འཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། མཚན་རངས་པར་བཟླས་བརྗོད་བྱས་ན་དེ་ནས་ཤིང་གི་ལྷས་གཟུགས་སྟོན་པར་བྱེད་དེ། དེ་ལས་འགྲུབ་པར་འགྱུར་ ལ། དེ་ཕྱིན་ཅད་ནགས་ཀྱི་ལྷས་ཁ་ཟས་སྦྱིན་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཐམས་ཅད་ལ་བདུག་པ་དབུལ་བ་ཡང་འདིའི་རིག་སྔགས་ཀྱིས་བྱའོ། །མཛོད་ལྡན་མའི་ཆོ་ག་སྟེ་བཞི་ པ་རྫོགས་སྷོ།། །། འབར་ལྡན་མའི་ཆོ་ག་རྣམས་འབྱུང་སྟེ། དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ། །བསྲུང་བ་ནི་སྐུད་པས་བྱའོ། ། ཚམས་བཅད་པ་ནི་སོ་ཕག་གིས་བྱའོ། །བསྐྲད་པ་ནི་ཐལ་མོས་བརྡབས་པས་བྱའོ། །སས་ནི་ འབྲས་དང་ཕོལ་མིག་རྣམས་མེད་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་མེ་ཏོག་དཀར་པོ་ལ་ལན་བདུན་སྔགས་ཏེ་ཕྱེམ་རེད་བྱང་ཕྱོགས་སུ་བོར་ནས་ཟླ་བ་གཅིག་ལོན་པ་ན་བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་ཏེ་བསམ་པ་ཐམས་ཅད་ 100-1-185a ཡོངསུ་རྫོགས་པར་འགྱུར་ཞིང་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །རྣ་བར་བཤིགས་ཏེ་བཟླས་བརྗོད་བྱས་ན་གདོན་ཐམས་ཅད་ཀྱིས་གཏོང་བར་འགྱུར་ཏེ། གཞོན་ནུ་རྣམས་ལ་རྟག་ཏུ་སྦྱར་བར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་ གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེ་ལ་མེ་ཏོག་དཀར་པོ་སྟོང་གིས་བསྣུན་ན་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟན་བཟའ་ཞིང་རིག་སྔགས་བཟླས་བརྗོད་བྱས་ནས་ཞག་གསུམ་སྨྱུང་བ་ བྱས་ཏེ་མར་གྱི་ངོ་ཞག་བཞི་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལྕགས་ཅན་བཞག་ནས་མཆོད་པ་རྒྱས་པར་བྱས་ཏེ་ལྷ་བཤོས་རྒྱས་པར་ཕུལ་ནས། དེའི་མདུན་དུ་དོང་ཀའི་ཤིང་གིས་མེ་སྦར་ལ་ལྡོང་རོས་ལ་བ་ལང་གི་མཁྲིས་པ་དང་ སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གློ་བུར་དུ་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་ནས་ཚོགས་ཀྱི་བདག་པོ་ཆེན་པོ་རྨུགས་བྱེད་འོང་བར་འགྱུར་རོ། །འོངས་ནས་རྨུགས་བྱེད་ཀྱིས་ལྡོང་རོས་སྦྱིན་པར་བྱེད་དོ། །དེ་ནས་འདོད་དགུར་སྒྱུར་བའི་ གཟུགས་ཅན་དུ་འགྱུར་ཞིང་ལྕགས་ཅན་དང་མཐུ་སྟོབས་མཉམ་ལ་བསྐལ་པར་གནས་པར་འགྱུར་རོ། །ཡར་གྱི་ངོ་ཟླ་བ་ཉ་ལ་བརྩམས་ཏེ་སློངས་མོའི་ཟས་བཟའ་ཞིང་འཕགས་པ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་ལན་འབུམ་བཟླས་བརྗོད་ བྱས་ན་དཔལ་ཐོབ་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ལས་བྱ་བ་དང་། ལྷ་རྣམས་ལ་དྲི་དབུལ་བ་ཡང་འདིའི་རིག་སྔགས་ཀྱིས་བྱའོ། །འབར་ལྡན་མའི་ཆོ་ག་སྟེ་ལྔ་པ་རྫོགས་སྷོ།། །། ཁ་འབར་མའི་ལས་རྣམས་འབྱུང་སྟེ། དབབ་པ་ནི་ཆུས་བྱའོ། །བསྲུང་བ་ནི་ཡུངས་ཀར་གྱིས་བྱའོ། །མཚམས་བཅད་པ་ནི་སོ་ཕག་གིས་བྱའོ། །དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་ ལག་ན་རྡོ་རྗེའི་མདུན་དུ་ལན་སྟོང་བཟླས་བརྗོད་བྱས་ན་ཐལ་བ་དེས་གང་ལ་རེག་པར་བྱས་པ་དེ་གདོན་གྱིས་འདེབས་པར་འགྱུར་ཞིང་། ཚིག་གིས་བསྒོ་བས་གཏོང་བར་འགྱུར་རོ། །ལུས་གཙང་བར་བྱས་ཏེ་ལན་འབུམ་བཟླས་བརྗོད་བྱས་ན་བ་ 100-1-185b ལང་བརྒྱ་ཐོབ་པར་འགྱུར་རོ། །དེ་ནས་སྐྱེས་བུ་དབང་དུ་བྱ་བར་འདོད་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་རྒྱས་པར་བྱས་ནས་གུར་གུམ་དང་གསེར་ཕྱེ་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བརྒྱ་བྱིན་ཡང་དབང་དུ་འགྱུར་ན་ མི་རྣམས་ལྟ་ཅི་སྨོས། དགེ་སློང་དང་བྲམ་ཟེ་བརྒྱད་བརྒྱ་ལ་མཆོད་སྟོན་བྱིན་ལ་སེམས་ཅན་ཐམས་ཅད་ལ་ཡང་བྱམས་པ་བསྒོམས་ན་ནི་བྲམ་ཟེ་གསོད་པས་ཀྱང་འགྲུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ནས་དུར་ཁྲོད་ཀྱི་ཡམ་སྲེག་ཤིང་སྐུད་པ་དམར་པོས་དཀྲིས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་རྨི་ལམ་དུ་ཚོགས་ཆེན་པོ་ལྕགས་ཅན་སྟོན་པར་བྱེད་དེ་དེ་ནས་འགྲུབ་ པར་འགྱུར་རོ། །ཆུ་ཁྱོར་གང་ལ་ལན་བདུན་བསྔགས་ནས་གང་ལ་བལྟས་ཏེ་གཏོར་བ་དེ་གདོན་གྱིས་ཐེབས་པར་འགྱུར་ལ། ཆུ་ཀླུང་གི་ནང་དུ་ཞུགས་ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་གཏོང་བར་འགྱུར་རོ། །ཁ་འབར་མའི་ཆོ་ག་ སྟེ་དྲུག་པ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་སྨྲས་པ། ལྷ་རྣམས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་ཕོ་ཉ་མོ་རྣམས་ཀྱི་ལས་རྣམས་འབྱུང་བ་ངས་བཤད་ཟིན་ཏེ། ཚོགས་ཆེན་པོ་རྣམས་ཀྱི་ཡང་བཤད་པར་བྱའོ། །བདུད་རྩི་ཐབས་སྦྱོར་གྱི་ལས་སྔར་ངས་གང་བཤད་པ་གང་ཡིན་པའི་ལས་ཏེ་ཚོགས་ཐམས་ཅད་ལ་སྦྱར་བར་བྱའོ། །རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་རྡོ་རྗེ་ཁྲོ་བོ་ངས་ བཤད་པ་གང་ཡིན་པ་དེའི་ལས་ཀྱིས་ཀྱང་ཚོགས་ཆེན་པོ་སྟོབས་པོ་ཆེ་རྣམས་ལ་སྦྱར་བར་བྱའོ། །ལྷ་རྣམས་འབྱུང་པོའི་བུ་གཞོན་ནུ་མཆོག་སྨིན་དྲུག་གི་བུ་སྟོབས་པོ་ཆེའི་ལས་རྣམས་ངས་བཤད་ཀྱིས་སེམས་རྩེ་གཅིག་ཏུ་བྱོས་ ལ་ཉོན་ཅིག །གང་ལ་བསམས་ཏེ་བཟླས་བརྗོད་བྱས་ན་དེའི་དབང་དུ་འགྱུར་རོ། །རྒྱ་གཞོམ་པ་ནི་ཆུས་བྱའོ། །བསྲུང་བ་ནི་སྐུད་པས་བྱའོ། །མཚམས་བཅད་པ་ནི་ཐལ་བས་བྱའོ། །བུད་མེད་དབང་དུ་བྱ་བ་ནི་ཞག་བདུན་གྱི་བར་དུ་ 100-1-186a དུས་གསུམ་དུ་ཡུངས་ཀར་གྱིས་ལན་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་ཞག་བདུན་གྱི་བར་དུ་ཟས་སུ་འོ་མ་དང་། ཕྱེའི་འདག་གུ་ཟ་ཞིང་འཕགས་པ་ལག་ན་རྡོ་རྗེ་ལ་ མཆོད་པ་བྱས་ཏེ་དུས་གསུམ་དུ་བེ་ཀངྐ་ཏའི་ཡམ་སྲེག་ཤིང་གིས་འབྲུ་མར་དྲི་ཞིམ་པའི་ནང་དུ་བསྙུགས་པ་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ ལག་ན་རྡོ་རྗེའི་མདུན་དུ་གཞོན་ནུ་སྨིན་དྲུག་གི་བུ་བཞག་ནས་དེའི་མདུན་དུ་ཙན་དན་དམར་པོའི་ཤིང་གིས་མེ་སྦར་ནས་སེང་ལྡེང་གི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གཞོན་ནུའི་མེ་ཏོག་གི་ཕྲེང་ བ་འགུལ་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ་ཞག་བདུན་ཚུན་ཆད་ཀྱིས་གཞོན་ནུའི་སྡེའི་བདག་པོ་ཐོབ་པར་འགྱུར་རོ། །མི་རྣམས་ཀྱིས་མི་སོད་ལ་བདག་གི་ཚེའི་ཚད་ཀྱང་ཤེས་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློངས་ མོའི་ཟས་བཟའ་ཞིང་དེ་ནས་མར་གྱི་ངོ་ཞག་བརྒྱད་དམ། ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བྱས་ཏེ། ཙན་དན་དམར་པོའི་མདུང་ཐུང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དུ་བྱས་པ་རས་དམར་པོའི་སྟེང་དུ་བཞག་ནས་ མཆོད་པ་རྒྱས་པར་བྱ་ཞིང་ལྷ་བཤོས་རྒྱས་པ་ཕུལ་ལ། དེ་ནས་རིག་སྔགས་འཆང་བ་རྩྭ་ཀུ་ཤའི་སྟན་གྱི་སྟེང་དུ་འདུག་པའི་ལག་པ་གཡས་པས་མནན་ལ་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེ་ཐོགས་པས་ཕ་རོལ་གྱི་ཡུལ་འཁོར་འབྱེད་པར་བྱེད་ཅིང་གདོན་ཐམས་ཅད་འཇོམས་པར་བྱེད་པར་འགྱུར་ཏེ། ཡུལ་གང་དུ་གཙུགས་པ་དེར་རྒྱལ་བར་འགྱུར་རོ། །ཀླུ་འམ། ཀླུ་མོ་འམ། དྲི་ཟ་འམ། རིག་སྔགས་འཆང་རྣམས་ལ་ བལྟས་ཏེ་བསྡིགས་ན་དེ་དག་ཐམས་ཅད་བཀའ་བཞིན་དུ་འགྱུར་རོ། །གླང་པོ་ཆེའི་རྒྱགས་ཤིང་མྱོས་པ་ལ་བལྟས་ཤིང་བསྡིགས་ན་གླང་པོ་ཆེ་དབང་དུ་འགྱུར་རོ། །སློངས་མོའི་ཟས་ཟ་ཞིང་ཆོ་ག་འདི་བཞིན་དུ་འཁོར་ལོ་བསྒྲུབས་ན་ 100-1-186b རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། བསྐལ་པར་གནས་ཤིང་རིག་སྔགས་འཆང་བརྒྱས་བསྐོར་བ་ལ་མེ་ལོང་ལ་དབབ་པ་དང་། མཐེ་བོང་ལ་དབབ་པ་དང་། བུམ་པ་ལ་དབབ་པ་ཡང་ནུས་པར་འགྱུར་རོ། ། དབྱེ་བར་བྱ་ན་ཞག་གསུམ་གྱི་བར་དུ་ཕུབ་མའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བརྒྱད་བྱས་ན་འབྱེ་བར་འགྱུར་རོ། །སྨིན་དྲུག་གི་བུའི་ཆོ་ག་རྫོགས་སྷོ།། །། ལྷ་མོ་ཆེན་མོ་དྲུག་མའི་ལས་རྣམས་ཀྱང་བཤད་པར་བྱ་སྟེ། བསྲུང་ བ་ནི་ཐལ་བས་བྱའོ། །དུག་ལས་གསོ་བ་ནི་ཆུས་བྱའོ། །མཚམས་བཅད་པ་ནི་སོ་ཕག་གིས་བྱའོ། །དེ་ནས་ལོངས་སྤྱོད་ཀྱི་གཞི་བསླང་བར་འདོད་ན་གཞོན་ནུའི་གནས་སུ་སོང་ལ་ལྷ་མོ་ལ་མཆོད་པ་བྱས་ཏེ་སྨིག་མའི་ཤིང་གིས་ མེ་སྦར་ནས་འོ་ཐུག་དང་། མར་དང་སྦྲང་རྩིར་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ། དེ་ནས་ནང་པར་ལངས་ལ་འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། གུར་ཀུམ་མར་དང་སྦྱར་བས་ལན་སྟོང་རྩ་བརྒྱད་བརྒྱད་སྦྱིན་ སྲེག་བྱས་ན་ཞག་བདུན་པའི་ཉིན་པར་སྡེའི་བདག་པོར་འགྱུར་རོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་ལེགས་ལྡན་ལྷ་ཆེན་པོ་དང་། གཞོན་ནུ་སྨིན་དྲུག་གི་བུ་དང་། ལྷ་མོ་དྲུག་མ་ཚོན་རྩི་སྣ་གསུམ་གྱིས་བྲིས་ལ་རིག་སྔགས་འཆང་ ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ལྷ་མོ་མཐོང་བར་འགྱུར་ཏེ། དེ་ཡང་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །བཏོན་པ་ཙམ་གྱིས་རྒྱན་སྐུགས་ལས་རྒྱལ་བར་འགྱུར་རོ། །དེ་ནས་བདག་ཉིད་ཀྱི་ཚེའི་ཚད་ ཤེས་པར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་ཡང་མཆོད་པ་རྒྱས་པར་བྱས། ཨ་ཀ་རུའི་བདུག་པ་དང་། དུ་རུ་ཀ་དང་། གུར་ཀུམ་དང་། གུ་གུལ་དང་སྦྲང་རྩི་དང་། བ་མར་གྱི་མར་ མེ་བཞི་ཕྱོགས་བཞིར་སྦར་ལ། དེ་ཉིད་དུ་རིག་སྔགས་བཟླས་བརྗོད་བྱས་ཏེ་དེ་ཉིད་དུ་ཉལ་ན་འཇིག་རྟེན་གསུམ་ན་ཡོད་པའི་དོན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ཁྱོད་ཀྱི་ཚེ་འདི་སྲིད་དུ་ཐུབ་པར་འགྱུར་རོ། །ཞེས་སྨྲ་ཞིང་ནམ་འཆི་བ་ཡང་སྟོན་པར་ 100-1-187a བྱེད་དོ། ག་གེ་མོ་ཞིག་ཏུ་ཆེ་གེ་མོ་ཞིག་གི་ཚེ་སྲོག་འདོར་རོ་ཞེས་སྟོན་པར་འགྱུར་ཏེ། འདི་ནི་དངོས་གྲུབ་མཆོག་གི་ལམ་ཡིན་ནོ། །དེ་ནས་འདས་པ་དང་། མ་འོངས་པའི་ལམ་ཤེས་པར་འདོད་ན་སློངས་མོའི་ཟས་ཟ་ཞིང་འཕགས་པ་ལག་ན་ རྡོ་རྗེའི་ཞབས་དྲུང་དུ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་བུང་བ་འོང་བར་འགྱུར་ཏེ། བུང་བ་དེ་ཡང་རྣ་དྲུང་དུ་མི་སྣང་བར་གྱུར་ནས་འཇིག་རྟེན་གསུམ་ན་ཡོད་པའི་དོན་སྟོན་པར་འགྱུར་ཞེས་རྡོ་རྗེ་འཛིན་གྱིས་བཤད་དོ། །དྲུག་མའི་ཆོ་ ག་རྫོགས་སྷོ།། །། ལྷ་མོ་དཀའ་ཟློག་མའི་དྲིལ་མཛེས་ཀྱི་ལས་ཀྱང་བཤད་པར་བྱ་སྟེ། མིག་ལ་བསྔགས་ན་གང་བལྟས་པ་དེ་ཐོབ་པར་འགྱུར་རོ། །གདོང་ལ་ལག་པ་བྱུགས་ཏེ་ཉལ་ན་རྨི་ལམ་ངན་པ་རྨི་བར་མི་འགྱུར་རོ། །དེ་ནས་སྡེ་ དཔོན་འདོད་ན་ཡར་གྱི་ངོ་ཚེས་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་གཏུམ་མོ་ནུབ་ཕྱོགས་སུ་བསྟན་པ་ལ་བལྟས་ནས། མཆོད་པ་རྒྱས་པར་བྱས་ལ་མར་དང་། གུ་གུལ་གྱིས་ལན་སྟོང་སྦྱིན་སྲེག་བྱས་ན་སྡེ་དཔོན་ཐོབ་པར་འགྱུར་རོ། །དེ་ནས་མིའི་གཙོ་བོ་ དབང་དུ་བྱ་བར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་མཚན་རངས་པར་བཟླས་བརྗོད་བྱས་ན་མིའི་གཙོ་བོ་དབང་དུ་ཁུགས་པར་འགྱུར་རོ། །དེ་ནས་རལ་གྲི་བསྒྲུབ་པར་ འདོད་ན་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་རིག་སྔགས་ལན་བདུན་འབུམ་བཟླས་བརྗོད་བྱས་ལ་དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱས་པར་བྱས་ནས་རིག་སྔགས་ཀྱི་རྒྱལ་པོས་བསྲུང་ བའི་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ལག་པ་གཉིས་གུ་གུལ་གྱིས་བསྐུས་ལ་ལག་པས་རལ་གྲི་བཟུང་སྟེ་རིག་སྔགས་བཟླས་བརྗོད་བྱས་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། རལ་གྲི་དེ་ལག་ན་ཐོགས་པས་རིག་སྔགས་འཆང་གི་ རྒྱལ་པོ་བསྐལ་པར་གནས་པར་འགྱུར་ཞིང་ལྷ་ཆེན་པོའི་ཕོ་བྲང་ན་འདུག་པར་འགྱུར་ཏེ། ལེགས་ལྡན་ལྷ་ཆེན་པོ་དེ་དག་ཀྱང་འབྲས་བུ་ཐོབ་པ་སྦྱིན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་པར་འགྱུར་ཞིང་། 100-1-187b འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་ལྷན་ཅིག་གནས་པར་འགྱུར་ལ། དེ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་མཐོང་ཞིང་བསྙེན་བཀུར་བྱེད་པར་འགྱུར་ཏེ། ལུས་དང་བྲལ་བའི་ཚེ་ཡང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ལྷའི་ གསང་བ་མངོན་སུམ་དུ་མཐོང་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ་ཟླ་བ་ཉ་ལ་སངས་རྒྱས་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་གཉིས་ལ་ཅི་ནུས་ཀྱིས་མཆོད་པར་བྱའོ། །དེ་ནས་ཡུད་ཙམ་བཟང་པོ་ལ་བདག་དང་། རྒྱལ་པོ་འམ། གཞན་ ཡང་རུང་སྟེ་དུ་གུ་ལའི་རས་དཀར་པོ་བགོས་ཏེ་དེ་ནས་ཨ་ཀ་རུ་བསྲེག་ཅིང་རྒྱལ་པོ་དང་གཉིས་ཀ་ཐད་ཀར་འདུག་སྟེ་མིག་མི་འཛུམས་པར་བཟླས་བརྗོད་བྱས་ན་མིག་སྔ་ན་འདུག་པའི་ལྷས་གང་གི་དོན་བསྟན་པ་དེ་རྒྱལ་པོས་ཀྱང་ཇི་ ལྟར་ཐོས་པ་དེ་བཞིན་དུ་མཐོང་བར་འགྱུར་རོ། །ཆོ་ག་འདི་ནི་བསྟེན་ནས་ལོ་གཅིག་མ་ལོན་པར་ལ་སྦྱིན་པར་མི་བྱའོ། །སྟོང་སྙེད་མ་བྱིན་པ་ལ་ཡང་སྦྱིན་པར་མི་བྱ་སྟེ། ཆོས་ཅན་དད་པ་དང་ལྡན་པ་ལ་སྦྱིན་པར་བྱའོ། །དཀའ་ཟློག་མའི་ ཆོ་ག་རྫོགས་སྷོ།། །། ལྷ་རྣམས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལས་འབྱུང་བའི་རིག་སྔགས་ཀྱི་ལྷ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ། །ངས་ཀྱང་ལྷ་དེ་དག་བསྒྲུབ་པ་དང་། གཞེན་གདབ་ པ་དང་། གནོན་པར་བྱ་བ་དང་། བསད་པ་དང་བསྐམ་པ་དང་དཔལ་བསྐྱེད་པ་དང་། ལས་ཉམས་པ་རྣམས་ཀྱི་ལས་སྒྲུབ་པ་དང་རིག་སྔགས་ཉམས་པ་རྣམས་ཀྱི་རིག་སྔགས་བཀང་བ་དང་། མི་ནད་ཀྱི་གནོད་པ་འབྱུང་བ་ལ་མི་ནད་ཞི་ བར་བྱ་བའི་ཕྱིར་རིག་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཛྭ་ལ་བྷཻ་ར་བཱ་ཡ་ཕཊ། ཧཱུཾ་ཛྭ་ལཱ་ན་ཡ་ཕཊ་སྭཱ་ཧཱ། དེ་ནས་ལྷ་དེ་དག་གིས་རྡོ་རྗེ་འབར་བ་འདི་ཐོས་ནས་སྙིང་འདར་ཞིང་ལག་ན་རྡོ་རྗེའི་ཞལ་དུ་བལྟས་སོ། ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་མ་འཇིགས་ཤིག །མ་འཇིགས་ཤིག །རྡོ་རྗེ་འབར་བ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་རྒྱུད་དང་འཐུན་པ་འདི་ནི་ལྷ་རྣམས་བསྒྲུབ་ 100-1-188a པ་དང་། གཞན་འདེབས་པ་དང་། གནོད་པ་བྱེད་པ་དང་། གསད་པ་དང་། སྐེམས་པ་དང་། དཔལ་སྐྱེད་པ་དང་། ལས་ཉམས་པ་རྣམས་ཀྱི་ལས་བསྒྲུབ་པ་དང་། རིག་སྔགས་ཉམས་པ་རྣམས་ཀྱི་རིག་སྔགས་སྐྱོད་པ་དང་། མི་ནད་ ཀྱི་གནོད་པ་བྱུང་བ་ལ་མི་ནད་ཞི་བར་བྱེད་པ་ཡིན་ཏེ། ལྷ་རྣམས་ཀྱི་ཆོ་ག་རྒྱས་པ་འགྲུབ་པར་བྱེད་པ་འདི་ནི་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཀྱང་ངས་བཤད་དོ། །ད་ལྟར་ཡང་ཁྱེད་རྣམས་འགྲུབ་པར་བྱེད་པ་རྡོ་རྗེ་འབར་བ་ ཞེས་བྱ་བ་ཁྲོ་བོ་ཆེན་པོ་འདི་ངས་བཤད་པ་ཡིན་ནོ། །འདིའི་ལས་ཀྱང་བཤད་པར་བྱ་སྟེ། གང་གིས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་འགྲུབ་པར་བྱེད་པ་དང་། གང་གིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་ པའི་ལྷ་རྣམས་འགྲུབ་པར་བྱེད་པ་དང་རིག་སྔགས་འཆང་མཐུ་ཟད་པ་གང་ཡིན་པ་དག་དང་རྒྱལ་པོ་དབང་ཕྱུག་ལས་ཉམས་པ་གང་ཡིན་པ་དག་དང་། ལྷ་འམ། ལྷའི་བུ་འམ། ཀླུ་འམ། ཀླུའི་བུ་འམ། གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུ་འམ། སྲིན་མོ་འམ། སྲིན་མོའི་བུ་འམ། དྲི་ཟ་འམ། དྲི་ཟའི་བུ་མཐུ་ཆུང་ངུ་གང་ཡིན་པ་དེ་དག་གི་མཐུ་བསྐྱེད་པའི་ཕྱིར་ཡང་ངས་བཤད་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་གནས་དབེན་པ་འམ། ནྱ་གྲོ་དྷའི་དྲུང་ དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་སྨན་ཨུཏྤ་ལ་དང་ལྡན་པ་ཞེས་བྱ་བ་བརྩོན་འགྲུས་ཆེན་མོ། སྟོབས་ཆེན་མོ། བཅོམ་ལྡན་འདས་ཀྱིས་གསུངས་པའི་སྨན་དེའི་ཕྱེ་མས་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་བྲི་བར་བྱ་སྟེ། ལག་པ་ གཡོན་པ་ན་རྡོ་རྗེ་ཐོགས་ལ་ལག་པ་གཡས་པ་མཆོག་སྦྱིན་པར་བྱའོ། །དེའི་མདུན་དུ་བུམ་པ་མི་གནག་ཅིང་རྩ་བ་མེད་ལ་མགྲིན་ཆིངས་དང་བཅས་པ་ས་བོན་ཐམས་ཅད་ཀྱིས་གང་བར་བྱ་སྟེ། བུམ་པ་དེའི་ནང་དུ་སྨན་ཨུཏྤལ་དང་ལྡན་པ་ ཡང་གཞུག་གོ། །བུམ་པ་དེ་ཡང་གསེར་ལས་བྱས་ལ་འགྲོན་བུ་བཀྲམ་པ་ལས་བྱས་པའི་རྡོ་རྗེའི་སྟེང་དུ་རས་དཀར་པོ་བཞག་སྟེ། དེའི་དབུས་སུ་བུམ་པ་གཞག་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བསམ་པ་རྒྱ་ཆེན་པོས་ལྷ་ 100-1-188b བཤོས་དང་མཆོད་པ་རྒྱས་པར་བྱ་སྟེ། གུ་གུལ་གྱིས་བདུག་པ་ཡང་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་དཔལ་གྱི་ལྷ་མོའི་རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་དེའི་འོག་ཏུ་རྡོ་རྗེ་འབར་བ་ཁྲོ་བོ་ཆེན་པོ་ལན་བརྒྱ་སྟོང་ བཟླས་བརྗོད་བྱའོ། །དེ་ནས་ནང་པར་བུམ་པ་དེས་བདག་ཉིད་ཁྲུས་བྱའོ། །འགྲོན་བུ་ལས་བྱས་པའི་རྡོ་རྗེ་དང་གོས་དེ་ཡང་འཕགས་པ་ལག་ན་རྡོ་རྗེ་ལ་ཕུལ་ནས་བླ་མ་ཡང་དེ་དང་འདྲ་བའི་ཕྱིར་བླ་མ་ལ་དབུལ་ལོ། །དེ་ཕུལ་ནས་ཀྱང་ ཡིད་ལ་བསམས་པ་བསླང་བར་བྱའོ། །དགེ་སློང་གི་དགེ་འདུན་རྣམས་ཀྱང་ཅི་ནུས་ཀྱིས་སྟོན་པར་བྱའོ། །དེས་ན་ལྷ་ཐམས་ཅད་ཀྱི་ལས་མངོན་སུམ་དུ་འགྱུར་རོ། །ལས་འདི་ནི་སྐལ་བ་མེད་པས་མཐོང་བར་མི་འགྱུར་ཏེ་རིག་སྔགས་ ལས་བྱུང་བའི་འབྲས་བུ་ཐོབ་པ་འམ་རིག་སྔགས་འཆང་གི་རིགས་དང་ལྡན་པ་གང་ཡིན་པ་དེ་དག་གིས་མཐོང་བར་འགྱུར་རོ། །ལས་འདིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་རིག་སྔགས་རྣམས་འགྲུབ་པར་འགྱུར་ཏེ། རིག་ སྔགས་དེ་དག་དྲན་པ་ཙམ་གྱིས་བསྒྲུབ་པ་དང་། བསད་པར་ཡང་ནུས་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ལག་ན་ རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་བཅོམ་ལྡན་འདས་མ་ཡུམ་གང་སྤྱི་བོར་བཀུར་ནས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་། གང་བཟུང་བ་དང་བཀླགས་པ་དང་བསྒྲུབས་ན་རིག་སྔགས་འཆང་ གིས་ང་དང་འདྲ་བའི་འབྲས་བུ་ཐོབ་པར་འགྱུར་བའི་བཅོམ་ལྡན་འདས་མ་ཡུམ་དེ་བཤད་ཀྱིས། ཁྱེད་རྣམས་ཀྱིས་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དགའ་ཞིང་མགུ་ལ་ཡི་ རངས་ཏེ་བདེ་བ་དང་། ཡིད་བདེ་བར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བསྟོད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་དང་ཕ་རོལ་གནོད་པ་དཔག་ཏུ་མེད་པ་ལེགས་སོ། །ཁྱོད་ཀྱིས་ 100-1-189a སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐྱེད་པར་བྱེད་པ་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་རང་གི་རིག་སྔགས་ཀྱི་ཚོགས་རྣམས་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་སོ། ། འཁོར་འདུས་པ་དེ་དག་ཐམས་ཅད་ལ་ཡང་བལྟས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། སྙིང་དགའ་བར་བྱེད་པའི་ཡུམ་བཤད་དོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ན་མོ་ལ་ག་ཧྲི་ཡེ། ན་མཿ ཤངྐ་རེ། ཤཱནྟེ་ཀ་རེ། གུ་ཊ་གུ་ཊ། གུ་ཊཱ་ནི། ག་ཊཱ་ཡ། གུ་ཊི་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇིག་རྟེན་ཡུམ་བཤད་མ་ཐག་ཏུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། མུན་པ་དང་ རབ་རིབ་དང་ལིང་ཏོག་གི་མུན་ནག་ཐམས་ཅད་མེད་པར་གྱུར་ཏོ། །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་ཡི་དགས་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་མེད་པར་གྱུར་ཏོ། །ལྷ་རྣམས་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས་རིག་ སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལྷའི་ཡུམ་གྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཡུམ་འཆང་བའི་རིག་སྔགས་འཆང་དེ་ལ་ ཡོངསུ་དགའ་ནས་མྱུར་དུ་དངོས་གྲུབ་སྦྱིན་ཞིང་བསྲུང་བ་དང་བསྐྱབས་པར་བགྱིའོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་འཛིན་གྱིས་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་དུ་མཱ་མ་ཀཱི་ འཆང་བ་གང་ཡིན་པ་དེ་ནི་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །ལྷ་དང་བདུད་དུ་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་གང་ཞིག་ཡུམ་དང་སྲས་གཉིས་ཀའི་མིང་ཙམ་འཆང་བ་དེ་ཅི་སྟེ་ངན་འགྲོ་ ལོག་པར་ལྟུང་བར་འགྱུར་བ་ནི་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་མགོ་ལ་ཐོགས་པ་ལ་ནད་དོ་ཅོག་མི་འབྱུང་ཞིང་གདོན་ཐམས་ཅད་འབྱེར་བར་འགྱུར་བ་བཞིན་ཏེ། 100-1-189b འདི་ལྟར་ངན་འགྲོ་རྣམ་ལས་སྒྲོལ་བ་འདི་ནི་ཡུམ་དང་སྲས་སུ་བཅས་པའི་མཐུ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། ཡུམ་གྱི་ལས་རྣམས་བཤད་པ། སྒྲུབ་པ་ཐམས་ཅད་ལ་ཕྱག་ རྒྱ་གཅིག་བཅིངས་ལ་སྒྲུབ་པའི་རྫས་ལ་ཕྱག་རྒྱས་བཏབ་ན་མྱུར་དུ་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །དམ་ཚིག་མི་ཤེས་པ་ལ་ནི་ཕྱག་རྒྱ་བསྟན་པར་མི་བྱའོ། །གང་གི་ཚེ་རིག་སྔགས་འཆང་གིས་རིག་སྔགས་འཆང་བ་ལ་ཕྱག་ རྒྱ་སྟོན་པ་ན། དེའི་ཚེ་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་འགྲོན་བུ་བརྒྱད་བརྒྱས་རྡོ་རྗེ་བྱས་ལ་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ། །དེ་ཡང་འབྲས་ཆན་བུ་རམ་དང་སྦྱར་བའི་མཆོད་ཡོན་རྡོ་རྗེ་ལ་ཕུལ་ནས་ཕྱག་རྒྱ་བསྟན་པར་བྱའོ། ། དེ་མཐོང་ན་ལག་ན་རྡོ་རྗེ་མཐོང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟན་པར་བྱའི། སྡིག་པ་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། །སྡིག་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་ཐོས་ པར་མི་འགྱུར་རོ། །དགེ་བའི་རྩ་བ་བྱས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་དེ་དག་ཐོས་པར་འགྱུར་རོ། །ངའི་གསང་བའི་ཕྱག་རྒྱའི་ཚོགས་འདི་ནི་གཙང་ཞིང་དབེན་པར་བྱས་པས་བལྟ་བར་བྱའོ། །གང་གིས་ཕྱག་རྒྱའི་ཚོགས་མཐོང་ བ་དེ་ལ་ནི། རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་དེའི་ལག་ཏུ་འདུག་པར་འགྱུར་ཏེ། རིག་སྔགས་འཆང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་གཟི་བྱིན་བསྐྱེད་པར་བྱ་བའི་ཕྱིར་བླ་མ་ལ་དཔག་ཏུ་མེད་ པའི་ཡོན་དབུལ་ཞིང་བླ་མའི་ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་མནོད་པར་བྱའོ། །བླ་མས་ཀྱང་བླ་མ་ལ་གུས་པའི་སློབ་མ་ལ་ལག་ནས་མངོན་པར་དངོས་གྲུབ་སྦྱིན་པར་བྱའོ། །དེ་ལྟར་བྱས་ན་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ། ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །ཅི་སྟེ་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་ལས་བྱས་ན་ཕྱག་རྒྱ་དེ་ཉིད་ཀྱིས་ཀྱང་གནོད་པ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་སམ་སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ 100-1-190a ཚོགས་བཞག་པར་བྱའོ། །ཕྱག་རྒྱ་མཐོང་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བར་བྱ་སྟེ། དེ་དག་ཐམས་ཅད་ལྷ་རྣམས་ཀྱིས་ཕྱག་བྱ་བའི་གནས་སུ་འགྱུར་རོ། །ང་གང་ན་གནས་པ་དེ་ན་དེ་དག་གནས་ཏེ། ང་མཐོང་བས་ དེ་དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་ཞིང་ལུས་དང་བྲལ་བ་ན་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བ་འམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་མཐུ་སྟོབས་ཆེན་པོ་ནན་ཏན་དུ་བལྟ་བར་བྱ་སྟེ། ཕྱག་རྒྱའི་རྣམ་པ་ ལག་པའི་ཚུལ་གྱིས་བསྟན་པར་བྱའོ། །དཀྱིལ་འཁོར་གྱི་རྣམ་པ་བྲིས་པ་མཐོང་ནས་ཕྱག་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་དགོད་པར་བྱའོ། །བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་རྣམས་འབྱུང་བར་འགྱུར་ཏེ་ཟས་སུ་འོ་མ་འམ། འདག་གུ་འམ། ལོ་མ་འམ། སློངས་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་མ་ཉམས་པ་དང་ཁ་ཚར་མ་བཅད་པ་དང་སྤུ་མེད་པ་ལ་ཚོན་རྩི་སྤྱིན་དང་མ་སྦྱར་བས་རི་མོ་མཁན་གསོ་སྦྱོང་དང་ལྡན་ པས། སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་འཆད་པའི་ཚུལ་དུ་འདྲིར་གཞུག་གོ། །དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་དང་རྔ་ཡབས་ཐོགས་ པར་བྲིའོ། །གཡས་ལོགས་སུ་ནི་བཅོམ་ལྡན་འདས་མཱ་མ་ཀཱི་མདོག་སྔོ་བསངས་ལག་པ་གཡོན་པ་རྡོ་རྗེ་ཐོགས་ཤིང་ལག་པ་གཡས་པ་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞུག་གོ། །དེ་ནས་སྐུ་ གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་རི་མོའི་གཟུགས་བཀྲམ་ལ་ཡར་ངོའི་ཚེས་ཞག་གཅིག་ནས་བརྩམས་ཏེ་ཉའི་བར་དུ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ལ་མཆོད་པ་སྣ་ཚོགས་རྒྱས་པར་བྱ་སྟེ། འོ་མ་ ཡོད་པའི་ཤིང་གི་མེ་སྦར་ལ་དུད་པ་མེད་པའི་མདག་མ་ལ་ཨ་ཀ་རུ་ནག་པོའི་ཡམ་སྲེག་ཤིང་དུ་རུ་ཀའི་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱའོ། །དེ་ནས་ལས་ཟིན་པའི་འོག་ཏུ་འཕགས་པ་ལག་ན་རྡོ་རྗེ་འོང་ 100-1-190b བར་འགྱུར་ཏེ། དེ་འོང་བའི་རྟགས་སུ་མེ་ཏོག་གི་ཕྲེང་བ་འགུལ་བ་དང་མར་མེའི་མེ་ལྕེ་ཆེན་པོར་འགྱུར་བ་དང་སྔོན་མ་བྱུང་བའི་དྲི་བསུང་ཞིམ་པོའི་ངད་ལྡང་བར་འགྱུར་བ་དང་། འདི་རྣམས་འབྱུང་བར་འགྱུར་ཏེ། དེ་ལ་སྤོས་ཆུ་མེ་ཏོག་དང་ལྡན་པའི་མཆོད་ ཡོན་དབུལ་བར་བྱའོ། །ཡང་ན་ལྷ་མོ་འོང་བར་འགྱུར་ཏེ་ཕྱག་བྱས་ལ་དམ་པ་རྣམ་པ་བརྒྱད་ལ་དམ་པ་རྣམ་པ་གཅིག་བླང་བར་བྱ་སྟེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་དང་བཅུད་ཀྱི་ལེན་ཆེན་པོ་དང་གཙུག་ལག་དང་བཟོ་ཐམས་ཅད་ ཤེས་པ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་ཐོབ་པ་དང་གཟུངས་ལ་འཇུག་པ་དང་རིན་པོ་ཆེའི་ཆར་འབབ་པ་དང་ལྷ་མ་ཡིན་གྱི་ཕུག་ཏུ་འཇུག་པ་དང་བསྐལ་པར་གནས་པ་ཏེ། དམ་པ་བརྒྱད་འདི་དག་ལས་གཅིག་བླང་བར་བྱའོ། །ལན་བདུན་ བསྒྲུབས་པའི་ཐ་མ་ལ་མཚམས་མེད་པ་ལྔ་བྱེད་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་སྒྲུབ་པར་འདོད་པས་ལྡོང་རོས་བླངས་ལ་བུད་མེད་ཀྱི་ནུ་ཞོ་དང་བཏགས་ཏེ་རིལ་ལུ་ལྔ་བྱས་ཏེ། ཡུངས་ཀར་དང་ལྷན་ཅིག་ཏུ་ཨ་ཀ་རུའི་སྒྲོམ་ བུའི་ནང་དུ་བཅུག་ལ་ཟླ་བ་སྤྱང་ཀིས་ཟིན་པ་འམ། ཉི་མ་སྤྱང་གིས་ཟིན་པའི་ཚེ་གཏོར་མའི་ཆོ་ག་བྱས་ཏེ་བསྒྲུབ་པར་བྱའོ། །གང་གི་ཚེ་ཡུངས་ཀར་རྣམས་ཚེག་ཚེག་ཟེར་བའི་ཚེ་ནི་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་བའི་དངོས་ གྲུབ་དང་པོ་སྟེ། དེས་ན་འཇིག་རྟེན་པ་ཐམས་ཅད་དབང་དུ་འགྱུར་ཞིང་གང་བསྒོ་བ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ། །ཡང་ན་དུད་པ་འཐུལ་བར་འགྱུར་ན་ནི་ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། ། ཡང་ན་འབར་བར་འགྱུར་ན་ནི་དེའི་ཚེ་ལྷ་གཞོན་ནུར་འགྱུར་ཏེ། ཉི་མ་ཤར་ཀའི་གཟི་བྱིན་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ལ། བསྐལ་པ་ཆེན་པོ་གཅིག་གི་བར་དུ་འཚོ་བར་འགྱུར་རོ། །གིའུ་ཝང་དང་བ་བླ་ལ་སོགས་ པའི་རྫས་རྣམས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་མིག་རྩི་སྒྲུབ་པར་འདོད་ན་ལིག་བུ་མིག་དང་། ཨུཏྤ་ལ་སྔོན་པོ་དང་རུ་རྟ་དང་ཙན་དན་རྣམས་ལྷན་ཅིག་སྦྱར་ཏེ་ཟངས་ཀྱི་སྣོད་དུ་བཅུག་ལ་ཟླ་བ་སྤྱང་གིས་ཟིན་པའི་ཚེ་དུད་པ་ 100-1-191a བྱུང་གི་བར་དུ་བཟླས་བརྗོད་བྱས་ནས། དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ལ་ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །དེ་ནས་རལ་གྲི་ བསྒྲུབ་པར་འདོད་ན་རལ་གྲི་འཕན་མེད་པ་བླངས་ལ། མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ། རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ཏེ་གཏོར་མའི་ཆོ་ག་བྱས་ནས་བསྲུང་བའི་ཆོ་ག་ཡང་ནན་ཏན་དུ་བྱས་ལ། ལག་པ་གཡས་ པས་རལ་གྲི་བཟུང་སྟེ་འགུལ་བར་འགྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས་འགུལ་བར་གྱུར་ན་ནི། གཅིག་པུ་གནས་པའི་རིག་སྔགས་འཆང་དུ་འགྱུར་རོ། །འབར་ན་ནི་འཁོར་དང་བཅས་པར་འགྱུར་ཏེ་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་ པོ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པར་གྱུར་པ་ནས་གཡས་པས་རལ་གྲི་བཟུང་སྟེ། འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས་འཕགས་པར་འགྱུར་རོ། །དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན། ལྕགས་ཞུན་མ་ལས་རྡོ་རྗེ་ སོར་བཅུ་དྲུག་པ་ཐོར་ཏོ་གཉིས་ཀ་རྩེ་གསུམ་པར་བྱས་ཏེ་ཙན་དན་དམར་པོའི་འདེ་གུས་བྱུགས་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ཚེས་ནས་བརྩམ་ཞིང་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་བཟླས་བརྗོད་བྱེད་ཅིང་ཉིན་གཅིག་བཞིན་ དུ་ཕྱིར་ཞིང་རྒྱས་པར་བྱའོ། །དགེ་སློང་རྣམས་སྟོན་པའི་རྗེས་སུ་ཞག་གསུམ་སྨྱུང་བ་བྱས་ཏེ་རི་མོའི་གཟུགས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཀྲམ་ལ་མཆོད་པ་རྒྱས་པར་བྱས་ཏེ་མར་གྱི་མར་མེ་བརྒྱད་སྦར་ནས་རྩྭ་ཀུ་ཤ་ ལས་བསྟན་བྱས་པ་ལ་འདུག་ལ་རྡོ་རྗེ་ལག་པ་གཉིས་ཀས་བཟུང་སྟེ་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་རྡོ་རྗེ་དེ་ཐོགས་པས་འཁོར་དང་བཅས་པ་འཕགས་པར་འགྱུར་ཏེ། རིག་སྔགས་ཀྱི་འཁོར་ལོས་སྒྱུར་ བར་འགྱུར་ལ། སྟོབས་དང་ཕ་རོལ་གནོན་པ་ལག་ན་རྡོ་རྗེ་དང་མཉམ་ཞིང་བསྐལ་པ་ཆེན་པོའི་བར་དུ་འཚོ་བར་འགྱུར་ཏེ། ལུས་དང་བྲལ་ན་ཡང་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་མདུང་ 100-1-191b རྩེ་གསུམ་པ་དང་མདུང་ཐུང་ལ་སོགས་པ་མཚོན་ཆ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །རས་དང་ཤིང་ལྷམ་དང་། མཆོད་ཕྱིར་ཐོགས་དང་ཁར་བ་དང་ཤིང་ལ་སོགས་པ་རྣམས་ཀྱང་ཆོ་ག་གོང་མའི་ཚུལ་གྱིས་བསྒྲུབ་ན་ཐམས་ཅད་དངོས་གྲུབ་རྣམ་པ་ གསུམ་དུ་འགྱུར་རོ། །ཞི་བར་བྱ་བར་འདོད་ན་ཐབ་ཁུང་པད་མའི་དབྱིབས་འདྲ་བར་བྱས་ལ་མཆོད་སྦྱིན་ལ་འོས་པའི་བུད་ཤིང་དག་གིས་མེ་སྦར་ཏེ། འབྲས་བཟང་པོའི་ཆན་གྱི་སྲེག་བླུགས་ཞོ་དང་སྦྲང་རྩི་དང་མར་སྦྱར་བ་བླུགས་གཟར་གྱིས་ལན་བརྒྱད་ སྟོང་སྦྱིན་སྲེག་བྱས་ན་ཞག་གསུམ་བྱས་པས་ནི་བདག་གམ་གཞན་ཞི་བར་འགྱུར་རོ། །ཞག་བདུན་བྱས་པས་ནི་གྲོང་ངམ་གྲོང་ཁྱེར་ཞི་བར་འགྱུར་རོ། །མི་ནད་ཆེན་པོའི་གནོད་པ་ལ་ནི་ཤ་མི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པའི་ སྦྱིན་སྲེག་བྱའོ། །ཕྱུགས་ཀྱི་གོར་ལ་ནི་ཨུ་དུམ་བ་རའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པའི་སྦྱིན་སྲེག་བྱའོ། །ཆར་མི་འབབ་པ་ལ་ནི་མངར་གསུམ་གྱིས་སྦྱིན་སྲེག་བྱ་སྟེ། ཐམས་ཅད་ལ་ཡང་ལན་སྟོང་རྩ་བརྒྱད་བརྒྱད་ བྱ་ཞིང་ཞག་བདུན་བདུན་དུ་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །དཱུར་བའི་ཉག་མ་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་བཅུས་དུས་མ་ཡིན་པར་འཆི་བ་ཞི་བར་འགྱུར་རོ། །ལན་འབུམ་སྦྱིན་སྲེག་བྱས་ ན་འཆི་བདག་ལས་རྒྱལ་ཏེ་ཚེ་རིང་བར་འགྱུར་རོ། །སློངས་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་སྤྱང་གིས་ཟིན་པའི་ཚེ་བ་ནག་མོའི་འོ་མ་ལ་ལན་བརྒྱད་བརྒྱ་བསྔགས་ཏེ་འཐུངས་ ན་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །རྒྱས་པར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་སྟོང་བྱས་ན་རྒྱས་པར་འགྱུར་རོ། །ཕ་རོལ་གྱི་དཔུང་རེངས་པར་བྱས་ན་ལྕགས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་བས་ལན་སུམ་སྟོང་སྦྱིན་སྲེག་བྱའོ། །རྒྱལ་མཚན་དང་དུང་ལ་ སོགས་པ་ལ་བསྔགས་ན་ཡང་དེ་མཐོང་ཞིང་ཐོས་པས་ཕ་རོལ་གྱི་དཔུང་རེངས་པར་འགྱུར་རོ། །བུམ་པ་སར་པ་འབྲུ་ཐམས་ཅད་དང་སྤོས་ཆུས་བཀང་སྟེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལོག་འདྲེན་གྱིས་ཟིན་པ་ཁྲུས་བྱེད་དུ་ 100-1-192a བཅུག་ན་གཏོང་བར་འགྱུར་རོ། །སྦྲུམ་མ་ཁྲུས་བྱེད་དུ་བཅུག་ན་བདེ་བར་བུ་བཙའ་བར་འགྱུར་རོ། །བྱིས་པ་རྣམས་གདོན་ནོ་ཅོག་གིས་ཟིན་པ་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ། །དབང་བསྐུར་བ་འདིས་ནི་སྡིག་པ་ཐམས་ཅད་ལས་ གྲོལ་བར་འགྱུར་ཏེ། བྱུར་ངན་པོ་ཡང་དཔལ་དང་ལྡན་པར་འགྱུར་རོ། །དཀྱིལ་འཁོར་གྱི་ལས་ཀྱིས་ཀྱང་གདོན་ཐམས་ཅད་ཀྱི་ལས་བྱེད་དོ། །རྨ་བྱའི་མཇུག་མ་ལ་ལན་བརྒྱད་སྟོང་གིས་བསྔགས་པ་ནི་དུག་གོ་ཅོག་སེལ་བར་བྱེད་དེ་ཤི་ཟིན་པ་ ཡང་འཚོ་བར་བྱེད་དོ། །རིམས་དང་མི་ནད་ལ་སོགས་པ་ཡང་དེ་ཉིད་ཀྱིས་སེལ་བར་བྱེད་དོ། །སྐུད་པས་ནི་རིམས་སོ་ཅོག་མེད་པར་བྱེད་དོ། །རྡོ་རྗེ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ནི་ལྷ་མ་ཡིན་གྱི་འཕྲུལ་འཁོར་ཐམས་ཅད་འཇོམས་ པར་བྱེད་དོ། །སེང་ལྡེང་གི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་སྦྱིན་སྲེག་བྱས་ན་གཏེར་ཆེན་པོ་མཐོང་བར་འགྱུར་ལ། དེ་ཡང་སྤྱད་བཞིན་དུ་ཟད་པར་མི་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་ གི་ནང་དུ་ཞུགས་ཏེ། པད་མ་ཙན་དན་དམར་པོའི་ནང་དུ་བསྙུགས་པ་འབུམ་སྦྱིན་སྲེགས་བྱས་ན་པད་མའི་ཕུང་པོ་དང་མཉམ་པའི་གཏེར་སྦྱིན་པར་འགྱུར་རོ། །བིལ་བའི་སྲེག་བླུགས་མར་གྱི་ནང་དུ་སྦྱིན་སྲེག་བྱས་ན་ལོངས་སྤྱོད་འཕེལ་ བར་འགྱུར་རོ། །ཏིལ་རྣམས་ལྷན་གཅིག་ཏུ་བསྡུས་ཏེ་མར་དང་སྦྱར་བས་ལན་འབུམ་སྦྱིན་སྲེག་བྱས་ན་ཁ་ཟས་འཕེལ་ཏེ་ཟད་པར་མི་འགྱུར་རོ། །དེ་ནས་ལྷ་རྣམས་དབང་དུ་བྱ་བར་འདོད་ན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་དུས་ གསུམ་དུ་ཨ་ཀ་རུའི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན། ལྷ་ཐམས་ཅད་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་རྣམས་ལ་ནི་ཨ་ཤོ་ཀའི་ཡམ་སྲེག་ཤིང་གིས་བྱའོ། །ཀླུ་རྣམས་ལ་ནི་ཀླུ་ཤིང་གི་ མེ་ཏོག་གིས་བྱའོ། །རིག་སྔགས་འཆང་རྣམས་ལ་ཁན་པའི་ཡམ་སྲེག་ཤིང་གིས་བྱའོ། །འཕགས་པ་ལག་ན་རྡོ་རྗེ་ལ་ནི་ཨ་ཀ་རུའི་ཡམ་སྲེག་ཤིང་དུ་རུ་ཀའི་མར་གྱི་ནང་དུ་བསྙུགས་པས་བྱའོ། །དྲི་ཟ་རྣམས་ལ་ནི་ཐང་ཆུའི་ 100-1-192b སྤོས་ཀྱིས་སྦྱིན་སྲེག་བྱའོ། །མི་འམ་ཅི་རྣམས་ལ་ནི་པོག་གི་སྦྱིན་སྲེག་གིས་བྱའོ། །ཡི་དགས་རྣམས་ལ་ནི་སྲ་རྩི་པོག་གི་སྦྱིན་སྲེག་གིས་བྱའོ། །ལོག་འདྲེན་རྣམས་ལ་ནི་ཏིལ་གྱི་ཚིགས་མའི་སྦྱིན་སྲེག་གིས་བྱའོ། །འབྱུང་པོ་རྣམས་ ལ་ནི་འབྱུང་པོའི་ཟས་ཀྱིས་སྦྱིན་སྲེག་ལན་བརྒྱད་བརྒྱ་ཞག་བདུན་ནམ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཡུངས་ཀར་གྱི་སྲེག་བླུགས་ཏིལ་མར་ དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །མིའི་གཙོ་བོའི་བུ་མོ་ལ་ནི་སྐེ་ཚེའི་སྲེག་བླུགས་ཀྱིས་བྱའོ། །མདུན་ན་འདོན་པ་ལ་ནི་མར་གྱི་སྲེག་བླུགས་ཀྱིས་བྱའོ། །བུ་མོ་རྣམས་ལ་ནི་སྣ་མའི་མེ་ཏོག་གིས་བྱའོ། །བུད་མེད་ ཐམས་ཅད་ལ་ནི་ལན་ཚྭའི་སྲེག་བླུགས་ཀྱིས་བྱའོ། །བྲམ་ཟེ་ལ་ནི་འབྲས་བཟང་པོའི་ཆན་གྱི་སྲེག་བླུགས་ཀྱིས་བྱའོ། །རྒྱལ་རིགས་ལ་ནི་ཞོའི་སྲེག་བླུགས་ཀྱིས་བྱའོ། །རྗེའུ་རིགས་ལ་ནི་འབྲས་ཀྱི་སྦྱར་ཐུགས་གི་སྲེག་ བླུགས་ཀྱིས་བྱའོ། །དམངས་རིགས་ལ་ནི་མོན་སྲན་གྲེའུའི་སྲེག་བླུགས་ཀྱི་སྦྱིན་སྲེག་གིས་བྱའོ། །སེམས་ཅན་ཐམས་ཅད་ལ་ནི་མར་དང་ཏིལ་སྦྱར་བས་བྱ་སྟེ། ཐམས་ཅད་ལ་ཡང་སྦྱིན་སྲེག་ལན་བརྒྱད་བརྒྱའི་བར་བྱའོ། ། ཉི་མ་ལ་ཕྱོགས་དེ་ལན་འབུམ་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཟས་སུ་བའི་གཅིན་དང་ཕྱེའི་འདག་གུ་ཟ་ཞིང་ལས་བྱའོ། །རིག་སྔགས་འཆང་ཐམས་ཅད་གསོ་བར་འདོད་ན་ཞག་བདུན་གྱི་ བར་དུ་ཞོ་དང་སྦྲང་རྩི་དང་མར་ལ་སྦྱར་བའི་ཏིལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །བཅད་པ་དང་བཅོམ་པ་དང་མ་རུངས་པར་གྱུར་པ་དང་ཕུར་བུས་བཏབ་པ་རྣམས་གསོ་བར་འདོད་ན་པུ་ཤེལ་ཙི་ལས་གཟུགས་བྱས་ཏེ་མེ་ཏོག་ དཀར་པོས་མཆོད་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་འོ་མས་བཀྲུ་ཞིང་འོ་མའི་སྦྱིན་སྲེག་ཀྱང་བྱ་སྟེ། ཨ་ཀ་རུའི་བདུག་པ་ཡང་ཕུལ་ན་ཕྱིར་སོས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མ་ཡུམ་བརྗོད་ལ་སྔགས་ཀྱིས་མཆོད་ 100-1-193a ཡོན་ཕུལ་ན་སྤྱན་དྲངས་པར་འགྱུར་ཞིང་བཟླས་བརྗོད་ཀྱང་བསྲུངས་པར་འགྱུར་རོ། །ལན་ཅིག་བརྗོད་པས་ནི་བདག་ཉིད་ལ་སྲུང་བར་བྱེད་དོ། །ལན་གཉིས་བརྗོད་པས་ནི་གཞན་ལ་སྲུང་བར་བྱེད་དོ། །ལན་གསུམ་བརྗོད་པས་ནི་ རྫས་སྲུང་བར་བྱེད་དོ། །ཡུངས་ཀར་གྱི་བསྲུང་བར་བྱ་བའི་རྫས་ཀྱི་གཟི་བྱིན་བསྐྱེད་ན་རྒྱས་པར་འགྱུར་ཞིང་དངོས་གྲུབ་དུ་འགྱུར་རོ། །གིའུ་ཝང་གིས་བཅོམ་ལྡན་འདས་མའི་གསང་སྔགས་གང་འདོད་པ་བར་ཐག་ཡངས་པར་ཡི་གེ་བྲིས་ཏེ། གིའུ་ ཝང་དང་སྨྱུག་གུ་ཡང་དེར་བཞག་ལ་དེར་སྔགས་དེས་ལན་བརྒྱད་བརྒྱ་བཏབ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཉལ་ན་འོང་བར་འགྱུར་ཏེ་ལྷག་ཆད་སྐོང་བར་འགྱུར་རོ། །ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ལན་བརྒྱད་བརྒྱ་ བཟླས་བརྗོད་བྱས་ཏེ་རྩྭ་ཀུ་ཤའི་སྟན་ལ་ཉལ་ན་ལེགས་ཉེས་སྟོན་པར་འགྱུར་རོ། །བཅོམ་ལྡན་འདས་མ་འདི་ནི་རིག་པ་མཆོག་གི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དོན་ཐམས་ཅད་བསྒྲུབ་པ་སྟེ། བཅོམ་ལྡན་འདས་མ་མཱ་མ་ཀཱི་འདི་ནི་རིག་ སྔགས་ཀྱི་རྒྱལ་པོ་རིག་པ་མཆོག་གི་ལས་གང་ཡིན་པ་རྣམས་དང་ཕོ་ཉ་མ་བཅྭ་བརྒྱད་གང་ཡིན་པ་རྣམས་དང་ཕྱག་རྒྱ་ཆེན་པོ་གང་ཡིན་པ་རྣམས་ཀྱི་སོ་སོའི་ཆོ་ག་ཤིན་ཏུ་མྱུར་བར་བྱེད་ཅིང་གཞན་གྱིས་མི་ཚུགས་ཤིང་མྱུར་དུ་འགྲུབ་པར་ འགྱུར་རོ། །གྲོག་མཁར་གྱི་ས་དང་ཡུངས་ཀར་བསྲེས་པ་ལས་རྡོ་རྗེ་བྱས་ཏེ་ཙན་དན་དམར་པོས་བྱུགས་ལ་བླངས་ན་ལམ་མི་གཟུར་བ་དང་། མི་སྨྲ་བར་ལན་འབུམ་བཟླས་བརྗོད་བྱས་ནས་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་སྤྱང་ གིས་ཟིན་པའི་ཚེ་རྡོ་རྗེ་ཡུངས་ཀར་གྱི་དབུས་སུ་བཞག་སྟེ། ཡུངས་ཀར་ཚེག་ཚེག་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ན། རྡོ་རྗེ་འགྲུབ་པར་འགྱུར་ཏེ་རྡོ་རྗེ་དེས་ལས་ཐམས་ཅད་བྱེད་ལ་བྲག་གི་རྩེ་མོ་ཕྱེ་མར་ཀློག་ཅིང་རྙིལ་བར་བྱེད་དོ། ། ཆུ་ཀླུང་གྱེན་དུ་ཟློག་པར་བྱེད་དོ། །མཚོ་བསྐམ་པར་བྱེད་དོ། །ཀླུ་རྣམས་འབྱེར་བར་བྱེད་དོ། །དུག་རྣམས་ཀྱི་དུག་མེད་པར་བྱེད་དོ། །སྲོག་ཆགས་རྣམས་རེངས་པར་བྱེད་དོ། །རྨོངས་པར་བྱེད་དོ། །སྒྱེལ་བར་བྱེད་དོ། །འཕྲུལ་འཁོར་ 100-1-193b རྣམས་ཕྱེ་མར་རློག་གོ། །ཤིང་རྟ་ལ་སོགས་པ་རེངས་པར་བྱེད་ཅིང་ཕྱེ་མར་ཡང་རློག་སྟེ། དེ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ། །བཅོམ་ལྡན་འདས་མཱ་མ་ཀཱི་འདི་ནི་རོ་ལངས་ཐམས་ཅད་སྒྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ། ། རིའི་རྩེ་མོར་སོང་སྟེ་ལྕགས་ཞུན་མ་ལས་བྱས་པའི་རྡོ་རྗེ་ཐོགས་ལ་ལག་པ་གཡོན་པས་ལན་དྲུག་འབུམ་བཟླས་བརྗོད་བྱས་ན་དེ་ནས་རི་འགུལ་བར་འགྱུར་ཏེ། རི་འགུལ་ན་འཁོར་དང་བཅས་པ་འཕགས་པར་འགྱུར་རོ། །སློངས་ མོའི་ཟས་ཟ་ཞིང་རིའི་རྩེ་མོར་བྱེ་བ་གཅིག་བཟླས་བརྗོད་བྱས་ན་ཡིད་ལ་གང་འདོད་པ་དེ་ཐམས་ཅད་དེ་ཐོབ་པར་འགྱུར་རོ། །ལྷ་རྣམས་བཅོམ་ལྡན་འདས་མཱ་མ་ཀཱི་འདི་ནི་ཐམས་ཅད་འགྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ། །བཅོམ་ ལྡན་འདས་མ་འཇིག་རྟེན་གྱི་ཡུམ་གྱི་ལས་རྣམས་ངས་བཤད་ཟིན་ཏེ། དེ་ལ་དྲག་ཏུ་འགྲུབ་པར་བྱེད་པའི་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛྭ་ལ་མཱ་མ་ཀཱི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་རྣམས་འདིའི་ལས་ཀྱང་བཤད་ པར་བྱ་སྟེ། བཅོམ་ལྡན་འདས་མའི་ལས་ངས་བཤད་པ་གང་ཡིན་པ་དེ་དག་ལས་ཉིས་འགྱུར་དུ་བསྟེན་པར་བྱས་ན་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་འཁོར་དེའི་ནང་ནས་ལངས་ནས་བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་པ་མཆོག་གི་ཆོ་ག་ཆེན་པོ་ལས་བདག་གིས་ལྷ་རྣམས་བཤད་པ་གང་ལགས་པ་དེ་དག་ཐམས་ཅད་ཀྱིས་སྒྲུབ་པ་པོ་ གཙང་སྦྲ་དང་། ཆོ་ག་དང་སྤྱོད་ཡུལ་དང་ལྡན་པ་གང་ལགས་པ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུར་བ་དང་། ཚོལ་བ་རྗེས་སུ་དྲན་པར་བགྱིས་པས་བགེགས་དང་ལོག་འདྲེན་དེ་དག་ཐམས་ཅད་བརླག་པར་ འགྱུར་བ་དང་། གཙང་སྦྲ་བགྱིས་ཀྱང་རུང་གཙང་སྦྲ་མ་བགྱིས་ཀྱང་རུང་བ་ན་བསྲུང་བ་དང་བསྐྱབ་པ་དང་སྦ་བ་དང་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བདག་གིས་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་བཤད་པར་བགྱི་ན། བཅོམ་ལྡན་འདས་ཀྱིས་གནང་བར་ 100-1-194a མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ལེགས་སོ་ལེགས་སོ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་ སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཞུགས་པ་དེ་ནི་ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་བར་མཛད་ཀྱིས་སེམས་ཅན་ལམ་དུ་ཞུགས་པ་རྣམས་དང་ལམ་མ་ཡིན་པར་ཞུགས་པ་རྣམས་དང་། གཙང་སྦྲ་བྱས་པ་རྣམས་དང་། གཙང་སྦྲ་མ་བྱས་པ་རྣམས་བསྲུང་བའི་ཕྱིར་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་འཁོར་འདུས་པ་ལ་གླང་པོ་ཆེའི་ལྟ་བསྟངས་ཀྱིས་བལྟས་ནས་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་ བཛྲ་པཱ་ཎི་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ། བི་ཏྭཾས་ཡ། ཛ་ཏི་ལ་བོ་ད་ར། ཨུ་ཙྪུཤྨ་ཀྲོ་དྷཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་ལྷ་དེ་དག་ངོ་མཚར་དུ་གྱུར་ཏེ་ལག་ན་རྡོ་རྗེའི་ཞལ་དུ་ ལྟ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཆེན་པོས་སྙིང་རྗེའི་སེམས་ཀྱིས་ལས་རྣམས་བཤད་པ། རིག་པ་མཆོག་སྒྲུབ་ པའི་རིག་སྔགས་འཆང་ལམ་དུ་འཇུག་གམ། བཤང་བ་དང་གཅི་བ་ལ་སོགས་པ་བྱེད་ན་ཐོག་མར་ལན་ཅིག་བརྗོད་ན་བསྲུང་བར་བྱས་པར་འགྱུར་རོ། །ལམ་དུ་འཇུག་ན་ལན་གསུམ་བརྗོད་ནས་སོང་ན་ཆོམ་རྐུན་ལ་སོགས་པའི་འཇིགས་ པ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་ཆུ་ཀླུང་རྒལ་བ་ན་ཡང་ཆུ་སྲིན་ནག་བཀྲ་ལ་སོགས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་ནས་སྒྲུབ་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་བདམ་མི་འཚལ། སྨྱུང་བ་ཡང་བྱ་མི་དགོས་པར་ཁྲོ་བོ་ ཉིད་བཙན་པར་བྱ་སྟེ། ཉིན་པར་ཡང་རུང་། མཚན་མོ་ཡང་རུང་། ཟན་ཟོས་ཀྱང་རུང་། ཅི་སྟེ་མ་ཟོས་ཀྱང་རུང་། གཙང་སྦྲ་བྱས་ཀྱང་རུང་གཙང་སྦྲ་མ་བྱས་ཀྱང་རུང་སྟེ། ལན་གསུམ་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། ། 100-1-194b དེ་ནས་པ་ལ་ཤའི་ཤིང་ངམ། བིལ་བའི་ཤིང་གིས་མེ་སྦར་ཏེ་འབྲས་ཡོས་སམ། ཏིལ་ཡང་རུང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་ལས་རྣམས་འབྱུང་སྟེ། མིའི་གཙོ་བོ་འམ། མི་ཆེན་པོ་དབང་ དུ་བྱ་བར་འདོད་ན་དོང་ཀའི་བུད་ཤིང་གིས་མེ་སྦར་ལ་ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དམག་དཔོན་དབང་དུ་བྱ་བར་འདོད་ན་དམག་དཔོན་གྱི་རྐང་རྗེས་ཀྱི་རྡུལ་བླངས་ལ་ལག་པ་གཡོན་པས་ལན་བརྒྱད་སྟོང་སྦྱིན་ སྲེག་བྱས་ན་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བྱ་ན་ལན་ཚྭ་ལས་གཟུགས་བྱས་ལ་རྐང་པ་གཡས་པ་ནས་བརྩམས་ཏེ། བཅད་ཅིང་བཅད་ཅིང་ལག་པ་གཡོན་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། །བུ་མོ་དབང་ དུ་བྱ་ན་འབྲས་སཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ལ་རྐང་པ་གཡོན་པ་ནས་བརྩམས་ཏེ། བཅད་ཅིང་བཅད་ཅིང་ལག་པ་གཡས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་ན་དུར་ཁྲོད་དམ། གདོལ་པའི་ ཁྱིམ་ནས་མེ་བླངས་ལ་དུར་ཁྲོད་ཀྱི་ཤིང་གསོབ་ལ་ལམ་གྱི་སུམ་མདོར་མེ་སྦར་ཏེ། མོན་སྲན་གྲེའུ་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་བུ་མོས་སྤྱད་པའི་མེ་ཏོག་རྙིང་པ་བརྒྱད་ སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དགྲ་དབང་དུ་བྱ་ན་འགིའུ་ཝང་ངམ། ལྡོང་རོས་ལ་ལན་བརྒྱ་སྟོང་བསྔགས་ཏེ་བདག་ཉིད་ཀྱི་ལུས་བསྐུས་ན་དགྲའི་ནང་དུ་འཇིགས་པར་མི་འགྱུར་རོ། །ལིག་བུ་མིག་བླངས་ཏེ་ཨ་ཤྭཏྠའི་ལོ་མའི་སྟེང་དུ་ བཞག་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །གིའུ་ཝང་ཡང་ཆོ་ག་དེ་དང་འདྲའོ། །སྐྱེས་པ་དབང་དུ་བྱ་ན་ཨ་མྲའི་ ཤིང་གི་མེ་སྦར་ལ། ནས་དང་གྲོ་དང་ན་ག་གེ་སར་ལ་སོགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གྲུབ་པར་མ་གྱུར་ན་ལས་འདི་དག་བྱས་ཏེ་བིལ་བའི་ཤིང་གིས་མེ་སྦར་ཏེ་ཏིལ་ནག་པོ་བརྒྱད་སྟོང་སྦྱིན་སྲེག་ 100-1-195a བྱས་ན་འགྲུབ་པར་འགྱུར་རོ། །ཕྱིན་ཅད་དབང་དུ་བྱ་བ་དང་། བསྐྲད་པ་དང་དབྱེ་བ་དང་གཞིག་པ་དང་བསད་པ་དང་སྒོ་གླེགས་དང་འཕྲུལ་འཁོར་སྒོ་གཏན་དང་གཤེག་པ་དང་གཞོམ་པ་ལ་སོགས་པ་བྱེད་ནུས་པར་འགྱུར་རོ། ། མིའི་གཙོ་བོ་དབང་དུ་བྱ་ན་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། སྐེ་ཚེ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །མེ་ཏོག་ལ་ལན་བདུན་བསྔགས་ན་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྤོས་ སམ་ཤིང་ཐོག་གམ་སོ་རྩི་རྣམས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ། །མིག་སྨན་ལ་བསྔགས་ཏེ་མིག་གཉིས་ལ་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །བསྐྲད་པར་བྱས་ན་ཨརྐའི་ཤིང་གི་མེ་སྦར་ལ་ལུང་ཏང་གི་མེ་ཏོག་གིས་ ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་རོ། །དབྱེ་བར་བྱ་ན་ཆོ་ག་དེ་དང་འདྲ་བར་བྱ་སྟེ་ཕུབ་མའི་སྦྱིན་སྲེག་བྱས་ན་འབྱེ་བར་འགྱུར་རོ། །གཞིག་པར་བྱ་ན་དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུར་ཁྲོད་ཀྱི་ཐལ་བར་ སྦྱིན་སྲེག་བྱས་ན་འཇིག་པར་འགྱུར་རོ། །བསད་པར་བྱ་ན་སྐྱེ་ཚེའི་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་འཇིག་པར་འགྱུར་རོ། །བསྐམ་པར་བྱ་ན་གོས་གཤེར་བ་བགོས་ལ་ཁྲོས་བཞིན་དུ་ཉི་མ་ལ་ཕྱོགས་ཏེ་བཟླས་ བརྗོད་བྱས་ན་ཇི་ཙམ་དུ་གོས་བསྐམས་པར་འགྱུར་བ་དེ་ཙམ་དུ་དགྲའི་སྲོག་སྐམ་པར་འགྱུར་རོ། །ཁྲོས་བཞིན་དུ་མཚན་གཅིག་འདུག་པའི་སྟེང་དུ་ལག་པས་མནན་ཏེ་བཟླས་བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་མེད་པར་འགྱུར་རོ། ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སེ་གོལ་གཏོག་ཅིང་གསང་སྔགས་བཟླས་བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་འཆི་བར་འགྱུར་རོ། །ཆོ་ག་ཇི་ལྟར་བྱས་ཀྱང་རུང་སྟེ། ཁྲོས་བཞིན་དུ་བཟླས་བརྗོད་བྱས་ན་ཆོ་ག་དེས་དེ་མ་ཐག་ཏུ་ དགྲ་འཇིགས་པ་དང་འཆི་བར་འགྱུར་རོ། །ཞི་བར་བྱ་བ་དང་ཕྱིར་གསོ་བ་ཐམས་ཅད་ལ་ནི་པ་ལ་ཤའི་ཤིང་གིས་མེ་སྦར་ཏེ། འོ་མ་དང་མར་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ། །ཧཱུྃ་ཞེས་བྱས་པས་ 100-1-195b ནི་སྒོ་གླེགས་དང་སྒོ་གཏན་ཆེམས་པར་འགྱུར་རོ། །ཕཊ་ཅེས་བྱས་པས་ནི་ལྷ་མ་ཡིན་གྱི་འཕྲུལ་འཁོར་ཐམས་ཅད་ཆོམས་པར་འགྱུར་རོ། །ནིམ་པའི་ཤིང་གིས་མེ་སྦར་བའི་ནང་དུ་སྐྱེ་ཚེ་ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་ སྲེག་བྱས་པས་དགྲ་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ནུས་པར་འགྱུར་རོ། །ཀྱི་ནག་པོའི་ལྕེ་བླངས་ལ་གུ་གུལ་དང་ལྷན་ཅིག་ཏུ་བཏགས་ཏེ་རི་ལུར་བྱས་ཏེ་ཟངས་དང་འཁར་བ་དང་། ར་གན་གཅིག་ཏུ་སྦྱར་བས་གཡོགས་ལ་གོ་ ཕྱེའི་ཤིང་གི་གབ་ཚེར་བཅུག་སྟེ། མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་རུང་བ་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། དེ་ནས་སྒྲ་ཏུག་ཏུག་ཟེར་བར་གྱུར་ནས་དེ་དག་ལས་གཅིག་ཁར་བཅུག་ན་ ལུས་མི་སྣང་བར་འགྱུར་ལ། ཕྱིར་ཕྱུང་ན་སྣང་བར་འགྱུར་ཏེ་ཚེ་ལོ་ཁྲི་ཐུབ་པར་འགྱུར་རོ། །རིའི་རྩེ་མོར་སོང་སྟེ་ལན་འབུམ་བཟླས་བརྗོད་བྱས་ན་ལྷ་མ་ཡིན་གྱི་ཕུག་གི་འཕྲུལ་འཁོར་ཐམས་ཅད་ཧཱུྃ་ཞེས་བྱ་བ་འམ། ཕཊ་ཅེས་བྱས་པས་ ཆོམས་པར་འགྱུར་རོ། །ལྷ་མ་ཡིན་གྱི་ཕུག་སྒོར་ཡུངས་ཀར་དུག་དང་ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་པས་ལྷ་མ་ཡིན་གྱི་བུ་མོ་གཅིག་བཞིན་ཕྱིར་བྱུང་ནས་སྒྲུབ་པ་པོ་ནང་དུ་ཁྲིད་པར་འགྱུར་རོ། །ལིག་བུ་མིག་ གི་རྒྱུད་མ་ཆད་པར་ལན་སྟོང་སྦྱིན་སྲེག་བྱས་ལ་ཟླ་བ་སྤྱང་གིས་ཟིན་པའི་ཚེ་ཟླ་བ་མ་བཏང་གི་བར་དུ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །གང་ལ་དམིགས་ཏེ་ལན་ཁྲི་ བཟླས་བརྗོད་བྱས་ན་དེ་བྲན་དུ་འགྱུར་རོ། །ཡང་ན་འཆི་བར་འགྱུར་རོ། །དུར་ཁྲོད་ཀྱི་རས་ཁྲུ་གང་ཙམ་བླངས་ལ་དེ་ཚོན་རྩི་སྤྱིན་མེད་པས་ཁྲོ་བོའི་གཟུགས་མི་སྡུག་ཅིང་མཆེ་བ་གཙིགས་ལ་ལུས་ཀྱི་མདོག་ནག་ཅིང་མེ་ལྕེ་འབར་ བས་བསྐོར་ཏེ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཁྲོས་པའི་མིག་གིས་བལྟས་ལ་ལག་པ་གཡོན་པ་རྡོ་རྗེ་ཐོགས། ལག་པ་གཡས་པ་ན་དབྱུག་པ་ཐོགས་པ་འདྲིར་གཞུག་གོ། །འོག་ལོགས་སུ་ནི་སྒྲུབ་པ་པོ་ལག་ན་པོག་ཕོར་ 100-1-196a ཐོགས་པ་བྲིས་ལ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་གང་ཡང་རུང་བ་ལ་དེའི་མདུན་དུ་མེ་ཏོག་དམར་པོ་ཕུལ་ཏེ་ལྡོང་རོས་དང་ལིག་བུ་མིག་དང་གིའུ་ཝང་དང་དགའ་བྱེད་ཀྱི་སྲད་བུ་དང་དོང་ཀའི་ཤིང་ལྷམ་དང་གོས་དང་རྡོ་རྗེ་ འཁོར་ལོ་དང་མདུང་རྩེ་གསུམ་པ་དང་རལ་གྲི་ལ་སོགས་པ་ལས་གང་ཡང་རུང་བ་བླངས་ནས་ཆོ་ག་བཞིན་དུ་དག་པར་བྱས་ལ། ཨ་ཤྭཏྠའི་ལོ་མ་ལ་བཞག་སྟེ་དངོས་གྲུབ་རྣམ་གསུམ་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དྲོ་བར་གྱུར་ ན་ནི་རྐང་པས་མགྱོགས་པར་འགྱུར་རོ། །དུད་པ་ཐུལ་ན་ནི་ལུས་མི་སྣང་བར་འགྱུར་རོ། །འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་བའི་རིག་སྔགས་འཆང་དུ་འགྱུར་ཏེ་བསྐལ་བར་གནས་པར་འགྱུར་རོ། །དེ་ནས་གནོད་སྦྱིན་མོ་དབང་དུ་ བྱ་བར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ལ་ཨ་ཤྭཏྠའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོའི་མིང་ནས་སྨོས་པས་དབང་དུ་འགྱུར་རོ། །ཀླུའི་བུ་མོ་དབང་དུ་བྱ་བར་འདོད་ ན་ཤི་པ་ལི་ཀའི་ཤིང་གིས་མེ་སྦར་ལ་ན་ག་པུས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དགུག་པར་བྱ་ན་མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་རུང་བའི་ཕྱེམ་རེད་ཨརྐའི་ཤིང་གིས་མེ་སྦར་ལ་ཡུངས་ཀར་གྱི་ལན་བརྒྱད་ སྟོང་སྦྱིན་སྲེག་བྱས་ན་མིང་ནས་གང་སྨོས་པ་ཁུགས་པར་འགྱུར་ཏེ། ཞག་གཅིག་སྨྱུང་བ་བྱས་པ་ལས་བྱའོ། །ཞག་བདུན་གྱི་བར་དུ་དུས་གསུམ་དུ་བྱས་ན་ནི་བརྒྱ་བྱིན་ཡང་ཁུགས་པར་འགྱུར་རོ། །ལན་ཚྭ་དང་བདག་གི་ཁྲག་སྦྱར་བས་ སྦྱིན་སྲེག་བྱས་ན་ནི་གང་གི་མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །དེ་ནས་ལོག་འདྲེན་གཞིག་པར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ། དེ་ཉིད་ཀྱིས་བསྲུང་བར་བྱས་ནས་ཞག་གསུམ་སྨྱུང་བ་བྱས་ལ། ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱ་སྟེ། གུ་གུལ་གྱི་རི་ལུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཞི་བར་འགྱུར་རོ། །ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་དུས་གསུམ་དུ་གུ་གུལ་གྱི་རི་ལུ་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་ 100-1-196b སྦྱིན་སྲེག་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ལ་དེའི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ། རྡོ་རྗེ་ཁྲོ་བོའི་ཁ་ནས་གློ་བུར་དུ་ང་གྲུབ་བོ་ཞེས་ཟེར་བའི་སྒྲ་འབྱུང་གི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་སྐྲ་ལྕང་ལོར་འཁྱིལ་ཞིང་ཉི་མ་ཤར་བའི་ མདོག་འདྲ་བ་ལ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཞིང་བསྐལ་པར་གནས་ཤིང་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་པར་འགྱུར་རོ། །དེ་ནས་ལིག་བུ་མིག་བསྒྲུབ་པར་འདོད་ན། རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་ཡར་གྱི་ངོ་ལས་ བརྩམས་ཏེ་དུས་གསུམ་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་དེའི་མདུན་དུ་ཞག་གསུམ་སྨྱུང་བར་བྱས་ལ། ལིག་བུ་མིག་གམ་ལྡོང་རོས་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེ་ལག་པ་གཡོན་པས་མནན་ལ་དྲོ་བར་གྱུར་པ་དང་དུད་པ་འཐུལ་བ་དང་ འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དྲོ་བར་གྱུར་ན་ནི་འགྲོ་བ་རྣམས་དབང་དུ་བྱེད་པར་འགྱུར་རོ། །དུད་པ་འཐུལ་ན་ནི་ལུས་མི་སྣང་བར་འགྱུར་ཏེ་རིག་སྔགས་འཆང་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཞིང་། རིག་སྔགས་འཆང་གཅོད་པ་ ཐམས་ཅད་ཀྱིས་མི་ཚུགས་ལ་རིག་སྔགས་འཆང་ཐམས་ཅད་ཀྱིས་བྱར་མེད་པར་འགྱུར་རོ། །འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་ཞིང་འཁོར་སྟོང་དང་ལྡན་ལ་གཡོག་རྣམས་འཆང་བར་འགྱུར་རོ། །ཅི་སྟེ་མི་འདོད་ན་ཡང་རིག་སྔགས་འཆང་རྣམས་ གཡོག་ཏུ་འགྱུར་ཏེ། །རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པར་འགྱུར་རོ། །དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་འཛམ་བུ་ཆུ་བོའི་གསེར་ལས་རྡོ་རྗེ་སོར་བཅུ་གཉིས་རྩེ་གསུམ་དུ་བྱས་ལ་ཆུ་ཀླུང་རྒྱ་མཚོར་འབབ་པའི་འགྲམ་དུ་མར་གྱི་ངོ་ཞག་ གཅིག་ལས་བརྩམས་ཏེ་ཕྱི་མར་ཡར་གྱི་ངོ་ཚེས་བཅུ་གཉིས་གྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ་འཕགས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་རིག་སྔགས་འཆང་ཐམས་ཅད་ཀྱིས་ ཕྱག་བྱ་བར་འགྱུར་ཞིང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཀྱང་མཆོད་དེ། ལག་ན་རྡོ་རྗེ་དང་འགྲན་པ་དང་བསྐལ་པར་གནས་པར་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལིག་བུ་མིག་ལ་ལན་འབུམ་བཟླས་བརྗོད་ 100-1-197a བྱས་ཏེ་དེ་ནས་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཟླ་བ་སྤྱང་གིས་ཟིན་པའི་ཚེ་ཁར་བཅུག་སྟེ་ཟླ་བ་མ་བཏང་གི་བར་དུ་བཟླས་བརྗོད་བྱས་ཏེ་དེས་མིག་ལ་བསྐུས་པས་ལུས་མི་སྣང་བར་འགྱུར་རོ། །ཡང་ན་བུད་མེད་གང་སྐྱེས་པ་དང་མ་ཕྲད་པར་ཤི་བ་དེའི་ མོ་མཚན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ལིག་བུ་མིག་དང་ལྡོང་རོས་བཅུག་སྟེ། ཉི་མ་ཤར་གྱི་བར་དུ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་པས་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་ཤགས་འགྱེད་དོ་ཅོག་ལས་ལན་ཐེབས་པར་ འགྱུར་རོ། །ཤུ་དག་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་ཕྱུང་སྟེ་མར་གྱི་ངོ་ཞག་བཅུ་བཞི་ཞག་གཅིག་སྨྱུང་བ་བྱས་ལ། ལྷ་ཆེན་པོའི་གཟུགས་ཀྱི་གཡས་ལོགས་སུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ལག་པ་ལ་བཏགས་ པས་རྒྱལ་པོ་ལས་རྒྱལ་བར་འགྱུར་ཞིང་རྩོད་པ་དང་འཐབ་པ་ལ་ལན་འདེབས་པར་འགྱུར་ཏེ། རྒྱལ་པོ་འམ་བློན་པོ་ལ་གང་སྨྲས་པ་ཐམས་ཅད་ཚིག་ཉན་པར་འགྱུར་ཞིང་གང་བརླབས་པ་དེ་ཡང་ཐོབ་པར་འགྱུར་རོ། །ལིག་བུ་མིག་ལ་ལན་ བརྒྱད་སྟོང་སྔགས་ཏེ་མིག་ལ་བསྐུས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །གིའུ་ཝང་གིས་ལུས་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་ལ་ལས་ལིག་བུ་མིག་གམ། ལྡོང་རོས་ཕྲོགས་ པར་གྱུར་ན་ཞག་གསུམ་སྨྱུང་བར་བྱས་ལ་ལན་སུམ་འབུམ་བཟླས་བརྗོད་བྱས་ནས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་རིག་སྔགས་འཆང་གི་གཟུགས་བྱས་ཏེ་ཁྲག་གིས་བསྐུས་ལ། ཀ་ར་བཱི་རའི་མེ་ཏོག་གིས་མཆོད་ནས་ལྕགས་ ཞུན་མའི་མཚོན་གྱིས་བཅད་ན། རིག་སྔགས་འཆང་གིས་ལིག་བུ་མིག་གམ། ལྡོང་རོས་ཕྱིར་བྱིན་པར་འགྱུར་རོ། །དེ་ནས་རིག་སྔགས་དག་པར་འདོད་ན་དེ་བཞིན་དུ་ཞག་གསུམ་སྨྱུང་བ་བྱས་ཏེ། ལན་འབུམ་བཟླས་བརྗོད་བྱས་ན་ པོག་གི་ཆུས་རིག་སྔགས་བྲིས་ལ་ཆུ་ཀླུང་རྒྱ་མཚོར་འབབ་པའི་ནང་དུ་བཅུག་སྟེ་ལན་བརྒྱད་སྟོང་བྱས་ནས་དེ་ཉིད་དུ་ཉལ་ན་ཕྱི་དེ་ཉིན་པར་ལྷག་ཆད་དག་པར་བྱ་སྟེ། ཕྱིར་འབྱུང་བར་འགྱུར་རོ། །མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་བྱ་བར་ 100-1-197b འདོད་ན་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ་ལུང་ཏང་གི་བུད་ཤིང་གིས་མེ་སྦར་ཏེ། རྒྱ་སྐྱེགས་ཀྱིས་སྲེགས་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེ་དེའི་བྲན་བཞིན་དུ་འོང་བར་འགྱུར་རོ། །ཡང་ན་གྲོག་མཁར་གྱི་ས་ལས་གཟུགས་བྱས་ ཏེ་དེའི་མདུན་དུ་བ་ལང་གི་ཤས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ནང་མིའི་གཙོ་བོ་དབང་དུ་འགྱུར་ལ། དབྱེ་བར་བྱ་འདོད་ན་གཉིས་ཀའི་སེན་མོ་བཅད་པ་བླངས་ལ་ཏིལ་ནག་པོ་དང་བསྲེས་ཏེ་ཚ་བ་གསུམ་དང་ཡུངས་ཀར་མར་དང་སྦྱར་བས། ཞག་ བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ། །གྲོང་ཁྱེར་འཕོ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་འབྲོས་པར་འགྱུར་རོ། །ཡང་ན་ འཇིགས་པར་འདོད་ན་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ཁྱི་ཤས་ལན་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་འཇིགས་པར་འགྱུར་རོ། །ཕྱིར་གསོ་བ་ཐམས་ཅད་ལ་ནི་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་ དུ་བསྙུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་རྡོ་རྗེ་ཁྲོ་བོ་ལ་ཡང་མར་གྱི་བདུག་པ་སྲེགས་ན་ཕྱིར་ཞི་བར་འགྱུར་རོ། །དེ་ནས་གདོན་གྱིས་ཟིན་པར་བྱ་བར་འདོད་དམ། ཡང་ན་གང་ལ་རིམས་ཀྱིས་འདེབས་པར་འདོད་ན་ཞག་བདུན་གྱི་ བར་དུ་དུས་གསུམ་དུ་ཨརྐའི་ཤིང་གིས་མེ་སྦར་ལ། མི་རིམས་ཀྱིས་བཏབ་པ་གང་ཡིན་པ་དེའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ། དུག་དང་ཁྲག་དང་སྦྱར་བས་སྦྱིན་སྲེག་བྱས་ན་རིམས་ཀྱིས་འདེབས་པར་འགྱུར་རོ། །ཡང་ན་ཀུ་ཤ་ལས་གཟུགས་ བྱས་ཏེ་སྙིང་ཀར་རྐང་པ་གཡོན་པས་མནན་ལ་ཕྱེམ་རེད་ནས་བརྩམས་ཏེ་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ལྟར་བྱས་ན་ཞག་བདུན་གྱིས་རིམས་ཆེན་པོས་འདེབས་པར་འགྱུར་ཏེ་ཅིས་ཀྱང་མི་སློངས་པར་ཞག་བདུན་གྱིས་ འཆི་བར་འགྱུར་རོ། །ཕྱིར་གསོ་ན་ཡུངས་ཀར་ཞོ་དང་སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་བུམ་པ་མི་གནག་ཅིང་རྩ་བ་མེད་པ་བླངས་ཏེ་ཆུས་བཀང་ལ་ལན་སྟོང་བསྔགས་པས་ཁྲུས་བྱེད་དུ་བཅུག་ན་ 100-1-198a གཏོང་བར་འགྱུར་རོ། །དེ་ནས་གདོན་གྱིས་ཟིན་པར་བྱ་འདོད་ན་ཞག་གསུམ་སྨྱུང་བར་བྱས་ཏེ་དུར་ཁྲོད་དུ་གྲོང་ཁྱེར་གྱི་སྒོ་བཞིའི་ས་བླངས་པས་རྔ་མོའི་གཟུགས་བྱས་ཏེ། དེས་དེ་མ་ཡིན་པའི་མིའི་གཟུགས་བྱས་པའི་མགོ་ བོ་ལ་འཛིན་པར་བྱས་ལ་སྙིང་ག་དང་སྟ་ཟུར་དུ་ལྕགས་ཞུན་མའི་ཕུར་བུས་བཏབ་སྟེ། རྐང་པ་གཡོན་པས་མནན་ལ་མཚན་རངས་པར་བཟླས་བརྗོད་བྱས་ན་གདོན་དྲག་པོས་ཟིན་པར་འགྱུར་ཏེ་ཅིས་ཀྱང་མི་སློངས་པར་ཞག་བདུན་གྱིས་ འཆི་བར་འགྱུར་རོ། །སྦྲུལ་གྱིས་འཛིན་དུ་གཞུག་ན་ཡང་ཆོ་ག་འདི་ཉིད་ཀྱིས་བྱས་ན་ཅིས་ཀྱང་མི་ཟློག་པར་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །ཕྱིར་གསོ་བ་ནི་འབྱུང་པོའི་གནས་སུ་དཀྱིལ་འཁོར་བྲིས་ལ་འབྱུང་པོའི་ཁ་ཟས་ ལན་བརྒྱ་སྟོང་བསྔགས་པ་དབུལ་ལོ། །སྦྲུལ་གྱིས་ཟིན་པ་གསོ་བ་ན་སྦྲང་རྩི་དང་འོ་ཐུག་ཕུལ་ཏེ་བྱབ་པ་ཡང་བྱས་ན་གཏོང་བར་འགྱུར་རོ། །མཛེ་ནད་ཀྱིས་འདེབས་པར་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་རི་བོང་གི་སྤུ་དུག་དང་ཁྲག་ གི་ནང་དུ་བསྙུགས་པ་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་མཛེ་ནད་ཀྱིས་འདེབས་པར་འགྱུར་རོ། །ཆོ་ག་དེ་བཞིན་དུ་དུག་དང་ཁྲག་གི་སྦྱིན་སྲེག་བྱས་ན་ནད་ཁོང་སྐེམས་ཀྱིས་འདེབས་པར་འགྱུར་རོ། །ཕྱིར་གསོ་བ་ནི་བུ་རམ་དང་འོ་མ་ལ་ལན་ བརྒྱད་སྟོང་བསྔགས་པ་སྐོམ་དུ་བླུད་ན་གཏོང་བར་འགྱུར་རོ། །བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་གཟུགས་བྱས་ཏེ། སེང་ལྡེང་གི་ཕུར་བུ་ལ་ལན་བརྒྱད་སྟོང་བསྔགས་པས་བཙུགས་ན་ཟག་པར་འགྱུར་རོ། །ཕྱིར་གསོ་བ་ནི་ཕུར་ བུ་ཕྱུང་ལ་མར་གྱི་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །བུད་མེད་ཀྱི་མཚན་ཟག་པར་འདོད་ན་ཞག་གཅིག་སྨྱུང་བར་བྱས་ཏེ་ཕག་ཤ་ལས་མོ་མཚན་གྱི་གཟུགས་བྱས་ལ། ཁྱིའི་རུས་པའི་ཕུར་བུ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པ་ བཙུག་ན་ཟག་པར་འགྱུར་རོ། །ཕྱིར་གསོ་བ་ནི་འོ་མས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་བསད་པར་འདོད་ན་མ་དའི་ཚེར་མ་དང་སྐྱེ་ཚེ་དང་ཚ་བ་གསུམ་དང་དུག་རྣམས་ཡུངས་ཀར་མར་དང་སྦྱར་ཏེ་དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུས་ 100-1-198b གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དུས་ལ་བབ་པར་ཞག་བདུན་གྱིས་འཆི་བར་འགྱུར་ཏེ། ཞག་དྲུག་གི་བར་དུ་ནི་ཕྱིར་གསོར་རུང་ངོ་། །ཞི་བར་འདོད་ན་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་བུམ་ པས་ཁྲུས་བྱེད་དུ་བཅུག་ལ། དཱུར་བ་མར་གྱི་ནང་དུ་བསྙུགས་པས་ལན་བརྒྱ་སྟོན་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཕ་རོལ་གྱི་དམག་གཞོམ་པར་འདོད་ན། བ་རུ་རའི་ཤིང་གིས་མེ་སྦར་བའི་ནང་དུ་མཚོན་ཆ་ཕྱེ་མར་བྱས་པ་ཁྲག་དང་སྦྱར་བས་ལན་བརྒྱ་ སྟོང་སྦྱིན་སྲེག་བྱས་ལ། དེའི་ཐལ་བར་བདག་གི་དམག་དང་དམག་དཔོན་རྣམས་ལ་ཐིག་ལེ་བྱས་ནས། རྒྱལ་མཚན་གྱི་རྩེ་མོ་ལ་ཡང་བྱུགས་ཏེ་བསྟན་ན་མཐོང་བ་ཙམ་གྱིས་ཕ་རོལ་གྱི་དམག་ཚོགས་དང་དམག་དཔོན་དེ་དག་ཕམ་པར་འགྱུར་རོ། །ཡང་ན་ གླང་པོ་ཆེ་དང་རྟ་ཤི་བའི་ཤ་བླངས་ཏེ་ཕུབ་མ་དང་བ་རུ་རའི་ཤིང་བསྲེས་པའི་མེར་གཡུལ་འགྱེད་པའི་ཚེ་སྦྱིན་སྲེག་བྱས་ན་སྲེག་བླུགས་བླུགས་པ་ཙམ་གྱིས་འཕམ་པར་འགྱུར་རོ། །ཡུངས་ཀར་དམར་པོ་བླངས་ཏེ་ལན་བརྒྱ་སྟོང་ བསྔགས་པས་བདག་གི་དམག་འཁོད་པའི་ས་ལ་གཏོགས་པའི་ས་གཏོར་ཏེ་མགོ་ལ་ཡང་གཏོར་ན་བདག་གི་དམག་དང་དམག་དཔོན་རྣམས་མཐོང་བ་ཙམ་གྱིས་ཕ་རོལ་གྱི་དམག་ཕམ་པར་འགྱུར་ཏེ། ནམ་ཡང་ཕ་རོལ་གྱི་དམག་གིས་ ནོན་པར་མི་འགྱུར་རོ། །ཡང་ན་བདག་གི་ནང་དུ་འདུག་ཏེ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་ཕམ་པར་འགྱུར་རོ། །དེ་ནས་རྒྱལ་སྲིད་སྒྲུབ་པར་འདོད་ན་རིའི་རྩེ་མོར་སོང་ལ་སློངས་མོའི་ཟས་ཟ་ཞིང་ལན་བྱེ་བར་བཟླས་བརྗོད་བྱས་ན་ བཟླས་བརྗོད་ཟིན་པའི་འོག་ཏུ་རྡོ་རྗེ་ཁྲོ་བོ་འོང་ཏེ་རང་གི་གཟུགས་བསྟན་ནས་དམ་པ་སྦྱིན་པར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བར་འགྱུར་རོ། །དེ་ནས་གཏེར་ཆེན་པོ་མཐོང་བར་འདོད་ན་ནོར་གྱི་སྤྱན་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་བྲི་བར་བྱའོ། །གློ་གཡས་གཡོས་སུ་ཡང་གཏེར་དུང་དང་པད་མ་གཉིས་བྲིས་ལ། དེའི་མདུན་དུ་རྡོ་རྗེ་ཁྲོ་བོ་ལིག་བུ་མིག་དང་སྤྲིན་གྱི་མདོག་ཅན་མཆེ་བ་གཙིགས་པ། སྐྲ་གྱེན་དུ་ 100-1-199a འགྲེང་ལ་ས་ལ་ལྟ་ཞིང་འདུག་པ་བྲིས་ཏེ། ཡུངས་ཀར་དང་ཨ་ཀ་རུ་གཅིག་ཏུ་སྦྱར་ནས་ཡར་གྱི་ངོ་ཚེས་ཞག་གཅིག་ལ་བརྩམས་ལ་ཟས་སུ་འོ་མའི་འདག་གུ་འམ། སློངས་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ཏེ། ཅི་ འབྱོར་པས་མཆོད་པ་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ་ཟླ་བ་ཉ་ལ་མར་གྱི་མར་མེ་བཞི་ཕུལ་ནས་གཏེར་གཅིག་ལས་ཏི་ན་རའི་ཆར་བབ་ཀྱི་བར་དུ་བཟླས་བརྗོད་བྱའོ། །ཏི་ན་ར་དེ་དག་ཀྱང་བླང་བར་མི་བྱའོ། །དེ་ནས་ནམ་ནངས་ པ་དང་སའི་འོག་ནས་གཏེར་ཆེན་པོ་མཐོང་བར་འགྱུར་ལ་དེ་ཡང་ཟད་པར་མི་འགྱུར་ཏེ། ཐོག་མར་དཀོན་མཆོག་གསུམ་གྱི་ཕྱིར་སྤྱད་པར་བྱའོ། །འབྲུ་མ་རུང་བར་བྱ་བ་དང་འཕེལ་བར་བྱ་འདོད་ན། ཞིང་གི་དབུས་སུ་བཟླས་བརྗོད་བྱས་ན་ རྒྱས་པར་བྱ་བ་འམ། མ་རུང་པར་བྱ་བའི་བསམ་པ་ཇི་ལྟ་བུས་བཟླས་བརྗོད་བྱས་པ་དེ་བཞིན་དུ་འགྱུར་རོ། །གྲོང་གཤིག་པར་འདོད་ན་གྲོང་གི་དབུས་སུ་ཞག་གཅིག་སྨྱུང་བ་བྱས་ཏེ། ཨརྐའི་ཡམ་སྲེག་ཤིང་སྦྱིན་སྲེག་བརྒྱ་སྟོང་སྦྱིན་ སྲེག་བྱས་ན་གྲོང་འཇིག་པར་འགྱུར་རོ། །གྲོང་ཁྱེར་གཤིག་པ་ནི་ཆོ་ག་དེ་བཞིན་དུ་ཞག་བདུན་གྱི་བར་དུ་བྱས་ན་འཇིག་པར་འགྱུར་རོ། །རྒྱལ་པོའི་གྱོད་ལ་ཐོགས་པར་བྱ་ན་ཞག་གསུམ་སྨྱུང་བ་བྱས་ཏེ་རྒྱལ་པོའི་གྱོད་ལ་ཐོགས་ པར་བྱའོ་སྙམ་དུ་བསམས་ལ་ལོག་འདྲེན་གྱི་གཟུགས་བྱས་ནས། རཱ་ཛ་ཨརྐའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །ཁ་ཟས་འདོད་ན་ཉི་མ་ཤར་ཁར་ལན་བརྒྱད་བརྒྱ་བཟླས་ བརྗོད་བྱས་ན་ཁ་ཟས་རོ་དྲུག་དང་ལྡན་པར་འགྲུབ་པར་འགྱུར་རོ། །གོས་འདོད་ན་ཉི་མ་ཤར་བར་རས་ཀྱི་ཁ་ཚར་རེ་རེ་ལ་བཟླས་བརྗོད་ལན་རེ་རེ་བྱས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གོས་ཐོབ་པར་འགྱུར་རོ། །བུད་མེད་དབང་དུ་ཐོབ་ པར་འདོད་ན་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བ་དང་། མ་ད་ནའི་ཚེར་མ་རྒྱ་སྐྱེགས་ཀྱི་ནང་དུ་བསྙུགས་པ་དུས་གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་རྡོ་རྗེ་ 100-1-199b ཁྲོ་བོའི་མདུན་དུ་དུས་གསུམ་དུ་ཡུངས་ཀར་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བྲན་བཞིན་དུ་འོང་བར་འགྱུར་རོ། །ཕུབ་མའི་སྦྱིན་སྲེག་གིས་ནི་དགྲ་མ་རུང་བར་འགྱུར་རོ། །རྒྱ་སྐྱེགས་ཀྱིས་ནི་གཟི་བྱིན་མེད་པར་ བྱེད་དོ། །ཏིལ་བཏགས་པའི་སྦྱིན་སྲེག་གིས་ནི་ལོག་འདྲེན་གྱིས་ཟིན་པར་འགྱུར་རོ། །གང་ཞིག་ཕ་རོལ་གྱི་རིག་སྔགས་བཅད་པར་འདོད་ན་ཀུ་ཤ་ལས་གཟུགས་བྱས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་ བརྒྱ་བཟླས་བརྗོད་བྱས་ལ། ཞག་བདུན་གྱི་ཉིན་པར་ལྕགས་ཞུན་མའི་མཚོན་གྱིས་བཅད་ཅིང་སྦྱིན་སྲེག་བྱས་ན་ཞག་གཅིག་གིས་རིག་སྔགས་བཅད་པར་འགྱུར་རོ། །བོང་བུའི་རྟུག་པ་འམ། གླང་པོ་ཆེའི་རྟུགས་པས་དུས་གསུམ་དུ་ ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་རིག་སྔགས་ཐམས་ཅད་བཅིངས་པར་འགྱུར་རོ། །ཕྱིར་གསོ་བར་འདོད་ན་དེ་ཉིད་དུ་དེ་ཉིད་ཀྱི་སྦྱིན་སྲེག་བྱས་ན་གཏོང་བར་འགྱུར་རོ། །བདག་དང་གཞན་གྱི་ཕྱིར་ལོག་འདྲེན་གཞིག་པར་ འདོད་ན་གླང་པོ་ཆེའི་མགོ་ཅན་གྱི་གཟུགས་སྔ་ནས་ཡོད་པ་དེར་སོང་ལ། བགེགས་ཀྱི་གཟུགས་བྲིས་ནས་དེར་མེ་སྦར་ཏེ་གླང་པོ་ཆེའི་ཤས་སྦྱིན་སྲེག་བྱས་ན་ལོག་འདྲེན་རྣམས་མ་རུང་བར་འགྱུར་རོ། །ཕྱིན་ཆད་བགེགས་མེད་དོ། ། གྲུ་ཐོགས་པར་བྱ་བར་འདོད་ན་ཆུ་སྲིན་ཀུམྦྷི་རའི་མཆེ་བ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་ཆུའི་ནང་དུ་བཅུག་ན་གྲུ་ཐོགས་པར་འགྱུར་ལ་ཕྱུང་ན་འགྲོ་བར་འགྱུར་རོ། །ཕ་རོལ་གྱི་དམག་རེངས་པར་བྱ་ན་མདའ་ལ་ལན་བརྒྱད་སྟོང་ བཟླས་བརྗོད་བྱས་ཏེ་འཕངས་ན་རེངས་པར་འགྱུར་ཏེ་མཚོན་འདེབས་ཤིང་འཕེན་མི་ནུས་པར་འགྱུར་རོ། །ཆོམ་རྐུན་རེངས་པར་བྱ་ན་ཡིད་ལ་བཟླས་བརྗོད་བྱས་ན་རེངས་པར་འགྱུར་རོ། །མི་མ་ཡིན་པ་རེངས་པར་བྱ་ན་དུར་ཁྲོད་ཀྱི་ ལྕགས་ཀྱི་ཕུར་བུ་ལ་བསྔགས་ཏེ། བཙུགས་ན་བཅིངས་པ་དང་རེངས་པར་འགྱུར་ལ་ཕྱུང་བ་ན་གྲོལ་བར་འགྱུར་རོ། །དྲན་པ་ཙམ་གྱིས་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། མཚམས་མེད་པ་ལས་ཐར་བར་འགྱུར་རོ། །དངོས་གྲུབ་འདི་ 100-1-200a དག་ནི་བཟླས་བརྗོད་བྱས་པ་ཙམ་གྱིས། ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་དུག་ལས་གསོ་ན་མ་ད་ན་འམ། རྨ་བྱའི་མདོངས་སམ་ཡལ་གས་བྱའོ། །རིམས་སོ་ཅོག་གསོ་བ་ནི་ཚོན་རྩི་སྣ་ལྔའི་སྐུད་པས་བྱའོ། །མཚམས་ བཅད་པ་ནི་ཡུངས་ཀར་རམ་ཐལ་བ་འམ་ཆུས་བྱའོ། །གདོན་དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ། །སྦྲུལ་གྱིས་ཟིན་པ་ལ་ནི་ཤིང་ཀུན་དང་ཤུ་དག་དང་བྱིས་ཀུ་དང་ལུང་ཐང་དང་རྨ་བྱའི་མདོངས་དང་རྨ་བྱའི་མཁྲིས་པ་དང་ནེའུ་ལེའི་ སྤུ་དང་ཚ་བ་གསུམ་དང་འདི་རྣམས་གྲོ་ན་ག་པུས་པའི་ཁུ་བ་དང་བཏག་ཅིང་གྲིབ་མར་བསྐམས་པ་ལན་བདུན་གྱི་བར་དུ་བྱས་ལ་དེ་ནས་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ། སྦྱིན་པའི་ཚེ་ལན་བདུན་བསྔགས་ནས་སྦྱིན་པར་བྱ་སྟེ། གསོན་པོ་ཞིག་ན་ནི་བླུད་པར་བྱའོ། །ཤི་ཟིན་པ་ཞིག་ན་ནི་སྣར་བླུགས་ཤིང་མིག་ལ་བསྐུས་ན་འཇོག་པོས་ཟིན་པ་ཡང་འཚོ་ བར་འགྱུར་རོ། །སྦྲུལ་གྱིས་ཟིན་ཏེ་ཤི་ནས་སྲེགས་ཟིན་པ་ཡང་ཐལ་བས་གཟུགས་བྱས་ལ་རྡོ་རྗེ་ཁྲོ་བོའི་རིག་པ་མཆོག་དང་ལྡན་པ་གཅིག་ཏུ་ལན་འབུམ་བཟླས་བརྗོད་བྱས་པའི་རྗེས་ལ་དེ་ཉིད་དུ་ཞག་གསུམ་སྨྱུང་བར་བྱས་ཏེ་ཡར་གྱི་ ངོ་ཚེས་བཅྭ་ལྔ་ལ་ཞི་བ་ལ་འོས་པའི་མེ་ཏོག་གིས་མཆོད་པ་བྱས་ནས་ན་ག་གེ་སར་གྱི་ཤིང་གིས་མེ་སྦར་ཏེ། མངར་གསུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ། གཟུགས་རས་དཀར་པོས་བཀབ་ཏེ། དེ་ནས་རིག་པ་མཆོག་ བཟླས་བརྗོད་བྱེད་བཞིན་དུ་རས་བཤུས་ལ་ཤི་བ་དེ་ན་ཚོད་དང་གཟུགས་ཅི་འདྲ་བ་དེ་འདྲ་བའི་ན་ཚོད་དང་གཟུགས་ཅན་གྱི་སེམས་ཅན་ལྡང་བར་འགྱུར་རོ། །དེ་ནས་རྡོ་རྗེ་ཁྲོ་བོའི་གསང་སྔགས་རིག་པ་མཆོག་དང་ལྡན་པ་ལ་ལན་ བདུན་བཟླས་བརྗོད་བྱས་ན་ལངས་ཏེ་ཁྱིམ་དུ་འགྲོ་བར་འགྱུར་རོ། །ཅི་སྟེ་རས་ཀྱིས་བཀབ་ཀྱང་མིའི་གཟུགས་སུ་མ་གྱུར་ན་རྨ་བྱའི་སྒྲོ་རང་ལྷུང་བས་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་དེ་བཞིན་དུ་འགྱུར་ཏེ་འགྲུབ་པར་འགྱུར་རོ། ། 100-1-200b ཆར་དབབ་པར་འདོད་ན་ཐབ་ཁུང་པད་མའི་དབྱིབས་འདྲ་བར་བྱས་ལ་མངར་གསུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཆར་ཆེན་པོ་ཞག་བདུན་གྱི་བར་དུ་འབབ་པར་འགྱུར་རོ། །ཅི་སྟེ་ཆར་མ་བབ་པར་གྱུར་ན་མི་དེ་ཉིད་ཀྱི་ནང་དུ་ མངར་གསུམ་དུ་དུག་དང་ཁྲག་དང་སྦྱར་ཏེ་སྦྱིན་སྲེག་བྱས་ན་འབབ་པར་འགྱུར་རོ། །བཅད་པར་བྱ་ན་མངར་གསུམ་དཀར་དང་སྦྱར་བས་སྦྱིན་སྲེག་བྱས་ན་འཆད་པར་འགྱུར་རོ། །གཏེར་འབྱུང་བར་བྱ་ན་ཡུངས་ཀར་གྱི་འཕྲུལ་ འཁོར་ཐམས་ཅད་ཆོམས་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལས་བྱས་པ་ལས་ཅི་སྟེ་འགྲུབ་པར་མ་གྱུར་ན་རིག་པ་མཆོག་དང་ལྡན་པར་བྱས་ན་ལས་ཐམས་ཅད་ མྱུར་དུ་ངེས་པར་འགྱུར་རོ། །དེ་ནས་གནོད་སྦྱིན་ཆེན་པོ་རྨུགས་བྱེད་རྣམས་ལྷ་མ་ཡིན་རྣམས་ཀྱིས་གཙེས་ནས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་གང་ན་བ་དེར་དོང་ངོ་། །དེ་ནས་སྐྱབས་ མ་རྙེད་པའི་གནོད་སྦྱིན་དེ་དག་ལག་ན་རྡོ་རྗེ་ལ་སྐྱབས་སུ་སོང་སྟེ། རྡོ་རྗེ་འཛིན་ཆེན་པོ་ལྷ་མ་ཡིན་མཆོག་ཏུ་འཇིགས་པ་ལས་སྐྱོབས་ཤིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་གནོད་སྦྱིན་ཆེན་པོ་རྨུགས་བྱེད་དེ་དག་ལ་ བཟོད་ལྡན་དག་ཁྱེད་ནི་སྡིག་པ་མེད་པ་ཡིན་ཏེ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་གང་ན་བ་དེར་ཕྱིན་ལ་ལག་ན་རྡོ་རྗེས་ང་བསྟན་པར་གནས་པས་ན་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་ དབུགས་ཕྱུང་ངོ་། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དང་དྲང་སྲོང་དེ་དག་གིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་སྤྱན་ལ་མངོན་པར་བསྟོད་པ་གཟི་བརྗིད་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་པོ་ཆེ་ཕ་རོལ་གནོན་པ་ཁྱོད་ ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་གྱི་ཕྱིར་གང་གིས་ལྷ་ཐམས་ཅད་རྒྱལ་བར་འགྱུར་ལ། ལྷ་མ་ཡིན་རྣམས་ཕམ་པར་འགྱུར་བའི་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བཤད་པ་ལེགས་སོ་ལེགས་སོ། ། 100-1-201a དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་འཇིག་རྟེན་ན་སྡང་བ་གང་ཇི་སྙེད་ཡོད་པ་དེ་དག་དེང་ཤིག་པར་བྱས་མ་འཇིགས་ཤིག་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ལག་ ན་རྡོ་རྗེ་དང་སྤྱན་ལ་ཕྱག་བྱས་ནས་ལྷ་མ་ཡིན་རྣམས་དང་ཟས་སུ་ཁྲག་འཐུང་བའི་གདོན་རྣམས་གཞིག་པའི་ཕྱིར་རྡོ་རྗེ་ཁུ་ཚུར་གྱི་རིག་སྔགས་ཆེན་མོ་བརྗོད་དོ། །དེ་ནས་ལྷ་མ་ཡིན་དེ་དག་གི་ཁུ་ཚུར་གྱི་མིང་ཐོས་ནས་བྲག་ལ་གནམ་ལྕགས་ ཀྱིས་ཕོག་པ་བཞིན་དུ་མ་རུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་ལ་སྤྱི་བོས་ཕྱག་བཙལ་ཏེ་མཉམ་པར་བཞག་ནས་རྡོ་རྗེ་ཁུ་ཚུར་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། དེ་བ་ཨ་རུ་ར་སཾ་ཀྲ་མེ། དེ་བ་ནཱ་མ་བྷ་ཡ། ཀ་རི། བཛྲ་མུཥྚི། ས་མུཏྤཱན་ན། ཨ་སུ་རཱ་ནཱན། ཀྵ་ཡཾ་ཀ་རི་ག་ཏ་ནི་སརྦ་ཤ་ཏྲཱུ་ནཾ། ནཱ་གཱ་ནཱི་བ་ཤ་བརྟེ་ནི་བཛྲ་མུཥྚི་མ་པྲ་བྷཀྵ་མི་བྷཱུ་ཏཱ་ནཱཾ། མརྨ་བེ་ཏ་ནིཾ་ཧ་ཧ་བཛྲ་པཱ་ཎི། ཧི་ཧི་བཛྲ་པཱ་ཎི། ཧ་ན་ཧ་ན་བཛྲ་པཱ་ཎི། ཨ་བེ་རི་ཨ་བེ་རི་བཛྲ་པཱ་ཎི། ཨོཾ་ཀུ་ཧུ་སྭཱ་ཧཱ། གསང་བདག་བློ་དང་ལྡན་པ་ཡིས། །གསང་སྔགས་བཤད་པ་ཙམ་གྱིས་ནི། །དཀྱིལ་འཁོར་དེ་ན་སྡང་བ་གང་། །དེ་དག་ཡོངས་སུ་ཚིག་གྱུར་ནས། །སྟོབས་ཆེན་ཕ་རོལ་གནོན་པ་ཡིས། ། རྡོ་རྗེ་ཁུ་ཚུར་རབ་འཇིགས་ལས། །བདག་ཅག་བསྐྱབ་པ་གྱིས་ཤིག་ཅེས། །ལག་ན་རྡོ་རྗེའི་སྐྱབས་སུ་སོང་། །དེ་ནས་དཀོན་མཆོག་གསུམ་པོ་ཡིས། །བརྒྱན་པར་སེམས་ནི་བསྐྱེད་པར་གྱིས། །འོན་ཏང་ཞི་བ་ཉིད་དུ་འགྱུར། །དེ་ནས་ལྷ་ དེ་དག་གིས་འཇིགས་པའི་སེམས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་ནས། རིག་སྔགས་ཀྱི་རྒྱལ་པོ་རྡོ་རྗེ་ཁུ་ཚུར་གྱིས་རིག་སྔགས་ཆེན་མོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་སྨྲས་ནས་ལག་ན་ རྡོ་རྗེ་སྟོབས་ཆེན་གྱིས། །སྤྱན་ལ་སྤྱི་བོས་ཕྱག་འཚལ་ནས། །མཉམ་བཞག་རྡོ་རྗེ་ཁུ་ཚུར་གྱི། །ཆོ་ག་བཤད་པ་རབ་བསྟན་པ། །ཆུ་ཀླུང་གི་འགྲམ་འམ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་སྒྲ་སྐད་གྲག་པ་མེད་པའི་གནས་སུ་ 100-1-201b གཙང་སྦྲ་དང་། ཚངས་པར་སྤྱད་པ་དང་ཟ་གཅིག་པ་དང་སློངས་མོའི་ཟས་ཟ་ཞིང་མི་སྨྲ་བར་ལན་སུམ་འབུམ་མམ། ལྔ་འབུམ་བཟླས་བརྗོད་བྱའོ། །ཆུ་ཀླུང་ངམ། པད་མའི་རྫིང་བུར། མེ་ཏོག་ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དོར་བར་བྱའོ། །སློངས་མོའི་ ཟས་ཟ་ཞིང་རི་འམ་དགོན་པར་བ་ལང་གི་ལྕི་བ་བསྲེག་པར་བྱའོ། །ཆུའི་ནང་དུ་ཟིན་ཐིག་ལེའི་ལོ་མ་བཅད་ཅིང་བཅད་ཅིང་དོར་བར་བྱའོ། །ལས་འདི་དག་བྱས་ན་ལྷ་ཉིད་རང་གི་ཆ་ལུགས་ཀྱིས་འོང་བར་བྱེད་དེ་འགོག་པར་བྱེད་དོ་སྒྲུབ་པ་འམ། བདག་ཉིད་སད་པར་འདོད་པ་འམ། ཡུལ་གྲུ་འདོད་ཀྱང་རུང་སྟེ་རས་མ་ཉམས་པ། སྐྲ་མེད་པ། ཁ་ཚར་མ་བཅད་པ་ལ་ཚོན་རྩི་སྤྱིན་དང་མ་སྦྱར་བ་སྣོད་སར་པའི་ནང་དུ་བཅུག་སྟེ། ཕྱིས་སར་པས་རི་མོ་མཁན་གཙང་མ་གསོ་སྦྱོང་གི་ཡན་ལག་བརྒྱད་ དང་ལྡན་པ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འདྲིར་གཞུག་གོ། །རྡོ་རྗེའི་སྡེ་ཡང་མིའི་གཟུགས་སུ་བྱས་ལ་མགོ་བོར་རྡོ་རྗེ་བཞག་སྟེ་འཕགས་པ་རྡོ་རྗེ་འཛིན་ལག་པ་གཡོན་པས་སྙེས་པར་བྱའོ། །རྡོ་རྗེའི་སྡེ་ཡང་སྐྲ་ལྕང་ལོར་འཁྱིལ་ ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མགོ་ལོགས་སུ་ནི་གཙུག་ནས་བྱུང་གཞོན་ནུའི་གཟུགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསེར་གྱི་ཁ་དོག་ཅན། བཅོམ་ལྡན་འདས་ལ་ཕྱག་འཚལ་ ཞིང་འདུག་པར་བྲིའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་མ་གཞོན་ནུའི་གཟུགས་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དཔུང་རྒྱན་དང་། གདུ་བུའི་རྒྱན་གྱིས་བརྒྱན་ལ་གསེར་གྱི་མདོག་ཅན་བཅོམ་ལྡན་འདས་ལ་ ཕྱག་འཚལ་ཞིང་འདུག་པ་བྲིའོ། །སྒྲུབ་པ་པོ་ཡང་འོག་ལོགས་སུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཡས་པ་ན་པོག་ཕོར་ཐོགས། ལག་པ་གཡོན་པ་ན་མེ་ཏོག་གི་ཟ་མ་ཏོག་ཐོགས་པར་བྲིའོ། །དེ་ནས་ཡར་གྱི་ངོ་ ཚེས་གཅིག་ལ་བརྩམས་ཏེ་ཚེ་བཅུ་གསུམ་གྱི་བར་དུ་ཟས་སུ་འོ་མ་དང་འབྲས་ཆེན་ཟ་ཞིང་ཟ་གཅིག་པར་བྱས་ལ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་ཞག་གཉིས་སམ་གསུམ་དུ་སྨྱུང་བ་བྱས་ཏེ། 100-1-202a དུས་གསུམ་དུ་ཁྲུས་བྱེད་ཅིང་གོས་གཙང་མ་བགོས་ལ་མཚན་མོ་ནི་སྦྱིན་སྲེག་བྱ། ཉིན་མོ་ནི་བཟླས་བརྗོད་བྱ་སྟེ། ཡུལ་གྲུ་འདོད་ན་ནི་ཤུ་ཏི་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བྱའོ། །ཞག་གྲངས་དུའི་སྦྱིན་སྲེག་བྱེད་པ་དེ་ སྲིད་དུ་བཟླས་བརྗོད་བྱ་སྟེ། ལས་སོ་ཅོག་ལ་དུས་གསུམ་དུ་ལན་སུམ་སྟོང་བཟླས་བརྗོད་བྱའོ། །དངོས་གྲུབ་ཀྱི་མཚན་མར་རྨི་ལམ་དུ་མེ་ཏོག་གམ། འབྲས་བུ་རྙེད་པ་འམ། འཛིན་པ་རྨིས་ན་ལྷ་འགྲུབ་པར་འགྱུར་རོ། །ཤགས་འགྱེད་པའི་ཆོ་ ག་འདི་ཡིན་ཏེ། རྒྱ་སྐྱེགས་ཡུངས་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བྱའོ། །བུ་འདོད་པས་ནི་ཏིལ་དང་འབྲས་ཀྱིས་བྱའོ། །དགྲ་གཞིག་པ་ལ་ནི་གུ་གུལ་འབྲུ་མར་དང་སྦྱར་ཏེ་ཁྲག་དང་བསྲེས་པས་བྱའོ། །འཇིགས་པ་ཐམས་ཅད་ལ་ནི་བིལ་ བའི་ཡམ་སྲེག་ཤིང་གིས་བྱའོ། །ལྷ་བཤོས་ནི་འབྲས་ཀྱི་འོ་ཐུག་དང་འོ་མ་འབྲས་ཀྱིས་སྦྱར་བས་བྱའོ། །ཕྱོགས་བཞིར་ཡང་འཇིག་རྟེན་སྐྱོང་བ་རྣམས་ལས་འབྱུང་པོའི་ཟས་ཀྱི་གཏོར་མ་ཤ་དང་ཆང་དང་བཅས་པར་ནུབ་མོ་སྦྱིན་པར་བྱའོ། ། ལས་རྣམས་ལ་ནི་ནས་དང་ཡུངས་ཀར་དང་འབྲས་ཡོས་དང་སོ་སོར་སྦྱིན་སྲེག་བྱའོ། །གདོན་ལས་ཐར་བར་བྱ་ན་བ་རུ་རའི་ཡམ་སྲེག་ཤིང་སྐེ་ཚེས་བྱའོ། །ལོ་ཏོག་རྒྱས་པར་བྱ་ན་ནས་དང་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་གིས་བྱའོ། ། དགྲ་གཞིག་པར་བྱ་ན་སྐེ་ཚེའི་འབྲུ་བཏགས་ཏེ་ཏིལ་དང་སྦྱར་བ་དང་། མ་ད་ནའི་ཚེར་མའི་ཡམ་སྲེག་ཤིང་གིས་བྱའོ། །གཏན་དུ་བསྐྲད་པར་བྱ་ན་ནི་བིལ་བའི་འབྲས་བུ་ཡུངས་མར་གྱི་ནང་དུ་བསྙུགས་པ་དང་། བིལ་བའི་ཡམ་སྲེག་ཤིང་དང་། བིལ་བའི་ཕྱེ་མ་དང་རྒྱ་སྐྱེགས་ཕྱེ་མར་བྱས་ཏེ་སྦྱིན་སྲེག་བྱའོ། །འཕགས་པ་ལག་ན་རྡོ་རྗེའི་སྐུ་གཟུགས་ཀྱང་འདྲིར་གཞུག་གོ། །བུད་མེད་དབང་དུ་བྱ་བར་འདོད་ན་ཉིན་མཚན་དུ་ལན་ཚྭས་བྱའོ། །ཀ་ཀ་དང་ཨུ་ཏུ་བའི་ཡམ་སྲེག་ཤིང་ དང་། ལན་ཚྭ་ལས་གཟུགས་བྱས་ཏེ་བུད་མེད་ལ་ནི་རྐང་པ་གཡོན་པ་ནས། སྐྱེས་པ་ན་ནི་རྐང་པ་གཡས་པ་ནས་བརྩམ་མོ། །སྐྱེས་པ་ལ་ནི་ནིམ་པའི་ཡམ་སྲེག་ཤིང་དང་། སྐྱེས་པའི་གཟུགས་བྱས་ལ་ལན་ཚྭ་ཨེ་དན་ད་འམ། ཟར་མའི་མར་ 100-1-202b དང་སྦྱར་ཏེ་སྦྱིན་སྲེག་བྱའོ། །ཆོ་ག་གཞན་ཡང་བརྩིགས་ངོས་སམ། ཤིང་ལེབ་ལ་འཕགས་པ་ལག་ན་རྡོ་རྗེའི་གཟུགས་བྲིས་ཏེ་མགོ་བོར་ཡང་བཅོམ་ལྡན་འདས་ཀྱི་གཟུགས་བྲིའོ། །རྡོ་རྗེ་འཛིན་གྱིས་ལག་པ་གཡོན་པ་ལ་རྡོ་རྗེ་བསྟོད་དེ་ འཛིན་པར་བྱ། ལག་པ་གཡས་པའི་མཛུབ་མོ་ནི་བསྡིགས་པའི་ཚུལ་དུ་བྱ་སྟེ། གཡོན་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་མ་མདོག་ནག་མོར་བྲི་གཡས་ཕྱོགས་སུ་སྒྲུབ་པ་པོ་ལག་ན་རྡོ་རྗེའི་ཞལ་དུ་བལྟ་ཞིང་པུས་མོ་གཉིས་ས་ལ་བཙུགས་ཏེ་རྡོ་རྗེ་ འཛིན་ལ་སྙིམ་པར་མེ་ཏོག་འཐོར་བར་བྱ། རྡོ་རྗེ་ཁུ་ཚུར་མ་ཡང་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་རབ་ཏུ་འབར་བར་བྱ། ལག་པ་གཡས་པ་ནི་མཛུབ་མོར་བསྡིགས་པར་བྱ་སྟེ། ཁྲོས་ཤིང་གོས་སེར་པོ་གྱོན་པར་བྱའོ། །མར་གྱི་ ངོ་ཞག་བརྒྱད་ནས་བརྩམས་ཏེ་མར་གྱི་ངོ་ཞག་བཅྭ་ལྔའི་བར་ཞག་བདུན་དུ་སྔར་བསྙེན་པ་མི་སྨྲ་བར་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་མར་གྱི་མར་མེ་དང་དྲི་དང་མེ་ ཏོག་གི་ཕྲེང་བ་དང་བདུག་པ་ལ་སོགས་པས་མཆོད་པ་བྱ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་ནུབ་གཅིག་བཞིན་དུ་གཏོར་མ་རྣམ་པ་སྣ་ཚོགས་དབུལ་ཞིང་རྟག་ཏུ་དུས་གསུམ་དུ་ཡང་དབུལ་ལོ། །ཞག་བདུན་གྱི་བར་དུ་བཟླས་ བརྗོད་བྱས་ལ་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་ཀ་ར་བཱི་ར་དམར་པོ་ཡུངས་མར་གྱི་ནང་དུ་སྨྱུགས་པ་དང་། ཨརྐའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ་སྟེ། ཆོ་ག་འདི་ནི་སྔ་མ་བཞིན་ནོ། །མེ་ཏོག་དཀར་པོས་བྱ་ན་ཡང་ ཡམ་སྲེག་ཤིང་ནི་སྔ་མ་ཉིད་དེ། མར་གྱི་ནང་དུ་སྔགས་པས་བྱའོ། །ལས་འདི་རྣམས་གཉིས་ཏེ་དགྲ་སྡིག་ཅན་ལ་བྱའོ། །རྩོད་པའི་ས་འམ་གྲོང་གི་ལོགས་སུ་རླུང་ཕྱོགས་གང་ནས་འགྲོ་བ་དེར་ཉེའུ་ཤིང་དུམ་བུ་དུམ་བུར་གཏུབས་ པ་དང་། པ་ལ་ཤའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ་སྟེ་ལྷ་བཤོས་སུ་ཞོ་དང་འབྲས་ཆན་སྦྱར་བ་དབུལ་ཞིང་སང་པ་བྱས་པས་བྱ་སྟེ། སྐུ་གཟུགས་ཀྱི་ཆོ་ག་ནི་སྔ་མ་བཞིན་ནོ། །དགྲའི་བ་ལང་ངམ། མ་ཧེ་རྣམས་མ་རུང་བར་ 100-1-203a བྱས་ན་བ་ལང་གི་ཤ་དང་མ་ཧེའི་ཤས་སྦྱིན་སྲེག་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཆོ་གའི་སྐབས་སུ་ལྷ་བཤོས་དབུལ་ཞེས་འབྱུང་བ་ཀུན་རྡོ་རྗེ་ཁུ་ཚུར་ཉིད་དབུལ་མི་རྣམས་ལ་ནི་མི་ཤས་སྦྱིན་སྲེག་བྱའོ། །ཚ་བ་གསུམ་དང་ སྐེ་ཚེ་འབྲུ་མར་དང་སྦྱར་བའི་སྦྱིན་སྲེག་ཀྱང་བྱའོ། །མི་རྣམས་ལ་ནི་བེ་ཀངྐ་ཏའི་ཡམ་སྲེག་ཤིང་གིས་བྱའོ། །བ་ལང་རྣམས་ལ་ནི་བ་ལང་གི་ལྕི་བས་བྱའོ། །མ་ཧེ་རྣམས་ལ་ནི་མ་ཧེའི་ལྕི་བས་བྱའོ། །མི་དང་བ་ལང་མ་ཧེ་རྣམས་ཀྱི་ ནད་ཀྱི་གནོད་པ་ལ་ཡང་དེ་དང་འདྲ་སྟེ། མི་རྣམས་ལ་ནི་སྐྲ་དང་སེན་མོ་དང་བྱི་བའི་རྟུག་པ་དང་ལན་ཚྭ་རྣམས་ཡུངས་མར་དང་སྦྱར་ཏེ་སྦྱིན་སྲེག་བྱའོ། །བ་ལང་གི་ནད་ལ་ནི་ལྤགས་པ་དང་མཇུག་མ་དང་སྤུ་དང་རྨིག་པ་རྣམས་དང་པེག་ཚོང་དང་ལྷན་ ཅིག་ཏུ་ཕྱེ་མར་བྱས་ཏེ་ཡུངས་མར་དང་སྦྱར་བས་བ་ལང་གི་ལྷས་སམ། བ་ལང་གི་ར་བ་འམ། ཡང་ན་གང་ན་བ་ལང་གནས་པ་ཡང་རུང་སྟེ། དེར་སྦྱིན་སྲེག་བྱ་ཞིང་ཉིན་མཚན་བརྒྱད་ཀྱི་བར་བཅོམ་ལྡན་འདས་ལ་མཆོད་པ་བྱའོ། །དགེ་སློང་རྣམས་ ལ་ཡང་མཆོད་སྟོན་བྱས་ཏེ། འདིར་ཡང་སྐུ་གཟུགས་ཀྱི་ཆོ་ག་སྔ་མ་བཞིན་གཏོར་མའི་ཆོ་ག་ཡང་བྱའོ། །མི་རྣམས་ལ་ནི་གྲོང་ངམ་གྲོང་ཁྱེར་གྱི་ནང་དུ་སྒོའི་ཐེམ་པ་ནོན་པར་བྱ་སྟེ། དེ་ཉིད་དུ་ཁྱིམ་དུ་བྱས་ལ་མི་རྣམས་ལ་ནི་སེང་ལྡེང་གི་སོལ་ བས་བྱའོ། །བ་ལང་རྣམས་ལ་ནི་སྤོས་ཀྱིས་བྱའོ། །མ་ཧེ་རྣམས་ལ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱས་ན་ཞི་བར་འགྱུར་རོ། །ལྡོང་རོས་དང་ལིག་བུ་མིག་དང་གིའུ་ཝང་ལ་སོགས་པ་བསྒྲུབ་པར་འདོད་ན་སྔར་བཤད་པའི་བསྙེན་ པ་བྱས་ལ། ཟངས་དང་ལྕགས་དང་ར་གན་ལ་སོགས་པས་ཡམ་སྲེག་ཤིང་གིས་མིག་སྨན་བྱ་སྟེ། ལིག་བུ་མིག་དང་ལྡོང་རོས་དང་གིའུ་ཝང་ལ་སོགས་པ་ལས་གང་ཡང་རུང་བ་བླངས་ལ་བུ་མོ་གཞོན་ནུ་གསོ་སྦྱོང་དང་ལྡན་ ཞིང་གོས་དཀར་མོ་གྱོན་པས་སྤོས་ཆུ་དང་སྦྱར་ཏེ་བཏགས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནས་སྐུ་གཟུགས་ཀྱི་མདུན་དུ་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅྭ་ལྔའི་བར་དུ་ཉིན་པར་སྔར་བསྙེན་པར་བྱས་ལ་ 100-1-203b ནུབ་མོ་བསྒྲུབ་པར་བྱའོ། །གཏོར་མ་ཡང་ནུབ་མོ་སྦྱིན་པར་བྱའོ། །དེ་ནས་ལག་པ་གཉིས་དྲི་ཆུས་བསྐུས་ལ། མིག་སྨན་དེ་བླངས་དེ་མཆོད་ནས། མར་གྱི་ངོ་ཞག་གཅིག་ལ་བུད་མེད་ཤི་བ་མཐོང་བ་དང་དེའི་ཁར་མིག་སྨན་དེ་བཅུག་ལ་རས་མ་ཉམས་ པར་ཁ་བཅིང་བར་བྱའོ། །བུད་མེད་དེ་ཡང་ཐོག་མ་ཁོ་ནར་སྣུམ་གྱིས་བསྐུ་ཞིང་དྲིལ་ཏེ་ཁྲུས་བྱས་ནས་སྤོས་ཀྱིས་བྱུགས་ལ་མིག་གཉིས་མིག་རྩིས་བསྐུའོ། །རྐང་པ་གཉིས་ཀྱི་མཐིལ་ཡང་རྒྱ་སྐྱེགས་ཀྱིས་བསྐུས་ལ་རས་མ་ཉམས་པ་ ཟུང་ཅིག་བསྐོན་ཀུ་ཤའི་སྟན་ལ་མགོ་ནུབ་ཕྱོགས་སུ་བསྟན་ཏེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱ་སྟེ། དང་པོར་ཚོན་སྣ་ལྔའི་སྐུད་པས་བྱའོ། །རིམ་པ་གཉིས་པ་ཐལ་བས་བྱའོ། །གསུམ་པ་ནི་ཡུངས་ཀར་གྱིས་ བྱའོ། །བཞི་པ་ནི་ཆུས་བྱས་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས། བུད་མེད་དེ་ཡང་སེང་ལྡེང་གི་ཕུར་བུའམ་ལྕགས་ཀྱི་ཕུར་བུ་བཞི་ལ་གདགས་སོ། །རིག་སྔགས་དག་གིས་ཀྱང་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱ་སྟེ། དང་པོ་ནི་ སངས་རྒྱས་བྱམས་པས་བྱའོ། །གཉིས་པ་ནི་གོས་དཀར་མོས་བྱའོ། །གསུམ་པ་ནི་གཟུགས་ཆེན་པོས་བྱའོ། །བཞི་པ་ནི་རྡོ་རྗེ་ཁྲོ་བོས་བྱ་སྟེ། རིག་སྔགས་འཆང་གིས་རྐང་པ་གཡོན་པ་ནི་ས་ལ་བཞག །གཡས་པ་ནི་སྙིང་གར་ མནན་ལ་འབྱུང་པོའི་གཏོར་མ་ཐམས་ཅད་ཀྱང་སྦྱིན་ཞིང་མིའི་ཐོད་པ་བཞིའི་ནང་དུ་ཕྱོགས་བཞིར་གཏོར་མ་བྱིན་ནས་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱའོ། །རིག་སྔགས་འཆང་གི་གློ་གཡས་གཡོན་དུ་ནི་ལག་ན་མཚོན་ཐོགས་པའི་མི་ གཉིས་གཞག་པར་བྱ་སྟེ། གཡོན་ཕྱོགས་སུ་ཡང་གཅིག །གཡས་ཕྱོགས་སུ་ཡང་གཅིག་གཞག་གོ། །ཕྱོགས་བསྲུང་བ་ཡང་བཞིར་མི་བཞི་བཞག་སྟེ། དཀྱིལ་འཁོར་གཉིས་པ་ལ་བཞག་གོ། །དེ་ནས་རིག་སྔགས་འཆང་གིས་བརྩོན་ འགྲུས་བརྟུན་ལ་ནམ་ཤར་ཕྱོགས་སུ་ལྕེ་སྤྱང་གི་སྐད་འབྱིན་གྱི་བར་དུ་བཟླས་བརྗོད་བྱ་སྟེ། རིག་སྔགས་འཆང་གིས་འགྲུབ་པར་ཤེས་པར་བྱའོ། །བུད་མེད་ཀྱི་ཁ་ནས་ཀྱང་འོད་ཟེར་འབྱུང་བར་འགྱུར་ཏེ། འོད་ཟེར་བྱུང་བ་དང་གཏོར་མ་ 100-1-204a སྦྱིན་པར་བྱའོ། །བགེགས་བྱུང་ན་ཡང་གཏོར་མ་བྱིན་ན་གྲུབ་པ་ཡིན། དེ་བླངས་པས་བདག་གི་གྲོགས་རྣམས་དང་བཅས་ཏེ་གྱེན་དུ་འཕགས་པར་འགྱུར་ཞིང་སྐྲ་ལྕང་ལོར་འཁྱིལ་ལ་ཉི་མ་ཤར་ཀའི་མདོག་ཅན་དང་ལྡན་པ་དང་། རིག་ སྔགས་འཆང་གི་རྒྱལ་པོར་འགྱུར་ཞིང་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་ཨིནྡྲ་ནཱི་ལའི་མདོག་ཅན་དཔག་ཚད་གཅིག་ཏུ་དྲི་བསུང་གིས་ཁྱབ་པ་དང་། བསྐལ་པར་གནས་པར་འགྱུར་ཏེ། འདིའི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་ཡང་སྤྱི་དང་འདྲའོ། ། ཨ་པ་མརྒ་སྒྲུབ་པ་ཡང་འདིར་བཤད་པར་བྱ་སྟེ། རིའི་རྩེ་མོར་བཅོམ་ལྡན་འདས་བཞུགས་པར་བྱ་སྟེ་པད་མའི་གདན་ལ་བཞུགས་ལ་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་མི་འཇིགས་པའི་ཕྱག་རྒྱར་བྱའོ། །འོག་གི་གཡོན་རོལ་དུ་ནི་རྡོ་རྗེ་འཛིན་ མདོག་ནག་པོར་བྲིའོ། །རྡོ་རྗེ་སྡེ་ཡང་རྡོ་རྗེ་འཛིན་དང་འདྲ་བར་བྱ་སྟེ། ལག་ན་རྡོ་རྗེ་ལ་ལྟ་ཞིང་འདུག་པར་བྲིའོ། །རྡོ་རྗེ་འཛིན་གྱི་ལག་པ་གཡོན་པ་ཡང་རྡོ་རྗེ་སྡེའི་སྟེང་དུ་བཞག་ལ། གང་གི་ཕྱིར་བསྒྲུབ་པ་དེ་ཡང་པུས་མོ་གཡས་པ་ས་ལ་ བཙུགས་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ་རྡོ་རྗེ་འཛིན་ལ་ལྟ་ཞིང་འདུག་པར་བྱ། རྡོ་རྗེ་འཛིན་ཡང་སྒྲུབ་པ་པོ་ལ་ལྟ་ཞིང་ལག་པ་གཡས་པས་དབུགས་འབྱིན་པར་བྱའོ། །རྡོ་རྗེ་ཁུ་ཚུར་མ་ཡང་གཞོན་ནུའི་གཟུགས་ཅན་རྒྱན་ཐམས་ཅད་ ཀྱིས་བརྒྱན་པར་བྱ་སྟེ། དེའི་ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་གཡས་པ་ན་པད་མ་འམ་ཨུཏྤལ་ཐོགས་ཏེ། རྡོ་རྗེ་འཛིན་ལ་བལྟ་ཞིང་པད་མ་འམ། ཨུཏྤ་ལ་དེ་རྡོ་རྗེ་འཛིན་ལ་དབུལ་བར་བལྟ་བར་བྱའོ། །རི་མོ་མཁན་གྱི་ཆོ་ག་དང་ རས་ཀྱི་ཆོ་ག་ནི་སྔར་བཤད་པ་དང་འདྲ་བར་བྱ་སྟེ། རི་མོ་མཁན་གཙང་མས་བྱའོ། །མར་གྱི་ངོ་ཟླ་བ་ཕྱེད་ཀྱི་བར་དུ་བཟླས་བརྗོད་ལན་བརྒྱད་སྟོང་བརྒྱད་སྟོང་བྱས་ལ། ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཞག་གསུམ་སྨྱུང་བར་བྱས་ལ་ སྒྲུབ་པར་བྱ་སྟེ། མར་གྱི་ངོ་ལ་ནི་སྔར་བསྟན་པ་ཡིན་ནོ། །ཡར་གྱི་ངོ་ཚེས་གཅིག་ལ་ཨ་པ་མརྒའི་ཡམ་སྲེག་ཤིང་མར་དང་སྦྲང་རྩིའི་ནང་དུ་བསྙུགས་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱའོ། །ཕྱི་རོལ་གྱི་གཏོར་མ་ཡང་ 100-1-204b ཅི་འབྱོར་པས་བྱའོ། །ནང་གི་ལྷ་བཤོས་ཀྱང་ཞོ་དང་འབྲས་ཆན་སྦྱར་བ་འམ། འབྲས་ཀྱི་འོ་ཐུག་འབུལ་བར་བྱས་ན་ཟླ་བ་ཕྱེད་ཚུན་ཆད་ཀྱིས་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ། །ཡང་ན་ཨ་པ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱའོ། ། གྲོང་དང་གྲོང་ཁྱེར་དང་མི་ཉེ་བའི་བྱང་ཤར་གྱི་ཕྱོགས་མཚམས་ན་ཙ་པ་ཏའི་ཤིང་ངམ་ཡང་ན་ཤིང་འོ་མ་ཅན་གྱི་དྲུང་དུ་སོང་ལ་ཉི་མ་གུང་གི་དུས་སུ་གྲིབ་མས་ཇི་ཙམ་ཁེབས་པ་དེ་ཙམ་གྱི་ཕྱོགས་བྱི་དོར་བྱ་སྟེ། གྲོག་མཁར་གྱི་སས་བརྐྱང་ ནུལ་བྱུགས་ལ། ས་དེ་ཉིད་ཀྱིས་སྟེགས་བུ་གསུམ་བྱ་སྟེ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི། གཅིག་ནི་རྡོ་རྗེ་འཛིན་གྱི། གཅིག་ནི་རྡོ་རྗེ་ཁུ་ཚུར་མའི་བྱའོ། །བདུན་ལོགས་དེར་ཐབ་ཁུང་རྡོ་རྗེ་དབྱིབས་འདྲ་བར་བྱས་ལ་ གྲོག་མཁར་གྱི་སས་རྡོ་རྗེ་བྱས་ནས་ས་དེ་ཉིད་ཀྱིས་བརྐྱང་ནུལ་བྱུགས་ཏེ། ཙན་དན་དམར་པོས་མཆོད་ལ་ཀ་ར་བཱི་ར་དམར་པོས་མཆོད་པ་བྱའོ། །ལྷ་བཤོས་ཀྱང་ཅི་འབྱོར་པས་འབྲས་ཅན་བུ་རམ་དང་སྦྱར་བ་དང་འབྲས་ཅན་ཞོ་དང་སྦྱར་བ་ དབུལ་ལོ། །དེའི་ནང་དུ་རྩྭ་དཱུར་བ་རྩེ་མོ་མ་ཉམས་པའི་སྟན་བཏིང་ལ་ཁ་ཤར་ཕྱོགས་སུ་བལྟ་སྟེ། གཏོར་མ་རྣམ་གསུམ་ལ་སོགས་པ་སྦྱིན་ཞིང་། བཅོམ་ལྡན་འདས་དེའི་མདུན་ལོགས་ཀྱི་དཀྱིལ་འཁོར་ལ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བ་ ར་བ་ཤར་ནུབ་ཏུ་དཀྱུས་རིས་བར་བྱས་པའི་ནང་དུ་ཤིང་འོ་མ་ཅན་ཚེར་མ་མེད་ཅིང་རྩ་བ་དང་བཅས་པ་བཅད་དེ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་དམ་ནོར་སྦྱིན་པར་འགྱུར་ཏེ། མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་སྦྱིན་སྲེག་བྱས་ན་མིའི་གཙོ་བོ་དེ་ཡང་དེ་ཉིད་ དུ་འོང་བར་འགྱུར་ཏེ། རྒྱལ་རིགས་ནྀ་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །རྗེའུ་རིགས་ནི་ཞག་གཉིས་ཀྱིས་དབང་དུ་འགྱུར་རོ། །དམངས་རིགས་ནི་ཞག་གཅིག་གིས་དབང་དུ་འགྱུར་རོ། །ལས་བྱེད་པའི་ཚེ་ཅི་སྟེ་ལ་ལ་ཞིག་འོངས་ཏེ་ནོར་ གྱིས་འདྲིད་པར་བྱེད་ན་ཡང་ལས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ནོར་དེ་བླང་བར་མི་བྱའོ་གཡོག་བྱེད་པ་མ་གཏོགས་པར་གཞན་དང་ལྷན་ཅིག་ཏུ་གཏམ་ཡང་མི་བྱའོ། །ཅི་སྟེ་རྨི་ལམ་དུ་ལྷ་མོ་ལས་འོད་ཟེར་འབྱུང་བར་རྨིས་ན་དེ་ཡང་ 100-1-205a དེའི་དངོས་གྲུབ་ཀྱི་མཚན་མ་ཡིན་ནོ། །བསྒྲུབ་པར་འདོད་པ་ནི་ཅི་སྟེ་བུད་མེད་ཀུན་འོངས་ཏེ་མེ་ཏོག་གམ་འབྲས་བུ་སྦྱིན་པར་བྱེད་ན་དེས་ན་དངོས་གྲུབ་འགྲུབ་པར་ཤེས་པར་བྱོས་ཤིག །ལོ་ཏོག་མ་རུངས་པར་འདོད་ན་ཞག་བདུན་གྱི་བར་ དུ་དུས་གསུམ་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་འབྲུ་མ་རུང་བར་བྱ་བ་གང་ཡིན་པའི་འབྲུ་དེ་ཉིད་ཀྱི་སྦྱིན་སྲེག་བྱ་སྟེ་མཆོད་པ་ཡང་ཅི་འབྱོར་པས་བྱའོ། །གསོ་སྦྱོང་དང་ལྡན་པས་པ་ལ་ཤའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཉ་པ་ རྣམས་ཀྱི་ཉ་མི་སོད་པར་བྱ་ན་ཉ་པ་ཉིད་ཀྱི་ཁྱིམ་ནས་མེ་འམ་ཤིང་བླངས་ལ་ཉ་པ་དེ་ཉིད་ཀྱི་ཁྱིམ་ནས་ཉ་བླངས་ནས་མར་གྱི་ནང་དུ་བསྙུགས་ཏེ། ཉ་པ་དེ་དག་ཉིད་ཀྱི་ཁྱིམ་གྱི་གྲྭར་སྦྱིན་སྲེག་བྱས་ན་ཉ་མི་སོད་པར་འགྱུར་རོ། །དེ་བཞིན་ དུ་རི་དགས་དང་ཕག་དང་མ་ཧེ་དང་རི་བོང་ལ་སོགས་པའི་ཆོ་ག་དེ་དང་འདྲ་སྟེ། ལམ་གྱི་བཞི་མདོར་སྦྱིན་སྲེག་བྱས་ཀྱང་རུང་གཏོར་མ་ཡང་སྦྱིན་པར་བྱའོ། །གསོད་པ་དང་འཆིང་བར་བྱེད་པ་ལ་ནི་བརྩིག་ངོས་ལ་རྡོ་རྗེ་ཁུ་ཚུར་མ་བྲིས་ ཏེ། དེའི་མགོ་བོར་ཡང་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲིས་ལ་ཟས་སུ་དཀར་གསུམ་ཟ་བ་དང་། གསོ་སྦྱོང་གི་ཡན་ལག་དང་ལྡན་པས་བྱ་ཞིང་། བཅོམ་ལྡན་འདས་ལ་དྲི་ལ་སོགས་པས་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་མ་ནི་ མདོག་དཀར་པོར་བྱ་སྟེ། ལག་པ་གཡོན་ཁུ་ཚུར་བཅངས་ལ། ལག་པ་གཡས་པས་དབུགས་འབྱིན་པར་བྱའོ། །སྒྲུབ་པ་པོ་ཡང་པུས་མོ་གཡས་པ་ས་ལ་བཙུགས་ཏེ། སྙིམ་པར་མེ་ཏོག་ཐོགས་པར་བྱའོ། །དེ་ནས་ཡམ་ སྲེག་ཤིང་གང་འདོད་པ་དང་གུ་གུལ་ཡུངས་མར་གྱི་ནང་དུ་བསྙུགས་པས་ནུབ་མོ་སྦྱིན་སྲེག་བྱས་ན་དེས་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་སྤྱན་དང་ལྷན་ཅིག་སྦྱར་བར་བྱའོ། །ལྷ་རྣམས་རིག་སྔགས་ཀྱི་རྒྱལ་ མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་ལས་རྣམས་ནི་ངས་བཤད་ཟིན་ཏེ། དེ་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་དྲན་པ་ཙམ་གྱིས་མདུན་དུ་གནས་པར་འགྱུར་བ་ཡང་ངས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། རུ་ཏུ་རུ་ཏུ་མ་ཏ་སྭཱ་ཧཱ། 100-1-205b དེ་ནས་ལྷ་དེ་དག་འཇིགས་པའི་སེམས་ཀྱིས་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་ཚིག་འདི་སྐད་དུ་རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་སྙིང་པོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་ཀྱང་ སྨོས་སོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེ་སྙིང་པོའི་ལས་རྣམས་བཤད་པ། རས་མ་ཉམས་པ་ཁ་ཚར་མ་བཅད་པ་ལ་མཚོན་རྩི་སྤྱིན་དང་མ་སྦྱར་བས་སངས་རྒྱས་ཀྱི་གཟུགས་སྐུ་སེང་གེའི་ཁྲི་ལ་བཞུགས་ཤིང་ ཆོས་སྟོན་ཅིང་བཞུགས་པ་འདྲིར་གཞུག་གོ། །གློ་གཡོན་ལོགས་སུ་ལག་ན་རྡོ་རྗེ་ཨུཏྤལ་སྔོན་པོའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་ཚིག་གུའི་ཤམ་ཐབས་གྱོན་ཞིང་ལག་ན་རྔ་ཡབ་ཐོགས་པ་བྲིའོ། ། གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་མ་མདོག་སྔོ་བསངས་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། གཡས་ན་ཤིང་ཐོག་ཐོགས་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་འོ་མའི་ འདེ་གུ་འམ་སློངས་མོའི་ཟས་ཟ་ཞིང་ཕྱོགས་གཙང་མར་ལན་དྲུག་འབུམ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་རི་མོའི་སྐུ་གཟུགས་ཕྱོགས་གཙང་མར་བཀྲམ་སྟེ། ཟས་དཀར་གསུམ་བཟའ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། ཡར་གྱི་ངོ་ཚེས་ གཅིག་ལ་བརྩམས་ཏེ། ཞག་གསུམ་སྨྱུང་བ་བྱས་ཏེ་མེ་སྦར་ནས་གུ་གུལ་གྱི་རི་ལུ་མོན་སྲན་རྩྭའི་འབྲུ་ཙམ་ལ་དུ་རུ་སྐའི་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་སྐུ་གཟུགས་འགྲུབ་པར་འགྱུར་ཏེ། ལྷ་མོ་ འོངས་ནས་དམ་པ་གང་སྩོལ་བ་ཐོབ་པར་འགྱུར་རོ། །མཆོད་པ་ཡང་ཅི་འབྱོར་བར་བྱའོ། །དགེ་སློང་དག་ལ་ཡང་མཆོད་བསྟོན་གསོལ་བར་བྱ་སྟེ། འདི་ནི་གཞན་གྱིས་མི་ཐུབ་པའི་དངོས་གྲུབ་ཡིན་ནོ། །སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་ལག་ པ་གཡོན་པ་ཁུ་ཚུར་བཅིངས་ཏེ་ལན་སུམ་འབུམ་བཟླས་བརྗོད་བྱས་ན། ཁུ་ཚུར་བཅིངས་པས་ལུས་མི་སྣང་བར་འགྱུར་ཞིང་ཕྱི་ནས་སྣང་བར་འགྱུར་རོ། །ཆོ་ག་སྔ་མ་བཞིན་དུ་ས་ཕྱོགས་གཙང་མར་ཧཱུྃ་དང་ལྡན་པར་ལན་ཉི་ཁྲི་བཟླས་བརྗོད་ 100-1-206a བྱས་ན་གླང་པོ་ཆེ་རྒྱག་པ་དག་ཀྱང་སྐྱེལ་བར་བྱེད་ཅིང་འདྲེན་པར་བྱེད་དབང་དུ་འགུགས་པར་བྱེད། འཆིང་བར་བྱེད་དོ། །འགྲོལ་བར་བྱེད་དོ། །ཁུ་ཚུར་བཅངས་པས་གང་ལ་བསྡིགས་པ་དེ་སྲོག་དང་འབྲལ་བར་འགྱུར་རོ། །ཀླུ་རྣམས་ ཀྱང་རེངས་པར་བྱེད། འཁྲུལ་འཁོར་རྣམས་ཀྱང་སྒྱེལ་བར་བྱེད་དོ། །གདོན་རྣམས་ཀྱང་རེངས་པར་བྱེད་ཅིང་སྒྱེལ་བར་བྱེད་དོ། །དེ་བཞིན་གདོན་དང་ཡི་དགས་ཐམས་ཅད་བརླག་པར་བྱེད་དོ། །ནམ་མཁའ་ལ་གྱེན་དུ་བསྡིགས་ན་རིག་སྔགས་འཆང་ ཐམས་ཅད་ལྟུང་བར་བྱེད་ཅིང་འཆི་བར་བྱེད་དོ། །ཀླུ་རྣམས་རེངས་པར་བྱེད། གྲུ་རྣམས་ཐོགས་པར་བྱེད། མེ་དབལ་གསོད་པར་བྱེད། དམག་གི་དཔུང་རེངས་པར་བྱེད། ཆུ་བརྟན་པར་བྱེད། རྒྱ་མཚོ་སྐེམས་པར་བྱེད། མཆེ་བ་ཅན་ཐམས་ཅད་ཁ་བཅིངས་ པར་བྱེད། མོ་མཚན་བཅིངས་པར་བྱེད། ཁ་བཅིངས་པར་བྱེད། བྲག་བརྙིལ་བར་བྱེད་ཅིང་ཕྱེ་མར་རློག་པར་བྱེད་དེ། ལས་གང་དང་གང་བྱེད་ན་བཅོམ་ལྡན་འདས་མ་དྲན་པར་བྱ་སྟེ། ཁུ་ཚུར་ཡང་བཅངས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཕུག་གི་འཁྲུལ་འཁོར་རྣམས་ཕྱེ་མར་རློག་པར་བྱེད། འཇིག་པར་བྱེད། གནས་པར་བྱེད་དོ། །གཏེར་གི་འཁྲུལ་འཁོར་རྣམས་གཅོད་པར་བྱེད་དེ། དེ་བཞིན་དུ་ལས་ཐམས་ཅད་ལ་བཅོམ་ལྡན་འདས་ལ་སྦྱར་བར་བྱའོ། །མིའི་གཙོ་བོ་དང་མི་ ཆེན་པོ་ཡང་དབང་དུ་འགུགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་སྨྲར་འཇུག་ཅིང་འཛིན་དུ་འཇུག་ལ། རྒྱས་པར་བྱེད། འཆིང་བར་བྱེད་དོ། །དུས་གསུམ་གདུག་པས་ཟིན་པས་སྨྲར་འཇུག་སྟེ་ཁུ་ཚུར་གྱིས་ལས་བྱའོ། །བསྲུང་བའི་ཆོ་ག་ ལ་ནི་བཅོམ་ལྡན་འདས་མ་ལ་མཆོད་པ་བྱ་སྟེ། ལན་ཁྲི་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །སྒྲུབ་པའི་ཚེ་ཡང་འདིས་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱ་སྟེ། ཐལ་བ་འམ། ཡུངས་ཀར་རམ། ཆུ་འམ། བོང་བ་འམ། སྐུད་པ་ འམ། ཕུར་བུ་འམ། རྡོ་རྗེས་བསྐོར་བར་བྱའོ། །ཁང་བཟངསུ་ལན་འབུམ་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་རྡོ་རྗེ་བྲིས་ན་དག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་བསྲུང་བར་བྱས་པར་འགྱུར་རོ། །གསོ་སྦྱོང་དང་ལྡན་པས་ 100-1-206b ལན་སུམ་འབུམ་བཟླས་བརྗོད་བྱས་ལ་ཧཱུྃ་དང་ལྡན་པས་སྐེ་ཚེའི་སྦྱིན་སྲེག་སུམ་འབུམ་བྱས་ན་མིའི་གཙོ་བོ་དང་བུད་མེད་ཀྱི་གཙོ་མོར་ཡང་དབང་དུ་ཁུགས་པར་འགྱུར་རོ། །ལན་འབུམ་སྦྱིན་སྲེག་བྱས་ན་བྲམ་ཟེ་དང་རྒྱལ་རིགས་དབང་དུ་ཁུགས་ པར་འགྱུར་རོ། །དེའི་འོག་ཏུ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མི་ཆེན་པོ་རྣམས་དབང་དུ་ཁུགས་པར་འགྱུར་རོ། །ལན་ཅིག་བརྗོད་པས་གསང་སྔགས་རེངས་པར་བྱེད་ཅིང་བཅིངས་པ་གྲོལ་བར་བྱེད་དོ། །ལན་གསུམ་པས་ནི་ཕ་རོལ་ གྱི་རིག་སྔགས་གཅོད་པར་བྱེད་དོ། །ཁྱེའུ་དང་བུ་མོ་ཁྲུས་བྱེད་དུ་གཞུག་པར་འདོད་ན་ནུབ་མོ་བུམ་པ་གནག་ཅིང་རྩ་བ་མེད་པ་བཞི་འམ་བཅུ་གཉིས་སམ་བཅུ་དྲུག་ཀྱང་རུང་སྟེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ས་བོན་དང་སྨན་ ཐམས་ཅད་བླུགས་ཏེ་མཆོད་པ་བྱས་ཏེ་ལྷ་བཤོས་ཀྱང་དབུལ་ལ། ལན་བརྒྱད་སྟོང་སྦྱིན་སྲེག་བཟླས་བརྗོད་བྱས་ཏེ་ཁྲུས་བྱེད་དུ་བཅུག་ན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །བུད་མེད་བུ་ཚོལ་བ་ཡང་བུ་ཡོད་པར་འགྱུར་རོ། །དེ་ནས་ རལ་གྲི་དང་དགྲ་སྟ་དང་གསལ་ཤིང་དང་དབྱུག་པ་དང་མདུང་ཐུང་དང་ཆུང་ངུ་ན་ཤིང་ལྷམ་དང་གོས་དང་སྐ་རགས་དང་སོར་གདུབ་ལ་སོགས་པ་འགྲུབ་པར་འདོད་ན་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ཏེ། ལྷ་མོའི་མདུན་དུ་ཀུ་ཤའི་སྟན་ལ་འདུག་ ནས་འབར་བར་གྱུར་གྱི་བར་བཟླས་བརྗོད་བྱས་ན། དེ་ནས་འགྲུབ་པར་འགྱུར་ཏེ། དེ་བླངས་པས་ནམ་མཁའ་ལ་འགྲོ་ཞིང་གྲུབ་པ་རྣམས་ཀྱིས་མི་སོད་པར་འགྱུར་རོ། །ལུས་མི་སྣང་བར་སྒྲུབ་པ་ནི་ལུས་མི་སྣང་བ་གྲུབ་པ་རྣམས་ཀྱི་རྒྱལ་ པོར་འགྱུར་རོ། །དྲོ་བར་གྱུར་ན་ནི་རྐང་པས་འགྲོ་བ་རྣམས་ཀྱི་བདག་པོར་འགྱུར་རོ། །ལྷ་རྣམས་རིག་སྔགས་ཀྱི་རྒྱལ་མོ་རྡོ་རྗེ་ཁུ་ཚུར་མའི་སྙིང་པོ་མཆོག་གི་ལས་རྣམས་ངས་བཤད་ཟིན་ཏོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་ རྗེ་སྤྱན་གྱི་སྤྱི་བོ་ལ་བཀུར་ནས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ལྷ་འདུས་པ་ཐམས་ཅད་ཡིད་འཇིགས་པར་ 100-1-207a གྱུར་ན། ལྷ་ཆེན་པོ་ནི་བཅོམ་ལྡན་འདས་ཀྱི་གློ་གཡོན་ཕྱོགས་སུ་འདུག་གོ། །སྤྱན་ནི་གཡས་ཕྱོགས་སུ་འདུག་གོ། །དྲུག་མ་དང་དཀའ་བཟློག་མ་ནི་རྒྱབ་ལོགས་སུ་འདུག་སྟེ། ལྷ་ཐམས་ཅད་གཅིག་ལ་གཅིག་ལྟ་ཞིང་། ལག་ན་ རྡོ་རྗེ་སྟོབས་པོ་ཆེ་ལ་བསྐུལ་བ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྤྱན་གྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་གྱི་ལས་གང་དག་མཐོང་བས་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་དམ་པ་ ཐོབ་པར་འགྱུར་བ་བཤད་དེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ་ལག་ན་རྡོ་རྗེའི་མདུན་དུ་ཏ་ག་ར་དཀར་པོའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་ཟས་སུ་འོ་མ་དང་ཕྱེའི་ འདག་གུ་ཟོས་ལ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེ་ནས་རིག་སྔགས་འཆང་གིས་ནང་པར་དགེ་སློང་མཆོད་སྟོན་བྱིན་ཏེ་ཅི་འབྱོར་པས་མཆོད་པ་ཡང་ བྱའོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་འདྲིར་འཇུག་སྟེ། དེ་བཞིན་གཤེགས་པའི་གཡས་ཕྱོགས་སུ་ནི་སངས་རྒྱས་ཀྱི་སྤྱན་ བྲིའོ། །གཡོན་ཕྱོགས་སུ་ནི་འཕགས་པ་ལག་ན་རྡོ་རྗེ་བྲིའོ། །དེ་བཞིན་གཤེགས་པ་ནི་གསེར་གྱི་མདོག་ཅན་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པར་བྱའོ། །བཅོམ་ལྡན་འདས་མ་དེ་ཡང་གསེར་གྱི་ མདོག་ཅན་ལ་ཡིད་ཙམ་གྱིས་འདུད་དེ་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་པད་མ་འཛིན་པར་བྱ་སྟེ་པད་མ་ཡང་རྡོ་རྗེའི་མཚན་མ་དང་ལྡན་པར་བྱའོ། །ལག་ན་རྡོ་རྗེ་མདོག་སྔོ་ བསངས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དར་ལའི་གོས་གྱོན་ཅིང་པད་མ་ལ་འདུག་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་སྐུ་གཟུགས་ལ་མཆོད་པ་རྒྱས་ 100-1-207b པར་བྱ་ཞིང་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པར་ལྷ་སྤྱན་དྲང་བར་བྱའོ། །སྤྱན་གྱིས་ནི་ལས་ཐམས་ཅད་ལ་བསྲུང་བར་བྱའོ། །དེའི་མདུན་དུ་ཕོ་དང་མོའི་མིང་དང་ལྡན་པའི་རྫས་མར་གྱི་ནང་དུ་ བསྙུགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བཅོམ་ལྡན་འདས་མའི་གཟུགས་འགུལ་བར་འགྱུར་རོ། །ཡང་ན་མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་ན་ལས་དེ་འགྲུབ་པ་ཡིན་ཏེ། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་ འགྱུར་ཞིང་ལུས་མི་སྣང་བར་འགྱུར་ལ། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གང་གི་ཚེ་བུད་མེད་ཀྱི་གཟུགས་སྤྲུལ་པར་བྱ་ན་དེའི་ཚེ་མོའི་མིང་དང་ལྡན་པའི་ས་བོན་རྣམས་བླངས་ལ། ལག་ན་རྡོ་རྗེའི་མདུན་དུ་ཆུའི་བུམ་པ་ བཞག་པ་དེའི་ནང་དུ་བླུགས་ཏེ། དེ་ནས་རིག་སྔགས་བརྗོད་ན། དེ་དེས་བུད་མེད་དུ་འགྱུར་ཏེ། བུད་མེད་དེ་ཡང་བུད་མེད་རིན་པོ་ཆེའི་ཡོན་ཏན་དང་ལྡན་པར་འགྱུར་ལ། ཡིད་ལ་ཅི་བསམས་པ་དེ་སྤྲུལ་པར་བྱེད་དོ། །གང་གི་ཚེ་སྐྱེས་པའི་གཟུགས་ སྤྲུལ་པར་བྱེད་ན་དེའི་ཚེ་ཕོའི་མིང་དང་ལྡན་པའི་ས་བོན་རྣམས་བླངས་ཏེ། བླུགས་ནས་ཡིད་ཀྱིས་བསྔགས་ན་སྐྱེས་པའི་གཟུགས་སུ་གནས་པར་འགྱུར་ཏེ། སྐྱེས་པ་དེ་ཡང་བསྒོ་བ་བཞིན་དུ་བྱེད་ཅིང་ཡིད་ལ་ཅི་བསམས་པ་ དེ་བྱེད་པར་འགྱུར་རོ། །འཇིམ་པས་བསྐུས་ན་མི་གཙང་བ་དང་གླང་པོ་ཆེའི་རྟུག་པ་དང་རྟ་རྟུག་ཀྱང་བཟའ་རུ་རུང་བར་བྱེད་དོ། །ཆུ་ཡང་འོ་མར་འགྱུར་ལ་འོ་མ་ཡང་ཆུར་འགྱུར་རོ། །ཉིན་མོ་ཡང་མཚན་མོར་སྒྱུར་ལ་མཚན་མོ་ཡང་ཉིན་ མོར་འགྱུར་རོ། །བྱེ་མ་ཡང་ཀ་རར་འགྱུར་རོ། །ལུས་ཀྱང་སྐད་ཅིག་གིས་མི་སྣང་བར་འགྱུར་རོ། །ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། །ཤི་ན་ཡང་བདེ་བ་ཙན་དུ་སྐྱེ་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་གྱིས་རྡོ་རྗེའི་ དབྱིབས་བྲིས་ལ་སྤྱན་གྱི་རིག་སྔགས་ཀྱི་རྒྱལ་པོ་དང་ལྡན་པར་བཟླས་བརྗོད་བྱེད་བཞིན་དུ་ཁམ་ཕོར་རམ་ལོ་མས་བཀབ་ལ། དེ་ནས་རིག་སྔགས་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱ། ཞག་བདུན་གྱི་ཐ་མར་གོས་ཕྲུག་གཅིག་ཐོབ་ 100-1-208a པར་འགྱུར་རོ། །བཅོམ་ལྡན་འདས་གསང་བ་པ་རྣམས་ཀྱི་ཆོ་ག་རྒྱས་པར་བསྒྲུབ་པ་དང་། ཆོ་ག་རྒྱས་པ་རྣམས་རུང་བར་བགྱི་བའི་ལས་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་ལགས་སོ། །ལས་དམ་པ་འདིས་འཕགས་པ་ལག་ན་རྡོ་རྗེའི་མདུན་ དུ་རྡོ་རྗེའི་རིག་སྤྱན་དང་བཅས་པ་འམ། གདོང་དྲུག་པ་རྡོ་རྗེ་གསུམ་པ་འདུག་པར་ཡིད་ཀྱིས་བསམས་ལ། བཅོམ་ལྡན་འདས་མ་རིགས་ཀྱི་རྒྱལ་པོ་དང་ལྡན་པར་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་མིང་འགྲུབ་པར་བྱེད་དེ། བཅོམ་ལྡན་འདས་མ་མིང་ དེ་ཉིད་ཀྱིས་སྨན་ལ་བསང་གཏོར་བྱས་ན་གྲོལ་བར་འགྱུར་རོ། །ཆོ་ག་རྒྱས་པར་མ་རུང་བར་བྱེད་པར་བཤད་པར་བྱ་སྟེ། མ་རུང་བར་བྱེད་པ་ལག་ན་རྡོ་རྗེས་རྣམ་པར་བསྒྱིངས་པའི་ལས་དམ་པ་འདིས་ཕྱོགས་གཙང་མར་ཆོ་ག་རྒྱས་པའི་ལྷ་ བྲིས་ལ། རིག་སྔགས་ཀྱི་ལྷའི་བ་སྤུ་རྣམས་སུ་ཡང་རྡོ་རྗེ་ཕྱེད་ནུབ་པ་རྣམས་བྲི་སྟེ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཆོ་ག་རྒྱས་པ་ཐམས་ཅད་ཕུར་བུས་བཏབ་པ་དང་མ་རུང་བར་ བྱས་པར་འགྱུར་རོ། །ཞི་བར་བྱ་ན་སོལ་བས་རྡོ་རྗེ་བྲིས་ལ་དེ་ཉིད་ཀྱིས་སྨན་ལ་བསང་གཏོར་བྱས་ན་གྲོལ་བར་འགྱུར་རོ། །རིག་སྔགས་བསྒྲུབ་པར་འདོད་པ་ལ་རིག་སྔགས་གང་ཡིན་པ་དེ་ལས་སྒྲུབ་པར་མི་བྱེད་ན་འཕགས་ པ་ལག་ན་རྡོ་རྗེ་འམ། ལྷ་ཆེན་པོའི་མདུན་དུ་མེ་ཐ་མལ་པའི་ནང་དུ་སྤྱན་གྱིས་མོན་སྲན་གྲེའུ་ཡིས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་རིག་སྔགས་ལ་ཡང་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དེས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །བུད་མེད་དབང་དུ་ བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དབང་དུ་འགྱུར་རོ། །ལྷ་རྣམས་དེ་ལ་ནི་རིག་སྔགས་དང་ཆོ་ག་རྒྱས་པ་གྲུབ་པ་དང་མ་རུང་བར་བྱ་བ་དང་རིག་སྔགས་འཆང་རྣམས་ལ་དངོས་གྲུབ་སྦྱིན་དུ་ གཞུག་པར་དེ་བཞིན་གཤེགས་པས་གནང་གི་དེ་ལ་ཕྱག་བྱས་ལ་དེ་བཞིན་གཤེགས་པའི་བཀས་ངས་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་འཁོར་རྣམས་ལ་བལྟས་ཏེ་སྙིང་པོ་ 100-1-208b མཆོག་བཤད་པ། ན་མཿསརྦ་བྷཱུ་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨེ་ཧྱེ་ཧི་བྷ་ག་བ་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ལོ་ཙ་ནི་པྲ་བ་རི་བྷྲ་མ་རི་ནི་སུམྦྷ། ཨོཾ་ཛྭ་ལི་ཏི་སྭཱ་ཧཱ། སྙིང་པོའོ། །ཨོཾ་བིད་དུ་ཏེ་ཧཱུྃ་བ་རི་ནི་ཕཊ། བཅོམ་ལྡན་འདས་མ་སྤྱན་གྱི་ཉེ་བའི་སྙིང་པོའོ། ། གསང་སྔགས་བཤད་པ་ན་ས་རྣམ་པ་དྲུག་ཏུ་གཡོས་སོ། །རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱང་སྙིང་འདར་ཞིང་མདུན་དུ་འཁོད་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཅག་གིས་ཅི་བགྱི་བ་གསུངས་ཤིག་གསུངས་ཤིག་ཅེས་སྨྲས་སོ། ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཉོན་ཅིག །རིག་སྔགས་འཆང་གང་བཅོམ་ལྡན་འདས་མ་མཆོག་ལ་དྲག་ཏུ་བསྐུལ་བའི་སྙིང་པོ་དམ་པ་འཆང་བ་དེ་ལ་ཁྱོད་ཀྱིས་དངོས་ གྲུབ་དམ་པ་བྱིན་ཅིག །ཅི་སྟེ་མ་བྱིན་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོར་གཞག་གོ། །དེ་ནས་ལྷ་དེ་དག་ཏབ་ཏབ་པོར་གྱུར་ཏེ་ལག་ན་རྡོ་རྗེའི་རྐང་པ་ལ་གཏུགས་ནས་བཅོམ་ལྡན་འདས། དྲག་ཏུ་སྐུལ་བའི་བཅོམ་ལྡན་ འདས་མའི་སྙིང་པོ་འཆང་བ་འམ། ཕྱག་འཚལ་བ་གང་ཡིན་པ་དེ་དབང་ཕྱུག་ཆེན་པོ་ལ་སོགས་པ་བདག་ཅག་ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་མ་རྟག་ཏུ་རྗོད་པར་བྱེད་པ་འམ། སྒྲུབ་པར་བྱེད་པ་འམ། མཆོད་པར་བྱེད་པ་གང་ཡིན་པ་དེའི་མདུན་དུ་ཡང་འཁོད་པར་བྱ་སྟེ་དངོས་གྲུབ་ཀྱང་སྦྱིན་པར་བྱའོ། །རིག་སྔགས་མཆོག་འདི་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་དངོས་གྲུབ་འགྲུབ་པར་བྱེད་ཅིང་མ་གྲུབ་པ་ཡང་གྲུབ་པར་བྱེད་པ་ ཡིན་ཏེ། འདི་ནི་ཆོ་ག་རྒྱས་པ་རྣམས་ཀྱི་ས་བོན་ལྟ་བུར་གྱུར་པ་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་མའི་སྙིང་པོ་མཆོག་ལ་དྲག་ཏུ་སྐུལ་བ་ཆོ་ག་རྒྱས་པ་འདི་འཆང་བ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེའི་བཀས་ ཆོ་ག་རྒྱས་པ་འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་བཟུང་ལ་ལན་བརྒྱད་སྟོང་བཟླས་ 100-1-209a བརྗོད་བྱས་ནས་རྐང་པའི་མཐེ་བོང་མི་ལ་རེག་པའི་ཉམས་འདྲ་བར་གྱུར་ན་དེས་གྲུབ་པར་ཤེས་པར་གྱིས་ཤིག །དེ་ནས་བགེགས་བསླང་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀོ་ཤ་ཏའི་མེ་ཏོག་གིས་མཆོད་པ་བྱས་ ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། །ལྷ་རྣམས་བཅོམ་ལྡན་འདས་མ་སྤྱན་གྱི་རྒྱུད་ཕྱི་མ་ངས་བཤད་དོ། །དབང་ཕྱུག་ཆེན་པོ་དང་ཕུར་བུ་གསུམ་པས་བཤད་པའི་མ་མོ་རྣམས་ཀྱི་རྒྱུད་ཕྱི་མ་ཡང་ངས་ བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ནས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་ སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གི་མེ་སྦར་ནས། བཻ་ཀངྐ་ཏའི་འབྲས་བུ་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དམ་པ་སྦྱིན་པར་བྱེད་དོ། ། ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ས་གཞི་པ་ཀོ་ཙམ་བརྐྱང་ནུལ་གྱིས་བྱུགས་ནས་དྲི་དང་མེ་ཏོག་དང་བདུག་པས་བརྒྱན་ཏེ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ལ་ལས་ཐམས་ཅད་བཅོམ་ ལྡན་འདས་མས་བྱའོ། །དེ་ནས་རིག་སྔགས་འཆང་གིས་བྱིས་པ་གཞོན་ནུ་ཟླ་བ་དྲུག་ལོན་པ་བླངས་ཏེ་དྲི་དང་མེ་ཏོག་བདུག་པས་བརྒྱན་ནས་དཀྱིལ་འཁོར་གྱི་དབུས་སུ་གཞག་ལ། དེ་ནས་རིག་སྔགས་འཆང་གིས་བྱིས་པའི་རྐང་པ་ གཡས་པ་ནས་བཟུང་སྟེ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་དེ་ན་རེ་ཅི་བགྱི་ཞེས་ཟེར་བ་དང་ཡིད་ལ་གང་འདོད་པ་དེ་སྨྲོས་ལ་ཚེ་རིང་བ་འམ་རྒྱལ་པོ་འམ། རིག་སྔགས་འཆང་རྣམས་ལས་གཅིག་ཡིད་ལ་ བསམས་ཏེ་བསྒྲུབ་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དང་དྲི་དང་བདུག་པ་ཕུལ་ནས་ནིམ་པའི་ཤིང་གིས་མེ་སྦར་ཏེ། མེ་ཏོག་དཀར་པོ་ཡུངས་ 100-1-209b མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །དེ་ནས་རིག་སྔགས་འཆང་གིས་སྦྱིན་སྲེག་བྱས་པའི་ཐལ་བ་བླངས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས། དྲོ་བར་གྱུར་ན་གྲུབ་པ་ཡིན་ཏེ། མཁའ་ འགྲོ་མ་མཐོང་ན་ནི་བཅིངས་པར་འགྱུར་རོ། །ཞི་བར་བྱ་ན་རིག་སྔགས་ཀྱི་རྒྱལ་པོས་ཡུངས་ཀར་ལ་བསྔགས་ཏེ་བསྣུན་ན་གྲོལ་བར་འགྱུར་རོ། །ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་ ནས་མཆོད་པ་རྒྱས་པར་བྱས་ལ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ཏེ། རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གིས་བྱང་ཆུབ་ཀྱི་ཤིང་ལག་པ་གཉིས་ཀྱིས་བཟུང་སྟེ། རིག་སྔགས་ ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བྱང་ཆུབ་ཀྱི་ཤིང་ལས་ལག་པ་སྐྱོང་བར་འགྱུར་ཞིང་རིག་སྔགས་འཆང་གི་མགོ་ལ་རེག་པར་བྱེད་དེ། རེག་མ་ཐག་ཏུ་སྐྲ་ལྕང་ལོ་འཁྱིལ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ་ལོ་བཅུ་དྲུག་ལོན་ པའི་གཟུགས་དང་ལྡན་པར་འགྱུར་ཏེ། ཅི་འདོད་པའི་ཟས་ལ་ལོངས་སྤྱོད་ཅིང་ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །བསྲུངས་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །གནས་བསྲུང་བ་ནི་ལན་གསུམ་བཟླས་ བརྗོད་བྱས་པའི་ཆུས་བྱ་སྟེ། བཅོམ་ལྡན་འདས་མ་སྤྱན་གྱི་སྙིང་པོ་ངས་བཤད་པའི་བཅོམ་ལྡན་འདས་མ་གང་ཡིན་པ་དང་ལྡན་པ་རྟག་ཏུ་སྦྱར་བར་བྱའོ། །དེ་དང་མ་སྦྱར་བ་ཤས་ཆེར་རྨོངས་པར་འགྱུར་རོ། །བཅོམ་ལྡན་འདས་ མ་སྤྱན་གྱི་རྒྱུད་ཕྱི་མ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ཉོན་ཅིག་གཟི་བརྗིད་དྲག་པོ་ངས་བཅོམ་ལྡན་འདས་མ་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་གསང་ སྔགས་བཤད་པར་བྱའོ། །དེ་ནས་ལྷ་དེ་དག་སྙིང་འདར་བཞིན་དུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་སྙིང་པོ་ལ་དྲག་ཏུ་སྐུལ་བར་བྱེད་པའི་གསང་སྔགས་འདི་བརྗོད་ན། བཅོམ་ 100-1-210a ལྡན་འདས་མ་རྣམས་བདག་ཅག་ལ་གནོད་ཀྱིས་ཐོང་ཤིག་ཐོང་ཤིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་སྨྲས་པ། བཟོད་ལྡན་དག་རིག་སྔགས་འདི་ནི་གང་ཚེ་ཁྱེད་རྣམས་ཀྱིས་ཅི་སྟེ་ དངོས་གྲུབ་སྐྱོང་བར་བྱེད་ན་དེའི་ཚེ་བརྗོད་དགོས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་གཟི་བརྗིད་དྲག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ ཏུ་བསྐུལ་བའི་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བ་ཧི་པྲོ་ཏ་རི་ཎི་སྭཱ་ཧཱ། བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་བཤད་མ་ཐག་ཏུ་དེ་ཐོས་པས་ལྷ་རྣམས་སྙིང་འདར་ ཞིང་ལག་ན་རྡོ་རྗེའི་ཞལ་དུ་ལྟ་བར་འགྱུར་རོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་རྡོ་རྗེ་ཕྲེང་བ་མའི་སྙིང་པོ་གནོད་པར་བྱེད་པ་ནི་དམ་ཚིག་གི་ལས་འགལ་བར་བྱེད་ པ་དང་། བཅོམ་ལྡན་འདས་མ་རྣམས་ཀྱི་དངོས་གྲུབ་སྦྱིན་པར་བྱེད་པ་དེ་དག་ལ་རྡོ་རྗེ་ཕྲེང་བ་མས་ཁྲག་འཐུང་བར་བྱེད་པ་འམ་ཡང་ན་རྡོ་རྗེས་གཤག་པར་བྱེད་པར་ཟད་ཀྱིས་མ་འཇིགས་ཤིག །དེའི་ལས་ཀྱང་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ནས་དེའི་མདུན་དུ་བཅོམ་ལྡན་འདས་མ་ཨུཏྤལ་དང་ལྡན་པ་སྨན་ཆེན་མོ་སྟོབས་པོ་ཆེ་ངས་ བཤད་པ་གང་ཡིན་པ་དེས་དཀྱིལ་འཁོར་བྱའོ། །དེ་ནས་རྡོ་རྗེ་ཕྲེང་བ་མ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བཅོམ་ལྡན་འདས་མ་རྣམས་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕྲེང་བ་མ་ཆོ་ག་རྒྱས་པ་ལ་དྲག་ཏུ་སྐུལ་བ་འདི་ནི་དམ་ ཚིག་མི་ཤེས་པ་དང་། ཤིན་ཏུ་མི་གཟོ་བ་དང་ལོ་གཅིག་གི་བར་དུ་མ་བསྟེན་པ་དང་སྟོང་སྙེད་མ་བྱིན་པ་ལ་སྦྱིན་པར་མི་བྱའོ། །ལྷ་རྣམས་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལས་ངས་བཤད་ཟིན་ཏོ། །མ་མོ་འཇིག་རྟེན་གྱི་མ་ 100-1-210b རྣམས་ཀྱི་ཡང་མདོ་ཅུང་ཟད་ཙམ་བཤད་པར་བྱ་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མ་མོའི་གནས་སུ་སོང་ནས་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ལ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ཏེ། དེ་ཉིད་ ཀྱི་སྔགས་ཀྱིས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལས་གཅིག་བསམས་ལ་སྒྲུབ་པར་བྱ་སྟེ། རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ནས་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ། །ཧཱུྃ་ཞེས་ བྱ་བས་འབེབས་པར་བྱེད་དོ། །དུག་ལ་ནི་བལྟས་པས་དུག་མེད་པར་བྱེད་དོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ་ཕག་མོ་གཅིག་པུ་གནས་པར་སོང་ནས་དྲི་དང་མེ་ཏོག་དང་བདུག་པས་བརྒྱན་ལ་རིག་སྔགས་ལན་བརྒྱད་ སྟོང་བཟླས་ན་བཅོམ་ལྡན་འདས་མ་ཕག་མོ་ཆེན་མོ་དེ་འགུལ་ཏེ་གྲུབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། །ལྷ་རྣམས་འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ། །སྙིང་པོ་ལ་དྲག་ཏུ་སྐུལ་བའི་རིག་སྔགས་ཀྱང་ བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཏ་ཀི་ཏ་ཀི་པུ་ཏ་ཀི་སྭཱ་ཧཱ། རིག་སྔགས་འདིས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ནས་དྲི་ཆུ་སེར་པོ་དང་། དཀར་པོ་དང་དམར་པོ་དང་ནག་པོ་ལ་སོགས་པས་དཀྱིལ་འཁོར་བྱས་ཏེ་མཆོད་པ་ཡང་ཅི་རིགས་པར་བྱའོ། །དེ་ནས་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ། །འཇིག་ རྟེན་གྱི་མ་མོ་རྣམས་ཀྱི་ཆོ་ག་རྫོགས་སྷོ།། །། ལྷ་རྣམས་འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ལས་རྣམས་ངས་བཤད་དོན་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ལས་ཕྱི་མ་ཡང་བཤད་པར་ བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཁྲོ་བོ་བཞག་ནས་མཆོད་པ་རྒྱས་པ་བྱས་ལ་བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱ་ཞིང་མེ་ཏོག་དཀར་པོ་རེ་རེ་ལ་ 100-1-211a ལན་རེ་རེ་བཟླས་བརྗོད་བྱེ་བ་བརྒྱད་སྟོང་གིས་འཕགས་པ་རྡོ་རྗེ་ཁྲོ་བོའི་བྲང་དུ་བསྣུན་ན་དམ་པ་སྦྱིན་པར་འགྱུར་རོ། །ལན་བདུན་བཟླས་བརྗོད་བྱས་པའི་གུ་གུལ་བདུགས་པས་ནི་འབེབས་པར་བྱེད་དོ། །ཆུ་འམ་ཡང་ན་རྣམ་པར་བཟླས་བརྗོད་ བྱས་པས་ནི་རྒྱ་འཇོམས་པར་བྱེད་དོ། །ལོ་མས་ནི་དུག་སེལ་བར་བྱེད་དོ། །བསྲུང་བ་ནི་སྐུད་པའམ་གོས་ཀྱི་གྲྭ་མདུད་པ་བྱསྟེ། དེ་དག་ཐམས་ཅད་ཀྱང་ལན་བདུན་བདུན་བཟླས་བརྗོད་བྱས་པས་ནི་ལོངས་སྤྱོད་ཀྱི་གཞི་འདོད་ན་རས་མ་ཉམས་པ་ལ་ རི་མོ་མཁན་གསོ་སྦྱོང་དང་ལྡན་པས་འཕགས་པ་རྡོ་རྗེ་ཁྲོ་བོ་མདོག་གནག་ལ་མིག་དམར་བ་ཤམ་ཐབས་སེར་པོ་གྱོན་ཞིང་སྐྲ་ཁམས་པར་འདུག་ལ། སྦྲུལ་གྱི་ཕྲེང་བས་བརྒྱན་ཏེ་པད་མ་ལ་འདུག་པ་འདྲིར་གཞུག་གོ། །དེ་ནས་མར་གྱི་ངོ་ ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་བུད་ཤིང་གིས་མེ་སྦར་ནས་པད་མ་དཀར་པོ་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དངོས་གྲུབ་འགྲུབ་པའི་མཚན་མར་ མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་ཏེ། གྲུབ་ནས་ཀྱང་ཁམས་གཅིག་གི་རྒྱལ་པོར་འགྱུར་རོ། །མཆོད་པ་ཡང་ཅི་འབྱོར་པས་བྱའོ། །བཟླས་བརྗོད་བྱས་པ་ཙམ་གྱིས་གདོན་ཐམས་ཅད་འཇོམས་པར་བྱེད་དོ། །ལོ་མ་འམ་ཆུས་ནི་དུག་སེལ་བར་ བྱེད་དོ། །སས་ནི་ཁམ་ཕོར་ལག་པ་ལ་འབེབས་པར་བྱེད་དོ། །མིའི་ཐོད་པ་དང་བུམ་པ་ལ་ཡང་འབེབས་པར་བྱེད་དོ། །ཡན་ལག་ཀྱང་མ་རུངས་པར་བྱེད་ནུས་སོ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལི་ཁྲི་བླངས་ལ་ཐོད་པའི་ནང་དུ་བཞག་སྟེ་ ལྷ་ཆེན་པོའི་གནས་སུ་སོང་ལ་གཟུགས་ཀྱི་གཡས་ལོགས་སུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ལི་ཁྲི་བཙོ་བར་བྱ་ཞིང་རིག་སྔགས་ཀྱི་རྒྱལ་པོས་བསྲུངས་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ་ཁྱིམ་དུ་ཁྱེར་ལ་དྲི་དང་མེ་ཏོག་དང་ བདུག་པས་བརྒྱན་ནས་མར་གྱི་ངོ་ཞག་བརྒྱད་ཀྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ་དྲི་དང་མེ་ཏོག་དང་ 100-1-211b བདུག་པ་རྣམས་ཀྱང་བཅོམ་ལྡན་འདས་མའི་སྔགས་ཀྱིས་དབུལ་ལོ། །རིག་སྔགས་ཀྱི་རྒྱལ་པོས་ནི་བསྲུང་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ། ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་དྲོ་བར་གྱུར་གྱི་བར་དུ་རིག་སྔགས་བརྗོད་ན་འགྲུབ་ པར་འགྱུར་ཏེ། གྲུབ་ནས་ཀྱང་ཐིག་ལེ་བྱས་ན་ལུས་མི་སྣང་བ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ལ་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་ཅི་འདོད་པའི་ཁ་ཟས་རྣམས་ལོངས་སྤྱོད་ཅིང་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་རྒྱས་པར་བྱས་ལ་ལྷ་བཤོས་ཀྱང་རབ་ཏུ་རྒྱས་པར་ཕུལ་ཏེ་བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གི་མཆོད་རྟེན་གྱི་ མདུན་དུ་ལྡོང་རོས་ཀྱི་རལ་གྲི་བྲིས་ལ་ལག་མཐིལ་དུ་རྡོ་རྗེ་བྲིས་ཏེ། ལག་པས་རལ་གྲི་བཟུང་ནས་འཕར་ཞིང་ཀུ་ཅོའི་སྒྲ་ཐོས་པར་འགྱུར་གྱི་བར་དུ་རིག་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། །དེ་ནས་རིག་སྔགས་འཆང་གི་བཅོམ་ལྡན་འདས་མ་དང་རིག་ སྔགས་ཀྱི་རྒྱལ་པོ་དང་བཅས་པར་དྲན་པར་བྱའོ། །དེ་ནས་ལག་ཏུ་འོང་བར་འགྱུར་ཏེ། དེ་ལག་ན་འོངས་པས་ཉི་མ་ཤར་བའི་མདོག་དང་ལྡན་ཞིང་སྐྲ་ལྕང་ལོ་འཁྱིལ་ལ་ལོ་བཅུ་དྲུག་ལོན་པའི་གཟུགས་དང་ལྡན་པར་འགྱུར་ཏེ་འཁོར་ལོས་སྒྱུར་བ་མ་གཏོགས་ པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་བུད་མེད་བདུན་གྱིས་བསྐོར་ནས་ནམཁའ་ལ་འགྲོ་བར་འགྱུར་བ་དང་། སྡང་བར་སེམས་པ་གང་ཡིན་པ་དེ་དག་ཐམས་ཅད་བསམས་པ་ཙམ་གྱིས་ཆོམས་པར་འགྱུར་ཏེ་ཚེ་ལོ་ཁྲི་སུམ་སྟོང་ཐུབ་པར་ འགྱུར་རོ། །ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ། །འདི་ལ་དྲག་ཏུ་བསྐུལ་བའི་སྙིང་པོ་མཆོག་གི་རིག་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཧཱུྃ་ཛྭ་ལཱ་ན་ ཡ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ནི་ཆོ་ག་རྒྱས་པ་ཐམས་ཅད་ལ་དྲག་ཏུ་བསྐུལ་བ་ཡིན་ཏེ་རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་བྱེད་དོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་མེ་ཏོག་དང་། 100-1-212a བདུག་པ་ཕུལ་ནས་དཀྱིལ་འཁོར་ཙན་དན་དམར་པོས་བརྐྱང་ནུལ་བྱུགས་ལ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ནས་འཕགས་པ་བདུད་རྩི་ཐབས་སྦྱོར་འགྲུབ་པར་འགྱུར་རོ། །དེ་ཕྱིན་ཅད་ལས་ཐམས་ ཅད་བྱེད་ནུས་པར་འགྱུར་རོ། །ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ། །ཚངས་པས་བཤད་པའི་ལས་ཀྱང་བསྟན་པར་བྱ་སྟེ། བསྲུང་བ་ནི་ལན་བདུན་བཟླས་བརྗོད་ བྱས་པའི་ཐལ་བས་བྱའོ། །གདོན་བསྐྱོད་པ་ནི་མཐེ་བོས་བྱའོ། །ལོ་མ་མ་རུང་བར་བྱ་བ་ནི་ཡིད་ཀྱིས་བྱའོ། །ཆུ་མ་རུང་བར་བྱ་བ་ནི་ལན་གསུམ་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། །དགྲ་བསད་པར་འདོད་ན་དགྲ་གང་ན་འདུག་པ་དེ་ལོགས་ སུ་ཁ་བལྟས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་ཞག་བདུན་གྱི་ཉིན་པར་དགྲ་འཆི་བར་འགྱུར་རོ། །བུད་མེད་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱས་ འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །ཁྲག་འཛག་པར་བྱ་ན་ཞག་གསུམ་གྱི་བར་དུ་རྒྱ་སྐྱེགས་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བརྒྱད་བརྒྱ་བྱས་ན་ཁྲག་མང་དུ་འཛག་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། ། ཕ་རོལ་གྱི་ཡུལ་འཁོར་གཞོམ་ན་སྔར་ངས་ལས་བཤད་པའི་ལས་གང་ཡིན་པ་དེས་རྐང་རྗེས་ཀྱི་རྡུལ་གྱིས་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ། །ལྷ་རྣམས་ཚངས་པའི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། ན་མ་པི་ཏ་མ་ཧཱ་སྱ། ༀ་སྭ་ཡམྦྷ་བེ་ཛྭ་ལ་ཕཊ་སྭཱ་ཧཱ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་མེ་ཏོག་དང་བདུག་པ་ཡང་ཕུལ་ནས་མེ་ཏོག་དཀར་པོ་བརྒྱད་སྟོང་ གིས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན། དེ་ནས་ཚངས་པས་དམ་པ་སྦྱིན་པར་འགྱུར་རོ། །ལྷ་རྣམས་ཚངས་པ་ཆེན་པོས་བཤད་པའི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། །འཇིག་རྟེན་སྐྱོང་བ་བཞིས་བཤད་པའི་དགའ་ 100-1-212b བྱེད་གདོང་གི་ལས་ཀྱང་བཤད་པར་བྱ་སྟེ། སྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་ལ་ནི་ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་མས་ནི་ལྷ་རྣམས་སྤྱན་དྲང་ བར་བྱའོ། །སྙིང་པོས་ནི་སླར་གཏང་བར་བྱའོ། །གདོན་ཐམས་ཅད་ཀྱི་མཚམས་བཅད་པ་ནི་ཡིད་ཀྱིས་བྱ་སྟེ། དགྲོལ་བ་ཡང་ཡིད་ལ་བྱའོ། །དགྲ་གཞིག་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ། དུས་གསུམ་ དུ་ཕུབ་མའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བརྒྱད་བརྒྱ་སྦྱིན་སྲེག་བྱས་ནས་ཞག་བདུན་གྱི་ཉིན་པར་དགྲ་འཇིགས་པར་འགྱུར་རོ། །སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བདུན་ལ་བརྩམས་ཏེ། འཕགས་པ་ལག་ན་ རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་ཨརྐའི་ཤིང་གིས་མེ་སྦར་ལ་ཏིལ་ནག་པོས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱ་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཡོས་ཀྱིས་ ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བུད་མེད་དབང་དུ་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་གཏོར་བས་ཞི་བར་འགྱུར་རོ། །བཟླས་བརྗོད་བྱས་ པ་ཙམ་གྱིས་ནི་གདོན་ཐམས་ཅད་སྐྲག་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཤིང་གིས་མེ་ སྦར་ནས། ཨ་པ་ར་ཛི་ཏེ་དཀར་པོའི་མེ་ཏོག་གི་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དགའ་བྱེད་གདོང་གིས་དམ་པ་བྱིན་པར་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ། ཨ་པ་ར་ཛི་ཏའི་མེ་ ཏོག་ལན་བདུན་བཟླས་བརྗོད་བྱས་ཏེ། གདོན་གྱི་ཁ་ཟས་ཀྱི་ནང་དུ་བྱིན་ན་གདོན་ལག་པ་ཕན་ཚུན་འཆིང་བར་བྱེད་ཅིང་ཀུན་ཏུ་རྒྱུག་ཏེ་ཅི་སྒོ་བ་བཞིན་བྱེད་པར་འགྱུར་རོ། །ཆོ་ག་རྒྱས་པའི་རྒྱུད་ཕྱི་མ་དང་ 100-1-213a བཅས་པར་མཐོང་ཞིང་ལྡན་པར་དེ་ལ་ནི་གདོན་རྣམས་ཀྱང་འབྱེར་ཞིང་ལྷ་རྣམས་ཀྱང་ཡིད་དགའ་བར་འགྱུར་རོ། །གདོན་རྣམས་ཀྱིས་ཀྱང་མི་འདོད་ཅིང་མཐོང་ན་འབྱེར་བར་འགྱུར་རོ། །ལྷ་རྣམས་འདི་དག་གི་ སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། བཛྲི་མ་བཛྲི་མ་བ་ལོ་ཀ་པཱ་ལཱ་ཡ་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་ པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས། ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ནས་དགའ་བྱེད་གདོང་གིས་དམ་པ་སྦྱིན་པར་བྱེད་དོ། །རིག་སྔགས་ཐམས་ཅད་ལ་ཡང་བསྒྲུབ་པའི་ཚེ་ཐོག་མ་ཁོ་ ནར་སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱིས་མར་དང་། གུ་གུལ་གྱིས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ལ། དེ་ནས་རིག་སྔགས་བསྒྲུབ་པར་བྱའོ། །ལས་ཀྱི་འཇུག་ཏུ་ཡང་ཡུངས་ཀར་ མར་དང་སྦྱར་བས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་བྱས་ན་ལས་དེས་དྲག་ཏུ་བསྐུལ་བའི་རིག་སྔགས་ཐམས་ཅད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད་དོ། །དེ་ནས་ལྷ་དག་ལས་འདི་ཐོས་པས་ ཡིད་འཇིགས་ཤིང་སྙིང་འདར་ཏེ་ལག་ན་རྡོ་རྗེའི་ཞལ་ཏུ་བལྟའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་སེམས་རྩེ་གཅིག་ཏུ་གྱིས་ལ་ཉོན་ ཅིག །ཅི་སྟེ་དམ་ཚིག་འདི་ལས་འགལ་བར་བྱས་ཏེ། དངོས་གྲུབ་སྦྱིན་པར་མི་བྱེད་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོ་གཤག་གོ། །དེ་ནས་རྡོ་རྗེ་ཁྲོ་བོས་ཅ་ཅོའི་སྒྲ་བཏོན་ཏེ་རིག་སྔགས་ཀྱི་རྒྱལ་པོ་ཆེན་ པོ་ལག་ན་རྡོ་རྗེ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་ཏེ། 100-1-213b ཆོ་ག་རྒྱས་པ་ཆེན་པོ་རིག་པ་མཆོག་གི་རྒྱུད་ཕྱི་མ་དང་བཅས་གསང་བ་དང་བཅས་པར་བཤད་ན་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དང་གདོན་དང་དྲག་ཤུལ་ཅན་མི་རྣམས་ལ་གང་འཚེ་བ་ཡིན་པའི་གདོན་དེ་ དག་ངེས་པར་གཤིག་པའི་ཕྱིར་བཅོམ་ལྡན་འདས་ལ་འདྲི་བར་བགྱིས། བཅོམ་ལྡན་འདས་སྙིང་རྗེའི་སེམས་ཀྱིས་གདོན་རྣམས་ཀྱི་རུས་དང་རིགས་མིང་དེ་དག་བདག་ལ་གསུངས་ཤིག །དེས་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གདོན་རྣམས་ཀྱི་རུས་དང་མིང་ དྲིས་པ་ལེགས་སོ་ལེགས་སོ། །དེ་ངས་བཤད་པ་བཞིན་དུ་ཉོན་ཅིག །འཇིག་རྟེན་དག་ན་གདོན་རྣམས་ནི། །དྲག་ཅིང་སྦྱོར་བ་སྣ་ཚོགས་ཡོད། །གདོན་ཡོད་དེ་དག་ཅི་འདྲ་བ། །གོ་རིམ་བཞིན་དུ་བཤད་པར་བྱ། །གདོན་རྣམས་སྟོང་ ཕྲག་བརྒྱད་བཅུ་ནི། །མི་ཡི་འཇིག་རྟེན་དག་ན་གནས། །དེ་ལས་ས་འདིར་རྒྱུ་བ་ཡི། །གདོན་ནི་བཅྭ་བརྒྱད་ཤེས་པར་བྱ། །གདོན་རྣམས་འོང་བར་འཇུག་པ་དང་། །དེ་བཞིན་མཚན་མ་དག་དང་ནི། །གསོ་རུང་མི་རུང་དཔྱད་པ་ དང་། །གསོ་བའི་ཐབས་ནི་ཐ་དད་དང་། །རིགས་རྣམས་ལ་ནི་གང་བསྟེན་དང་། །གང་གི་རུས་ནི་གང་ཡིན་དང་། །དེ་ལས་གཞན་ཡང་བཤད་བྱ་སྟེ། །ངས་བཤད་དེ་ནི་མཉན་པར་གྱིས། །གཟུགས་ཀྱང་མེད་ ལ་དྲི་ཡང་མེད། །སྒྲ་ཡང་མེད་ཅིང་ཁྱད་པར་དུ། །མཉན་དུ་མེད་ཅིང་བལྟར་མེད་དེ། །མཚན་མ་ཙམ་ལས་ཤེས་པར་བྱ། །མེ་ལོང་དང་ནི་ཆུ་དག་ལས། །གྲིབ་མ་ཇི་ལྟར་སྣང་བ་བཞིན། །དེ་ལྟར་དེ་དག་ རྟོགས་བྱ་ཞིང་། །དེ་ལས་གདོན་རྣམས་ཤེས་པར་བྱའོ། །ཐམས་ཅད་རླུང་དང་འདྲ་བ་སྟེ། །མཐོང་བ་ཙམ་གྱིས་འཛིན་པར་བྱེད། །མཚན་མ་དང་ནི་ཚུལ་རྣམས་དང་། །སྤྱོད་པས་ཀྱང་ནི་རྟོགས་པར་ 100-1-214a བྱ། །གདོན་རྣམས་ལུས་ལ་ཞུགས་ན་ནི། །མི་ལས་མི་མ་ཡིན་པར་བྱེད། །གྲིབ་མ་དང་ནི་འགྲོས་དང་མདོག །དེ་བཞིན་ང་རོ་འགྱུར་བར་བྱེད། །གདོན་རྣམས་རིགས་བཞི་ཡན་ལག་བཞི། ། རྣམ་པ་བཞི་ཡོད་ཤེས་པར་བྱ། །རིགས་བཞི་དག་ལ་སྤྱོད་པ་ཡང་། །མདོར་ན་དེ་དག་ཤེས་པར་བྱ། །རླུང་ཅན་གྱིས་ནི་རླུང་ཅན་འཛིན། །དེ་དག་གིས་ནི་མིང་དང་གཟུགས། །སོ་སོར་ཡང་ནི་ བཤད་བྱ་སྟེ། །གཅིག་ནི་ལྷ་གདོན་ཤེས་པར་བྱ། །གཅིག་ནི་འབྱུང་པོའི་གདོན་ཡིན་ཏེ། །དེ་བཞིན་གཅིག་ནི་དྲི་ཟ་ཉིད། །གཅིག་ནི་གནོད་སྦྱིན་གདོན་ཡིན་ཏེ། །གཅིག་ནི་སྲིན་པོར་ཤེས་པར་བྱ། ། ཤ་ཟའི་གདོན་ནི་རྣམ་གསུམ་དང་། །ཀླུ་ཡི་གདོན་ནི་ཤེས་པར་བྱ། །ཚངས་པའི་སྲིན་པོ་ཉིད་དང་ནི། །ལོག་འདྲེན་གདོན་ནི་ཤེས་པར་བྱ། །དེ་བཞིན་བརྗེད་བྱེད་གདོན་དག་དང་། །གཞོན་ནུའི་གདོན་ནི་ རྣམ་བཞིར་ཤེས། །གཅིག་ནི་སྨྱོ་བྱེད་ཉིད་ཡིན་ཏེ། །ལྷ་མིན་གདོན་ནི་ཤེས་པར་བྱ། །དེ་ལྟར་གདོན་རྣམས་བཅྭ་བརྒྱད་དེ། །གང་གིས་ཚེ་ན་གང་རྒྱུ་དང་། །གང་གི་དུས་ནི་གང་ཡིན་དང་། ། གང་གི་མདོག་ནི་ཅི་འདྲ་བ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །གདོན་རྣམས་བཅྭ་བརྒྱད་གང་ཡིན་པ། །དུས་ཚྀགས་དག་ཏུ་འཛིན་བྱེད་དེ། །ལོ་གྲངས་བཅུ་གཉིས་ལོན་པ་ཡི། །གདོན་རྣམས་ གསོ་རུ་རུང་བར་བཤད། །དེ་ལས་འདས་པར་གནས་པ་ཡི། །གསོ་རུང་རུང་བ་མ་ཡིན་ནོ། །དེ་ལས་གཞན་ཡང་མཚན་རྣམས་ཀྱིས། །ཁྱད་པར་དག་ཀྱང་བཤད་པར་བྱ། །ལྷ་གདོན་ཤེས་པར་བྱ་བ་ལ། ། དེ་ནི་གཏོར་མ་འདོད་པ་སྟེ། །རིགས་བཞི་སོ་སོར་རྒྱུ་བར་བྱེད། །གཙང་ཞིང་གཙང་སྦྲ་སྤྱོད་པ་དང་། །དཀའ་ཐུབ་གནོད་པ་མཐར་ཕྱིན་དང་། །ཚུལ་ཁྲིམས་ལྡན་པའི་མི་དག་ལ། །ལྷའི་གདོན་ནི་ 100-1-214b འཛིན་པར་བྱེད། །ལྷ་ཡི་གདོན་གྱིས་ཟིན་པ་ནི། །ཤེས་པས་ལེགས་པར་རྟོགས་བྱ་སྟེ། །དགའ་བར་མི་འགྱུར་འཁྲུག་མི་འགྱུར། །ཁ་ཟས་ལ་ཡང་མི་སེམས་ལ། །ཅུང་ཟད་ཀྱང་ནི་སྨྲ་མི་བྱེད། ། དེ་ནི་གཉིད་ཀྱང་མི་ལོག་སྟེ། །ཕྱིས་ས་དང་ནི་བཅིན་དག་ཀྱང་། །རང་དགར་འབྱུང་བར་མི་འགྱུར་ལ། །ཁྲུས་བྱས་ཁྲུས་མ་བྱས་ཀྱང་རུང་། །དྲི་བསང་མང་པོའི་ངད་ལྡན་ཞིང་། །དེ་ཡི་གདོང་ནི་པད་མ་བཞིན། ། ལེགས་པར་བྱས་པར་འགྱུར་བ་སྟེ། །གང་ལ་ཚུལ་ནི་འདི་དག་ཡོད། །དེ་ནི་ལྷ་ཡི་གདོན་དུ་བཤད། །གང་གིས་བདེ་བར་འགྱུར་བ་ཡི། །གཏོར་མའི་ཆོ་ག་འདི་དག་བྱ། །མེ་ཏོག་དྲི་དང་མེ་ཏོག་ཕྲེང་། །མར་མེ་ཡང་ནི་དེ་ལ་སྦྱིན། །པད་མ་ ཨུཏྤལ་པུ་ཤེལ་ཙི། །ཆང་དང་འབྲས་ཆན་སྦྱིན་དུ་གཞུག །གདུགས་དཀར་དག་བྱེད་སྲད་བུ་དང་། །དེ་བཞིན་མེ་ཏོག་ཕྲེང་དཀར་དག །དེ་ནི་ལྷ་ཡི་གནས་ཀྱང་རུང་། །ལམ་གྱི་བཞི་མདོར་སྦྱིན་པར་བྱ། །གཏོར་མའི་ལས་ ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏང་འགྱུར་བ། །འདི་ནི་དེ་ལ་སྦྱར་བར་བགྱི། །ན་ག་ཏ་མ་ཤྲ་ཤ་ཡི། །མེ་ཏོག་རྩ་བ་ འབྲས་བུ་དང་། །ཤུན་ལྤགས་དང་ནི་དེ་བཞིན་དུ། །ཤུ་དག་དཀར་པོ་ཡུངས་ཀར་དང་། །ཚོགས་རྣམས་དེ་དག་སོགས་ནས་ཀྱང་། །མེ་ནི་ཆུང་ངུས་བྱས་པ་ལ། །མར་ནི་ཕུལ་བཞིའི་ནང་དུ་གཙོ། ། དེ་ནས་དེ་ལ་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་ འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །ལས་འདི་ཡང་ནི་ལེགས་པར་བརྩམ། །རྒྱལ་བའི་བློ་གྲོས་མ་སྔགས་ཀྱིས། །དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་ 100-1-215a བརྙན་བྱས་ལ་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས་མདུན་དུ་གཟུགས་བརྙན་མཚོན་རྣོན་པོས་བཅད་ནས་གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །ཅི་སྟེ་དེ་ལྟར་བྱས་ཀྱང་མ་བྲོས་ན་ རྒྱལ་བའི་བློ་གྲོས་མས་ལན་ཚྭ་དང་སྐེ་ཚེ་ལན་བརྒྱད་བརྒྱས་བྱས་ན་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །ལྷའི་གདོན་གྱི་སྐབས་རྫོགས་སྷོ།། །། སྔར་བཤད་པ་ནི་གང་ཡིན་པའི། །འབྱུང་པོའི་གདོན་ཡང་ཤེས་པར་བྱ། །བྲམ་ཟེ་དང་ནི་རྒྱལ་རིགས་ལ། །འཛིན་པར་བྱེད་དེ་དེ་བཞིན་དུ། །དེ་ནི་གཏོར་མ་འདོད་ཕྱིར་རྒྱུ། །དེ་ཡི་ཚུལ་རྣམས་ ང་ལ་ཉོན། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །གཟུགས་བཟང་བ་ཡི་མི་རྣམས་ལ། །འབྱུང་པོའི་གདོན་ནི་འཛིན་པར་བྱེད། །དེ་ཡི་ཚུལ་རྣམས་ང་ལས་ཉོན། །ཚེས་གྲངས་བཅུ་གསུམ་ བཅུ་བཞི་འང་རུང་། །གཉིས་གའི་ཕྱོགས་ལ་འང་དེ་བཞིན་ཏེ། །བཅུ་བཞི་ལ་ནི་བརྟག་པ་ཡིན། །དགའ་སྟོན་དག་དང་འདུས་པ་དང་། །ལྷ་རྣམས་ཀྱི་ནི་གནས་དག་དང་། །སྐབས་འདི་ དག་ཏུ་གཟུགས་བཟང་བའི། །མི་རྣམས་ལ་ནི་འཛིན་པར་བྱེད། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །དཀའ་ཐུབ་གདོན་པ་མཐར་ཕྱིན་དང་། །རྟག་ཏུ་གོས་དཀར་གྱོན་པ་དང་། །སྨྱུང་བ་དགའ་ བ་དེ་བཞིན་ནོ། །འབྱུང་པོའི་གདོན་གྱིས་ཟིན་པ་ཡི། །ཚུལ་འདི་དག་ནི་ང་ལས་ཉོན། །སེམས་པ་དང་ནི་རྒོད་པ་དང་། །ནམ་མཁའ་ལ་ནི་ལྟ་བར་བྱེད། །མདོག་ཀྱང་ནམ་མཁའ་འདྲ་བར་ འགྱུར། །གསེར་གྱི་མདོག་ལྟར་མཛེས་པ་སྟེ། །ཟས་དང་སྐོམ་ལ་དགའ་བ་དང་། །ལྷ་དང་བྲམ་ཟེ་མཆོད་ལ་དགའ། །འབྱུང་པོའི་གདོན་གྱིས་ཟིན་པ་ཡི། །མཚན་མ་ཡང་ནི་དེ་དག་ཡིན། ། 100-1-215b དེ་ནི་གང་གིས་བདེར་འགྱུར་བའི། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །ཤ་བཙོས་རྗེན་པ་དེ་བཞིན་ཏེ། །མེ་ཏོག་དྲི་དང་གཏོར་མ་དང་། །མེ་ཏོག་ཕྲེང་བ་སྣ་ ཚོགས་པ། །གཏོར་མ་དེ་དག་བསྡུས་ནས་ནི། །ལྷོ་ཕྱོགས་སུ་ཡང་སྦྱིན་པར་བྱ། །རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ཀྱང་། །སྲེག་བླུགས་གསུམ་དང་བདུན་པ་དབུལ། །གཏོར་མའི་ལས་ནི་འདི་ཉིད་ ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱོར་བར་བྱ། །གན་ད་མ་ལ་དུམ་བི་དང་། ། བ་ལ་ཨ་ཏི་བ་ལ་དང་། །པུ་ཤེལ་ཙི་དང་ཐལ་ཏྲེས་དང་། །ཤུ་ག་ན་ས་སྒོག་པ་དང་། །ཚོགས་རྣམས་དེ་དག་བསགས་ནས་ནི། །མར་ནི་ཕུལ་གང་བཞི་དག་དང་། །བ་བཅིན་ཕུལ་བཞིའི་ནང་དུ་བཙོ། ། མེ་ནི་ཆུང་ངུས་བཙོ་བར་བྱ། །དེ་ནས་དེ་དག་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་གྱུར་ནས། །འབྱུང་པོ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ལས་བརྩམས་ཏེ། དཀྱིལ་འཁོར་བྲིས་ནས་ལན་ཚྭ་དང་། སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན། གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །འབྱུང་པོའི་གདོན་གྱི་སྐབས་རྫོགས་སྷོ།། །། སྔར་བཤད་པ་ནི་གང་ཡིན་པའི། །དྲི་ཟའི་གདོན་ཡང་ཤེས་པར་བྱ། །བྲམ་ཟེ་རྒྱལ་རིགས་འཛིན་པར་བྱེད། །ཡར་གྱི་ངོ་ཡི་ཚེས་བཅུ་གཉིས། །མར་གྱི་ངོ་ཡང་དེ་བཞིན་ཏེ། །དྲྀ་ཟ་རྟག་ཏུ་རྒྱུ་བར་ 100-1-216a བྱེད། །ལྷག་མའི་དུས་སུ་འཚེ་མི་བྱེད། །གཏོར་མ་འདོད་ཅིང་ཞི་བ་དགའ། །གདོན་དེ་དགའ་བ་འདོད་པ་སྟེ། །གླུ་ལ་དགའ་ཞིང་དགའ་ལ་སྲེད། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། ། གཟུགས་བཟང་བའི་མི་དག་ལ། །དྲི་ཟ་དག་ནི་སྟེན་པར་བྱེད། །དེ་ཡི་ཚུལ་ནི་ང་ལ་ཉོན། །གླུ་ལེན་ཅིང་ནི་གར་བྱེད་ཅིང་། །ཁ་ནས་རོལ་མོའི་སྒྲ་ཡང་འབྱིན། །ཟས་དང་སྐོམ་ལ་དགའ་བར་བྱེད། ། དེ་བཞིན་ཁྲུས་དང་ཕྲེང་ལ་དགའ། །རྒྱན་དང་གཏམ་གྱི་ཚུལ་ལ་དགའ། །ཆགས་ཤིང་དྲི་ཞིམ་ངད་ཀྱང་ལྡང་། །དྲི་ཟ་ཡིས་ནི་ཟིན་པ་ཡི། །མཚན་མ་རྣམས་ནི་དེ་དག་ཡིན། །གང་གིས་དེས་ནི་བདེར་ འགྱུར་བ། །གསོ་བའི་ཐབས་ཀྱང་བསྟན་པར་བྱ། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །དགའ་བཞིན་པས་ནི་གསོ་བར་བྱ། །མེ་ཏོག་ཕྲེང་དམར་དེ་བཞིན་ཏེ། །འབྲས་ཆན་དམར་པོ་འང་དེ་ བཞིན་ཏེ། །བ་དན་དམར་པོ་སྦྱིན་པར་བྱེད། །ཙན་དན་དམར་པོ་ཉིད་དག་དང་། །སྐུད་པ་དམར་པོ་དག་དང་ནི། །དེ་དག་ཐམས་ཅད་སྦྱིན་པར་བྱ། །ནད་པ་གོས་དམར་བསྐོན་བྱས་ལ། །མེ་ཏོག་ ཕྲེང་མར་བྱུགས་པར་ལྡན། །མེ་ཏོག་ཕྲེང་མར་ལུས་བསྐུས་པའི། །དགེ་སློང་བྲམ་ཟེ་བཀྲ་ཤིས་གདོན། །ཁ་ཟས་དམར་པོ་བྱིན་ནས་ཀྱང་། །དེ་ནས་ནུབ་མོ་གཏོར་མ་སྦྱིན། །གཏོར་མའི་ ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །གསོད་དང་ ཚ་བ་གསུམ་པོ་དང་། །སེང་ལྡེང་གི་ནི་སྙིང་པོ་དང་། །རྩ་བ་ལྔ་པ་གཉིས་ཀྱང་འཇུག །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །དེ་ནས་ཚོགས་རྣམས་བསོགས་ནས་ཀྱང་། །མར་ནི་ཕུལ་ 100-1-216b ཏག་བཞི་དག་དང་། །བ་བཅིན་བཞི་ཆས་བཙོ་བྱ་ཞིང་། །མེ་ནི་ཆུང་ངུས་བཙོ་བར་བྱ། །དེ་ནས་དེ་ལ་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་ འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་ གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་མ་འམ། ཡང་ན་བདུད་རྩི་ཐབས་སྦྱོར་གྱིས་ནིམ་བའི་ཡམ་སྲེག་ཤིང་དུག་དང་ཁྲག་གི་ནང་དུ་བསྙུགས་པ་བརྒྱད་ སྟོང་སྦྱིན་སྲེག་བྱས་ན། དེ་ནས་གདོན་ངུ་ཞིང་འབྲོས་པར་འགྱུར་ཏེ་གདོན་རྣམ་པ་གསུམ་པོ་འདྀ་དག་གང་གིས་མགོ་གས་ནས་འབྲོས་པར་འགྱུར་བའི་ངོ་ལོན་རྣམ་པ་སྣ་ཚོགས་ཀྱི་གཞིག་པར་བྱའོ། །གདོན་ བཅྭ་བརྒྱད་ལས་ཀྱང་དེ་བཞིན་དུ་གསོ་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་སྔགས་ནི་ཕོ་ཉ་མོ་རྡོ་རྗེ་མའི་སྔགས་ཏེ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ་ཛི་ཛི་རུ་རུ། ཁུ་རི་བི་ཁུ་རི། ཏིཥྛ་ཏིཥྛ། པཱ་ལ་ཡཱ། ཡཏྟ་ཏ། བཛྲ་པཱ་ཎི་སྱ། ཨ་གྲ་ཏོ་བ་ཤི། ཧ་ན་ཧ་ན། སྨ་ར་སྨ་ར། བནྡྷ་བནྡྷ། སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿབཛྲ་ཀྲོ་དྷཱ་ ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ་སྭཱ་ཧཱ། དྲི་ཟའི་གདོན་གྱི་སྐབས་རྫོགས་སྷོ།། །། སྔར་བཤད་གང་ཡིན་ཚངས་པ་ཡི། །སྲིན་པོའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་སྟོབས་པོ་ཆེ། །ལྕི་ལ་ཚུགས་པར་དཀའ་བ་སྟེ། །ཡར་གྱི་ངོ་ཡི་ཚེས་བརྒྱད་དང་། ། 100-1-217a ཟླ་བ་ཉ་ལ་འཛིན་པར་བྱེད། །གདོན་དང་དཀའ་ཐུབ་ལྡན་པ་དང་། །ཚངས་པར་སྤྱོད་ལ་གནས་པ་ལ། །ཚངས་པའི་སྲིན་པོ་འཛིན་པར་བྱེད། །ལྷ་ལ་འདྲན་ཏོར་བྱེད་པ་དང་། ། གང་ཞིག་སྙིང་ནི་སྡང་བ་དང་། །བྲམ་ཟེ་མ་ཡིན་བྲམ་ཟེར་སྨྲ། །བྲམ་ཟེ་གང་དག་གཙང་སྦྲ་ཉམས། །དཔའ་བོ་གང་དག་འདྲན་ཏོར་བྱེད། །ལྷ་གནས་དག་ཏུ་གར་རྩེ་ཞིང་། །ཚངས་པར་སྤྱོད་ ལས་ཉམས་གྱུར་པ། །དེ་ལ་ཚངས་པའི་སྲིན་པོ་འཚེ། །དེ་ཡི་ཚུལ་ནི་ང་ལ་ཉོན། །གཤེ་ཞིང་འགྱོད་པར་བྱེད་པ་དང་། །གར་ཡང་བྱེད་ཅིང་གདོན་པར་བྱེད། །སྒྲགས་པར་མི་འགྱུར་ སྨྲ་མི་བྱེད། །ལྷ་རྣམས་ལ་ཡང་མཆོད་བྱེད་ཅིང་། །བྲམ་ཟེ་མཐོང་ན་མཆོད་པར་བྱེད། །རྡོ་བ་དག་དང་ཤིང་དག་དང་། །དེ་བཞིན་ལག་པ་རྐང་པ་ཡིས། །རང་གི་ལུས་ལ་གནོད་པར་ བྱེད། །ཚངས་པའི་སྲིན་པོས་ཟིན་པ་ནི། །སྙན་ཚིག་རིག་བྱེད་ལྷུར་ལེན་ཅིང་། །ངེས་བརྗོད་རིག་བྱེད་རྗོད་པར་བྱེད། །བསྟན་བཅོས་ཀུན་ལ་མཁས་པ་སྟེ། །དྲི་བ་དག་ ཀྱང་འདྲི་བར་བྱེད། །སྔགས་འཆང་ལ་ནི་བརྙས་པར་བྱེད། །རྒོད་ཅིང་རབ་ཏུ་རྒྱུག་པར་བྱེད། །ཚངས་པའི་སྲིན་པོས་ཟིན་པ་ཡི། །མཚན་མ་ཡང་ནི་དེ་དག་ཡིན། །གང་གིས་ གདོན་དེ་གཏོང་འགྱུར་བ། །དེ་ཡི་གཏོར་མ་བཤད་པར་བྱ། །ནས་ནི་བྲེ་གསུམ་བཙོས་པ་དང་། །དེ་བཞིན་ཁུར་བ་ཏིལ་ཟན་དང་། །མེ་ཏོག་ཕྲེང་དམར་བདུག་པ་དང་། །ཤིང་ཐོག་ རྣམ་པ་སྣ་ཚོགས་དག །ཏིལ་ནག་དེ་བཞིན་འབྲས་ཡོས་དང་། །དེ་བཞིན་ཞོ་དང་འོ་མ་དང་། །གང་བའི་སྣོད་དང་དེ་བཞིན་བདུགས། །དེ་ཡི་བྱུག་པ་ཤུ་དག་སྟེ། །ཁྲུས་བྱས་བསྒྲིམས་ 100-1-217b ཏེ་གཙང་བྱས་པས། །ལྷོ་ཕྱོགས་སུ་ནི་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་ནི་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གདོན་དེ་མྱུར་དུ་གཏོང་ བ་ཡི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ནག་ཏ་མ་ལ་ཤྲི་ཤ་ཡི། །འབྲས་བུ་རྩ་བ་ཤུན་ལྤགས་དང་། །དེ་བཞིན་མེ་ཏོག་ཐམས་ཅད་དང་། །པ་ཏ་ལི་དང་ཨ་ཤ་ན། །བིལ་བའི་ རྩ་བ་གཞུག་པར་བྱ། །དུག་མོ་ཡུངས་ཀྱང་དེ་བཞིན་ཏེ། །ཐང་ཤིང་དང་ནི་བིལ་བ་དང་། །དེ་བཞིན་ཚ་བ་གསུམ་པོ་དང་། །རྩ་བ་ལྔ་པ་གཉིས་ཀྱང་གཞུག །སྒོག་སྐྱ་དང་ནི་ཕུལ་བདུན་ མར། །བ་བཅིན་ཀྱང་ནི་ཉི་ཤུ་དང་། །སེང་ལྡེང་ཤུན་ལྤགས་བཤུས་པ་ནི། །སྲང་གྲངས་ཉི་ཤུ་རྩ་བཞི་དང་། །འདི་དག་ཐམས་ཅད་བསྲེས་པ་ནི། །མེ་ཆུང་གིས་ནི་དལ་ནས་བཙོ། །དེ་ནས་ དེ་ལ་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པར་གཟིར་བ་དང་། །མར་འཐུངས་པས་ཀྱང་ འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེ་ནས་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །དཀྱིལ་འཁོར་ བཟླུམ་པོ་བྲིས་ནས་ཀྱང་། །དེར་ནི་གདོན་ཡང་དགུག་པར་བྱ། །གང་གིས་གདོན་དེ་གཏོང་འགྱུར་བའི། །ངོ་ལོན་དག་ནི་དེར་བྱ་སྟེ། །རིག་པའི་མཆོག་གམ་ཡང་ན་ནི། །དགའ་བྱེད་གདོན་གྱིས་གཞོམ་པར་བྱ། །གང་གིས་གདོན་དེ་གཏོང་འགྱུར་ བའི། །སྔགས་གཞན་གྱིས་ཀྱང་ཡང་ན་གཞོམ། །ཚངས་པའི་སྲིན་པོའི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །སྲིན་པོའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་ 100-1-218a པར་དཀའ་བ་སྟེ། །མར་གྱི་ངོ་ནི་ཞག་བརྒྱད་དང་། །མར་གྱི་ངོ་ནི་བཅུ་བཞི་ལ། །མི་ནི་གཏུམ་ཞིང་གཟུ་ལུམས་ཅན། །སྤྱི་བརྟོལ་ཅན་ནི་གང་ཡིན་དང་། །བརླང་ཞིང་ཐབ་ལ་སྲེད་པ་དང་། །རྟག་ཏུ་ཚིག་ནི་རྩུབ་པོར་སྨྲ། །དེ་ལ་སྲིན་པོ་བསྟེན་ པར་བྱེད། །སྲིན་པོས་ཟིན་པ་དེ་ཡི་ནི། །མཚན་མ་རྣམས་ཀྱང་ཤེས་པར་བྱ། །སྐད་ཅིག་གིས་ནི་ངུ་བར་བྱེད། །དགའ་ཞིང་གླུ་ཡང་ལེན་པར་བྱེད། །དོན་དང་ལྡན་པའི་ཚིག་སྨྲ་ཞིང་། །དོན་མེད་པ་ཡི་ཚིག་ཀྱང་སྨྲ། །ཟས་དང་སྐོམ་ལ་དགའ་བ་དང་། ། དེ་བཞིན་མེ་ནི་ཤ་ལ་སྲེད། །གཤེ་བར་བྱེད་ཅིང་རྨུགས་པར་བྱེད། །དེ་བཞིན་ཟན་ཟ་གླུ་ཡང་ལེན། །མི་ནི་གློ་བུར་དག་ཏུ་ལེན། །ལག་པས་ས་ལ་རྐོ་བར་བྱེད། །སྲིན་པོའི་གདོན་གྱིས་ཟིན་པ་ཡི། །མཚན་མ་རྣམས་ནི་དེ་ཡིན་ཏེ། །གང་གིས་ གདོན་དེ་གཏོང་འགྱུར་ཏེ། །དེ་ཡི་ངོ་ལོན་བཤད་པར་བྱ། །ཁུ་བ་ཟས་དང་དེ་བཞིན་དྲི། །དེ་བཞིན་ཤ་བཙོས་རྗེན་པ་དང་། །ཟས་དང་སྐོམ་དང་ཏིལ་ཟིན་རྣམས། །སྡིག་མེད་ཁྲག་གིས་གཏོར་བ་དང་། །དྲི་ཞིམ་པ་ཡི་མེ་ཏོག་རྣམས། །ཁ་དོག་སྣ་ ཚོགས་རྣམས་ཀྱིས་བསྲེག །དེ་ནས་ཁྲུས་བྱས་གཙང་གྱུར་པའི། །དགེ་སློང་བྲམ་ཟེ་བཀྲ་ཤིས་གདོན། །ལྷོ་ཕྱོགས་དང་ནི་ནུབ་ཕྱོགས་སུ། །གཏོར་མ་དེ་དག་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། ། ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་བཤད་པར་བྱ། །དུག་མོ་ཡུངས་དང་ཤ་རི་ཤ །ནག་ཏ་མའི་ལོ་མ་དང་། །རྩ་བ་འབྲས་བུ་ཤུན་ལྤགས་དང་། །མེ་ཏོག་སྐམ་པོ་རྣམས་དང་ནི། །པ་ཏ་ལི་ དང་ཀ་ཏ་པི། །ཚ་བ་གསུམ་པོ་རྣམས་དང་ནི། །སྐྱུ་རུ་ར་ཡི་འབྲས་བུ་དང་། །ལང་ཏང་རྩ་བ་འང་གཞུག་པར་བྱ། །སྒོ་སྐྱ་དང་ནི་ཤིང་ཀུན་དང་། །དེ་བཞིན་རྒྱམ་ཚ་ཡུངས་ཀར་རྣམས། །དེ་དག་ཆ་ནི་མཉམ་བྱ་ལ། །ར་གཅིན་དང་ནི་བཏག་པར་བྱ། ། མར་ནི་ཕུལ་བཞི་ལྡན་པ་དང་། །བ་གཅིན་དག་ནི་བཞི་འགྱུར་དང་། །མེ་ནི་ཆུང་ངུས་དལ་ནས་བཙོ། །དེ་ནས་དེ་ལ་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་ 100-1-218b པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །སྔགས་དང་སྦྱིན་སྲེག་སྣ་ ཚོགས་ཀྱིས། །དེ་ཡི་ངོ་ལོན་བྱ་བ་སྟེ། །ལྷ་མིན་གཡུལ་དུ་འཇོམས་པ་ལྟར། །རྡོ་རྗེ་མས་ཀྱང་གཞོམ་པར་བྱ། །རྡོ་རྗེ་མས་ནི་འཇིགས་སྐྲག་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །སྲིན་པོའི་གདོན་གྱི་སྐབས་རྫོགས་སྷོ།། །། སྔར་བཤད་པ་ནི་གང་ཡིན་པའི། །ཤ་ཟའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་པར་བཀའ་བ་སྟེ། །མི་རྣམས་ང་རྒྱལ་ཅན་དག་དང་། །ཕྲ་མ་ཅན་དང་བརྐམ་པ་དང་། །བདག་གི་ཕྱོགས་ནི་འཇོམས་བྱེད་ དང་། །གཞན་ནོར་འཕྲོག་པ་འཛིན་པར་བྱེད། །ཚེས་གཉིས་དང་ནི་ཚེས་གསུམ་དང་། །དེ་བཞིན་བརྒྱད་དང་བཅུ་བཞི་དང་། །ཚེས་གསུམ་ལ་ནི་རྟག་ཏུ་རྒྱུ། །ཤ་ཟ་ཡིས་ནི་ཟིན་པ་ཡི། །མཚན་མ་དག་ཀྱང་ཤེས་པར་བྱ། །ཚེས་གཉིས་ལ་ནི་ གང་རྒྱུ་བ། །དེ་ཡི་ཚུལ་རྣམས་ང་ལས་ཉོན། །སྐྱེས་པ་ཡི་ནི་མདོག་དང་ལྡན། །ཚིལ་དང་རུལ་པའི་དྲི་མནམ་ཞིང་། །སྐྱེ་བོ་མཐོང་ན་རྒོད་པར་བྱེད། །དྲག་ཏུ་ཡང་ནི་གཤེ་བ་དང་། །ཕྱི་སའི་དྲི་དང་ལྡན་པ་དང་། །དེ་བཞིན་ཁྲག་གི་སླི་ཡང་ མནན། །གང་མ་ཤེས་བྱའི་ཤ་ཟ་ཡིན། །གཉིས་པའི་མཚན་ཡང་ང་ལས་ཉོན། །ལུས་ཀུན་ཡང་ནི་འདར་བ་སྟེ། །སྐད་ཅིག་རེ་རེར་རབ་ཏུ་རྒྱུག །ངུ་ཞིང་གླུ་ཡང་ལེན་པར་བྱེད། །སྐད་ཅིག་རེ་རེར་གར་ཡང་བྱེད། །ཁང་ སྟོང་དག་ཏུ་བསྟེན་པ་དང་། །དེ་བཞིན་སྐྱེ་བོ་འཇིགས་པར་བྱེད། །ཟས་དང་སྐོམ་ལ་དགའ་བ་དང་། །དེ་བཞིན་ཤ་དང་ཆང་ལ་དགའ། །སྤྲུལ་པ་ཞེས་བྱ་ཤ་ཟ་ཡིན། །གསུམ་པའི་མཚན་མ་འང་ང་ལས་ཉོན། །ནད་པ་ དག་གི་མིག་ཀྱང་ནི། །ནམ་མཁའ་ལ་ཡང་ལྟ་བར་བྱེད། །ཁ་ཟས་བྱིན་པ་རྣམས་དང་ནི། །གནས་དང་གནས་མིན་རྣམས་སུ་འདོར། །དེ་ནི་ཤ་དང་ཆང་དག་གི། །ཇི་ལྟར་བྱས་ཀྱང་ཆོག་མི་ཤེས། །ཐབ་ཁུང་དག་ཏུ་ 100-1-219a ཉལ་བར་བྱེད། །ཚུལ་ཡང་མེད་ཅིང་ལྟོ་ཆེ་ལ། །རྟག་ཏུ་ཕྱི་བ་རེག་པར་བྱེད། །བུད་མེད་ལམ་དུ་འགོག་པར་བྱེད། །ཤ་ཟ་གཟུ་ལུམས་ཅན་ཞེས་བྱ། །གསུམ་པ་ཡང་ནི་བཤད་པ་ཡིན། །དེ་ནི་གང་གིས་བདེར་ འགྱུར་བའི། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །ཏིལ་ཟན་ལ་ཕུག་སྒོག་སྐྱ་དང་། །ཏིལ་གྱི་ཚིགས་མ་ནས་ཀྱི་ཟས། །ཞོ་དང་ཤ་བཙོས་རྗེན་པ་དང་། །བཏུང་བ་དང་ནི་དེ་བཞིན་ཟས། །དེ་ཡི་གཏོར་མ་སྨན་པས་བླངས། ། ནུབ་ཕྱོགས་སུ་ནི་རང་བཞིན་སྦྱིན། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གང་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱིན་པར་བྱ། །པྲི་ཡང་ཀུ་ཡི་ མེ་ཏོག་དང་། །ཚ་བ་འདི་ཡང་དེ་བཞིན་ཏེ། །འབྲས་བུ་གསུམ་དང་སྒོག་སྐྱའང་གཞུག །ཤུ་དག་དང་ནི་ཤིང་ཀུན་དང་། །ཕ་ལ་ཏ་དང་བཅས་པར་གཞུག །ཀ་ཏ་བ་ཀའང་དེ་བཞིན་ཏེ། །ཤྲྀ་རྀ་ཤ་ཡི་མེ་ཏོག་དང་། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་ནི་ཕུལ་བཞིར་ ལྡན་པ་དང་། །བ་གཅིན་དག་ནི་བཞི་གྱུར་ནང་། །མེ་ནི་ཆུང་ངུས་དལ་ནས་བཙོ། །མིག་ཀྱང་བསྐུས་ཤིང་སྣར་ཡང་བླུགས། །དེ་བཞིན་དུ་ནི་མར་ཀྱང་བཏུང་། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་ པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །སེམས་ ཅན་རྣམས་ལ་ཕན་འདོད་པས། །དཀྱིལ་འཁོར་དུ་ནི་ལེགས་པར་གཞུག །འཇིགས་པའི་ཕྱག་རྒྱ་སྦྱིན་སྲེག་ལས། །ནག་མོ་ཡིས་ནི་མྱུར་དུ་གཞོམ། །སྦྱིན་སྲེག་ལས་ཀྱིས་འཇིགས་སྐྲག་ནས། །གདོན་དེ་རབ་ཏུ་འབྲོས་ པར་འགྱུར། །ཤ་ཟའི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །ཀླུ་ཡི་གདོན་ཡང་བཤད་པར་བྱ། །གཏུམ་ཞིང་སྟོབས་ཆེ་ཁྲོ་བ་དང་། །དྲག་ཅིང་སོས་ཀྱང་འདེབས་པར་བྱེད། །འཇོམས་པར་ 100-1-219b བྱེད་ཅིང་སེམས་ཅན་འཚེ། །ཡར་ངོ་གཉིས་ཀྱི་ཚེས་ལྔ་དང་། །དེ་བཞིན་མར་གྱི་ཚེས་བདུན་དང་། །དུས་ཚིགས་ཀུན་དང་གུང་གི་ཚེ། །དད་པ་ཅན་གྱི་བྲམ་ཟེ་ལ། །ཀླུ་དབང་གདོན་ནི་རྒྱུ་བར་བྱེད། །གདོན་གྱིས་ཟིན་པ་འདར་བ་དང་། ། འཁོར་ཞིང་ས་ལ་འགྱེལ་བར་འགྱུར། །ཧ་རེར་ཡང་ནི་བལྟ་བ་དང་། །མིག་ཀྱང་དམར་བར་འགྱུར་བ་དང་། །ལྕེ་ཡང་འབྱིན་པར་བྱེད་པ་དང་། །ཡང་དང་ཡང་དུ་དབུགས་ཀྱང་གཏོང་། །འབྲས་བུ་མེ་ཏོག་ཕྲེང་བ་དགའ། །དེ་བཞིན་འོ་མ་ མར་ལ་དགའ། །རྟག་ཏུ་ཡང་ནི་ཁྲོ་བར་འགྱུར། །སོ་ཡང་འཐམས་པར་འགྱུར་བ་སྟེ། །གང་གི་མཚན་མ་དེ་དག་ནི། །ཀླུ་ཡི་གདོན་དུ་བཤད་པ་ཡིན། །དེ་ནི་གང་གི་བདེར་འགྱུར་བའི། །གསོ་བའི་ཐབས་ཀྱང་བསྟན་པར་བྱ། །རིག་སྔགས་ འཆང་གིས་ཁྲུས་བྱས་ལ། །གཙང་ཞིང་ཡིད་ནི་དགེ་བ་ཡིས། །བསྒྲིམས་ཏེ་གཏོར་མ་སྦྱིན་པར་བྱ། །བཀྲ་ཤིས་འབྲས་ཡོས་བུ་རམ་དང་། །སྣུམ་ཁུར་འབྲས་ཅན་བུ་རམ་སྦྱར། །པད་མ་ཨུཏྤལ་པུ་ཤེལ་ཙི། །དེ་བཞིན་ཨུཏྤལ་དམར་པོ་དང་། ། ཟས་མཆོག་དག་ནི་འོ་མ་ཞོ། །ས་ནག་ཀྱང་ནི་དེ་བཞིན་ཏེ། །མེ་ཏོག་ཕྲེང་མང་བདུག་པ་དང་། །ཀླུ་ཡི་མེ་ཏོག་སྦྱིན་པར་བྱ། །དྲི་མར་དག་ནི་དེ་བཞིན་ཏེ། །སྐུད་པ་དམར་པོ་སྦྱིན་པར་བྱ། །གུ་གུལ་དང་ནི་ཐང་ཤིང་གི། །བདུག་པ་དེ་ལ་སྦྱིན་པར་བྱ། ། བྱང་ཕྱོགས་དང་ནི་ཤར་ཕྱོགས་སུ། །གཏོར་མ་སྲོད་ལ་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ ནི་སྦྱིན་པར་བྱ། །ལིག་བུ་མིག་ནི་ཆུ་གྲང་དང་། །བཏགས་ནས་མིག་བསྐུ་ཡང་ན་བླུགས། །ཤྭེ་ཏ་བ་ལ་གསེར་ཕྲོམ་དང་། །རྒྱ་སྤོས་དང་ནི་ཡུངས་ཀར་དང་། །ནག་ཏ་མ་ལ་ཏུཾ་ཕྱི་དང་། །ཐང་ཤིང་དང་ནི་རྣམ་པ་བདུན། །ཚོགས་རྣམས་ དེ་དག་བསོགས་ནས་ནི། །མེ་ནི་ཆུང་ངུས་བཙོ་བྱ་ཞིང་། །མར་ནི་ཕུལ་ཏག་བཞི་དག་དང་། །བ་གཅིན་ཕུལ་བཞིའི་ནང་དུ་བཙོ། །དེ་ནས་དེ་ལ་བསླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་སྐུས་ལུས་བྱུགས་འཇིགས་པར་ 100-1-220a འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་ འདི་ནི་སྦྱར་བར་བྱ། །གང་གིས་གདོན་དེ་གཏོང་འགྱུར་བའི། །སྦྱིན་སྲེག་ལས་ནི་སྦྱར་བར་བྱ། །སྦྱིན་སྲེག་ལས་ནི་མི་བཟད་དང་། །རྡོ་རྗེ་ལྟེ་བས་བཅོམ་བྱས་ན། །སྦྱིན་སྲེག་ལས་ནི་འཇིགས་གཟིར་བས། །ཀླུ་ཡིས་མི་ནི་གཏོང་བྱེད་ཅིང་། ། ཀླུ་ནི་མྱུར་དུ་འབྲོས་པར་འགྱུར། །ཀླུ་ཡི་གདོན་གྱིས་ཟིན་པ་ལ། །གང་གིས་གཞན་དུ་འགལ་བར་བྱེད། །རིག་སྔགས་འཆང་དང་མི་དག་ལ། །བརྩེ་བའི་ཕྱིར་ནི་འོང་བྱེད་ན། །གོ་ཆ་བརྟན་པར་བགོ་བྱ་ཞིང་། །རིག་པ་མཆོག་གི་གོ་བགོས་ལ། ། མ་རུངས་དུག་ནི་མི་བཟད་པ། །ཕོ་ཉ་མས་ནི་ངེས་པར་འཇོམས། །ལག་ན་རྡོ་རྗེ་རིགས་མཆོག་མ། །ཕོ་ཉ་སྟོབས་ཆེན་གང་ཡིན་པའི། །སྙིང་པོ་དྲག་ཅིང་འཇིགས་པ་ཡི། །ལས་ཀྱིས་སྤྱི་བོར་འཇོམས་པར་བྱེད། །བཅོམ་པ་དེས་ན་དབྱེ་བྱེད་ ཅིང་། །གདོན་དེ་ངེས་པར་བརླག་པར་འགྱུར། །ཀླུའི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །ལོག་འདྲེན་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་འཇིག་རྟེན་འཇོམས་ པ་སྟེ། །མར་གྱི་ངོ་ཡི་ཚེས་ལྔ་དང་། །ཚེས་གྲངས་བཅུ་བཞི་གནམ་སྟོང་ལ། །སྐྱེ་བོ་གནས་དང་འགྲོ་བ་ལ། །དུས་ཀུན་ཏུ་ནི་འཚེ་བར་བྱེད། །དྲི་མ་ཅན་ལ་གོས་ངན་ཅན། །དེ་བཞིན་ཁ་ཟས་ཁྱོས་མ་ཟ། །དགའ་བར་འགྱུར་དང་ཁྲོ་བ་དང་། ། བུད་མེད་ཀྱིས་སྤངས་གང་ཡིན་དང་། །ཆུ་ངོག་བུད་མེད་བལྟས་པ་དང་། །ཤིང་ལ་འཛེག་ཅིང་བཤང་གཅི་བྱེད། །འགྲེང་ཞིང་བཤང་གཅི་བྱེད་པ་དང་། །གཅེར་བུར་རྒྱུག་པ་གང་ཡིན་དང་། །གཞན་གྱི་གོས་དང་འདྲེས་པ་དང་། །གོས་ཀྱི་མཐའ་ མས་གཡབ་པ་ཡི། །མི་རྣམས་གང་གིས་ཟིན་པ་ཡི། །ཞུམ་ཞིང་ངུ་བར་བྱེད་པ་དང་། །ནོར་རྣམས་ཀྱང་ནི་ཆུད་ཟ་ཞིང་། །གཞན་གྱི་ཡིད་དུ་མི་འོང་དང་། །སྐྱེས་པ་ཆུང་མ་རྙེད་མི་འགྱུར། །བུད་མེད་ཀྱི་ནི་ཁྱོ་མི་རྙེད། །ཚོང་བྱེད་ན་ 100-1-220b ཡང་ཟོང་དག་གིས། །ཁེ་སྤོགས་རྙེད་པར་མི་འགྱུར་ཞིང་། །ཞིང་གཤིན་དག་ལ་རྨོངས་བཏབ་ཀྱང་། །རྨོས་པའི་འབྲས་བུ་ཐོབ་མི་འགྱུར། །མཚན་ནི་ཐམས་ཅད་རྫོགས་པ་ཡི། །ཆུང་མ་ལས་ཀྱང་བུ་མི་འབྱུང་། །དོན་གཞན་བྱ་བར་ བརྩམས་ཀྱང་ནི། །ལོག་པའི་བློ་ནི་གཞན་དུ་འགྱུར། །དེ་དག་གང་ལ་སྣང་གྱུར་པའི། །དེ་ཡི་གསོ་བའི་ཐབས་ཀྱང་བཤད། །ཁང་པ་མཉམ་ཞིང་གསར་བྱས་ལ། །རིན་ཆེན་ཐམས་ཅད་བསོགས་པར་བྱ། །བུམ་པ་བཞི་ཡང་དེར་ བཞག་ཅིང་། །བཀྲ་ཤིས་རྣམས་ཀྱང་དབུལ་བར་བྱ། །རྫས་རྣམས་དང་ནི་འབྲས་རྣམས་དང་། །བུམ་པ་བ་དན་སྔོན་པོ་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །དེ་བཞིན་ཁུ་བ་ཟས་རྣམས་དང་། །དྲི་དང་མེ་ཏོག་དཀར་པོ་དང་། །འབྲས་ཀྱི་འོ་ ཐུག་དེར་སྦྱིན་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །དེ་ནི་ཁྲུས་ཀྱང་བྱེད་དུ་གཞུག །བ་ལ་ཨ་ཏེ་བ་ལ་དང་། །ཀནྟ་ཀ་རི་འབྲི་ཧ་ཏི། །པ་ཏྲ་དང་ནི་པུ་ཤེལ་ཙི། །པྲི་ཡང་ཀུ་དང་ཤུ་ཏི་དང་། །ཕྱེ་མའི་གོང་བུ་འདི་ཡིས་ནི། །རབ་ཏུ་མཉམ་བཞག་ ཁྲུས་བྱེད་གཞུག །རིག་སྔགས་འཆང་ནི་ཤར་ཕྱོགས་བལྟ། །ནད་པ་ནུབ་ཕྱོགས་བསྟན་བྱས་ལ། །གོས་དཀར་ཅན་གྱི་སྙིང་པོ་དང་། །ལྡན་པའི་ཆུས་ནི་དབང་ཡང་བསྐུར། །དེ་ནས་བློ་ལྡན་ཡིད་གཞུངས་པས། །བདུད་རྩི་ཐབས་སྦྱོར་ལྡན་ པ་ཡི། །སྦྱར་སྨན་གྱིས་ནི་ལུས་ཀྱང་བསྐུ། །གུ་གུལ་དང་ནི་ཡུངས་ཀར་དང་། །གིའུ་ཝང་ཤུ་དག་རུ་རྟ་དང་། །སུག་སྨེལ་ཡང་ནི་དེ་བཞིན་ཏེ། །སྒྲོན་ཤིང་དང་ནི་ཐང་ཤིང་དང་། །ཙན་དན་དང་ནི་ཨ་ག་རུ། །ཀ་ལེ་ཡ་ཡི་པད་འདྲ་དང་། །གེ་ སར་རྣམས་ནི་ཆ་མཉམས་ལ། །ཆུ་དང་ལྷན་ཅིག་བཏག་པར་བྱ། །གང་ན་སྦྱར་སྨན་འདི་གནས་པ། །དེར་ནི་འཇིགས་པ་མི་འབྱུང་སྟེ། །ཆོམ་རྐུན་མ་ཡིན་མཚོན་རྣམས་མིན། །སྦྲུལ་རྣམས་མ་ཡིན་ལྷ་མིན་མིན། །ལག་ན་རྡོ་རྗེ་ འདིས་བསྐུས་པས། །ས་སྟེངས་དག་ཏུ་རྒྱལ་བར་འགྱུར། །འདི་ཡིས་ལུས་ལ་བསྐུས་ན་ནི། །ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྦྱར་སྨན་དོན་ཀུན་སྒྲུབ་པ་ནི། །སྔར་ཡང་ངས་ནི་བཤད་པ་ཡིན། ། 100-1-221a ལོག་འདྲེན་གྱི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །བརྗེད་བྱེད་གདོན་ཡང་ཤེས་པར་བྱ། །དྲག་ཅིང་ཁྲོ་ལ་གཏུམ་པ་དང་། །གཟུ་ལུམས་ཅན་དེ་ཚུགས་པར་དཀའ། །ཚེས་གཉིས་དང་ནི་ཚེས་ བཞི་དང་། །དེ་བཞིན་དགུ་དང་བཅུ་གཉིས་དང་། །མར་གྱི་བཅུ་བཞི་དེ་བཞིན་ཏེ། །བརྗེད་བྱེད་དག་ནི་འཇུག་པར་འགྱུར། །དང་པོའི་ཐུན་ནི་འདས་ནས་ཀྱང་། །ལྷག་མ་རྣམས་ལ་དེ་བཞིན་ལྡང་། །ཕྱི་ནས་རླུང་བཞིན་ཡང་དང་ཡང་། །དེ་ནས་ཡིད་ ཙམ་ཉིན་ཞག་དང་། །དེ་བཞིན་ཟླ་ཕྱེད་ཟླ་དང་ལོར། །དབུ་བ་སྐྱུག་ཅིང་བརྒྱལ་བར་འགྱུར། །ལུས་ལས་རྡུལ་ཡང་འབྱུང་བར་འགྱུར། །གདོན་གྱིས་ཟིན་པ་འཁོར་བ་དང་། །ས་ལ་འགྱེལ་ཞིང་འཁོར་བར་འགྱུར། །བརྗེད་བྱེད་གདོན་གྱིས་ཟིན་པ་ཡི། ། དེ་ཡི་མཚན་མ་དེ་དག་ཡིན། །གང་གིས་གདོན་དེ་གཏོང་འགྱུར་བའི། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །བདུག་པ་དྲི་དང་མེ་ཏོག་ཕྲེང་། །དེ་བཞིན་ཤ་བཙོས་རྗེན་པ་དང་། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །དེ་བཞིན་ཤུག་པ་པུ་ཤེལ་ ཙི། །བྱུག་པ་དང་ནི་མར་ཡང་བླུད། །འབྲས་བུ་གསུམ་ལས་སྲང་གཅིག་དང་། །ཚ་བ་གསུམ་ལས་སྲང་གཅིག་གཞུག །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །ཡུངས་ཀར་སྟོང་ཡང་དེ་བཞིན་ཏེ། །ནག་ཏ་མ་ལའི་ས་བོན་དང་། ། བིལ་བའི་རྩ་བ་དེ་བཞིན་ཏེ། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་དང་བ་གཅིན་བཞི་གྱུར་གྱི། །མར་དུ་ཡང་ནི་བཙོ་བར་བྱ། །མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས། །དེ་བཞིན་མར་ཡང་བཏུང་བར་བྱ། ། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །ཆོ་ག་འདི་དག་རྣམས་ཀྱིས་ཀྱང་། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་ བའི། །ཐབས་གཞན་འདི་ཡང་བཤད་པར་བྱ། །དཀྱིལ་འཁོར་བྲིས་ཏེ་གཞུག་པར་བྱས་ལ་སྤྱན་ནམ་ཡང་ན་བདུད་རྩི་ཐབས་སྦྱོར་རམ། ཚོགས་ཆེན་པོ་ལྕགས་ཅན་གྱིས་བེའི་ཀངྐ་ཏའི་ཡམ་སྲེགས་ཤིང་གི་སྦྱིན་སྲེག་བྱས་ན་གདོན་དེ་འབྲོས་ 100-1-221b པར་འགྱུར་རོ། །བརྗེད་བྱེད་ཀྱི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །སྨྱོ་བྱེད་གདོན་ཡང་ཤེས་པར་བྱ། །དྲག་ཅིང་གཏུམ་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་པར་དཀའ་བ་སྟེ། །མར་གྱི་ངོ་ཡི་ཞག་ གཉིས་དང་། །ཞག་དགུ་ལ་ནི་འཚེ་བྱེད་ཅིང་། །རླུང་དང་བད་ཀན་རང་བཞིན་གྱི། །སྨྱོ་བྱེད་གདོན་ནི་འཇུག་པར་འགྱུར། །དེའི་ཚུལ་ནི་བཤད་པར་བྱ། །ངས་བཤད་དེ་ནི་མཉན་པར་གྱིས། །གཟུགས་ནི་རབ་ཏུ་མཛེས་པ་ཡིན། །ཤིན་ཏུ་ དགའ་ཞིང་སྤྲོ་བར་འགྱུར། །དཔའ་བོ་དང་ནི་གཟུགས་བཟང་དང་། །མི་ནི་གླུ་ལ་སྲེད་པ་ལ། །རྩེད་མོ་ལ་སོགས་གཏམ་དག་ལས། །སྨྱོ་བྱེད་འཛིན་ཏེ་ཐེ་ཚོམ་མེད། །མཚན་འདི་དག་གིས་ཤེས་པར་བྱ། །ཚུལ་རྣམས་ཀྱང་ནི་འདིར་ཉོན་ ཅིག །གླུ་ལེན་ཅིང་ནི་གར་བྱེད་དང་། །རྒོད་པར་བྱེད་ཅིང་ངུ་བ་དང་། །དྲི་དང་མེ་ཏོག་ཕྲེང་ལ་དགའ། །རླུང་དང་བད་ཀན་གནས་པ་ཡིན། །རབ་ཏུ་རྒྱུག་གམ་ཡང་ན་འགྲེང་། །དལ་ནས་ཀྱང་ནི་རྒོད་པ་དང་། །གཉིད་ཀྱང་ཆེ་བར་མི་འགྱུར་ལ། ། ཅུང་ཟད་ཀྱང་ནི་སྨྲ་མི་བྱེད། །ཁ་ཟས་ལ་ཡང་དགའ་བ་རྣམས། །རླུང་མཁྲིས་བད་ཀན་གནས་པ་ཡིན། །ཤིན་ཏུ་དྲག་ཏུ་སྨྲ་བ་དང་། །མང་དུ་ཡང་ནི་སྨྲ་བ་དང་། །གཏམ་གྱི་ཚུལ་ལ་དགའ་བའི་རྣམས། །བད་ཀན་གནས་ལ་བརྟེན་པ་དང་། ། གནས་གསུམ་ལ་ནི་རྟེན་འགྱུར་ལ། །ཚུལ་ཀུན་ཡང་ནི་བྱེད་གྱུར་ན། །དེ་ནི་གསོར་མེད་ཤེས་པར་བྱ། །དེ་ལ་སྤྱད་པར་བྱ་བ་མེད། །ལྷ་རྣམས་ལག་ན་རྡོ་རྗེ་ངའི་མཚམས་རླུང་འདི་ནི་གསོར་མི་རུང་བ་ལ་ཚར་གཅོད་པ་ཡིན་ནོ། །གདོན་གང་ ངའི་མིང་ཐོས་ཀྱང་མི་འབྲོས་པ་དེ་ལ་ནི་ངས་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །སྨན་དང་གསང་སྔགས་གང་གིས་སྨྱོ་བྱེད་ཀྱི་གདོན་སྟོབས་པོ་ཆེ་ལ་གསོ་བ་ཡང་བཤད་པར་བྱ་སྟེ། དྲི་ཀུན་དང་ནི་མེ་ཏོག་ཕྲེང་། །དེ་བཞིན་རོལ་མོའི་ སྤྱད་ཀུན་དང་། །འབྲས་ཅན་དྲི་ཞིམ་གཙང་མ་དང་། །འོ་ཐུག་འབྲུ་ཆང་སྦྱར་བའི་ཆང་། །དེ་ལྟར་གཏོར་མ་རྣམས་བསོགས་ལ། །ལམ་གྱི་བཞི་མདོར་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་དག་གིས། །གདོན་དེ་མྱུར་དུ་གཏོང་ 100-1-222a བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །མར་རྙིང་ལོ་ནི་སུམ་བཅུ་གཉིས། །ལོན་པའི་མར་དེ་ཕུལ་བཞི་དང་། །འོ་མ་ཕུལ་བཞི་ དག་དང་ནི། །སྦྲང་རྩི་ཕུལ་བཞིར་ལྡན་པར་བྱ། །བ་ལང་ཀོ་བ་བསྲེགས་པ་ཡི། །ཕྱེ་མ་ཕུལ་བཞི་གཞུག་པར་བྱ། །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱའོ། །སྲང་གྲངས་སུམ་བཅུ་ཨ་རུ་ར། །སྲང་གྲངས་ཉིས་འགྱུར་ཚ་བ་གསུམ། །གསོ་ བ་པོས་ནི་གཞུག་བྱ་སྟེ། །ལྷན་ཅིག་ཕྱེ་མ་ཞིབ་མོར་བྱ། །གང་ཚེ་ཐམས་ཅད་ཆོས་གྱུར་ནས། །དེ་བཞིན་དུ་ནི་ཐམས་ཅད་ཀྱི། །ཕྱི་རུ་ཡང་ནི་དབྱུང་བར་བྱ། །མི་ཡི་འཇིག་རྟེན་གནས་པ་ཡི། །གདོན་རྣམས་ཐམས་ཅད་ཇི་སྙེད་པ། །རླུང་ཅན་དང་ ནི་མཁྲིས་པ་ཅན། །བད་ཀན་ཅན་དང་འདུས་པ་ཅན། །གདོན་གྱི་གཟུགས་ནི་ཐམས་ཅད་དང་། །སྨན་རྣམས་ཀྱང་ནི་འདི་ཡིན་ཏེ། །རྡོ་རྗེ་ལྷ་ཡི་མར་ཞེས་བྱ། །གདོན་ཀུན་གཏོང་བར་འགྱུར་བ་དང་། །གདོན་ཀུན་ཞི་བར་བྱེད་པ་དང་། །གདོན་ཀུན་ འཇིགས་པར་བྱེད་པ་སྟེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ངའི་སུ་ནི་བཤད་པ་ཡིན། །གང་ཞིག་སྨན་གྱི་རྒྱལ་པོ་ཡི། །མིང་ནི་ལེགས་པར་དྲན་བྱེད་པ། །དེ་ལ་གདོན་རྣམས་ཐམས་ཅད་ཀྱིས། །གླགས་བཙལ་ཕྱིར་ནི་བརྩོན་མི་ བྱེད། །དེ་ཕྱིར་དེ་ལ་བླུད་པར་བྱ། །དེ་བཞིན་སྣར་ཡང་བླུགས་པར་བྱ། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་ བྱ། །དཀྱིལ་འཁོར་བྲིས་ལ་དེར་བཞུག་པར་བྱ་སྟེ། དཀྱིལ་འཁོར་དེར་རིག་སྔགས་ཀྱི་རྒྱལ་པོ་འམ། ཚོགས་ལྕགས་ཅན་ནམ། རྨུགས་བྱེད་ཀྱིས་སྦྱིན་སྲེག་བྱའོ། །ལྷ་རྣམས་འདི་ནི་ལག་ན་རྡོ་རྗེའི་མཚམ་རླུང་ཡིན་ཏེ། གསོར་མི་རུང་ བ་རྣམས་ཀྱང་ཚར་གཅོད་པར་བྱེད་དོ། །གདོན་གང་ངའི་མིང་ཐོས་ནས་མི་འབྲོས་པ་དེ་ལ་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །ལྷ་རྣམས་དེ་བཞིན་གཤེགས་པའི་བཀས་མ་རུངས་པ་རྣམས་བཞོམ་པ་བཟང་པོ་རྣམས་ངས་གཤད་ཟིན་ཏོ། ། 100-1-222b སྨྱོ་བྱེད་ཀྱི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་གདོན། །ལྷ་མ་ཡིན་གདོན་ཤེས་པར་བྱ། །གཏུམ་ཞིང་གཟུ་ལུམས་ཆེ་བ་དང་། །འཇིག་རྟེན་འཚེ་བར་བྱེད་པའི་སྟེ། །གཟི་བརྗིད་ཅན་དང་ལུས་ཆེ་དང་། །གཟུགས་ བཟང་ཡོན་ཏན་ལྡན་པ་ལ། །ལྷ་མ་ཡིན་ནི་འཇུག་པར་བྱེད། །དེ་ཡི་མཚན་མ་ཚུལ་བཞིན་ཉོན། །རིག་སྔགས་འཆང་ལ་བརྙས་པར་བྱེད། །རིག་བྱེད་ཀྱང་ནི་སྨྲ་བར་བྱེད། །སྐེམ་བྱེད་ང་ཡིན་ཁྱབ་འཇུག་ང་། །ཞེས་ནི་བརྫུན་ཡང་སྨྲ་བར་བྱེད། ། གདོན་ཀུན་གྱི་ནི་ཚུལ་དག་དང་། །རྣམ་པ་མང་པོར་སྒྱུར་བར་བྱེད། །ངུ་ཞིང་རེས་འགས་སོས་ཀྱང་འཛིན། །རེས་འགའ་ཟས་ཀྱང་ཟ་བར་བྱེད། །ལག་པས་རྩྭ་དག་བླངས་ནས་ཀྱང་། །སྐད་ཅིག་གིས་ནི་མི་ལ་འཚེ། །ཚིག་ངན་དག་ཀྱང་སྨྲ་བར་ བྱེད། །ཤིན་ཏུ་ཡང་ནི་རྒོད་པར་བྱེད། །ལྷ་མ་ཡིན་གྱི་གདོན་རྣམས་ཀྱི། །མཚན་མ་ཡང་ནི་དེ་ཡིན་ཏེ། །ཆོ་ག་ཡང་ནི་དེ་བཞིན་དུ། །དེའི་ངོ་ལོན་གང་དག་གིས། །གདོན་དེ་གཏོང་བར་འགྱུར་བར་བྱ། །མེ་ཏོག་ཀུན་དང་དྲི་དག་དང་། །མེ་ཏོག་ཕྲེང་ བ་སྣ་ཚོགས་དང་། །པད་མ་ཨུཏྤལ་པུ་ཤེལ་ཙི། །ཨུཏྤལ་དམར་པོའི་འདབ་མ་དང་། །ཤ་བཙོས་དང་ནི་རྗེན་པ་ཡིན། །ངོ་ལོན་དག་ནི་འཇམ་པོར་བྱ། །དེ་ནས་རིག་སྔགས་འཆང་དག་གིས། །གཙང་སྦྲ་བྱ་སྟེ་ནུབ་ཕྱོགས་སྦྱིན། །གཏོར་མ་ ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །འབྲས་བུ་གསུམ་དང་ཚ་བ་དང་། །བ་ལ་ཨ་ཏི་བ་ལ་དང་། །ཐལ་དྲེས་དང་ ནི་པུ་ཤེལ་ཙི། །རྩ་བ་ལྔ་རྣམས་བསོགས་ནས་ནི། །མར་ནི་ཕུལ་ཏག་བཞི་དག་དང་། །བ་གཅིན་ཕུལ་བཞིའི་ནང་དུ་བཙོ། །མེ་ནི་ཆུང་ངུས་དལ་ནས་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་སྐུས་ལུས་བྱུགས་ འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་ 100-1-223a གཞན་འདི་ནི་སྦྱར་བར་བྱ། །རྡོ་རྗེ་སེར་སྐྱས་སྦྱིན་སྲེག་བྱ། །རྡོ་རྗེ་སྒྲོག་གིས་བཅིང་བར་བྱ། །དེ་དག་སྔགས་ཀྱིས་ཚར་ཡང་བཅད། །ལྷ་མ་ཡིན་གྱི་གདོན་གྱི་སྐབས་རྫོགས་སྷོ།། །།དེ་ནས་ངས་ནི་སྔར་བཤད་གང་། །གཞོན་ ནུའི་གདོན་བཞིན་ཤེས་པར་བྱ། །གཏུམ་ཞིང་ཁྲོ་ལ་གཟུ་ལུམས་ཅན། །འགྲོ་བའི་གནས་དང་མི་གནས་འཇོམས། །ཚེས་གཉིས་དང་ནི་བཅུ་གཅིག་དང་། །མར་གྱི་ངོ་ཡི་ཞག་ལྔ་དང་། །ཕལ་ཆེར་ཚེས་བཅུ་དག་ལ་རྒྱུ། །གཞོན་ནུའི་སྲོག་ ནི་གཅོད་བྱེད་པ། །རྟག་ཏུ་གསུམ་ཞིང་རྒྱུ་བར་བྱེད། །བྱིས་པ་གསོད་ཅིང་མི་སྲུན་ན། །རིགས་བཞི་ལྡན་ཞིང་རྟག་ཏུ་རྒྱུ། །གཏོར་མ་འདོད་པའི་གདོན་ཆེན་ཡིན། །དེ་ལས་གཞན་པ་གང་དག་གིས། །རིགས་རྣམས་ཅི་འདྲ་བཤད་པར་གྱིས། ། ནམ་གྲུ་བྲམ་ཟེར་ཤེས་པར་བྱ། །བྱ་ནི་རྒྱལ་རིགས་ཡིན་པར་བསྟན། །སྐེམ་བྱེད་རྗེའུ་རིགས་ཤེས་པར་བྱ། །གཞོན་ནུ་དམངས་རིགས་ཤེས་པར་བྱ། །གྱེན་དུ་ལྟ་བ་གང་ཡིན་དང་། །སྐད་ཅིག་སྐད་ཅིག་འཁོར་བར་བྱེད། །རིམས་དང་ལུད་པ་དབུགས་ མི་བདེ། །དེ་ནི་ནམ་གྲུའི་གདོན་ཡིན་ནོ། །མིག་ཕབ་པ་ནི་གང་ཡིན་དང་། །སོ་ཡང་འཆའ་བར་བྱེད་པ་དང་། །རྔམ་པ་ཅན་དང་རིམས་བཏབ་གང་། །དེ་ནི་བྱ་ཉིད་ཡིན་པར་བསྟན། །གློ་བུར་དུ་ནི་ངུ་བ་གང་། །རིམས་གྱིས་གཏབ་ཅིང་རབ་ཏུ་རྒྱུག ། དངངས་ཞིང་རྒོད་པར་བྱེད་པ་དང་། །དེ་བཞིན་འདར་ཞིང་གླལ་བར་བྱེད། །བྱིས་པ་གང་གིས་ཁ་དག་ནས། །དྲི་ང་བ་ནི་འབྱུང་བ་དང་། །ལུས་ལ་རྨ་དང་འབྲུམ་བུ་འབྱུང་། །ཚ་ཞིང་མེ་ཡི་མདོག་དང་འདྲ། །མཚན་མོ་དུས་མཚམས་ལྡང་བར་འགྱུར། ། དུས་མཚམས་དག་ཏུ་བབ་པ་ན། །འཁྲུ་ཞིང་རིམས་འདེབས་སྐྱུག་པ་དང་། །ལུས་ཀྱང་སྔོན་པོར་གྱུར་པ་དང་། །གང་ཞིག་ལུས་ནི་རྡེབ་པར་བྱེད། །རིམས་ཀྱིས་ཀྱང་ནི་འཚེ་བ་དང་། །ནུ་མ་ཤིན་ཏུ་སོས་ཀྱང་འདེབས། །ལན་གྲངས་མང་དུ་ངུ་ཞིང་ འདར། །མིག་ཀྱང་དམར་པོར་གྱུར་པ་དང་། །མི་དགའ་མཆུ་ཡང་མུར་བར་བྱེད། །བྱིས་པ་སྐེམ་བྱེད་ཟིན་པ་ཡིན། །ལག་པ་དང་ནི་རྐང་པ་གཅིག །ལས་བྱས་པས་ནི་ཚིགས་ཀྱང་ན། །མིག་ནི་འཁོར་ཞིང་ལྟ་བར་བྱེད། །མིག་གཅིག་ཀྱང་ནི་ 100-1-223b འཛུམས་པར་བྱེད། །རྣག་དང་ཁྲག་གི་དྲི་ཡང་མནམ། །སྨིན་མ་ཡ་གཅིག་འདེགས་པར་བྱེད། །སྐེམ་བྱེད་བརྗེད་བྱེད་གདོན་རྣམས་ཀྱི། །མཚན་མ་དག་ཏུ་བསྟན་པ་ཡིན། །གཞོན་ནུའི་གདོན་ལ་གཏོར་མ་བྱ། །ལེགས་པར་ཁྲུས་བྱས་གཙང་ མས་སྒྲིམ། །དབྱིག་རྣམས་དང་ནི་གསེར་རྣམས་དང་། །གོས་ཀྱང་དེ་ལ་སྦྱིན་པར་བྱ། །སྣུམ་མཁུར་བཀྲ་ཤིས་འབྲས་ཡོས་དང་། །འབྲས་ཆང་དང་ནི་ཟན་དྲོན་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །ཆང་དང་ཏིལ་ཟན་རྣམས་དང་ནི། །ཏིལ་དང་ འབྲས་ཅན་པུ་ཤེལ་ཙི། །འབྲས་ཀྱི་འོ་ཐུག་ཡུངས་དཀར་ལྡན། །བ་ལང་གི་ནི་ཆུ་ཀ་འམ། །ཤིང་སྐམ་མ་མོའི་གནས་དག་ཏུ། །གཏོར་མ་མེ་མར་བཅས་པ་འདི། །སྲོད་ལ་ཡང་ནི་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་ མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་བ་ཡི། །ཐབས་གཞན་དག་ནི་སྦྱར་བར་བྱ། །བུ་ཆང་རྟོ་དང་རམ་ཉེ་བ། །གསེར་ཕྲོམ་དང་ནི་སྐྱེར་བ་ཡུད། །ཀ་པིད་ཏ་ཡི་ཁུ་བ་དང་། །པ་ལ་ཤ་ཡི་ལོ་མ་དང་། ། སྦྲང་རྩི་རན་ཙམ་གཞུག་པར་བྱ། །སེང་ལྡེང་སྙིང་པོ་ཚ་བ་གསུམ། །བཙོད་དང་ཤིང་མངར་ཐམས་ཅད་དང་། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་ནི་ཕུལ་བཞི་གཞུག་པར་བྱ། །བ་གཅིན་ཡང་ནི་བཞི་ འགྱུར་བླུགས། །གོ་ཕྱེའི་ལོ་མ་དག་དང་ནི། །བར་བ་ར་ཀ་རུལ་པ་དང་། །ཏིལ་རུལ་ནས་ཀྱི་ལོ་མ་ཡིན། །བླུགས་པའི་སྨན་ནི་བྱ་བ་ཡིན། །མར་ནི་ཕུལ་ཏག་ཕྱེད་ཀྱིས་ཀྱང་། །གོང་བུའི་སྨན་མཆོག་གཙོ་བོར་བྱ། །དུས་མཚམས་གཉིས་སུ་ མཁས་པ་ཡིས། །དེ་ནི་ཁྲུས་ཀྱང་བྱེད་དུ་གཞུག །གཞོན་ནུའི་གདོན་ནི་ཐམས་ཅད་ལས། །གསོ་བའི་ཐབས་ནི་དམ་པ་ཡིན། །ཀུན་ནས་གསོ་བའི་ཐབས་ཡོད་དེ། །ཐམས་ཅད་ཀྱང་ནི་འཚོ་བ་ཡོད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་ དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱོར་བར་བྱ། །དགའ་བྱེད་གདོང་གིས་ཁྲུས་བྱ་ཞིང་། །གཏོར་མ་ཡང་ནི་དེ་ལ་སྦྱིན། །ཡང་ན་རིག་པ་ 100-1-224a མཆོག་གིས་བྱ། །དེས་ན་གདོན་དེ་གཏོང་བར་འགྱུར། །གཞོན་ནུའི་གདོན་གྱི་སྐབས་རྫོགས་སྷོ།། །།སྔར་བཤད་པ་ནི་གང་ཡིན་པའི། །གནོད་སྦྱིན་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་གཟུ་ལུམས་ཆེ་བ་སྟེ། ། འཇིག་རྟེན་དག་ལ་འང་འཚེ་བར་བྱེད། །ངོ་གཉིས་ཚེས་ནི་བཅུ་གསུམ་དང་། །ཡར་གྱི་ཚེས་ལྔ་དག་ལ་རྒྱུ། །བསྐྱེད་མོས་ཚལ་དང་ལྷ་གནས་སུ། །གཙང་ཞིང་སྤྱོད་པ་གཙང་བ་དང་། །མི་རྣམས་གཟུགས་ནི་བཟང་བ་དང་། །བརྒྱན་ པོས་རྩེ་ལ་རབ་ཆགས་དང་། །བཞི་མདོར་གང་དུ་རྩེ་བ་ན། །བྲམ་ཟེ་རྒྱལ་རིགས་རྟག་ཏུ་འཛིན། །གནོད་སྦྱིན་གདོན་གྱིས་ཟིན་གྱུར་པ། །དེ་ཡི་མཚན་མ་ཤེས་པར་བྱ། །དྲི་དང་མེ་ཏོག་ཕྲེང་ལ་དགའ། །ཟས་དང་སྐོམ་ལ་འང་དེ་བཞིན་ དགའ། །ཁྲོ་བ་མེད་ཅིང་མི་ངུ་ལ། །ཡང་དང་ཡང་དུ་ཟས་ཀྱང་ཟ། །དབང་ཡང་ཆེ་ཞིང་ནོར་མང་ལ། །དེ་བཞིན་རྟག་ཏུ་སྦྱིན་ལ་དགའ། །རྟག་ཏུ་ཤིན་ཏུ་གཙང་སྦྲར་ལྡན། །དེ་ནི་གསོ་བའི་ཐབས་ཀྱང་བཤད། །ཟས་ཀུན་དང་ནི་དྲི་ཀུན་དང་། ། དེ་བཞིན་མེ་ཏོག་ཐམས་ཅད་དང་། །ཤིང་ཏོག་ཀུན་དང་སྦྱར་ཐུགས་དང་། །དེ་བཞིན་འབྲས་ཀྱི་འོ་ཐུག་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །གདུགས་སེར་དང་ནི་མཆོད་ཕྱིར་ཐོགས། །དེ་བཞིན་སྐུད་ པ་སེར་པོ་དང་། །དབྱིག་རྣམས་དང་ནི་གསེར་དག་དང་། །རིན་ཆེན་རྣམ་པ་སྣ་ཚོགས་རྣམས། །ཚུལ་བཞིན་དུ་ནི་སྦྱིན་པར་བྱ། །གཏོར་མ་དེ་དག་བསོགས་ནས་ཀྱང་། །བྱང་ཕྱོགས་སུ་ནི་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། ། གདོན་དེས་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །གྲོ་རྣམས་དང་ནི་ནས་རྣམས་དང་། །མོན་སྲན་གྲེའུ་དང་རྒྱ་སྲན་དང་། །འབྲས་བུ་གསུམ་དང་ ཚ་བ་གསུམ། །དེ་བཞིན་ཡུངས་ཀར་པྲི་ཡང་ཀུ། །ཤུ་དག་དང་ནི་ཤིང་ཀུན་དང་། །དེ་བཞིན་རྩ་བ་ལྔ་པ་གཉིས། །ཏིལ་རྣམས་སྒོག་སྐྱ་ལྡན་པར་གཞུག །མར་ནི་ཕུལ་བཞི་ནང་དུ་བཙོ། །འོ་མ་ཕུལ་བཞི་སྦྲང་རྩི་བཞི། །བ་གཅིན་ཕུལ་ 100-1-224b བཞི་བླུགས་པར་བྱ། །བ་ལང་ཀོ་བ་བསྲེགས་པ་ཡི། །ཕྱེ་མ་ཕུལ་བཞི་གཞུག་པར་བྱ། །མེ་ནི་ཆུང་ངུས་དལ་ནས་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་སྐུས་ལུས་བྱུགས་འཇིགས་པ་དང་། །སྣར་ བླུགས་འཇིགས་པས་གཟིར་བར་གྱུར། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ཡང་སྦྱར་བར་བྱ། །དཀྱིལ་ འཁོར་བྲིས་ཏེ་དེར་བཅུག་ལ། །སྦྱིན་སྲེག་གི་ལས་མི་བཟད་པས། །མེའི་ནང་དུ་རིག་པ་མཆོག་གིས་གཞོམ་པར་བྱའོ། །ཡང་ན་རྡོ་རྗེ་ནག་མོས་གཞོམ་པར་བྱ་སྟེ། དེས་ནི་གདོན་འབྲོས་པར་འགྱུར་རོ། །གནོད་སྦྱིན་གྱི་གདོན་ གྱི་སྐབས་རྫོགས་སྷོ།། །། དེ་ལས་གཞན་ཡང་གདོན་རྣམས་ཀྱི། །མཚན་མའི་བྱེ་བྲག་བཤད་པར་བྱ། །གདོན་རྣམས་དག་ནི་ཐམས་ཅད་ལ། །རིགས་བཞི་དག་ནི་ཡོད་པར་བཤད། །དེ་དག་ཀྱང་ནི་མིང་གཅིག་དང་། ། མཚན་མ་གཅིག་པུ་འཕྲུལ་པར་བྱེད། །གདོན་རྣམས་གང་དག་གང་དུ་འཛིན། །དེ་ཡང་བདག་གིས་བཤད་པར་བྱ། །ལྷ་དང་འབྱུང་པོ་གནོད་སྦྱིན་དང་། །དེ་བཞིན་དྲི་ཟ་ཚངས་པའི་སྲིན། །གདོན་རྣམས་ལྔ་པོར་ཤེས་པ་ནི། ། བྲམ་ཟེ་རྒྱལ་རིགས་སྤྱོད་པར་བཤད། །ཀླུའི་གདོན་དུ་ཤེས་པ་དང་། །སྲིན་པོ་ཡི་ནི་གདོན་ཉིད་དང་། །གདོན་དེ་གཉིས་སུ་ཤེས་པ་ནི། །རྗེའུ་རིགས་དམངས་རིགས་འཚེ་བ་ཡིན། །ལྷ་མིན་གདོན་ནི་རྒྱལ་རིགས་ཀྱིས། ། ལྷག་མའི་རིགས་རྣམས་འཚེ་བ་ཡིན། །ཤ་ཟའི་གདོན་ནི་དམངས་རིགས་ཀྱིས། །ལྷག་མའི་རིགས་རྣམས་འཚེ་བ་ཡིན། །སྨྱོ་བྱེད་དང་ནི་ལོག་འདྲེན་དང་། །བྱིས་པའི་གདོན་ནི་གང་ཡིན་པ། །གདོན་རྣམས་འདི་གསུམ་ ཤེས་པ་ནི། །རིགས་བཞི་དག་ལ་སྤྱོད་པར་གཤད། །གདོན་གང་རིགས་འཐུན་གང་ལ་སྤྱོད། །དེ་ནི་གསོ་བར་སླ་བ་ཡིན། །ཅི་སྟེ་གདོན་གང་འགའ་བཙལ་ཞིང་། །གཞན་ལ་སྟེན་པར་འགྱུར་ན་ནི། །ལག་ན་རྡོ་རྗེས་བཤད་པ་ 100-1-225a བཞིན། །དེ་ལ་གསོན་དུ་རེ་བ་འང་མེད། །ཉི་མ་ནུབ་མོ་སྣང་མི་བྱེད། །ཟླ་བ་ཉིན་མོ་སྣང་མི་བྱེད། །བསྟན་པ་དེ་ཡིས་ཚུལ་གྱིས་ན། །གདོན་ནི་རང་གི་རིགས་ལ་སྤྱོད། །གདོན་རྣམས་བཅྭ་བརྒྱད་གང་ཡིན་པ། །ཐམས་ ཅད་དུས་ཚིགས་རྣམས་སུ་རྒྱུ། །ལོ་གྲངས་བཅུ་གཉིས་ཚུན་ཆད་ཀྱི། །གདོན་རྣམས་གསོ་བའི་ཐབས་བཤད་དེ། །དེ་ལས་འདས་པའི་གདོན་རྣམས་ཀྱིས། །གསོ་བའི་ཐབས་ནི་ཡོད་མེད་དོ། །མཚན་གཅིག་གནས་དང་ ཆུ་ཡི་ནང་། །མེ་འགྲམ་དང་ནི་ཁྲོན་པའི་དྲུང་། །དེ་བཞིན་མ་མོ་རྣམས་ཀྱི་གནས། །བ་ལང་དབུས་དང་རྟ་ཞོན་དང་། །གླང་ཆེན་ཞོན་དང་གཡུལ་དུ་ཕམ། །རི་བོ་དང་ནི་དུར་ཁྲོད་དང་། །ཤིང་དྲུང་དང་ནི་འདྲེག་མཁན་ཁྱིམ། །གནས་འདི་དག་ནི་ ཐམས་ཅད་དུ། །གདོན་ནི་གང་ཞིག་འཇུག་འགྱུར་ན། །ལག་ན་རྡོ་རྗེས་བཤད་པ་བཞིན། །དེ་ལ་གསོན་དུ་རེ་བ་མེད། །དེ་ལས་གཞན་ཡང་མི་བཟད་གདོན། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །གྲིབ་གནོན་གདོན་ནི་གཉིས་ ཡོད་དེ། །མཐོང་བ་ཙམ་གྱི་འབྲང་བར་བཤད། །དེའི་མཚན་མ་འང་ང་ལས་ཉོན། །གྲིབ་གནོན་གདོན་གཉིས་གང་ཡིན་དེ། །ཐམས་ཅད་དུ་ནི་འཇུག་པར་བྱེད། །གདོན་རྣམས་དག་ནི་ཐམས་ཅད་ཀྱང་། །གྲིབ་གདོན་གྱི་ནི་ཉེ་བར་མཚོན། ། སཽ་གནྡྷཱི་དང་ཨུཏྤལ་གྱི། །མཚན་མ་རྣམས་ཀྱང་ང་ལས་ཉོན། །དེ་ལས་སཽ་གནྡྷཱི་ཀ་ནི། །གཟུ་ལུམས་ཆེ་ཞིང་དག་པ་སྟེ། །ཚེས་གྲངས་ཉིན་ཞག་ངེས་པ་མེད། །ཤིང་དྲུང་དང་ནི་བསྐྱེད་མོས་ཚལ། །ལམ་གྱི་བཞི་མདོར་འཇུག་པར་ བྱེད། །གདོན་དེ་ཁུས་འདེབས་ངུ་བ་དང་། །ལུས་རྣམས་ཀྱང་ནི་འཇོམས་པར་བྱེད། །ཉིན་མོ་ཐུན་གཅིག་འདས་པ་ན། །གསོད་པར་ཡང་ནི་བྱེད་པ་སྟེ། །སཽ་གནྡྷཱི་ཀས་ཟིན་འགྱུར་བ། །དེ་ཡི་མཚན་མ་དེ་དག་ཡིན། །བདུད་རྩི་ཐབས་ སྦྱོར་རམ་དགའ་བྱེད་གདོང་གིས་ཆུ་ལ་བསྔགས་ཏེ་ཁྲུས་བྱེད་དུ་བཅུག་ལ་བདུག་པས་བདུགས་ན་གཏོང་བར་འགྱུར་རོ། །ཨུཏྤ་ལ་ཡང་ང་ལས་ཉོན། །ངུ་ཞིང་རྒོད་པར་བྱེད་པ་དང་། །སོ་རྣམས་ཀྱང་ནི་གཙིག་པར་བྱེད། །ནུ་མ་ཡང་ནི་མི་ཤེས་ 100-1-225b དེ། །དུས་ཚིགས་མེད་པར་རྒྱུ་བར་བྱེད། །ཨུཏྤལ་ལས་ནི་ཟིན་གྱུར་པ། །དེ་ཡི་མཚན་མ་དེ་དག་ཡིན། །གང་གིས་གདོན་དེ་གཏོང་འགྱུར་བའི། །གཏོར་མ་ཡང་ནི་དེ་ལ་སྦྱིན། །འབྲས་ཀྱི་འོ་ཐུག་སྦྱར་ཐུག་དང་། །ལག་པན་འབྲས་ ཅན་བུ་རམ་ཆན། །ཤ་བཙོས་པ་དང་རྗེན་པ་དང་། །ཆང་དང་ཏིལ་གྱི་ཟན་དག་དང་། །འབྲས་ཆན་ཤ་དང་སྦྱར་བ་སྦྱིན། །ཏིལ་དག་དང་ནི་དེ་བཞིན་དབྱིག །ཆང་དང་སྦྱར་བའི་ཆང་སྦྱིན་ཞིང་། །ལམ་གྱི་བཞི་མདོར་གཏོར་མ་སྦྱིན། །གཏོར་མ་ ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་གཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ཡུངས་ཀར་ཤུ་དག་ཤིང་ཀུན་དང་། །པི་པི་ལིང་དང་ན་ལེ་ཤམ། །འབྲས་བུ་གསུམ་ ནི་ཆ་སྙམ་དང་། །གི་རི་ཀར་ནི་དཀར་པོ་དང་། །རུ་རྟ་དང་ནི་པྲི་ཡང་ཀུ། །དེ་བཞིན་བཅའ་སྒ་དག་དང་ནི། །ཐང་ཤིང་དང་ནི་པུ་ཤེལ་ཙི། །ནག་ཏ་མ་ལའི་འབྲས་བུ་དང་། །ཚོགས་རྣམས་འདི་དག་བསོགས་ནས་ནི། །བ་གཅིན་དག་དང་བཏག་པར་བྱ། ། མར་གྱི་ནང་དུ་བཙོ་བྱ་ཞིང་། །བ་གཅིན་བཞི་གྱུར་བླུགས་པར་བྱ། །མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས། །བཏུང་བར་བྱ་ཞིང་ལུས་ཀྱང་བྱུག །འདི་ནི་གདོན་རྣམས་ཐམས་ཅད་ཀྱི། །སྨན་རྣམས་ཀྱི་ནི་དམ་པ་ཡིན། །གང་ན་སྦྱར་སྨན་འདི་ གནས་པ། །དེ་ན་ཀི་ཏ་ལུ་ཏ་དང་། །བྱིས་པ་ཡང་ནི་དེ་བཞིན་ཏེ། །དེ་དག་གིས་ནི་འཇིགས་པ་མེད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། ། ཐབས་གཞན་འདི་ནི་སྦྱར་བར་བྱ། །བདུད་རྩི་ཐབས་སྦྱོར་རམ། དགའ་བྱེད་གདོང་ངམ། གོས་དཀར་ཅན་གྱི་དཀྱིལ་འཁོར་དུ་བཞག་ན། །གདོན་ཐམས་ཅད་མ་རུངས་པར་འགྱུར་རོ། །སཽ་གནྡྷཱི་དང་ཨུཏྤལ་གཉིས་ཀ་ཡང་ལས་གཅིག་ ཡིན་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་རྩི་ཐབས་སྦྱོར་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་དྲིས་པ། མ་རུང་གདོན་ལས་གསོ་བའི་ཐབས། །བཅོམ་ལྡན་ཤེས་པར་བགྱི་བར་འཚལ། །གང་ལ་ཤིང་བུ་ 100-1-226a བབ་པ་དང་། །གང་དག་དཀྱིལ་འཁོར་སྤོང་བ་དང་། །གོས་ཤིང་ཞེན་པར་གྱུར་པ་དང་། །ཕྱིར་ཡང་ལྡོག་བྱེད་གང་ཡིན་དང་། །ནམས་ཀྱང་གཏོང་བར་མི་བྱེད་ལ། །གསང་སྔགས་དང་ནི་རྩི་སྨན་དང་། །སྦྱིན་སྲེག་ལས་ཀྱིས་གཞིག་པ་ནི། ། གདོན་རྣམས་གཞིག་པའི་དམ་པ་སྟེ། །མར་བཏུང་བའི་ཆོ་ག་དང་། །ཆོ་ག་ཅི་འདྲ་གཏོར་མའི་ལས། །བསད་པ་ཡི་ནི་ཐེ་ཙོམ་དང་། །གང་གིས་གནོད་སྦྱིན་བཏང་འགྱུར་དང་། །བསྲེག་པ་དང་ནི་བཅད་པ་དང་། །བསད་ཅིང་རུས་པ་གཞོམ་པ་དང་། ། དེ་དག་ཆོ་ག་རབ་བཤད་པ། །དེ་ནི་སྟོབས་ཆེན་བདག་ལ་གསུངས། །དེ་ལྟར་བློ་ཅན་ཆེ་བ་ཉིད། །བདུད་རྩི་ཐབས་སྦྱོར་གྱིས་དྲིས་ནས། །ལག་ན་རྡོ་རྗེ་སྐལ་ཆེན་གྱིས། །འདི་སྐད་ཅེས་ནི་ཚིག་ཀྱང་སྨྲས། །བདུད་རྩི་ཐབས་སྦྱོར་ཁྱོད་ཀྱིས་སུ། །ང་ལ་ གང་དྲིས་བཤད་པར་བྱ། །ལྷ་རྣམས་འཁོད་པའི་ནང་དུ་ཉོན། །མ་རུངས་པའི་གདོན་ཉིད་ནི། །གཡོ་དང་མི་གཡོ་ཞེས་བྱ་བ། །སེམས་ཅན་ཀུན་ལ་འཚེ་བ་ཡོད། །སྦྱིན་སྲེག་ལས་ནི་དུ་མས་ཀྱང་། །གཡོ་དང་མི་གཡོའི་འབྲོས་མི་འགྱུར། །དེ་ཡི་ མཚན་མ་ངས་བཤད་ཀྱིས། །གོ་རིམས་བཞིན་དུ་ལྷ་རྣམས་ཉོན། །དྲིས་པ་ཡི་ནི་དོན་རྣམས་ཀྱང་། །རབ་ཏུ་ཡང་ནི་སྨྲ་བར་བྱེད། །ངུ་བར་བྱེད་ཅིང་རབ་ཏུ་ཁྲོ། །དེ་ནི་མ་རུངས་མཚན་མར་ཤེས། །འདུས་ཤིང་འཚོགས་པའི་ནང་དག་ཏུ། །ཤིན་ ཏུ་ཡོངས་སུ་སྲུང་བ་གང་། །ཁང་སྟོང་དག་ཏུ་དགའ་བར་བྱེད། །དེ་ནི་མ་རུང་མཚན་མར་ཤེས། །གང་གིས་རྟག་ཏུ་ཕྱག་འཚལ་དང་། །སྙན་པར་ཡང་ནི་སྨྲ་བར་བྱེད། །སྟན་དག་ཀྱང་ནི་སྟོབས་པར་བྱེད། །དེ་ནི་མ་རུངས་མཚན་མར་ཤེས། ། སྟན་དག་ལས་ནི་སྟན་དག་ལ། །ཅི་སྟེ་འཕོ་ཞིང་ལྡང་བར་བྱེད། །དེ་ནི་མ་རུངས་མཚན་མར་ཤེས། །ང་ནི་ལྷ་ཡིན་ཁྱབ་འཇུག་ང་། །ཚངས་པ་ང་ཡིན་དབང་ཕྱུག་ང་། །ཀྱེ་དགུའི་བདག་པོ་ང་ཡིན་ཞེས། །དེ་སྐད་ཀྱི་ནི་ཚིག་སྨྲ་ཞིང་། །གདོན་ཀུན་ གྱི་ནི་ཚུལ་ཡང་བྱེད། །གང་གིས་གདོན་དེ་གཏོང་འགྱུར་བ། །དེ་ཡི་གསོ་བའི་ཐབས་ཀྱང་བཤད། །ཨ་ཤྭ་གནྤ་ཤུ་དག་དང་། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཀནྟ་ཀ་རི་བྲི་ཧ་ཏི། །ཀི་རི་ཀར་ནི་དཀར་པོ་དང་། །ནག་ཏ་མ་ལའི་འབྲས་བུ་དང་། །ཤི་རི་ 100-1-226b ཤ་ཡི་མེ་ཏོག་དང་། །དེ་བཞིན་གསོ་མ་པ་ཏ་ལི། །བ་ལ་ཤ་ཡི་ལོ་མ་དང་། །བུ་ཚང་རྡོ་དང་རམ་ཉེ་བ། །བ་ལ་ཨ་ཏི་བ་ལ་དང་། །བིལ་བ་ཨརྐ་གཉིས་ཀྱི་རྩ། །དེ་བཞིན་རྩ་བ་ལྔ་པ་གཉིས། །ལོ་ནི་སུམ་བཅུ་ལོན་པ་ཡི། །མར་ནི་རྙིང་པ་གང་ ཡིན་པའི། །མར་ནི་ཕུལ་བཞི་ལྡན་པར་བྱ། །འོ་མ་ཕུལ་བཞི་སྦྲང་རྩི་བཞི། །བ་ལང་ཀོ་བ་བསྲེགས་པ་ཡི། །ཕྱི་མ་ཕུལ་བཞི་གཞུག་པར་བྱ། །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །སྲང་གྲངས་སུམ་བཅུའི་ཨ་རུ་ར། །ཚ་བ་གསུམ་ཡང་ དེ་བཞིན་ཏེ། །དེ་བཞིན་འབྲུ་མར་བླུགས་པར་བྱ། །ཤིང་ཀུན་ཡང་ནི་སྲང་གཅིག་དང་། །ལྷན་ཅིག་ཕྱེ་མ་ཞིབ་མོར་བྱ། །གང་ཚེ་ཐམས་ཅད་ཚོགས་གྱུར་ནས། །བ་གཅིན་ཕུལ་བཞི་བླུགས་པར་བྱ། །དེ་ནས་མེ་ནི་ཆུང་ངུས་བཙོ། ། རླུང་ཅན་དང་ནི་མཁྲིས་པ་ཅན། །བད་ཀན་ཅན་དང་འདུས་པ་ཅན། །གདོན་གྱི་གཟུགས་ནི་ཐམས་ཅད་ཀྱི། །སྨན་རྣམས་ཀྱང་ནི་འདི་ཡིན་ཏེ། །ཆོ་ག་དག་ནི་འདི་ཉིད་ཀྱིས། །གདོན་དེས་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ལྕགས་སྒྲོག་གིས་ནི་བཅིང་བྱ་ཞིང་། །སྐྲ་ཡི་ཐག་པས་བཅིང་བར་བྱ། །བདུག་པ་སྣ་ཚོགས་ཀྱིས་ཀྱང་བདུག །ལུས་ཀྱང་སྐུ་ཞིང་བྱུག་པར་བྱ། ། དེ་ནས་ཆོ་ག་སྦྱར་བྱ་ཞིང་། །དུས་ལས་ཀྱང་ནི་བཤོལ་མི་བྱ། །དཀྱིལ་འཁོར་ཡངས་ལ་གཞག་ནས་ནི། །ཁོར་ཡུག་ནས་ནི་གཟིར་བར་བྱ། །གདོན་གྱིས་ཟིན་པ་དབུས་བཞག་སྟེ། །ལྕགས་ཐག་གིས་ནི་གདགས་པར་བྱ། །དེ་ནི་ བརྟན་པོ་ས་འཁོར་དུ་གཞུག །བདུག་པས་ལེགས་པར་བདུག་བྱ་ཞིང་། །ལན་གྲངས་བརྒྱར་ནི་ཚང་བར་བྱ། །དེ་བཞིན་ཀོ་བ་ཆུ་དྲོན་དང་། །ཤིང་ཀུན་དང་ནི་སྒོག་སྐྱ་དང་། །བུན་པ་དང་ནི་བཅའ་བ་དང་། །འདི་དག་ཆུ་དང་སྦྱོར་བྱ་ཞིང་། ། ཆུ་ཡི་ནང་དུ་ནུབ་པར་བྱ། །མིས་ནི་གདོན་ཟིན་ངལ་ཡང་བསོ། །དེ་ལྟར་ནུབ་པར་བྱས་པ་ཡི། །ཆོ་ག་འདི་དག་གིས་ཀྱང་ནི། །ཅི་སྟེ་གདོན་དེས་མི་གཏོང་ན། །ལས་ལ་མཁས་པས་རབ་བསྒྲིམས་ཏེ། །ཆོ་ག་འདི་ནི་སྦྱར་བར་བྱ། །བདུག་ 100-1-227a པ་སྦྱར་བ་འདི་དག་གིས། །མྱོས་པ་ཉིད་དུ་བྱ་བ་སྟེ། །འདིར་ནི་དྲེད་པུ་སེན་མོ་དང་། །དེ་བཞིན་སྟག་གི་སེན་མོ་བླང་། །ཤ་ལྱ་ཀ་ཡི་འབྲས་བུ་དང་། །ཁྱི་དང་དོམ་གྱི་སྟུག་པ་དང་། །བ་ལང་བྱི་བའི་ལྤགས་པ་དང་། །བ་ཏུ་ན་ཡི་ སྟུག་པ་དང་། །རྔ་མོ་བོང་བུའི་སྟུག་པ་དང་། །སྤུ་དང་རྟ་ཡི་རྨིག་པ་དང་། །དེ་བཞིན་བ་གླང་རྭ་དག་དང་། །སྤྲེའུའི་རུས་པ་སྒོག་སྐྱ་དང་། །དེ་བཞིན་དུ་ནི་སྤེན་མ་རྣམས། །དེ་དག་ཆ་ནི་མཉམ་བྱས་ལ། །ཆུ་དང་ལྷན་ཅིག་བཏག་པར་ བྱ། །ལག་ན་རྡོ་རྗེ་ཕྱག་བྱས་ལ། །བདུག་པ་འདི་ནི་སྦྱར་བྱས་ཏེ། །ཡུད་ཙམ་ངལ་ཡང་བསོ་བྱ་ཞིང་། །བདུག་བས་ཡང་དང་ཡང་དུ་བདུག །དུང་དང་འོ་མ་ཤིང་ཀུན་དང་། །དེ་བཞིན་ཀུ་ཤ་ན་ས་དང་། །ཨ་ནན་ཐལ་ཏྲེས་པུ་ཤེལ་ཙེ། ། ངལ་གསོ་དེ་ལ་ཕན་པ་སྟེ། །སྣར་ཡང་བླུགས་ཤིང་འཐུང་དུ་གཞུག །ལེགས་པར་ཡང་ནི་བླུགས་པར་བྱ། །ཕན་པར་འདོད་པས་གདོན་ཟིན་གྱི། །ལུས་ལ་ཡང་ནི་བསྐུ་བར་བྱ། །རྒྱམ་ཚྭ་དང་ནི་བཅྭ་སྒ་དང་། །བྱི་ཏང་ཀ་དང་ཚ་བ་གསུམ། ། བ་བླ་དང་ནི་རུ་རྟ་རྣམས། །ཆ་མཉམ་པར་ནི་བསྲེག་པར་བྱ། །ར་ཡི་བཅིན་དང་བཏག་བྱ་སྟེ། །མིག་བསྐུས་ནས་ནི་གདོན་ཀུན་སེལ། །སྣར་བླུགས་ན་ཡང་གདོན་ཀུན་སེལ། །ནིར་གུན་ད་དང་བྱེའུ་རུག་དང་། །ལུང་ཏང་ཡུངས་ཀར་པི་ པི་ལིང་། །དེ་དག་མི་བཟད་གདོན་རྣམས་ཀྱིས། །ཟིན་པ་ལ་ནི་སྣར་ཡང་བླུགས། །བཀྲུས་སྨན་ཡང་ནི་བཏང་བྱ་ཞིང་། །སྨན་གྱིས་མིག་བསྐུས་ལུས་ཀྱང་བྱུག །དེ་ལྟ་བུ་ནི་བྱས་ན་ཡང་། །ཅི་སྟེ་གདོན་ནི་མི་གཏོང་ན། །གང་གིས་ གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །སྡོང་ཆེན་ལ་ནི་གདགས་བྱ་ཞིང་། །སྒྲེན་མོར་ཤིན་ཏུ་སྐྲག་པར་བྱ། །ཐག་པ་སྦོམ་པོས་བཅིང་བྱ་ཞིང་། །ལུས་ནི་ཤིན་ཏུ་བསྒྲིམ་པར་བྱ། །ཁྲོན་པ་ནས་ནི་བཅུས་ པའི་ཆུ། །རབ་ཏུ་ཡངས་ནི་གཏོང་བར་བྱ། །གདོན་པ་དེས་ནི་རབ་ཟིན་ནས། །མི་བཟད་པས་ནི་ལུས་ཀྱང་བསྐུ། །བདུག་པ་སྦྱར་བའི་ལུས་རིམས་ཀྱིས། །གདོན་དེ་མྱུར་དུ་མེད་པར་འགྱུར། །ངལ་བསོ་བ་ཡང་བྱ་བ་སྟེ། །ཤུ་དག་ 100-1-227b ནིམ་པའི་ལོ་མ་དང་། །པ་དག་དང་ནི་པུ་རྩེ་ཤེལ། །ཀ་པིད་ཏ་ཡི་ལོ་མ་དང་། །སྒོག་སྐྱ་སྦྲུལ་ལྤགས་རྗེས་པས་བསྲེ། །འདི་ནི་ཞི་བར་བྱེད་པར་བཤད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེས་ཅི་སྟེ་མི་གཏོང་ན། །གང་གིས་གདོན་དེ་ གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །འདི་ལ་ཐེ་ཚོམ་མེད་པར་ནི། །མི་བཟད་གསང་སྔགས་སྦྱར་བར་བྱ། །རྨུགས་བྱེད་ལྕགས་ཅན་སོ་ཅན་དང་། །མཚན་སྦྱིན་བདུད་རྩི་ཐབས་སྦྱོར་སོགས། །ཚོགས་ རྣམས་སོ་སོའི་ལས་ཀྱིས་གཞོམ། །བཅིངས་ནས་ཀརྐ་ཏ་ཀ་ཡི། །བདུག་པ་མི་བཟད་བདུག་བྱ་སྟེ། །མགོ་དང་ལྐོག་མ་དེ་བཞིན་དབུས། །ཕྲག་པ་གཉིས་ཀྱང་ངེས་པར་བདུག །དྲག་པོའི་ལས་ཀྱིས་དྲག་པོ་རྣམས། ། སྐྲག་པར་བྱས་ནས་གཏོང་བར་འགྱུར། །ཡིད་ནི་འབྱུང་བར་བྱེད་པ་ཡི། །གསང་སྔགས་སྦྱར་སྨན་ལྡན་དེ་བཞིན། །ཡུངས་ཀར་རེག་བདུག་དྲག་པོ་ཡིས། །བློ་ངན་དེ་ནི་སྐྲག་པར་བྱ། །བློ་ཅན་རྒྱུད་ལ་འཇིགས་མེད་ཅིང་། ། དེ་ཉིད་རྟོགས་པས་གཏོང་དུ་གཞུག །ཆོ་ག་འདི་དག་ཉིད་ཀྱིས་ཀྱང་། །ཅི་སྟེ་གདོན་དེས་མི་གཏོང་ན། །གདོན་རྣམས་རབ་ཏུ་ཚར་གཅོད་པའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ངེས་པར་ཡང་ནི་ཁྱད་པར་དུ། །གསང་ སྔགས་ཀྱི་ནི་སྦྱོར་བ་བྱ། །ལག་ན་རྡོ་རྗེས་བྱས་པ་ཡིས། །གཞིག་པའི་ཐབས་ཀྱང་རབ་ཏུ་བྱ། །གཙང་སྦྲ་བྱ་ཞིང་ཞག་ལྔའི་བར། །གསོ་སྦྱོང་དག་ནི་ལྡན་པར་བྱ། །གཙང་མས་དུར་ཁྲོད་གཙང་མའི་དབུས། །དཀྱིལ་འཁོར་ ཡང་ནི་བྲི་བར་བྱ། །རྫས་བཞི་སྦྱར་བ་གང་ཡིན་པ། །དེ་ཡང་ལེགས་པར་བཤད་པར་བྱ། །ལུང་ཏང་ཕྲེང་ཡང་དེ་བཞིན་དུ། །ཤིང་ཤ་པ་དང་སེང་ལྡེང་དང་། །བ་རུ་ར་དང་རྒྱ་སྲན་དང་། །ཀ་ཀུ་བྷ་དང་ཨརྫུ་ན། །ཐང་ཤིང་ཡམ་སྲེག་ ཤིང་རྣམས་བསྡུ། །ཆུ་ཡི་བུམ་པ་བཞི་དག་ཀྱང་། །ཁྲག་གིས་སུ་ནི་གཏོར་བར་བྱ། །ཤ་བཙོས་པ་དང་རྗེན་པ་དང་། །ཏིལ་ཟན་ལ་ཕུག་སྦྲང་རྩི་དང་། །མར་རྙིང་དག་གི་ཚོགས་རྣམས་དང་། །ཡུངས་ཀར་དག་ནི་བྲེ་བཞི་ཡི། །ཚོགས་ 100-1-228a རྣམས་དང་ནི་བ་བླ་དང་། །ཨ་ཏི་པ་ལ་འང་དེ་བཞིན་ནོ། །དྲི་ཀུན་ཡང་ནི་དེ་བཞིན་ཏེ། །སིད་ཧ་ཧ་དང་སྟྲའི་མེ་ཏོག་དང་། །ས་ཧ་དེ་བ་འང་གཞུག་པར་བྱ། །གསེར་དག་དང་ནི་དངུལ་རྣམས་དང་། །འབྲུ་ཀུན་ཡང་ནི་གཞུག་ པར་བྱ། །ཁ་དོག་དག་ཀྱང་ངན་པར་བྱ། །ཁྲག་གིས་ཀྱང་ནི་བསྲེགས་པར་བྱ། །དྲི་དང་འབྲས་བུ་མེ་ཏོག་ཕྲེང་། །ཚོན་རྩི་བཏགས་དང་མ་བཏགས་དང་། །ཨ་ཀ་རུ་ནི་མ་ཉམས་སྤོས། །ཏ་མེ་རུ་དང་གུ་གུལ་མར། །བྱི་ཚུ་མརྡའི་ ལོ་མ་དང་། །དེ་བཞིན་སྐུད་པ་ཤུས་པ་སྟེ། །མིག་སྨན་གྱི་ནི་རིལུ་དང་། །དེ་བཞིན་སྣར་ཡང་བླུགས་པར་བྱ། །ལུས་ལ་ཡང་ནི་བསྐུ་བར་བྱ། །དེ་ནས་ཁྲུས་ཀྱང་བྱ་བ་སྟེ། །ཞི་བའི་ལས་ཀྱི་ཆོ་གས་ཀྱང་། །གདོན་རྣམས་དྲག་ཏུ་ཚར་ གཅོད་པ། །དངོས་གྲུབ་མཆོག་འདོད་གང་ཡིན་པས། །རབ་ཏུ་བསྒྲིམས་ཏེ་བྱ་བ་ཡིན། །འབྱུང་པོའི་བདག་དང་འབྱུང་པོ་ཡི། །གོ་ཆ་དེ་ལ་བཤད་པར་བྱ། །དཀྱིལ་འཁོར་ཕུན་སུམ་ཚོགས་པ་དེར། །ས་བོན་ཐམས་ཅད་བཀོད་པ་ཡི། ། དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲིས། །འབྱུང་པོའི་བདག་པོ་ཆུང་མར་བྱས། །མཁས་པ་ཡིས་ནི་བཞག་པར་བྱ། །སོ་ཅན་དང་ནི་ལྕགས་ཅན་དང་། །དེ་བཞིན་རྨུགས་བྱེད་རྫོགས་ལྡན་རྣམས། །དེ་དག་ཕྱོགས་རྣམས་གཞག་པར་ བྱ། །ཀུན་ནས་ལག་ན་བདུག་པ་ཐོགས། །ལྷོ་ཕྱོགས་ཀྱི་ནི་ངོས་སུ་ཡང་། །དགའ་བྱེད་གྲོང་ཁྱེར་འོད་དང་བཅས། །དམ་པ་བརྒྱད་པོ་གང་བཤད་བྲིས། །ཁོ་ར་ཁོར་ཡུག་དག་ནས་ཀྱང་། །ཡམ་སྲེག་ཤིང་ནི་དགྲམ་པར་བྱ། །ནང་དུ་བཀོད་པ་ དེ་དག་ཀྱང་། །བསམ་པར་བྱ་ཞིང་ཤེས་པར་བྱ། །ངོས་རྣམས་བཀྲ་ཤིས་འབར་བ་དང་། །མ་རུངས་གདོན་ནི་མཁས་པས་བྲི། །ངེས་པར་ཡང་ནི་མཆོད་བྱས་ནས། །མེ་ཏོག་ཕྲེང་དང་དྲིས་རྒྱས་པས། །ལག་ན་རྡོ་རྗེས་ལེགས་བཤད་པའི། ། ལས་རྣམས་ཀྱང་ནི་སྦྱར་བྱ་ཞིང་། །རྒྱུད་མཐོང་བའི་ཡི་ལས་ཀྱིས་ནི། །མ་རུངས་གདོན་རྣམས་དགུག་པར་བྱ། །དཀྱིལ་འཁོར་འདི་ནི་འབྱུང་རྣམས་ཀྱི། །འབྱུང་པོའི་རིགས་ནི་བརླག་པར་འགྱུར། །དྲག་པོ་ཆེན་པོ་མི་བཟད་པ། །ཆོས་ལུགས་ 100-1-228b མི་བཟད་གང་ཡིན་པ། །དེ་དག་ང་ཡི་དཀྱིལ་འཁོར་གཞུག །དྲག་པོ་གཡོ་དང་མི་གཡོ་བ། །དྲག་ཏུ་འཁྲུལ་ཅིང་སེམས་ཅན་རྣམས། །ང་ཡི་དཀྱིལ་འཁོར་ནང་དུ་གཞུག །དེ་མཐོང་སེམས་ཅན་འཆི་བར་འགྱུར། །གདོན་རྣམས་ཀྱི་ནི་དཀྱིལ་ འཁོར་དུ། །འཐབ་པ་དྲག་པ་དེར་གཞུག་ཅིང་། །ཤིན་དུ་ཚར་ཡང་བཅད་པར་བྱ། །རིག་པའི་མཆོག་གམ་སྤྱན་གྱིས་ནི། །འཇིག་རྟེན་དཀྱིལ་འཁོར་བྲི་བར་བྱ། །གདོན་གྱི་དཀྱིལ་འཁོར་རྫོགས་སྷོ།། །། དེ་ནས་གདོན་སྐྲག་པའི་ མཚན་མ་རྣམས་དང་། མེད་པར་འགྱུར་བའི་མཚན་མ་རྣམས་བལྟ་བར་བྱ་སྟེ། འདི་ནི་བཏང་བར་མ་གྱུར་ཅིང་། །སྐྲག་པའི་མཚན་མར་ཤེས་པར་བྱ། །ལུས་ཀུན་ཡང་ནི་འདར་བ་དང་། །མགོ་བོ་ཡང་ནི་འདར་བར་བྱེད། །དབུགས་ཀྱི་ཤུགས་ ཀྱང་འབྱིན་པར་བྱེད། །དེ་ནི་སྐྲག་པའི་མཚན་མར་ཤེས། །ཤིན་ཏུ་རྒོད་པར་བྱེད་པ་དང་། །ཡང་དང་ཡང་དུ་ཁྲོ་བར་བྱེད། །ཚིག་ཀྱང་ཤིང་དུ་འཛིན་པར་བྱེད། །དེ་ནི་སྐྲག་པའི་མཚན་མར་ཤེས། །མཐོང་ན་ཡང་ནི་ཞི་བར་འགྱུར། །ཞི་བའི་ ཚུལ་གྱིས་བལྟ་བ་དང་། །བདུག་པ་ཡང་ནི་སྣོམ་པར་བྱེད། །ཧཱུྃ་ཞེས་བྱ་བས་སྡོད་པར་འགྱུར། །དེ་ནི་སྐྲག་པའི་མཚན་མར་ཤེས། །ངལ་ཞིང་རིམས་ནད་འདེབས་གྱུར་པ། །དེ་ནི་མེད་པའི་མཚན་མར་ཤེས། །སྨྲས་པས་རྟོགས་པ་གང་ ཡིན་དང་། །ཐམས་ཅད་མྱུར་དུ་འཛིན་པ་དང་། །ཡང་ན་ཤིན་ཏུ་འདར་བར་འགྱུར། །དེ་ནི་མེད་པའི་མཚན་མར་ཤེས། །གང་ཞིག་མཐོང་ན་རང་དབང་དང་། །སླར་ནི་རང་དགར་འགྱུར་བ་དང་། །མི་ཡི་ཚུལ་ནི་སྤྱོད་གྱུར་པ། །དེ་ནི་མེད་པའི་མཚན་ མར་ཤེས། །འཇིགས་བཞིན་འདྲེན་པ་གང་ཡིན་དང་། །ཞི་བའི་ཚུལ་གྱིས་བལྟ་བ་དང་། །མི་ནི་ངོ་མཚར་ལྡན་གྱུར་པ། །དེ་ནི་མེད་པའི་མཚན་མར་ཤེས། །དེ་བཞིན་འདུན་གྱིས་མི་ཕྱོགས་ལ། །དྲིས་ན་ཡང་ནི་སྨྲ་མི་བྱེད། །རིམས་ ནད་བྱང་ཞིང་རྨོངས་མེད་པ། །དེ་ནི་མེད་པའི་མཚན་མར་ཤེས། །ཁྱོད་ཀྱིས་ང་ལ་གང་དྲིས་པ། །དེ་ཀུན་ཁྱོད་ལ་བཤད་པར་བྱ། །བཅོམ་ལྡན་ཇི་ལྟར་གདོན་འབྲོས་དང་། །མི་ནི་འབྲོས་ཚུལ་ཅི་འདྲ་དང་། །གནས་པའི་ཚུལ་ནི་ཅི་འདྲ་དང་། ། 100-1-229a བྱ་བ་བསྒྲུབ་པར་ཇི་ལྟར་འགྱུར། །ཇི་ལྟར་མི་འཇོམས་མཉན་པར་འཚལ། །ལག་ན་རྡོ་རྗེ་སྟོབས་ཆེན་གྱིས། །དེ་ཡི་ཚིག་དེ་ཐོས་གྱུར་ནས། །བདུད་རྩི་ཐབས་སྦྱོར་ཁྱོད་ཀྱིས་སུ། །ང་ལ་དྲིས་པ་གང་ཡིན་པ། །གདོན་ རྣམས་ཉན་པར་འགྱུར་བ་ཡི། །ལས་དེ་སོ་སོར་ཅི་རིགས་ཉོན། །དཀྱིལ་འཁོར་དག་ནི་བཞི་མདོ་དང་། །དེ་བཞིན་ཁྱིམ་དང་བ་ལང་ལྷས། །དུར་ཁྲོད་དང་ནི་ཤིང་གཅིག་དྲུང་། །དེ་ནི་མཁས་ཤིང་འཇིགས་མེད་པས། །གདོན་དེ་གཏོང་ དུ་གཞུག་པར་བྱ། །ཐོག་མར་ཆོ་གར་བྱ་བ་ནི། །ཞག་གསུམ་ཡང་ན་ཞག་ལྔ་འམ། །ཞག་བདུན་བར་དུ་ཅུང་ཟད་བསྟེན། །ཡང་ན་ཟླ་བ་ཕྱེད་ཀྱི་བར། །དེ་བཞིན་ཞག་ནི་ཉི་ཤུ་གཅིག །རིག་སྔགས་སྟོབས་ནི་ཆེ་བ་དང་། །བདག་ ཉིད་རིག་སྔགས་གསང་བ་ཡི། །རིག་སྔགས་དེ་བཞིན་ཤེས་ནས་ནི། །ཅི་ནས་དེ་ནི་དབང་འགྱུར་ཞིང་། །ཉན་དུ་ཡང་ནི་གཞུག་པར་བྱ། །ཕྱེམ་རེད་ཀྱི་ནི་དུས་མཚམས་སུ། །བབ་ན་བདུད་རྩི་ཐབས་སྦྱོར་གྱིས། །འབྱུང་པོ་རྣམས་ ཀྱི་དཀྱིལ་འཁོར་ནི། །ཁྲུ་གསུམ་གྲུ་བཞི་མཛེས་པ་བྲི། །དེས་ནི་ཐེ་ཚོམ་མེད་པར་ཡང་། །གསང་བ་བདག་ནི་ཉན་པར་འགྱུར། །བདག་ཉིད་འབྱོར་བར་གང་འདོད་པས། །གསང་བ་ཡང་ནི་འདིས་བྱ་ཞིང་། །གསང་སྔགས་འདི་ ཡིས་འབྱུང་པོ་རྣམས། །ཉན་པར་འགྱུར་བ་ཞེས་བྱ་བ། །འདི་ནི་མཁས་པས་བྱེད་དུ་གཞུག །ལོ་ནི་བཅུ་གཉིས་དག་ཏུ་ཡང་། །མ་བསྙེན་པ་ལ་སྦྱིན་མི་བྱ། །སྟོང་སྙེད་མ་བྱིན་སྦྱིན་མི་བྱ། །སྡིག་པའི་ཚུལ་ཅན་སྦྱིན་མི་བྱ། ། གང་གིས་གདོན་ནི་ཉན་པར་འགྱུར། །གང་གིས་གསང་སྔགས་དབང་འགྱུར་བ། །ཕྱག་རྒྱའི་ཆོ་ག་ངེས་པ་ཡིས། །གསང་སྔགས་དཀྱིལ་འཁོར་འདི་ཡང་བཤད། །ཕྱག་རྒྱ་ཚོགས་དང་བཅས་བཏང་ཞིང་། །གསང་བའི་ ཕྱག་རྒྱས་བཏང་བྱས་ནས། །བརྟག་ནས་རྟག་ཏུ་འཛིན་པར་བྱེད། །གསོད་པ་བྱས་པའི་ཕྱག་རྒྱ་ཡི། །དཀྱིལ་འཁོར་མཆོག་ཏུ་གསང་བ་འདི། །གསང་བ་པ་རྣམས་གཞིག་པ་དང་། །ཆོ་ག་བསྒྲུབ་ཕྱིར་བཤད་པར་བྱ། །དེ་ནས་ 100-1-229b བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས་གདོན་ཉན་པར་འགྱུར་བའི་ཕྱག་རྒྱའི་དཀྱིལ་འཁོར་འདི་བཤད་དེ། ཁྲུ་གསུམ་པ་ཚོན་སྣ་ལྔའི་ཕྱེ་མས་དབུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བྲིའོ། །དེ་ནས་ཕྱག་ རྒྱ་དགོད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོ་ལོགས་སུ་ནི་རྒྱལ་བ་ཞེས་བྱ་བའི་ཕྱག་རྒྱ་དང་། རྣམ་པར་རྒྱལ་བ་དང་། རྡོ་རྗེ་མཚན་མ་དང་། རྡོ་རྗེའི་མཚན་བརྟགས་རྣམས་དགོད་དོ། །ལྷོ་ཕྱོགས་སུ་ནི་བཀྲ་ཤིས་དང་། ཤིན་དུ་བཀྲ་ ཤིས་དང་། ཀླུ་ལག་དང་། པད་མའི་མཚན་རྣམས་དགོད་དོ། །བྱང་ཕྱོགས་སུ་ནི་འཚེ་བ་དང་། པད་མའི་ཕྲེང་བ་དང་། གཡུང་དྲུང་རིས་དང་། མདུང་རྩེ་གསུམ་པ་དགོད་དོ། །ནུབ་ཕྱོགས་སུ་ནི་མདུང་ཐུང་དང་། རྡོ་རྗེ་དང་། ཞགས་པ་དང་། རལ་ གྲི་རྣམས་དགོད་དོ། །གདོན་གྱི་དབྱུག་པ་ཡང་གཡོན་ལོགས་སུ་བཞག་གོ། །འཁོར་ལོ་ནི་གཡས་ཕྱོགས་སུ་བཞག་གོ། །དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་རྣམ་པ་སྣ་ཚོགས་དབུལ་ཞིང་དྲི་དང་། མེ་ཏོག་རྣམས་ཀྱང་འབུལ་ ལོ། །རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །གདོན་གྱིས་ཟིན་པ་ཡང་བུམ་པའི་ཆུས་ཁྲུས་བྱེད་དུ་གཞུག་གོ། །དེ་ནས་གདོན་གྱིས་གཏོང་བར་འགྱུར་བའི་རིག་སྔགས་བཀླག་པར་བྱའོ། །དེས་ན་གདོན་གྱི་ རིག་སྔགས་འཆང་ཇི་སྐད་ཟེར་བ་བཞིན་བྱེད་པར་འགྱུར་ཏེ། སོང་ཤིག་སོང་ཤིག་ཅེས་བྱས་ན་འགྲོ་བར་འགྱུར་རོ། །དེ་ནས་གདོན་བཀོལ་བར་འདོད་ན་གདོན་གང་དང་གང་དུ་བགོས་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །ལྷ་རྣམས་ གསང་བ་དང་། གསང་ཆེན་དང་། གདོན་ཉན་པར་འགྱུར་བའི་ཕྱག་རྒྱའི་ཚོགས་ཀྱིས་ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་ངས་བཤད་ཟིན་ཏོ། །ཕྱག་རྒྱ་རྣམས་ཀྱི་ཆུང་ཟད་དཔེ་ཙམ་དུ་བྱ་བ་དེ་ངས་བཤད་པར་བྱ་སྟེ། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱུད་ཕྱི་མ་དང་བཅས་པ་ཕྱག་རྒྱ་རྣམས་ཀྱིས་བཏབ་པ་འདི་འཆང་བ་གང་ཡིན་པ་དང་། ཀློག་པ་དང་། ཕྱག་འཚལ་བ་གང་ཡིན་པ་དེ་ལ་ཡང་ལྷ་རྣམས་ཡིད་དགའ་བར་འགྱུར་ན་ 100-1-230a བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པ་འདི་འཆང་བ་འམ། ཕྱག་འཚལ་བ་ལྟ་ཅི་སྨོས་ཏེ། དེའི་མདུན་དུ་གདོན་ཐམས་ཅད་སྙིང་འདར་ཞིང་མྱུར་དུ་འཁོད་པར་འགྱུར་རོ། །བཅོམ་ལྡན་འདས་ རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་མ་སྤྱན་དང་བཅས་པ་གང་ཡིན་པ་ངས་བཤད་ཟིན་ཏོ། །སྙིང་པོའི་རྒྱལ་པོའི་ལས་གང་གིས་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་བ་འམ། འཇོམས་པར་ བྱེད་པ་ཡང་ངས་བཤད་པར་བྱ་སྟེ། སྙིང་པོའི་རྒྱལ་པོ་བཅོམ་ལྡན་འདས་མ་དང་བཅས་པ། རྒྱུད་ཕྱི་མ་དང་ལྡན་པ་ལ་གནས་པ་དང་། འཆང་བ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་ འགྲུབ་པར་འགྱུར་རོ། །གང་གིས་དངོས་གྲུབ་འགྲུབ་པར་འགྱུར་བ་དེ་ཡང་བཤད་པར་བྱ་སྟེ། ཚེས་གྲངས་བདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་པར་བ་ལང་གི་ལྕི་བས་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ། དེར་ཙན་ དན་དམར་པོ་ལས་བྱས་པའི་རྡོ་རྗེ་གཞག་ནས་དེའི་མདུན་དུ་མིའི་གཟུགས་བྱས་ཏེ། སྙིང་པོའི་རྒྱལ་པོ་བཟླས་བརྗོད་བྱེད་ཅིང་། བ་ཀ་ལའི་མེ་ཏོག་གིས་བསྣུན་ན་ཆོ་ག་རྒྱས་པའི་གདོན་བཅོམ་པར་འགྱུར་རོ། །ཆོ་ག་དེ་ཉིད་ ཀྱིས་སྣ་མའི་མེ་ཏོག་གིས་བསྣུན་ན་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ། དམ་པ་སྦྱིན་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་སམ། འོ་མའི་དང་ཕྱེ་མའི་འདག་གུ་ཟ་ཞིང་མཆོད་རྟེན་དྲུང་དུ་སོང་ལ་སྙིང་པོའི་ རྒྱལ་པོ་བཟླས་བརྗོད་བྱས་ན་གང་བསྒྲུབ་པ་དེ་ལ་འབྲས་བུ་ཡོད་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གོས་གཙང་མ་བགོས་ནས་མཆོད་རྟེན་གྱི་ཁུང་བུར་ སོང་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་ཀུ་ཤའི་སྟན་གཉིས་བཞག་སྟེ། རིག་སྔགས་འཆང་ཤར་ཕྱོགས་སུ་ཁ་བལྟ་ཞིང་རིག་སྔགས་འཆང་གཅིག་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་དེ་ནས་རིག་སྔགས་ 100-1-230b འཆང་གི་ལག་པས་རིག་སྔགས་འཆང་གི་ལག་པ་བཟུང་ནས། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་འཕགས་པ་ལག་པ་སྦྱར་བའི་ནང་ནས་འོད་ཟེར་འབྱུང་བར་འགྱུར་རོ། །འོད་ཟེར་དེ་ཡང་རྣམ་པ་ གཉིས་སུ་འགྱུར་ཏེ། རིག་སྔགས་འཆང་ལ་གཡས་ཕྱོགས་སུ་བསྐོར་ནས་མི་སྣང་བར་གྱུར་པ་དང་། རིག་སྔགས་འཆང་གི་མགོ་བོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། དེ་མགོ་ལ་འདུག་པས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་ བར་གྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་བསྐལ་པར་གནས་པ་དང་། སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཏེ། གཉིས་ཀ་ཡང་སྲེད་མེད་ཀྱི་ བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཞིང་དཔག་ཚད་ཉིས་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ། །ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་ཕྱེ་མའི་འདག་གུ་ལ་རིག་སྔགས་བཟླས་བརྗོད་བྱས་ལ་དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ ལ་ལྷ་ཆེན་པོའི་གནས་སུ་སོང་ཏེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་ཟླ་བ་ཉ་ལ་ནྱ་གྲོ་དྷའི་ཤིང་གཅིག་འགྲེང་གི་དྲུང་དུ་སོང་ལ་དེའི་དྲུང་དུ་ཁྲི་ལྔ་ཙམ་བྱི་དོར་བྱས་ནས་ཕོའི་མིང་དང་ ལྡན་པའི་ཤིང་ལས་མདུང་བྱས་ཏེ། དྲི་དང་མེ་ཏོག་དང་། བདུག་པས་བརྒྱན་ལ། བཅོམ་ལྡན་འདས་མ་དང་རིག་སྔགས་ཀྱི་རྒྱལ་པོས་ལས་བྱས་ཏེ། དེ་ནས་རིག་སྔགས་འཆང་དེ་ནྱ་གྲོ་དྷའི་ཤིང་ལ་འཛེགས་ལ། རིག་སྔགས་ ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་བྱེད་བཞིན་དུ་མདུང་གི་སྟེང་དུ་བདག་ཉིད་མཆོངས་ནས་དེས་རེག་མ་ཐག་ཏུ་ལྕང་ལོ་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན་དུ་འགྱུར་ཏེ། རིག་སྔགས་འཆང་ ཐམས་ཅད་ཀྱིས་མི་སོད་ལ། ཚེ་ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་ཏེ། ལུས་ཞིག་པའི་ཚེ་ཡང་འཕགས་པ་ལག་ན་རྡོ་རྗེ་མཐོང་བར་འགྱུར་རོ། །ཡུམ་དང་སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པ་དེ་ལ་ནི། ལྷ་རྣམས་ཡིད་ 100-1-231a དགའ་བས་དངོས་གྲུབ་སྦྱིན་པར་འགྱུར་རོ། །ཆོ་ག་རྒྱས་པ་རྒྱུད་ཕྱི་མ་དང་བཅས་པ་འདི་འཆང་བ་འམ། ཀློག་པ་གང་ཡིན་པ་དེ་དག་ལ་ནི་ལྷ་ཐམས་ཅད་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་འགྱུར་ཏེ། སྡིག་པ་ ཐམས་ཅད་ལས་ཀྱང་གྲོལ་བར་འགྱུར་རོ། །སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པས་ནི། ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་ཐོབ་པར་འགྱུར་རོ། །གདོན་ཐམས་ཅད་ཀྱང་འདི་ཉིད་ཀྱིས་ དབང་དུ་བྱའོ། །གདོན་འཁྲུགས་པར་བྱ་འདོད་ན་ན་ལེ་ཤམ་བླངས་ལ་ཀ་ན་ཀའི་འབྲས་བུའི་ནང་དུ་བཙོས་ནས་ན་ལེ་ཤམ་དེས་གདོན་ལ་བདུགས་ན་སྨྱོ་བར་འགྱུར་རོ། །གུ་གུལ་གྱི་བདུག་པ་འམ་གཏོར་མས་གཏོང་བར་ འགྱུར་རོ། །མིག་འཁྲུལ་བར་བྱ་བར་འདོད་ན་བབ་བླ་བླངས་ཏེ་རྩངས་པ་ཟར་བཅུག་སྟེ། བབ་བླ་རྩངས་པའི་ཁ་ནས་བྱུང་བ་བླངས་ནས་མིག་སྔར་བསྟན་ན་མིག་འཁྲུལ་བར་འགྱུར་ཏེ། མར་དང་སྦྲང་རྩིས་བསྐུས་ན་ སླར་འཚོ་བར་འགྱུར་རོ། །གདོན་གྱི་སླད་པ་ན་བར་བྱ་ན་བ་ལ་ཏ་ཀའི་འབྲས་བུ་བླངས་ལ་ཕྱེ་མར་བཏགས་ཏེ་མེ་ཏོག་དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན་མནམས་མ་ཐག་ཏུ་ཀླད་པའི་ནད་ཀྱིས་འདེབས་པར་འགྱུར་རོ། ། གུ་གུལ་གྱི་བདུག་པ་འམ། གཏོར་མས་གཏོང་བར་འགྱུར་རོ། །དེ་ནས་གདོན་མཁྲིས་པའི་རིམས་ཀྱིས་འདེབས་པར་འདོད་ན། ཨ་ག་ནི་མ་སྡུ་བ་གཅིན་བགོས་ལ། བགོས་ནས་ཕྱེ་མར་ཞིབ་མོར་བཏགས་ཏེ་མེ་ཏོག་ དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན་མནམས་མ་ཐག་ཏུ་མཁྲིས་པའི་རིམས་ཀྱིས་འདེབས་པར་འགྱུར་ཏེ། གུ་གུལ་གྱི་བདུག་པ་དང་། གཏོར་མས་གཏོང་བར་འགྱུར་རོ། །པྲི་ཏི་པི་པི་ཏ་དང་། ཙན་དན་དམར་པོ་དང་། མིའི་ ཐོད་པ་ལྷན་ཅིག་ཏུ་སྦྱར་ཏེ་འཐུང་དུ་བཅུག་ན་གདོན་མྱོས་པར་འགྱུར་ཏེ། མར་དང་སྦྲང་རྩི་འམ་གཏོར་མས་གཏོང་བར་འགྱུར་རོ། །ཏུམ་པའི་རྩ་བ་དང་། ཀ་ཤ་ཏ་ཀི་དང་། ཀ་ན་ཀའི་འབྲས་བུ་ལྷན་ཅིག་ཏུ་ 100-1-231b བཏགས་ཏེ་བླུད་ན་ཡང་མྱོས་པར་འགྱུར་རོ། །བུ་རམ་དང་རྩ་བས་སམ་གཏོར་མས་གཏོང་བར་འགྱུར་རོ། །གདོན་ནི་ཆོ་གས་གཏོང་བར་འགྱུར་བའི་བདུག་པ་བཤད་པར་བྱ་སྟེ། གཞོན་ནུ་ལ་ནི་ལྷག་པར་ཡང་། །རྨ་བྱའི་སྒྲོ་དང་དྷ་ཏ་ཀི། ། གསེར་ཕྲོམ་ལུག་རུ་བ་ལང་རྭ། །དེ་བཞིན་མ་ཧཱ་ས་གནྡྷ། །སྦྲུལ་ལྕགས་རྗེན་པ་དག་དང་ནི། །རྒྱ་སྐྱེགས་བྱི་ལའི་ལྤགས་པ་དང་། །མོན་སྲན་སྡེའུ་མ་རུའི་རྩ་བ་དང་། །ན་ལེ་ཤམ་དཀར་འབྲུ་བཞི་དང་། །རས་བལ་ཚི་གུ་བིལ་བའི་རྩ། ། ཐང་ཤིང་ཙན་དན་དམར་པོར་བཅས། །ཐེ་ཚོམ་མེད་པར་གནོད་སྦྱིན་མོ། །བདུག་པ་འདི་དག་སྦྱིན་བྱ་ཞིང་། །བྱིས་པ་རྣམས་ལ་ཕན་འདོགས་པས། །བདུག་པ་འདི་ནི་སྦྱར་བར་བྱ། །གདོན་རྣམས་ཀྱི་ནི་ངོ་ལོན་དང་། །གཏོང་བར་བྱེད་པ་དང་། འཁྲུལ་པར་བྱེད་པ་དེ་ངས་བཤད་ཟིན་ཏོ། །སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རིག་སྔགས་ཀྱིས་གདོན་བཅད་པ་དང་། གཞོམ་པ་དང་། ཕྱིར་བསླང་བར་བྱ་བ་ངས་བསྟན་པ་དེ་ཡང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཧུ་རུ་ ཧུ་རུ་བ་ཧུ་མེ། ཨུཏྟིཥྛ། ཨི་མེ་སྭཱ་ཧཱ། ཕྱིར་བསླང་བ་ནི་ཆུས་བྱའོ། །ལྷ་རྣམས་གདོན་རྣམས་ཀྱི་མཚན་མ་དང་། གསོ་བའི་ཐབས་ངས་བཤད་ཟིན་ཏོ། །རིག་པ་མཆོག་གི་ཆོ་ག་རྒྱས་པ་མ་ལུས་པའི་དབང་དུ་བྱས་ཏེ། ལས་བྱེད་པ་ གང་ཡིན་པ་འམ་ཡང་ན་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པར་འཆང་བ་གང་ཡིན་པ་དེས་ཀྱང་གདོན་རྣམས་མ་རུང་བར་བྱ་བ་དང་བསད་པར་ནུས་སོ། །གང་ཞིག་བཟོད་ལྡན་ཁྲོ་ཐུལ་བ། །ཚངས་པར་སྤྱོད་ཅིང་ དབང་པོ་ཐུལ། །གཙང་ཞིང་སྤྱོད་པ་གཙང་བ་དང་། །བྱང་ཆུབ་ཏུ་ནི་ངེས་བྱས་དང་། །རིག་པ་མཆོག་གི་དེ་ཉིད་རྟོགས། །ཆོ་གའི་ལྷ་རྣམས་མཆོད་བྱེད་པ། །དེ་འདྲར་སྤྱོད་པ་མཁས་པ་ཡིས། །གསང་བ་པ་རྣམས་གཞིག་པར་བྱ། །གདོན་ ཐམས་ཅད་ཀྱི་ངོ་ལོན་རྫོགས་སྷོ།། །། དེ་ནས་སའི་ལྷ་མོས་ལག་ན་རྡོ་རྗེའི་ཞབས་གཉིས་ལ་གཏུགས་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཆོ་ག་རྒྱས་པ་ལེགས་པར་གསུངས་སོ། །བདག་ 100-1-232a གིས་ཀྱང་རིག་སྔགས་འཆང་རྣམས་ཀྱི་དོན་གྱི་ཕྱིར་བཅོམ་ལྡན་འདས་རིག་སྔགས་འཆང་གིས་རིག་སྔགས་ནི་ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་ནི་འཇུག་པར་བགྱི། ནོར་བསྒྲུབ་པའི་ལས་ཀྱི་དུས་ནི་གང་། དྲག་ཤུལ་བྱ་བ་འམ། ཞི་བ་འམ། རྒྱས་པའི་ལས་ཀྱི་དུས་ནི་གང་། རིག་སྔགས་ནི་གང་དུ་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སའི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ། །སའི་ལྷ་མོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ ཞུགས་ཏེ། ང་ལ་དྲིས་པ་གང་ཡིན་པ་དེ་ལེགས་སོ་ལེགས་སོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལྷ་མོ་ཁྱོད་ལ་བཤད་པར་བྱ་སྟེ། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ཟླ་བ་ཕྱེད་དམ། ཞག་ཉི་ཤུའི་བར་དུ་རིག་སྔགས་ བསྟེན་པར་བྱ་སྟེ། དེ་ཡང་དོར་བར་བྱའོ། །གསུམ་པ་ནི་རོ་སྨད་དཀྲིས་ནས་ལྷའི་ཐད་དུ་འགྲོ་བར་བྱའོ། །རིག་སྔགས་འཆང་རིག་བསྔགས་གང་དེ་ཉིད་ཀྱིས་ཆུ་ལ་སྔགས་ཏེ་ཁྲུས་བྱ་ཞིང་། ཁྲུས་བྱེད་པའི་ཚེ་སུ་ལ་ཡང་སྨྲ་བར་མི་ བྱ་སྟེ། རིག་སྔགས་ལ་ཕྱག་བྱས་ནས་ཁྲུས་བྱའོ། །རིག་སྔགས་བསྒྲུབ་པ་ན་སྐྱིལ་མོ་དཀྲུང་བརྟན་པོར་འདུག་པར་བྱ་སྟེ། རྒྱས་པ་འམ་རིག་སྔགས་བསྒྲུབ་པ་ལ་ནི་སྐྱིལ་མོ་དཀྲུང་གིས་འདུག་པར་བྱའོ། །དྲག་ཤུལ་ལ་ནི་ རྐང་པས་རྐང་པ་མནན་ཏེ་འདུག་པར་བྱའོ། །རྒྱས་པའི་ལས་དང་ནོར་བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་རྣམས་ལ་ནི་ནང་བར་ལས་བྱ་སྟེ། དེའི་ཚེ་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན། དེའི་ཕྱིར་ལས་འགྲུབ་པར་འགྱུར་རོ། ། དྲག་ཤུལ་གྱི་ལས་རྣམས་ལ་ནི་ཉི་མ་གུང་ངམ་ནམ་ཕྱེད་ན་ལས་བྱ་སྟེ། དེའི་ཚེ་ཡི་དགས་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན། དེ་ཕྱིར་དེ་དག་མ་རུང་བར་བྱེད་པ་ལ་འཇུག་པར་འགྱུར་རོ། །ཞི་བ་དང་རིག་སྔགས་བསྒྲུབ་ པ་ནི་སྲོད་ཀྱི་དུས་སུ་བྱ་སྟེ། དེའི་ཚེ་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་རིག་སྔགས་འཆང་ལ་ལྟ་བར་བྱེད་པས་ན། དེའི་ཕྱིར་དེ་ལ་ཞི་བ་འགྲུབ་པར་འགྱུར་རོ། །ནུབ་མོ་ཡང་ཆོ་ག་འདི་བཞིན་དུ་ལས་བྱའོ། །ལྷ་མོ་གཞན་ 100-1-232b ཡང་བཤད་པར་བྱ་སྟེ། རིག་སྔགས་གང་གི་སྦྱིན་སྲེག་ནུབ་མོ་བྱ་བར་བཤད་པ་དེའི་སྦྱིན་སྲེག་ནི་ནུབ་མོ་བྱ་སྟེ། བཟླས་པ་ཉིད་ནི་ཉིན་མོ་བྱའོ། །ལྷ་མོ་གང་གི་སྦྱིན་སྲེག་ཉིན་པར་བྱ་བ་དེའི་བཟླས་བརྗོད་ནི་ནུབ་མོ་བྱའོ། །ལྷ་མོ་ཆོ་ ག་དེས་ན་རིག་སྔགས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་སའི་ལྷ་མོ་དེ་མགུ་ཞིང་རབ་ཏུ་དགའ་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ལག་ན་རྡོ་རྗེའི་ཞབས་ལ་ཕྱག་བྱ་བ་ འི་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎི་སྱ། བལ་གུ་བལ་གུ། ཧུ་ལུ་ཧུ་ལུ། ཏཾ་གི་ནི་སྭཱ་ཧཱ། དེ་ནས་སའི་ལྷ་མོ་དེས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ལས་རྣམས་བཤད་པ། རིག་སྔགས་བསྒྲུབ་པ་ན་རིག་སྔགས་འཆང་གིས་ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་འདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱའོ། །དེ་ནས་ ཡར་གྱི་ངོ་ཚེས་བརྒྱད་ལ་ཙན་དན་དཀར་པོ་ལས་སའི་ལྷ་མོའི་གཟུགས་བྱས་ལ། ཙན་དན་དམར་པོ་ལས་ལག་ན་རྡོ་རྗེའི་གཟུགས་བྱས་ཏེ། དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་དཀྱིལ་འཁོར་གྱི་དབུས་སུ་ལག་ན་ རྡོ་རྗེའི་གཟུགས་བཞག་ལ། དབུས་དེར་སའི་ལྷ་མོ་ཡང་བཞག་སྟེ། ལག་ན་རྡོ་རྗེ་དང་སའི་ལྷ་མོ་ལ་མཆོད་པ་བྱས་ལ་ལྷ་བཤོས་རྒྱས་པར་ཕུལ་ནས་ལག་ན་རྡོ་རྗེའི་དྲུང་དུ་ནི་བ་དན་དམར་པོ་གཞག་གོ། །སའི་ལྷ་མོའི་ དྲུང་དུ་ནི་བ་དན་དཀར་པོ་གཞག་གོ། །ཕྱོགས་བཞིར་ཡང་གོས་དམར་པོ་གྱོན་པའི་མི་རྣམས་གཞག་གོ། །རིག་སྔགས་འཆང་གིས་ཀྱང་གོས་དམར་པོ་བགོས་ལ་ངེས་པར་གནས་པར་བྱ་སྟེ། རིག་སྔགས་བསྒྲུབ་པར་བྱའོ། ། དེ་ནས་ཉི་མའི་འོད་ལས་བྱུང་བའི་མེས་བིལ་བའི་ཤིང་སྦྱར་ཏེ། བིལ་བའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་སའི་ལྷ་མོ་འགུལ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་ 100-1-233a གིས་སའི་ལྷ་མོ་དེ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་གོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་ལ་ཙན་དན་དམར་པོའི་མཆོད་ཡོན་ཕུལ་བ་ལ་ཙི་ར་ཀནྡ་ཀའི་ཕྱེ་མ་ཡུངས་མར་དང་སྦྱར་བས་ལན་བརྒྱ་ སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ནམ་མཁའ་ལས་སའི་ལྷ་མོ་འགྲུབ་པོ་ཞེས་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་སའི་ལྷ་མོ་དེ་བླངས་ལ། བླངས་ནས་ཕྱེ་མ་ཞིབ་མོར་བཏགས་ན་ཕྱེ་མས་གང་ལ་རེག་ པ་དེ་ལས་གྲུབ་ནས་ས་ལ་གནས་པའི་རིག་སྔགས་འཆང་ལ་རིག་སྔགས་འཆང་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་ཞིང་། རིན་པོ་ཆེ་ཐམས་ཅད་དང་། སྨན་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་རོ། །ས་ཡང་དེ་ལ་ གནས་སྦྱིན་པར་འགྱུར་ཞིང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །ལས་ཐམས་ཅད་ལ་ལན་གསུམ་བཟླས་བརྗོད་བྱས་པའི་ཐལ་བས་བསྲུང་བར་བྱའོ། །བསྐྲད་པ་ནི་མར་གྱི་ངོ་ ཞག་བཅུ་བཞི་ལ་ཟ་མ་གཅིག་པར་བྱ་སྟེ། ལམ་གྱི་སུམ་མདོ་འམ། བཞི་མདོ་འམ། དུར་ཁྲོད་ཀྱི་ཐལ་བས་སའི་ལྷ་མོའི་གཟུགས་བྱས་ལ་དེའི་སྟེང་དུ་ཙན་དན་དམར་པོས་གཏོར་བར་བྱ་སྟེ། ཐལ་བར་བླངས་ལ་དུར་ཁྲོད་ཀྱི་ཤིང་ གིས་མེ་སྦར་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས་འབྲོས་པར་འགྱུར་རོ། །གཟེར་ཐབས་ཀྱིས་གདབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་རྫ་མཁན་གྱི་འཇིམ་པ་ལ་གཟུགས་བྱས་ཏེ། །མདུང་རྩེ་གསུམ་པ་འམ། མ་ད་ནའི་ཚེར་མ་དབུས་ནས་བླངས་པའི་མ་ད་ནའི་ཚེར་མ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་བཙུགས་ན་གང་དུ་གཙུགས་པ་དེར་གཟིར་བར་འགྱུར་ཏེ། ཕྱུང་ན་གཏོང་བར་འགྱུར་རོ། །ཐིག་ལེ་བསྒྲུབ་པར་འདོད་ན་ ཞག་གསུམ་སྨྱུང་བར་བྱས་པས་མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོ་འམ། དུར་ཁྲོད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ཏེ། ལྷ་བཤོས་རྣམ་པ་སྣ་ཚོགས་ཕུལ་ནས་ 100-1-233b ཙན་དན་དམར་པོའི་ཆུས་དཀྱིལ་འཁོར་བསང་གཏོར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་ཐལ་བ་བཞག་སྟེ། རིག་སྔགས་འཆང་ཀུ་ཤའི་སྟན་ལ་འདུག་པས་ཐལ་བ་ལག་པས་མནན་ནས་ལྷ་མོའི་གཟུགས་ སྣང་བར་འགྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ། ལྷ་ཐམས་ཅད་ལ་ཕྱག་བྱས་ནས། སའི་ལྷ་མོ་སྤྱན་དྲངས་ན་དེར་འདུག་པར་འགྱུར་ཏེ། དེ་འདུག་པས་བགེགས་རྣམས་འབྱུང་ བར་མི་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །སའི་སྟེང་ན་སྡང་བར་སེམས་པ་གང་ཡིན་པ་དེ་དག་གིས་ཀྱང་གླག་མི་རྙེད་དོ། །ལྷ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་མི་འགྱུར་ཏེ། དེ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །དགུན་ ཟླ་ཐ་ཆུངས་ལ་ཟས་སུ་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་ཤིང་ཨ་ཤོ་ཀའི་དྲུང་དུ་ལན་འབུམ་བཟླས་བརྗོད་བྱས་ཏེ། ཞག་གསུམ་སྨྱུང་བ་བྱས་པས་ཡར་གྱི་ངོ་ཟླ་བ་ཉ་ལ་ཤིང་དེ་ཉིད་ཀྱི་དྲུང་དུ་ཨ་ཤོ་ཀའི་ཤིང་གིས་མེ་སྦར་ལ་གུ་གུལ་གྱི་ རི་ལུ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན། ཤིང་མི་སྣང་བར་གྱུར་ན་ལས་དེ་འགྲུབ་པ་ཡིན་ནོ། །དེ་ནས་ནམ་མཁའ་ལ་འཕགས་པར་འགྱུར་ཏེ། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ཚེ་ལོ་ལྔ་སྟོང་ཐུབ་པར་ འགྱུར་རོ། །ལྷ་བཤོས་ཀྱང་རྒྱས་པར་འབུལ་ལོ། །ལྷ་མོ་ཁྱོད་ཀྱི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། །ངས་ཀྱང་ལྷ་མོ་ཁྱོད་ལ་དྲག་ཏུ་སྐུལ་བའི་རིག་སྔགས་གང་བརྗོད་ན་ཁྱོད་ཀྱི་མདུན་དུ་གནས་པར་འགྱུར་བ་ བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སིདྷྭི་རྀ་ཥི་ནི་སྭཱ་ཧཱ། བསྒྲུབ་པའི་ཚེ་རིག་སྔགས་འདིས་མ་ད་ནའི་ཚེར་མ་ཁྲག་གི་ནང་དུ་བསྙུགས་པ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་ རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་དཀྱིལ་འཁོར་བྱས་ནས་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སའི་ལྷ་མོ་འགྲུབ་པར་འགྱུར་ 100-1-234a ཏེ༑ དེ་ཕྱིན་བཅད་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །སའི་ལྷ་མོའི་ཆོ་ག་རྫོགས་སྷོ།། །། དེ་ནས་ལྷའི་དྲང་སྲོང་མེས་སའི་ལྷ་མོའི་ཚམ་བརླང་མཐོང་ནས་ལག་ན་རྡོ་རྗེའི་ཐད་དུ་སོང་སྟེ་སྨྲས་པ། རྡོ་རྗེ་ འཛིན་ཆེན་པོ་བདག་གིས་ཀྱང་རིག་སྔགས་འཆང་ཐམས་ཅད་གང་གིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་དངོས་གྲུབ་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སྟན་ལས་ལངས་ ནས་ལྷའི་དྲང་སྲོང་མེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ། །དྲང་སྲོང་ ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་ཞལ་ཡིན་ནོ། །དྲང་སྲོང་ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་རྗེ་ཡིན་གྱིས་དྲང་སྲོང་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དངོས་གྲུབ་ཀྱི་རྒྱུ་བཤོད་ཅིག་ཤོད་ཅིག །དེ་ནས་ལྷའི་དྲང་སྲོང་མེ་ལག་ན་རྡོ་རྗེས་ བསྟོད་པས་ཡིད་དགའ་བར་གྱུར་ནས་ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་འདི་སྐད་ཅེས་སྨྲས་སོ། །གནོད་སྦྱིན་གྱི་བདག་པོ་བདག་འོང་བའི་ནི་དངོས་གྲུབ་འགྲུབ་པའི་རྒྱུར་འགྱུར་ཏེ། གང་གི་བདག་འོང་བར་འགྱུར་བའི་བདག་སྤྱན་དྲང་བའི་ གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཨགྣི་དེ་བ་ཏཱ་ཡ། དྷཱུ་པ་ཏ་ཡེ་ཛྭ་ལི་ནི་སྭཱ་ཧཱ། རིག་སྔགས་སྤྱན་དྲང་བའི་སྔགས་སོ། །ན་མ་བཛྲ་པཱ་ཎི་སྱ། ན་མོ་ཨགྣ་ཡེ། ཀུ་ཏི་ཀུ་ཏི་ག་ཏི་ཡེ། གཙྪ་གཙྪ། ཤོ་ ཥནྟི་ལ་ལི་པུ་ཏྲ་སྭཱ་ཧཱ། རིག་སྔགས་དེར་སླར་བཏང་བའི་སྔགས་སོ། །རིག་སྔགས་འཆང་གང་དག་བདག་ལ་ལྟ་བ་དེ་དག་གིས་ནི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོ། །བདག་འོང་བའི་མཚན་མ་ལྟ་བ་ནི་སྒྲུབ་པ་ ཐམས་ཅད་ལ་ཡང་བདག་མདུན་དུ་བཞག་ལ་པ་ལ་ཤའི་ཤིང་གིས་མེ་སྦར་ནས་འབྲས་ཡོས་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །དེ་ནས་མེའི་དབུས་སྔོ་བྲ་ངེར་འདུག་པ་དང་། མཐའ་སྔོ་བ་དང་། མེའི་རྩེ་མོ་ 100-1-234b རྒྱས་པ་དང་། དྲུང་སྔོ་ཞིང་མགྱོགས་པ་ལས་བརྟག་སྟེ། དེ་ནས་རྟགས་བཤད་པ་དེ་དག་གིས་འོང་བར་ཤེས་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་ཕུལ་ཏེ། མར་གྱི་སྲེགས་བླུགས་བདུན་གྱིས་སྦྱིན་སྲེག་ བྱའོ། །བདག་འདུག་པ་དང་བགེགས་ཐམས་ཅད་མི་འབྱུང་ཞིང་རིག་སྔགས་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་ལྷའི་དྲང་སྲོང་མེས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་དགའ་བར་གྱུར་ནས་རིག་སྔགས་ཀྱི་ཚོགས་རྣམས་ལ་བལྟས་ཏེ། རིག་སྔགས་ཀྱི་ལས་རྣམས་བཤད་པ་ ལས་ཐམས་ཅད་ལ་ཡང་པ་ལ་ཤའི་ཤིང་གིས་མེ་སྦར་ལ། འབྲས་ཡོས་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལས་འགྲུབ་པར་འགྱུར་ཏེ། མེ་ཡང་དམ་པ་སྦྱིན་པར་བྱེད་ ཅིང་གང་འབར་བ་སྣང་བ་དེར་བསྲུང་བར་འགྱུར་རོ། །ལྷ་དབབ་ན་བྱེའུ་རུག་པའི་ལོ་མ་འམ་ཆུས་བྱའོ། །སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྦྱིན་སྲེག་གི་གནས་ སམ། ཁང་སྟོང་དབེན་པའི་ཕྱོགས་སུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ཏེ། ཀུན་དའི་མེ་ཏོག་ཁ་མ་བྱེ་བ་མར་གྱི་ནང་དུ་བསྙུགས་པ་སུམ་སྟོང་གིས་སྦྱིན་སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། ། དེ་ནས་མེ་བསྒྲུབ་པར་འདོད་ན་ཞག་བདུན་གྱི་བར་དུ་ཟས་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ན་དེ་ནས་ཡར་གྱི་ངོ་ཚེས་བཅུ་གཉིས་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། ཁང་སྟོང་དུ་སོང་ལ་ནང་དུ་ཞུགས་ནས་ གཙང་མར་བྱས་ཏེ། ཕྱོགས་བཞིར་གཏོར་མ་བྱིན་ལ་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེའི་གཟུགས་གཞག་ནས། དེའི་མདུན་དུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ལ། དེ་ནས་མེ་ཏོག་དཀར་ 100-1-235a པོ་དང་། གུ་གུལ་གྱིས་བདུག་པས་མེ་ལྷ་སྤྱན་དྲང་ངོ་། །དེ་ནས་རིག་སྔགས་འཆང་གིས་རྩྭ་དུར་བའི་སྟན་བྱས་ཏེ་སྟན་ལ་འདུག་ལ། སྣ་མའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་གིས་ སྦྱིན་སྲེག་བྱའོ། །དེ་ནས་མེ་སྟག་གང་གིས་རྩྭ་རོལ་བར་བྱེད་ན། རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱ་ཞིང་རིག་པ་མཆོག་ཉིད་ཀྱིས་སྲེག་བླུགས་ལན་བདུན་དུ་སྦྱིན་སྲེག་བྱས་ན་དེས་ཞི་བར་འགྱུར་རོ། །དེ་ནས་ འོད་ཟེར་ཅིག་བྱུང་སྟེ། རིག་སྔགས་འཆང་ལ་གཡས་ཕྱོགས་ནས་བསྐོར་ནས་སླར་དེ་ཉིད་དུ་ཞུགས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་ལག་སྟངས་ཙམ་བྱས་པས་ཀྱང་སྦྱིན་སྲེག་གི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། དེ་ནས་རིག་སྔགས་སྒྲུབ་པར་འདོད་ན་མེའི་ཐབ་ཁུང་དེ་ཉིད་ནས་སོལ་བ་བླངས་ཏེ། ཆོ་ག་འདི་ཉིད་ཀྱིས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ནས་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །དེ་ནས་མེ་འབྱུང་བར་འདོད་ན་ མར་གྱི་ངོ་ཞག་གཅིག་སྨྱུང་བ་བྱས་ཏེ། སྦྱིན་སྲེག་གི་གནས་སུ་སོང་ནས་ཨ་མྲ་ར་ཏེ་ཀའི་རུས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མེའི་ཁ་ནས་མེ་སྟག་འབྱུང་བར་འགྱུར་ཏེ། ཆེ་གེ་མོ་ཞིག་བསྲེག་ཅིང་ཡུལ་དེ་ཚིག་པར་གྱིས་ ཤིག་ཅེས་ཡིད་ཀྱིས་བཟླས་ན་ཡིད་ལ་བསམས་མ་ཐག་ཏུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དགྲ་བསད་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་དམ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་ཀྱི་ཤིང་ བླངས་ནས། འབྱུང་པོའི་གཏོར་མ་ཡང་བྱིན་ལ། ཤིང་བླངས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། ཆེ་གེ་མོ་ཞིག་ཆོམས་ཤིག་ཅེས་སྨྲས་ན། རིམས་ཚ་བས་བཏབ་སྟེ་ཞག་བདུན་གྱིས་འཆི་བར་འགྱུར་རོ། །ནོར་འདོད་ན་རྟག་ཏུ་མར་དང་འབྲས་ཀྱི་སྦྱིན་སྲེག་བྱས་ན་ནོར་ འཕེལ་བར་འགྱུར་རོ། །ལྷ་སྒྲུབ་པར་འདོད་ན་གང་གི་ཉིན་མོ་ཡང་རུང་སྟེ། གློ་བུར་དུ་མེ་འབར་བ་མཐོང་ན། དེ་བླངས་ལ་མར་གྱི་ངོ་ཞག་བཅུ་བཞིའི་བར་དུ་བཞག་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་ཞག་བདུན་དུ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ 100-1-235b ལག་ན་རྡོ་རྗེའི་མདུན་དུ་ལྷ་བཤོས་རྣམ་པ་སྣ་ཚོགས་ཕུལ་ཏེ། ཀུ་ཤའི་སྟན་ལ་འདུག་ཅིང་མེ་དེ་ཉིད་ཀྱིས་ཤ་མེའི་ཤིང་གི་མེ་སྦར་ནས་མེ་དེའི་ནང་ནས་པད་མ་མདབ་མ་སྟོང་པ་དཔག་ཚད་བརྒྱད་དྲི་བསུང་གིས་ཁྱབ་པ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་ འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླངས་ན་དེ་བླངས་མ་ཐག་ཏུ་མཐུ་སྟོབས་ཆེ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། དཔག་ཚད་བརྒྱད་དྲི་བསུང་གིས་ཁྱབ་པ་དང་། གཞན་གྱིས་མི་ཚུགས་པའི་ འདོད་པའི་ལོངས་སྤྱོད་དང་ལྡན་ལ་སྲེག་པའི་རང་བཞིན་ཅན་འདོད་དགུར་སྒྱུར་བའི་གཟུགས་དང་ལྡན་པ་དང་། བསྐལ་པར་གནས་པར་འགྱུར་རོ། །ལྷ་རྣམས་དྲང་སྲོང་ཆེན་པོའི་ལས་རྣམས་ངས་བཤད་ཟིན་ཏོ། །དེ་ལ་དྲག་ཏུ་ བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱ་སྟེ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ཏཱ་ཤ་ཎ། ཨི་ཧ་ཨཱ་གཙྪ། པྲ་ཏི་གྲི་ཧྞ་ཨི་མ་མཱ་ཧཱུ་ཏ་ནི། པྲ་ཏི་བུདྷ། མ་ཧཱ་བྷ་ག །ཛྱེཥྛ་སྟྭཾ། པྲ་པཱུ་ར་བ་བྷ་ཡ། ཨ་ཧཱ་དུཥྚ་གྲ་ཧ་སརྦ་པུ་ན་ར། ཨཱ་ བརྟི་ཏཤྩ་ཡེ། ནི་རུན་ཏི་ནི་རུན་ཏི། བཛྲ་པཱ་ཎི་སྟྭཾ། དེ་བ་དེ་བ་ན་མཿསྭཱ་ཧཱ། བསྒྲུབ་པ་ཐམས་ཅད་ལ་རིག་སྔགས་འདིས་མར་དང་། འབྲས་ཡོས་ཀྱིས་སྲེགས་བླུགས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་དེས་ཐམས་ཅད་ བྱེད་ནུས་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་སྨྱུང་བར་བྱས་ཏེ་མཆོད་པ་བྱ་ཞིང་ལྷ་བཤོས་ཀྱང་ལྷག་པར་ཕུལ་ལ་དེ་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་མེས་དམ་པ་བྱིན་པར་འགྱུར་ རོ། །མེའི་ཆོ་ག་རྫོགས་སྷོ།། །། དེ་ནས་ལྷ་མོ་ཚིག་ལྡན་མས་རབ་ཏུ་རོལ་པ་མཐོང་ནས་ལག་ན་རྡོ་རྗེའི་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། དྲི་ཟའི་འཁོར་གྱིས་བསྐོར་ནས་འཁོར་དེ་ཉིད་ཀྱི་ནང་དུ་སོང་སྟེ་ཕྱིན་ནས་བྱང་ཆུབ་ སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་བདག་ནི་ལྷ་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། སྒྲུབ་པར་བྱེད་པ་དང་། 100-1-236a རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་རྒྱགས་པས་མྱོས་པ་སྟེ། བདག་མེད་དུ་ཟིན་ན་དེ་དག་མ་རུང་བར་འགྱུར་རོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་ ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱ་སྟེ། བཅོམ་ལྡན་འདས་བདག་གི་གསང་སྔགས་འཆང་བ་གང་ཡིན་པ་དེ་དག་ལ་ནི་བདག་རྟག་ཏུ་འགྲུབ་ཅིང་དེའི་མདུན་དུ་རྟག་ཏུ་རབ་ཏུ་དགའ་བའི་སེམས་ཀྱིས་གནས་ སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ལྷ་མོ་ཚིག་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །ལྷ་མོ་ཚིག་ལྡན་མ་ལེགས་སོ། །ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ངས་ཤེས་ཏེ་མཆོག་ཏུ་གྱུར་པ་དང་། བསྒྲུབ་པར་བྱེད་པ་དང་། དངོས་གྲུབ་སྦྱིན་པ་ཡིན་ནོ། །ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ལེགས་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆོ་ག་ཆེན་པོའི་གསང་སྔགས་ཤོད་ཅིག་ཤོད་ཅིག །དེ་ནས་ལྷ་མོ་ཚིག་ལྡན་མ་དེ་ལག་ན་རྡོ་རྗེས་བསྟོད་ པས་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་ནས་རིག་སྔགས་ཀྱི་ཚོགས་ལ་ཡང་བལྟས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཡང་བལྟས་ཏེ། ཕྱག་འཚལ་ནས་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མཿས་ ར་སྭ་ཏཱི་ཡེ། ལོ་ཀ་ཏཱ་ཡ། ལོ་ཀ་ཨུཾ་མི་ལི་ཀ་ལ། དཱ་མ་ཡནྟི་ཀཱ་ཡ། ཙཎྜི་ཀཱ་ཡ། ས་ཀཱ་ཡ། དི་བྱ་རཱུ་པཱ་ཡ། དེ་བྱ་སྭཱ་ཧཱ། ནུ་མ་དཱ་ཡ། ཀུ་རུ་ཀུ་རུ། ཀར་མི་ཀཱ་ཡ། མརྡ་ནཱི་ཡ། ལོ་ཀ་དཱ་ཡི་ཀཱ་ཡ། ས་ར་སྭ་ཏྱཻ་སྭཱ་ཧཱ། དེ་ནས་ལྷ་མོ་ ཚིག་ལྡན་མ་ཡིད་རབ་ཏུ་དགའ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདིའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་གཟི་བརྗིད་དྲག་པོས་འཇིག་རྟེན་གྱི་མ་ཚིག་ལྡན་མའི་ལས་ཐམས་ཅད་བཤད་པ། རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་འཕགས་པ་ལག་ན་རྡོ་རྗེའི་གཟུགས་ 100-1-236b འདྲིར་བཅུག་སྟེ། དེའི་གཡས་ལོགས་སུ་འཇིག་རྟེན་གྱི་མ་ཚིག་ལྡན་མདོག་སྔོ་བསངས་ལ་ལག་ན་པི་ཝང་ཐོགས་ཤིང་གླུ་ལེན་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བསྟོད་ཅིང་འདུག་པའི་ཚུལ་དུ་འབྲིར་བཞུག་གོ། ། ལྷ་བཤོས་ཀྱང་རྒྱས་པར་འབུལ་ལོ། །དེ་ནས་རིག་སྔགས་འཆང་ཞག་གསུམ་སྨྱུང་བར་བྱས་པས་ཡར་གྱི་ངོ་ཚེས་ལྔ་ལ་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བྱས་ཏེ། ཀུ་ཤའི་སྟན་ལ་འདུག་ཅིང་ལྷ་ལ་མཆོད་པར་ བྱའོ། །ལྷ་བཤོས་ཀྱང་རྒྱས་པར་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་ཙན་དན་དཀར་པོས་མེ་སྦར་ལ། ཨ་ག་རུའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན། དངོས་གྲུབ་ཀྱི་མཆོག་མཚན་མར་མེ་ཏོག་གི་ ཕྲེང་བ་འགུལ་བར་འགྱུར་རོ། །གྲུབ་ནས་ཀྱང་ཚིག་གྲུབ་པ་དང་། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། ལས་རྣམ་པ་སྣ་ཚོགས་སྟོང་ཡང་བྱེད་ནུས་པར་འགྱུར་རོ། །འཇིག་རྟེན་གྱི་མ་རྣམས་དབབ་ན་ཡང་ལན་བདུན་ བཟླས་བརྗོད་བྱས་པའི་བྱེའུ་རུག་པའི་ལོ་མ་འམ་ཐལ་བས་བྱའོ། །བསྲུང་བ་ནི་ལན་གསུམ་དུ་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །མཚམས་བཅད་པ་ནི་ཆུ་འམ་ཡིད་ཀྱིས་བྱའོ། །སྦྲུལ་གསོད་ན་ལན་ཚྭ་དང་སྐེ་ཚེས་སྦྱིན་སྲེག་ བྱའོ། །ཕྱིར་གསོ་བ་ནི་ཡིད་ཀྱིས་བྱའོ། །དུག་ལས་གསོ་བ་ནི་ཡལ་གས་བྱའོ། །མོ་མཚན་འཛག་པར་བྱ་ན་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་ལས་གཟུགས་བྱ་སྟེ། མིའི་རུས་པའི་ཕུར་བུ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་པས་མོ་མཚན་དུ་བཙུགས་ན་ཁྲག་འཛག་པར་འགྱུར་ཏེ། ཕྱུང་ན་གཏོང་བར་འགྱུར་རོ། །གྲོང་ཁྱེར་གཤིག་པར་བྱ་ན་བེའི་ཀངྐ་ཏའི་ཕུར་བུ་མིའི་ཁྲིས་པས་བགོས་ཏེ་ དུག་དང་ཁྲག་གི་ནང་དུ་སྙུགས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། སྒོའི་ཐེམ་པ་ལ་གཙུགས་ན་ཞག་གསུམ་གྱི་གྲོང་ཁྱེར་བ་རྣམས་འབྲོས་པར་འགྱུར་རོ། །ཕུར་བུ་ཕྱུང་སྟེ་མར་དང་སྦྲང་རྩི་བསྐུས་ན་དེས་ཞི་བར་འགྱུར་རོ། ། 100-1-237a ཕྱིར་ཡང་སྔ་མ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། །ཆང་མ་རུང་བར་བྱ་འདོད་ན། ཀ་ལ་ཧ་ཀ་རི་ཀ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ཁྱིམ་དུ་བཙུགས་ན་ཆང་མ་རུང་བར་འགྱུར་རོ། །དེ་ནས་ལྡོང་རོས་སྒྲུབ་པར་འདོད་ན་རྒྱུ་སྐར་ རྒྱལ་ལ་བབ་པའི་ཚེ་ལྡོང་རོས་ཚོང་པའི་ཁ་ཐབས་བཞིན་དུ་ཉོས་ལ་ཕག་གི་ཁྲིས་པས་བགོས་ཏེ་ཕྱུང་ནས་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་ལ། དེ་ནས་ཟས་སུ་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་ཞག་བཅུ་བདུན་གྱི་བར་དུ་དུས་གསུམ་དུ་ སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཁ་ཟས་མི་བཟའ་བར་ལྡོང་རོས་ལག་པ་གཡོན་པས་བཟུང་སྟེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ ཞིང་སྒྱུ་འཕྲུལ་ཐམས་ཅད་བྱེད་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དེ་ནས་ལྷ་མོ་ཚིག་ལྡན་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་དགོན་པར་ རིག་སྔགས་བཟླས་བརྗོད་བྱས་ལ་ཞག་གསུམ་སྨྱུང་བ་བྱས་པས་ཟླ་བ་ཉ་ལ་ཤིང་ས་ལའི་དྲུང་དུ་ཅི་འབྱོར་པས་མཆོད་པ་བྱ་ཞིང་། ལྷ་བཤོས་ཀྱང་ཕུལ་ནས་རིག་སྔགས་བཟླས་བརྗོད་བྱའོ། །དེ་ནས་ནམ་ཕྱེད་ཀྱི་དུས་སུ་གཅིག་པུ་ རང་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན་ཕུལ་ཞིང་བཅོམ་ལྡན་འདས་མ་བྱོན་པ་ལེགས་སོ་ལེགས་སོ་ཞེས་སྨྲོས་ཤིག །དེ་ནས་ལྷ་མོ་དེ་རྒོད་པ་དང་། རིག་སྔགས་འཆང་གིས་དེ་ལ་འཇིགས་པར་ མི་བྱ་བར་རིག་པ་མཆོག་དྲན་པར་བྱའོ། །དེ་ནས་ལྷ་མོ་དེ་ན་རེ་བུ་ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་ཟེར་བ་དང་། དམ་པ་གང་འདོད་པ་དེ་བླངས་བར་བྱ་སྟེ་རྒྱལ་རིགས་དང་། རིག་སྔགས་འཆང་དང་། ལུས་མི་སྣང་བ་དང་། གཏེར་མཐོང་བ་ དང་། རིན་པོ་ཆེ་མཐོང་བ་དང་། རྒྱ་མཚོ་ཆེན་པོ་མཐོང་བ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དང་། ཡིད་གཞུངས་པ་དང་། འདི་རྣམས་ལས་གཅིག་བླང་བར་བྱ་ཞིང་སྔ་ནས་བསམས་ཏེ་ལས་བསྒྲུབ་པར་བྱའོ། །གང་ཡིད་ 100-1-237b ལ་བསམས་ཏེ་ལས་སྒྲུབ་པ་དེ་ཉིད་དེ་ལ་བླང་བར་བྱའོ། །དེ་ལྟར་མ་བྱས་ན་མ་རུང་བར་འགྱུར་རོ། །དེ་ལ་རྒྱལ་སྲིད་གྲུབ་པ་ནི་དགྲ་མེད་པར་འགྱུར་རོ། །རིག་སྔགས་འཆང་དུ་གྲུབ་པ་ནི་གཞན་གྱིས་མི་ཚུགས་པའི་གནས་ཐོབ་ཅིང་ཉི་མ་ ཤར་བའི་མདོག་དང་ལྡན་ལ། རིག་སྔགས་འཆང་གི་རྒྱལ་པོ་དཔག་ཚད་བརྒྱད་དྲི་བསུང་གིས་ཁྱབ་པ་ཞེས་བྱ་བར་འགྱུར་ཏེ། ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལུས་མི་སྣང་ན་ནི་བསམས་པ་ཙམ་གྱིས་ འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གཏེར་མཐོང་བ་གྲུབ་པ་ནི་གཏེར་མི་ཟད་པར་འགྱུར་རོ། །རིན་པོ་ཆེ་མཐོང་བ་གྲུབ་ན་ནི་ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཞིང་ མགོ་བོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། གཙུག་གི་ནོར་བུ་མཐོང་བ་གང་ཡིན་པ་དེ་དག་ཀྱང་ནད་མེད་ཅིང་ཚེ་ལོ་ཉིས་སྟོང་ཐུབ་པར་འགྱུར་རོ། །རིག་སྔགས་འཆང་ཉིད་ནི་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་མཐོང་ བ་གྲུབ་ན་ནི་ཇི་ལྟར་འདོད་པ་བཞིན་དུ་དེ་ཉིད་དུ་གནས་པར་འགྱུར་རོ། །མི་འདོད་ན་ཡང་རིན་པོ་ཆེ་རྣམས་ལེན་ནུས་པར་འགྱུར་རོ། །ཡང་ན་ལྷ་མ་ཡིན་གྱི་བུ་མོ་དང་ལྷན་ཅིག་ཏུ་གནས་ཤིང་ལྷ་མ་ཡིན་རྣམས་ཀྱི་ལོངས་སྤྱོད་ལ་ལོངས་སྤྱོད་ པར་འགྱུར་རོ། །འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྲུབ་ན་ནི་ཡིད་ཀྱིས་ཇི་ལྟར་འདོད་པ་དེ་ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །ཡིད་གཞུངས་པ་གྲུབ་ན་ནི་ཐོས་པ་འཛིན་པར་འགྱུར་ཏེ། གང་ཅི་ཐོས་པ་དེ་ཐམས་ཅད་འཛིན་ནུས་ པར་འགྱུར་རོ། །དེ་ནས་ཚིག་འགྲུབ་པ་བསྒྲུབ་པར་འདོད་ན། མར་གྱི་ངོ་ཞག་བརྒྱད་ལ་ཕ་འོང་གཅིག་པུ་གནས་པར་སོང་ལ། མཚན་ཐམས་ཅད་རྫོགས་པར་མཐོང་བ་དང་མཆོད་པ་རྒྱས་པར་བྱ་ཞིང་། ལྷ་བཤོས་རྒྱས་པར་ ཕུལ་ནས་དེའི་ལྟ་ཟུར་ཕྱོགས་སུ་མར་དང་སྦྲང་རྩི་བྱུགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་ལྕེས་དྲུད་པར་བྱའོ། །དེ་ནས་བུད་མེད་ལ་རེག་པའི་ཉམས་འདྲ་བར་གྱུར་ནས་ལས་གྲུབ་པར་ཤེས་པར་བྱ་སྟེ། 100-1-238a དེ་ཕྱིན་ཅད་ཐོས་པ་འཛིན་པར་འགྱུར་ཞིང་། སུ་དང་གཏམ་བྱས་པ་དེ་དབང་དུ་འགྱུར་བ་དང་། ཡིད་ལ་ཅི་བསམས་པ་དེ་དེ་བཞིན་དུ་འགྱུར་བ་དང་། གླུ་མཆོག་ཏུ་སྙན་པ་ལེན་པར་འགྱུར་བ་དང་། དུག་ཀྱང་ཟ་ནུས་པར་འགྱུར་ རོ། །རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གིས་ཆུ་ལ་སྔགས་ཏེ་གདོང་བཀྲུས་ལ་ཉེ་རེག་བྱས་ན་དེས་རིག་སྔགས་ཀྱི་ལྷ་ཐམས་ཅད་དྲན་མ་ཐག་ཏུ་འོང་བར་འགྱུར་རོ། །སྒྲུབ་པའི་ཚེ་ཡང་ཚིག་ལྡན་མ་སྤྱན་དྲང་བར་བྱ་ སྟེ། མ་དང་ཡནྟི་ཀའི་ཤིང་གིས་མེ་སྦར་ལ་ཤི་ཀྲུའི་མེ་ཏོག་གི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གནས་གར་བཏབ་པ་དེར་གནས་པར་འགྱུར་རོ། །དེ་འོངས་པས་རིག་སྔགས་འཆང་གི་སྔོན་གྱི་བསོད་ནམས་མ་ ཡིན་པ་རྣམས་བྱེད་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་དཀྱིལ་འཁོར་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེས་ཆོ་ག་རྒྱས་པའི་ལྷ་ ཐམས་ཅད་དམ་པ་སྦྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་འཇིག་རྟེན་གྱི་མིའི་ལས་རྣམས་ངས་བཤད་ཟིན་ཏོ། །ངས་ཀྱང་དྲན་པར་བྱེད་དུ་གཞུག་པ་དང་། དམ་ཚིག་འཛིན་དུ་གཞུག་པའི་གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ན་མཿས་ར་སྭ་ཏྱཻ་ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། ལྷ་རྣམས་རིག་སྔགས་འདིའི་ལས་རྣམས་ཀྱང་འབྱུང་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རིག་སྔགས་འདིས་འོད་མའི་ཤིང་གིས་མེ་སྦར་ལ། ཡུངས་ཀར་ཞོ་དང་། སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། ཚིག་ལྡན་མ་གྲུབ་པར་འགྱུར་ ཏེ། ལས་ཀྱི་མཆོག་སྟོང་བྱེད་ནུས་པར་འགྱུར་རོ། །སྒྲུབ་པའི་ཚེ་ཡང་མདུན་དུ་གུ་གུལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། ལྷ་མོ་ཡོངས་སུ་གཟིར་ཅིང་ཚིག་བཞིན་དུ་མྱུར་དུ་འོང་བར་འགྱུར་ཏེ། སྡིག་པའི་ལས་ 100-1-238b བྱེད་པར་མི་བྱའོ། །ཚིག་ལྡན་མའི་ཆོ་ག་རྫོགས་སྷོ།། །། དེ་ནས་རྫོང་རིའི་ལྷ་མོས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་གཟུགས་སུ་སྤྲུལ་ནས་ནམ་མཁའི་དཀྱིལ་འཁོར་ན་རྩེ་ཞིང་གར་བྱེད་དེ། རབ་ཏུ་འཇོམས་ པའི་ཚོགས་ཀྱིས་བསྐོར་ལ་ལྷ་མོ་རྫོང་གི་འཕགས་པ་མ་རྔ་འབུམ་རྡུང་ཞིང་གར་བྱེད་དེ། ལྷ་མོ་རྩེ་ཞིང་ང་ནི་ལག་ན་རྡོ་རྗེ་ཡིན་ནོ། །ང་ནི་ལག་ན་རྡོ་རྗེ་ཡིན་ནོ་ཞེས་སྐད་ཆེན་པོས་སྨྲ་ཞིང་གར་བྱེད་དེ། ལྷ་མོ་རྫོང་གི་འཕགས་ མ་ཆ་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ། གཞན་གྱིས་མི་ཚུགས་པའི་ལྷ་མོ་རབ་ཏུ་འཇོམས་མའི་ཚོགས་ཀྱི་བསྐོར་ཏེ་རྩེ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མིག་ཡིད་ཙམ་བཏེག་སྟེ་ བལྟས་ནས་རྒད་དོ། །དེ་ནས་ལྷ་མོ་རྫོང་གི་འཕགས་མ་ཆ་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཚུགས་པའི་ལྷ་མོ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་བ་དེ་སའི་སྟེང་དུ་ལྷུང་ངོ་དེ་ནས་ལྷ་མོ་དེས་ལག་ ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་ཁྱོད་ཀྱི་བདག་སའི་སྟེང་དུ་ལྟུང་བར་ བྱེད་ནུས་ཀྱི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་བལྟ་ནུས་པ་ཡང་གཞན་སུ་ཞིག་ཡོད་ན་ལྟུང་བར་བྱེད་པ་ལྟ་ཅི་ སྨོས། ཁྱོད་ནི་ལྷའི་ལྷ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཡིན། ཁྱོད་ནི་རིག་སྔགས་ཀྱི་རྒྱལ་པོ་འཇིག་རྟེན་ཐམས་ཅད་འཇོམས་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ། །ཁྱོད་ནི་འཇིག་རྟེན་ ཐམས་ཅད་ཀྱི་རྗེ་ཡིན་ཏེ། དེ་བས་ན་བདག་སའི་སྟེང་དུ་ལྟུང་བར་བྱེད་ཀྱི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་ 100-1-239a བལྟ་བར་ནུས་པ་ཡང་གཞན་སུ་ཞིག་ཡོད་ན། ལྟུང་བར་བྱེད་པ་ལྟ་ཅི་སྨོས་ཞེས་ཚིག་དེ་སྐད་སྨྲ་ཞིང་འཁོར་འདུས་པ་དེའི་ནང་དུ་འདུག་ནས། ལྷ་གང་འཁོར་དེར་འདུས་པ་དེ་དག་སྐྲག་ཅིང་འཇིགས་ཏེ། ལག་ན་རྡོ་རྗེའི་ ཞལ་དུ་བལྟ་བར་གྱུར་ཏོ། །དེ་ནས་ལྷ་མོ་ཆ་ལུགས་མི་བཟད་པ་དེས། ལྷ་མོ་ལག་ན་རྡོ་རྗེའི་གཟུགས་ཀྱིས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཁྱེད་ཀྱིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ངས་བསྐལ་པ་སྟོང་ཕྲག་ དགུ་བཅུ་རྩ་དགུའི་བར་དུ་དེ་བཞིན་གཤེགས་པ་མཉེས་པར་བྱས། མཆོད་པར་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་པ་ལ་ལྟོས། ངས་ལས་གཅིག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་ བསྒྲུབས་པ་གང་ཡིན་པ་དང་། ལས་གཅིག་གིས་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་བྱས་ཤིང་བསྒྲུབ་པ་གང་ཡིན་པ་དེ་ངས་བཤད་ཀྱིས་བཟོད་ལྡན་དག་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །ལྷ་དང་བཅས་པ་དང་། བདུད་དང་ བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ལས་གཅིག་ཤེས་པ་ཡང་གཞན་སུ་ཞིག་ཡོད་ན་བཤད་པ་ལྟ་ཅི་སྨོས། དེ་ནས་ལྷ་དེ་དག་ཏབ་ཏབ་པོར་གྱུར་ཏེ། མིག་ས་ལ་ཕབ་བོ། ། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རྫོང་གི་འཕགས་པ་ཆ་ལུགས་མི་བཟད་པ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་བ་འདི་ནི་རིག་པ་མཆོག་ གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་ཆེན་པོའི་རིག་སྔགས་བཤད་པར་བྱ་བའི་ཕྱིར་འོངས་པ་ཡིན་གྱིས་བཟོད་ལྡན་དག་མ་འཇིགས་ཤིག །མ་འཇིགས་ཤིག །ལྷ་མོ་འདིས་ནི་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུའི་བར་དུ་ དེ་བཞིན་གཤེགས་པ་མཉེས་པར་བྱས། མཆོད་པར་བྱས། བཀུར་སྟིར་བྱས། རི་མོར་བྱས། བླ་མར་བྱས་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་ཡང་བསྒྲུབས་ཏེ། དེས་ན་ལྷ་མོ་འདི་ནི་ངའི་གཟུགས་འཛིན་པར་ 100-1-239b བྱེད་ཀྱི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ངའི་གཟུགས་འཛིན་པར་ནུས་པ་གཞན་སུ་ཡོད། དེ་ནས་བཅོམ་ལྡན་འདས་ རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་རྫོང་གི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་གང་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་བཤད་པར་བྱ་བའི་དོན་ལ་ འོངས་བ་ལེགས་སོ་ལེགས་སོ། །ལྷ་མོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོའི་གསང་སྔགས་དེ་ཤོད་ཅིག་ཤོད་ཅིག །དེ་ནས་ལྷ་མོ་རྫོང་གི་འཕགས་པ་མ་ཡིད་རབ་ཏུ་དགའ་ བར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་ གསང་སྔགས་དང་། བདག་གི་ལས་སྔོན་བདག་གིས་བསྒྲུབས་པ་བདག་གིས་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ལྷ་མོ་རྫོང་གི་འཕགས་ པས་གསང་སྔགས་བཤད་པ་ཁྱོད་ཀྱིས་ཉོན་ཅིག །ལྷ་མོས་ཀྱང་ཤོད་ཅིག་ཤོད་ཅིག །དེ་ནས་ལྷ་མོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་རིག་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ན་མ་ཀྲོ་དྷ་གི་རི་ཀྵ་ཡ། སིདྷ་ཤ་དུ་ལ་བཱ་ཧ་ནཱ་ཡ། ཨེ་ཧྱེ་ཧི། བྷ་ག་བ་ཏཱི། བཛྲ་པཱ་ཎི། ས་ཏྱེ་ན། སྠ་ནེ་ཤྭ་རི། ཨཱ་གཙྪ། ཨཱ་གཙྪ། ནནྟི་ནི། མ་མ་ཀརྨ། སཱ་དྷ་ཡ། བུདྡྷ་ས་ཏྱ། ཨ་མོ་གྷ་གཱ་མི་ནི། ཡ་ཤོ་དྷ་རི། ཧུ་རུ་ཧུ་རུ། དྷུ་ན་དྷུ་ན་མཱ་ནི་ནཱི། ཀརྨཱ་ཎི་ཧུད་དྲུ་སྭཱ་ཧཱ། གསང་སྔགས་བཤད་པའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་རྣམས་ཏབ་ཏབ་པོར་གྱུར་ཏེ་འབྲོས་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་ 100-1-240a དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཀྱིས་ལྷ་དྲན་པར་གྱིས་ཤིག །དེ་ནས་ལྷ་མོ་དེས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྔོན་ བདག་གིས་བསྒྲུབས་པ་གང་ཡིན་པའི་རིག་སྔགས་ཀྱི་ལས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དྲེག་པ་ཆེན་པོས་རྗེས་སུ་དྲན་པར་བྱ་བའི་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འདི་ཞག་ བདུན་གྱི་བར་དུ་དབེན་པར་འདུག་ལ་གཅེར་བུ་འམ་ཡང་ན་ཁྱེད་རིངས་སུ་བྱས་ཏེ། རིག་སྔགས་བཟླས་བརྗོད་བྱས་ན་ཞག་བདུན་པའི་ཉིན་པར་མཚན་མ་འབྱུང་བར་འགྱུར་ཏེ། ནམ་ཕྱེད་ཀྱི་དུས་སུ་སྐར་མདའ་ལྔས་བསྐོར་བའི་སྐར་ མདའ་ལྟུང་བར་འགྱུར་རོ། །དེ་ནས་རིག་པ་མཆོག་གི་ཆོ་ག་གྲུབ་པར་ཤེས་པར་བྱ་སྟེ། ནང་པར་གྱི་དུས་སུ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སིནྡུ་ར་སྔོན་པོའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ལ། དགེ་སློང་བདུན་ ལ་མཆོད་སྟོན་བྱ་ཞིང་བྲམ་ཟེ་དག་ཀྱང་བཏོན་ནས་ལས་དེ་གྲུབ་ན་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་། བསྐལ་པར་གནས་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དང་། སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ ཐུབ་པ་དང་། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་མཐུ་སྟོབས་ཆེ་བ་དང་། བདག་ནམ་འཆི་བ་ཤེས་པ་དང་། ཕ་རོལ་ནམ་འཆི་བ་ཤེས་པ་དང་། འཛམ་བུ་ ཡི་གླིང་ན་ཡོད་པའི་དོན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལུས་ཞིག་ནས་ཀྱང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བར་སྐྱེ་བར་འགྱུར་རོ། །ཕོ་ཉ་མ་རྣམས་ བསྒྲུབ་པའི་ཐབས་ཀྱང་དེ་བཞིན་ཏེ། ཞག་གསུམ་སྨྱུང་བར་བྱས་ལ་དངོས་གྲུབ་གྱི་མ་ལ་ཕྱག་བྱས་ནས་བྱའོ། །ལྷ་ཐམས་ཅད་ཀྱི་ལས་རྣམས་ལ་ཡང་ཆོ་ག་དེ་ཉིད་ཡིན་ཏེ། ཞག་ལྔས་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་ 100-1-240b ཀྱང་ལས་འདི་ཉིད་ཀྱིས་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །མཇུག་ཏུ་ཡུངས་གར་གྱི་སྦྱིན་སྲེག་བྱའོ། །རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་ཚོན་རྩི་སྤྱིན་མེད་པས། །སངས་རྒྱས་ཀྱི་ སྐུ་གཟུགས་འདྲིར་གཞུག་གོ། །དེའི་གཡས་ལོགས་སུ་ལྷ་མོ་མདོག་དཀར་ཞིང་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་བྲིའོ། །བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་སམ། ཡང་ན་ དམར་པོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་ཤམ་ཐབས་ཅན་བྲིའོ། །འོག་ཏུ་ནི་སྒྲུབ་པ་པོ་བྲིའོ། །མཐའ་མར་ནི་རིའི་རྩེ་མོ་རྣམས་བྲིའོ། །ལག་ན་རྡོ་རྗེ་ཡང་རིག་སྔགས་ཐམས་ཅད་ཀྱིས་བསྟོད་ཅིང་འདུག་པར་བྲིའོ། །སྟེང་དུ་ནི་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་ བྲིའོ། །དེ་ནས་རིག་སྔགས་འཆང་གིས་ཞག་གསུམ་སྨྱུང་བ་བྱས་ཏེ། ས་ཕྱོགས་གཙང་མར་གཟུགས་བཀྲམ་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་སྣ་མའི་མེ་ཏོག་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡོན་པ་ལ་བསྣུན་ན། དེས་གཟུགས་འགུལ་ཞིང་སྤུ་ཟིང་ ཞེས་བྱེད་པར་འགྱུར་རོ། །ལས་དེ་གྲུབ་པ་དང་དེ་ཕྱིན་ཅད་ལས་བསྒྲུབ་ན་ཆོ་ག་རྒྱས་པའི་རིག་སྔགས་ཐམས་ཅད་དང་། རིག་སྔགས་གཞན་དག་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ལྷ་མོ་ཆེན་མོ་འདི་ནི་དྲག་ཅིང་རྫུ་འཕྲུལ་ཆེ་བ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་ པོ་ཆེ་ཁྱོད་ནི་མཆོག་སྦྱིན་པ་ཡིན། ཁྱོད་ནི་གཙོ་བོ་སྟེ་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་ཡིན་གྱིས་གང་གིས་མི་རྣམས་འགྲུབ་པར་འགྱུར་བའི་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ཤིང་རྣམས་ཀྱི་ལས་ ལེགས་པར་སྦྱར་བ་ཐམས་ཅད་མ་ལུས་པར་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་བའི་ལྷ་རྣམས་ལ་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ 100-1-241a ཤིང་རྣམས་ཀྱི་ཆོ་གའི་རིམ་པ་བཤད་པ་ལྷ་རྣམས་ཉོན་ཅིག་ནོར་བསྒྲུབ་པའི་སྦྱིན་སྲེག་རྣམས་ལ་ནི་འབྲས་མ་དྲུས་པ་དང་། ཤི་ཏི་དང་། ཐང་ཆུ་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། །དྲག་ཤུལ་ལ་ནི་ཕུབ་མ་དང་། ལན་ཚྭ་དང་། སྐྱེ་ཚེ་དང་། དུག་དང་། ཁྲག་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། །ཞི་བ་ལ་ནི་མར་དང་། འོ་མ་དང་། སྦྲང་རྩི་དང་། ཀ་ར་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། །ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱང་ཉོན་ཅིག །བུད་མེད་དབང་ དུ་བྱ་བ་ལ་ནི་མོའི་མིང་དང་ལྡན་པའི་ཡམ་སྲེག་ཤིང་རྣམས་ཀྱིས་བྱའོ། །ནོར་བསྒྲུབ་པ་དང་དབང་དུ་བྱ་བ་ལ་སོགས་པ་ལ་ནི་བིལ་བ་དང་། པ་ལ་ཤ་དང་། ཨུ་དུམ་བ་ར་དང་། ཨ་པ་མརྒ་དང་། བ་ས་ཀ་ལ་སོགས་པས་བྱའོ། །དྲག་ཤུལ་ ལ་ནི་མ་ད་ན་དང་། སེང་ལྡེང་དང་། བེའི་ཀངྐ་ཏ་དང་། ནིམ་པའི་ཤིང་ལ་སོགས་པས་བྱའོ། །རྒྱས་པ་ལ་ནི་བིལ་བ་དང་། ཨ་མྲ་དང་། པ་ན་ས་ལ་སོགས་པས་བྱའོ། །ལྷ་རྣམས་མེ་ཏོག་རྣམས་ཀྱང་བཤད་ཀྱིས་ཉོན་ཅིག །ཞི་བའི་ ལས་ནི་པད་མ་དང་། ཨུཏྤ་ལ་དང་། སཽ་གནྡྷི་ཀ་དང་། སྣ་མའི་མེ་ཏོག་དང་། ཨ་ཏི་མུགྟ་ཀ་དང་། ཀླུ་ཤིང་གི་མེ་ཏོག་དང་། ཨ་ཤོ་ཀ་ལ་སོགས་པ་ཡིན་ནོ། །དྲག་ཤུལ་གྱི་ལས་ཀྱི་ནི་ཀ་ར་བཱི་ར་དང་། ཏ་ཀ་ར་དང་། ཀུ་རནྟ་ཀ་ལ་ སོགས་པ་ཡིན་ནོ། །ལྷ་རྣམས་ཡམ་སྲེག་ཤིང་གི་མཚན་མ་སྣ་ཚོགས་ཀྱང་ཉོན་ཅིག །ནོར་བསྒྲུབ་པ་ལ་ནི་མཐོ་གང་གི་ཚད་དུ་བྱའོ། །དྲག་ཤུལ་ལ་ནི་མཛུབ་གང་གི་ཚད་དུ་བྱའོ། །ལྷ་མཐོང་བར་བྱ་བ་ལ་ནི་མཐེའུ་ཆུང་གི་ཚད་ དུ་བྱའོ། །དབང་དུ་བྱ་བ་ལ་བུད་མེད་ཀྱི་ནི་རྩེ་མོའི་ཡམ་སྲེག་ཤིང་གིས་བྱའོ། །སྐྱེས་པའི་ནི་དབུས་ཀྱིས་བྱའོ། །དྲག་ཤུལ་དང་མིའི་གཙོ་བོ་དབང་དུ་བྱ་བ་ལ་ནི་དྲུང་བས་བྱའོ། །རྒྱལ་པོའི་ལས་ལ་ནི་ས་ལའི་དྲུང་བས་བྱའོ། ། དབུས་ཀྱིས་བྱ་བ་ལ་ཡང་དབུས་ཀྱིས་བྱའོ། །དྲུང་བས་བྱ་བ་ལ་ཡང་དྲུང་བར་བྱའོ། །རིག་སྔགས་ཐམས་ཅད་ལ་ཡང་ལས་འདི་ཉིད་ཀྱི་སྦྱར་བར་བྱ་སྟེ། རིག་སྔགས་གང་གིས་ཞི་བ་དང་། རྒྱས་པའི་ལས་རྣམས་ལ་མེ་ 100-1-241b ཏོག་དང་། ཡམ་སྲེག་ཤིང་གང་བསྟན་པ་དེ་ཉིད་ཀྱིས་ལས་བྱས་ན་འགྲུབ་པར་འགྱུར་རོ། །ཡང་ན་རིག་སྔགས་ཀྱི་རིགས་གསང་བ་ལས་མེ་ཏོག་དང་། ཡམ་སྲེག་ཤིང་ངས་བཤད་པ་གང་ཡིན་པ་དེ་ལས་བྱས་ན་བདེ་བླག་ཏུ་འགྲུབ་ པར་འགྱུར་རོ། །ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱི་སྦྱོར་བ་གསང་བ་འདི་དག་ངས་བཤད་ཟིན་ཏོ། །གཞན་ཡང་དོན་ཡོད་པའི་ལས་གང་གིས་གསང་སྔགས་རྣམས་འགྲུབ་པར་འགྱུར་བའི་སྐུ་གཟུགས་ཀྱི་མཚན་ ཉིད་བཤད་པར་བྱའོ། །དེ་ནས་ལྷ་རྣམས་ཡིད་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རྫོང་གི་འཕགས་མ་དང་བཅས་པ་ལ་བསྟོད་ཅིང་མངོན་པར་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཉོན་ཅིག །དེ་བཞིན་གཤེགས་པའི་གཟུགས་བརྙན་མཚན་ཐམས་ཅད་ཡོངས་སུ་རྫོགས་ཤིང་ དཔལ་གྱི་བེ་འུས་བརྒྱན་པ། ཕྱག་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་མཛད་པ་ལ་བལྟས་ཏེ། དེས་རིག་སྔགས་བསྒྲུབ་པར་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ཆོས་སྟོན་ཅིང་བཞུགས་ལ་སྐྱབས་སྦྱིན་པའི་ཚུལ་ དུ་མཛད་པ་ལ་བལྟས་ཏེ་དེར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྤྱན་སྔར་དྲག་ཤུལ་བསྒྲུབ་པར་མི་བྱ་སྟེ། དེ་ནི་ལག་ན་རྡོ་རྗེའི་མདུན་དུ་བསྒྲུབ་པར་བྱའོ། །ལག་ན་རྡོ་རྗེའི་གཟུགས་ཀྱང་བཤད་པར་བྱ་སྟེ། མཚན་ཐམས་ཅད་ཡོངས་སུ་རྫོགས་པ་མདོག་སྡུག་ཅིང་སྔོ་བསངས་ལ་ཞི་བའི་གཟུགས་ཅན་མཆོག་སྦྱིན་པའི་ཚུལ་དུ་འདུག་པ་དེའི་མདུན་དུ་རིག་སྔགས་བསྒྲུབ་པར་བྱ་སྟེ། ཞི་བ་ནི་སྐྱིལ་མོ་དཀྲུང་བཅས་པས་བྱའོ། ། དྲག་ཤུལ་ནི་འགྲེང་བས་བྱ་སྟེ། དྲག་ཤུལ་ནི་གཟུགས་མི་སྡུག་པས་བྱའོ། །ཞི་བ་དང་རྒྱས་པ་ལ་ནི་ཞི་བའི་གཟུགས་སུ་བྱའོ། །སྐུ་གཟུགས་ལ་ཐད་ཀར་བལྟ་ཞིང་བསྒྲུབ་པར་བྱ་སྟེ། གཞན་དུ་བལྟ་ཞིང་བསྒྲུབ་པར་ 100-1-242a མི་བྱའོ། །ཡན་ལག་ཉམས་པ་དང་། ལུས་སྐྱོན་ཅན་དང་། གཟི་བྱིན་མེད་པས་བསྒྲུབ་ན་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་གནོད་པར་འགྱུར་རོ། །རིག་སྔགས་ཀྱི་ལྷ་བྲི་བ་དེ་གང་ཡིན་པ་དེ་ཅི་སྟེ་མདོག་སྔོ་ བསངས་སམ། སེར་རམ། དམར་བ་འམ། དཀར་ཤམ་ཞིག་ན་དེ་ཡང་དེའི་ཁ་དོག་ཏུ་བྲི་བར་བྱའོ། །བུད་མེད་གང་ཡིན་པ་དེའི་ནི་བུད་མེད་ཀྱི་ཆ་ཅན་དུ་བྱའོ། །སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་པའི་མཚན་དང་ལྡན་པར་བྱ་ཞིང་། གཟུགས་གང་ཡིན་པ་དང་། ཁ་དོག་གང་ཡིན་པ་དང་། མཚོན་ཆ་དང་ལྡན་པར་བྱའོ། །ཅི་སྟེ་མཚོན་ཆ་མེད་པ་ཞིག་ན་ཡང་མཚོན་ཆ་ཐོགས་པར་བྱའོ། །གཟུགས་ལོག་པར་བྱས་པས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་ རོ། །དྲག་ཤུལ་གྱི་ལས་རྣམས་ལ་ལྷ་དྲག་པོ་གང་ཡིན་པ་དེའི་དྲུང་དུ་དེ་བཞིན་གཤེགས་པ་གཞག་པར་བྱའོ། །མཆོད་རྟེན་ནམ་མཚན་གྱི་དྲུང་དུ་བསྒྲུབ་ན་མཆོད་རྟེན་ནི་བྱ་གག་གི་སྒོ་ང་འདྲ་བར་འདུག་ན་དངོས་གྲུབ་སྦྱིན་པར་ འགྱུར་རོ། །མཚན་ཡང་མཚན་ཉིད་རྟགས་དང་ལྡན་པར་བྱ་སྟེ། འདི་དག་ནི་གཟུགས་ཀྱི་མཚན་ཉིད་དོ། །དེ་ནས་ལྷ་དེ་དག་ཡིད་དགའ་བར་གྱུར་ནས་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའ་ ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་མཚན་ཉིད་དང་བཅས། ཆོ་ག་དང་བཅས་པར་བཤད་པ་ལེགས་ སོ་ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཉོན་ཅིག །གང་གིས་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་འདི་མཐོང་ན། དེ་ མཐོང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དངོས་གྲུབ་སྩོལ་བར་མཛད་དོ། །རིག་པ་མཆོག་ཕོ་ཉ་མའི་ཚོགས་ཀྱི་དཀྱིལ་འཁོར་དང་བཅས་པས་ཀྱང་དངོས་གྲུབ་སྦྱིན་པར་འགྱུར་རོ། །ཡར་གྱི་ངོ་ 100-1-242b ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་མེ་ཏོག་དཀར་པོ་ལ་ལན་རེ་བཟླས་བརྗོད་བྱས་པ་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ལ། དེ་ནས་མཆོད་རྟེན་ནམས་ མཚན་ལ་བལྟས་ཏེ། རིག་སྔགས་བསྒྲུབས་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ལྷ་མོ་རྫོང་གི་འཕགས་མའི་ལས་རྣམས་ངས་བཤད་ཟིན་ཏོ། །དེ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་དྲན་པར་བྱས་ནས་ མདུན་དུ་གནས་པར་འགྱུར་བ་ཡང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྭེ་ཏ་རཱུ་པ་དྷཱ་རི་ཎི་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། རིག་སྔགས་འདིས་ལྷ་མོ་ཨུཏྤལ་དང་ལྡན་པར་བྱས་ནས། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཞག་ལ་མཆོད་པ་ཆེན་པོ་བྱས་ཏེ། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས་པ་ལ་ཤའི་ཤིང་གིས་མེ་སྦར་ལ། གུ་གུལ་སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལྷ་མོ་ཆེན་མོ་ རྫོང་གི་འཕགས་མ་འགྲུབ་པར་འགྱུར་ཏེ། ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །རྫོང་གི་འཕགས་མའི་ཆོ་ག་རྫོགས་སྷོ།། །། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ ལག་ན་རྡོ་རྗེ་རིག་སྔགས་ཀྱི་ཆོ་ག་རྒྱས་པ་འཆད་པ་མཐོང་ནས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུས་ནས་ལག་ན་རྡོ་རྗེ་ལ་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་ སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གིས་ཀྱང་རིག་སྔགས་མཆོག་གིས་ ཆོ་ག་རྒྱས་པའི་ལས་རིག་སྔགས་འཆང་རྣམས་བརྒྱན་པ་དང་། འགྲུབ་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འགྲོ་བའི་བདག་པོ་སྲིད་མེད་ཀྱི་ 100-1-243a ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ལེགས་སོ་ལེགས་སོ། །རིག་སྔགས་འཆང་རྣམས་བརྒྱན་པའི་ཕྱིར་གསང་ སྔགས་ཤོད་ཅིག་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ཚོགས་ལ་བལྟས་ནས་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མོ་ ནཱ་རཱ་ཡ་ཎཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། ཤྲཱི་བད་ས་ཙཀྲ་དྷ་རཱ་ཡ། མ་པ་དནྟ། ཏྭ་བ་བནྡྷན་བནྡྷ་མི། ནི་པ་དན་ཏཾ། ཙ་ཏུཥྤ་དནྟ། ཨ་ཤི་བྱི་ཤཱ་ནཤྩ་བནྡྷ་མི། སརྦ་དུཥྚཾ་ཤྩ། ད་རུ་ཎཱཾ། ཨི་ཏི་མི་ཏི་ནི། མ་ཧཱ་ཤ་མི་ར། ན་མོ་དེ་བ་བཱ་ཡུ། ཙ་ཏུཪྦྷུ་ཛཱ་ཡ། མ་སྤུ་ར། མ་སྤུ་ན་སྭཱ་ཧཱ། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་ཆེན་པོ་རིག་སྔགས་ཀྱི་ལས་ཤོད་ཅིག་ཤོད་ཅིག །དེ་ནས་ རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚིག་ལ་བལྟས་ནས་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འཆང་གི་ལས་གཅིག་པུས་རིག་སྔགས་མཆོག་ལ་སོགས་པ་རིག་སྔགས་ཐམས་ཅད་ བསྒྲུབ་པར་འདོད་ན། ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་གནས་དབེན་པར་རིག་སྔགས་བཟླས་བརྗོད་བྱས་ལ། ཟླ་བ་གཅིག་ཚང་ནས་ཞག་གཅིག་སྨྱུང་བ་བྱས་ཏེ། ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ ན། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་མཐོང་བར་འགྱུར་ཏེ། ཡིད་ལ་གང་འདོད་པ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ། །བསྲུང་བ་ནི་ཆོས་དཀར་ཅན་གྱིས་བྱའོ། །དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་ལག་ན་རྡོ་རྗེ་ལ་འདི་སྐད་ ཅེས་སྨྲས་སོ། །རྡོ་རྗེ་འཛིན་བདག་གིས་ཀྱང་རིག་སྔགས་འཆང་རྣམས་བརྒྱན་པར་བྱ་བའི་ལས་གང་གིས། རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་བཤད་པར་བྱའོ། །དེ་ནས་ལག་ན་རྡོ་རྗེ་གྲགས་པ་ཆེན་ 100-1-243b པོས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་བདག་པོ་གང་གིས་རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་ཤོད་ཅིག་ཤོད་ཅིག །དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་རིག་ སྔགས་རྣམས་རིན་པོ་ཆེས་བརྒྱན་པར་བྱ་བའི་ལས་བཤད་པ། རོ་ཉེ་ཕ་བང་ལོང་བུ་དང་། །ཚོན་མོ་སྟེང་དང་ཟངས་རྣམས་དང་། །ལན་ཚྭ་ཆུའི་བཅུ་ཆ་རྣམས། །ཏིལ་གྱི་ཐལ་བའི་ཆུ་དང་བཏག །ཨག་ནི་ཏིལ་མར་དག་དང་སྦྱར། །མི་ཐོད་ ནང་དུ་གཙོ་བར་བྱ། །གསེར་མཆོག་དག་ཏུ་འགྱུར་བ་སྟེ། །ཡིད་གཉིས་སུ་ནི་བྱ་བ་མེད། །སྦྱོར་བ་གཅིག་ནི་ངས་བཤད་ཟིན། །སྦྱོར་བ་གཉིས་པ་ང་ལས་ཉོན། །མཚལ་དང་དུག་བཅས་བབ་ལ་དང་ནི་མུ་ཟིར་ལྡན། །ཤིང་ཐོག་ཁུ་བས་ བཏགས་ཏེ་ཟངས་མ་གླེབས་ལ་བསྐུ། །དུད་པ་བཀབ་སྟེ་བསྲེགས་ནས་བཏག་ན་གསེར་དང་འདྲ། །གསེར་ཁ་སྐྱ་བོའི་ཆ་བརྒྱད་ཆ་ཡིས་བསྒྱུར་བར་ནུས། །མཚལ་དང་དུག་བཅས་བྷུ་མི་བལ་ལི་བབ་ལར་བཅས། །ཙིན་ཚྭའི་ཤིང་བརྙན་ཚྭ་ དང་ཚྭ་ཆུར་ལྡན་བྱས་ལ། །མི་ཐོད་གསར་ནང་ཨག་ནའི་ཏིལ་མར་ལྡན་བྱས་ན། །ལྷའི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར། །མཚལ་དང་ལྡོང་རོས་བཅས་དང་རྟ་ཁྲག་བབ་ལར་ལྡན། །ཙིན་ཚིའི་ཤིང་བརྙན་ཚྭ་དང་ཚྭ་ཆུར་ལྡན་ བྱས་ལ། །མི་ཐོད་གསར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ལ། །ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར། །གསེར་དང་ར་གན་དངུལ་རྣམས་ཁ་བསྒྱུར་ཏེ། །བཙོད་དང་གོ་བྱེ་དག་གིས་ནང་དུ་བསྒོས་བྱས་ལ། །མི་ཐོད་གསར་པ་དག་ གི་ནང་དུ་བཙོ་བྱས་ན། །འཛམ་བུ་ཆུ་བོའི་གསེར་དག་དང་ནི་འདྲ་བར་འགྱུར། །མཚལ་ཕྱེ་ཞིབ་མོར་ཁ་ལུང་ཁུ་བས་ལན་བདུན་བསྒོ། །ཤིང་ཀུན་ཤ་ཡི་ཁུ་བས་ཀྱང་ནི་ལན་བདུན་བྱ། །མི་ཐོད་གསར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ ན། །ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར། །སྦྱོར་བ་འདི་དག་བདག་གིས་བཤད་ཟིན་གྱིས། །བཻ་དཱུརྱ་སྔོན་པོའི་ཆོ་ག་ཡང་བདག་ལས་གསོན་ཅིག །མཆིང་བུའི་སྔོན་པོའི་ཆ་བཞི་དང་། པད་མ་ར་ག་དེ་དང་མཉམ་པ་དང་། 100-1-244a བཻ་དཱུརྱ་སུམ་འགྱུར་དང་། མར་ཀ་ཏའི་ཆའི་ཕྱེད་དང་། དུན་ལས་བྱི་ལའི་མིག་གི་མདོག་འདྲ་བ་སུམ་འགྱུར་དང་། ཟངས་དེའི་ཕྱེད་རྣམས་སྦྱར་ན། བཻ་དཱུརྱ་སྔོན་པོ་བཟང་པོར་འགྱུར་རོ། །མཁས་པ་དག་གིས་ལི་ཁྲི་དང་། མཚལ་དང་བ་སོ་སྦྱར་ནས། ར་གསར་དུ་འབྲངས་པའི་འོ་མས་སྦྲུས་ལ། བློ་དང་ལྡན་པས་བྱི་རུ་བྱས་ཏེ། གྲིབ་མར་ལེགས་པར་བསྐམས་ནས་ཉའི་ཁོང་དུ་བཅུག་ལ་ཡུངས་མར་བརྡོས་ཏེ། གཏུན་གྱི་ནང་དུ་མོན་སྲན་གྲེའུ་སྐམ་ པོ་བཅུག་ནས་སྣུམ་ཅུང་ཟད་ཙམ་དང་ལྡན་པར་བྱས་ལ་བྱི་རུ་དེར་བཅུག་སྟེ། འཇམ་པོར་འགྱུར་གྱི་བར་དུ་མཁས་པས་གཏུན་བུས་བརྡུངས་ན་བྱི་རུ་བཟང་པོར་འགྱུར་རོ། །ཆོ་ག་དེ་ལྟར་བྱས་ཏེ་ཐིང་ཤིན་བླུགས་ན་ནི་ཨིནྡྲ་ནཱི་ལར་འགྱུར་ རོ། །ཉ་ཕྱིས་ཀྱི་ཕྱེ་མ་བླུགས་ན་ནི་མུ་ཏིག་ཏུ་འགྱུར་རོ། །གཞན་དག་ཀྱང་ཁ་དོག་ཅི་འདྲ་བའི་བྱེ་བྲག་དང་སྦྱར་ཏེ་དེ་བཞིན་དུ་བྱའོ། །བཅོམ་ལྡན་འདས་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་འདི་དག་ནི་བདག་གིས་བཤད་ཟིན་གྱིས། གསེར་གྱི་དོན་ དུ་བདག་གིས་རྫས་བཤད་པ་གང་ཡིན་པའི་རྫས་དེ་དག་གི་མཚན་ཉིད་ཀྱང་གསོན་ཅིག །བདར་ན་མདོག་ནི་དམར་སེར་འགྱུར། །ལྕི་ཞིང་འོད་ཀྱང་ཆགས་པ་དང་། །མཉེན་ཞིང་མདོག་ཀྱང་མི་གནག་པ། །དེ་ནི་གསེར་གྱི་མཆོག་ཏུ་བཤད། ། རྡུལ་ཞིང་འཇམ་ཞིང་ལྕི་ལ་སྣུམ། །བསྲེགས་ན་དངས་ལ་ཤིན་ཏུ་དཀར། །འོད་བཟངས་མཉེན་བག་ཡོད་པའི་ཡུལ། །གང་ཡིན་དེ་ནི་རབ་ཏུ་བཟང་། །ཕྱི་རོལ་ཉི་མ་འཆར་ཀའི་མདོག །བཅག་འཕྲོ་དངུལ་ཆུའི་མདོག་དང་འདྲ། །ལྕི་ཞིང་ མདོག་སྡུག་དེ་འདྲའི་ཟངས། །གང་ཡིན་དེ་ནི་རབ་ཏུ་བཟང་། །ཕྱི་རོལ་ཕུག་རོན་མིག་འདྲ་ཞིང་། །བཅག་འཕྲོ་གསེར་གྱི་ཕྱེ་མ་འདྲ། །ལྕི་ཞིང་མདོག་སྡུག་དེ་འདྲ་བ། །མཚལ་གྱི་མཆོག་ཏུ་བཤད་པ་ཡིན། །ཕྱི་རོལ་ནེ་ཚོའི་སྒྲོ་མདོག་འདྲ། ། བཅག་འཕྲོ་གསེར་གྱི་ཕྱེ་མ་བཞིན། །ལྕི་ཞིང་མདོག་སྡུག་དེ་འདྲ་བ། །མུ་ཟིའི་མཆོག་ཏུ་བཤད་པ་ཡིན། །ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །ཀ་ར་བཱི་རའི་མེ་ཏོག་འདྲ། །ཡང་ན་ལ་ལ་གསེར་འདྲ་བ། །ལྡོང་རོས་ཀྱི་ནི་གཙོ་བོར་བཤད། །གསེར་ 100-1-244b གྱི་གྱིམ་བག་མདོག་འདྲ་ཞིང་། །རིམ་པའི་སུལ་གྱིས་གང་བ་དང་། །མདོག་ཀྱང་སྡུག་ཅིང་ལྕི་བ་དང་། །བབ་ལའི་མཆོག་ཏུ་བཤད་པ་ཡིན། །རྫས་འདི་དག་ནི་བདག་གིས་བཤད། །བཟང་པོར་བཅོས་པ་འང་བདག་ལས་གསོན། །གསེར་གླེབས་ལ་ ཁ་ལུང་གི་ཁུ་བ་དང་ཚྭ་ཆུ་དང་སྣུམ་དང་ལྡན་པར་བྱས་ཏེ། བ་ལང་གི་ལྕི་བའི་མེའི་ནང་དུ་ལན་བདུན་བསྲེགས་ན་དེས་གསེར་དུལ་བར་འགྱུར་རོ། །ར་གན་གྱི་ཆོ་ག་ཡང་འདི་ཡིན་ཏེ། མཁས་པས་བུ་རམ་དང་ཁ་ལུང་དང་། །བྲ་མྷི་དང་། ལན་ཚྭ་དང་། ཀིང་ཤུ་ཀ་རྣམས་སོ་སོའི་ནང་དུ་ཞག་བདུན་བདུན་གཞག་གོ། །ཐབས་དེ་ལྟ་བུར་བྱས་ན་དངུལ་དང་ཟངས་ཀྱང་དུལ་བར་འགྱུར་རོ། །ལྡོང་རོས་ནི་བ་གླང་གི་ཤའི་ནང་དུ་བཅུག་ལ་བཏགས་ཏེ། ཁ་ལུང་གི་ཁུ་བའི་ནང་དུ་ལན་བདུན་བདུན་བཅུག་ན་དེས་ དུལ་བར་འགྱུར་རོ། །མཚལ་ཡང་མུ་ཟིའི་ཆོ་གར་བསྟན་པ་བཞིན་དུ་བྱས་ན་དུལ་བར་འགྱུར་རོ། །བབ་ལ་ནི་རས་ཀྱིས་དཀྲིས་ལ་ཤི་སྣུ་ཧའི་སྦུབས་སུ་བཅུག་སྟེ། བ་ལང་གི་ལྕི་བས་གཡོགས་ནས་བདུགས་ལ་ལན་བདུན་གྱི་བར་དུ་བ་ལང་གི་ལྕི་ བའི་ཁུ་བའི་ནང་དུ་བཅུག་ན་བབ་ལ་དུལ་བར་འགྱུར་རོ། །བྱི་རུ་ལ་སོགས་པའི་རྫས་རྣམས་གདུལ་བ་ཡང་དེ་ལྟར་བྱས་ན་དུལ་བར་འགྱུར་རོ། །དངུལ་ལ་སོགས་པའི་རྫས་རྣམས་སྔར་ལེགས་པར་བཏུལ་ཏེ། དྲི་མ་མེད་པར་བྱས་ནས་ གདོད་སྦྱོར་བ་ཐམས་ཅད་ལ་སྦྱར་བར་བྱའི་དེ་མ་ཡིན་པ་ཡེ་མི་བྱའོ། །བཅོམ་ལྡན་འདས་འདི་དག་ནི་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཤད་དེ། གང་ཞིག་དེ་དང་མི་མཐུན་པའི་ལས་བྱེད་ན་ལས་གྲུབ་པ་མེད་དོ། །བཅོམ་ལྡན་ འདས་གཞན་ཡང་གང་དག་བདག་གི་གསང་སྔགས་འཆང་བ་དེ་དག་ལ་ཐམས་ཅད་དུ་བསྲུང་བར་འགྱུར་བ་འདི་ཡང་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་ སོ། །འགྲོ་བའི་བདག་པོ་ངས་ཀྱང་ཁྱོད་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ལོ་ལ་ཙཀྲཱ་ཡ་སྭཱ་ཧཱ། གསང་སྔགས་འདིས་ལག་ན་རྡོ་རྗེའི་མདུན་དུ་མར་ངོའི་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ 100-1-245a ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སྲེད་མེད་ཀྱི་བུ་འགྲུབ་པར་འགྱུར་ཏེ། ལས་ཐམས་ཅད་བྱེད་པར་ནུས་སོ། །སྲེད་མེད་ཀྱི་བུའི་ཆོ་ག་རྫོགས་སྷོ།། །། དེ་ནས་གང་གཱ་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་འཁོར་བརྒྱད་ཁྲི་བཞི་ སྟོང་གིས་བསྐོར་བ་རྣམས་ལག་ན་རྡོ་རྗེའི་ཞབས་དྲུང་དུ་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཅག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ པའི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་གསང་སྔགས་བཤད་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གང་གཱ་ཀླུང་ལ་སོགས་པ་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ལ་འདི་སྐད་ཅེས་ སྨྲས་སོ། །བཟོད་ལྡན་དག་ཁྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ལེགས་སོ་ལེགས་སོ། །བཟོད་ལྡན་དག་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་གསང་ སྔགས་ཤོད་ཅིག་ཤོད་ཅིག །དེ་ནས་གང་གཱ་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་གཅིག་ཏུ་ཕྱོགས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མོ་ཙ་ཏུརྞཱཾ། མ་ཧཱ་ས་མུ་དྲཱ་ཎཱཾ། གང་གཱ་ན་དཱི། པྲ་མུ་ཁཱ་ཎཱཾ། ཙ་ཏུ་ཏི་ནཱ་དྷ་སི་ཧ་ས་ནཱཾ། མ་ཡ་ཡོ་ག་ནི་བ་སི་ནཱཾ། ས་རི་ཏི་དྷཱ་རི་ཎཱཾ། ཤྭེ་ཏ་བཱ་ས་སཱ་ནཱཾ། ཛ་ཊ་མུ་ཀུ་ཊ་དྷཱ་རི་ཎཱཾ། ན་མོ་སྟུ་ཏེ་ཀཱི་ལི་ཀཱི་ལི་སྭཱ་ཧཱ། ཡོ་ག་དྷཱ་རི་ཎི། མ་ཧཱ་ ཡོ་ག་དྷཱ་རི་ཎི་སྭཱ་ཧཱ། དེ་ནས་གང་གཱ་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་ སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ལས་བཤད་པ། དགུན་ཟླ་ཐ་ཆུངས་ཚེས་བདུན་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གང་གཱའི་ཀླུང་གི་ནང་དུ་ཆུ་ལྟེ་བར་ 100-1-245b ཕྱིན་པ་ཙམ་དུ་ཞུགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། གང་གཱའི་ལྷ་མོ་ལ་ཟངས་ཀྱི་སྣོད་ཀྱི་ནང་ནས་ཙན་དན་དམར་པོ་དང་། མེ་ཏོག་དམར་པོ་དང་ལྡན་པའི་མཆོད་ཡོན་དབུལ་ལོ། །དེ་ནས་འགྲུབ་པར་འགྱུར་ཏེ། ཀླུང་ ཆེན་པོ་བཞི་དང་། ཀླུང་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཀླུང་གི་ཆུ་གང་གཱའི་ནང་དུ་ཞུགས་ཏེ། བསྒྲུབས་ནས་ཡང་དེ་དག་མྱུར་དུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀླུང་ཆེན་པོ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ། །དེ་དག་ ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱ་སྟེ། ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་ཀླུང་ཆེན་པོ་བཞི་འགྲུབ་པར་འགྱུར་རོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྭེ་ཏ་ཛ་ཏི་ཀྲིཥྞ་རཱུ་པ་དྷཱ་རི་ཎི་སྭཱ་ཧཱ། ཀླུང་ཆེན་པོ་བཞིའི་ཆོ་ག་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་འཁོར་དེ་ཉིད་ཀྱི་ནང་ནས་ལངས་ཏེ། གོས་ཕྲག་ པ་གཅིག་ཏུ་གཟེར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་སྔགས་ཀྱི་བདག་པོ་ཆེན་པོ། རིག་སྔགས་ཐམས་ཅད་ཀྱི་བདག་པོ་རིག་སྔགས་ཐམས་ཅད་སྒྲུབ་པ་དང་། ཕུར་བུས་འདེབས་པ་དང་། གཅོད་པར་ བགྱིད་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་པ་ལགས་སོ། །བཅོམ་ལྡན་འདས་ སེམས་ཅན་རྣམས་ལ་སྨན་པར་འཚལ་བའི་སླད་དུ། ལྷ་ཐམས་ཅད་ཀྱི་མ་འཚལ་བ་དང་། མ་ཐོས་པ་གང་ལགས་པ་དེ་ཡང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་འདི་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པའི་ 100-1-246a སྙིང་པོར་གྱུར་པ་ལགས་སོ། །འདི་ནི་ཡང་དག་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་བདག་གི་རླབས་ཆེན་པོ་ལགས་ཏེ། ཐབས་འདི་འབའ་ཞིག་གིས་རིག་སྔགས་ཐམས་ཅད་བསྒྲུབ་པར་འཚལ་ལོ། ། ཐབས་འདི་འབའ་ཤིག་གིས་གསང་སྔགས་ཐམས་ཅད་ཕུར་བུས་གདབ་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་ དཔའ་ཆེན་པོ་གང་གིས་སེམས་ཅན་རྣམས་འགྲུབ་པའི་ཉེ་བར་བསྒྲུབ་པའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་སྙིང་རྗེའི་སེམས་ཀྱིས་རིག་སྔགས་ཀྱི་ཚོགས་ལ་ བལྟས་ནས། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་སྔགས་འཆང་གི་གསང་བ་བཤད་པ། མི་གང་མདོག་སྡུག་པ་དང་། ལག་པ་རིང་བ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། རྐང་པ་རུས་སྦལ་འདྲ་བའི་རིག་སྔགས་ འཆང་དེ་ལ་ནི་རིག་སྔགས་འཆང་དེ་དག་གིས་རིག་སྔགས་འཆང་གི་ལས་རྣམས་འགྲུབ་པར་འགྱུར་རོ། །མི་གང་མདོག་གནག་པ་དང་། མིག་དམར་བ་དང་། སྣ་ཡོ་བ་དང་། སེན་མོ་སེར་བ་དང་། སེན་མོ་སྔོ་བ་དང་། མཛེ་ ཅན་དང་། ཤ་གཟིག་གུ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོས་ཡོག་པ་དང་། མ་རུངས་པའི་ལས་བྱེད་པ་གང་ཡིན་པ་དེ་དག་ལ་ནི་ལས་དྲག་པོ་འགྲུབ་པར་འགྱུར་རོ། །མི་གང་མདོག་སྔོ་བསངས་དང་། ལག་པ་རིང་ བ་དང་། མདོག་སྡུག་པ་དང་། མིག་ཙ་དམར་བ་དང་། སེན་མོ་རུས་སྦལ་ལྟ་བུ་དང་། རྐང་པ་རུས་སྦལ་ལྟ་བུ་ཤ་བཀྲའི་མིག་ལྟ་བུའི་རིག་སྔགས་འཆང་དེ་དག་ལ་ནི་རིག་སྔགས་འཆང་གི་གསང་སྔགས་འགྲུབ་ པར་འགྱུར་རོ། །མི་གང་སྐྲ་དམར་བ་དང་། མིག་སེར་བ་དང་། སེན་མོ་སྔོ་བ་དག་ནི་མ་རུངས་པའི་ལས་བྱེད་པ་ཡིན་ཏེ། དེ་དག་ལ་ནི་དྲག་ཤུལ་གྱི་ལས་རྣམས་འགྲུབ་པར་འགྱུར་རོ། །མི་གང་མདོག་སྔོ་བསངས་དང་། 100-1-246b སྐྲ་འཇམ་པ་དང་། ཤ་བཀྲའི་མིག་ལྟ་བུ་དང་། མདོག་གདུགས་ལྟ་བུ་དང་། ཤིང་ནྱ་གྲོ་དྷ་ལྟ་བུ་ཆུ་ཤིང་གབ་པ་དང་། བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུའི་རིག་སྔགས་འཆང་རྣམས་ལ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །མི་གང་ སོར་མོ་རྡུམ་པ་དང་། ལག་པ་རྡུམ་པ་དང་། སྒུར་བུ་དང་། ཞར་བ་དང་། མིག་ཡོ་བ་དང་། ཤེལ་མིག་ཅན་དང་། ཁ་དོག་གཅིག་གི་ཤས་ཆེ་བ་དེ་དག་ལ་ནི་ལས་ཕྲན་ཚེགས་འགྲུབ་པར་འགྱུར་ཏེ། དེ་དག་ལ་ཅི་ཡང་འགྲུབ་པར་མི་འགྱུར་རོ། ། མི་གང་ལག་པ་རིང་བ་དང་། པྲི་ཡང་ཀུའི་མདོག་ལྟ་བུར་འདུག་པ་དང་། སྐྲ་དང་ལུས་དང་རྐང་པ་མདོག་སྣུམ་པ་དེ་དག་ནི་རིག་སྔགས་འཆང་གི་རྒྱལ་པོ་ཡིན་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྷ་རྣམས་མི་གང་དག་གིས་རིག་ པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འགྲུབ་པར་འགྱུར་བའི་མིའི་མཚན་མ་ངས་བཤད་ཟིན་ཏོ། །མི་མཆོག་དེ་དག་ལ་གསང་བ་གང་གིས་བདེ་བླག་ཏུ་ལྷ་རྣམས་དགའ་བར་འགྱུར་བའི་གསང་བ་ངས་བཤད་པར་བྱའོ། །སྟེང་ན་རྒྱུ་བའི་རིག་ སྔགས་ཀྱི་ལྷ་གང་ཡིན་པ་དེ་དག་ལ་ནི་སྣ་མའི་མེ་ཏོག་གིས་ཞག་བརྒྱད་ཀྱེ་བར་དུ་ལྷ་དེ་དག་མཆོད་པ་བྱས་ཏེ། ག་པུར་དང་གུ་གུལ་གྱི་བདུག་པ་ཡང་ཕུལ་ན་དེ་དག་འགྲུབ་པར་འགྱུར་རོ། །ཅི་སྟེ་སྟེང་དུ་རྒྱུ་བའི་རིགས་སྔགས་ཀྱིས་ ལྷ་རྣམས་དགུག་པར་འདོད་ན་དཀྱིལ་འཁོར་བྱས་ཏེ། ཞག་གསུམ་གྱི་བར་དུ་ལྷ་དེ་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་མཆོད་པ་བྱས་ཏེ། ཀ་ར་བཱི་ར་ཁ་འབུས་པའི་བདུག་པ་ཡང་ཕུལ་ན་དེས་ལྷ་མཐོང་བར་ཡང་མི་འགྱུར་ན་དངོས་གྲུབ་ལྟ་ ཅི་སྨོས། རིག་སྔགས་ཀྱི་ལྷ་ས་འོག་ན་རྒྱུ་བ་གང་ཡིན་པ་དེ་དག་ཅིས་དགའ་བར་འགྱུར་བ་དེ་ཡང་བཤད་པར་བྱ་སྟེ། དཀྱིལ་འཁོར་བྱས་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་པྲི་ཡང་ཀུའི་མེ་ཏོག་གིས་མཆོད་དེ། ཨ་ག་རུ་དང་པོག་གི་བདུག་ པ་ཡང་དབུལ་བར་བྱའོ། །ཅི་སྟེ་དཀྲུག་པར་འདོད་ན་ཞག་གསུམ་གྱི་བར་དུ་ཀུ་རནྟ་ཀ་སྔོན་པོའི་མེ་ཏོག་གིས་མཆོད་དེ། དེ་ཉིད་ཀྱི་རྩ་བའི་བདུག་པ་ཡང་དེ་ལ་ཕུལ་ན་དེས་ལྷ་ཡང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། རིག་སྔགས་ 100-1-247a ཀྱི་ལྷ་དུར་ཁྲོད་དུ་དགའ་བ་གང་ཡིན་པ་དེ་དག་ཅིས་དགའ་བར་འགྱུར་དེ་ཡང་བཤད་པར་བྱ་སྟེ། ཞག་བདུན་གྱི་བར་དུ་བ་རུ་རའི་མེ་ཏོག་གིས་མཆོད་དེ། ཉ་ཤ་དང་ཤའི་བདུག་པ་ཡང་དབུལ་ལོ། །ཅི་སྟེ་དཀྲུག་པར་འདོད་ན་ ཞག་གསུམ་གྱི་བར་དུ་པད་མའི་མེ་ཏོག་གིས་མཆོད་དེ། ཙན་དན་དང་ག་པུར་གྱི་བདུག་པ་ཕུལ་ནས་དེ་ནས་ལྷ་ཡང་མཐོང་བར་མི་འགྱུར་ན། དངོས་གྲུབ་ལྟ་ཅི་སྨོས། ལྷ་ཕལ་པ་རྣམས་ལ་ནི་དཀྱིལ་འཁོར་བརྐྱང་ནུལ་གྱི་བྱུགས་ཏེ་ཞག་ བཅུའི་བར་དུ་མེ་ཏོག་དཀར་པོ་དང་། གུ་གུལ་གྱི་བདུག་པ་ཡང་དབུལ་ལོ། །ཅི་སྟེ་དཀྲུག་པར་འདོད་ན་དཀྱིལ་འཁོར་བྱས་ལ་ཞག་གཅིག་གི་བར་དུ་དུག་ཏི་ཀའི་མེ་ཏོག་གིས་མཆོད་དེ། གནྡྷ་ཧ་སྟིའི་རྩ་བའི་བདུག་པ་ཕུལ་ན་དེས་ལྷ་ཡང་མཐོང་ བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། ལྷ་རྣམས་ཀྱི་མཆོག་ཏུ་གསང་བ་འདིས་ནི་ལས་ཐམས་ཅད་ཀྱང་ལས་གཅིག་གིས་འགྲུབ་པར་འགྱུར་ཏེ། རིག་སྔགས་ཀྱི་རིགས་ཀྱི་རིམ་པ་བཞིན་དུ་ལས་བྱའོ། །དེ་ནས་ཆོ་ག་རྒྱས་ པ་གཞིག་པར་འདོད་ན་རིག་སྔགས་ཀྱི་ཆོ་ག་ཐམས་ཅད་ལ་ཡང་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ་ཞག་གསུམ་གྱི་བར་དུ་དེས་དེ་བཞིན་དུ་ལྷ་བཤོས་དང་། མེ་ཏོག་དང་། བདུག་པ་ཐམས་ཅད་བླངས་ཏེ། ཆོ་ག་རྒྱས་པ་ མིང་ནས་སྨོས་ཤིང་མཆོད་པ་བྱས་ན་ཆོ་ག་རྒྱས་པའི་ལྷ་ཁང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། རབ་ཏུ་གྲུབ་པར་བྱ་ན་ཡང་ཆོ་ག་དེ་ཉིད་ཡིན་ནོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་གསང་བ་དང་། གསང་ཆེན་བདག་གིས་བཤད་ལགས་ཏེ། ལྷར་བཅས་པའི་འཇིག་རྟེན་བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་གཞན་ལྟ་སུ་ཞིག་གིས་འཚལ་བར་མི་ནུས་ན། བཤད་པ་ ལྟ་སྨོས་ཀྱང་ཅི་འཚལ། བདག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་རིག་པ་མཆོག་གི་སྙིང་པོར་གྱུར་པ། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་གསང་བའི་ལས་འདི་ནི་དཀོན་མཆོག་གསུམ་ལ་དང་བ་ལ་སྩལ་ 100-1-247b བར་བགྱིའོ། །སྡིག་པའི་ལས་ཅན་དག་ལ་ནི་གསང་བ་འདི་སྩལ་བར་མི་བགྱིའོ། །ལྷ་རྣམས་མཆོད་པར་བྱ་བ་དང་། དཀྲུག་པར་བྱ་བའི་ཆོ་ག་རྫོགས་སྷོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་ སྔགས་ཀྱི་ཚོགས་ཐམས་ཅད་ལ་བལྟས་ནས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ངས་རིག་པ་མཆོག་གི་ཆོ་ག་ རྒྱས་པ་ཆེན་པོ་བཤད་པ་དང་། རིག་སྔགས་ཀྱི་ལྷ་རྣམས་ཀྱི་རིག་སྔགས་གསང་བ་བཤད་པ་དང་། ཆོ་ག་རྒྱས་པའི་ལྷ་རྣམས་བཤད་པ་འདི་ནི་ཆོ་ག་རྒྱས་པ་ཆེན་པོའི་སྙིང་པོ་ཡིན་ཏེ། ཆོ་ག་རྒྱས་པ་གསང་བའི་དཀྱིལ་འཁོར་ དང་ལྡན་པ་འདི་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བ་གང་གིས་མཐོང་བའི་རིག་སྔགས་འཆང་དེ་དག་ནི་རིང་པོར་མི་ཐོག་པར་དངོས་གྲུབ་འགྲུབ་པར་འགྱུར་ཏེ། ཆོ་ག་རྒྱས་པ་ཆེན་པོ་གསང་སྔགས་དང་ལྡན་པ་གང་ གིས་མཐོང་བའི་རིག་སྔགས་འཆང་དེ་དག་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་བར་ལག་ན་རྡོ་རྗེ་ངས་བཤད་དོ། །ཆོ་ག་རྒྱས་པ་འདི་གང་གིས་མཐོང་བ་དང་། ལྷ་ཐམས་ཅད་ལ་བརྟེན་པ་བྱས་པ་དེ་ལ་དགའ་ བ་དང་། ཡིད་རབ་ཏུ་དགའ་བས་དངོས་གྲུབ་བྱིན་ཅིག །གསང་བའི་དཀྱིལ་འཁོར་གྱི་ཆོ་ག་དམ་པ་འདི་གང་གིས་མཐོང་བ་དེ་ལ་ནི་དངོས་གྲུབ་སྦྱིན་པའི་ཕྱིར་ང་རྟག་ཏུ་ཕྱི་བཞིན་འབྲང་ངོ་། །རིག་སྔགས་འཆང་གསོ་སྦྱོང་འཛིན་ཅིང་ སྨྱུང་བ་བྱས་པ་དང་། གཙང་བ་དང་། གོས་གཙང་མ་བགོས་པས་ཕྱོགས་གཙང་ཞིང་དབེན་པའི་ས་འམ་ཁྱིམ་གཙང་མར་དཀྱིལ་འཁོར་ཁྲུ་བཞི་པ་འམ། ཁྲུ་བཅུ་གཉིས་པ་བྱས་ལ་ཅི་འབྱོར་པའི་ཚོན་རྩི་སྣ་གསུམ་གྱིས་ ཚོན་བཀྱེ་སྟེ། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་གཞག་གོ། །དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པ་བཞག་གོ། །དེའི་དྲུང་དུ་འཕགས་པ་རྡོ་རྗེ་སྡེ་ལག་པ་ན་ 100-1-248a པད་མ་ཐོགས་པ་གཞག་གོ། །དེའི་གཡོན་ལོགས་སུ་འཕགས་པ་གཙུག་ནས་འབྱུང་བ་གཞག་གོ། །དེའི་དྲུང་དུ་ལྷ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། མ་མོ་བདུན་གཞག་གོ། །དེའི་དྲུང་དུ་ཚོགས་དྲུག་བཅུ་རྩ་ བཞི་དང་། ལོག་འདྲེན་སུམ་བཅུ་རྩ་གཉིས་གཞག་གོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནི་སྤྱན་གསུམ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོས་དཀར་ཅན་ དང་ལྷན་ཅིག་ཏུ་གཞག་གོ། །དེའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་པར་གཞག་གོ། །ལྷ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དུ་མཚོན་ཆ་ཐོགས་པར་བྱའོ། །ནང་དུ་ཡང་ཀླུང་ཆེན་པོ་བཞི་འདབ་ཆགས་སུ་གཞག་གོ། ། གང་གཱའི་བུམ་པ་ནི་མགྲིན་ཆིངས་དཀྲི་བར་བྱའོ། །བུམ་པའི་ནང་དུ་སྙིང་པོ་གསུམ་གཞག་པར་བྱའོ། །སྒོ་དང་པོའི་ནང་དུ་ནི་རྫོང་གི་འཕགས་མ་དང་། ཚིག་ལྡན་མ་གཞག་པར་བྱའོ། །བྱང་ཕྱོགས་སུ་ནི་ལྕགས་ཅན་གཞག་ གོ། །ནུབ་ཕྱོགས་སུ་ནི་རྒྱལ་པོའི་བློ་གྲོས་མ་གཞག་གོ། །ལྷོ་ཕྱོགས་སུ་ནི་བདུད་རྩི་ཐབས་སྦྱོར་གཞག་གོ། །བུམ་པའི་མདུན་དུ་ནི་ལྷའི་དྲང་སྲོང་མེ་འབར་བ་དང་ལྡན་པར་གཞག་གོ། །སྒོ་བཞིར་ཡང་བུམ་པ་མགྲིན་ཆིངས་དང་ བཅས་པ་བཞི་གཞག་གོ། །སྒོ་རེ་རེར་ཡང་སྐྲའི་སྐུད་པ་མཚོན་ཆ་དང་བཅས་པར་གཞག་གོ། །དབུས་སུ་ཡང་ཚོགས་རྣམས་ཀྱི་ཏ་ལའི་ཐོ་བ་གཅིག་དང་། སྐྲའི་སྐུད་པ་གཞག་གོ། །ཐོག་མ་ཐིག་གདབ་པ་ནི་རིག་པ་མཆོག་གི་ བྱའོ། །ལྷ་ཐམས་ཅད་བྲི་བ་ནི་སྙིང་པོས་བྱའོ། །ལྷ་ཐམས་ཅད་སྤྱན་དྲང་བ་ནི་བཅོམ་ལྡན་འདས་མས་བྱའོ། །དྲི་དང་མེ་ཏོག་དང་བདུག་པ་དབུལ་བ་ཡང་དེས་བྱའོ། །དཀྱིལ་འཁོར་གྱི་བགེགས་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྙིང་ པོས་སྦྱིན་སྲིག་བྱ་སྟེ། ཡུངས་ཀར་དང་ཞོ་དང་སྦྲང་རྩི་དང་། མར་དང་ལྡན་པས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་འཆང་ཞག་གཅིག་སྨྱུང་བ་བྱེད་དུ་བཅུག་ལ་བྱང་ 100-1-248b ཆུབ་ཀྱི་སེམས་སྦྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྙིང་པོ་མགོ་བོར་བསྔགས་ལ་ཉེ་བའི་སྙིང་པོ་རྣ་བར་བཞག་སྟེ། ནག་མོའི་སྔགས་བཟླས་བརྗོད་བྱེད་བཞིན་དུ་གཞུག་ཅིང་ཤར་ཕྱོགས་ཀྱི་སྒོའི་བྱང་སྟོད་དུ་ བབ་པའི་ལྷ་རྣམས་ལ་ཕྱག་འཚལ་དུ་བཅུག་ལ་མེ་ཏོག་གམ། འགྲོན་བུའི་ཕུར་མ་འདོར་དུ་བཅུག་ན་གང་ལ་བབ་པ་དེ་དག་གི་རིགས་ཡིན་ཏེ། དེ་དག་ནི་སྲང་བའི་རིགས་ཤེས་བཤད་དོ། །གསང་བ་དང་ལྷ་ཐམས་ཅད་ཀྱི་ གསང་བའི་ཕྱག་རྒྱ་ཡང་དེར་བསྟན་པར་བྱའོ། །གདོན་ཉན་དུ་གཞུག་པའི་སྐབས་ནས་ངས་བཤད་པའི་ཕྱག་རྒྱ་དང་། ལྷ་གང་ཡིན་པ་དེ་དག་ཀྱང་རིག་སྔགས་འཆང་རྣམས་ལ་བསྟན་པར་བྱའོ། །ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ མདུང་རྩེ་གསུམ་པ་ཡིན་ནོ། །ལག་ན་རྡོ་རྗེའི་ནི་རྡོ་རྗེ་ཡིན་ཏེ་རྡོ་རྗེ་གང་ཡིན་པ་དེ་ནི་མདུང་རྩེ་གསུམ་པ་ཡིན་ལ། མདུང་རྩེ་གསུམ་པ་གང་ཡིན་པ་དེ་ཡང་རྡོ་རྗེ་ཡིན་པར་བལྟ་བར་བྱའོ། །གསང་བ་འདི་དག་རྟོགས་ནས་གསང་བ་ པ་རྣམས་ལ་ཡང་མཆོད་པར་བྱའོ། །གསང་བའི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱི་གསང་ཆེན་འདི་གང་གིས་མཐོང་བ་དེ་ལ་ནི་ལྷ་ཐམས་ཅད་ཡིད་དགའ་ནས་དངོས་གྲུབ་སྦྱིན་པར་བྱེད་དེ་དེའི་ལས་རྣམས་ལ་རིག་སྔགས་བདེ་ བླགས་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་དང་འདྲ་བར་བླ་མ་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་ཡོན་དབུལ་ལོ། །དེའི་འོག་ཏུ་བྱང་ཕྱོགས་སུ་སོང་ལ། དེ་ནས་རིག་སྔགས་ འཆང་རྣམས་ལ་ཕྱག་འཚལ་དུ་གཞུག་གོ། །གསང་བའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་སུས་མཐོང་བ་དེ་ནི་སངས་རྒྱས་ཀྱི་བསམ་པ་དང་འདྲ་བར་མི་འགྱུར་ཏེ། བདེ་བ་ ཅན་དུ་ཡང་སྐྱེ་བར་འགྱུར་རོ། །ཆོ་ག་རྒྱས་པ་འདི་སུ་འཆང་བ་དེ་ནི་ལག་ན་རྡོ་རྗེ་དང་འདྲའོ། །དཀྱིལ་འཁོར་འདི་མཐོང་ན་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རིག་སྔགས་ཀྱི་ལྷ་ཐམས་ཅད་ 100-1-249a ཅད་ཀྱང་རྟག་ཏུ་སྲུང་བར་བྱེད་དོ། །རིག་པ་མཆོག་གི་ཆོ་ག་རྒྱས་པར་རྒྱུད་ཕྱི་མ་དང་བཅས་པ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པ། ཕྱག་རྒྱའི་རྒྱན་དང་བཅས་པ། གསང་ཆེན་དང་བཅས་པ་གང་བ་དང་བཅས་པ་ལག་ ན་རྡོ་རྗེས་བཤད་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་ཐམས་ཅད་མ་ལུས་པར་སུ་འཆང་བ་དེའི་ལུས་ཀྱི་སྤྱི་བོར་ནི་དཔལ་དང་ལྡན་པ་རྡོ་རྗེ་འཛིན་རྟག་ཏུ་གནས་པར་འགྱུར་རོ། །གསང་བའི་དཀྱིལ་འཁོར་ རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་ཏེ། ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་ནི་ལེགས་སོ། །རིག་པ་མཆོག་གི་ཆོ་ག་རྒྱས་ པ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་གནང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་ཡིན་ནོ། །རིག་སྔགས་འཆང་གང་སྤྱན་གྱི་སྙིང་པོ་དང་བཅས་པ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དང་བཅས་པར་དྲན་པར་བྱེད་དམ། དུས་གསུམ་དུ་ཕྱག་འཚལ་བ་དེ་དག་ལ་ནི་ངན་ འགྲོ་ལོག་པར་ལྟུང་བར་འགྱུར་བ་དེ་དག་མེད་དོ། །འཆི་བའི་ཚེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་ཕྱོགས་པར་འགྱུར་ཏེ། དེས་ན་དེ་དག་ལ་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་མེད་དོ། །སེམས་ཅན་མཚམས་མེད་པ་ལྔ་དང་ ལྡན་པ་དག་ཀྱང་མནར་མེད་པར་སྐྱེ་བར་མི་འགྱུར་རོ། །འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཐུ་ཡིན་ནོ། །དཔེར་ན་ནོར་བུ་རིན་པོ་ཆེ་གཙུག་ཕུད་ཅན་ཞེས་བྱ་བ་མཐོང་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་འགྱུར་ཞིང་གདོན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དེ་ 100-1-249b བཞིན་དུ་རིག་སྔགས་ཀྱི་རྒྱལ་པོ་འདི་སྤྱན་དང་སྙིང་པོ་དང་བཅས་པར་དྲན་པ་ཙམ་གྱིས་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ། །འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་རྒྱུ་དང་འཐུན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་གཞན་དུ་གསུངས་པ་མ་ཡིན་ནོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་འམ། འཇིག་རྟེན་གྱི་སྣ་ཚོགས་བྱེད་པར་འདོད་ན་དེས་རིག་སྔགས་ཀྱི་རྒྱལ་པོ་བཙལ་ བར་བྱ་ཞིང་བསྒྲུབ་པར་བྱའོ། །སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་གང་ཡིན་པ་དེ་དག་གི་ལག་ཏུ་ནི་ཐམས་ཅད་མ་ལུས་པར་འོང་བར་འགྱུར་རོ། །སེམས་ཅན་བསོད་ནམས་མ་བྱས་པ་དག་གི་ལག་ཏུ་ནི་འོང་བར་མི་འགྱུར་རོ། །རིག་ སྔགས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ལག་ཏུ་འོངས་པར་འགྱུར་བ་དེ་དག་ལ་ནི་ལྷར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ། །དེ་ནས་ལྷ་དེ་དག་སྙིང་འདར་ཞིང་དེ་བཞིན་གཤེགས་པ་ལ་བལྟ་བར་གྱུར་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་ནི་ཐོགས་པ་མེད་པའི་ལས་ཡིན་ཏེ། ལས་ཐམས་ཅད་ལ་དོན་ཡོད་པ་ཡིན་ནོ། །སེམས་ཅན་མ་རུང་ པའི་ལས་བྱེད་པ་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལས་སྣ་ཚོགས་བྱེད་ནུས་ཤིང་ལྷ་རྣམས་ལ་ཡང་འཚེ་བར་ནུས་ཏེ་དགེ་བའི་རྩ་བ་བསྐྱེད་ཅིང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པའི་ལྷ་དེ་དག་ལ་ཡང་གནོད་པ་བྱེད་ནུས་ སོ། །བརྟུལ་ཕོད་པའི་མི་དེ་དག་ལ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གསང་བ་བསྟན་པར་བྱ་སྟེ། སེམས་ཅན་དེ་དག་གིས་དེ་མཐོང་ན་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ། །སེམས་ཅན་ངའི་གསང་བའི་ཕྱག་རྒྱའི་ཚོགས་མཐོང་བ་ གང་ཡིན་པ་དེ་དག་གིས་ནི་དོན་ཡོད་པའི་ལས་ཀྱི་མཆོག་གིས་ལྷ་ཐམས་ཅད་དང་ང་ལ་གཙེ་བར་ནུས་སོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་ལ་སྨན་པའི་སླད་དུ་དེ་ 100-1-250a བཞིན་གཤེགས་པ་རྣམས་ཀྱི་བཀའ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་གསང་བ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་མཱ་མ་ཀཱིའི་ཕྱག་རྒྱས་བཏབ་པ་བདག་གིས་བཤད་པར་འཚལ་ལོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་བཅྡོཾས་ ཀྱི་ཞབས་གཉིས་ལ་གཏུགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་རིག་སྔགས་ཆོ་ག་རྒྱས་པ་ཆེན་པོ་དོན་ཡོད་པར་བསྒྲུབ་པ་བཤད་དོ། །བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་ པོའི་རིག་སྔགས་བཤད་པ་གང་ལགས་པའི་རིག་སྔགས་དེ་དག་བསྒྲུབ་པའི་སླད་དུ་ཡང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གང་ཐོས་ན་རིག་སྔགས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་བ་བཤད་པར་འཚལ་ལོ། །དེ་ནས་བཅོམ་ ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ་ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཏདྱ་ཐཱ། ཨུཥྚ་རི་ལི། མཾ་ག་ལྱེ། སཾ་ཧ་རི་བ་ལ་ན་རི་སྭཱ་ཧཱ། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ཐོས་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་ཏེ་གཡོ་བ་དང་མི་གཡོ་བའི་རྒྱུ་སྐར་དང་། གཟའ་ཆེན་པོ་རྣམས་འཁྲུགས་སོ། །བཅོམ་ལྡན་འདས་རིག་སྔགས་ཐམས་ ཅད་ཀྱི་སྙིང་པོ་འདི་ནི་བདག་གི་རིག་པ་མཆོག་ལགས་ཏེ། མཉམ་པ་མ་མཆིས་ལ་སྟོབས་ཆེ་ཞིང་རྨད་དུ་བྱུང་བ་ལགས་སོ། །འདི་ནི་བདག་གི་གསང་བ་ལགས་ཏེ། སུ་འདི་ཆོ་ག་དང་ལྡན་པར་འདོད་པ་དེས་ནི་དེ་བཞིན་གཤེགས་ པའི་སྤྱན་སྔར་དྲི་དང་མེ་ཏོག་དང་། བདུག་པ་ཕུལ་ལ། ལག་ན་རྡོ་རྗེ་ལ་ཡང་མེ་ཏོག་དམར་པོ་ཕུལ་ཏེ། ཞག་གཅིག་སྨྱུང་བ་བགྱིས་ཏེ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ལ་བླ་མ་ལ་ཡང་མཆོད་ཅིང་ཡོན་ཕུལ་ནས་རིག་སྔགས་ཐམས་ ཅད་ཀྱི་སྙིང་པོ་དང་། རིག་པ་མཆོག་གདོན་པར་བགྱིའོ། །དེ་ནས་ལྷ་ཐམས་ཅད་ཡིད་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། ། 100-1-250b རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འཛིན་པའི་རིག་སྔགས་འཆང་དེ་ལ་མྱུར་དུ་དངོས་གྲུབ་སྩོལ་ཅིག ། དེ་ནས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཉོན་ཅིག །ངས་གསང་བའི་དཀྱིལ་འཁོར་བཤད་པ་ ལས་གསང་བ་དང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྟན་པ་གང་ཡིན་པ་འདི་དང་། རིག་པ་མཆོག་སུ་འདོད་པ་འམ་མཆོད་པར་བྱེད་པ་དེ་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དམ་པ་སྦྱིན་པར་འགྱུར་རོ། །ཅི་སྟེ་རིག་སྔགས་ཐམས་ ཅད་ཀྱི་སྙིང་པོ་དང་། རིག་སྔགས་ཀྱི་རིགས་མ་མཐོང་བ་ཞིག་ཡིན་ན་ནི་མྱོས་པར་འགྱུར་རོ། །འདི་མཐོང་ན་ནི་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གི་གསང་བའི་རིག་སྔགས་ཐམས་ ཅད་ཀྱི་སྙིང་པོ་འདི་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་དང་། འཕགས་པ་ལག་ན་རྡོ་རྗེའི་རིགས་ལ་དང་བར་བགྱིད་པ་དང་། བླ་མ་ལ་ཕན་འདོགས་པར་བགྱིད་པ་དེ་ལ་སྩལ་བར་བགྱིའོ། །དེ་ལྟར་མ་བགྱིས་ན་མ་ རུང་བར་འགྱུར་རོ། །བདག་གི་རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྒྱས་པ་འདི་ནི་དེ་ལ་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་བདག་གིས་བཤད་པར་འཚལ་ལོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དེར་ལྷ་འདུས་པ་རྣམས་ཀྱིས་རྡོ་རྗེ་འཛིན་ གྱི་ཚིག་དེ་ཐོས་ཏེ་ཐོས་ནས་དེ་དག་འབྲོས་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་རིག་སྔགས་ཐམས་ཅད་ ཀྱི་སྙིང་པོའི་ལས་འདི་ནི་ལྷ་རྣམས་ལ་གནོད་ཀྱིས་ཐོང་ཤིག །དེ་ནས་རིག་སྔགས་ཀྱི་བདག་པོ་ལག་ན་རྡོ་རྗེ་སྟན་དེ་ལ་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་ལྟ་གར་ 100-1-251a མཆིས་ཀྱིས་དེ་བཞིན་གཤེགས་པས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལས་བདག་གིས་ བཤད་པར་འཚལ་ན་དེ་བཞིན་གཤེགས་པས་མནང་བར་མཛད་དུ་གསོལ། བདེ་བར་གཤེགས་པས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ། །གསང་བ་པའི་བདག་པོ་ལྷ་རྣམས་ལ་གནོད་ཀྱིས་མཐོང་ཤིག་ཐོང་ཤིག །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་དམ་ཚིག་ བསྲུང་ན་བདག་གིས་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ལྷ་གང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་མིང་ཐོས་པ་ན་ཡང་དངོས་གྲུབ་སྩོལ་བར་མི་བགྱིད་པ་དེ་ལ་ནི་བདག་གིས་དགུམ་པའི་སླད་དུ་ཕྱག་རྒྱའི་ཚོགས་མི་བཟད་པ་བཏང་བར་ འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྣལ་འབྱོར་དམ་པ་ལ་གནས་ནས་ཕྱག་རྒྱའི་ཚོགས་རྗེས་སུ་དྲན་པར་བྱས་སོ། །བཅོམ་ལྡན་འདས་མ་ཕྱག་རྒྱའི་རྒྱལ་མོ་ཕྱག་རྒྱ་ལ་འཚེ་བ། ཕྱག་རྒྱ་ལ་ཕུར་བུ་འདེབས་པ། ལྷ་ཐམས་ ཅད་སྐྲག་པར་བྱེད་པ། གནོད་སྦྱིན་གྱི་ཚོགས་ཐམས་ཅད་ཚར་གཅོད་པ། གསོད་པ་གནོད་པར་བྱེད་པ། ཕུར་བུས་འདེབས་པ། སྐྲག་པར་བྱེད་པ། ཞི་བར་བྱེད་པ། རྒྱས་པར་བྱེད་པ། བདེ་བར་བྱེད་པ། ཕྱག་རྒྱ་བཞིའི་བདག་མོའི་རྒྱལ་མོ་ མཱ་མ་ཀཱི་ཡང་རྗེས་སུ་དྲན་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱའི་ཚོགས་བརྒྱད་བཅུས་བསྐོར་བ་འབར་བ་དང་བཅས་པ། མེ་སྟག་འཕྲོ་བ་དང་བཅས་པ། བསྲེག་པའི་རང་བཞིན་ཅན་གྱིས་ལག་ན་རྡོ་རྗེ་གཙོ་བོར་བྱས་ནས་ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་གོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་སྱ། ཨོཾ་ཀུ་ལནྡྷ་རི་སྭཱ་ཧཱ། དེ་ནས་ 100-1-251b གསང་བའི་བདག་པོ་བློ་དང་ལྡན་པས་འདི་སྨྲས་མ་ཐག་ཏུ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་དེ་དག་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་སོ། །གདོན་དྲག་པོ་དང་། སྲིན་པོ་མ་རུངས་པ་ གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕྱག་རྒྱ་རྣམས་ཀྱིས་ཞེ་བཅིལ་ནས་ཁྲག་སྐྱུག་བཞིན་དུ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་གཞག་གོ། །དེ་ནས་ལྷ་དེ་དག་ཏབ་ཏབ་དུ་གྱུར་ཏེ་ཕྱག་རྒྱ་རྣམས་ཀྱིས་བཅོམ་ནས་ལག་ན་རྡོ་རྗེ་ལ་ འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་ཆེན་པོ་ཕྱག་རྒྱའི་ཚོགས་ཀྱིས་ཤིན་དུ་འཇིགས་ཀྱིས་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་རྣམས་མ་འཇིགས་ཤིག་མ་འཇིགས་ཤིག །ཕྱག་རྒྱའི་ཚོགས་དེ་ཉིད་དྲན་པར་གྱིས་ཤིག་དང་། དེས་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །རྡོ་རྗེ་འཛིན་ཆེན་པོ་ལྷ་འདི་དག་ཡང་དག་པར་དབུགས་ཕྱུང་ཤིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་གསང་ བའི་དཀྱིལ་འཁོར་ལས་ལྷ་རྣམས་དང་རིག་སྔགས་འཆང་རྣམས་དང་། གདོན་རྣམས་ཀྱི་གསང་བ་བཤད་པ་དེ་ནི་བཅོམ་ལྡན་འདས་འགལ་བར་བགྱིར་མི་རུང་ལགས་ཏེ། སུ་འགལ་བར་བགྱིད་པ་དེ་ལ་བདག་ཁྲོས་ཏེ་ཕྱག་རྒྱའི་ཚོགས་ འཇིགས་པ་བཏང་བར་འཚལ་ལོ། །དེ་ནས་བདུད་རྩི་ཐབས་སྦྱོར་དེའི་ནང་ནས་ལངས་ཏེ། འདི་སྐད་ཅེས་སྨྲས་སོ། །གདོན་རྣམས་ཆོས་ལུགས་མི་བཟད་པ། །མདའ་དང་གསང་སྔགས་གང་དག་དང་། །རྩི་སྨན་དང་ནི་སྦྱིན་སྲེག་གི། །ལས་ ཀྱི་ཆོ་ག་གཏོང་འགྱུར་བ། །ཤོད་ཅིག་ཤོད་ཅིག་རིག་རྒྱལ་ཆེ། །མར་བཏུང་བ་ཡི་ཆོ་ག་དང་། །གཏོར་མའི་ལས་ནི་ཚུལ་བཞིན་དང་། །གསང་བ་དང་ནི་ཐེ་ཚོམ་དང་། །གང་གིས་གསང་བ་གཏོང་གྱུར་པའི། །བསྲེག་པ་དང་ནི་བཅད་པ་དང་། །བསད་ 100-1-252a ཅིང་རུས་པ་གཞོམ་བྱ་བ། །དེ་དག་ཆོ་གར་གང་བཤད་པ། །དེ་ནི་སྟོབས་ཆེན་བདག་ལ་གསུངས། །བདུད་རྩིའི་བདག་ཉིད་ཆེན་པོ་ཡིས། །འདོད་པ་དེ་སྐད་དྲིས་ནས་ནི། །དཔལ་དང་ལྡན་པ་རྡོ་རྗེ་འཛིན། །དཔའ་བོས་ཚིག་ནི་འདི་སྐད་སྨྲས། །མ་རུང་ གདོན་ལས་གསོ་བ་ཡི། །གསང་སྔགས་སྦྱོར་བའི་ཆོ་གའི་རིམ། །ང་ལ་སྟོབས་ཆེན་ཁྱོད་ཀྱིས་དྲིས། །དྲིས་པ་གང་ཡིན་བཤད་པར་བྱས། །ལྷ་ཀུན་འཁོད་པའི་ནང་དུ་ཉོན། །གདོན་རྣམས་ཚར་ནི་བཅད་པ་དང་། །དེ་བཞིན་ལྷ་རྣམས་བསྐྱོད་པ་དང་། ། ལྷ་རྣམས་ཕྱག་རྒྱས་གདབ་པ་དང་། །དེ་བཞིན་འཛིན་བྱེད་གསལ་བ་དང་། །རིག་སྔགས་རྣམས་ཀྱང་བསྒྲུབ་པ་དང་། །རིག་སྔགས་ཆོ་ག་རྒྱས་གདབ་དང་། །དེ་བཞིན་གདོན་རྣམས་དཀྲུག་པ་དང་། །རིག་སྔགས་འཆང་ལ་བརྩེ་བ་དང་། །ཤིན་དུ་བྱིན་ བརླབས་དཀྱིལ་འཁོར་དང་། །ཕྱག་རྒྱའི་ཆོ་ག་འདིར་བཤད་དེ། །དཔའ་བོ་ལ་ནི་ཕྱག་འཚལ་ནས། །སྙིང་པོ་དགའ་བར་བྱེད་པའི་ཡུམ། །འབྱུང་པོ་རྣམས་ནི་སྐྲག་བྱེད་ཅིང་། །ཆོ་གའི་དངོས་གྲུབ་སྩོལ་བར་བཤད། །སངས་རྒྱས་དཔའ་བོས་གསུངས་པ་ཡི། ། གདོན་ཀུན་འགུགས་པའི་ལྕགས་ཀྱུ་མ། །དེ་ཡང་མགོ་བོས་ཕྱག་འཚལ་ནས། །གདོན་ཀུན་ལྕགས་ཀྱུ་བཤད་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་སྱ། ན་མཥྩཎྜ་བཛྲ་པཱ་ཎི། རཛྙ་པ་ཡ་ཏི་སྭཱ་ཧཱ། མ་ཧཱ་ཡཀྵ་སྱ། ན་མོ་ཏི་སྱ། ཏདྱ་ཐཱ། བཛྲེ་བཛྲི་ནི། བཛྲེ་ལི། བཛྲ་ ཨངྐུ་ཤི། ཧི་རི་ཧི་རི། བཛྲ་མུཥྚི། ཨོཾ་བཛྲ་ཛྭ་ལ། ཨངྐུ་ཤཱ་ཡ་ཕཊ། སིདྡྷ་ཤྩཎྜ། བཛྲ་པཱ་ཎི་རཛྙ་པ་ཡ་ཏི་སྭཱ་ཧཱ། གསང་བའི་དབང་པོ་བློ་ལྡན་གྱིས། །རིག་སྔགས་འདི་ནི་བཤད་ནས་ཀྱང་། །དེ་ནས་ཟས་སུ་ལྷ་རྣམས་དང་། །གདོན་རྣམས་ཀྱི་ནི་ ཁྲག་འཐུང་བའི། །ཕྱག་རྒྱ་དེ་དག་ལྷག་པར་གྱུར། །དེ་ནས་ཅ་ཅོའི་སྒྲ་བཏོན་ནས། །གསང་བའི་དབང་པོ་སྟོབས་ཆེན་གྱིས། །གདོན་རྣམས་ཀྱི་ནི་གསང་བའི་མཆོག །རབ་ཏུ་གསང་བ་འདི་བཤད་དེ། །ཕྱག་རྒྱ་དག་ནི་བཅྭ་བརྒྱད་རྣམས། །ཆོ་གའི་ དངོས་གྲུབ་སྦྱིན་བྱེད་པ། །ཕྱག་རྒྱ་འབར་བའི་སྟོབས་པོ་ཆེ། །གདོན་རྣམས་སེལ་བ་འདི་བཤད་དོ། །གསང་བ་པ་ཡང་འཇིག་བྱེད་པའི། །ཕྱག་རྒྱ་རྒྱལ་དང་རྣམ་རྒྱལ་བ། །རྡོ་རྗེ་མཚན་དང་རྡོ་རྗེ་རྟགས། །བཀྲ་ཤིས་ཤིན་དུ་བཀྲ་ཤིས་དང་། །པདྨ་ 100-1-252b དང་ནི་པད་མ་ཕྲེང་། །གཡུང་དྲུང་རིས་ཀྱང་དེ་བཞིན་ཏེ། །མདུང་རྩེ་གསུམ་པ་རྡོ་རྗེ་དང་། །མཆེ་བ་དང་ནི་མདུང་ཐུང་དང་། །ཀླུ་ལག་དང་ནི་ཞགས་པ་དང་། །རལ་གྲི་དབྱིག་པ་འཁོར་ལོ་རྣམས། །དྲག་ཅིང་ཕ་རོལ་གནོན་པ་ཡི། །ཕྱག་རྒྱ་འདི་དག་བདག་གིས་ བཤད། །དེ་ནས་ལྷ་ཚོགས་དེ་དག་དང་། །འབྱུང་པོ་དང་ནི་ཟ་བ་དང་། །དེ་བཞིན་སྲིན་པོ་རྣམས་སྐྲག་ནས། །གཅིག་ལ་གཅིག་བལྟས་མགོ་བོ་ཡིས། །ལག་ན་རྡོ་རྗེ་ཕྱག་འཚལ་ནས། །འདི་སྐད་ཀྱི་ནི་ཚིག་སྨྲས་པ། །རབ་འཇིགས་ཕྱག་རྒྱའི་ ཚོགས་རྣམས་ལས། །གསང་བའི་དབང་པོས་སྐྱབ་པར་གསོལ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །མ་འཇིགས་མ་འཇིགས་བཟོད་ལྡན་དག །མངའ་བདག་རིག་སྔགས་ ཀུན་དབང་པོ། །ཕྱག་རྒྱ་བཅྭ་བརྒྱད་གོ་ཆ་ཅན། །ཕོ་ཉ་མོར་བཅས་བལྟས་པའི་མཆོག །རིག་སྔགས་ཀུན་གྱིས་བསྐོར་བའི་རྗེ། །རིག་སྔགས་རྒྱལ་པོ་དྲན་པར་གྱིས། །བཅོམ་ལྡན་འདས་མས་གྲུབ་སྟན་དང་། །རིག་སྔགས་ཀུན་གྱི་སྙིང་ པོ་ལས། །བཤད་པ་དག་ཀྱང་དྲན་པར་བགྱིས། །དེ་དག་དྲན་པས་འཇིགས་མེད་ཅིང་། །ཕྱག་རྒྱ་རྣམས་ཀྱིས་གསང་བར་མཐོང་། །སྤྱོད་གཟུགས་སྣ་ཚོགས་གདོན་རྣམས་ལ། །རྡོ་རྗེའི་ཕྱག་རྒྱ་གང་བཏབ་ན། །གདོན་རྣམས་ཕྱོགས་ བརྒྱར་འབྱེར་བ་ཡི། །ཕྱག་རྒྱའི་ཚུལ་ཡང་བསྟན་པར་གྱིས། །དེ་ནས་ལྷའི་ཚོགས་དེ་དག་གིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་གང་ན་ཕྱག་རྒྱ་འདི་དག་གི་མིང་ཙམ་གནས་པ་དེར་ཡང་དཔག་ཚད་ལྔའི་ནང་ཚུན་ཆད་དུ་ བདག་ཅག་ཡོངས་སུ་མི་གནས་སོ། །བཟོད་ལྡན་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ང་ཡང་རིག་སྔགས་ཀྱིས་བསྐོར་བའི་ཕྱག་རྒྱ་འདི་དག་གང་ན་གནས་པ་དེ་ན་གནས་སོ། །གདོན་རྣམས་ལ་ནི་རྟག་ཏུ་ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱའོ། ། གདོན་ཐམས་ཅད་ལ་རྡོ་རྗེ་སྨོས་པའི་ལྕགས་ཀྱུ་མ། རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་དང་ལྡན་པས་ཀྱང་སྦྱར་བར་བྱའོ། །དེ་ལ་ཕྱག་རྒྱ་རྣམས་ཀྱི་རྟགས་དང་མཚན་ཉིད་ངས་བཤད་པར་བྱ་སྟེ། ལག་པ་གཡས་པའི་མཐེ་བོས་སོར་མོ་རྣམས་ 100-1-253a ཀྱི་སེན་མོ་མནན་ཏེ། ཁུ་ཚུར་བཅངས་ལ་མཛུབ་མོ་བརྐྱང་སྟེ་རྡོ་རྗེ་ལྟར་བྱས་པ་ནི་རྒྱལ་བའིའོ། །གུང་མོ་ཡང་བརྐྱང་ལ་སོར་མོའི་བར་ནས་གང་ཙམ་གྱིས་ཕྱེ་བ་ནི་རྣམ་པར་རྒྱལ་བའི་འོ། །སྲིན་ལག་དང་བཅས་པར་བརྐྱང་ལ་སོར་མོ་དེ་དག་ གིས་བར་ནས་གཉིས་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་མཚན་གྱིའོ། །དེ་ཉིད་ལས་སོར་མོ་ཕར་ཕྲལ་ཏེ་བྲང་གི་དཀྱིལ་དུ་བཞག་པ་ནི་རྡོ་རྗེ་རྟགས་ཀྱིའོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཀྱི་བར་དུ་སོར་མོ་ཐབས་བཅུག་ནས་ལག་པའི་ རྒྱབ་དུ་ལེགས་པར་སྦྱར་ལ་གུང་མོ་དང་མཐེའུ་ཆུང་གཉིས་གཤིབས་ཏེ་བཞག་ནས་བྲང་གི་དཀྱིལ་དུ་བཞག་པ་ནི་བཀྲ་ཤིས་ཀྱིའོ། །དེ་ཉིད་ལྟེ་བའི་གནས་སུ་བཟུང་བ་ནི་ཤིན་ཏུ་བཀྲ་ཤིས་ཀྱིའོ། །ཕྱག་འཚལ་བའི་ཐལ་མོ་ལས་པད་མའི་སྦུབས་ འདྲ་བར་བྱས་ལ་གུང་མོ་གཉིས་སྤྲད་དེ་ལྷག་མ་རྣམས་ཡིད་ཙམ་གྱིས་མ་ཕྲད་པར་བྱས་པ་ནི་པད་མ་མཚན་གྱིའོ། །དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་སྤྲད་པ་ལ་ལྷག་མ་རྣམས་མི་སྤྲད་པ་ནི་པད་མ་ཕྲེང་བའི་འོ། །ལག་པ་གཉིས་བཀན་ ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་བཀྲིས་ལ་མཐེ་བོ་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་པའི་གཏིང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །སོར་མོ་ ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་ལག་ངར་ཡང་གཅིག་ཏུ་སྦྱར་ནས་གུང་མོ་བསྒྲེང་སྟེ་གཤིབས་ལ་མཛུབ་མོ་གཉིས་བརྐྱང་སྟེ་ནང་དུ་ཡང་མི་དགུག །ཕྱི་རོལ་དུ་ཡང་མི་དགྱི་བར་ཐ་མལ་པར་བསྒྲེང་ནས་མཐེ་བོ་གཉིས་ནང་དུ་གཞུག་པ་ ནི། མདུང་རྩེ་གསུམ་པའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་ལུ་གུ་རྒྱུད་ལྟར་དཀྲིས་ལ་མཐེ་བོས་སྲིན་ལག་གི་སེན་མོ་གཉིས་མནན་ནས་མཛུབ་མོ་དང་གུང་མོ་དང་མཐེའུ་ཆུང་རྣམས་གཞིབས་ཏེ་བཞག་ལ་སོར་མོ་དེ་རྣམས་ ཀྱི་བར་ནས་གཉིས་ཙམ་གྱི་ཚད་ཙམ་དུ་བྱས་ཏེ། དྲུང་དུ་ཁོང་སྟོང་དུ་བྱ་བ་འདི་ནི་རྡོ་རྗེའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ནང་དུ་བསྣོལ་ཏེ་ཁུ་ཚུར་བཅངས་པ་ལག་པ་གཡས་པའི་གུང་མོའི་སྟེང་དུ་ཕྱུང་སྟེ། བརྐྱང་བ་མཆོད་སྡོང་གི་ 100-1-253b དབྱིབས་ལྟར་བྱས་ཏེ་བཞག་པ་ནི་མཆེ་བའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཕྱི་རོལ་ཏུ་བསྣོལ་ཏེ། ཁུ་ཚུར་བཅས་ལ་སོར་མོ་ལག་པའི་རྒྱབ་ཏུ་བཞར། ལག་ངར་གཉིས་གཤིབས་ཏེ་གཅིག་ལ་གཅིག་སྦྱར་ཏེ། ལག་པའི་ རྟིང་སྤྲད་ལ་གུང་མོ་བརྐྱང་སྟེ་གཤིབས་པ་ནི་མདུང་ཐུང་གིའོ། །ཕན་ཚུན་སྣོལ་མར་དཀྲིས་ལ་ལག་པ་གཉིས་ཀྱི་མཐེ་བོ་དང་། མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ལས། ཀླུ་མགོའི་གདེངས་ཀ་ལྟར་ བྱས་ཏེ། བར་རྣམས་ནས་གང་ཙམ་དུ་བྱ་བ་ནི་ཀླུའི་ལག་གིའོ། །ལག་པ་གཉིས་ཀའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ཏེ། ཞགས་མིག་གི་དབྱིབས་ལྟར་བྱས་ལ་ལག་པ་གཡོན་པ་བཀན་ནས་ལག་པ་གཡས་པ་ཁས་ཕུབ་སྟེ་ སྦྱར་ལ་སོར་མོ་རྣམས་ཀྱི་ངོས་སོ་སོར་ལེགས་པར་ཕྲད་པར་བྱ་བ་ནི་ཞགས་པའིའོ། །སོར་མོ་རྣམས་ཕན་ཚུན་ནང་དུ་བསྣོལ་ལ། ལག་པ་གཉིས་ཀྱི་གྲུ་མོ་སྦྱར་ཏེ་གུང་མོ་གཉིས་གཤིབས་ནས་མཐེ་བོ་གཉིས་ཀྱི་ནང་དུ་གུང་མོ་གཉིས་ ཀྱི་གནས་སུ་བཅུག་ནས། ལག་པ་གཡས་པའི་གུང་མོ་དྲང་པོར་བསྒྲེང་ལ། གཡོན་པའི་གུང་མོ་བཀུག་པའི་རྩེ་མོ་མཐེ་བོ་དང་ཕྲད་པ་ནི་རལ་གྲི་འོ། །དེ་གཉིད་ལ་གཡས་པའི་གུང་མོ་རང་གི་གནས་སུ་ནང་དུ་བཅུག་ལ་ལག་པ་གཡོན་པའི་ གུང་མོ་གྱེན་དུ་དྲང་པོར་བསྲང་བ་ནི་དབྱུག་པའིའོ། །ལག་པ་གཡོན་པ་བཀན་ལ་ལག་པ་གཡས་པ་ཁས་ཕུབ་སྟེ། གཅིག་ལ་གཅིག་ངོས་སྦྱར་ནས་གཡོན་པའི་མཐེའུ་ཆུང་སྟེང་ན་འདུག་པའི་ཚིགས་ཀྱི་སྲུབས་བཞག་སྟེ། ཚིགས་གཅིག་ ཙམ་ཕྱིར་ལྷག་པར་བྱ། གཡོན་པའི་མཐེའུ་ཆུང་གི་རྩེ་མོར་གཡས་པའི་མཐེ་བོའི་ཚིགས་ཀྱི་བསྲུབས་བཞག་སྟེ། ཚིགས་གཅིག་ཙམ་ཕྱིར་ལྷག་པར་བྱ་སྟེ། སེན་མོ་ལྷག་མ་རྣམས་ནི་མདུང་རྩེ་གསུམ་པའི་ཚུལ་དུ་བཞག་སྟེ། འཁོར་ལོའི་མཚན་ཉིད་བྱས་ལ་སོར་མོ་རྣམས་ ཀྱི་ཐོར་ཏོ་ལག་པའི་རྟིང་དུ་དམར་པོས་བཀྲམ་པ་ནི་འཁོར་ལོའིའོ། །དེ་ལ་དེ་དག་གསང་སྔགས་རྣམས། །བདག་གིས་སུ་ནི་མདོར་བཤད་དེ། །རིམས་བཞིན་དུ་ནི་ངས་བཤད་པ། །ཅི་རིགས་པར་ནི་མཉན་པར་གྱིས། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛ་ཡེ་ཛ་ཡ་བ་ཧེ་སྭཱ་ཧཱ། རྒྱལ་བའི་གསང་སྔགསོ། ། 100-1-254a ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ཛ་ཡེ་བི་ཀྲ་མེ། ཏྲཻ་ལོ་ཀྱ་བི་ཀྲ་མེ་སྭཱ་ཧཱ། རྣམ་པར་རྒྱལ་བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲཱཾ་ཀེ་སྭཱ་ཧཱ། རྡོ་རྗེ་མཚན་གྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཙི་ཧྣི་སྭཱ་ཧཱ། རྡོ་རྗེ་ རྟགས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སྭ་སྟེ་ཀ་བི་ཤུདྡྷ་རཏྣེ་སྭཱ་ཧཱ། བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཏྲི་ཤངྐུ་སྭཱ་ཧཱ། ཤིན་དུ་བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ ཤྲཱི་བ་ཧེ་སྭཱ་ཧཱ། པད་མ་མཚན་གྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ཤུདྡྷེ་སྭཱ་ཧཱ། པད་མ་ཕྲེང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པྲ་མརྡི་ནི་སྭཱ་ཧཱ། གཡུང་དྲུང་རིས་ཀྱི་གསང་སྔགས་སོ། །ན་མོ་ བཛྲ་པཱ་ཎི་སྱ། ཨོཾ་བ་ཏྲ་ས་ནི་པྲ་མརྡ་ནི་ཚིནྡ་བིནྡ་ནི་སྭཱ་ཧཱ། མདུང་རྩེ་གསུམ་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ནཱ་ཡ་ཀ་ནཱ་ཤ་ནི་སྭཱ་ཧཱ། རྡོ་རྗེའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སརྦ་དུཥྚཾ་པྲ་མརྡ་ནི་ ཡེ་སྭཱ་ཧཱ། མཆེ་བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཨ་ཏི་ཤ་ཡཱ་བི་ཀྲ་མེ་སྭཱ་ཧཱ། མདུང་ཐུང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཀླུ་ལག་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པཱ་ཤེ་སྭཱ་ཧཱ། ཞགས་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བིད་ཏྲ་ས་ནི་སྭཱ་ཧཱ། རལ་གྲིའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་མ་ཧཱ་དཎྜ་སྭཱ་ཧཱ། དབྱུག་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཙཀྲ་ཨ་སྤུ་དེངྐེ་སྭཱ་ཧཱ། འཁོར་ལོའི་གསང་སྔགས་སོ། །ཕྱག་རྒྱའི་ལས་རྣམས་མཐུ་བསྐྱེད་ཕྱིར། །གསང་སྔགས་འདི་དག་བཤད་པ་ཡིན། །ཕྱག་རྒྱ་ཡི་ནི་ལས་རྣམས་ཀྱི། །མཚན་ཉིད་བདག་གིས་བཤད་པར་བྱ། །དེ་ལ་རྒྱལ་བའི་ཕྱག་རྒྱ་ནི། །ལྷ་ཡི་ གདོན་ལ་བསྟན་པར་བྱའོ། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་དྲི་ཟ་ལ་བསྟན་པར་བྱའོ། །རྡོ་རྗེའི་མཚན་ནི་འབྱུང་པོ་ལ་བསྟན་པར་བྱའོ། །རྡོ་རྗེ་རྟགས་ནི་ལྷ་མ་ཡིན་རྣམས་ལ་བསྟན་པར་བྱའོ། །བཀྲ་ཤིས་ནི་ཚངས་པའི་སྲིན་པོ་རྣམས་ལ་ 100-1-254b བསྟན་པར་བྱའོ། །ཤིན་ཏུ་བཀྲ་ཤིས་ནི་གནོད་སྦྱིན་རྣམས་ལ་བསྟན་པར་བྱའོ། །པད་མ་མཚན་གྱི་ནི་སྲིན་པོ་རྣམས་ལ་བསྟན་པར་བྱའོ། །པད་མ་ཕྲེང་བཞི་ནི་གཟུ་ལུམས་ཅན་རྣམས་ལ་བསྟན་པར་བྱའོ། །གཡུང་དྲུང་རིས་ཀྱི་ནི་བེ་ས་ར་ལ་བསྟན་པར་བྱའོ། ། མདུང་རྩེ་གསུམ་པ་ནི་སྨྱོ་བྱེད་རྣམས་ལ་བསྟན་པར་བྱའོ། །རྡོ་རྗེ་ནི་ལོག་འདྲེན་རྣམས་ལ་བསྟན་པར་བྱའོ། །མཆེ་བ་ནི་ཤ་ཟ་རྣམས་ལ་བསྟན་པར་བྱ་སྟེ། ལྷག་པར་ཡང་ཅི་བ་ནི་ལ་བསྟན་པར་བྱའོ། །མདུང་ཐུང་ནི་བརྗེད་བྱེད་རྣམས་ལ་བསྟན་པར་བྱའོ། ། ཀླུ་ལག་ནི་དུག་རྒྱས་པར་བྱེད་པའི་ཀླུ་རྣམས་ལ་བསྟན་པར་བྱའོ། །ཞགས་པ་ནི་ནམ་གྲུ་ལ་བསྟན་པར་བྱའོ། །རལ་གྲི་ནི་བྱ་ལ་བསྟན་པར་བྱའོ། །དབྱུག་པ་ནི་སྐེམ་བྱེད་ལ་བསྟན་པའོ། །འཁོར་ལོ་ནི་གཞོན་ནུ་ལ་བསྟན་པར་བྱའོ། །མཱ་མ་ཀཱི་ ནི་ཐམས་ཅད་ལ་བསྟན་པར་བྱའོ། །རྟགས་བཅས་མཚན་ཉིད་བཅས་པ་ཡི། །ཕྱག་རྒྱ་འདི་དག་བདག་གིས་བཤད། །གདོན་རྣམས་རྣམ་པར་འཕྲུལ་བ་ལ། །རྡོ་རྗེ་ལྕགས་ཀྱུ་བསྟན་བྱ་ཞིང་། །རྡོ་རྗེ་འཛིན་པ་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་བཤད་པ་ཡི། །ཕྱག་རྒྱ་འདི་ནི་ གཅོད་བྱེད་པ། །གང་ཡིན་དེ་ལ་བདག་གིསུ། །རྡོ་རྗེ་འབར་བ་རབ་འབར་གྱིས། །སྤྱི་བོ་ཡང་ནི་གཞོམ་པར་བྱ། །ལག་ན་རྡོ་རྗེས་སྔགས་བསྟན་པ། །གདོན་རྣམས་འཇིག་པར་བྱེད་པ་འདི། །རིག་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར། །ལག་ན་རྡོ་རྗེའི་བཀའ་མཆོག་གིས། །རང་གི་མཚན་ནི་བསྟན་ན་འགྲུབ། །མཱ་མ་ཀཱི་ནི་ ཕྱག་རྒྱ་ཡི། །རྟགས་བཅས་མཚན་མ་གར་གནས་པ། །ལྷ་རྣམས་ཀུན་གྱིས་ཚུགས་མི་འགྱུར། །ཕྱག་རྒྱ་ཀུན་ལྡན་མཱ་མ་ཀཱིའི། །ཕྱག་རྒྱ་འདི་ནི་བདག་གིས་བཤད། །མདུང་རྩེ་གསུམ་པ་ཕྱེད་མཚན་ཅན། །མཱ་མ་ཀཱི་ཡི་ཕྱག་རྒྱ་ནི། །གང་དུ་ བསྟན་པ་དེ་དག་ཏུ། །ལྷ་དང་དྲི་ཟ་སྲིན་མི་གནས། །ལག་ན་རྡོ་རྗེའི་བཀའ་མཆོག་གིས། །གདོན་རྣམས་ཐམས་ཅད་མ་རུངས་འགྱུར། །མཱ་མ་ཀཱིའི་རྒྱས་བཏབ་པའི། །ཆོ་ག་རྒྱས་པ་འདི་བསྒྲུབ་ཅིང་། །དངོས་གྲུབ་འདོད་པ་གང་ཡིན་དེས། །གསང་ བ་འདི་ནི་བསྟན་པར་བྱེད། །མཱ་མ་ཀཱིའི་རྒྱས་བཏབ་པའི། །ཕྱག་རྒྱ་འདི་ནི་མཐོང་བ་དང་། །མཱ་མ་ཀཱིའི་གསང་མཐོང་བས། །ཆོ་ག་ཚུལ་བཞིན་བསྒྲུབ་པར་བྱ། །བསྒྲུབ་པ་གང་གིས་མཱ་མ་ཀཱིའི། །མཐོང་ན་རིང་པོར་མི་ཐོགས་པར། །དངོས་གྲུབ་ 100-1-255a མཆོག་ཐོབ་ཐེ་ཚོམ་མེད། །མཱ་མ་ཀཱིའི་ཕྱག་རྒྱའི་མཚན། །གསང་བ་བདག་གིས་བཤད་པ་ཡི། །ཕྱག་རྒྱ་འདི་ནི་གང་དག་ཏུ། །གཞག་དངོས་གྲུབ་ཕྱིར་བསྒྲུབས་ན། །མཱ་མ་ཀཱི་ཡི་རྒྱ་མཐོང་བས། །རིང་པོར་མི་ཐོགས་དངོས་གྲུབ་ཐོབ། ། ཕྱག་རྒྱ་ལྕགས་ཀྱུ་ལྷན་ཅིག་ཏུ། །གདོན་རྣམས་ཀུན་ལ་སྦྱར་བར་བྱ། །རིག་སྔགས་རྣམས་དང་སྦྱིན་སྲེག་ལས། །གཏོར་མ་བྱས་ཤིང་མར་འཐུངས་ཀྱང་། །དྲག་ཅིང་མི་བཟད་ཕ་རོལ་གནོན། །གདོན་རྣམས་གང་དུ་མི་འགྲོ་དེར། །ཕྱག་རྒྱ་མཐོང་ན་ མི་བཟད་རྣམས། །ལྕགས་ཀྱུ་མ་དང་ལྷན་ཅིག་སྦྱར། །སོ་སོར་བསྟན་ཀྱང་གདོན་རྣམས་གང་། །འགྲོ་བར་མི་བྱེད་གང་ཡིན་པ། །དེ་ལ་ལག་ན་རྡོ་རྗེ་ཡི། །བཀའ་མཆོག་གིས་ནི་ཕྱག་རྒྱའི་ཚོགས། །མི་བཟད་རྣམས་ཀྱང་བསྟན་པར་བྱ། ། གཏུམ་པའི་གཟུགས་ཅན་མཱ་མ་ཀཱི། །གཅིག་ཏུ་མི་བཟད་བསྟན་པར་བྱ། །མཐོང་ནས་སེམས་ནི་མཱ་མ་ཀཱིས། །འཇིགས་ནས་གདོན་རྣམས་འབྱེར་བར་བྱེད། །ཕྱག་རྒྱའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱང་བཤད་པར་བྱ་སྟེ། གདོན་ནི་ ཆོས་ལུགས་མི་བཟད་པ། རིག་སྔགས་ལ་འདའ་བར་བྱེད་པ་གང་ཡིན་པའི་གདོན་ཐམས་ཅད་གང་ཡིན་པ་དེ་ལ་ནི་ལས་འདི་བྱ་སྟེ། ས་ཕྱོགས་གཙང་མར་བརྟགས་ནས། རིག་སྔགས་ཀྱི་རྒྱལ་པོ་ཡོངས་སུ་སྦྱང་བར་བྱས་ལ། དེར་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་མིང་དང་ལྡན་པར་བཞག་གོ། །ཚོན་རྩི་སྣ་གསུམ་གྱི་ཕྱེ་མས་རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། རྡོ་རྗེའི་མཚན་ནི་ཤར་ཕྱོགས་སུ་དགོད་དོ། །རྡོ་རྗེ་རྟགས་དང་བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤིས་ནི་བྱང་ཕྱོགས་ སུ་དགོད་དོ། །པད་མ་མཚན་དང་། པད་མ་ཕྲེང་དང་། གཡུང་དྲུང་རིས་ནི་ལྷོ་ཕྱོགས་སུ་དགོད་དོ། །མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་། མཆེ་བ་ནི་ནུབ་ཕྱོགས་སུ་དགོད་དོ། །དཀྱིལ་འཁོར་གྱི་ནང་དུ་སོང་ལ་མདུང་ཐུང་ནི་ཤར་ཕྱོགས་སུ་བཞག་གོ། ། ཀླུ་ལག་ནི་བྱང་ཕྱོགས་སུ་བཞག་གོ། །རལ་གྲི་ནི་ནུབ་ཕྱོགས་སུ་བཞག་གོ། །ཕྱག་རྒྱ་བཞིས་ནི་བསྐོར་ནས་ཀྱང་། །བློ་ངན་དེ་ནི་སྐྲག་པར་བྱ། །དེ་ནས་དུག་བཞིན་དུ་དབྱུག་པའི་ཚུལ་དུ་བསྟན་ན་གདོན་དེ་ངུ་ཞིང་ཚིག་བཞིན་དུ་དཀྱིལ་འཁོར་ 100-1-255b དེར་འོང་བར་འགྱུར་ཏེ། དེར་རྡོ་རྗེ་ལྕགས་ཀྱུ་མས་བཟླས་བརྗོད་བྱས་ན་ཕྱག་རྒྱའི་ཚུལ་བསྟན་ན་དེ་མཐོང་བས་དེ་ཉིད་དུ་འགྱེལ་ཏེ། གདོན་གྱི་རིགས་ཀྱང་བཅོམ་པར་འགྱུར་རོ། །རིག་སྔགས་རྣམས་ཀྱི་གསང་བ་ཡི། །དཀྱིལ་འཁོར་ འདི་ནི་གསང་མཆོག་ཡིན། །རིག་པ་མཆོག་གི་གསང་བའི་རྒྱུ། །གསང་བ་འདི་ནི་གང་མཐོང་དང་། །གང་གིས་ཕྱག་རྒྱ་འདི་མཐོང་བ། །དེ་ལ་ང་ནི་གནས་པ་ཡིན། །ཕྱག་རྒྱའི་གོ་ཆ་བགོས་ནས་ནི། །ལག་ན་རྡོ་རྗེའི་བཀའ་མཆོག་གིས། ། ཕྱག་རྒྱས་དྲང་ཞིང་མཐོང་བྱེད་གང་། །དེ་ལ་ང་ནི་རྟག་ཏུ་ཡང་། །ཕྱག་རྒྱ་བཅིངས་པས་དངོས་གྲུབ་སྦྱིན། །དངོས་གྲུབ་མཆོག་ཕྱིར་བསྟན་པ་ཡིས། །ཆོ་ག་ཇི་ལྟར་མཐོང་བ་བཞིན། །སྒྲུབ་པ་ཀུན་ལ་ཕྱག་རྒྱ་དགོད། །དེ་ནས་ལས་རྣམས་ བརྩམ་པར་བྱ། །བསྒྲུབ་པ་རྣམས་ཀྱི་དངོས་གྲུབ་ཕྱིར། །གང་གིས་མི་རྣམས་གྲུབ་འགྱུར་བ། །མཱ་མ་ཀཱི་ནི་རྟག་པར་གཞག །ཕྱོགས་གང་དུ་རིག་སྔགས་བསྒྲུབ་པ་དེར་མཱ་མ་ཀཱིའི་ཕྱག་རྒྱ་བྲི་བར་བྱའོ། །གང་དུ་བཅོམ་ལྡན་འདས་མཱ་མ་ཀཱིའི་ དྲག་ཏུ་བསྐུལ་བའི་མཆོག་སྤངས་པ་དེར་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་མེད་དོ། །མཱ་མ་ཀཱི་བསྟན་པས་ནི་གདོན་རྣམས་ལ་རྒྱས་འདེབས་པར་འགྱུར་ཏེ། སྨྲས་པས་ལས་ཐམས་ཅད་བྱེད་དོ། །བཅོམ་ལྡན་འདས་ གང་ལག་ན་རྡོ་རྗེ་གང་དུ་སྤྱན་དྲང་བ་དེར་ནི་མཱ་མ་ཀཱིའི་ཕྱག་རྒྱ་གཞག་པར་བྱ་སྟེ། གང་ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་སོ། །གང་ན་ཕྱག་རྒྱའི་ཚོགས་གནས་པ་དེ་ན་ང་རིག་སྔགས་ཀྱི་རྒྱལ་པོ་དང་ལྷན་ཅིག་ཏུ་རིག་སྔགས་ ཐམས་ཅད་དང་ལྡན་པ་དང་། ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་གནས་སོ། །དུས་གསུམ་དུ་ནི་ཕྱག་རྒྱ་ལ། །ཕྱག་བྱས་དངོས་གྲུབ་དམ་པ་བསྒྲུབ། །ང་ཡི་རྡོ་རྗེ་ཕྱག་རྒྱ་ཡིས། །བཏབ་པས་དེ་ལ་དངོས་གྲུབ་སྦྱིན། །མཱ་མ་ ཀཱི་ནི་དེར་བཞག་ན། །རིག་སྔགས་ངེས་པར་འགྲུབ་འགྱུར་ཏེ། །དེ་ལ་ཡིད་གཉིས་མི་བྱའོ། །གང་ཞིག་ཕྱག་རྒྱ་འདི་དག་དང་། །མཱ་མ་ཀཱིའི་ཕྱག་རྒྱར་ལྡན། །དེ་ནི་རིག་མཆོག་ཆོ་ག་ཡི། །གསང་དང་གསང་ཆེན་ལྡན་ 100-1-256a པ་ཡིན། །དེ་ལ་ལྷ་རྣམས་མགུ་བ་ཡི། །ཡིད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད། །ཕྱག་རྒྱ་འདི་དག་དྲན་བྱེད་དང་། །ལྷག་པར་ཡང་ནི་སྟོན་བྱེད་པ། །དེ་ལ་ལྷ་རྣམས་དགའ་བའོ། །སེམས་ཀྱིས་དངོས་གྲུབ་སྦྱིན་པར་བྱེད། །ལྷ་རྣམས་བྱེ་བས་ བཤད་པ་ཡི། །ཕྱག་རྒྱ་འདི་དག་གར་གནས་པ། །དེར་ནི་དངོས་གྲུབ་སྦྱིན་པའི་ཕྱིར། །ང་ནི་རྟག་ཏུ་གནས་པར་འགྱུར། །མཱ་མ་ཀཱིའི་ཕྱག་རྒྱའི་མཚན། །ཕྱག་རྒྱ་ཀུན་གྱི་མཆོག་ཡིན་ཏེ། །ཕྱག་རྒྱ་ཐམས་ཅད་སྟོན་པ་ན། །མཱ་མ་ཀཱིའི་ཕྱག་རྒྱ་ཡང་། ། བསྟན་པར་བྱས་ན་དོན་ཡོད་འགྱུར། །གང་དུ་ཕྱག་རྒྱའི་ཚོགས་བཤད་ཅིང་། །མཱ་མ་ཀཱིའི་གསང་མཆོག་བསྟན། །དེར་ནི་ང་ཡང་གནས་པར་འགྱུར། །ཕྱག་རྒྱ་འདི་དག་ནི་ཆར་ཡང་འབེབས་པར་བྱེད་དོ། །ལྷ་རྣམས་ལ་ཡང་རྒྱས་འདེབས་ པར་བྱེད་དོ། །མདོར་ན་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་ཆོ་ག་སྣ་ཚོགས་ཀྱིས་ལས་བྱེད་དེ། ཕྱག་རྒྱའི་ཚུལ་བསྟན་པས་ལས་བྱེད་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ལ་ཡང་རྡོ་རྗེ་ལྕགས་ཀྱུ་མ་དང་སྦྱར་བར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ནི་གདོན་ ལ་བསྟན་པར་མི་བྱའོ། །ཕྱག་རྒྱ་རྣམས་བསྟན་ན་ལྷ་རྣམས་འཇིགས་ཤིང་སྐྲག་པར་འགྱུར་ལ་རིག་སྔགས་འཆང་ཡང་བརླག་པར་འགྱུར་རོ། །མཱ་མ་ཀཱིས་ཕུར་བུས་བཏབ་ན་རྟག་ཏུ་ཞི་བར་བྱེད་པར་འགྱུར་རོ། །སྐྲག་པས་དངོས་གྲུབ་སྦྱིན་པར་ བྱེད་དོ། །ཕྱག་རྒྱའི་ཚུལ་ནི་ལག་པའི་སྟབས་ཀྱིས་བསྟན་པར་མི་བྱའོ། །དཀྱིལ་འཁོར་དུ་ཡང་མིང་དང་ཕྱག་རྒྱའི་ཚུལ་བྲིའོ། །མཱ་མ་ཀཱི་ནི་ལས་ཐམས་ཅད་ལ་ཡང་བསྟན་པར་བྱའོ། །གང་ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་ལ། གང་ན་མཱ་ མ་ཀཱི་གནས་པ་དེ་ན་ལག་པས་ཇི་ལྟར་བསྟན་པར་བྱ་བ་དེ་བཞིན་དུ་ས་ལ་ཡང་བྲིའོ། །ཕྱག་རྒྱ་གང་དག་གི་ཚུལ་གྱིས་བསྐུལ་བས་ཀྱང་མི་རྣམས་དངོས་གྲུབ་འགྲུབ་པར་འགྱུར་བ་བསྟན་ན་དེས་ཆོ་ག་དང་། ལས་དང་། གནས་རྣམས་ཀྱིས་ཀྱང་ལས་ སུ་རུང་བར་བྱེད་དོ། །དེ་ནས་ཕྱག་རྒྱའི་ཚོགས་བསྟན་ནས་ལས་རྣམས་བྱ་སྟེ། མཐུ་སྟོབས་ཆེན་པོ་སྣ་ཚོགས་རྣམས་བསྟན་པར་བྱའོ། །དཀྱིལ་འཁོར་འདི་ནི་གསང་བའི་མཆོག་ཡིན་ནོ། །ང་ལ་བལྟ་བར་འདོད་པ་གང་ཡིན་པ་དེས་ནི་མཱ་མ་ཀཱི་ 100-1-256b ལ་སོགས་པའི་ཕྱག་རྒྱའི་ཚོགས་རྣམས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བལྟ་བར་བྱའོ། །ཕྱག་རྒྱའི་ཚོགས་ཀྱི་མིང་ཐོས་ནས་ཕྱག་འཚལ་བ་གང་ཡིན་པ་དེ་ནི་འཇིགས་པར་བྱ་བ་རྣམས་ཀྱིས་འཇིགས་པར་མི་འགྱུར་རོ། །ཅི་སྟེ་ཕྱག་རྒྱའི་ཚོགས་ མ་མཐོང་ན་དེ་ལ་དམ་ཚིག་གིས་དངོས་གྲུབ་སྦྱིན་པར་མི་འགྱུར་རོ། །གང་གིས་མཱ་མ་ཀཱིའི་ཕྱག་རྒྱ་མཐོང་བ་དེའི་མདུན་དུ་ངས་དངོས་གྲུབ་སྦྱིན་པར་བྱའོ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའི་མཱ་མ་ཀཱིའི་ཕྱག་རྒྱས་བཀོད་ལ་མཱ་མ་ཀཱིའི་གཟུགས་ཀྱང་ བཞག་པར་བྱ་སྟེ། དེ་ནས་རིག་སྔགས་འཆང་གིས་མཱ་མ་ཀཱིའི་ཕྱག་རྒྱ་བལྟ་བར་བྱའོ། །དེ་ནས་མཱ་མ་ཀཱིའི་ལས་ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་ལ་སོགས་པའི་ལས་བྱ་སྟེ། མཱ་མ་ཀཱིའི་མདུན་དུ་བཟླས་བརྗོད་བྱས་པ་དེས་བསྲུང་བར་བྱའོ། །མཱ་མ་ཀཱིའི་ ཕྱག་རྒྱའི་ཚོགས་བྲིས་པ་གང་ན་འདུག་པ་དེ་ན་ང་ཕོ་ཉ་མ་རྣམས་ཀྱི་ཚོགས་ཀྱིས་བསྐོར་བ་ཡང་གནས་སོ། །མཆོད་རྟེན་གྱི་དྲུང་ངམ་སྐུ་གཟུགས་ཀྱི་གནས་སུ་ཕྱག་རྒྱའི་ཚོགས་དགོད་པར་བྱའོ། །ཡང་ན་གླེགས་བམ་ལ་བྲིས་ཏེ་གླེགས་བམ་དེ་ཡང་ དེ་བཞིན་གཤེགས་པའི་གནས་སུ་གཞག་གོ། །གཞན་དུ་གཞག་ན་བརྟག་པའམ་གནོད་པ་བྱེད་པར་འགྱུར་རོ། །ཕྱག་རྒྱའི་ཚོགས་ལ་བྲིས་ནས་དེར་སྤྱད་སྤྱད་པ་མཚོར་གནས་པའི་ཆུ་ཀླུང་དུ་དོར་བར་བྱའོ། །ལྕགས་ཀྱུ་མས་ཡོངས་སུ་སྦྱང་བ་ བྱས་ལ་གྱོ་མོ་དང་གསེག་མ་མེད་པའི་ས་ཕྱོགས་སུ་ལྕགས་ཀྱུ་མས་ཕྱག་རྒྱའི་ཚོགས་བྲི་བར་བྱའོ། །མཱ་མ་ཀཱིའི་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བ་ཡང་གཞག་པར་བྱ་སྟེ། གཟུགས་སུ་གཞག་པར་བྱའོ། །ཟུག་རྔུ་ཡོད་པའི་སར་བྲིས་ན་ནི་ གནོད་པ་བྱེད་པར་འགྱུར་ཏེ། ཡུལ་དང་། གྲོང་ཁྱེར་དང་། རྒྱལ་པོ་ལ་ཡང་མི་དགེ་བ་བསྐྱེད་པར་འགྱུར་རོ། །མཱ་མ་ཀཱི་ཡང་ངས་རིག་པ་མཆོག་གི་ཆོ་ག་རྒྱལ་པོ་ཆེན་པོའི་དངོས་གྲུབ་སྟོན་དུ་གཞུག་གོ། །ཕྱག་རྒྱའི་ཚོགས་སྟོབས་ཆེན་མོ་མི་བཟད་པ་ འདི་བཤད་ཟིན་ཏོ། །རྟགས་དང་མཚན་མའི་ཚུལ་བསྟན་པ་དེ་དག་ཀྱང་བཤད་ཟིན་ཏོ། །དེ་ནས་མཱ་མ་ཀཱི་བལྟ་བར་འདོད་པས་ནི་ང་ལ་བལྟ་བར་བྱའོ། །ང་བལྟ་བར་འདོད་པས་ནི་མཱ་མ་ཀཱི་སྨན་བརྒྱད་ཀྱིས་བསྐོར་བ་ཚང་བ་དང་། སྨན་བརྒྱད་དང་བཅས་པའི་ཨུཏྤ་ལ་ 100-1-257a དང་ལྡན་པའི་ཡིད་དུ་འོངས་བ་བལྟ་བར་བྱའོ། །དེ་ནས་རིག་སྔགས་འཆང་ང་ལ་བལྟ་བར་འདོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་དང་། ཞག་གཅིག་སྨྱུང་བར་བྱས་པའི་ཉི་མ་བཟང་བ་ལ་རིག་པའི་ རྒྱལ་པོས་བསྲུང་བའི་ཆོ་ག་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་སྨན་གྱིས་ལུས་ཀྱི་ཡན་ལག་རྣམས་དབྱུང་བར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་སྨན། །ས་མ་ཛ་ནི་དབྱུང་བར་བྱ། །ལྷ་ཆེན་གྱིས་བྱིན་གཉིས་ པ་སྟེ། །འབམ་པོ་ཡང་ནི་དབྱུང་བར་བྱ། །དེ་བཞིན་སྲེད་མེད་བུས་བྱིན་པ། །ནི་ལ་སུ་སྲི་དབྱུང་བར་བྱ། །དེ་བཞིན་ཚངས་པས་བཤད་པ་ཡི། །བྲི་མ་བྷི་ཡང་ནི་དབྱུང་བར་བྱ། །འཇིག་རྟེན་སྐྱོང་གིས་བཤད་པ་ཡི། །རམ་ཉེ་བ་ཡང་དབྱུང་ བར་བྱ། །རྫོང་གི་འཕགས་མས་བྱིན་པ་ཡི། །ཤེ་ཏྭ་ཛྷ་ཡང་དེ་བཞིན་དབྱུང་། །ཚིག་ལྡན་མས་ནི་བྱིན་པ་ཡི། །ནི་ལ་ཛྭ་ཡང་དབྱུང་བར་བྱ། །ཡན་ལག་ཀུན་གྱི་ཨུཏྤལ་ལྡན། །ལག་ན་རྡོ་རྗེས་བཤད་པ་དགེ། །དེ་ནས་སྨན་གྱི་ལུས་ ཐམས་ཅད་ཕྱུང་ནས་ལྷན་ཅིག་དུ་བཞག་གོ། །དེ་ནས་རིག་སྔགས་འཆང་གིས་བསྲུང་བའི་ཆོ་ག་བྱས་ནས་གཏོར་མའི་ཆོ་ག་བྱས་ལ། ཀུ་ཤའི་སྟན་ལ་འདུག་སྟེ་རྡོ་ལེབ་ཤིན་དུ་བཀྲུས་པ་ལ་དབྱིག་དང་གསེར་བཀྲམ་ནས། རིག་སྔགས་ ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྨན་རྣམས་བཅོམ་ལྡན་འདས་མ་ཙན་དན་དམར་པོའི་ཆུས་བཀྲུས་པའི་ཆུ་ལ་སྔགས་ཀྱིས་བཏབ་པ་དེ་དང་བཏགས་ཏེ། སྨན་གྱི་ལུས་ཐམས་ཅད་བླངས་ལ། གསེར་རམ་རྡོའི་སྣོད་དམ། ཀམ་པའི་ སྣོད་ཀྱི་ནང་དུ་བཞག་ནས། ཀར་ཤ་པ་ནི་བརྒྱ་རྩ་བརྒྱད་ཀྱིས་རྡོ་རྗེ་རྫོགས་པར་བྱས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཙན་དན་དམར་པོའི་ཆུས་བསང་གཏོར་བྱས་ལ་ལག་པས་མནན་ནས། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལན་ བརྒྱད་བརྒྱད་བཟླས་བརྗོད་བྱས་ཏེ། རྡོ་རྗེའི་དབུས་སུ་ལྷ་མོའི་གཟུགས་རྣམས་བཞག་ལ་གཟུགས་བཟང་མ་ལན་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་མཱ་མ་ཀཱིའི་གཟུགས་སུ་བྱས་ལ། དེ་ནས་རིག་སྔགས་འཆང་གིས་རས་དཀར་པོའི་ 100-1-257b སྟེང་དུ་བཞག་སྟེ། མཱ་མ་ཀཱིའི་རིག་སྔགས་ཀྱིས་བརྗོད་པར་བྱའོ། །གདུ་བུ་ལ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །དེར་ཡང་ལས་རྣམས་སྦྱར་བར་བྱ། དེ་རིན་པོ་ཆེ་ཐམས་ཅད་དང་། ས་བོན་ཐམས་ཅད་ཀྱི་མཆོད་ཡོན་དབུལ་བར་བྱ་ འོ། །གཏོར་མའི་ཆོ་ག་ཡང་རྒྱས་པར་བྱའོ། །རིག་སྔགས་ཀྱི་རྒྱལ་པོ་ཡང་མཱ་མ་ཀཱིའི་དྲུང་དུ་བཞག་པར་བྱའོ། །ལྷ་ཐམས་ཅད་ཀྱི་གཟུགས་ཀྱང་སྤྱན་དྲངས་ལ། མཱ་མ་ཀཱིའི་མདུན་དུ་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ ནས་མེ་ཏོག་གི་ཕྲེང་བ་འགུལ་བ་དང་། མར་མེའི་མེ་ལྕེ་ཆེན་པོར་འགྱུར་བ་དང་། སྤུ་ཟིང་ཞེས་བྱེད་པ་དང་། སེམས་དགའ་བ་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་ཚོགས་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ནང་བར་བླ་ མ་ལ་མཆོད་པ་བྱ་སྟེ། རིན་ཐང་མེད་པའི་རིན་པོ་ཆེའི་ཡོན་ཕུལ་ལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་དངོས་གྲུབ་གསོལ་དུ་བཅུག་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དམ། ཡང་ན་ལན་གཅིག་གི་དངོས་གྲུབ་སྦྱིན་ པར་བྱེད་དེ། བླ་མས་ཇི་སྐད་སྨྲས་པ་དེ་ཡིད་ལ་བཞག་ནས་ཚིག་དེ་ཡང་མཉན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བླ་མ་ལ་མཱ་མ་ཀཱི་བསྟན་པར་བྱ་སྟེ། མཐོང་ན་ཇི་སྐད་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་ཏེ། ཅི་སྟེ་ཁྲོ་བའི་སེམས་ཀྱིས་སྨྲས་ན་ནི་ལས་ དྲག་པོར་འགྲུབ་པར་འགྱུར་རོ། །ཅི་སྟེ་དགའ་བའི་སེམས་ཀྱིས་སྨྲ་ན་ནི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་ཏེ། བླ་མས་མཱ་མ་ཀཱི་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་བཏང་ལ་བླ་མའི་ལག་པས་མཱ་མ་ཀཱི་བཙལ་བར་བྱ་སྟེ། ལག་དུ་ཐོབ་ན་མཱ་མ་ཀཱིའི་ ཆོ་ག་རྒྱས་པའི་དངོས་གྲུབ་བདེ་བླག་དུ་འགྲུབ་པར་འགྱུར་རོ། །རིག་སྔགས་འཆང་གིས་ཀྱང་ཆོ་གའི་གཟུགས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གིས་ནང་དུ་གཏང་བར་བྱའོ། །བསྒྲུབ་པའི་ཚེ་སྤྱན་གྱིས་མཱ་མ་ཀཱི་གཞག་པར་བྱའོ། །ཨུཏྤ་ལ་དང་ལྡན་པས་ ཀྱང་མཱ་མ་ཀཱི་གཞག་པར་བྱའོ། །ཨོཾ་ཧ་རཾ་ཛྭ་ན་བེ་ཏ་རཉྫ་ན་བེ་སྭཱ་ཧཱ། ཆོ་ག་འདི་ཉིད་ཀྱིས་མར་གྱི་ངོ་ཞག་བརྒྱད་ལ་མཱ་མ་ཀཱིའི་མདུན་དུ་རྡོ་རྗེ་དབུས་སུ་པད་མ་བརྒྱད་སྟོང་གིས་སྦྱིན་དོར་བྱའོ། །དེ་ནས་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ། ནང་པར་ 100-1-258a དུས་སུ་བླ་མ་ལ་མཆོད་པ་བྱས་ནས་དངོས་གྲུབ་གསོལ་དུ་གཞུག་གོ། །དངོས་གྲུབ་བྱིན་ནས་ཀྱང་ཞག་བདུན་པའི་ཉིན་པར་གློ་བུར་དུ་མི་ནག་པོ་མཐོང་བར་འགྱུར་ཏེ། མཐོང་ན་ཆོ་ག་རྒྱས་པ་འགྲུབ་པར་ཤེས་པར་བྱའོ། །སྡིག་པའི་ལས་ནི་ བྱེད་པ་དང་། །བྲམ་ཟེ་གསོད་དང་མི་གསོད་དང་། །ཚུལ་ཁྲིམས་འཆལ་ལ་སྦྱིན་མི་བྱ། །མི་བཟད་པ་ནི་གང་ཡིན་པའི། །མི་རྣམས་ཀྱིས་ནི་ཐོབ་མི་འགྱུར། །རྡོ་རྗེ་རིག་མཆོག་གང་དད་པ། །མཱ་མ་ཀཱི་ནི་དེ་མདུན་གནས། །ཚུལ་ཁྲིམས་འཆལ་དང་སྡིག་ པ་ཅན། །དེ་དག་གིས་ནི་གཟུགས་མི་མཐོང་། །གང་ན་མི་བཟད་སྡིག་བྱེད་པ། །དེ་ན་བདག་གི་མིང་ཡང་མེད། །དེར་ནི་མི་མཐོང་ཅི་ཞིག་སྨོས། །གང་དག་དགེ་བ་བཅུ་པོ་ཡི། །ལས་ཀྱི་ལམ་དང་ལྡན་པའི་མི། །དེ་དག་གིས་ནི་ང་ཡང་མཐོང་། །གང་དག་ ཚུལ་ཁྲིམས་ལྡན་པ་དང་། །རྡོ་རྗེ་རིགས་ལ་དད་པའི་མི། །དེ་དག་གིས་ནི་ང་མཐོང་ཞིང་། །རེག་འགྱུར་སེམས་ཅན་དེ་དག་ནི། །ངའི་རིགས་སུ་གཏོགས་པ་ཡིན། །མཱ་མ་ཀཱི་ནི་གང་གིས་མཐོང་། །སྟོབས་ཆེན་དེ་དག་ངའི་གནས། །ཡིད་དུ་འོང་བར་སྐྱེ་ བར་འགྱུར། །གང་གི་ཚེ་ཆོ་ག་རྒྱས་པ་དེའི་ཚེ་བླ་མ་ལ་ཡོན་ཕུལ་ནས་མཱ་མ་ཀཱི་བསླང་བར་བྱའོ། །བླ་མས་ཀྱང་ཨུཏྤ་ལ་ནི་མཚན་དང་ལྡན་པའི་སྔགས་ཀྱིས་མཱ་མ་ཀཱིའི་གཟུགས་སོར་བཞི་པ་བྱས་ལ། དེ་ནས་བླ་མས་སྦྱིན་པར་བྱ་སྟེ། དངོས་གྲུབ་ ཀྱང་གསོལ་དུ་གཞུག་གོ། །ཕོ་ཉ་མ་རྣམས་དང་། ཚོགས་རྣམས་ལ་ཡང་གཏོར་མ་སྦྱིན་པར་བྱའོ། །ས་ཡོངས་སུ་སྦྱང་བ་དང་། དཀྱིལ་འཁོར་གྱི་བགེགས་ཀྱི་སྦྱིན་སྲེག་ཀྱང་བྱའོ། །ཕོ་ཉ་མའི་རྣམས་ཀྱི་ལས་རྣམས་ལ་ནི་ལན་འབུམ་ བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །ཞི་བའི་ལས་རྣམས་ལ་ནི་རི་མོ་ལ་ལྷ་མོ་མདོག་གནག་པ་གཅིག་བྲིས་ཏེ། སྤྱི་བོ་ན་དེ་བཞིན་གཤེགས་པ་བཞུགས་པ་ལ་སྐྱབས་སྦྱིན་པའི་ཕྱག་རྒྱ་དང་། ལག་པ་གཡོན་པ་ལ་ རྡོ་རྗེ་འབར་བ་ཐོགས་པར་བྲིའོ། །དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་བརྩམས་དེ་ཞག་གཞན་གྱི་བར་དུ་གུ་གུལ་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱའོ། །ཚོགས་རྣམས་ལ་ཡང་གཏོར་མའི་ཆོ་ག་བྱའོ། །ཚོགས་རྣམས་ 100-1-258b ཀྱང་ལས་ལ་ཡང་བདུད་རྩི་ཐབས་སྦྱོར་གྱི་སྐབས་སུ་ངས་ལས་བཤད་པ་གང་ཡིན་པའི་ལས་དེས་སྦྱར་བར་བྱའོ། །ཕྱག་རྒྱ་དེ་དག་གི་སོ་སོའི་རྟགས་ཀྱང་བཤད་པར་བྱ་སྟེ། མཱ་མ་ཀཱིའི་རྟགས་ནི་སྟེགས་བུ་ལ་རྡོ་རྗེ་རྩེ་གསུམ་པ་ཁ་ཅིག་པ་ བྲིའོ། །དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པར་བྲིའོ། །གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་ཀྱི་འཆང་ཟུངས་དྲང་པོར་འདུག་ལ་ཆང་ཟུངས་ནས་དགྲ་སྟ་སྲབ་མོའི་ཁ་ཕྱི་རོལ་དུ་བལྟས་པ་བྲིའོ། ། རྒྱལ་བའི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུངས་དྲང་པོར་འདུག་པར་བྱའོ། །རྣམ་པར་རྒྱལ་བའི་ནི་དེ་ཉིད་ལས་དབུས་ནས་འབྲས་བུ་བྱས་ལ་གཡས་ཕྱོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཅིག་པ་མེ་ལྕེ་འབར་བ་གསུམ་ དང་ལྡན་པ་དབྱུག་པ་ལ་བཙུགས་པ་ཡིན་ནོ། །རྡོ་རྗེ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱས་པའོ། །རྡོ་རྗེ་རྟགས་ཀྱི་ནི་དེ་ཉིད་ལ་དབུས་ནས་འབྲས་བུ་འདུག་པ་ཡིན་ནོ། །བཀྲ་ཤིས་ཀྱི་སྟེགས་བུའི་སྟེང་དུ་ རྡོ་རྗེ་རྩེ་གཅིག་པ་ཁ་གཉིས་པ་རྩེ་མོ་ཀ་ནྱའི་དབྱིབས་འདྲ་བར་བྱས་པ་དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་འདུག་པར་བྱའོ། །ཤིན་དུ་བཀྲ་ཤིས་གྱི་ནི་སྟེགས་བུའི་སྟེང་དུ་ཐོར་ཚུགས་ཀྱི་ཕུང་པོ་བཅིངས་པ་བཞག་ སྟེ། ཐོར་ཚུགས་ཀྱི་མཐའ་འབར་བའི་ཕྲེང་བས་བསྐོར། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་བོར་བྱས་ལ་པད་མའི་སྟེང་ན་འདུག་པར་བྲིའོ། །པད་མ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་པད་མ་ཡིད་ཙམ་གྱིས་ཁ་ ཕྱེ་བ་རྩ་བ་དང་། སྡོང་བུ་དང་བཅས་པར་འདུག་པར་བྱས་ལ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་འདུག་པར་བྲིའོ། །གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་མདུང་རྩེ་གསུམ་པ་འདྲ་བར་བྱའོ། །པད་མ་ཕྲེང་གི་ནི་ པད་མ་ཁ་བྱེ་བ་བཅུ་ཅིག་ལ་གཅིག་འཁྲིལ་བ་བྲིས་ལ་དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་སུ་འདུག་པ་བཞག་གོ། །གཡུང་དྲུང་རིགས་ཀྱི་སྟེང་དུ་ནི་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཉི་རིམ་དུ་བྲིས་ཏེ་ངོས་བཞི་ནས་ཤད་བཞི་ 100-1-259a དྲངས་ལ་ཚིགས་བཅག་སྟེ། གཡས་ཕྱོགས་སུ་འཁྱིལ་པ་བྲིའོ། །ཤད་བཞི་པོ་དེ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །དེ་དག་གི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་མར་གྱི་མེ་ལྕེ་འདྲ་བ་རྣམས་བྲི། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གདེངས་ པ་བྲིའོ། །གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱའོ། །མདུང་རྩེ་གསུམ་པ་ནི་སྟེགས་བུའི་སྟེང་དུ་མདུང་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་བྱས་ལ། དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་རྡོ་རྗེ་འདྲ་བར་བྱའོ། ། རྡོ་རྗེ་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབས་ལྟར་འདུག་པར་བྱས་ལ། དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་མདུང་རྩེ་གསུམ་པ་འདྲ་བར་བྱའོ། །མཆེ་བའི་སྟེགས་ནི་རྡོ་རྗེ་ རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུངས་དྲང་པོར་འདུག་པར་བྲིས་ལ། དེའི་གཡས་ལོགས་སུ་པད་མ་ཁ་མ་བྱེ་བ་ལ་མཆེ་བའི་ཕྱིར་དགུ་པོར་འདུག་པར་བྲིའོ། །མདུང་ཐུང་གི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་ བུ་འདུག་པ་བྲིས་ལ། དེའི་གཡས་ལོགས་སུ་མདུང་ཡུ་བ་ཅན་རྩེ་མོ་ཀ་ན་ཡའི་དབྱིབས་འདྲ་བར་བྲིའོ། །ཀླུ་ལག་གི་ནི་སྦྲུལ་གཉིས་གཅིག་ལ་གཅིག་མཇུག་མ་སྦྲེལ་ཏེ་ཚམ་ངམ་བྱེད་ཅིང་དམིགས་རྩ་བསྒྲིམས་ལ་ལྕེ་འབྱིན་ཅིང་གཅིག་ལ་ གཅིག་བལྟ་བར་བྲིས་ཏེ། དེ་གཉིས་ཀྱི་མགོ་བོ་ལ་བར་བ་གསུམ་དང་ལྡན་པའི་ནོར་བུ་ཐོགས་ལ། དེ་གཉིས་ཀྱི་བར་ན་རྡོ་རྗེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པ་སྦྲུལ་གྱི་མཇུག་མའི་སྟེང་ན་འདུག་པར་བྱའོ། །ཞགས་པའི་ནི་སྟེགས་ བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་ལྟར་འདུག་པར་བྱའོ། །དེའི་གཡས་ལོགས་སུ་མདུང་རྩེ་གསུམ་པ་ཡུ་བ་ཅན་རྩེ་གསུམ་ཁ་གདེངས་འདྲ་བར་བྲིའོ། །གཡོན་ལོགས་སུ་ཀླུའི་ཞགས་པ་ཚམ་ངམ་བྱེད་པ་བྲིའོ། །རལ་ གྲི་ནི་སྟེགས་བུའི་སྟེང་དུ་རལ་གྲི་བྲིས་ལ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ། །དབྱུག་པའི་སྟེགས་བུའི་སྟེང་དུ་དབྱུག་པ་སླ་གོར་ཞོ་ཤའི་ཤིང་ལྟར་འདུག་ཅིང་། སྙེ་མ་ལྔ་པོ་ཡོད་པར་བྲིས་ལ། 100-1-259b མགོར་ནི་ཆང་ཟུང་བྱ། དྲུང་དུ་ནི་སྐྱུ་རུ་རའི་འབྲས་བུ་འདྲ་བར་བྱ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་སུ་འདུག་ལ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབས་ལྟར་བྱ། གཡོན་ལོགས་སུ་མདུང་རྩེ་གསུམ་པ་རྡོ་རྗེ་འདྲ་བ་དབྱུག་པ་ལ་བཙུགས་ པ་བྲིའོ། །འཁོར་ལོའི་སྟེགས་བུའི་སྟེང་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་འབར་བས་སྐོར་བར་བྲིས་ལ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཕྱག་རྒྱ་ འདི་དག་བདག་གིས་བཤད། །ཕྱག་རྒྱ་འདི་དག་སོ་སོར་མཐོང་བའི་ལས་ཀྱང་བཤད་པར་བྱའོ། །ཕྱག་རྒྱ་སྣ་ཚོགས་དག་གི་ལྷ་རྣམས་ཀྱང་བསྟན་པར་བྱའོ། །རྒྱལ་བའི་ཕྱག་རྒྱ་ནི་ཕོ་ཉ་མ་ཐམས་ཅད་ཀྱིའོ། །རྣམ་པར་རྒྱལ་བའི་ནི་ཚངས་པའིའོ། །རྡོ་རྗེ་མཚན་ ནི་ལྷ་ཆེན་པོའིའོ། །རྡོ་རྗེ་རྟགས་ནི་ལོག་འདྲེན་རྣམས་ཀྱིའོ། །བཀྲ་ཤིས་ནི་རྡོ་རྗེ་སྡེའིའོ། །ཤིན་དུ་བཀྲ་ཤིས་ནི་ཕུར་བུ་གསུམ་པའི་འོ། །པད་མའི་མཚན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །པད་མའི་ཕྲེང་ནི་དཔལ་ཆེན་པོའི་ཡིན་པར་བཤད་དོ། ། དེ་བཞིན་དུ་གཡུང་དྲུང་རིས་རྣམས་ནི་ཚོགས་རྣམས་ཀྱིའོ། །མདུང་རྩེ་གསུམ་པའི་ནི་རྫོང་གི་འཕགས་མའི་འོ། །རྡོ་རྗེ་ནི་ཁྲོ་བོ་ཡིན་པར་བཤད་དོ། །མཆེ་བ་ནི་མ་མོ་རྣམས་ཀྱིའོ། །དེ་བཞིན་དུ་མདུང་ཐུང་ནི་དྲུག་པ་རྣམས་ཀྱིའོ། །ཀླུ་ལག་ནི་རྒྱ་མཚོ་ཆེན་པོའིའོ། ། དེ་བཞིན་དུ་ཞགས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ཀྱིའོ། །རལ་གྲི་ནི་མེའི་ཡིན་པར་བཤད་དོ། །དབྱུག་པ་ནི་སའི་ལྷ་མོའི་འོ། །འཁོར་ལོ་ནི་ནོར་ལྷའི་བུའིའོ། །ལྷ་རྣམས་ཀུན་གྱི་ཕྱག་རྒྱ་འདི་དག་དང་ལས་སྣ་ཚོགས་བསྟན་པ་རྣམས་ངས་བཤད་ཟིན་ཏེ། ཕྱག་རྒྱ་རྣམས་ནི་ཕྱག་རྒྱའི་མཚན་ཉིད་འདིར་མཆོག་ཏུ་གསང་བ་ཡིན་ནོ། །ཕྱག་རྒྱ་འདི་དག་བསྒྲུབ་པ་གང་ཡིན་པ་དེས་ནི་མཱ་མ་ཀཱིའི་ཕྱག་རྒྱའི་མཚན་ཉིད་གཟུང་བར་བྱའོ། །གང་གི་ཕྱིར་ང་རྡོ་རྗེ་འཛིན་ཡིན་པས་ན་དེའི་ཕྱིར་ངས་ཕྱག་རྒྱའི་ལས་ཀྱི་མཆོག་ བཤད་པར་བྱའོ། །མཱ་མ་ཀཱིའི་ལས་ངས་བཤད་པ་གང་ཡིན་པ་ལ་ཡང་ཞི་བ་དང་རྒྱས་པ་དང་། དྲག་ཤུལ་རྣམ་གསུམ་དུ་བཤད་པའི་ལས་གང་ཡིན་པ་དེ་དག་གི་རིམ་པ་སྣ་ཚོགས་ཀྱང་བཤད་པར་བྱའོ། །དྲག་ཤུལ་གྱི་ལས་རྣམས་ལ་ནི་མཱ་མ་ཀཱིའི་མཚན་ 100-1-260a ཉིད་ཇི་ལྟ་བ་བཞིན་བཞག་ལ་རྡོ་རྗེ་མཚན་དང་། རྡོ་རྗེ་རྟགས་དང་། འཁོར་ལོ་དང་། མཆེ་བ་དང་། གཡུང་དྲུང་རིས་དང་། མདུང་རྩེ་གསུམ་པ་དང་། ཕྱག་རྒྱ་འདི་དག་གིས་བསྐོར་བར་བྱ་སྟེ། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གར་བསྟན་པ་གང་ཡིན་པ་དེ་ལ་ཡང་ དེ་བཞིན་དུ་བྱའོ། །བཟླས་བརྗོད་ཀྱི་བསྒྲུབ་པ་ལ་ཡང་བཟླས་བརྗོད་བྱའོ། །དེ་ནས་རྒྱས་པ་བྱེད་ན་རྒྱལ་བ་དང་བཀྲ་ཤིས་དང་། ཤིན་དུ་བཀྲ་ཤིས་དང་། ཀླུ་ལག་དང་། པད་མའི་ཕྲེང་དང་། རྡོ་རྗེ་དང་། འདི་རྣམས་བཞག་པར་བྱའོ། །མཱ་མ་ཀཱི་ཡང་མཚན་ཉིད་ཇི་ ལྟ་བ་བཞིན་བཞག་པར་བྱ་སྟེ། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གའི་ལས་གང་ཡིན་པ་བ་ཤ་ཀའི་ཡམ་སྲེག་ཤིང་ངམ་འབྲས་ཅན་གྱིས་བྱའོ། །མཱ་མ་ཀཱིའི་མདུན་དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཉི་མ་དང་ཟླ་བ་སྟོབས་དང་ཕ་རོལ་གནོན་པ་གཞན་ གྱིས་མི་ཐུབ་པ་དང་། གཞོན་ནུ་མཆོག་གི་ཕྱག་རྒྱ་ངས་བཤད་པ་གང་ཡིན་པ་དེ་དག་ཀྱང་བཞག་པར་བྱ་སྟེ། ཉི་མ་དང་ཟླ་བའི་གཡོན་ལོགས་སུ་ནི་གཞུ་གཞག་གོ། །གཡས་ལོགས་སུ་ནི་གཞོན་ནུའི་མདུང་རྩེ་གསུམ་པ་བཞག་སྟེ། འདི་དག་ ཐམས་ཅད་ཀྱང་གཟུགས་སུ་གཞག་པར་བྱའོ། །ཡང་ན་ཡིད་ཀྱིས་གཞག་གོ། །དྲི་ཆབ་ཀྱི་རི་མོས་གཞག་པར་བྱ་སྟེ། དེའི་མདུན་དུ་གཡས་ལོགས་སུ་སྲེག་བླུགས་བདུན་བདུན་སྦྱིན་སྲེག་བྱའོ། །དེ་ནས་བཟླས་བརྗོད་བྱས་ན་ལས་གྲུབ་ པར་འགྱུར་རོ། །ལིག་བུ་མིག་དང་ལྡོང་རོས་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱའོ། །དེ་ནས་ཞི་བའི་ལས་བྱེད་ན་རྣམ་པར་རྒྱལ་བ་དང་། པད་མ་མཚན་དང་། མདུང་ཐུང་དང་། ཞགས་པ་དང་། རལ་གྲི་དང་། དབྱུག་པ་རྣམས་མཱ་མ་ཀཱི་དང་ ལྷན་ཅིག་དུ་གཞག་པར་བྱ་སྟེ། མཱ་མ་ཀཱི་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །དེའི་མདུན་དུ་རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ལྷ་མོ་འཇིག་རྟེན་གྱི་མ་རྣམས་ཀྱི་ཕྱག་རྒྱའི་ཚོགས་ངས་བཤད་པ་གང་ཡིན་པ་རྣམས་ཀྱང་ གཞག་པར་བྱའོ། །དེའི་མདུན་དུ་སྲེག་བླུགས་བདུན་གྱིས་སྦྱིན་སྲེག་བྱའོ། །དེ་ནས་ལས་བརྩམ་པར་བྱའོ། །དེ་ནས་བཟླས་བརྗོད་བྱས་ན་ལས་འགྲུབ་པར་འགྱུར་རོ། །ལྷ་གང་བསྒྲུབ་པར་འདོད་པའི་ལྷ་དེའི་མདུན་དུ་བདག་གི་ཕྱག་རྒྱ་དང་། མཱ་མ་ཀཱིའི་ 100-1-260b གཟུགས་དྲི་ཆབ་ཀྱི་རི་མོར་བྲིས་ཏེ་གཞག་གོ། །དེའི་མདུན་དུ་གཏོར་མའི་ཆོ་ག་བྱས་ཏེ་དེ་ནས་ལས་བརྩམ་པར་བྱའོ། །ཕྱག་རྒྱ་འདི་དག་གི་གཏོར་མའི་ཆོ་ག་བཤད་པར་བྱ་སྟེ། རྒྱལ་བ་ལ་ནི་མོན་སྲན་གྲེའུ་དང་པེན་ཙེ་སྦྱིན་པར་བྱའོ། །རྣམ་པར་རྒྱལ་ བ་ལ་ནི་མར་དང་འབྲས་ཀྱིའོ། །རྡོ་རྗེ་མཚན་ལ་ནི་འབྱུང་པོའི་ཟས་སྦྱིན་ནོ། །རྡོ་རྗེ་རྟགས་ལ་ནི་ཏིལ་མར་གྱི་ཚིགས་མ་དང་། འབྲས་ཅན་བསྲེས་པ་སྦྱིན་ནོ། །བཀྲ་ཤིས་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ། །ཤིན་དུ་བཀྲ་ཤིས་ལ་ནི་ཤ་སྦྱིན་ནོ། ། པད་མ་མཚན་ལ་ནི་འབྲས་ཅན་འོ་མ་དང་སྦྱར་བ་སྦྱིན་ནོ། །པད་མ་ཕྲེང་ལ་ནི་ཁུ་བ་ནི་ལ་སོགས་གཏོར་མ་སྣ་ཚོགས་སྦྱིན་ནོ། །གཡུང་དྲུང་རིས་ལ་ནི་མོན་སྲན་གྲེའུའི་ཆན་དང་འབྲས་དྲུས་བརྡུངས་པ་ལ་སོགས་པ་སྦྱིན་ནོ། །མདུང་རྩེ་གསུམ་པ་ལ་ ནི་འབྲས་ཅན་ཞོ་དང་སྦྱར་བ་སྦྱིན་ནོ། །རྡོ་རྗེ་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ། །མཆེ་བ་ལ་ནི་མོན་སྲན་གྲེའུ་དང་ཟན་དྲོན་སྦྱིན་ནོ། །མདུང་ཐུང་ལ་ནི་འབྲས་ཀྱི་འོ་ཐུག་སྦྱིན་ནོ། །ཀླུའི་ལག་ལ་ནི་མངར་གསུམ་གྱི་གཏོར་མ་སྦྱིན་ནོ། ། ཞགས་པ་ལ་ནི་མོན་སྲན་གྲེའུ་ཡི་ཆན་དང་། འབྲས་དྲུས་བརྡུངས་པ་དང་། སྦྱར་ཐུག་དང་། སྦྲང་རྩི་སྦྱིན་ནོ། །རལ་གྲི་ལ་ནི་མར་དང་ཞོ་དང་། འབྲས་ཡོས་སྦྱིན་ནོ། །དབྱུག་པ་ལ་ནི་འབྱུང་པོའི་ཟས་ཐམས་ཅད་ཀྱི་གཏོར་མ་སྦྱིན་ནོ། ། འཁོར་ལོ་ལ་ནི་ཁུ་བ་བཀྲ་ཤིས་ལྡན་དང་པེན་ཙེ་སྦྱིན་ནོ། །ཕྱག་རྒྱ་རྣམས་གསང་སྟེ་བལྟ་བའི་གཏོར་མ་འདི་དག་བདག་གིས་བཤད་ཟིན་ཏོ། །ཕྱག་རྒྱ་ཐམས་ཅད་ཀྱི་གཏོར་མར་བསྟན་པ་གང་ཡིན་པ་འདི་དག་ནི་བཅོམ་ལྡན་འདས་མཱ་མ་ཀཱི་ ལ་ཡང་དབུལ་བར་བྱའོ། །དེ་ནས་ཕྱག་རྒྱ་བསྒྲུབ་ན་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་བཟའ་ཞིང་མཱ་མ་ཀཱི་ལ་ཡང་བསྙེན་བཀུར་བྱས་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །རིག་པ་མཆོག་གི་ལས་སྔར་ངས་བཤད་པ་གང་ཡིན་ པའི་རིག་སྔགས་ཀྱི་རྒྱལ་པོ་ནི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །སྙིང་པོ་ཡང་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །རིག་སྔགས་ཀྱི་རྒྱལ་པོ་ནི་སྤྱན་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །སྤྱན་ཡང་སྙིང་པོའི་རྒྱལ་པོ་དང་ལྷན་ཅིག་དུ་སྦྱར་བར་བྱའོ། །ལྷ་རྣམས་འདི་ 100-1-261a ཡང་ངས་བཤད་པར་བྱའོ། །སེམས་རྩེ་གཅིག་དུ་བགྱིས་ལ་ཉོན་ཅིག །ཞི་བའི་ལས་རྣམས་ལ་ནི་སྙིང་པོ་དང་ལྷན་ཅིག་དུ་སྦྱར་བར་བྱའོ། །རྒྱས་པ་རྣམས་ལ་ནི་སྤྱན་དང་ལྷན་ཅིག་དུ་སྦྱར་བར་བྱའོ། །དྲག་ཤུལ་རྣམས་ལ་ནི་ཉེ་བའི་སྙིང་པོ་དང་ལྷན་ ཅིག་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མའི་དྲག་ཤུལ་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་དང་ལྷན་ཅིག་དུ་བཟླས་བརྗོད་བྱའོ། །རྒྱས་པའི་ལས་ལ་ནི་མཱ་མ་ཀཱི་གཞན་ལས་གཟུགས་བཟང་བ་དང་ལྷན་ཅིག་དུ་བཟླས་བརྗོད་བྱའོ། །མཱ་མ་ ཀཱི་ཉིད་ཀྱི་རྒྱས་པའི་ལས་ལ་ནི་མཱ་མ་ཀཱི་སྙིང་པོའི་རྒྱལ་པོ་དང་། ལྷན་ཅིག་དུ་བཟླས་བརྗོད་བྱའོ། །ཕོ་ཉ་མ་རྣམས་ལ་ནི་ལྕགས་ཅན་དྲན་པར་བྱ་སྟེ་བཟླས་བརྗོད་བྱའོ། །ཡང་ན་ཚོགས་ཀྱི་ཕྱག་རྒྱ་རྣམས་བཀོད་ལ་བསྒྲུབ་པར་བྱའོ། ། ཆོ་ག་རྒྱས་པའི་ལྷ་ཐམས་ཅད་ཀྱང་རང་རང་གི་ཕྱག་རྒྱའི་གཟུགས་བཞག་ནས་བསྒྲུབ་པར་བྱའོ། །ཕྱག་རྒྱ་བྲིས་ནས་སྦྱིན་སྲེག་བསྙེན་བཀུར་བྱའོ། །དེ་ནས་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་བསྟོད་དེ་སྨྲས་པ། རྡོ་རྗེ་ འཛིན་ཆེན་པོ་བདག་ཅག་སྙིང་དགའ་བར་བྱེད་པའི་གཟུགས་བཟང་མའི་ཕྱག་རྒྱའི་མཆོག་རྣམས་ཀྱི་ལས་གང་རྗེས་སུ་དྲན་པར་བྱས་ན་མི་རྣམས་ལ་བདག་ཅག་དངོས་གྲུབ་སྩོལ་བར་འགྱུར་བའི་ལས་རྣམས་ཤོད་ཅིག །ལྷ་རྣམས་དེ་དེ་ལྟར་ བྱའོ། །དེ་དེ་ལྟར་བྱ་སྟེ། སྙིང་དགའ་བར་བྱེད་པའི་ལས་རྣམས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས། གཟུགས་བཟང་མ་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཀཱ་ལ་ཀྲི་ཏན་ཏཱ་ རུ་ཏི་ནི་ཤཾ་ཀ་རེ་ཤི་ཀ་རེ། གྷ་ཊ་གྷ་ཊ། གྷུ་ཊི་ནི། པཱ་ཏ་ནི་སྭཱ་ཧཱ། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོའི་སྙིང་པོ་བདུན་གྱི་བརྒྱན་པ། གང་ལས་སངས་རྒྱས་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། སོག་མེད་ གཏུམ་པོ་དང་། དེ་བཞིན་དུ་ལུས་དམར་དྲག་པོ་དང་། སྟོབས་ཆེན་རྒྱས་པ་དང་། དེ་བཞིན་དུ་དཔལ་བྱེད་ཞི་བར་གྲགས་པ་དང་། ལས་སྣ་ཚོགས་ཀྱིས་བརྩེ་བ་དང་། ལྷ་རྣམས་འགྱེལ་བར་བྱེད་པ་དྲག་པོའི་ཕྲེང་བ་འཛིན་པ་རྣམས་ངས་བཤད་པ་གང་ 100-1-261b ཡིན་པའི་སྙིང་པོ་སྟོབས་པོ་ཆེ་འདི་དག་ནི་རྣམ་པར་རྒྱལ་བ་དེ་ལས་འབྱུང་སྟེ། སྟོབས་ཆེ་ཞིང་ཕ་རོལ་གནོན་པ་ཡིན་ནོ། །དེ་ལ་ངས་བཤད་པ་གང་ཡིན་པ་དེ་དག་གི་ནང་ན་ནི་ཕྱག་རྒྱ་སྟོབས་པོ་ཆེ་ཕ་རོལ་གནོན་ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་དང་ཕྱག་རྒྱ་འདི་ཉིད་ གྲུབ་པ་ཡིན་ཏེ་གྲུབ་པ་ཕ་རོལ་གནོན་པ་ཡིན་ནོ། །རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་སྙིང་པོ་གསུམ་གྱིས་བརྒྱན་པ་ལས་འགྲོ་ལྡིང་དང་། རྩེད་མོ་ཅན་དང་གྲུབ་པ་གཏུམ་པོ་རྩེད་མོ་ཅན་ངས་བཤད་པ་གང་ཡིན་པ་དང་། དེ་བཞིན་དུ་དེ་ལས་ཕྱག་རྒྱ་ འཇིག་རྟེན་གྱི་མ་ངས་བཤད་པ་དང་། དེ་ལས་སྙིང་པོའི་རྒྱལ་པོ་སྟོབས་པོ་ཆེ་བཤད་པ་འདི་དག་གི་ནང་ན་ནི་གདོང་དམར་བསྟན་པའི་ཕྱག་རྒྱ་སྟོབས་པོ་ཆེ་དེ་ཆོ་ག་རྒྱས་པ་དེའི་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ། །རིག་པ་མཆོག་གི་ཆོ་ག་རྒྱས་པ་ ཆེན་པོ་བཅོམ་ལྡན་འདས་མ་ལ་དྲག་ཏུ་སྐུལ་བར་བྱེད་པ་ངས་བཤད་པ་གང་ཡིན་པ་དང་། ཆོ་ག་རྒྱས་པ་ཆེན་པོ་འདི་དག་གི་ནང་ན་ནི་རིག་པ་མཆོག་གཙོ་བོ་ཡིན་པར་ངས་བཤད་དོ། །དེའི་ནང་ནས་ངས་བཤད་པའི་མཱ་མ་ཀཱིའི་ཕྱག་རྒྱའི་མཚན་ཉིད་གདོང་ དམར་དང་། ཀླུ་གོ་ཅན་དང་། ཕྲེང་བ་འཛིན་དང་། མཱ་མ་ཀཱི་ལ་དྲག་ཏུ་བསྐུལ་བའི་མཆོག་གི་ཕྱག་རྒྱ་འདི་རྣམས་དང་། ལྡན་པར་མཁས་པ་གང་ཞིག་ཟླ་བ་གཅིག་གི་བར་དུ་འཛིན་པར་བྱེད་ལ་སློངས་མོའི་ཟས་ཟ་ཞིང་ཚངས་པར་སྤྱོད་པ་དེས་ནི་དེ་བཞིན་དུ་ དུས་གསུམ་དུ་མཆོད་པ་བྱས་ཏེ། དེར་མཱ་མ་ཀཱིའི་མིང་བསྒྲགས་པ་ཡང་བརྗོད་ན་ཟླ་བ་ཚང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕྱག་རྒྱའི་ལྷ་དང་ཐབས་གཅིག་ཏུ་མཐོང་བར་འགྱུར་ཏེ། ཡིད་ལ་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་ ཟླ་བ་ཕྱེད་ཀྱི་བར་དུ་སློངས་མོའི་ཟས་བཟའ་ཞིང་ཁང་པ་སྟོང་པར་དུས་གསུམ་དུ་རིག་སྔགས་ཀྱི་རྒྱལ་པོ་སྟོང་དང་ལྡན་པར་མིང་ཡང་དག་པར་བརྗོད་པར་བྱའོ། །ཡང་ན་ཏ་ལའི་ལོ་མའམ་གྲོ་ག་ལ་བྲིས་ཏེ་མཆོད་ན་ཡང་ཟླ་བ་ཕྱེད་ཀྱིས་ཕྱག་རྒྱའི་ལྷ་མཐོང་ བར་འགྱུར་ཏེ། ཅི་འདོད་པ་བཞིན་དུ་ལྷ་དེ་བྱེད་པར་འགྱུར་རོ། །ཕྱག་རྒྱ་དེ་དག་ལས་གང་ཡང་རུང་བ་བཞག་ནས་བསྙེན་བཀུར་བྱས་ན་ཕྱག་རྒྱ་རྣམས་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཆད་ལས་ཐམས་ཅད་ལ་ཕྱག་རྒྱ་བཞག་ནས་ལས་བསྒྲུབ་པར་བྱའོ། །ཟླ་བ་ 100-1-262a གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་། ཁང་པ་སྟོང་པར་རིག་སྔགས་ཀྱི་རྒྱལ་པོས་མཱ་མ་ཀཱི་དང་གདོང་དམར་དང་། ཀླུ་གོ་ཅན་དང་། ཕྲེང་བ་འཛིན་དང་། ཕྱག་རྒྱའི་རྒྱལ་མོ་འདི་དག་ལ་བསྙེན་བཀུར་བྱས་ཏེ། མཇུག་ཞག་གསུམ་གྱི་བར་དུ་སྨྱུང་ བར་བྱས་ནས། དབེན་པའི་ཕྱོགས་སུ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་རྫས་དེ་དག་གིས་མཱ་མ་ཀཱིའི་གཟུགས་བྱས་ཏེ་གཞག་གོ། །གདོང་དམར་གྱི་གཟུགས་ཙན་དན་དཀར་པོའི་ཕྱེ་མ་ལས་བྱས་ཏེ་གཡས་ཕྱོགས་ སུ་གཞག་གོ། །ཀླུ་གོ་ཅན་དང་། ཕྲེང་བ་འཛིན་ནི་ཙན་དན་དམར་པོའི་ཕྱེ་མ་ལས་བྱས་ཏེ་གཞག་གོ། །དེ་ནས་རིག་སྔགས་འཆང་གི་ཕྱག་རྒྱ་དེ་དག་གི་མིང་བརྗོད་པར་བྱ་སྟེ། ལྷ་བཤོས་གཙང་མ་སྣ་ཚོགས་ཅི་འདོད་པ་ཡང་དབུལ་ལོ། །དེ་ནས་ རིག་སྔགས་འཆང་གིས་གློ་ཕྱོགས་སུ་བུམ་པ་བཞག་ལ། དེའི་ནང་དུ་ལུས་ཀྱི་ཡན་ལག་གི་གཟུགས་གཞུག་པར་བྱའོ། །དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་ཆུ་སྐྱོར་བ་རེ་རེ་ནས་ལན་བརྒྱད་སྟོང་ཚང་བའི་བར་དུ་ཕྱག་རྒྱ་ མཆོག་དེ་དག་ལ་བསྣུན་པར་བྱ། །དེ་ནས་ལྷ་དེ་དེར་འོང་བར་འགྱུར་རོ། །དེ་ནས་གང་འདོད་པ་དེ་ཉིད་བླང་བར་བྱའོ། །དེ་ནས་ཡིད་ལ་ཅི་བསམས་པ་དེ་ལྷ་དེས་བྱེད་པར་འགྱུར་རོ། །ཅི་སྟེ་ལས་འདི་བྱས་ཀྱང་མ་འོངས་ན་མཱ་མ་ཀཱིའི་ཕྱག་རྒྱ་རྣམས་ཀྱི་སྦྱིན་སྲེག་ ལན་བརྒྱ་བྱས་ན་ལྷ་དེའི་ཚིག་བཞིན་དུ་དེ་ཉིད་དུ་འོང་བར་འགྱུར་རོ། །དེ་ནས་ལྷའི་ཚོགས་དེ་དག་སྐྲག་ཅིང་སྒྱིད་ལུག་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེ་ལས་འདི་ནི་དྲག་ཅིང་མི་བཟད་ལ་གཏུམ་པ་ཡིན་གྱིས་ མིང་བརྗོད་པ་ཙམ་གྱིས་ཀྱང་དངོས་གྲུབ་ཆེན་པོ་སྦྱིན་པར་བྱ་ན། འཆང་བ་དང་མཆོད་པ་བྱེད་པ་གང་ཡིན་པ་ལྟ་ཅི་སྨོས། དུས་གསུམ་དུ་ཁྲུས་བྱེད་ལ་སློངས་མོའི་ཟས་ཟ་ཞིང་ཟླ་བ་གཅིག་གི་བར་དུ་བཅོམ་ལྡན་འདས་མ་རྣམས་ཀྱི་མིང་བརྗོད་པར་བྱ་བ་སྙིང་ དགའ་བར་བྱེད་པ་སྟོབས་པོ་ཆེས་བཤད་པ་དེས་ནང་པར་ལངས་ནས་དྲན་པར་བྱེད་ཅིང་གློག་པ་གང་ཡིན་པ་དེ་ལ་ནི་ལས་འགྲུབ་པ་སྦྱིན་ཞིང་རྟག་ཏུ་བསྲུང་བར་ཡང་བགྱིའོ། །ལྷ་རྣམས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སྙིང་དགའ་བར་བྱེད་པའི་ལས་ཀློག་ཅིང་ 100-1-262b རྗོད་པར་བྱེད་པ་དང་། མཱ་མ་ཀཱིའི་ལ་སོགས་པའི་ཕྱག་རྒྱའི་ཚོགས་རྣམས་ཆོ་ག་འདི་བཞིན་དུ་ཏ་ལའི་ལོ་མ་ལ་བྲིས་ཏེ་མཆོད་ཅིང་རི་མོར་བྱེད་པ་གང་ཡིན་པ་དེ་ལ་ང་ཡི་བཀས་ཁྱོད་ཀྱིས་དངོས་གྲུབ་སྦྱིན་པར་གྱིས་ཤིག །སུ་ངའི་བཀའ་གཅོག་པ་དེ་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ལ་སྙིང་རིངས་པ་ཡིན་ཏེ། དེའི་མགོ་བོ་ངས་རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་གཞོམ་པར་བྱའོ། །གང་ཞག་བདུན་གྱི་བར་དུ་མཱ་མ་ཀཱི་དང་བཅས་པའི་ཕྱག་རྒྱའི་ཚོགས་ཀྱི་ལས་ནང་པར་ཞིང་ཀློག་པར་བྱེད་པ་དེ་ལ་ནི་ དེ་དག་གིས་དགའ་བའི་སེམས་ཀྱིས་མྱུར་དུ་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་ཏེ། རྨི་ལམ་དུའང་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་འང་རྟག་ཏུ་རྗེས་སུ་ འབྲང་བར་འགྱུར་རོ། །རྡོ་རྗེའི་རིགས་ཀྱང་རྟག་ཏུ་སྟོན་པར་བྱེད་དོ། །ཆོ་ག་འདི་དག་ལྟར་ཕྱག་རྒྱའི་ཚོགས་ཀྱི་མིང་བརྗོད་ན་ཡང་། སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་ན་མཱ་མ་ཀཱི་འཆང་བ་དང་། ཀླུ་གོ་ཅན་ཆེན་མོ་དང་། ཕྲེང་བ་འཛིན་དང་། གདོང་དམར་རྣམས་འཆང་བ་དང་། དྲན་པ་དང་མཆོད་པར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྐྱེ་བར་འགྱུར་བ་ནི་གནས་མེད་དོ། །སྐལ་བ་མེད་ཅིང་བསོད་ནམས་མ་བྱས་པ་གང་ཡིན་པ་དེ་དག་གིས་ནི་མིང་ཡང་མི་ཤེས་སོ། ། བསོད་ནམས་བྱས་པ་གང་ཡིན་པ་དེ་ནི་ལག་ན་རྡོ་རྗེས་ཡོངས་སུ་གཟུང་བ་དང་། ལག་ན་རྡོ་རྗེའི་བུ་ཡིན་ཏེ་དེ་དག་གིས་ནི་མཱ་མ་ཀཱི་དང་། ཀླུ་མགོ་ཅན་ཆེན་མོ་དང་། གདོང་དམར་དང་། ཕྲེང་བ་འཛིན་རྣམས་ཀྱི་མིང་ཐོས་པར་འགྱུར་རོ། །རྡོ་རྗེ་ རིགས་གཙོ་བོར་གཏོགས་པ་དེ་ལས་ཤི་འཕོས་ནས་འདིར་སྐྱེས་པ་གང་ཡིན་པ་དེ་དག་གིས་ནི་དེ་དག་མཐོང་བར་འགྱུར་ཏེ། མིང་བརྗོད་པ་དང་། ལྷག་པར་ཡང་བསྒྲུབ་པར་འདོད་པ་གང་ཡིན་པ་ལ་རིག་སྔགས་ཀྱི་རྒྱལ་པོ་ཚོགས་དང་བཅས་པ་དེ་དག་གིས་ དངོས་གྲུབ་སྦྱིན་པར་འགྱུར་རོ། །གང་གི་ཉིན་པར་ཡང་རུང་སྟེ། ཟས་སུ་འོ་མ་དང་། འབྲས་ཅན་བཟའ་ཞིང་བཅོམ་ལྡན་འདས་མ་ལག་ན་རྡོ་རྗེ་དང་བཅས་པ་ལ་མཆོད་པ་ཕྱིད་དེ་ཉིན་པར་སྨྱུང་བ་བྱས་ཏེ། དེ་ནས་རིག་སྔགས་འཆང་དུས་གསུམ་དུ་ཁྲུས་ 100-1-263a བྱས་པས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བཅོམ་ལྡན་འདས་མ་ལ་མཆོད་པ་བྱའོ། །དེ་ནས་ཕྱེམ་རེད་ལག་ན་པོག་ཕོར་ཐོགས་ལ་གཙོ་བོ་ལག་ན་རྡོ་རྗེ་དང་བཅོམ་ལྡན་འདས་མ་སྤྱན་དྲང་བར་བྱའོ། །དེ་ནས་ནུབ་མོ་རྨི་ ལམ་དུ་ལྷ་མོ་མཐོང་བར་འགྱུར་རོ། །དེ་ནས་ནང་པར་ལངས་ཏེ་ཁྲུས་བྱས་ལ་གཙོ་བོ་ལག་ན་རྡོ་རྗེ་དང་། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་བླ་མ་དང་། དགེ་སློང་གང་ཡང་རུང་བ་གཅིག་དང་། བདག་དང་མི་གསུམ་ལ་མཆོད་སྟོན་བྱས་ཏེ། བླ་མ་ནི་ རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླ་མའི་སྟན་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་འདུག་དུ་གཞུག་གོ། །དགེ་སློང་གཅིག་ཤོས་ནི་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་དུ་གཞུག་ཅིང་གཟུགས་བཟང་མ་བཟླས་བརྗོད་བྱེད་བཞིན་དུ་ གཞུག་པར་བྱའོ། །བདག་ནི་སྤྱན་བཟླས་བརྗོད་བྱེད་བཞིན་དུ་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་བླ་མའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བར་བྱའོ། །དགེ་སློང་དེ་ལ་ཡང་དབུལ་བར་བྱའོ། །བདག་གི་རྐང་པ་ལ་ཡང་དབུལ་བར་ བྱའོ། །བླ་མ་ལ་ནི་ས་མ་ཏའི་ཁུ་བ་ལ་སོགས་པ་ཟས་སྣ་ཚོགས་སྦྱིན་པར་བྱའོ། །དགེ་སློང་དེ་ལ་ནི་འོ་མའི་ཐུག་པ་དང་། ཞོའི་ཐུག་པ་དང་། སྦྱར་ཐུག་གི་ཟས་སྦྱིན་པར་བྱའོ། །བདག་གིས་ཀྱང་དེ་བཞིན་དུ་ཞོ་དང་། འོ་མ་དང་། མར་ལ་སོགས་ པ་དང་ལྡན་པའི་ཟས་གནང་བ་གང་ཡིན་པ་རྣམས་བཟའ་བར་བྱ་སྟེ། མགོ་མཉམ་དུ་ཟས་བཟའ་ཞིང་ཟས་སློང་བ་ལ་གང་གིས་ཀྱང་ཟས་སྦྱིན་པར་མི་བྱའོ། །བླ་མའི་སྣོད་ནི་རིག་སྔགས་ཀྱི་རྒྱལ་པོས་གདབ་པར་བྱའོ། །དགེ་སློང་དེའི་ ཡང་གཟུགས་བཟང་མས་གདབ་བོ། །བདག་གི་ནི་བཅོམ་ལྡན་འདས་མ་བཏབ་སྟེ་བཟའ་བར་བྱའོ། །དེ་ནས་ཟོས་ཟིན་ནས་བླ་མ་ལ་རྡོ་རྗེའི་རིགས་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག །དགེ་སློང་ལ་ཡང་ཕྱག་རྒྱའི་ཚོགས་ བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག །བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་པོ་གཟུགས་བཟང་མ་དང་སྤྱན་མ་བཟླས་བརྗོད་བྱེད་བཞིན་དུ་ཆོ་ག་རྒྱས་པའི་ལྷ་རྡོ་རྗེའི་རིགས་དང་བཅས་པ་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲ་བར་ 100-1-263b བྱ་སྟེ། བླ་མའི་ལག་པ་གཡས་པ་ནས་བཟུང་ནས་ལན་གསུམ་དུ་སྨྲོས་ཤིག །དེ་ནས་ཆོ་ག་རྒྱས་པའི་ལྷ་ཐམས་ཅད་རྡོ་རྗེ་རིགས་དང་བཅས་པ་རྣམས་གྲུབ་པར་འགྱུར་ཏེ། དེའི་ནུབ་མོ་ནམ་ཕྱེད་ཀྱི་དུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལྷ་ ཐམས་ཅད་ཀྱིས་བསྐོར་བ་མཐོང་བར་འགྱུར་ཏེ་ནང་པར་མཆོད་པ་བྱའོ། །འདི་ནི་ལས་ཐམས་ཅད་ཀྱི་ནང་ན་ལས་དམ་པ་སྟེ་མཆོག་ཏུ་གསང་བ་ཡིན་ནོ། །ཇི་ལྟར་ཚོགས་ཐམས་ཅད་ཀྱི་ནང་ན་རིག་སྔགས་ཀྱི་རྒྱལ་པོ་མཆོག་ཡིན་པ་བཞིན་དུ་ མཱ་མ་ཀཱི་དང་། ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་དང་། གདོང་དམར་རྣམས་ཀྱང་དེ་དང་འདྲ་བར་བསྟན་ཏེ། དེ་ལྟར་ན་འདི་ནི་ལས་ཐམས་ཅད་དུ་ལྷ་ཐམས་ཅད་ལ་དྲག་ཏུ་བསྐུལ་བ་ཞེས་བྱ་བ་དང་། ལྷ་རྣམས་དབང་དུ་བྱེད་པ་ཞེས་བྱ་བ་ཡིན་ཏེ། ཆོ་ ག་རྒྱས་པ་འདི་ཁང་སྟོང་གཙང་མར་གདོན་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་མཱ་མ་ཀཱིའི་ཚོགས་དང་བཅས་པར་ངེས་པར་འགྲུབ་པར་འགྱུར་རོ། །ནང་པར་ལངས་ནས་ཚོགས་རྣམས་དང་། མཱ་མ་ཀཱི་དང་ བཅས་པའི་མིང་ཡང་དག་པར་དྲན་པར་བྱེད་པ་གང་ཡིན་པ་དེ་ནི་མཚམས་མེད་པ་འང་གྲོལ་བར་འགྱུར་ཏེ། དེའི་ཕ་རོལ་ཏུ་ཕྱིན་པ་རྣམས་འཕེལ་བར་འགྱུར་རོ། །དེ་ནས་མཱ་མ་ཀཱི་བསྒྲུབ་པར་བྱ་སྟེ། ཐོག་མར་གཟུགས་བཟང་མས་ལས་ བྱས་ལ་དེ་ནས་མཱ་མ་ཀཱི་བཟླས་བརྗོད་བྱ་སྟེ། དེར་མཱ་མ་ཀཱིས་བསྟན་ན་ལྷ་ཐམས་ཅད་འོང་བར་འགྱུར་ཏེ། དེ་དག་ལ་གཟུགས་བཟང་མས་དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བར་བྱའོ། །ཇི་ལྟར་བསྟན་པ་བཞིན་དུ་རིག་སྔགས་འཆང་གིས་བླ་མ་ལ་ མཆོད་པ་བྱས་ནས་མཱ་མ་ཀཱི་བླང་བར་བྱའོ། །བླ་མས་ཀྱང་སེམས་མཉམ་པར་བཞག་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་མཱ་མ་ཀཱི་སླངས་ ནས་དངོས་གྲུབ་བླངས་པར་བྱས་ཏེ། བླ་མས་གང་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་རོ། །ལྷ་རྣམ་ངས་ཀྱང་མཱ་མ་ཀཱི་བླངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ། །རིག་སྔགས་འཆང་མཱ་མ་ཀཱིའི་མཆོད་དམ་འཆང་བར་བྱེད་པ་གང་ཡིན་པ་དེ་ལ་ 100-1-264a ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་འགྱུར་བས་རིག་སྔགས་འགྲུབ་པར་འགྱུར་ཏེ། །ངན་འགྲོའི་འཇིགས་པ་ཡང་མེད་པར་འགྱུར་རོ། །མཱ་མ་ཀཱི་ལ་ཕྱག་འཚལ་ཞིང་མེ་ཏོག་ གིས་མཆོད་པ་བྱེད་པ་དང་། དྲི་དང་། བདུག་པ་དང་། གསེར་གྱིས་མཆོད་པ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པའི་རང་བཞིན་ལ་བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། བརྗོད་པ་དང་། མཆོད་པ་བྱས་པར་འགྱུར་རོ། །གང་གིས་མཱ་མ་ཀཱིའི་སྐུ་གཟུགས་ བྱས་ལ་ཆོ་ག་སྔ་མ་བཞིན་དུ་བཞག་ནས་ཀུ་ཤའི་སྟན་ལ་འདུག་སྟེ། ཉི་མ་བཟང་བ་ལ་པད་མ་སྟོང་གིས་བསྣུན་ན་མཱ་མ་ཀཱིའི་ཁོང་ནས་འོད་ཟེར་ཅིག་འབྱུང་སྟེ། རིག་སྔགས་འཆང་དེ་ལ་གཡས་ཕྱོགས་སུ་བསྐོར་ནས་རྣ་བ་གཡས་པའི་ནང་དུ་འཇུག་ པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མངོན་པར་ཤེས་པ་ཐོབ་པར་འགྱུར་ཏེ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་བར་འགྱུར། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་ དང་བཅས་པ་ཡང་མཐོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རིག་སྔགས་བླངས་ནས་དགའ་ལྡན་གྱི་གནས་སུ་འཇོག་པར་བྱེད་དོ། །འཕགས་པ་བྱམས་པ་དང་། ལྷན་ཅིག་ཏུ་གནས་པར་འགྱུར་རོ། །མཱ་མ་ཀཱི་སྨན་བརྒྱད་དང་ལྡན་པ་ མཐོང་བ་གང་ཡིན་པ་དེ་ནི་མཐོང་བས་ཆོ་ག་རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་འགྲུབ་པར་འགྱུར་བའི་མཚན་མ་དག་ཀྱང་འབྱུང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་གྱི་བར་དུ་ཡང་འགྱུར་རོ། །བཅོམ་ལྡན་འདས་མའི་ཆོ་ག་ ཡང་བཤད་པར་བྱ་སྟེ། བསྒྲུབ་པ་ཐམས་ཅད་ལ་ཕྱག་རྒྱ་གཅིག་གཞག་པར་བྱའོ། །ཕྱག་རྒྱས་བཏབ་ན་བསྒྲུབ་པ་ལ་མྱུར་དུ་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །དམ་ཚིག་མི་ཤེས་པ་ལ་ནི་ཕྱག་རྒྱ་བསྟན་པར་མི་བྱའོ། །གང་གི་ཚེ་ རིག་སྔགས་འཆང་གིས་རིག་སྔགས་འཆང་ལ་ཕྱག་རྒྱ་བསྟན་པ་དེའི་ཚེ་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་འགྲོན་བུ་བརྒྱད་རྒྱས་རྡོ་རྗེ་བྱས་ལ་རྡོ་རྗེ་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ། །བླ་མ་ལ་དད་པས་ཀྱང་རྡོ་རྗེ་ལ་མཆོད་ཡོན་ 100-1-264b ཕུལ་ནས་བླ་མ་ལ་ཡོན་ཕུལ་ཏེ་ཕྱག་རྒྱ་བལྟ་བར་བྱའོ། །མཐོང་ན་ལག་ན་རྡོ་རྗེ་མཐོང་བ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟན་པར་བྱའོ། །སྡིག་པ་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། །སྡིག་པ་གང་ཡིན་པ་དེ་དག་གིས་ནི་ ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་མི་ཤེས་ཏེ། དགེ་བའི་རྩ་བ་བསགས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་འདི་ཐོབ་པར་འགྱུར་རོ། །ངའི་ཕྱག་རྒྱའི་ཚོགས་གསང་བ་འདི་ནི་གཙང་བ་དང་། དབེན་པར་བལྟ་བར་བྱ་སྟེ། ཕྱག་རྒྱ་མཐོང་བ་གང་ ཡིན་པ་དེ་དག་ལ་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་ལག་དུ་སོན་པ་ཡིན་ནོ། །རིག་སྔགས་འཆང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་དྲུང་དུ་བླ་མ་ལ་དཔག་ཏུ་མེད་པའི་ཡོན་ཕུལ་ལ་བླ་མའི་ ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་མནོད་པར་བྱ་སྟེ། བླ་མ་ལ་དད་པ་དེ་ལ་མངོན་པར་དགའ་བའི་དངོས་གྲུབ་སྦྱིན་པར་བྱའོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ་ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། ། དེ་ནས་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་སྦྱོར་བ་བྱས་ན་ནི་ཕྱག་རྒྱ་མ་རུང་བར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་སམ། སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་བཀོད་ནས་ཕྱག་རྒྱ་ལ་ལྟ་བ་གང་ཡིན་པ་དེ་ དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བར་བྱ་སྟེ་དེ་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ། །ང་གང་ན་འདུག་པ་དེ་ན་ཕྱག་རྒྱ་གནས་ལ། ཕྱག་རྒྱ་གང་ན་གནས་པ་དེ་ན་ང་འདུག་སྟེ། ང་མཐོང་བས་དེ་དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་ པར་འགྱུར་རོ། །ལུས་ཞིག་པའི་ཚེ་ཡང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བ་འམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་ཕྱག་རྒྱ་ལྟ་བར་བྱེད་ན་ཕྱག་རྒྱའི་དབྱིབས་ལག་པའི་ཚུལ་གྱིས་བསྟན་པར་བྱའོ། །དཀྱིལ་འཁོར་དུ་ཡང་དབྱིབས་སུ་བྲི་བར་བྱ་སྟེ། དེ་མཐོང་ནས་ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས་ 100-1-265a བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས་གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས་བཅོམ་ལྡན་ འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གང་ཁྱོད་ ཀྱིས་རིག་པ་མཆོག་གི་ཆོ་ག་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན། བསྟེན་པར་དགའ་བ་ཡིན། ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་ པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ་དེ་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པ་གསང་སྔགས་ཀྱི་འཁོར་ དང་བཅས་པ་གང་ཐོས་ནས་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱུང་བར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་བརྒྱད་བཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱོད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་། སྨྱུང་བར་མ་བྱས་པ་ཡང་སྨྱུང་བ་ བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་བསྲུང་བ་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བ་བཤད་པར་བྱའོ། །དེ་ནས་བཅོཾ་ལྡན་འདས་ལག་ན་རྡོ་རྗེ་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་དཀྱིལ་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་ 100-1-265b འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ་ཁྱོད་ནི་གླང་པོའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཡིན། ཁྱོད་ནི་བདེན་ པའི་སྤྲིན་ཡིན། ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན། ཁྱོད་ཀྱི་མིང་འདི་དག་མཁས་པ་གང་གིས་ཐོས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་བསྟན་པ་དེས་ནི་དགའ་ ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསྶཾ་གྷཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། ཏདྱ་ཐཱ། ཨཊྚེ་མཊྚེ་ཁ་རཊྚེ། སཽ་མེ་ས་མ་མུ་ཁི་ཧི་ རི། ཐི་རི་མི་རི་ཀི་རི། བྷི་བྷི་བྷི། སི་ནི་སིདྡྷེནྟུ་སརྦ་ཀཱརྱཱ་ནི། མནྟྲ་པ་དཱཿསྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ལེགས་སོ་ལེགས་སོ། །འདི་ལྟར་གསང་ཆེན་བཀའ་སྩལ་པ། གང་ལགས་པ་ནི་བདག་ལགས་ཏེ་བཅོམ་ལྡན་འདས་དེ་དེ་ལེགས་སོ། །དེ་དེ་ལེགས་ཏེ། བཅོམ་ལྡན་འདས་རིག་པ་མཆོག་གི་བསྒྲུབ་པས་བཟླས་བརྗོད་བགྱིས་པ་དང་། བསྒྲུབ་པའི་ཚེ་མཆོད་པ་བགྱིས་པ་མིང་བརྒྱད་པ་བཀླག་པར་བགྱིའོ། །བཀླགས་ན་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་བར་མི་འགྱུར་ལ་ལྷ་རྣམས་ཀྱང་དགའ་ནས་མྱུར་དུ་དངོས་ གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་ 100-1-266a མེད་པ་ལྔ་བགྱིས་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་ཞེས་བདག་མཆིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་གི་དཀྱིལ་འཁོར་རྣམས་བྲི་བར་ བགྱིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་གི་ལུས་ཀྱི་དཀྱིལ་འཁོར་ནས་མཚན་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་རིག་པ་མཆོག་ཀྱང་ལན་འབུམ་བཟླས་བརྗོད་བགྱིས་ན་ལག་ན་རྡོ་རྗེ་བདག་ཉིད་མཆིས་ ནས་ལག་པས་བླངས་ཏེ་གང་དང་གང་དུ་མཆི་བ་དེ་དང་དེར་ཁྲིད་ཅིང་ལག་ན་རྡོ་རྗེ་དང་འདྲ་བར་སེམས་ཅན་རྣམས་ཀྱིས་བསམས་པ་འཚལ་བར་འགྱུར་ལ། གདུལ་བའི་སེམས་ཅན་རྣམས་ཇི་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུར་ཆོས་སྟོན་དེ་བྱུཾབ་ སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བར་འགྱུར་བ་དང་། འཆི་བའི་ཚེ་ཡང་བདག་ཉིད་གཟུགས་སྣ་ཚོགས་སུ་མཐོང་བར་འགྱུར་བ་དང་བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་ཡོངས་སུ་འཛིན་ པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བསྐུལ་བ་དང་། ཡོངས་སུ་བསྲུང་བར་བགྱི་བ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེའི་ལས་རྣམས་འབྱུང་སྟེ། རིག་པ་མཆོག་བསྒྲུབ་ པའི་རིག་སྔགས་འཆང་དམ་ཚིག་ཉམས་པས་བག་མེད་པའི་དབང་གིས་མི་གསད་པ་ལ་སོགས་པ་བྱས་སམ། ཉ་དང་། ཤ་དང་། ཤ་ཟོས་སམ་གྲོང་བྱས་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལན་ བརྒྱད་སྟོང་བཟླས་བརྗོད་བྱས་ན་དམ་ཚིག་སྐོངས་པར་འགྱུར་རོ། །དཀྱིལ་འཁོར་དུ་མ་ཞུགས་པས་ཀྱང་དེ་ལྟར་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པ་ན་རིག་སྔགས་འཆང་གིས་ཟན་ ཟ་བའི་ཚེ་སློངས་མོའི་ཟས་ལ་ལན་གསུམ་བཟླས་བརྗོད་བྱས་ནས་མིང་བརྒྱད་པ་ལན་ཅིག་བཏོན་དེ་ཟོས་ན་ཁ་ཟས་ངན་པ་དག་པར་འགྱུར་ལ། སྦྱར་བའི་དུག་གིས་ཀྱང་མི་ཚུགས་པར་འགྱུར་རོ། །དེ་ལྟར་མ་བྱས་ན་ཤ་བསྟེན་པས་ལོག་འདྲེན་ 100-1-266b རྣམས་ཀྱིས་ཚུགས་པར་འགྱུར་ཏེ། ལོག་འདྲེན་རྣམས་ཀྱིས་གཙེས་པ་ལ་ནི་རིག་པ་མཆོག་འགྲུབ་པར་མི་འགྱུར་རོ། །ལས་རྣམས་ལ་རིག་པ་མཆོག་གིས་བྱས་ན་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བྱང་ཆུབ་ སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བགེགས་རྣམས་དང་། གདོན་རྣམས་ནི་མི་བཟད་པ་སྟེ། བསྒྲུབ་པ་པོ་རྣམས་ལ་རྟག་དུ་གླགས་ཚོལ་ལོ། །སེམས་ཅན་ སྣ་ཚོགས་དང་། སྒྲུབ་པ་པོ་རིག་སྔགས་དང་། གསང་སྔགས་བརྩོན་པ་གང་ཡིན་པ་དེ་དག་གི་ཆོ་ག་ཉམས་པ་ལ་ཡང་གདོན་རྣམས་རིམས་ལ་སོགས་པའི་གནོད་པས་འཚེ་བར་བགྱིད་དེ་བཅོམ་ལྡན་འདས་དེ་དག་ལ་ཕན་པའི་ཕྱིར། བདེ་བླག་དུ་ འགྲུབ་པར་འགྱུར་བའི་ཐབས་གང་གིས་ལོག་འདྲེན་རྣམས་བསལ་ནས་བདེ་བླག་དུ་གསང་སྔགས་འགྲུབ་པར་འགྱུར་བ་དང་། ཇི་ལྟར་འདོད་པ་བཞིན་དུ་བདེ་བར་གནས་པར་འགྱུར་བའི་གསང་ཆེན་བསྡུས་པའི་ཆོ་ག་འབའ་ཞིག་བཤད་པར་ གསོལ། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་ཁྱོད་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་བརྩོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་ལེགས་སོ་ལེག་ སོ། །དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྡོ་རྗེ་སྡེ་ཕྱག་རྒྱ་ཆེན་པོ་འབར་བ་སྟོབས་པོ་ཆེ་དོན་ཐམས་ཅད་འགྲུབ་པ། ཆོ་ག་བཞིན་དུ་ཚུལ་བསྟན་པ་ཙམ་གྱིས་དེ་མ་ཐག་ཏུ་ལས་ཐམས་ཅད་བྱེད་པ་དང་གདོན་ཐམས་ ཅད་ཀྱང་སྐྲག་པར་བྱེད་པ། བགེགས་རྣམས་ཀྱང་འཇིགས་པར་བྱེད་པ་དང་། ལྷ་རྣམས་ཀྱང་འགྲུབ་པར་བྱེད་པ། ཀླུ་རྣམས་ཀྱང་འདྲེན་པར་བྱེད་པ། འབྱུང་པོ་རྣམས་ཀྱང་སྐྲོད་པར་བྱེད་པ་དང་། རྟག་ལ་སོགས་པ་མཆེ་བ་ཅན་རྣམས་ཀྱང་ འབྱེར་བར་བྱེད་པ་དང་། དེ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་དོ། །དེ་དག་ཀུན་གྱི་མི་རྣམས་དང་། །མཚན་ཉིད་དང་ནི་དབྱིབས་རྣམས་དང་། །སོ་སོ་ཡི་ནི་ལས་རྣམས་ཀྱང་། །མདོ་ཙམ་རབ་ཏུ་བཤད་པར་བྱ། །བགེགས་རྣམས་དང་ནི་གསང་བ་དང་། ། 100-1-267a འཁྲུལ་འཁོར་གཞོམ་པར་བསྟན་པ་ལ། །སྔགས་རྣམས་ཕྱག་རྒྱར་སྦྱར་ན་ནི། །མྱུར་དུ་ལས་རྣམས་ངེས་པར་བྱེད། །ལྷ་ལ་སོགས་པ་གཟི་ཆེན་རྣམས། །སྔོན་གྱི་དཀྱིལ་འཁོར་འདུས་པ་ཡི། །ལྷ་རྣམས་ཀུན་ལ་བདག་གིས་ ནི། །ཕྱག་རྒྱ་དམ་ཚིག་བཅས་པས་ན། །ཕྱག་རྒྱ་དག་གིས་ལྷ་རྣམས་ཀུན། །བྱམས་པ་ཡི་ནི་སེམས་སུ་འགྱུར། །འགལ་བར་བྱེད་པ་གང་དེ་དག །རྡོ་རྗེ་འཛིན་པས་གསད་པར་འགྱུར། །སྟོབས་ཆེན་ཕ་རོལ་གནོན་པ་དང་། །རྫུ་འཕྲུལ་ཆེ་བའི་ལྷ་དེ་དག །རིག་མཆོག་རྒྱུད་ ཀྱི་གཡོག་འཁོར་དུ། །བྱ་བའི་ཕྱིར་ན་བཤད་པ་ཡིན། །རིག་སྔགས་ཁྲོ་བོ་ཕོ་ཉ་མ། །རིགས་དང་ཉེ་བའི་རིགས་ཀྱི་ལྷ། །རྣལ་འབྱོར་མ་ནི་གང་བསྟན་པ། །དེ་དག་ཕྱག་རྒྱ་བཤད་པ་ཡིན། །རིག་མཆོག་རྩ་བའི་ཕྱག་རྒྱ་རྣམས། །ཐོག་མར་ རབ་ཏུ་བསྟན་པ་ཡིན། །དེ་ནི་སྙིང་པོའི་ཕྱག་རྒྱ་དང་། །ཉེ་བའི་སྙིང་པོ་རབ་ཏུ་བཤད། །རིག་སྔགས་རྒྱལ་པོ་གནོད་མཛེས་ཀྱི། །ཕྱག་རྒྱ་ལས་ཀུན་བྱེད་པ་དང་། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི། །བཀུག་པའི་ལས་ལ་སྦྱོར་བར་བྱ། ། དེ་བཞིན་ཕྱག་རྒྱ་ཆེན་པོ་བརྒྱད། །བརྩོན་འགྲུས་ཆེ་ཞིང་གཟི་བརྗིད་ཆེ། །རབ་ཏུ་གཏུམ་ཞིང་ལས་ཀུན་ལ། །ལག་ན་རྡོ་རྗེའི་མཐུ་དང་ལྡན། །རྒྱལ་བ་དང་ནི་རྣམ་པར་རྒྱལ། །མཱ་མ་ཀཱི་དང་གདོང་དམར་དང་། །ཕྲེང་བ་འཛིན་དང་ཀླུ་ མགོ་ཅན། །རྣ་ཆ་གདོང་དང་འོད་ཟེར་ཕྲེང་། །ཕྱག་རྒྱ་ཆེན་པོ་བརྒྱད་བཤད་པ། །ལག་ན་རྡོ་རྗེ་གཟི་ཆེན་གྱི། །ཡན་ལག་ཀུན་ལ་འབྱུང་བ་ཡིན། །བདག་གིས་བཤད་པ་གང་ཡིན་པའི། །གདོན་གྱི་དཀྱིལ་འཁོར་ལས་བཤད་པ། །བཅྭ་ བརྒྱད་པོ་ནི་བརྩོན་འགྲུས་ཆེ། །མེ་ལྕེ་འབར་བའི་དེ་དག་དང་། །ཕྱག་རྒྱ་དྲུག་བཅུ་རྩ་བཞི་གང་། །ལས་ཀྱི་དཀྱིལ་འཁོར་ལས་བཤད་དང་། །རྡོ་རྗེ་འཕགས་བྱེད་དཀྱིལ་འཁོར་ལས། །ཕྱག་རྒྱ་བསྟན་པ་གང་ཡིན་དང་། །དེ་དག་གི་ནི་གཙོ་བོ་ ཡི། །ཕྱག་རྒྱ་མདོར་བཤད་གང་ཡིན་པ། །དེ་དག་གི་ནི་ཚུལ་དང་རྟགས། །ལས་རྣམས་ཀྱང་ནི་བསྟན་པར་བྱ། །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་རིག་པ་མཆོག་སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་ 100-1-267b པའི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། མདུན་དུ་ལག་ངར་ལྷན་ཅིག་ཏུ་སྦྱར་ལ་སོར་མོ་ཕན་ཚུན་བསྣོལ་ཏེ། ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་ལ་གཤིབས་ལ། དེའི་ཕྱི་རོལ་གྱི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་དབྱིབས་སུ་བྱས་ནས་ མཐེ་བོང་གཉིས་རྡོ་རྗེའི་དབྱིབས་ལྟར་རབ་ཏུ་བཞག་པ་ནི་བཅོམ་ལྡན་འདས་རིག་པ་མཆོག་གི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སྤྲད་དེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་མོའི་ཕྱག་རྒྱའོ། །སྤྱན་དྲང་བ་ནི་རིག་སྔགས་ ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིག་དྲང་པོར་བསྟན་པར་བྱ་སྟེ། རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ཡིན་ནོ། །སླར་བཏང་བ་ནི་དེ་ཉིད་ལས་མཛུབ་མོ་གཉིས་ཅུང་ཟད་བརྐྱང་ བར་བྱས་ཏེ་ཤུགས་ལྡན་གྱི་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་བཤིབས་པའི་ཕྱི་རོལ་གྱི་ཚིག་དྲང་པོར་མཛུབ་མོ་གདུ་བུ་ལྟར་བཀུག་སྟེ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ། །ཚིག་དབུ་མར་བཞར་བ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ། ། མཛུབ་མོའི་ཐོར་ཏོ་མཉམ་དུ་གཤིབས་པ་ནི་བློ་གྲོས་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་རྒྱབ་ཏུ་བསྡམས་ཏེ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་སྤྲད་དེ་བཞག་པས་ མཐེ་བོང་གཉིས་མནན་པ་ནི་རལ་གྲི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཚིགས་རེ་རེ་བཀུག་སྟེ། མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོ་རབ་ཏུ་གྲུབ་པར་བྱེད་པའི་རྩ་བའི་ཕྱག་རྒྱའོ། །དེ་ལས་ མཛུབ་མོ་གཉིས་བརྐྱང་བ་ནི་དབང་ཕྱུག་ཆེན་པོའིའོ། །དེ་ཉིད་ལས་མཐེ་བོང་ཅུང་ཟད་བཀུག་པ་ནི། ལྷ་མོ་རྩེ་གསུམ་ཀ་གདེང་གི་ཕྱག་རྒྱའོ། །སྙིང་པོའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཚིགས་དང་པོ་བཀུག་པ་ནི་སངས་རྒྱས་ བཅོམ་ལྡན་འདས་ཀྱིས་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཏང་སྟེ་ཚིགས་རེ་རེ་བཀུག་ལ། འོག་ཏུ་ཕན་ཚུན་སྤྲད་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཕྱི་རོལ་ཏུ་མ་ཕྲད་པར་བཟུང་བ་ནི་པད་མ་འཛིན་གྱི་ 100-1-268a ཕྱག་རྒྱའོ། །གཏུམ་སེལ་གྱི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཅུང་ཟད་བརྐྱང་བ་ནི་དཔལ་ཆེན་མོའི་ཕྱག་རྒྱའོ། །དེ་ཉིད་ལས་ཚིགས་དང་པོའི་སྟེང་དུ་བཞག་པ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །ཚིགས་རེ་རེ་བཀུག་སྟེ། མཐེ་བོང་གཉིས་ ཀྱི་ཕྱི་རོལ་ཏུ་གཞར་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །སེན་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། །དེ་བཞིན་དུ་རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་ཚིགས་རེ་རེ་བཀུག་པ་ནི་རྫོང་གི་འཕགས་མའི་ཕྱག་རྒྱའོ། །དེ་ཉིད་ ལས་མཐེ་བོང་གཉིས་སོ་སོར་སྦས་པ་ནི་རལ་པ་གཅིག་པའི་ཕྱག་རྒྱའོ། །རལ་པ་གཅིག་པའི་ཕྱག་རྒྱ་ཉིད་ལས་ཚིགས་གཅིག་བཀུག་པ་ལས་གཤིབས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྫོང་གི་འཕགས་མའི་ ཕྱག་རྒྱ་ལས་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པ་ཡིད་ཙམ་གྱིས་བཀུག་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ ཡིད་ཙམ་ཕྱིར་བགྱེད་པ་ནི་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ལས་ཕྱེ་སྟེ་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ནི་ཤུགས་ལྡན་མ་ཡང་ ཡིན་ནོ། །སྙིང་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་པ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཉེ་བའི་སྙིང་པོའི་ཕྱག་རྒྱ་ལས་དེ་བཞིན་དུ་མཛུབ་མོ་གཉིས་མཐེ་བོང་ལ་རེག་པ་བྱས་པ་ནི་རྡོ་རྗེ་ཁྲོ་བོ་ མཛེས་པའི་ཕྱག་རྒྱའོ། །འདོད་པའི་རྡོ་རྗེ་མའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །མཛུབ་མོ་གཉིས་ཅུང་ཟད་ཕྱེ་བ་ནི་ཚངས་པའི་མིག་གི་ཕྱག་རྒྱའོ། །བློ་གྲོས་རྡོ་རྗེ་ཕྱག་རྒྱ་ལས་མཐེ་བོང་གཉིས་སྦས་པ་ནི་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་འབྲུ་ བཞི་པའི་ཕྱག་རྒྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུ་བཞི་པའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །མཛུབ་མོ་ཅུང་ཟད་ཕྱེ་བ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ། །དགའ་བྱེད་གདོང་གི་ཡང་དེ་ཉིད་ཡིན་ནོ། །མཐེ་བོང་གཉིས་སྦས་པ་ནི་ 100-1-268b གཙུག་ཏོར་ཐུབ་མེད་ཀྱི་ཕྱག་རྒྱའོ། །མཛུབ་གཉིས་བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་ཚིགས་དྲང་པོར་བརྟན་པ་ནི་རྡོ་རྗེ་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །ཚིགས་དབུས་མར་བསྟན་པ་ན་འཕགས་པ་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱའོ། །མཐུར་དུ་ བསྟན་པ་ནི་ཕུར་བུ་གསུམ་པའི་ཕྱག་རྒྱའོ། །རལ་གྲི་ཕྱག་རྒྱ་ལས་གཤིབས་པའི་རྩེ་མོ་བཀུག་པ་ནི་དབང་ཕྱུག་ཆེན་པོའི་མཚན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྦྱར་བ་ནི་ཉི་མའི་ནམ་མཁའི་ཕྱག་རྒྱའོ། །རབ་ཏུ་འགྲུབ་པར་ བྱེད་པའི་མཛུབ་མོའི་ཚིགས་གཉིས་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་འགྲུབ་པའི་ཕྱག་རྒྱའོ། །རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སྲིན་པོའི་ཕྱག་ རྒྱའོ། །རྩེ་གསུམ་ཀ་གདེང་གི་ཕྱག་རྒྱ་ལས་མཐེ་བོ་སྦྱར་བ་ནི་མ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་བཤིབས་པའི་ཕྱི་རོལ་ནས་གདུ་བུ་ལྟར་དཀྲིས་པ་ནི་རྡོ་རྗེ་སྒྲོགས་ཀྱི་ཕྱག་རྒྱའོ། །དེ་ལྟར་འདུག་བཞིན་ དུ་བཀུག་པ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྐྱ་ལས་མཛུབ་མོ་ཕྱེ་སྟེ། གདུ་བུ་ལྟར་བྱས་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དང་པོར་བསྟན་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་ གྱིས་མདོར་བསྡུས་ཏེ་རིག་པ་མཆོག་གི་ཕྱག་རྒྱའི་ཁྱད་པར་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་སྲིན་ལག་བསྣོལ་ཏེ། ནང་དུ་བཅུག་ནས་མཐེ་བོང་གཉིས་ཀྱི་དྲུང་དུ་བཞག་ལ་དེ་གཉིས་ཀྱི་བར་དུ་མཐེ་བོང་ གཉིས་དམ་དུ་གཤིབས་ཏེ་གཞག །གུང་མོ་གཤིབས་པའི་བློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས། མཐེའུ་ཆུང་གཉིས་ཀྱང་གཤིབས་ཏེ་གཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་རྩི་བའི་ཕྱག་རྒྱའོ། །དེ་ལས་མཐེ་ བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་ཡིན་ནོ། །དེ་ཉིད་ལས་གུང་མོ་གཤིབས་པ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་འཇོམ་པའི་ཕྱག་རྒྱའོ། །མཐེ་བོ་དང་མཐེའུ་ཆུང་གཉིས་གཤིབས་ལ་གུང་མོ་གཤིབས་པ་དང་ལྷན་ཅིག་ 100-1-269a ཏུ་སྦྱར་བ་ནི་ལག་ན་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱའོ། །མཛུབ་མོ་ཚིགས་དབུས་མ་བཀུག་ལ་གུང་མོ་གཤིགས་པའི་ཚིགས་དང་པོར་བཞག་པ་ནི་བློན་མོ་བདུན་གྱི་སྤྱིའི་ཕྱག་ རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་གཤིབས་ལ་མཐེའུ་ཆུང་གཉིས་གཤིབས་པ་ལས་བསྣོལ་བ་ནི་ཕོ་ཉ་མ་ཐམས་ཅད་སྤྱིའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རལ་གྲི་ཕྱག་རྒྱ་ལྟར་བྱས་ལ་སྲིན་ལག་ གཉིས་ཀྱང་མཐེ་བོང་གཉིས་ཀྱི་རྩེ་མོའི་བློ་ཕྱོགས་སུ་བསྟོད་དེ་གཞར་བ་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྩེ་ལ་སྲིན་ལག་གཉིས་སྔ་མ་ཁོ་ན་བཞིན་བཞག་པ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སུ་རུ་སུ་རུའི་ཕྱག་རྒྱའོ། །དེ་ལ་མཛུབ་མོའི་ཚིགས་ ཅིག་བཀུག་པ་ནི་ཁྲོ་བོ་མེའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་བསྡུས་ཏེ་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱ་ལས་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་སྲིན་ལག་དང་མཛུབ་མོ་གཤིབས་པ་ནང་དུ་སྦས་ ལ། སོར་མོ་རྣམས་ཀྱི་བར་ཕྱེ་བ་ནི་ནམ་མཁའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་སོར་མོ་རྣམས་གཞུམ་པ་ནི་འཕགས་པ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །གཡས་ པ་བརྐྱང་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་གཅིག་བཀུག་པ་ནི་མཱ་མ་ཀཱི་སྤྱན་དྲང་བའི་ཕྱག་རྒྱའོ། །བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །ཁྲོ་བོ་རྣམ་པར་མི་བཟད་པའི་ཕྱག་རྒྱ་ཡང་དེ་ཉིད་ ཡིན་ནོ། །གུང་མོ་གཤིབས་པ་ལས་རྡོ་རྗེའི་ཚུལ་དུ་བྱ་བ་ནི་ཁྲོ་བོ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །གཡས་པའི་མཛུབ་མོ་བཀུག་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་རབ་ཏུ་བཞག་སྟེ། ཚིགས་གཅིག་བཀུག་ལ་ མཛུབ་མོའི་ངོས་ལ་བཞར་བ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ལོག་འདྲེན་གྱི་ཕྱག་རྒྱའོ། །རྡོ་རྗེའི་ཚུལ་དུ་བྱས་པ་ནི་གཙུག་ནས་བྱུང་ 100-1-269b བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཕྱེ་སྟེ། གུང་མོ་གཤིབས་པའི་ཚིགས་དང་པོར་བཞག་ལ་མཐེ་བོ་གཉིས་ཀྱང་བཅུམ་པ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །ཚིགས་དབུས་མར་བཞག་པ་ནི་ལག་བཟངས་ཀྱི་ ཕྱག་རྒྱའོ། །དྲུང་དུ་བཞག་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ། །དེ་གཉིས་གུང་མོ་གཤིབས་པའི་རྒྱབ་དུ་གདུ་བུ་ལྟར་སྦྱར་བ་ནི་ལོག་འདྲེན་ཐམས་ཅད་བཅིང་བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་ཁ་ ཕྱེ་སྟེ་གུང་མོ་གཤིབས་པའི་ཕྱི་རོལ་ནས་རྡོ་རྗེའི་ཚུལ་དུ་བཟུང་། མཐེ་བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིན་ནོ། །དེ་བཞིན་དུ་མཛུབ་མོའི་དབུས་བཀུག་སྟེ་ཚིགས་དང་པོར་ བཞག་པ་ནི་ཆུ་སྲིན་མ་ཀ་རའི་ཕྱག་རྒྱ་ཡིན་ནོ། །མཱ་མ་ཀཱིའི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་གཤིབས་པ་མཐེ་བོ་གཤིབས་པ་དང་གུང་མོ་གཤིབས་པ་རྣམས་བཅུམ་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །མཐེའུ་ཆུང་དང་མཐེ་བོང་གཤིབས་ པ་ཕན་ཚུན་བསྣོལ་ལ་གྱེན་དུ་རྡོ་རྗེ་རྩེ་གསུམ་པར་བྱ་བ་ནི་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་བྱེད་པ་དང་། ཤིན་དུ་དྲག་པོ་ཡིན་ནོ། །དེ་ཉིད་ལས་སོར་མོ་རྣམས་བཅུམ་པ་ནི་རྡོ་རྗེ་འབྱིན་མའི་ཕྱག་རྒྱའོ། །མཐེ་བོང་ བཤིབས་པ་བཅུམ་སྟེ་བཞག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །མཐེ་བོང་ནང་དུ་སྦས་ལ་མཐེའུ་ཆུང་གཤིབས་པ་ཕྱེ་བ་ནི་གདོང་དཀར་མའི་ཕྱག་རྒྱའོ། །དེ་ནས་འཕགས་པ་མཱ་མ་ཀཱིའི་ཕྱག་རྒྱ་ཐ་དད་པ་གདོན་ཐམས་ཅད་འཇིགས་པར་ བྱེད་པ་འབྱུང་སྟེ། གཡས་བརྐྱང་ཚུལ་གྱིས་གནས་པར་བྱས་ལ་ལག་པ་གཡོན་པ་ནི་རྡོ་རྗེ་མཚན་མ་བལྟ་བའི་དམིགས་སུ་གཏད་པར་བྱ་གཡས་པ་ལྟ་ཟུར་ཕྱོགས་སུ་གཞག །བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་ཀུན་བྱེད་ པའི་ཕྱག་རྒྱ་གཞན་འདི་ནི་གདོན་རྣམས་ལ་སོགས་པ་དང་། སྣ་ཚོགས་པའི་བགེགས་ལ་སྦྱར་བར་བྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ལག་པ་གཡས་པའི་སོར་མོ་རྣམས་བཅངས་ཏེ་ཁུ་ཚུར་ 100-1-270a ཐ་མལ་པར་བྱས་ནས་མཛུབ་མོ་བརྐྱང་བའི་བློར་མཐེ་བོ་གཞར་བ་ནི་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་བཅས་པར་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་རིལ་ནང་དུ་བཅུག་སྟེ། །སོར་མོ་ཐམས་ ཅད་ཀྱིས་མནན་པ་ནི་ལག་ན་རྡོ་རྗེའི་ཁུ་ཚུར་གྱི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་ཡིད་ཙམ་ལྷག་པར་བྱས་པ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །གུང་མོ་དང་སྲིན་ལག་གཉིས་ཀྱི་བར་དུ་མཐེ་བོ་འཐོར་ཏོ་ཚིགས་གཅིག་ཙམ་ཕྱི་རོལ་ཏུ་བྱུང་ བར་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །ལག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་འཛུབ་མོ་བརྐྱང་བ་ནི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །སྙིམ་པ་བཀན་ཏེ་གུང་མོ་གཉིས་ ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་སོར་མོ་ལྷག་མ་རྣམས་བཀུག་པ་ལ་མཐེ་བོས་མནན་པ་ནི་གདོང་དམར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སྲིན་ལག་གཉིས་འཁྱུད་ལ་མཛུབ་མོ་གུང་མོའི་རྩེ་མོར་གཞར་བ་ནི་འོད་ཟེར་ཕྲེང་གི་ ཕྱག་རྒྱའོ། །དེ་ཉིད་ལས་མཐེའུ་ཆུང་དང་སྲིན་ལག་འཁྱུད་དེ་ལག་པའི་ནང་དུ་བཅུག་ལ་ཕྱི་རོལ་ནས་མཛུབ་མོ་གཉིས་ཀྱི་ཐོར་ཏོའི་སྟེང་ནས་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་གཉིས་ཀྱི་རྩེ་མོ་དང་སྤྲད་པ་ནི་རྣ་ཆ་གདོང་གི་ཕྱག་རྒྱ་དེ་ཉིད་ལ་ གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡོན་པའི་སྲིན་ལག་བརྐྱང་བ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་སྲིན་ལག་ཕྱིར་བརྐྱང་བ་ནི། ལག་ བཟངས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་གཉིས་ཀ་ཕན་ཚུན་འཁྱུད་ནས་མཐེའུ་ཆུང་གཉིས་སྲིན་ལག་དང་གུང་མོ་མནན་ལ་མཛུབ་མོ་གཉིས་ཀྱི་ཐོར་ཏོ་སྤྲད་དེ་མཐེ་བོང་གཉིས་ཀྱིས་སྲིན་ལག་དང་གུང་མོ་མནན་པ་ནི་ཁྲོ་བོ་ ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པ་བརྐྱང་བ་ནི་ཁྲོ་བོ་རྡོ་རྗེ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་པ་ནི་སྙིང་པོའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ལས་སྙིམ་པ་ཕྱེ་ལ་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ 100-1-270b འཁྱུད་ནས་མཛུབ་མོ་གཉིས་བཀུག་སྟེ་སྤྲད་ལ་སྲིན་ལག་གཉིས་ཀྱི་དྲུང་དུ་མཐེ་བོ་བཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་སྲིན་ལག་བསྣོལ་བའི་རྩེ་མོར་མཐེ་བོ་གཉིས་བཞག་ལ། མཐེའུ་ཆུང་དང་གུང་མོ་ཐ་མལ་པར་ བཀུག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སོར་མོ་ཐམས་ཅད་ཀྱི་ཐོར་ཏོ་བསྣོལ་མར་ཕན་ཚུན་འཁྱུད་དེ་མཐེ་བོང་དང་། མཛུབ་མོའི་ཐོར་ཏོ་སྤྲད་ལ་མཐེའུ་ཆུང་རང་རང་མཐེ་བོའི་དྲུང་དུ་གཞར་བ་ནི་ རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་སྟེ་བཀུག་པ་ནི་རྡོ་རྗེ་འོག་པག་ཅན་གྱི་ཕྱག་རྒྱའོ། །དེ་དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ནས་དེའི་རྒྱབ་ ནས་སྲིན་ལག་གཤིབས་པར་བྱ། དེ་གཉིས་ཀྱི་བློའི་ཚིགས་དང་པོར་གུང་མོ་གཉིས་བཞག་ལ་མཛུབ་མོ་གཉིས་སོ་སོ་ནས་བཀུག་སྟེ། མཐེ་བོང་གཉིས་བློ་ལ་བཞར་བ་ནི་ཀླུ་མགོ་ཅན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་ གུང་མོ་དང་མཛུབ་མོ་དང་། མཐེ་བོང་ཀླུ་མགོ་གདེངས་ཀ་ལྟར་དགུག་པ་ནི་ཀླུ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །མཐེ་བོ་གཉིས་གཅིག་ཏུ་སྦྱར་ཏེ་ཀླུ་མགོ་གདེངས་ཀ་ལྟར་བྱས་པ་ནི་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །གུང་ མོ་དང་མཛུབ་མོ་སྔོན་དུ་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་པ་དེའི་ངོས་སུ་གུང་མོ་གཉིས་ཀྱི་ཚིགས་གཅིག་བཀུག་སྟེ། བཞག་ནས་མཛུབ་མོ་གཉིས་ ཕྱི་རོལ་དུ་རྡོ་རྗེ་ལྟར་བཟུང་བ་ནི་རྡོ་རྗེ་ཡངས་པ་ཆེན་པོའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་བཀུག་ལ་དེའི་ནང་དུ་མཐེ་བོ་བཞུགས་པ་ནི་དེ་ཉིད་ཀྱི་སྤྱན་དྲང་བའི་ཕྱག་རྒྱའོ། །མཛུབ་མོ་བརྐྱང་བ་ནི་སླར་ བཏང་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་ཅུང་ཟད་ཙམ་ཕྱེ་ལ་མཛུབ་མོའི་ཚིགས་དང་པོའི་ངོས་ལ་བཞག་པ་འདི་ཡང་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོའི་དབུས་བཀུག་ལ་གུང་མོ་གཉིས་ཀྱི་ཚིགས་ 100-1-271a དང་པོའི་ངོས་སུ་བཟུང་བ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །དེ་ཉིད་ལས་མཐེ་བོའི་བར་དུ་གདུ་བུ་ལྟར་བཀུག་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ། །དེ་བཞིན་དུ་གཅིག་ཏུ་སྤྲད་དེ། རྩེ་གཅིག་པའི་ཚུལ་དུ་གཞག་ པ་ནི་འཕྲོག་མའི་ཕྱག་རྒྱའོ། །དགའ་བོ་དང་ཉེ་དགའ་བོའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཚིགས་དང་པོ་གཉིས་བཀུག་པ་ནི་ཁ་འབར་མའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ཁྲོ་བོ་ཐུབ་དཀའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་ མཛུབ་མོ་གཉིས་ཀྱི་ཚིགས་དང་པོའི་ཕྱི་རོལ་དུ་སྦྱར་ཏེ་གཞག་པ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁྲུས་ཀྱི་ཆོ་ག་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་ གྲངས་མེད་པར་འབྱུང་ངོ་། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་མཐེ་བོ་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་གཤིབས་པའི་ཐོར་ཏོ་བཀུག་པ་ནི་ཕྲེང་བ་འཛིན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་དབུས་ བཀུག་སྟེ་ཕན་ཚུན་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཁང་པའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་གཉིས་བསྣོལ་ལ་གཞག །མཐེ་ བོ་གཉིས་བསྟོད་དེ་རྩེ་གཅིག་པའི་ཚུལ་དུ་བྱས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་ཀྱི་ཐོར་ཏོ་གཤིབས་ཏེ་ནང་དུ་བཅུག་པ་ནི་གདོན་ཐམས་ཅད་བཅིང་པ་ཡིན་ནོ། །དེ་གདོན་ཐམས་ཅད་ སྐྲག་པར་བྱ་བ་དེ་ཉིད་ནི་ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ། །གདོན་བཅིངས་པ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། ། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་གཉིས་བསྣོལ་བ་མཐེ་བོང་དྲུང་དུ་བཞག་ལ་བར་དུ་མཐེ་བོང་གཉིས་བཞག་སྟེ་མཛུབ་མོ་གཉིས་ཀྱི་དབུས་བཀུག་ནས་ 100-1-271b གུང་མོ་གཤིབས་པའི་སྟེང་དུ་བཞག་ལ། མཐེའུ་ཆུང་གཉིས་གཤིབས་པའི་འོད་ཟེར་ཕྲེང་བའི་རྩ་བའི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཀྱི་ཚིགས་དབུས་མ་བཀུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །རྩ་བའི་ ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་ཚིགས་གཅིག་བཀུག་ལ་མཐེ་བོའི་ངོས་ལ་གཞར་བ་ནི་རིག་པ་མཆོག་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །མཐེ་བོ་གཉིས་བཀུག་པ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ། །སྟེང་ནས་གདུ་བུ་ལྟར་བྱས་པ་ནི་རྡོ་རྗེ་ ལྕགས་ཀྱུ་མའི་ཕྱག་རྒྱའོ། །ཕྱི་རོལ་ནས་དཀྲི་བ་ནི་གདོན་བཅིང་བ་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱ་གཉིས་པ་ཡིན་ནོ། །དེ་ཉིད་ལས་མཛུབ་མོ་གཉིས་དྲུང་ནས་ བཀུག་སྟེ། གདུ་བུ་ལྟར་བསྣོལ་བ་འདི་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །དེ་ཉིད་ལས་མཐེ་བོང་གཉིས་བཀུག་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་རྩེ་གཅིག་པའི་ཚུལ་དུ་བཞག་པ་ནི་གདོན་བསྐྲད་ པར་བྱ་བ་ཡིན་ནོ། །དེ་ཉིད་ལེགས་པར་བསྟབས་པ་ནི་དཔལ་མོའི་བློ་གྲོས་མའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་དབུས་བཀུག་སྟེ་མཐེ་བོང་གཉིས་ཀྱི་སྟེང་དུ་རལ་གྲི་ལྟར་བྱས་པ་ནི་ཁྲོ་བོ་ཀཱི་ལི་ཀཱི་ལིའི་ཕྱག་རྒྱའོ། ། མཱ་མ་ཀཱིའི་ཕྱག་རྒྱ་གཤིབས་པའི་ཚུལ་དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་ཁྲོ་བོ་སུ་རུ་སུ་རུའི་ཕྱག་རྒྱའོ། །མཛུབ་མོ་གཉིས་རལ་གྲི་ལྟར་བྱས་ཏེ་སྲིན་ལག་གཉིས་ཡིད་ཙམ་གྱིས་བསྟོད་པ་ནི་ཉི་མའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་ གུང་མོ་གཤིབས་པའི་ཚིགས་བཀུག་པ་ནི་འཕགས་པ་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཚིགས་དང་པོར་བཞག་ལ་སྲིན་ལག་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་ཐོར་ཏོ་ལ་སོ་སོར་ བཞག་པ་ནི་དཔལ་གྱི་རྒྱུད་ཀྱི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་ཀྱི་དྲུང་དུ་བཀུག་སྟེ་ཅུང་ཟད་སྦྱར་བ་ནི་མ་ཏང་མིག་གི་ཕྱག་རྒྱའོ། །མཐེ་བོང་གཉིས་གཤིབས་པའི་ཕྱི་རོལ་གྱི་ངོས་ལ་མཛུབ་མོ་གཉིས་ 100-1-272a བཞག་པ་ནི་གྲུབ་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་བསྣོལ་ཏེ་མཐེ་བོའི་དྲུང་དུ་བཞག་ལ་གུང་མོ་གཉིས་ཀྱིས་ མཛུབ་མོ་གཤིབས་པར་དཀྲིས་ནས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་རྣ་ཆ་གདོང་གི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་ཐ་མལ་པར་སྦྱར་བ་ནི་རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པའོ། །རྩ་བའི་ཕྱག་རྒྱ་ལས་གཤིབས་པའི་ཁ་ཕྱེ་བ་ནི་ དགའ་བྱེད་གདོང་གི་ཕྱག་རྒྱའོ། །སོར་གཉིས་ཙམ་གྱིས་ཕྱེ་བ་ནི་ཁྲོ་བོ་ཆེར་བཞད་ཀྱི་ཕྱག་རྒྱའོ། །གུང་མོ་གཉིས་ཀྱི་རྩེ་མོ་སྲིན་ལག་གཉིས་ཀྱིས་རྩེ་མོར་སྦྱར་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །མཐེ་བོའི་ཚིགས་བསྟོད་དེ་ཀླུ་མགོ་ ལྟར་བྱས་པ་ནི་སྐྲག་བྱེད་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པའི་ཚུལ་དུ་བྱས་ལ་མཐེ་བོང་གཉིས་ཀྱི་རྩེ་མོ་སྤྲད་དེ་ཁ་སྦྱར་བ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །མཐེ་བོང་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །མཐེ་བོང་ གཉིས་བཀུག་པའི་ཐོར་ཏོ་ནང་དུ་བཅུག་པ་ནི་རྡོ་རྗེ་འབྲིང་གི་རི་ཏིའི་ཕྱག་རྒྱའོ། །རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པའི་ལས་མཐེ་བོ་གཉིས་སྦས་པ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ། །གཤིབས་པ་ལས་སོར་གཉིས་ཙམ་གྱིས་ཕྱེ་སྟེ། མཐེ་བོང་བསྟོད་པ་ནི་གདོན་ སྐྲག་པར་བྱེད་པ་དང་། བཅིང་བར་བྱ་བ་ཡིན་ནོ། །གཤིབས་པའི་རྩེ་མོར་གུང་མོ་གཉིས་ཀྱིས་བཀབ་སྟེ་བསྡམས་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་ཕྱེ་སྟེ་དབུས་སུ་བཀུག་ནས་གུང་མོ་གཤིབས་པ་ལ་ གཞར་བ་ནི། དེ་བཞིན་གཤེགས་པའི་སྤྱན་གྱི་ཕྱག་རྒྱའོ། །གུང་མོ་སྦས་པ་མཛུབ་མོ་གཉིས་རྩེ་གཅིག་པའི་ཚུལ་དུ་བྱ་བ་ནི་སྒྲོལ་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །ཅུང་ཟད་ཆེ་ བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །མཐེ་བོ་གཉིས་སྦས་པ་ནི་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱའོ། །ཅུང་ཟད་བརྐྱང་བ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། །མཐེ་བོ་ཡང་གཤིབས་ལ་མཐེའུ་ཆུང་ཡང་གཤིབས་ 100-1-272b པ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་སེལ་གྱི་ཕྱག་རྒྱའོ། །གུང་མོ་གཅིག་བསྒྲེང་བ་ནི་གཙུག་ཕུད་ཀྱི་ཕྱག་རྒྱའོ། །མཐེ་བོང་གཉིས་བསྒྲེང་བ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐུར་དུ་བསྟན་ཏེ་མཐེའུ་ཆུང་ དང་ལྷན་ཅིག་སྤྲད་པ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །སྲིན་ལག་གཉིས་སྦྱར་བ་ནི་ཁྲོ་བོ་འཆོལ་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །རྣ་ཆ་གདོང་གི་ཕྱག་རྒྱ་ཉིད་ལས་གུང་མོ་གཉིས་ གཤིབས་པ་ལ་མཛུབ་མོ་གཉིས་ཀྱིས་དཀྲིས་པ་ནི་གདོང་དམར་གྱི་རྩ་བའི་ཕྱག་རྒྱའོ། །མཛུབ་མོ་གཉིས་རྡོ་རྗེ་ལྟར་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །བཏང་ནས་གྱེན་དུ་གློད་དེ་བཞག་པ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྤྱན་ དྲང་བའི་ཕྱག་རྒྱ་ལས་མཐེ་བོང་གཉིས་བསྟོད་དེ་གཞག་པ་ནི་གདོན་འཇོམས་པའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་སྤྲད་དེ་སྦྱར་བ་ནི་རྡོ་རྗེ་རིགས་ཀྱི་མཛེས་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་ བོང་གཉིས་སྦས་པ་ནི་དབང་ཕྱུག་ཆེན་པོའི་མིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཀུག་པ་ལས་བཏང་བས་གུང་མོ་གཤིབས་པའི་སེན་མོ་གཉིས་ཀྱི་ཕྱི་རོལ་ནས་བསྟན་པ་ནི་རིགས་གསུམ་སྤྱིའི་ཕྱག་རྒྱ་ཆེན་པོ་ ཡིན་ཏེ་རིག་སྔགས་ཐམས་ཅད་བསྲུང་བ་དང་། དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །སྤྱན་དྲང་བའི་ཕྱིར་ཡང་སྦྱར་བར་བྱའོ། །དེ་ལས་མཐེའུ་ཆུང་བཏང་བ་ནི་མེ་ལྕེ་འབར་ བའི་ཕྱག་རྒྱ་སྟེ། རིག་སྔགས་ཐམས་ཅད་བཅིང་བ་དང་གྲོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །རྐང་པ་གཡས་པ་བརྐྱང་བའི་ཚུལ་དུ་གཞག་ནས་མཛུབ་མོ་གཅིག་དྲང་པོར་ བསྲང་སྟེ། ལྟ་བའི་དམིགས་སུ་གཏད་པ་ལག་པ་གཡས་པའི་རྡོ་རྗེ་མདུན་ལོགས་སུ་བཞག་ནས་སྟ་ཟུར་གྱི་ཕྱོགས་སུ་བསྟན་པ་ནི་རྒྱལ་བ་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་དཔུང་པ་བརྐྱང་ལ་ཁྲོ་བོའི་ལྟ་བ་ 100-1-273a བྱས་ཏེ་བསྡིག་པ་ནི་ཁྲོ་བོ་སྲོག་མེད་པའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་དང་གཤིབས་པ་ནི་ཁྲོ་བོ་རབ་ཏུ་གཏུམ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་བརྐྱང་གི་ཚུལ་དུ་བྱས་པ་ནི། རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ། ། ཁྲོ་བོ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་སྔ་མ་ལས་མཐེ་བོ་བརྐྱང་བ་ནི་ཞབས་ལས་བྱུང་བའི་ཕྱག་རྒྱའོ། །རྡོ་རྗེ་ཉིད་བསྟད་དེ་བསྟན་པ་ནི་རྡོ་རྗེ་ཕོ་ཉ་མའི་ཚོགས་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱའོ། །དེ་ཉིད་ལས་སྙིང་གར་རྡོ་རྗེ་བྱས་པ་ནི་ཁྲོ་བོ་མེ་གཏུམ་ པོའི་ཕྱག་རྒྱའོ། །ལག་པ་གཡོན་པའི་སོར་མོ་གསུམ་བཅུམ་ལ་མཐེ་བོ་ངོས་ཀྱིས་མཛུབ་མོའི་སེན་མོ་མནན་ཏེ་སྙིང་གའི་ཕྱོགས་སུ་བཟུང་ལ་ལག་པ་གཡས་པའི་རྡོ་རྗེ་བསྟོད་པ་ནི་ཁྲོ་བོ་ལྷའི་ཡན་ལག་གི་ཕྱག་རྒྱའོ། །དེ་ཉིད་ལས་ ལག་པ་གཡོན་པའི་མཛུབ་མོ་གཏང་སྟེ། དེ་བཞིན་དུ་བཟུང་བ་ནི་གདོན་ཞི་བར་བྱ་བའི་ཕྱིར་ཕོ་ཉ་མ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་དུ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་ཅུང་ ཟད་བཀུག་སྟེ། གཡོན་བརྐྱང་བའི་ཚུལ་དུ་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །གུང་མོའི་རྩེ་མོ་མཐེ་བོས་བཀབ་སྟེ་མཛུབ་མོ་བརྐྱང་བ་ནི་གདོན་འཇོམས་པའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་ཀྱིས་ཕྱི་ རོལ་ནས་དཀྲིས་ལ། གཡས་བརྐྱང་བའི་ཚུལ་དུ་བྱས་པ་ནི་མི་བཟད་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་བརྐྱང་བའི་ཚུལ་དུ་བྱས་པ་ནི་རྣམ་པར་རྒྱལ་བ་མི་བཟད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་མགོ་བོར་བཞག་པ་ནི་འཇིགས་པའི་ཕྱག་རྒྱའོ། ། རྐང་པ་གཡས་བརྐྱང་གི་ཚུལ་དུ་བྱས་ལ་ལག་པ་གཡོན་པ་སྟ་ཟུར་གྱི་ཕྱོགས་སུ་བཞག་ནས་གཡས་པའི་མཐེ་བོང་གི་ངོས་ཀྱིས་མཐེའུ་ཆུང་དང་སྲིན་ལག་བསྣོལ་བ་མནན་ཏེ། གུང་མོ་བསྒྲང་ལ་མཛུབ་མོ་ཅུང་ཟད་བཀུག་ནས་རྣ་བའི་ཕྱོགས་སུ་ བཞག་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ལྕགས་ཀྱུ་མའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་བཏང་བ་ནི་ལྕགས་ཀྱུ་མའི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །གཡོན་བརྐྱང་གི་ཚུལ་དུ་བྱས་ལ་ལག་པ་གཡོན་པས་དེ་བཞིན་དུ་བྱས་པ་ནི་ལྕགས་ 100-1-273b ཀྱུའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ཉིད་ལས་རྐང་པ་མཉམས་ཏེ་བསྒྲེངས་པ་ནི་སའི་ལྷ་མོའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་རྐང་པ་གཉིས་བསྐུམས་ལ་མཛུབ་མོ་བརྐྱང་སྟེ་བསྟན་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་གདོན་ཞི་བར་བྱ་བའི་ཕྱག་ རྒྱའོ། །མདུན་ལོགས་སུ་མཛུབ་མོ་གཅིག་གི་དབུས་བཀུག་སྟེ་བཞག་ལ་གུང་མོ་བརྐྱང་སྟེ་བསྟན་པ་ནི་རྡོ་རྗེ་གདན་གྱི་ཕྱག་རྒྱའོ། །གཡོན་པའི་སོར་མོ་གཉིས་ཀྱིས་དེ་བཞིན་དུ་བྱས་པ་ནི་ལྷའི་ཕྱག་རྒྱའོ། །མཛུབ་མོ་གཅིག་པུ་ནི་འཇམ་ དཔལ་གྱི་ཕྱག་རྒྱའོ། །གུང་མོ་ནི་རྡོ་རྗེ་མཛེས་མའི་ཕྱག་རྒྱའོ། །གཡས་བརྐྱང་གི་ཚུལ་དུ་གནས་ལ་ལག་པ་གཡོན་པའི་སེན་མོ་རྣམས་སྦས་ཏེ། ཁུ་ཚུར་བཅངས་ནས་དེ་བཞིན་དུ་ལག་པ་གཡས་པའི་རྡོ་རྗེ་བརྐྱང་སྟེ་ལྟ་བའི་དམིགས་ སུ་གཏད་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །མཛུབ་མོ་སྟེང་དུ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ། །གུང་མོ་ཡང་དེ་ལྟར་བྱས་པ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ། །གུང་མོ་དང་མཐེ་བོ་གཉིས་སྦྱར་ལ་སོར་མོ་བཞན་རྒྱབ་ཏུ་བཞག་པ་ནི་རྡོ་རྗེ་ འཇོམས་མའི་ཡིན་ཏེ། ཕྱོགས་བཞི་བསྲུང་བ་ཡིན་ནོ། །གཡས་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་གཡས་པའི་དཔུང་མགོར་བཞག་ལ་ལག་པ་གཡས་པའི་རྡོ་རྗེ་བསྟོད་ནས་དཔུང་པ་གཡོན་པ་རྣ་བའི་ཕྱོགས་སུ་བཞག་ སྟེ་བལྟ་བའི་དམིགས་སུ་གཏད་པ་ནི་རྡོ་རྗེ་ཕག་མོའི་ཕྱག་རྒྱའོ། །གཡོན་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པ་བཀན་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བཀུག་སྟེ། པད་མའི་རྩ་བ་ལྟར་བྱས་ལ་གཡས་པ་ཡང་དེ་ཉིད་དང་འདྲ་བར་བཞག་ པ་ནི་ལུས་དམར་གྱི་ཕྱག་རྒྱའོ། །འབར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །སྙིང་པོ་གང་ནས་འབྱུང་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །རྡོ་རྗེ་འབྲིང་གི་རི་ཏིའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །གཡས་བརྐྱང་གི་ཚུལ་གྱི་ལག་པ་གཡོན་པ་བཀན་ ཏེ་བརྐྱང་ལ་མཐེ་བོ་དང་མཐེ་ཆུང་སོ་སོར་བསྐྱེད་ནས་སོར་མོ་ལྷག་མ་རྣམས་ཀླུ་མགོའི་གདེངས་ཀ་ལྟར་བཞག །གཡས་པ་ཡང་མཚན་ཉིད་དེ་དང་འདྲ་བར་བྱས་ལ། གཞུ་འགེངས་པ་ལྟར་གྲུ་མོ་རྣ་བའི་ཕྱོགས་སུ་བཟུང་བ་ནི་ཀླུ་ཆེན་པོའི་ 100-1-274a ཕྱག་རྒྱའོ། །ཁྱབ་འཇུག་གི་འདུག་སྟངས་ཀྱིས་མཐེ་བོའི་སེན་མོ་རྐང་པ་གཡོན་པའི་འོག་ཏུ་སྦྱར་ཏེ། ལག་པ་སྟེངས་དང་བཅས་པར་སྦྱར་བའི་མཐིལ་གྱིས་གདེག་ཅིང་ལག་པ་བསྣོལ་བས་བཟུང་ལ། ཕོ་ལོང་གི་ཐབས་སུ་གྱེན་དུ་ སྤར་ཞིང་ལག་པ་བསྐོར་ཏེ་བཀན་པས་ནུ་མའི་བར་དུ་བདེག་ཅིང་བསྐོར་ལ། ལག་པ་གཉིས་ཀྱི་མཐིལ་ལོགས་ཀྱི་སོར་མོ་ལ་བལྟས་ནས། མིག་གྱེན་ཁར་བསྒྱུར་ཏེ་བཏེག་ལ་གློག་སྒྱུར་བའི་ཕྱག་རྒྱ་ཡང་བཅིངས་ནས། གཡོན་པའི་སོར་མོ་ ཡི་རྡོ་རྗེའི་ཆེན་པོ་བསྟོད་པ་བྱས་ན་དེས་ལྷ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ཀླུ་དང་། སྲིན་པོ་རྣམས་དང་། ལོག་འདྲེན་རྣམས་དང་། འགྲམ་ན་གནས་པ་ཐམས་ཅད་དང་། ཚངས་པ་དང་། སྐེམ་བྱེད་དང་། དབང་ཆེན་དང་། དྲག་པོ་ ལ་སོགས་པའི་སྙིང་ལ་གློག་འགྱུ་བའི་ཤུགས་འདི་བབ་པས་འོང་བར་འགྱུར་ཏེ། མཐུ་སྟོབས་བཅོམ་ནས་རྡོ་རྗེའི་རྗེས་སུ་འཐུན་པ་དང་དུལ་ཞིང་རྡོ་རྗེ་ལ་འདུད་པར་འགྱུར་རོ། །དེ་དག་གི་ཕྱིར་ཞི་བར་བྱས་ན་དེའི་ཚེ་ཕྱག་རྒྱ་དེ་སྙིང་ གར་བཀྲོལ་བ་དེ་དག་དེའི་མདོ་ལས་འཐུན་པར་བདེ་བར་འགྱུར་བའི་ཕྱིར་དང་ཞིང་བྱམས་པའི་སེམས་དང་ལྡན་པར་བཟླས་བརྗོད་བྱའོ། །དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། ལག་པ་གཡོན་ པ་ཕྱིར་བསྟན་གཡས་པ་ནང་བསྟན་དེ་གཅིག་ཏུ་སྦྱར་ནས། ལག་པའི་སོར་མོ་རྣམས་ཀྱིས་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ་རེ་རེ་ནས་བཟུང་སྟེ་དཀྲིས་ལ་གྲུ་མོ་མཉམས་ནས་ཕྱག་རྒྱ་སྙིང་གར་བཞག་ཏེ་མཐེ་བོ་གཉིས་ཀྱིས་ སོ་སོའི་སྲིན་ལག་མནན་ལ་ལག་པ་གཉིས་ཕྱིར་བསྟན་པ་ནི། བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྩ་བའི་ཕྱག་རྒྱའོ། །ཐབས་དེ་ཉིད་ལས་ལག་པ་གཉིས་བཀན་པ་ནི་བཅིངས་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་མཛུབ་ མོ་དང་མཐེ་བོང་གདུ་བུ་ལྟར་ཕན་ཚུན་སྤྲད་པ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཐ་དད་པ་ཡིན་ནོ། །མཐེ་བོ་གཉིས་བཀྱེད་པ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། །གཡོན་པ་བཀན་ལ་གཡས་པ་ཁ་ཕུབ་སྟེ། སོར་མོ་རྣམས་གཅིག་ལ་གཅིག་བསྡམས་པ་འདི་ 100-1-274b ཡང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ལས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བརྐྱང་བ་ནི་རྡོ་རྗེ་ཐོག་གི་ཕྱག་རྒྱའོ། །སོར་མོ་རྣམས་ཕྱེ་སྟེ་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་ཀྱིས་མནན་ཏེ་སྒྲ་དང་བཅས་པར་བརྡབ་པ་ནི་དགྲོལ་ བའི་ཕྱག་རྒྱའོ། །ཕྱག་འཚལ་བའི་ཐལ་མོའི་སོར་མོ་མཉམས་ལ་མཛུབ་མོ་གཉིས་སོ་སོར་བཀུག་སྟེ། གུང་མོ་གཉིས་ངོས་ལ་བསྟན་པ་ནི་སངས་རྒྱས་ཀྱི་སྤྱན་གྱི་ཕྱག་རྒྱའོ། །ཕན་ཚུན་བསྣོལ་ཏེ་སྙིམ་པ་བཟེད་ལ་མཛུབ་ མོ་གཉིས་ཀྱི་སེན་མོ་གཅིག་གིས་གཅིག་བཀབ་པ་ནི་སྤྱན་དྲང་བ་ཡིན་ནོ། །དེ་ལས་བཟློག་པ་ནི་སླར་གཏང་བ་ཡིན་ནོ། །དེ་བཞིན་དུ་ལག་པ་གཡས་པའི་ཁུ་ཚུར་གྱི་རྡོ་རྗེ་ཐོ་བ་ཕྲག་པ་ལོགས་སུ་བཞག་སྟེ། ལྟ་སྟངས་ཀྱིས་ སྙིང་ལ་བསྡིགས་པ་ནི་ཁྲོ་བོའི་ཕྱག་རྒྱའོ། །ཡིག་འབྲུ་བཅུ་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དབྱུག་པའི་ཡིན་ནོ། །དེ་ཉིད་ལས་བསྟོད་པ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ། །མཐེ་བོ་བཀྱེད་པ་ནི་གཞོམ་པའི་ཕྱག་རྒྱའོ། །གཡས་པའི་མཐེ་བོ་ དང་མཐེའུ་ཆུང་གཉིས་ཀྱིས་གཡོན་པའི་ཁུ་ཚུར་བཟུང་ལ་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྣམས་བརྐྱང་སྟེ། མདུང་རྩེ་གསུམ་པའི་དབྱིབས་ལྟར་བྱས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱའོ། །མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱ་ཡང་དེ་ ཉིད་ཡིན་ནོ། །གཡོན་པའི་སྲིན་ལག་དང་གུང་མོ་སྦས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །ལག་པ་གཡོན་པའི་སྲིན་ལག་དང་གུང་མོ་བཀུག་པ་ནི་མཐེ་བོས་བཟུང་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བརྐྱང་བ་ནི་རྡོ་རྗེ་ འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་མཛུབ་མོའི་ཐོར་ཏོ་མཐེ་བོའི་རྩེ་མོ་ལོགས་སུ་བཏུད་པ་འདི་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱ་ཐ་དད་པ་སྟེ། རྡོ་རྗེ་རྩེ་གཅིག་པ་ཡིན་ནོ། །གཞན་ཡང་ནམ་མཁའ་ལྡིང་དང་དཔལ་གྱི་ བེའུ་ཡི་དབྱིབས་དེ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་ཀྱི་ཐོར་ཏོ་བཀུག་པ་ནི་མིག་གི་ཕྱག་རྒྱ་ཞེས་གྲགས་སོ། །མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། ། 100-1-275a མིང་མེད་དང་གུང་མོ་དང་སྲིན་ལག་དང་། གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་སྤྲད་ལ། མཐེ་བོ་གཉིས་ཀྱི་ཐོར་ཏོ་གུང་ མོ་དང་སྲིན་ལག་གི་མཚམས་སུ་བཞག་པ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་དང་གུང་མོ་གཉིས་ཀྱི་ཚིགས་ནང་དུ་བཀུག་སྟེ། མཐེའུ་ཆུང་གཉིས་བརྐྱང་བ་ནི་རུསྦལ་གྱི་ཕྱག་རྒྱ་གཉིས་པ་ཡིན་ནོ། །ལག་པ་གཉིས་ བླ་འོག་ཏུ་བསྟན་ཏེ་བསྣོལ་ལ་སོར་མོ་རྣམས་གཅིག་ལ་གཅིག་དཀྲིས་ནས་མཐེ་བོང་དང་མཐེའུ་ཆུང་རྣམས་སྤྲད་པ་ནི་རུསྦལ་དང་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ། །ལག་པ་གཉིས་ཀ་ཁུ་ཚུར་བཅངས་ལ། གུང་མོ་བརྐྱང་སྟེ་རྡོ་རྗེ་ལྟར་ བྱས་ནས་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ། །སྒྲོལ་མའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་ཡངས་པའི་ཕྱག་རྒྱའོ་ནས་གཉིས་ཙམ་གྱིས་ཕྱེ་བ་ནི་བདུད་རྩི་ཐབས་སྦྱོར་ གྱིའོ། །མཛུབ་མོ་གཉིས་བརྐྱང་བ་ནི་ཀུན་ཏུ་ཡངས་པའི་ཕྱག་རྒྱའོ། །དེ་ནས་མཛུབ་མོ་གཉིས་བརྐྱང་སྟེ་སྤྲད་པ་ནི་པད་མ་ཡངས་པའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་མར་བརྗོད་པ་ནི་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་ཀྱི་ཐོར་ཏོའི་ཚིགས་དང་པོ་གདུ་བུ་ལྟར་ བཀུག་ལ། འཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །གཡོན་པའི་མཛུབ་མོ་བརྐྱང་བ་ནི་རལ་གྲི་དང་། དགྲ་སྟའི་ཕྱག་རྒྱའོ། །གུང་མོ་དང་སྲིན་ལག་གཉིས་ཐོར་ཏོ་བསྣོལ་ཏེ་སྦྱར་ལ། མཛུབ་མོ་དང་མཐེའུ་ཆུང་བརྐྱང་སྟེ་གུང་མོ་དང་ མཐེ་བོ་གཉིས་ཀྱི་རྩེ་མོ་སྦྱར་བ་ནི་རྡོ་རྗེ་སེང་གེའི་ཁྲིའི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་གཅིག་ལ་གཅིག་བསྟན་ལ། མཐེ་བོ་བརྐྱང་སྟེ་སྦྱར་ནས་མཐེའུ་ཆུང་ཡང་བརྐྱང་སྟེ། སྦྱར་བ་ནི་རྡོ་རྗེ་ལྕགས་མདའི་ཕྱག་རྒྱའོ། །ལག་པ་གཉིས་ བསྣོལ་ལ་མཐེ་བོང་གཉིས་བསྒྲེང་སྟེ། སོར་གཉིས་ཙམ་གྱིས་ཕྱེ་བ་ནི་རུསྦལ་གྱི་ཕྱག་རྒྱ་དང་། ཕུར་བུ་དབྱུང་བའི་ཕྱག་རྒྱའོ། །ལག་པ་གཉིས་བསྣོལ་ཏེ་སོར་མོ་ཐམས་ཅད་སྦྱར་བར་བྱ་བ་ནི་རྡོ་རྗེ་ར་བའི་ཕྱག་རྒྱའོ། ། 100-1-275b ལག་པ་གཉིས་བཀན་ལ་མཐེའུ་ཆུང་ནང་དུ་སྦྱར་ཏེ་མཛུབ་མོ་དང་གུང་མོ་དང་། སྲིན་ལག་རྣམས་རྒྱབ་དུ་བསྒྲེང་ནས་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྣམས་ཀྱིས་མནན་ཏེ་མཐེ་བོ་གཉིས་རུསྦལ་གྱི་ཕྱག་རྒྱ་བཞིན་དུ་བྱས་པ་ནི་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པའི་ཕྱག་རྒྱའོ། །སྲིན་ལག་ནང་དུ་བཀུག་ལ་ཐེ་བོ་གཉིས་ཀྱི་ཚིགས་དྲང་པོར་མནན་མཛུབ་མོ་གཉིས་ཀྱི་རྩེ་མོ་གུང་མོ་གཉིས་ཀྱི་ཚིགས་དང་པོར་སྦྱར་ནས་མཐེའུ་ཆུང་གཉིས་དྲང་པོར་སྦྱར་བ་ནི་མཚོན་ཆ་ཆེན་པོའི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་གུང་མོ་གཉིས་ཀྱི་སེན་མོ་ལ་བརྟན་པ་ནི་མཚོན་ཆ་མཆོག་གི་ཕྱག་རྒྱའོ། །མཚོན་ཆ་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ཚིགས་དང་པོའི་སྲུབས་ཀྱི་གློར་གཞར་བ་ནི་མཚོན་ཆའི་ཤུགས་ ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་གུང་མོའི་ཚིགས་དང་པོ་ནས་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་ཀྱི་ཚིགས་དབུ་མར་སྦྱར་བ་ནི་མཚོན་ཆའི་སྙིང་པོ་ཡིན་ནོ། །མཚོན་ཆ་ཆེན་པོ་དེ་ཉིད་ལས་སྲིན་ལག་དང་མཐེ་བོ་ངོས་ སྦྱར་བ་ནི་ཚོལ་བའི་མཚོན་ཆའོ། །ལག་པ་ཕྱག་རྒྱ་དྲང་ཐབས་སུ་བྱས་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ་ཕྱག་འཚལ་བའི་ཕྱག་རྒྱ་དང་འདྲའོ། །ནམ་མཁའ་ལྡིང་གི་དཔལ་བེའུ་ཡི་ཕྱག་རྒྱ་ལྟར་སྲིན་ལག་ཕྱེ་སྟེ་མཐེ་བོ་གཉིས་དྲང་བོར་ གཤིབས་པ་ཡང་རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་ཀྱི་ཚིགས་དང་པོ་ལེགས་པར་བཀུག་སྟེ་སྲིན་ལག་གཉིས་ཀྱི་དྲུང་དུ་བརྟན་པ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ། །མདའོ་ཆེའི་དབྱིབས་ལྟར་གུང་མོ་གཉིས་ཀྱི་དྲུང་དུ་ མཐེ་བོ་གཉིས་གཤིབས་པའི་རྩེ་མོ་བཀུག་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །པད་མའི་གདན་གྱི་དབྱིབས་ལྟར་བྱས་ཏེ་གུང་མོ་གཉིས་ཀྱི་ཐོར་ཏོ་སྤྲད་པ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའོ། །མཐེའུ་ཆུང་དང་སྲིན་ལག་གདུ་ བུ་ལྟར་བཀུག་ལ་དེ་བཞིན་དུ་སྤྲད། གུང་མོ་གཉིས་གཤིབས་པ་མནན་ནས་གཤིབས་པའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར་བ་ནི་འདོད་པའི་རྡོ་རྗེ་མའི་འོ། དེ་ཉིད་ལས་མཐེ་བོང་གཉིས་སེན་མོ་སྤྲད་པ་དེ་ལ་སྲིན་ལག་གཉིས་སྦྱར་བ་ནི་ 100-1-276a ལུས་ལས་དབྱུང་གི་ཕྱག་རྒྱའོ། །ཐལ་བའི་ཁུ་ཚུར་ནི་འཇོམས་བྱེད་ལྔའི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་སོར་མོའི་ཕྱི་རོལ་དུ་བསྣོལ་མར་བརྐྱང་ལ་མཛུབ་མོ་བསྲང་སྟེ་ཐོར་ཏོ་སྦྱར་ནས་མཐེ་བོ་བརྐྱང་ནས་མདུང་རྩེ་གསུམ་ པའི་དབྱིབས་ལྟར་བྱས་པ་ནི་ཏ་མུའི་ཕྱག་རྒྱའོ། །མཐེའུ་ཆུང་དང་སྲིན་ལག་གི་ཐོར་ཏོ་མཐེ་བོས་མནན་ལ་སོར་མོ་ལྷག་མ་རྣམས་བརྐྱང་སྟེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་སོར་མོའི་དབྱིབས་ལྟར་ བྱས་པ་ནི་ལུས་དཔག་མེད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་གླང་པོ་ཆེའི་སྣའི་དབྱིབས་ལྟར་བྱས་པ་ནི་འཇིགས་བྱེད་ཀྱི་ཕྱག་རྒྱའོ། །སྨིན་མ་ཡང་བཀུག་པ་ནི་ཁྲོ་བོ་དབང་ཕྱུག་གི་ཡིན་ཏེ། འདི་དག་ནི་རིགས་ཀྱི་རྒྱལ་པོ་བཅྭ་ བརྒྱད་ཀྱི་ཕྱག་རྒྱ་ཡིན་ནོ། །མཛུབ་མོ་གཉིས་སོ་སོའི་གུང་མོའི་དྲུང་དུ་བཀུག་པ་ནི་ལོག་འདྲེན་རྣམས་ཀྱི་ཕྱག་རྒྱའོ། །ལག་པའི་ཁུ་ཚུར་ནམ་མཁའ་ལྟར། །ཁོང་སྟོང་སྦྱར་ནས་དེ་བཞིན་དུ་མཐེ་བོ་གཉིས་ཀྱང་བསྟོད་པ་ནི། །ཚངས་ པ་ཞེས་ནི་བྱ་བར་བཤད། །མཐེ་བོ་གཉིས་ནི་བཏུད་ནས་ཀྱང་། །ཅུང་ཟད་བསྟོད་པ་ཁྱབ་འཇུག་གི། །གུང་མོ་གྱེན་དུ་བསྒྲེང་བྱས་ལ། །དེ་ཡི་སྟེང་དུ་མཛུབ་མོ་དང་། །མཐེ་བོ་ལྷན་ཅིག་གཞག་པ་ནི། །ཉི་མ་ཡི་ནི་ཡིན་པར་བཤད། །གཡོན་ པའི་སོར་མོ་བཞི་པོ་རྣམས། །གཡས་པ་ཡིས་ནི་བཅུམ་པར་བྱ། །དེ་ལྟར་ཁུ་ཚུར་བཅང་བྱས་ནས། །མཐེ་བོང་གཉིས་ནི་བསྐྱེད་དེ་སྦྱར། །གཡོན་པ་མཐོང་བར་བྱས་པ་ནི། །མིག་གཡོན་གྱི་ནི་ཕྱག་རྒྱ་ཡིན། །ལག་པ་གཡས་ པའི་མཐེ་བོང་དང་། །མཛུབ་མོ་ཡང་ནི་དེ་བཞིན་སྦྱར། །སོར་མོ་གསུམ་པོ་རྣམས་ཀྱང་ནི། །མཐེ་བོ་ལྷན་ཅིག་སྦྱར་བྱ་ཞིང་། །བྱི་ལའི་སྡེར་མོའི་དབྱིབས་འདྲ་བ། །ཞབས་ཀྱི་སྙིང་པོའི་ཕྱག་རྒྱ་འདི། །འཇིག་རྟེན་གསུམ་གྱིས་མཆོད་ པ་ཡིན། །སོར་མོ་དག་ནི་བཞི་པོ་རྣམས། །ལག་པ་གཡོན་པས་བཅང་བར་བྱ། །གཡོན་པའི་མཐེ་བོ་བསྐྱེད་ནས་ནི། །གཡས་པ་ཡང་ནི་བསྟོད་པར་བྱ། །ཕྲག་པ་གཉིས་ཀྱི་རྒྱབ་དུ་ནི། །རྟག་ཏུ་འདུག་པར་བྱ་བ་ཡིན། །སོར་མོ་ 100-1-276b ཡི་ནི་འཛུབ་མོ་དང་། །གུང་མོ་ཚིགས་ཀྱི་བར་དུ་ནི། །མཐེ་བོང་གཉིས་ཀྱི་མཐའ་མའི་ཚིགས། །སྦྱར་ཞིང་ལེགས་པར་བཞག་པར་བྱ། །གཡོན་པའི་འཁྲིག་མའི་ཕྱོགས་སུ་ནི། །གཡས་པས་མཐེ་བོང་བརྟན་བྱས་པ། །སེང་གེའི་ རྣ་བ་འདྲ་བ་སྟེ། །ཕྱག་རྒྱ་དཔལ་ལྡན་སྙིང་པོ་ཡིན། །ཕྱག་རྒྱ་གསུམ་པོ་འདི་དག་ནི། །འཕྲུལ་འཁོར་རྣམས་ཀྱི་སྙིང་པོར་བཤད། །འདི་དག་གིས་ནི་སྦྱར་བྱས་ཤིང་། །གསང་སྔགས་ལྡན་པར་བྱས་ན་ནི། །འཕྲུལ་འཁོར་འོད་འབར་ གང་ཡིན་དང་། །འཕྲུལ་འཁོར་རྩེ་མོ་མི་ཟད་གང་། །སྣང་བ་དང་ནི་མི་སྣང་དང་། །ཆེ་ཆུང་དང་ནི་དཀར་ནག་རྣམས། །ཐམས་ཅད་ཀྱང་ནི་འཇིགས་འགྱུར་ཏེ། །འདི་ལ་དཔྱད་པར་མི་བྱའོ། །འཕྲུལ་འཁོར་ཕྱག་རྒྱ་གསུམ་བཤད་པ། ། ཐོར་ཚུགས་གསུམ་པ་ཡིན་པར་བཤད། །དེ་ལ་གཉིས་ཀའི་སོར་མོ་ཀུན། །འོག་གི་ཕྱོགས་སུ་བརྟན་བྱ་ཞིང་། །མཐེ་བོ་ཡང་ནི་དེ་བཞིན་ནོ། །གུང་མོ་གྱེན་དུ་བསྒྲེང་ནས་ནི། །གཉིས་ཀ་ལྷན་ཅིག་སྦྱར་བྱ་བ། །ནམ་མཁའ་ཕྱག་རྒྱར་ བསྟན་པ་སྟེ། །ལྷ་ཆེན་གྱི་ནི་ཡིན་པར་ཤེས། །བདག་ཉིད་དང་ནི་ལྡན་པ་ཡིན། །གཡོན་པའི་གུང་མོ་གང་ཡིན་པ། །གཉིས་ཀ་ཡི་ནི་བར་དུ་གཞུག །ལག་པ་གཉིས་ཀའི་སོར་མོ་ཡི། །ལྷག་མ་ཡང་ནི་དགྱེད་པར་བྱ། །མཐེ་བོ་ གཉིས་ཀྱང་བསྐྱེད་བྱ་སྟེ། །ལྷ་མོའི་ཕྱག་རྒྱ་ཡིན་པར་བཤད། །མདོར་ན་ཕྱག་རྒྱ་འདི་དག་ནི། །བྱས་ན་ལས་རྣམས་གྲུབ་པ་སྟེ། །བགེགས་རྣམས་ཞི་བར་འདོད་པ་བཞིན། །རབ་ཏུ་བསྒྲིམས་ཏེ་སྦྱར་བར་བྱ། །དེ་ལས་གཞན་པ་ རྒྱུད་ཀུན་གྱིས། །དོན་ཀུན་སྒྲུབ་པར་བྱེད་པ་ཡི། །ཕྱག་རྒྱ་སྤྱིའི་སྒྲུབ་པའི་ཐབས། །འདི་དག་ཀྱང་ནི་བཤད་པར་བྱ། །སྤྱན་དྲང་ལ་སོགས་དོན་རྣམས་ལ། །བསྲུང་བ་ལ་སོགས་ལས་རྣམས་ལས། །སྒྲུབ་པ་པོས་ནི་རིམ་བཞིན་དུ། ། ཕྱག་རྒྱ་འདི་དག་སྦྱར་བར་བྱ། །ཕྱག་རྒྱ་ཀུན་གྱི་ཆོ་ག་ཡི། །གཏང་བ་དང་ནི་དགུག་པ་ལ། །ཤིན་ཏུ་བཟླས་པའི་སྒྲུབ་པ་པོ། །བགེགས་རྣམས་དང་ནི་ལོག་འདྲེན་གྱིས། །རིང་དུ་ཡོངས་སུ་སྤང་བར་བྱེད། །ཐོག་མར་ལས་ནི་ཐམས་ཅད་ལ། །བགེགས་ཀུན་ཞི་བར་ 100-1-277a བྱ་བའི་ཕྱིར། །བགེགས་རྣམས་ཀུན་གྱི་དགྲར་གྱུར་པ། །བདུད་རྩི་ཐབས་སྦྱོར་བཤད་པར་བྱ། །ལག་པ་གཉིས་ཀའི་མཐེ་བོ་གཉིས་ཀྱིས། མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་ཀྱི་བར་ནས་གང་ཙམ་གྱིས་ཕྱེ་སྟེ། རྡོ་རྗེའི་ མཚན་ཉིད་དུ་བྱས་ལ། དེ་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ནས་མཆེ་བ་མནན་ལ་དྲག་ཏུ་ལྟ་ཞིང་ཁུར་བ་བུས་ཏེ་རྐང་པ་ཕྲལ་ལ། འགྲེང་ཞིང་གཡས་བརྐྱང་གིས་ཚུལ་གྱིས་ལུས་བཏུད་པ་ནི་འཕགས་པ་བདུད་རྩི་ཐབས་སྦྱོར་ གྱིས་རྩ་བའི་ཕྱག་རྒྱའོ། །འདི་མངོན་བསུམ་དུ་བསྟན་ཏེ། ལོག་འདྲེན་རྣམས་དང་གདོན་གཞན་རྣམས་ཆིངས་ཤིག་ཅེས་བྱས་ན་བཅིངས་པར་འགྱུར་རོ། །ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་དེ་ནི་ལས་ཀྱི་རྡོ་རྗེ་ཞེས་བྱའོ། ། གཡས་པ་ནི་དམ་ཚིག་གི་རྡོ་རྗེ་ཡིན་ནོ། །སྙིམ་པ་བཀན་ལ་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག་ནས་མཛུབ་མོ་གཉིས་དབུས་བཀུག་ལ་གུང་མོ་གཉིས་གཞིབས་པ་དེའི་ཚིགས་དང་པོར་བསྟན་ ཏེ་མཐེ་བོ་གཉིས་གློ་ལ་བཅར་ནས་སྙིམ་པའི་ཐབས་སུ་བྱས་པ་ནི་ཁྲུས་ཀྱི་ཕྱག་རྒྱ་སྟེ། ཁྲུས་བྱེད་པའི་ཚེ་དེ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཕྱག་རྒྱའི་ཆུ་མགོ་བོར་བླུགས་ན་བགེགས་རྣམས་ལས་གྲོལ་ཞིང་ཁྲུས་ བྱས་ནས་ཀྱང་འཇུག་པར་མི་འགྱུར་རོ། །དེ་ཉིད་ལས་མཐེ་བོ་གཉིས་བར་དུ་བཅུག་ལ་གཞན་ཐམས་ཅད་སྔ་མ་བཞིན་དུ་བྱས་པ་ནི་བསྲུང་བའི་ཕྱག་རྒྱ་སྟེ། མགོ་བོ་དང་ལག་པ་གཉིས་དང་སྙིང་ག་དང་ལྐོག་མ་དང་གནས་ལྔར་ རིམ་པ་བཞིན་གཏུག་པར་བྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་མཐེ་བོང་གཉིས་ཚིགས་དང་པོ་ཡང་ནང་དུ་བཏུད་པ་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་ཁྲུས་ཀྱི་ཕྱག་རྒྱའོ། །བསྲུང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཏང་ སྟེ། རྡོ་རྗེའི་ཚུལ་དུ་བྱས་པ་ནི་བསྲུང་བ་ཆེན་པོ་ལོག་འདྲེན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། སྙིང་གར་བཞག་ལ་ཉི་མ་གཅིག་བཟླས་བརྗོད་བྱས་ན། ལོག་འདྲེན་གྱིས་ཟིན་པ་ལས་གྲོལ་བར་འགྱུར་ཏེ། གདོན་ 100-1-277b ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཡོན་པའི་སོར་མོ་གཉིས་ཀྱི་མཐེ་བོང་སྦས་ཏེ་གདུབ་བུ་ལྟར་འདུག་པའི་ནང་དུ་མཐེའུ་ཆུང་དང་མཛུབ་མོ་གཉིས་དབུ་བཀུག་པའི་ཐོར་ཏོ་བཅུག་ལ་ལག་པ་གཡས་པ་སྟ་ ཟུར་ཕྱོགས་སུ་རྡོ་རྗེར་བྱས་ཏེ་ལས་ཐམས་ཅད་ལ་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་ཐམས་ཅད་ལ་སྦྱར་ན་བགེགས་འོང་བར་མི་འགྱུར་རོ། །རྡོ་རྗེ་དེ་ཉིད་གཡོན་པའི་གཏུམ་མོ་ཕྱོགས་སུ་བཟུང་ན་གཟི་བྱིན་སྐྱེ་བར་འགྱུར་ རོ། །གཡོན་པའི་སྲིན་ལག་བསྒྲེང་བའི་ངོས་ལ་མཐེའུ་ཆུང་དང་གུང་མོ་བསྣོལ་བ་བསྟན་ཏེ། མཛུབ་མོས་མཐེའུ་ཆུང་གི་ཐོར་ཏོ་དམ་དུ་བཟུང་ནས། མཛུབ་མོ་དང་གུང་མོའི་ཐོར་ཏོ་མཐེ་བོས་མནན་པ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་མཆེ་ བའི་ཕྱག་རྒྱ་སྟེ། གདོན་ཐམས་ཅད་དང་བགེགས་ཆེན་པོ་རྣམས་ལ་སྦྱར་བར་བྱའོ། །སོར་མོ་རྣམས་ཕན་ཚུན་བསྣོལ་ལ་མཐེ་བོ་གཉིས་ནང་དུ་བཅུག་པའི་སྟེང་དུ་མཛུབ་མོ་ཚིགས་གཅིག་བཀུག་སྟེ། གདུ་བུའི་ཐབས་སུ་སྤྲད་ པ་ནི་ཆུང་སྩལ་བའི་ཕྱག་རྒྱ་སྟེ། ཆུ་ལ་བསྐོར་ནས་ཅི་དགའ་བར་ཁྲུས་བྱའོ། །རྡོ་རྗེའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་དེ་ཉིད་སྤྱན་དྲང་བའི་འོ། །གཉིས་ཀ་བརྐྱང་བ་ནི་སླར་གཏང་བ་ཡིན་ཏེ། བདུད་རྩི་ཐབས་སྦྱོར་གྱི་ཕྱག་ རྒྱ་ཡིན་ནོ། །ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་ནི་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་སྟེ། བཅིང་བ་དང་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ལས་གང་དང་གང་ཡིན་པ་དེ་དང་དེ་ལ་ཁྲོ་བོ་ཆེན་པོ་སྦྱར་བར་བྱའོ། །སྤྱན་དྲང་བ་དང་། སླར་ བཏང་བ་ལ་ཡང་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་སྔགས་དང་སྦྱར་བར་བྱའོ། །རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ཡང་དེ་དག་ཉིད་ཀྱིས་སྦྱར་བར་བྱའོ། །སྙིམ་པ་ལས་མཐེའུ་ཆུང་དང་སྲིན་ལག་ཕན་ཚུན་བསྣོལ་ཏེ་མཐེ་བོ་ གཉིས་གློ་ལ་སྦྱར་མཛུབ་མོ་སློད་དེ་དབུས་བཀུག་ལ་གུང་མོ་གཤིབས་པའི་ཚིགས་དང་པོར་བཞག་པ་ནི་རིག་གསུམ་ཅར་གྱི་སྤྱིའི་མཆོད་ཡོན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་སོར་མོ་ཕྲུགས་གསུམ་ཕན་ཚུན་བསྣོལ་ལ་ 100-1-278a མཛུབ་མོ་བརྐྱང་བའི་ཐོར་ཏོ་སྤྲད་ནས་མཐེ་བོ་གཉིས་ཀྱིས་གློ་ལ་གཞར་ཏེ་སྙིམ་པའི་ཐབས་སུ་བྱས་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ཏེ། དེའི་རྒྱབ་ཏུ་སྲིན་ལག་གཤིབས་ ཏེ་གཞར། དེའི་རྒྱབ་ཏུ་གུང་མོ་གཤིབས་ལ་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱང་སྟེ། གཤིབས་ནས་མཐེ་བོ་གཉིས་གློ་ལ་གཞར་ཏེ་སྙིམ་པའི་ཐབས་སུ་བྱས་པ་ནི་ བདུག་པའི་ཕྱག་རྒྱའོ། །སྙིམ་པ་བཟེད་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་ནི་སྤྱིའི་ལྷ་བཤོས་ཀྱི་ཕྱག་རྒྱ་སྟེ་ནང་དུ་མེ་ཏོག་གཞག་པར་བྱའོ། །ལག་པ་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱར་བྱས་ལ་གཡོན་པ་ཁྲིག་མ་ ནས་གདུབ་བུ་ལྟར་བཟུང་བ་ནི་དྲིའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཐེ་བོ་དང་གུང་མོ་གཤིབས་པ་ནི་སྤྱིའི་མར་མེའི་ཕྱག་རྒྱའོ། །མཐེ་བོ་དང་སྲིན་ལག་གཉིས་ཀྱིས་སྔགས་ཀྱི་ནོར་བུ་བཟུང་ ལ་མཐེའུ་ཆུང་དང་གུང་མོ་བརྐྱང་སྟེ། མཛུབ་མོའི་དབུས་བཀུག་ནས་གུང་མོའི་རྒྱབ་ཀྱི་ཚིགས་དང་པོར་བཞག་པ་འདི་ནི་རིག་སྔགས་ཀྱི་ནོར་བུའི་ཕྱག་རྒྱའོ། །སྙིམ་པའི་ནང་དུ་སྔགས་ཀྱི་ནོར་བུ་བླངས་ལ་གསང་སྔགས་ བཟླས་བརྗོད་བྱས་ན་དག་པར་བྱས་པར་འགྱུར་རོ། །ལག་པ་གཡས་སྐྱབས་སྦྱིན་གྱི་ཚུལ་དུ་བྱས་ཏེ་བསྟན་ལ་མཛུབ་མོ་བཀུག་ནས་མཐེ་བོ་ཡང་ལག་པའི་མཐིལ་དུ་བཀུག་པ་ནི་མེ་སྤྱན་དྲང་བའོ། །མཛུབ་མོ་དང་ མཐེ་བོའི་ཐོར་ཏོ་བཀུག་སྟེ་ལྷན་ཅིག་སྦྱར་བ་ནི་མེ་སླར་གཏང་བའིའོ། །གཡས་པའི་རྡོ་རྗེ་གང་ཡིན་པ་དེ་ནི་སེམས་དཔའ་ཡིན་ནོ། །ལག་པ་གཉིས་གུང་མོ་གཉིས་དང་སྤྲད་དེ་སྦྱར་ལ་གཞན་བསྣོལ་ནས་ཟླ་འོག་ཏུ་བསྟན་ཏེ་ དྲ་བའི་ཐབས་སུ་བྱ་བ་ནི་རྡོ་རྗེ་དྲ་བ་ཡིའོ། །མཛུབ་མོ་དང་མཐེའུ་ཆུང་གཤིབས་ལ་མཐེ་བོ་གཉིས་བཀྱེད་ནས་འོག་དང་ཐད་ཀར་ས་ལ་བཞག་སྟེ། གསང་སྔགས་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ལ་ས་གཞི་བསྩལ་ 100-1-278b བ་དང་ཡོངས་སུ་བཟུང་བ་བྱས་པར་འགྱུར་ཏེ་རིགས་ཀྱི་སྤྱིའི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །ལྷ་རྣམས་ལ་བསྟན་ན་ཡང་ལྷ་རྣམས་དགའ་བར་བྱས་པ་དང་། བསྐུལ་བར་བྱས་པར་འགྱུར་རོ། །ཁྲོ་བོ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་བཅིངས་ པ་ལ་ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་སྦྱར་བ་ནི་མཆོད་པའི་ཕྱག་རྒྱའོ། །བསྣོལ་མར་སྦྱར་བ་ནི་ཕྱག་འཚལ་བའི་ཕྱག་རྒྱའོ། །མེ་ཏོག་ལ་སོགས་པ་མ་འབྱོར་ན་ཡང་ཕྱག་རྒྱ་བཅིངས་པས་འབྱོར་པ་བྱས་པར་ འགྱུར་རོ། །ལས་ཐམས་ཅད་ལ་ཡང་བསྐྲད་པ་ནི་ལས་ཀྱི་རྡོ་རྗེས་བྱའོ། །སངས་རྒྱས་སྤྱན་གྱི་ཕྱག་རྒྱ་ནི་ཐམས་ཅད་དུ་རིག་སྔགས་བསྲུང་བར་བྱའོ། །སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅངས་ལ་གུང་མོ་གཤིབས་པའི་ཕྱི་རོལ་ཏུ་ མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོ་གཉིས་གློ་ལ་གཞར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། ངན་དུ་བྱས་པ་དག་ལ་ཡང་བསྲུང་བ་ཆེན་པོ་ཡིན་ལ་ཉེ་འཁོར་དུ་མཚམས་དེ་བཅད་དེ་འཁོར་ལོས་སྒྱུར་བའི་བཟླས་བརྗོད་བྱས་སུ་ ཟིན་ཀྱང་སུས་ཀྱང་རིག་སྔགས་ཀྱི་མཐུ་ཉམས་པར་བྱེད་མི་ནུས་སོ། །ཁྲོ་བོ་འཆོལ་པའི་སྦས་པའི་ཕྱག་རྒྱ་ལ་ཡང་བསྲུང་བར་འགྱུར་ཏེ། །འདི་དག་ནི་བསྒྲུབ་པ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ། །དེ་ལས་གཞན་ཡང་སྦྱིན་སྲེག་ གི་གསང་སྔགས་ལས་གང་གི་སྐབས་སུ་བསྟན་པ་ལུང་ལས་ཇི་སྐད་འབྱུང་བ་དེ་དག་ལ་ཡང་ལས་ཀྱི་ཕྱག་རྒྱ་སྦྱར་བར་བྱའོ། །རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེའི་རིགས་ཐམས་ཅད་སྤྱིའི་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་ བཤད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་སྱ། ན་མོ་བིདྱ་ག་ཎ་སྱ་སྟུམ། འདི་ནི་སྙིང་པོ་ཡིན་ཏེ་དེ་བཞིན་དུ། །རྡོ་རྗེ་རིགས་ཆེན་དེ་དང་ནི། །རིག་སྔགས་རིགས་ནི་ཐམས་ཅད་ཀྱི། །རིག་སྔགས་བློན་མོ་བདུན་དག་དང་། ། རིག་སྔགས་ཡན་ལག་བདུན་དང་བཅས། །འདོད་པའི་རྡོ་རྗེ་འཛིན་གྱིས་བཤད། །དང་པོ་འདོད་པའི་རྡོ་རྗེ་མ། །རིག་སྔགས་རྡོ་རྗེ་མེ་ཏོག་བཞིན། །ལས་མཆོག་ལ་ནི་གཉིས་པ་ཡིན། །རྫུ་འཕྲུལ་དང་ནི་སྟོབས་ལྡན་པ། །རྡོ་རྗེ་ 100-1-279a སྒྲོག་ཅེས་བྱ་བ་དང་། །འོག་ཕག་སེར་མོ་གཏུམ་མོ་དང་། །དེ་བཞིན་རྡོ་རྗེ་ཚུགས་པར་དཀའ། །རིག་སྔགས་ཆེན་མོ་བདུན་དེ་དག །ཉི་མ་བདུན་དང་སྟོབས་མཉམ་ཞིང་། །སེམས་ཅན་ཚོགས་ཀུན་མཆོག་རྣམས་ལ། །ཐལ་མོ་ སྦྱར་ཏེ་ཕྱག་ཀྱང་བྱ། །གཞན་ཡང་ཡ་མཚན་ལས་འདས་ཤིང་། །དུས་ཀྱི་མཐའ་ཡི་མེ་འདྲ་བ། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །དེ་ལ་ཡང་དང་ཡང་དུ་གདུད། །དེ་བཞིན་རྡོ་རྗེ་ཐོག་ཐོག་ནི། །འབྱུང་པོ་རྣམས་ལ་ཐོག་ཐོག་བཞིན། །གཟུང་ བཀའ་རིག་སྔགས་ལས་ཀུན་བྱེད། །ལྷོ་ཕྱོགས་སྒོ་ནི་བསྲུང་བ་དང་། །རྡོ་རྗེ་ཁུ་ཚུར་མཆོག་སྦྱིན་དང་། །གཏུམ་པོ་ཆེན་པོ་སྟོབས་པོ་ཆེ། །བདག་དང་གཞན་ཀུན་བསྲུང་བའི་མཆོག །བྱང་ཕྱོགས་སྒོ་ནི་བསྲུང་བ་དང་། །ཕོ་ཉ་ཆེན་པོ་གྲུབ་ པ་བཅུ། །དེ་བཞིན་དེ་དག་གཡོག་མོ་རྣམས། །ཕོ་ཉ་མ་ནི་དྲུག་བཅུ་བཞི། །རིག་སྔགས་ཚོགས་ནི་སྣ་ཚོགས་དང་། །རྡོ་རྗེ་དབྱུག་པ་ཉི་མ་ལ། །རྡོ་རྗེ་རིགས་ཀྱི་སློབ་དཔོན་གྱིས། །གྲུབ་པའི་རྡོ་རྗེ་ཆོ་ག་ཡིས། །སྙིང་ནས་ཀྱང་ནི་ཕྱག་བྱས་ ནས། །དེ་ལས་གཞན་རྣམས་བཤད་པར་བྱ། །ལས་ཀྱི་དཀྱིལ་འཁོར་གཙོ་བོ་ནི། །ཇི་བཞིན་དུ་ནི་བྲིས་ནས་ཀྱང་། །གདོན་གྱི་ལས་རྣམས་བསྒྲུབ་པར་བྱ། །གང་གི་མིང་ནི་སྨོས་ཙམ་གྱིས། །མ་བཅོས་པར་ཡང་གདོན་རྣམས་འཇིག ། དབང་པོའི་རྒྱལ་མཚན་བསྟན་པ་ཡིས། །མ་བཅོས་ལྷ་མིན་ཕམ་པ་བཞིན། །འབྱུང་པོ་ཀུན་ལས་གྲོལ་བའི་ཐབས། །འཇིག་རྟེན་ཀུན་ཏུ་མཆོག་གྱུར་གང་། །ཐམས་ཅད་ཞི་བར་བྱེད་པ་ཡི། །དམ་པ་གང་ཡིན་བཤད་པར་བྱ། །གང་ཞིག་ཚུལ་ བཞིན་དྲན་བྱས་ཤིང་། །བསྒྲིམས་ཏེ་མཆོད་པ་བྱས་ན་ནི། །འབྱུང་པོ་ཀུན་གྱིས་མི་ཚུགས་ལ། །འཇིགས་མེད་བདེ་བར་གནས་པར་འགྱུར། །འཇིག་རྟེན་འཇིག་རྟེན་སློབ་དཔོན་འདྲ། །འཇིག་རྟེན་གྱི་ནི་སྣང་བྱེད་མཆོག །འབྱུང་པོའི་ ཚོགས་ནི་ཐམས་ཅད་ཀྱིས། །རྟག་ཏུ་ལྷ་ཆེན་བཞིན་དུ་མཆོད། །མཆོག་གྱུར་མཆོག་གིས་མཆོད་པ་དེས། །ཆོ་ག་བཞིན་དུ་རྒྱས་པར་ནི། །གདོན་གྱི་མཚན་ཉིད་བར་དུ་ཡང་། །ལེགས་པར་རབ་ཏུ་བཤད་པར་བྱ། །ཟླ་ཕྱེད་ཡུད་ཙམ་ཉིན་ 100-1-279b མོ་དང་། །རྒྱུ་སྐར་དག་ནི་བཟང་བ་ལ། །གཙང་ཞིང་གོས་གཙང་གོས་པ་དང་། །བསྡམས་ཞིང་ངེས་པར་གནས་པ་དང་། །གཙང་མོའི་གྲོགས་དང་ལྡན་པ་དང་། །གཙང་མའི་ལམ་དུ་ཞུགས་པ་ཡི། །ཡར་གྱི་ངོས་ནི་ཚེས་གཅིག་གམ། །ཚེས་གཉིས་ དེ་བཞིན་ལྔ་ཡང་རུང་། །ཚེས་དྲུག་གམ་ནི་བརྒྱད་དམ་བཅུ། །བཅུ་གསུམ་ཡང་ན་ཉ་དག་གི། །ཉིན་པར་ཡོངས་སུ་གཟུང་བར་བྱ། །བ་བླ་དང་ནི་བ་ལ་པ། །བེ་ཤོ་དེ་བ་དེ་བཞིན་ཏེ། །ཡང་ན་ཏེའུ་ཏུ་ལ་ཡང་རུང་། །ཞག་ཕྱེད་ཡོངས་སུ་གཟུང་ བར་བྱ། །ཤྭ་ཏ་མེ་ཏྲ་པ་ལ་དང་། །ཤ་ར་མ་ཐ་ཨ་བི་ཙི། །ཛ་ཡ་སེའུ་མེའི་ཡུད་ཙམ་ལ། །དཀྱིལ་འཁོར་དམ་པ་བྱ་བ་ཡིན། །བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་། །རྒྱལ་དབང་ལ་ནི་ཕྱག་བྱས་ནས། །ཞི་ཞིང་སྔན་ཆད་ལས་བྱས་པའི། །ས་ ཕྱོགས་མཁས་པས་འགྲོ་བར་བྱ། །ཀུན་དགའ་ཚོང་འདུས་གཙུག་ལག་ཁང་། །གྲོང་དང་གྲོང་ཁྱེར་བྱང་ཤར་མཚམས། །དེ་བཞིན་ལྷོ་ནུབ་མཚམས་ཀྱང་རུང་། །མཉམ་ཞིང་མདངས་དགའ་མདོག་སྡུག་དང་། །ཚད་ལྡན་ཚྭ་སྒོ་མེད་པ་ དང་། །རྡོ་དང་གསེག་མ་རུས་པ་དང་། །སྐྱོན་ཀུན་མེད་པ་དེས་མཐོང་ནས། །དེ་འདྲའི་ས་དེ་རྙེད་ནས་ནི། །རྡོ་རྗེ་ལྕགས་ཀྱུ་དྲན་བྱ་ཞིང་། །ཤར་ཕྱོགས་ནས་ནི་གོམ་པ་དོར། །ཧ་ཅང་མི་དྲག་རྒོད་མི་བྱ། །རིག་སྔགས་གང་ལ་དད་པའི་ ས། །བདག་ཉིད་དེ་ནས་བསྲུང་བར་བྱ། །ཡན་ལག་གསུམ་པོ་ནས་དང་ནི། །ཡུངས་ཀར་འབྲས་ཀྱང་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་གནས་དེར་ཡང་། །དགེ་ལྟས་དག་ཀྱང་བལྟ་བར་བྱ། །སྔགས་ཀྱིས་དག་པར་བྱས་ པའི་ཆུས། །ཐམས་ཅད་ལེགས་པར་གཏོར་བར་བྱ། །བ་ལང་ལྕི་བས་ལེགས་པར་སྦྱར། །ཀུ་ཤ་དག་ཀྱང་གདིང་བར་བྱ། །ཁྲུ་ནི་བཞི་འམ་དྲུག་གམ་བརྒྱད། །ས་ཡི་ཕྱོགས་ཆར་ཐིག་ཀྱང་གདབ། །ཐིག་སྐུད་གསར་ཞིང་ གྲིམས་པ་དང་། །རན་པ་དང་ནི་མཛེས་པ་དང་། །དྲི་ཞིམ་དང་ནི་བལྟ་ན་སྡུག །གཟབས་པ་དང་ནི་ལེགས་པ་དང་། །ཐུང་ངུ་དང་ནི་སྦོམ་ལ་སོགས། །མ་ལེགས་མདུད་པ་རྣམས་མེད་ན། །དྲི་དང་མེ་ཏོག་མཆོད་པ་ཡིས། །ཤེས་ 100-1-280a རབ་ཅན་གྱིས་ཐིག་ཀྱང་གདབ། །བུ་དག་ཆོག་ཤེས་དབེན་པ་དེ། །ཆོས་ལ་མི་དམོད་བདེ་བ་ཡིན། །འཚེ་བ་སྤངས་པ་འཇིག་རྟེན་བདེ། །སྲོག་ཆགས་རྣམས་ལ་སྡོམ་པ་དང་། །འདོད་ཆགས་བྲལ་བ་འཇིག་རྟེན་བདེ། ། འདོད་པ་རྣམས་ལས་འདས་པ་དང་། །ང་སྙམ་ང་རྒྱལ་ཞི་བ་དང་། །དུལ་བ་འདིར་ནི་མཆོག་ཏུ་བདེ། །བུ་དག་རྒྱུད་ལས་བཟློགས་པ་ཡི། །ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ། །མུན་ནག་ཐིབས་པོས་བསྒྲིབས་པ་དང་། ། འདོད་ལ་ཆགས་པས་རྟོགས་མི་འགྱུར། །ངས་ནི་དཀའ་བ་རྟོགས་བྱས་ནས། །སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་། །འདོད་པ་དག་གི་མདུད་པ་ཡིས། །བཅིངས་པའི་བར་དུ་བཤད་པ་སྟེ། །འདི་ནི་ལག་ན་རྡོ་རྗེ་ཡི། །ཡིད་འོང་ཆེན་ དུ་བརྗོད་པ་བརྒྱད། །ཀཱི་ལི་ཀཱི་ལས་བསྲུང་བྱས་ནས། །ངེས་པར་ཀུན་ཏུ་འཇིགས་པ་མེད། །བྱང་ཕྱོགས་ཡང་ན་ནུབ་ཕྱོགས་སུ། །ཚོན་རྩི་ལ་སོགས་དེ་དག་གཞག །ཤར་ལྟས་ལག་པ་གཡོན་པ་ཡིས། །དྲི་དང་མེ་ཏོག་ཕྲེང་ བས་མཆོད། །མཚོན་ཆ་བསྔགས་ཤིང་ཕྱོགས་བཅིངས་ལ། །ཐིག་གིས་གྲྭ་ཡང་བཙལ་བར་བྱ། །དེ་ལྟར་མཉམ་པར་བཀོད་ནས་ནི། །ཁང་པ་གྲུ་བཞི་བྲི་བར་བྱ། །ཇི་ལྟར་ཐིག་ནི་གདབ་པ་བཞིན། །ཐིག་དང་འཐུན་པར་བསྒྲུབ་ པར་བྱ། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །ཡ་མཚན་དེ་ཉིད་དྲན་པར་བྱ། །ནང་གི་ཁང་པ་མཉམ་པ་དང་། །གྲྭ་བཞི་ལེགས་པར་གནས་པར་བྱ། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །དེ་ཡི་ཚད་དང་འཐུན་པར་ནི། །རྡོ་རྗེ་ཁང་གནས་ རྡོ་རྗེ་ཡི། །དབུས་དང་ཐོག་མ་དབྱིབས་ལེགས་ཤིང་། །རྩེ་མཐོ་ཤིན་དུ་རྒྱ་ཆེ་བ། །ཤར་དུ་རྟེན་ཏེ་གཞག་པར་བྱ། །རྡོ་རྗེ་ཡི་ནི་བྱང་ཕྱོགས་སུ། །རྡོ་རྗེ་རིག་སྔགས་གདབ་ཅིང་བྱ། །དབུས་དང་རྩེ་མོ་ལེགས་པ་ཡི། །རྒྱལ་ མཚན་རྩེ་མོ་ནང་དུ་བསྒྲེང་། །ནུབ་བྱང་གྲྭར་ནི་གཞག་པར་བྱ། །རྡོ་རྗེ་སྒོ་ནི་ནུབ་ཏུ་འདོད། །འདི་ནི་གསང་བའི་སྒོར་བཤད་དེ། །འབྱུང་པོ་ཐམས་ཅད་འཇིགས་པར་བྱེད། །དཀྱིལ་འཁོར་འདོད་པས་སྒོ་དེ་ཡི། །བྱང་ཕྱོགས་ཀྱི་ནི་ཉེ་ 100-1-280b འཁོར་དང་། །ལྷོ་ཕྱོགས་སུ་ནི་གང་བཤད་པ། །བསྙེན་ཏེ་ལེགས་པར་གཞག་པར་བྱ། །གུར་གུམ་དག་ནི་ཡིད་འོང་བ། །རྒྱ་སྐྱེགས་ཁུ་བས་སྦྱར་བ་འམ། །ལེབ་རྒན་རྩེས་ནི་དམར་བྱས་བྱ། །དར་ནི་ཡིད་ཀུན་འཕྲོག་བྱེད་པ། །དེས་ནི་ བ་དན་བྱས་ནས་ཀྱང་། །ཤིང་རིངས་དག་ལ་གདགས་པར་བྱ། །སྒོ་ཡི་ལྷོ་ཕྱོགས་ངོས་སུ་ཡང་། །དེ་དག་ལས་གཞན་གང་འདོད་པའི། །ཀུ་རན་ད་ཡི་ཕྲེང་བ་དག །རྡོ་རྗེ་རྩེ་མོར་གདགས་པར་བྱ། །ཡང་ན་མེ་ཏོག་དམར་པོ་ཡི། །ཕྲེང་བ་ སྣ་ཚོགས་བཟང་པོ་གདགས། །རྡོ་རྗེའི་སྒོ་ནི་དོན་གྲུབ་པ། །འགྲོ་དང་མི་འགྲོ་འཇིག་རྟེན་གསུམ། །འདི་དག་འཇོམས་ནུས་གང་ཡིན་པ། །སྒོ་བསྲུངས་གཉིས་ཀྱང་གཞག་བྱ་ཞིང་། །དེ་ཡང་རིག་སྔགས་བརྗོད་བཞིན་བྱ། །གྲགས་ པ་གཞན་ཡང་གང་འདོད་པ། །རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་སུ། །རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་བཞག །རྡོ་རྗེ་ལོ་ཏོག་ལྷོ་ཕྱོགས་སུ། །མེ་ཏོག་ཡུངས་ཀར་སྟེང་དག་ཏུ། །དྲི་བསུང་ཞིམ་པོས་ཆེར་བསྒོས་ཤིང་། །དྲི་དང་མེ་ཏོག་རྒྱས་ལ་ གཞག །རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ། །དཔལ་ལྡན་དེ་བཞིན་བྱང་ཕྱོགས་སུ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཡིས། །གཞག་ན་གླགས་ནི་རྙེད་མི་འགྱུར། །འཇིག་རྟེན་གསུམ་རྒྱལ་གང་གང་ལས། །རྡོ་རྗེ་འཛིན་པ་ཡིད་ཀྱིས་བཀུས། རྡོ་རྗེ་ཁུ་ཚུར་ཁུ་ཚུར་གྱིས། །བསྣུན་ན་རྣམ་པར་འཇིག་པར་འགྱུར། །རྡོ་རྗེ་སྙིང་པོའི་ཁང་པ་དེར། །གཡོན་ལོགས་ནས་ནི་འཇུག་པར་བྱ། །དེ་ནི་གཡས་ལོགས་སྐོར་བ་ཡང་། །འཇིག་རྟེན་དག་ཏུ་བཤད་པར་བྱ། །འཁོར་ཀུན་ དང་ནི་ལྷན་ཅིག་ཏུ། །རྡོ་རྗེ་སྒྲོག་ཀྱང་གཞག་པར་བྱ། །ཀླུ་ཡི་གཙོ་བོ་ནོར་རྒྱས་བུ། །གཟི་ཅན་གཉིས་ཀྱང་གྲྭ་རུ་གཞག །འདི་གཉིས་ཀླུ་ཀུན་བདག་པོ་སྟེ། །ཀླུ་ཀུན་གྱི་ནི་གནས་ཀྱང་ཡིན། །བྲམ་ཟེ་ལས་བྱུང་དུག་ཅན་དེ། ། འདི་གཉིས་སྔགས་དང་ཕྱག་རྒྱར་ལྡན། །འདི་གཉིས་ཀྱི་ནི་མདུན་ལོགས་སུ། །མཁའ་ལྡིང་རྣམ་པར་འདུད་པའི་བུ། །མཁའ་ལྡིང་གི་ནི་ཆོ་ག་བཞིན། །རྐང་དང་བྱིས་པ་ལ་སོགས་བསྐོར། །དེ་ནས་འབྱུང་པོའི་ཚོགས་བདུན་ 100-1-281a དག །ཆོ་ག་བཞིན་དུ་བཞག་པར་བྱ། །གནོད་སྦྱིན་ཀུན་དང་ཀུ་བེ་ར། །དེ་ཡི་བེ་ཅོན་བྱང་ཕྱོགས་གཞག །དེ་ནས་ཀླུ་ཆེན་ཚོགས་རྣམས་དང་། །བྱ་བ་སྒྲུབ་པོ་གཡོག་དང་བཅས། །ཀླུ་ཡི་གཡོག་རྣམས་མཐུ་སྟོབས་ལྡན། ། དེ་དག་ཤར་ཕྱོགས་ངོས་སུ་དགོད། །དེ་ནས་ཕྱི་རོལ་རིག་སྔགས་ཚོགས། །ཐམས་ཅད་བཞག་ཏེ་དབང་ཕྱུག་ཆེ། །ཆོས་ཀྱི་ངང་ཅན་གྲགས་ལྡན་མ། །ལྷ་མོ་དཀའ་ཟློག་ཞམ་རིང་ལྡན། །ལག་ན་རྡོ་རྗེ་ལྷ་ཆེན་དང་། ། དཀའ་ཟློག་གཉིས་ཀྱི་བར་དག་ཏུ། །རིག་སྔགས་རིགས་དག་གཞག་པར་བྱ། །དེར་ནི་ལག་ན་རྡོ་རྗེ་ཡི། །རྡོ་རྗེ་འབར་བས་རབ་ཏུ་གཟིར། །དེ་ནས་གྲྭ་ལོག་ལྷ་མོ་ནི། །ཀ་ཏ་ཡ་ན་ལོག་འདྲེན་དང་། །སྣ་ཡོན་སུམ་བཅུ་རྩ་ གཉིས་པོ། །དེ་དག་ལས་ནི་གང་འདོད་དང་། །དེ་ཡི་འོག་ཏུ་དྲི་ཟ་ནི། །སྐལ་ཆེན་བརྩོན་འགྲུས་ཆེ་བ་རྣམས། །ཤར་དུ་དབང་པོ་རྡོ་རྗེ་དང་། །དེ་བཞིན་དབང་པོ་ལྷ་ཡི་ཚོགས། །དེ་ཡི་འོག་ཏུ་ལྷ་ཡི་གཟའ། །དེ་ནས་ཁྱབ་འཇུག་ འཁོར་ལོར་བཅས། །མེ་དང་དྲུག་མ་བསྟན་པ་ཡི། །མེ་དང་མདུང་ཐུང་གྲྭ་རུ་བཞག །ལྷོ་ཕྱོགས་དང་པོར་ལྷོ་ཕྱོགས་ཀྱི། །འབྱུང་པོའི་བྱ་བ་བསྒྲུབ་པ་བཞག །དེ་ཡི་འོག་ཏུ་གཤིན་རྗེ་དང་། །གཤིན་རྗེ་དབྱུག་པ་གྲུལ་བུམ་རྣམས། །གྲུལ་བུཾ་ ལ་སོགས་ཚོགས་ཀུན་དང་། །མ་མོ་རྣམས་དང་འཇིག་རྟེན་མ། །བདེན་བྲལ་གྲྭར་ནི་འཕགས་མའི་མདུན། །འབྱུང་པོའི་ཚོགས་ཀྱིས་བསྐོར་བར་བྱ། །ནུབ་ཕྱོགས་དང་པོར་སྐེམ་བྱེད་ནི། །དྲག་མོ་ཚོགས་རྣམས་མང་པོར་བཅས། །ཀླུ་དང་ མཁའ་ལྡིང་གྲགས་མ་རྣམས། །དེ་ཡི་འོག་ཏུ་གཏོར་མའི་གནས། །ཚུལ་ལི་ཞེས་བྱ་རྒྱ་ཆེན་ཡང་། །དེར་ནི་ངེས་པར་གཞག་པར་བྱ། །དེ་ལྟར་དེ་དག་ཐམས་ཅད་དུ། །ཚོགས་རྣམས་ཐམས་ཅད་བཀོད་པའི་དབུས། །རྡོ་རྗེ་དཀྱིལ་འཁོར་ ནང་དག་ཏུ། །རྡོ་རྗེ་དབྱིབས་ཀྱི་སྟེགས་བུ་ནི། །ཤར་ནུབ་ཕྱོགས་སུ་བལྟ་བའི་དབྱིབས། །དེ་ཡི་དབྱིབས་ལེགས་གཞག་པར་བྱ། །དེ་ཡི་ནུབ་ཕྱོགས་གནས་སུ་ཡང་། །རིགས་སྔགས་འཆང་ནི་གུས་གནས་ཤིང་། །ལག་ན་རྡོ་རྗེའི་སྙིང་ 100-1-281b པོ་ནི། །རབ་ཏུ་བསྒྲིམས་ཏེ་བཟླས་བརྗོད་བྱ། །ཙན་དན་ཕྱེ་མ་ལ་སོགས་སྤོས། །ནས་དང་ཡུངས་ཀར་ལ་སོགས་དང་། །ཡང་ན་དེ་དག་རེ་རེ་ཡིས། །ལག་ན་རྡོ་རྗེ་ཐོག་མར་བྲིས། །བདག་ཉིད་གཡོན་ཕྱོགས་ངོས་ལ་འདུག །ལྷ་མོ་ལྷོ་ནུབ་མཚམས་ སུ་གཞག །གཡས་པས་དྲི་དང་ཕྲེང་བས་མཆོད། །བདུག་པ་སྣ་ཚོགས་དག་ཀྱང་བསྲེག །ཤིན་དུ་བཀྲ་ཤིས་ཚིགས་བཅད་ཀུན། །ཆོས་ཀྱི་འཁོར་ལོ་བསྐོར་བ་འམ། །ཡང་ན་འདུས་པ་ཆེན་པོའི་མདོ། །ཐེ་ཚོམ་མེད་པར་གདོན་པར་བྱ། །དེ་ནས་ ཆོས་ཀྱི་རྒྱལ་པོ་ཡི། །ཆོས་ཀྱི་འཁོར་ལོ་མཁས་པས་བྲི། །དཔལ་དང་ལྡན་པ་ལྷ་ཡི་ལྷ། །སངས་རྒྱས་སྐུ་གཟུགས་འོད་ཅན་བྲི། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ཡི། །རིག་སྔགས་གུས་པས་མཆོད་ཅིང་བཟླས། །ལྷ་མོ་སྟོབས་ཆེན་ དེ་ཉིད་དང་། །རྡོ་རྗེ་རི་བོ་བྲི་བར་བྱ། །སྙིང་པོ་ལག་ན་རྡོ་རྗེ་ནི། །མཚོན་རྩེ་གསུམ་གྱི་བདག་ཉིད་ཀྱི། །ཚུལ་བཞིན་བྲི་ཞིང་རིགས་རྣམས་ཀྱི། །བློན་མོ་བདུན་གྱིས་བསྐོར་བར་བྱ། །ཕོ་ཉ་མ་བཅུ་དཔུང་གི་མཆོག །དྲུག་བཅུ་རྩ་བཞིས་རྗེས་ འབྲང་དང་། །རིག་སྔགས་ཚོགས་ནི་ཐམས་ཅད་དང་། །རྡོ་རྗེ་ཁྲོ་བོ་ཡན་ཆད་བྲི། །ཡིད་བཞིན་ནོར་བུ་འདྲ་བ་དང་། །སྐལ་ལྡན་མཆོག་སྦྱིན་གཟུགས་བཟང་འདྲ། །འཇིག་རྟེན་ཀུན་གྱི་ཐབས་སུ་ནི། །དུས་ཀུན་དུ་ནི་ཕྱག་བྱ་བ། །ལྷ་ཀུན་ རིག་སྔགས་ཆེན་མོ་སྟེ། །གནོད་སྦྱིན་འབྱུང་པོ་ཀླུ་འཇིགས་བྱེད། །གདོན་ཆེན་དག་ནི་སྟོང་ཕྲག་རྣམས། །གཅིག་པུས་གསོད་པར་བྱེད་པ་སྟེ། །དེ་ཡི་མིང་ནི་བརྗོད་བྱས་ཤིང་། །མེ་ཏོག་བདུག་པས་མཆོད་བྱས་ན། །གདོན་རྣམས་ བྱེ་བ་སྟོང་ཕྲག་དག །འཁྱམ་པར་འགྱུར་ཞིང་གཡོ་བར་འགྱུར། །དེ་ཡི་དངོས་གྲུབ་གཟུགས་བཟང་བཞིན། །དཔལ་དང་ལྡན་པར་མངོན་སུམ་གནས། །ཐམས་ཅད་དོན་ནི་སྒྲུབ་པ་པོས། །འདི་ལ་ཐེ་ཚོམ་མེད་པར་བསྒྲུབ། །བསྒྲུབ་ པས་རབ་དང་འབྲིང་ལ་སོགས། །བཤོས་དང་བདུག་པ་ལ་སོགས་མཆོད། །ཨ་ག་རུ་སྤོས་དུ་རུ་སྐ། །ཡུངས་ཀར་གུ་གུལ་ཤུ་དག་དང་། །ནིར་ཀུན་དི་དང་ཤུ་ལ་སི། །པད་འདྲ་མ་དང་སྦྲང་རྩི་མར། །མ་ཧཱ་བྱི་ཤ་ལ་དང་བཅས། །འདིར་ནི་ལས་ 100-1-282a ཀྱང་བྱ་བ་ཡིན། །ཐམས་ཅད་འཇུག་པའི་སྒོ་དག་ཏུ། །ཐམས་ཅད་ཀྱང་ནི་འབྱུང་བར་བྱ། །སྒོ་མ་ཡིན་པ་གཞན་དག་ཏུ། །འདིར་ནི་ཅི་ཡང་མི་བྱའོ། །ཞེ་སྡང་གཏི་མུག་རྒྱགས་དང་མྱོས། །འདོད་ཆགས་མི་ཤེས་དབང་གིས་ཀྱང་། ། འདི་ལ་འཇུག་དང་འབྱུང་བྱས་ན། །མི་རྣམས་མྱུར་དུ་ནད་ཀྱིས་འདེབས། །གདོན་རྣམས་མྱོས་ཤིང་རྒྱགས་པ་ཡིས། །རྡོ་རྗེ་དག་ལ་བརྫི་བྱེད་དམ། །རྐང་པས་རྡོ་རྗེ་རི་མོ་བརྫིས། །མྱུར་དུ་དམ་ཚིག་ཉམས་འགྱུར་ཏེ། །དེ་དག་རྡོ་རྗེ་ འཛིན་པ་ཡིས། །མྱུར་དུ་རྡོ་རྗེ་ཆེན་པོས་འཇོམས། །དེ་དག་གི་ནི་རིགས་རྣམས་ཀྱང་། །རྡོ་རྗེ་རིག་སྔགས་ཚོགས་ཀྱིས་གཞག །སློབ་དཔོན་ཡང་ན་དམ་ཚིག་ཤེས། །གདོན་གང་དག་གིས་བརྙས་བྱེད་ན། །རྡོ་རྗེ་ལྕགས་ཀྱུའི་ བཟླས་བརྗོད་དང་། །སྦྱིན་སྲེག་དག་གིས་དེ་ཡི་རིགས། །སྐད་ཅིག་གིས་ནི་བཅོམ་པར་འགྱུར། །གཞན་ཡང་རྡོ་རྗེ་རིགས་ཆེན་ལས། །རིག་སྔགས་འདོར་གྱུར་གང་ཡིན་པ། །དེ་ཡང་སྔར་ནི་བསྒྲུབ་བྱས་ལ། །མྱོས་ལ་སོགས་ པས་གདོན་རྣམས་བསྒྲད། །གང་ཕྱིར་སྒོར་ཡང་འགྲུབ་པའི་ཕྱིར། །རྟག་ཏུ་འདི་ནི་ནང་དག་ཏུ། །མཆོད་པ་ཡི་ཚོགས་བསྟོད་པ་དང་། །བརྡེག་པ་ལ་སོགས་ལས་མི་བྱ། །གཞན་ཡང་ནད་གཏང་མང་པོ་དང་། །ཡི་དགས་འབྱུང་པོ་ ཤ་ཟ་དག །དཀྱིལ་འཁོར་སྤོང་བར་བྱེད་པ་དག །དེ་དག་འདིར་ནི་གཤིག་པ་ཡི། །དྲག་པོའི་ལས་ལ་འཇུག་པར་བྱ། །གཞིག་པར་བྱ་བ་གང་ཡང་རུང་། །ཐམས་ཅད་ལྷོ་ཕྱོགས་ནང་དུ་བྱ། །ཀུན་ལ་མེ་ནི་འབར་བར་བྱ། །བདུག་པའི་ སྣོད་ནི་ཕྱི་རོལ་གཞག །ལྷ་བཤོས་སྣ་ཚོགས་མཛེས་པ་དག །ཅི་འདོད་ཀུན་ནི་ཐམས་ཅད་དུ། །ཐམས་ཅད་ཟད་མི་ཤེས་པར་བྱ། །གདོན་གྱི་དཀྱིལ་འཁོར་ཕ་རོལ་གྱི། །བྱང་ཤར་མཚམས་སུ་གང་འདོད་པའི། །ལྷའི་ཕྱག་ རྒྱའི་ཚོགས་ཀྱང་བྲི། །པད་མ་འཁོར་ལོ་རྒྱལ་མཚན་མདུང་། །མདུང་ཐུང་དབྱུག་པ་བེ་ཅོན་རི། །ཞགས་པ་རྩེ་གསུམ་ཁ་གདེང་དུང་། །གདོན་དྲེག་རྣམས་ལ་གནས་པར་བྱ། །གང་ན་རིག་སྔགས་གདོན་དྲག་པ། །མཐུ་དྲག་ 100-1-282b གནས་པ་དེ་དག་ནི། །མཐུ་ཉིད་ཀྱིས་ནི་བསྒྲུབ་བྱ་ཞིང་། །འདི་ལ་དཔྱད་པར་མི་བྱའོ། །དཀྱིལ་འཁོར་དེའི་ཕྱོགས་ཀུན་དུ། །འབྱུང་པོའི་ཚོགས་ཀུན་གནས་ཀྱང་བྱ། །གཏོར་མ་དང་ནི་བདུག་པ་རྣམས། །རབ་ཏུ་རྒྱས་པར་མཆོད་པར་བྱ། །དེ་ནས་ གདོན་ནི་དུལ་བ་ཡིས། །ཐེམས་པར་གྱུར་ན་མཆོད་པར་བྱ། །མི་བཟད་ལ་ནི་སྣར་བླུགས་དང་། །མིག་བསྐུ་བ་དང་བཏུང་བ་དང་། །སྦྱིན་སྲེག་སོགས་པས་གཞིག་པར་བྱ། །གདོན་གྱིས་དྲག་ཏུ་བཏབ་པ་ལ། །དལ་ནས་བཟུང་བས་ཡོངས་མི་ བྱ། །དལ་ནས་བྱས་པ་སྨན་པ་ཉིད། །མི་ཟད་གདོན་གྱིས་བཅོམ་པར་འགྱུར། །དེ་ཕྱིར་སྨན་པ་མི་ཟད་པ། །གཏུམ་ཞིང་སྤྱོད་པ་རིག་པ་དང་། །བརྟན་མཆོག་དགའ་ཞིང་སྤྲོ་བ་དང་། །སྙིང་སྙོམས་རིག་སྔགས་བརྩོན་པ་ཡིས། །ཁྲོས་ནས་ མཐུ་ནི་གནས་བྱ་ཞིང་། །བརྡེག་པ་འམ་ཡང་ནི་བསྡིགས་པར་བྱ། །དུལ་བའི་གདོན་ནི་དང་བ་ཡིས། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །དཀྱིལ་འཁོར་ཕྱི་ནང་བཅས་པར་ཡང་། །གཏོར་མའི་ལས་ནི་བྱ་བ་དང་། །ཁུར་བ་དང་ནི་གཞིབས་ པ་དང་། །ཁ་ཟས་ཅི་འབྱོར་རིམ་བཞིན་དབུལ། །དམ་ཚིག་ཅི་རིགས་སྦྱིན་པར་བྱ། །རིག་སྔགས་འབྱུང་པོ་ལ་སོགས་ཀྱི། །གཏོར་མ་ཀུན་ནི་ཅི་སྙེད་སྦྱིན། །གདོན་ཀུན་ལ་ནི་མཆོད་པར་བྱ། །བཅོམ་ལྡན་ཉིད་ཀྱིས་བཤད་པ་བཞིན། །བདེན་ པར་སྨྲ་ཞིང་དམ་ཚིག་ཤེས། །སློབ་དཔོན་ཕྱིར་ནི་འདིར་བརྩོན་པའི། །སློབ་མ་དམ་ཚིག་འཛིན་དུ་གཞུགས། །ཐམས་ཅད་ཀྱི་ནི་ཕྱག་རྒྱའི་ཚོགས། །སྐྲག་པར་བྱ་དང་མཆོད་བྱ་དང་། །དེ་དག་ཐམས་ཅད་གཡོན་པ་ཡིས། །རྣམ་པ་ ཐམས་ཅད་བསྟན་པར་བྱ། །རྡོ་རྗེ་གོམ་པར་འདོར་དང་འཇིག །ཅིག་ཆར་ཡོངས་སུ་བསྒྱུར་བ་དང་། །གཡོན་པས་བརྡབ་པར་བྱ་བ་དང་། །རྒྱགས་པའི་སེང་གེ་སྒྲ་བསྒྲགས་དང་། །མཛུབ་མོ་བསྟན་ཏེ་ཧཱུྃ་ཞེས་བྱ། །ཤིན་ཏུ་སྒྲ་ཡང་ རབ་ཏུ་བསྐྱེད། །རྡོ་རྗེ་རིགས་ཅན་སྐྱེས་པ་ཡིས། །སློབ་དཔོན་གྱིས་ནི་བསྟན་པར་བྱ། །ལྷ་ཡི་གདོན་ནི་ཐམས་ཅད་ཀྱི། །རྟགས་ཀྱི་ཕྱག་རྒྱ་ཚོགས་བཤད་པ། །རྐྱེན་དུ་བབ་པ་གང་ཡིན་པའི། །སོ་སོའི་ཕྱག་རྒྱའི་ཚོགས་འདི་ 100-1-283a ཡིན། །ཚངས་པའི་པད་མ་ལྷ་ཆེན་མདུང་། །གཤིན་རྗེའི་དབྱུག་ཆེན་དམ་པ་ཡིན། །ཁྱབ་འཇུག་འཁོར་ལོ་སྨན་པའི་མི། །ནམ་མཁའ་ལྡིང་གི་སྣ་དང་འདབ། །དབང་པོ་རྡོ་རྗེ་མེ་ཡི་ལྕེ། །ཆུ་ལྷ་ཡི་ནི་ཞགས་པ་བསྟན། །རླུང་ནི་དར་གྱིས་ ཤུགས་ཅན་ཏེ། །ཏ་ན་ཏ་ཡི་བེ་ཅོན་སོགས། །འབྱུང་པོའི་གདོན་རྣམས་ཐམས་ཅད་ཀྱི། །ལག་པ་གཡོན་པས་དེ་དག་བཟུང་། །འཇུག་བྱེད་ཀྱི་ནི་འཁོར་ལོ་རྫིང་། །ལྟ་བ་དང་ནི་དི་རི་རི། །དྲི་ཟ་དག་ནི་ཐམས་ཅད་ཀྱི། །གླིང་བུ་པི་ཝང་ ལ་སོགས་བསྟན། །གར་མཁན་དག་ནི་ལྷག་པར་ཡང་། །གར་དང་རོལ་མོའི་ཆ་བྱད་བསྟན། །གནོད་སྦྱིན་རྣམས་ཀྱི་ཆེར་རྒད་པ། །རབ་གཏུམ་གྱི་ནི་སྒྲ་ཆེན་ཏེ། །ཀུ་བེ་ར་ཡི་མཚོན་མང་དང་། །ཡང་ན་ཕྱག་རྒྱའི་ཚོགས་ཀུན་ཡིན། ། ཀླུ་ཆེན་གདེངས་ཀ་ཆེས་པ་སྟེ། །ལག་པ་གཡོན་པས་མགོ་བོར་གཞག །དབུགས་ནི་རྒྱུན་རིང་རྒྱུ་བ་དང་། །མིག་དམར་དུག་དང་བཅས་པ་ཡིན། །ཀླུ་རྣམས་གདེངས་ཀ་མང་པོ་དག །གཅིག་ཏུ་གཞིབས་ནས་ཅི་དགར་ གཞག །བྱ་བ་སྒྲུབ་པ་ཐམས་ཅད་ནི། །སྦྲུལ་ཡོད་པ་ཡི་གདེངས་ཀའི་དབྱིབས། །ཚངས་པ་སྲིན་པོ་གཉིས་ཀྱི་ནི། །སྔགས་ཀྱི་རིལ་བ་ནོར་བུ་དང་། །ༀ་བརྗོད་པ་ཡི་དབྱུག་པ་དང་། །མཆོད་ཕྱིར་ཐོགས་ལ་སོགས་པར་ བསྟན། །སྲིན་པོ་རྣམས་ཀྱི་སོ་གཙིགས་དང་། །རྫུ་འཕྲུལ་དག་ཀྱང་རབ་ཏུ་བསྟན། །བཟའ་བ་དང་ནི་བཅའ་བ་དང་། །མཚོན་ཆ་དག་ཀྱང་འདྲ་བ་ཡིན། །ཤ་ཟ་རྣམས་ནི་འཚེ་བ་དང་། །ཧ་རེར་ལྟ་ཞིང་ཤ་ལ་སྲེད། །འཇིགས་ པ་སྣ་ཚོགས་སྟོན་པ་དང་། །ཀུན་དུ་ཡང་ནི་ལྟ་བར་བྱེད། །སྐེམ་བྱེད་དང་ནི་རང་བཞིན་ཚུལ། །མདུང་ཐུང་ལ་སོགས་དཔུང་ལ་བརྟེན། །མ་མོའི་གདོན་ནི་ཐམས་ཅད་ནི། །རང་གི་ལྷ་ཡི་མཚོན་མཆོག་བྱེད། །པད་མ་ཕྱིར་དང་ ཐོར་ཚུགས་དབྱུག །སྔགས་ནི་ནོར་བུ་བསྐོར་བར་བྱ། །རིལ་བ་འཛིན་པ་འཕགས་པ་རྣམས། །ཚངས་པའི་ཕྱག་རྒྱ་བདུན་པ་ཡིན། །མདུང་རྩེ་གསུམ་པ་ཟླ་ཕྱེད་དང་། །ཐོར་ཚུགས་མིག་དང་རྒྱལ་མཚན་དང་། ། 100-1-283b ཁྱུ་མཆོག་སྐད་འབྱིན་རལ་གྲི་རྣམས། །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་བདུན། །མདུང་ཐུང་དྲིལ་བུ་བ་དན་དང་། །དེ་བཞིན་ར་དང་བྱ་གག་དང་། །རྨ་བྱ་ཡི་ནི་མཇུག་མ་རྣམས། །གཞོན་ནུའི་ཕྱག་རྒྱ་བདུན་པོ་ཡིན། །འཁོར་ལོ་དུང་དང་ བེ་ཅོན་དང་། །རལ་གྲི་དང་ནི་ཕུབ་ཟླུམ་དང་། །ནམ་མཁའ་ལྡིང་དང་ཕག་རྣམས་ནི། །ཁྱབ་འཇུག་ཕྱག་རྒྱ་བདུན་པོ་ཡིན། །མཆེ་བ་དང་ནི་སྤྲིན་དང་ས། །དེ་བཞིན་བུམ་པ་གཏུན་ཤིང་དང་། །གཤོལ་དང་རྐང་པ་གཡོན་པ་ རྣམས། །ཕག་མོ་ཡི་ནི་ཕྱག་རྒྱ་བདུན། །ནམ་གྲུ་དག་ནི་གཉེར་མ་གདོང་། །རྒྱན་སྐད་ལ་སོགས་སྟོན་པ་དང་། །སྐེམ་པ་ནམ་གྲུའི་ཕྱག་རྒྱ་སྟེ། །རང་བཞིན་ཉིད་དུ་བསྟན་པ་ཡིན། །ཟས་སུ་མདངས་ཟ་རྣམས་ཀྱི་ནི། །ལྷུང་བཟེད་ རལ་གྲི་ལག་གཡོན་བཅུམ། །ལྷ་མིན་རྣམས་ཀྱི་མིའི་གཟུགས། །ཧཱུྃ་དང་བཅས་པར་བསྟན་པར་བྱ། །འཕགས་པ་རྣམས་ནི་འཁོར་དང་བཅས། །ཀུན་ལ་མདུང་རྩེ་གསུམ་པ་ཡིན། །དྲི་བ་བྱས་ན་ལྷག་པར་ཡང་། །གདོན་ རྣམས་མཚན་ཉིད་གསལ་བར་ཤེས། །ལོག་འདྲེན་སྣ་ཚོགས་བརྗོད་པ་གང་། །དེ་དག་ཚུལ་ལྟས་བསྟན་པར་བྱ། །དེ་དག་ལ་རང་གི་ལག་པ་བསྐུམ་པ་དང་། བརྐྱང་བ་དང་། རྐང་པ་ཐ་མལ་པར་བརྐྱང་བ་དང་། སྨྲར་གཞུག་པ་དེ་དག་ ལས་གསང་སྔགས་ཀྱི་ལས་བསྟན་ཏེ། དྲི་བ་དང་། བརྡེག་པ་དང་། དགྲོལ་བའི་ཚུལ་རྣམ་པ་གསུམ་བྱའོ། །ལས་རྒྱ་ཆེ་བ་རིག་སྔགས་ཀྱི་ཚོགས་ཀྱིས་བཤད་པ་ཕྱག་རྒྱའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ལས་གྲུབ་པ་འདི་ནི་ཤིན་ དུ་ངོ་མཚར་ཆེ་བ་སྟེ། སྡེབས་སུ་བྱ་བའི་མདོ་བསྟན་པ་དང་སྔགས་ཀྱི་ཚོགས་རྣམས་ཀྱང་བཤད་དོ། །འདུས་པ་ཆེན་པོའི་མདོ་ལས་ཤིན་ཏུ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བསྟན་པ་དང་། རྡོ་རྗེའི་རིགས་ལས་རིག་སྔགས་ ཀྱི་ཚོགས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་བཤད་དོ། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་ལག་ན་རྡོ་རྗེ་དང་། ལྷ་ཆེན་པོ་དང་། དཀའ་བཟློགས་མས་བཤད་པའི་ལས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་ 100-1-284a པར་བཤད་པ་རྫོགས་སྷོ།། །། དཀྱིལ་འཁོར་ཆེན་པོ་འདི་དག་ལས། །ལས་ཀྱི་དཀྱིལ་འཁོར་ཅི་བསྟན་དང་། །རིག་སྔགས་ཀྱི་ནི་དཀྱིལ་འཁོར་རྣམས། །སོ་སོར་རྒྱས་པར་བསྟན་པ་དང་། །གདོན་གྱི་ལས་ཀྱི་ཕྱག་རྒྱ་ དང་། །ཕྱག་རྒྱ་ཉི་ཚེ་བྱེད་པ་དང་། །རིག་སྔགས་བསྒྲུབ་པའི་ས་རྣམས་དང་། །ཁྲུས་ཀྱི་དཀྱིལ་འཁོར་དག་ཏུ་ཡང་། །དྲི་དང་མེ་ཏོག་ཕྲེང་བ་དང་། །བདུག་པ་དང་ནི་མཆོད་པ་དང་། །གཏོར་མ་སྣ་ཚོགས་དེ་དག་ཀུན། །དབུལ་བས་ཀུན་ དུ་རྣམ་ཀུན་གྱིས། །དོན་ཀུན་རབ་ཏུ་བསྒྲུབས་པའི་ཕྱིར། །སྤྱན་དྲང་འདི་ནི་ངེས་པར་བྱ། །འབྱུང་པོ་ཐམས་ཅད་བདེར་འགྱུར་བ། །འབྱུང་པོ་ཀུན་དགའ་ཞེས་བྱ་བའི། །གཏོར་མ་རིག་སྔགས་ལྡན་བྱ་ཞིང་། །གཡས་གཡོན་ནས་ནི་སྦྱིན་ པར་བྱ། །རྟག་ཏུ་འདི་དག་ཐམས་ཅད་ཀྱང་། །ཕྱོགས་ཀུན་བལྟས་པས་འདི་སྐད་བརྗོད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རིག་སྔགས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་རྒྱའི་ཚོགས་ལ་ ཕྱག་འཚལ་ལོ། །རིག་སྔགས་བརྒྱད་བརྒྱར་སྐྱེས་པ་ཡི། །གདོན་གྱི་སྲོག་གི་རྟེན་གྱུར་དང་། །རྒྱུ་བ་རབ་ཏུ་བཤད་པར་བྱ། །དཀྱིལ་འཁོར་སྤྱན་དྲང་མཆོད་པ་དང་། །དཀྱིལ་འཁོར་རིས་གསུམ་མཆོད་པ་ལ། །གདོན་རྣམས་ཀྱི་ནི་ གདོན་ལས་མཆོག །གདོན་གྱི་གདོན་སྟོབས་རྨུགས་བྱ་དང་། །ངེས་པར་རྟག་ཏུ་བཟླས་བྱ་བཤད། །བྱེ་བ་ཕྲག་སྟོང་གདོན་རྣམས་ནི། །ས་སྟེང་དག་ན་རྒྱུ་བ་ཡོད། །དུས་ཚིགས་སྣ་ཚོགས་བབ་པ་ན། །དེ་དག་རྒྱུ་བ་སྣ་ཚོགས་པ། ། གདོན་མཆོག་དམ་པ་འགྲུབ་པའི་ཕྱིར། །དེ་དག་བདག་གིས་བཤད་པར་བྱ། །གདོན་རྣམས་ཉན་པར་བྱེད་པ་དང་། །གཏོར་མ་ལེན་ཅིང་གྲུབ་སྦྱིན་པ། །དེ་དག་ཚུལ་དང་གནས་བྱས་པ། །དབེན་པ་དག་ཏུ་རྒྱུ་བར་བྱེད། །རི་བོ་ཡིད་དུ་འོང་ རྣམས་དང་། །རྩེ་མོ་རྣམས་དང་ཁྱིམ་རྣམས་དང་། །འབྲས་བུ་མེ་ཏོག་རྒྱས་རྣམས་དང་། །དྲང་སྲོང་དག་གི་གནས་རྣམས་དང་། །དཀའ་ཐུབ་ཚལ་དང་གཞལ་མེད་ཁང་། །རིག་བྱེད་རྗེས་སུ་སློབ་པ་དང་། །མེ་ཏོག་སྣ་ཚོགས་མཆོད་ལྡན་དང་། ། 100-1-284b གནས་དང་ཀུན་དགའ་ཡིད་འོང་དང་། །བྱ་རྣམས་སྐད་ཆེན་འབྱིན་པ་དང་། །འཇིག་རྟེན་མར་མེ་བྱེད་ཀུན་དང་། །ཉི་མའི་གནས་ན་དགའ་བྱེད་ཅིང་། །ཉི་མ་ལྷན་ཅིག་འགྲོ་བར་བྱེད། །ཉི་མའི་འོད་དང་ཁ་དོག་མཉམ། །གཟའ་དང་རྒྱུ་སྐར་ སྐར་མ་ལ། །དེ་དག་རྟག་ཏུ་རྒྱུ་བར་བྱེད། །ཟླ་བ་ཉ་བའི་འོད་ཟེར་གྱི། །ཕུང་པོ་རྒྱས་པ་དག་ལ་གནས། །རིན་ཆེན་ཀུན་གྱིས་རབ་བརྒྱན་ཅིང་། །རྩེ་ནས་ངོས་ནི་ལྡ་ལྡི་དང་། །ཕུག་རྒྱ་དག་གིས་གང་བ་ཡིས། །ལྷུན་པོ་རི་ལ་དེ་དག་གནས། ། གངས་རི་རི་བོ་རྩེ་མོ་དང་། །གངས་ཀྱི་སུལ་ནི་སྟོང་པ་དང་། །སྨན་ཀུན་གྱིས་ནི་རྒྱས་པ་ཡི། །གསང་རྣམས་དང་ནི་ནགས་ཚལ་དང་། །སྨན་བརྒྱས་ཡོངས་སུ་གང་བ་ཡི། །སྤོས་ངད་ལྡན་ལ་དེ་དག་གནས། །སྤོས་ཀྱི་ངད་ནི་ཞིམ་པ་ ཡིས། །ཕྱོགས་རྣམས་དང་ནི་རྒྱས་བྱེད་དང་། །དཔག་བསམ་ཤིང་གིས་བརྒྱན་པ་ཡི། །བསྐྱེད་མོས་ཚལ་ཆེན་དགའ་བྱེད་དང་། །ལྷ་རྣམས་གཞལ་མེད་ཁང་རྣམས་སུ། །ལྷ་ཡི་གཟུགས་ཀྱིས་གནས་པར་བྱེད། །དེ་དག་སྤྲིན་ཕུང་གསེབ་ ན་གནས། །སྤྲིན་ཕུང་གི་ནི་སྒྲ་དག་འདྲ། །སྤྲིན་ཕུང་དག་དང་འགྲོགས་བྱེད་ཅིང་། །སྤྲིན་ཕུང་ལྷན་ཅིག་དགའ་བར་བྱེད། །རྒྱ་མཚོ་ནང་གི་ཆུ་ལ་གནས། །ཆུ་ཡི་ཤུགས་ཀྱིས་རྗེས་འབྲང་ཞིང་། །དེ་དག་རྒྱ་མཚོའི་ཆུ་ཀླུང་དང་། །ལྷན་ཅིག་ ཏུ་ནི་རྒྱུ་བར་བྱེད། །མུན་ནག་གི་ནི་ཀློང་ཆེན་དང་། །རྒྱ་མཚོ་ཡི་ནི་སྒྲ་རྣམས་དང་། །རྒྱ་མཚོ་ཆེན་པོ་འཁྲུགས་པ་ལ། །དེ་དག་རྟག་ཏུ་འཁྲུགས་པར་བྱེད། །དཔྱིད་ཟླའི་དུས་ལ་བབ་པ་ན། །ཤིང་རྣམས་ཀུན་ལ་གདོན་དེ་དག །ཁུ་བྱུག་བུང་ བའི་གཟུགས་སུ་གནས། །ཆུ་ཀླུང་ཆེན་པོའི་འགྲམ་དག་ན། །གླིང་མ་རྣམས་དང་རྫོང་རྣམས་དང་། །ཆུ་མར་དག་གིས་རྒྱས་པ་ཡི། །འཇིང་རྣམས་ན་ནི་གནས་པར་བྱེད། །ཆུ་རྒྱུན་ཡིད་དུ་འོང་བ་དང་། །ཆུ་རྣམས་རབ་ཏུ་འབྱུང་བ་དང་། །ཁྲོན་ པ་རྣམ་པ་སྣ་ཚོགས་དང་། །རི་བོ་དག་དང་ཆུ་རྣམས་དང་། །སྦྲུལ་གྱི་ཚོགས་ཀྱིས་གང་བ་ཡི། །ནགས་ཁུང་ཆེན་པོ་དག་ན་ཡང་། །དེ་དག་སྦྲུལ་དུ་གཟུགས་བསྒྱུར་ནས། །སྦྲུལ་དང་ལྷན་ཅིག་དགའ་བར་བྱེད། །ལྗོན་ཤིང་ཆེན་པོ་མི་བཟད་ 100-1-285a དང་། །འབྱུང་པོ་དག་ནི་ཚོགས་ཆེན་དང་། །ཁང་སྟོང་དང་ནི་ཡུལ་སྟོང་དང་། །བ་ལང་གནས་ནི་གང་བ་དང་། །རྒྱལ་པོ་དག་གི་དཀོར་ཁང་དང་། །པད་མ་རྣམས་དང་གཞན་དག་ཀྱང་། །གླང་ཆེན་གནས་ན་ཡིད་འོང་དང་། །རྟ་རྣམས་ཀྱི་ ནི་བྲེས་དག་དང་། །གཞན་ཡང་གྲོང་ཁྱེར་རྣམས་དང་གཞན། །ཚོང་དུས་དག་ན་གནས་པར་བྱེད། །ཆང་འཐུང་གནས་དང་ཁྱིམ་དང་གཞན། །སྲང་དང་ལམ་དང་ཤིང་རྟ་དང་། །རྒྱུ་བ་དག་གི་གནས་རྣམས་དང་། །བུ་མོ་ལ་སོགས་ལྟ་བའི་རྣམས། ། བསྐྱེད་མོས་ཚལ་སྙིང་མི་བཟད་དང་། །ལྷ་ཡི་གནས་ནི་ཞིགས་པ་དང་། །བུ་བཙའ་བ་ཡི་གནས་གཞན་དང་། །འཆི་ལ་ཐུག་པའི་ཁྱིམ་དག་དང་། །དགའ་སྟོན་ས་དང་འདུས་པ་དང་། །འདུས་སྟོན་ས་དང་འཐབ་མོའི་ས། །གཡུལ་གྱི་ས་ནི་ ཐམས་ཅད་ནི། །གདོན་རྣམས་རྟག་ཏུ་གནས་པར་བྱེད། །དྲུག་བཅུ་རྩ་བཞིའི་གདོན་བཤད་པ། །ཡིད་ལྟར་མགྱོགས་ཤིང་འདོད་དགུར་བགྲོད། །འདོད་དགུར་སྒྱུར་བའི་གཟུགས་ཅན་དེ། །ཐམས་ཅད་རང་དགར་བརྩེན་པར་བྱེད། །ལྷ་ ཚོགས་མ་མོའི་གདོན་དྲུག་བཅས། །ཚངས་པ་སྲུང་བར་བྱེད་པ་སྟེ། །བར་སྣང་གཟའ་ནི་ཉི་མ་ཡང་། །གདོན་རྣམས་ཀྱི་ནི་གཙོ་བོར་བཤད། །སྐེམ་བྱེད་ལ་སོགས་སྲིན་པོའི་བར། །རྫོང་ལྡན་མ་དང་ཀླུ་གཉིས་དང་། །སྲིན་པོ་བཅུ་དང་ ལྷ་མོ་དང་། །ནོར་བུ་མགུལ་ནི་བར་མ་ཡིན། །གྲུལ་བུམ་ལ་སོགས་ཡི་དགས་དང་། །བརྗེད་བྱེད་བཅས་དང་སྲུལ་པོར་བཅས། །མདངས་འཕྲོག་དེ་བཞིན་སྨྱོ་བྱེད་དང་། །ཐམས་ཅད་གདོན་གྱི་ཐ་མར་བཤད། །དེ་དག་གི་ནི་ཁྱད་པར་བཞིན། ། དཀྱིལ་འཁོར་མངོན་པར་མཆོད་བྱས་ནས། །མངོན་པར་དགའ་བར་བྱ་བ་ཡི། །བསྟོད་པས་མཆོད་པ་དག་ཀྱང་བྱ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་ བྱས་ཏེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་གཞེས་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །མེ་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །གཤིན་རྗེ་དབྱུག་པ་འཆང་བའི་ལྷ། །ས་ཡི་ 100-1-285b བདག་པོ་གདོན་གྱི་བདག །བརྣབ་སེམས་བདག་ཉིད་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་བདག་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ པར་བྱས་ཏེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་ གྱི་བདག་པོ་སྟེ། །རླུང་གི་ཚོགས་ཀྱི་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་བསྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པར་བྱས་ཏེ་ཕྱག་ ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བྱས་ཏེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་དང་ཆེ་བའི་ལྷ། །རྒྱལ་པོ་ཆེན་པོ་གླང་པོ་ཆེ། ། དམ་ཚིགས་ཤེས་པའི་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་སྐར་རྒྱུ་སྐར་བཅས་པ་དང་། །སྐར་མའི་འཁོར་ལོའི་དཀྱིལ་འཁོར་དང་། ། རིག་སྔགས་ཚོགས་དང་གསང་སྔགས་དང་། །དེ་བཞིན་ཕྱག་རྒྱའི་ཚོགས་ཀུན་དང་། །དམ་ཚིག་ཤེས་དང་སློབ་དཔོན་དང་། །ཚངས་པ་ལ་སོགས་ལྷ་ཆེན་དང་། །རྡོ་རྗེ་འཛིན་པ་ཚེ་ཡི་ལྷ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གཏུམ་པོ་འཇིག་ རྟེན་གསུམ་གྱི་བདག །འཇིགས་བྱེད་ལག་ན་རྡོ་རྗེ་ཐོགས། །ཐམས་ཅད་ཞི་བར་བྱེད་པ་སྟེ། །འབྱུང་པོའི་ཚོགས་ནི་ཀུན་གྱིས་མཆོད། །རྣམ་པ་ཀུན་གྱིས་འབྱུང་པོ་ཀུན། །དུས་ཀུན་དུ་ནི་བསྲུང་བ་པོ། །རིགས་སྔགས་ བཅས་པ་དེ་དག་དང་། །འབྱུང་པོའི་ཚོགས་ནི་ཐམས་ཅད་ལ། །བཤོས་དང་དྲི་སོགས་སྣ་ཚོགས་རྣམས། །དེས་ནི་དགའ་ཞིང་དབུལ་བར་བྱ། །དམ་ཚིག་ཤེས་པ་རྣམས་དང་ནི། །འབྱུང་པོའི་ཚོགས་ཀྱིས་བདག་ལ་བསྲུངས། ། 100-1-286a དེ་ཡི་རྒྱས་པ་འཕེལ་བ་ཡང་། །བཅོམ་ལྡན་འདས་ཀྱིས་མཛད་པར་གསོལ། །སྣ་ཚོགས་ཚིག་གིས་སྨྲ་བར་བྱ། །ཞི་བའི་ཚིག་ནི་ཡང་དང་ཡང་། །བདག་གི་བླ་མ་འམ་ཡང་ན་གཞན། །དམ་ཚིག་ཤེས་པ་གཞན་ གྱིས་བྱས། །འདི་ནི་འབྱུང་པོ་ཀུན་ལ་ཕན་ཕྱིར་བཤད་པ་སྟེ། །འབྱུང་པོའི་ཚོགས་ཀུན་འདུས་ལ་རྟག་ཏུ་མཆོད་པར་བྱ། །དཀྱིལ་འཁོར་དག་ལས་གཏོར་མའི་ལས་ནི་རྒྱས་པ་འདི། །རྒྱུ་བ་དག་གི་གནས་དང་རྟེན་གྱུར་དཔལ་ སྐྱེད་ཕྱིར། །འདིར་ནི་ཐམས་ཅད་དུས་སུ་ཕྱོགས་རྣམས་ཐམས་ཅད་དུ། །ཡོངས་སུ་དག་པའི་ཡིད་དང་རྣམ་པ་ཐམས་ཅད་ཀྱིས། །ཐམས་ཅད་ཞི་བར་བྱེད་པ་གསུམ་དུ་རབ་བཤད་པ། །དོན་རྣམས་བསྒྲུབ་པའི་ཕྱིར་ནི་བླ་མས་ བྱ་བ་ཡིན། །ལས་ཀྱི་དཀྱིལ་འཁོར་རྫོགས་སྷོ།། །། ཀུན་རིག་སེམས་ཅན་ཀུན་གྱིས་མཆོད། །རིག་སྔགས་བདག་པོ་ཀུན་གྱིས་བརྗོད། །མཚུངས་པ་མེད་པའི་སངས་རྒྱས་ནི། །རྣམ་གསུམ་ཉི་མའི་འོད་དང་ལྡན། ། མཚན་མེད་མང་པོ་མངའ་བ་སྟེ། །མདོམ་གང་འོད་ཆེན་འཆང་བ་དང་། །རིག་སྔགས་སྟོན་པ་ཆེན་པོ་སྟེ། །མཆོག་ཆེན་འཆང་ཞིང་སྦྱིན་བྱེད་དང་། །དག་པའི་ཆོས་ཀྱི་ངེས་གསུངས་པ། །ཞི་བའི་གྲོང་ཁྱེར་ཞི་བའི་ལམ། ། གང་གིས་ཐུབ་རྣམས་ཤེས་པ་དང་། །གཞན་ཡང་སྔོན་གཤེགས་གཤེགས་གྱུར་དང་། །ཡ་མཚན་གནས་ལྡན་དགེ་འདུན་རྣམས། །མྱ་ངན་འདས་པའི་གྲོང་འཇུག་པ། །ཤིན་དུ་རྒྱས་པ་དེ་ཀུན་ལ། །ཡང་དང་ཡང་དུ་ཕྱག་འཚལ་ ཞིང་། །ཐུབ་པ་སངས་རྒྱས་གཉིས་པ་ནི། །འཕགས་པ་ཤ་ར་དྭ་ཏིའི་བུ། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ཀླུ་དང་གནོད་སྦྱིན་ཚོགས་ཀྱིས་མཆོད། །དེ་བཞིན་དམ་པ་གྲུབ་པ་དེ། །རིག་སྔགས་འཆང་ཀུན་དབང་ཕྱུག་རྗེ། །དཔའ་ བོ་གཅིག་པུ་དགྲ་ཐུལ་བ། །ལག་ན་རྡོ་རྗེ་ཕྱག་འཚལ་ལོ། །དེ་བཞིན་རྡོ་རྗེ་ལྕགས་ཀྱུ་ཡུམ། །རྡོ་རྗེ་ཐོག་ཐོག་བཟང་མོ་དང་། །དེ་ནས་ལག་ན་རྡོ་རྗེའི་མཐུས། །ཀཱི་ལི་ཀཱི་ལ་གཏུམ་པོ་དང་། །རྡོ་རྗེ་སྒྲོག་གི་ཉི་མ་བཞིན། ། 100-1-286b བློ་གྲོས་རྡོ་རྗེ་ཕས་མི་ཐུབ། །འོད་དཔག་ཁྲོ་བོ་དྲིལ་བུ་ཅན། །དེ་བཞིན་རྡོ་རྗེ་ནག་མོ་ལ། །ཅི་སྟེ་ཤེས་རབ་ཅན་དག་གིས། །གཞན་དོན་གྲུབ་པར་འདོད་པ་ན། །མཆོད་ཅིང་ཕྱག་ཀྱང་བྱས་ནས་ནི། །དཀྱིལ་འཁོར་བཟུང་བྱ་ལེགས་ པར་བཤད། །གྲུབ་པ་ལག་ན་རྡོ་རྗེ་ཡི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཅིང་། །དངོས་གྲུབ་ཐམས་ཅད་རབ་རྫོགས་པ། །ཇི་སྐད་དུ་ནི་རབ་བསྟན་པའི། །དཀྱིལ་འཁོར་ཅི་འདྲ་གང་ཡིན་དང་། །དེ་ཡི་ཡོན་ཏན་སྣ་ཚོགས་གང་། ། ཚོགས་ཀྱང་ཇི་ལྟར་བསྟན་པ་དང་། །དཀྱིལ་འཁོར་གྱི་ནི་དམ་ཚིག་དང་། །ཆོ་ག་དམ་པ་གྲུབ་པ་དང་། །ཕན་དང་མི་ཕན་དོན་རྣམས་དང་། །དམ་ཚིག་ཤེས་པའི་ཡོན་ཏན་དང་། །ཉམས་པའི་གནས་ནི་གང་ཡིན་པ། །དེ་དང་གཞན་ ཡང་གང་མཐོང་བ། །དེ་དག་ཐམས་ཅད་ལེགས་པར་བཤད། །ལག་ན་རྡོ་རྗེའི་སྲས་གཏུམ་པ། །རྡོ་རྗེ་སྡེ་ལ་ཕྱག་བྱས་ནས། །ཟླ་ཕྱེད་ཡུད་ཙམ་ཞག་གཅིག་དང་། །རྒྱུ་སྐར་དག་ནི་བཟང་བ་ལ། །གཙང་ཞིང་གོས་གཙང་ བགོས་པ་དང་། །བསྡམས་ཤིང་ངེས་པར་གནས་པ་དང་། །གྲོགས་པོ་གཙང་མར་ལྡན་པ་དང་། །གཙང་མའི་ལས་ཀྱི་རྗེས་འབྲང་བས། །ཡར་གྱི་ངོ་ཡི་ཚེས་གཅིག་གམ། །ཚེས་གཉིས་དེ་བཞིན་ལྔ་ཡང་རུང་། །ཚེས་དྲུག་ དང་ནི་བརྒྱད་དང་བཅུ། །བཅུ་གཉིས་ཡང་ན་བཅུ་གསུམ་འམ། །ཡང་ན་ཉའི་ཉིན་པར་ནི། །ཡོངས་སུ་གཟུང་བར་བྱ་བ་སྟེ། །དེ་དག་བརྩམ་གྱིས་གཞན་ལ་མིན། །དཀྱིལ་འཁོར་གནས་ནི་སྦྱངས་བྱས་ལ། །ཟླ་བ་ཉ་ཡི་ནུབ་མོ་ནི། ། དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་། །རྒྱལ་དབང་ལ་ནི་ཕྱག་བྱས་ནས། །ཞི་ཞིང་སྔ་ཆད་ལས་བྱས་པའི། །སར་ནི་མཁས་པས་འགྲོ་བར་བྱ། །ཚོང་དུས་ཀུན་དགའ་གཙུག་ལག་ཁང་། །གྲོང་ངམ་ ཡང་ན་གྲོང་ཁྱེར་གྱི། །བྱང་ཤར་མཚམས་ནི་གང་མཐོང་བ། །དེ་ཡི་ལྷོ་ནུབ་མཚམས་དག་ཏུ། །ཟླ་བ་རེ་རེ་བརྟུལ་ཞུགས་བྱ། །མདངས་དགའ་ཚལ་ལྡན་གཙང་མ་དང་། །ཚ་སྒོ་རྡོ་གསེག་རུས་པ་དང་། །མཐོ་དམན་སྐྱོན་རྣམས་རྣམ་ 100-1-287a སྤངས་པ། །དེ་འདྲའི་ས་དེ་རྙེད་ན་ནི། །རྡོ་རྗེ་ལྕགས་ཀྱུ་དྲན་བྱས་ལ། །ཤར་ཕྱོགས་ནས་ནི་གོམ་པ་འདོར། །ཧ་ཅང་མི་དྲག་སྡོད་མི་བྱ། །དེ་ནས་རིག་སྔགས་གང་འདོད་པས། །བདག་ཉིད་ཀྱང་ནི་བསྲུང་བར་བྱ། །དེ་ནས་ དཀྱིལ་འཁོར་གནས་དེར་ཡང་། །དགེ་བའི་བལྟས་རྣམས་བལྟ་བར་བྱ། །སྔགས་ཀྱིས་བཏབ་པའི་ཆུ་དག་གིས། །ཐམས་ཅད་ལེགས་པར་གཏོར་བར་བྱ། །བ་ལང་ལྕི་བས་ལེགས་པར་སྦྱང་། །ཀུ་ཤ་དག་ ཀྱང་གདིང་བར་བྱ། །མཉམ་པའི་དབུས་ཀྱི་དཀྱིལ་དག་ཏུ། །དཀྱིལ་འཁོར་བྱེད་པ་འདུག་ནས་ནི། །ཕྱོགས་མཚམས་སྟེང་དང་ཐད་ཀར་ཡང་། །ཁོ་ར་ཁོར་ཡུག་བལྟ་བར་བྱ། །བསྲུང་ཞིང་ཡིད་དགའ་དྲི་དག་གིས། །ཁྲུས་བྱས་ཞག་ གསུམ་སྨྱུང་བར་བྱ། །སྤོས་ངད་ལྡན་པའི་རི་བཞིན་དུ། །སྤོས་ཀྱིས་ཕྱོགས་ཀུན་རྒྱས་པར་བྱ། །ཐིག་སྐུད་གསར་ཞིང་རབ་གཙང་དང་། །ཚད་དང་ལྡན་ཞིང་མཛེས་པ་དང་། །དྲི་ཞིམ་རེག་ན་འཇམ་པ་དང་། །སྲ་ཞིང་ལེགས་པར་ གཟབས་པ་དང་། །ཐུང་དང་སྦོམ་སོགས་མ་ལེགས་དང་། །མདུད་པ་རྣམས་ནི་མེད་པ་ཡིས། །ཐིག་ནི་ཤེས་རབ་ཅན་གྱིས་གདབ། །དེའི་ཚད་ཀྱང་བཤད་པར་བྱ། །རྡོ་རྗེ་འཛིན་ཆེན་དགའ་བ་ཡི། །དང་པོའི་གནས་ནི་རྫོགས་གྱུར་ནས། ། དེ་ལས་གཞན་པའི་དཀྱིལ་འཁོར་ཆེ། །གྲངས་རྣམས་ཀྱང་ནི་བཤད་པར་བྱ། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་སྟེ་གནས་དང་པོའོ།། །།བུ་དག་ཆོག་ཤེས་དབེན་པ་བདེ། །ཆོས་ལ་མི་དམོད་བདེ་བ་ཡིན། །འཚེ་ བ་སྤངས་པས་འཇིག་རྟེན་བདེ། །སྲོག་ཆགས་རྣམས་ལ་སྡོམ་པ་དང་། །འདོད་ཆགས་བྲལ་བ་འཇིག་རྟེན་བདེ། །འདོད་ཆགས་རྣམས་ལས་འདས་པ་དང་། །ང་སྙམ་ང་རྒྱལ་ཞིང་བ་དང་། །དུལ་བ་འདི་ནི་མཆོག་ཏུ་བདེ། །བུ་དག་ རྒྱུན་ལས་བཟློགས་པ་ཡི། །ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ། །མུན་ནག་ཐིབས་པོས་བསྒྲིབས་པ་དང་། །འདོད་ལ་ཆགས་པས་རྟོག་མི་འགྱུར། །ངས་ནི་དཀའ་བས་རྟོགས་བྱས་ནས། །སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་། ། 100-1-287b འདོད་པ་དག་གི་མདུད་པ་ཡིས། །བཅིངས་པའི་བར་དུ་བཤད་པ་སྟེ། །འདི་ནི་ལག་ན་རྡོ་རྗེ་ཡི། །ཡིད་འོང་ཆེད་དུ་བརྗོད་པ་བརྗོད། །རྩེད་མོ་ཅན་གྱིས་བསྲུང་བྱས་ནས། །ངེས་པར་ཀུན་ཏུ་འཇིགས་པ་མེད། །དཀྱིལ་འཁོར་ཁྲུ་ནི་བཅུ་དྲུག་ཏུ། ། ཅི་ནས་རབ་ཏུ་ཚང་བར་བྱ། །སྲིད་དུ་ཡང་ནི་ཅི་ནས་ཀྱང་། །སུམ་བཅུ་རྩ་གཉིས་ཡོད་པ་དང་། །གཙང་མས་གཙང་མའི་གོས་བགོས་ལ། །ཐིག་སྐུད་དེ་ནི་བདག་གིས་གཟུང་། །ལྷ་ལ་དགའ་བའི་གྲོགས་པོ་ཡིས། །ཁོ་ར་ཁོར་ཡུག་དྲང་བར་ བྱ། །ཐིག་དྲངས་དེ་ཡི་སྟེང་དག་ཏུ། །ཐིག་ནི་སྙོམས་པར་ལེགས་པར་བྲི། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རྨད་དུ་བྱུང་བ་དེ་ཉིད་བརྗོད། །ཐུབ་ཆེན་གནས་པར་གྱུར་པ་ཡི། །ཁོར་ཡུག་བྲག་ནི་རྒྱ་ཆེ་བ། །རང་འབྱུང་གིས་ནི་བསྟན་ པ་བཞིན། །བློ་ཅན་དག་གིས་ཟླུམ་པོར་བྱ། །ཐུང་སྦོམ་ལ་སོགས་སྐྱོན་བྲལ་ཞིང་། །ཐིག་ནི་ལེགས་ཤིང་སྙོམས་པར་བྱ། །སྦོམ་ཆེས་པ་ནི་སྔར་བཤད་ཟིན། །ཐུང་ཆེས་པ་ནི་ནད་ཀྱིས་འདེབས། །གང་ཞིག་དངོས་གྲུབ་མཆོག་འདོད་པས། ། དེ་ནི་ཡུངས་ཀར་དག་གིས་བྲི། །གང་ཞིག་ཙན་དན་ཕྱེ་མས་འདྲི། །དེས་ནི་འཇིག་རྟེན་ངེས་པར་འཇོམ། །ནས་རྣམས་ཀྱི་ནི་མ་འདྲེས་པའི། །ས་ལ་བཟང་པོར་བྱས་ན་ནི། །དེ་ཡི་ནོར་དང་འབྲུ་རྣམས་དང་། །དབྱིག་རྣམས་རྟག་དུ་འཕེལ་ བར་འགྱུར། །གང་ཞིག་དངོས་གྲུབ་མཆོག་འདོད་པས། །དེར་ནི་གསུམ་ཆར་གྱིས་ཀྱང་བྲི། །ཡང་ན་དེ་དག་གཅིག་པུ་ཡིས། །ཤེས་རབ་ཅན་གྱིས་བྲི་བར་བྱ། །དེ་ནས་རི་ཡི་རྒྱལ་པོ་ནི། །རིན་ཆེན་ཀུན་ལས་གྲུབ་པ་སྟེ། །ཉི་མ་བཞིན་དུ་ རྟག་ཏུ་ཡང་། །རང་གི་འོད་ཀྱིས་རབ་འབར་ཞིང་། །བང་རིམ་ཡོད་པའི་རི་རབ་དེ། །ཐོག་མ་ཉིད་དུ་གཞག་པར་བྱ། །སྔར་བསྟན་པ་ཡི་ཁོར་ཡུག་ནི། །གྲུ་བཞི་ཚད་དུ་བྱ་བ་ཡིན། །དེ་ཉིད་ཁོངས་སུ་རིམ་པ་གསུམ། །ཁྲུ་རེ་ཙམ་དུ་བྲི་ བར་བྱ། །གཞན་ཡང་མཐོ་ནི་དོ་དོ་དང་། །སོར་བཞི་བཅས་པར་བྲི་བར་བྱ། །གཉིས་པ་དང་ནི་ལྷག་མ་རྣམས། །ཆ་དྲུག་མཛེས་དང་ལྡན་པར་བྱ། །གཞན་ནི་མཚམས་ལ་ཐུག་པའི་བར། །ཅི་རིགས་པར་ནི་བྲི་བར་བྱ། །ངུ་འབོད་ཆེན་པོ་ 100-1-288a ཞེས་བྱ་བའི། །དམྱལ་བ་བདེན་བྲལ་ཕྱོགས་སུ་བཞག །བསྟན་པ་བཞིན་དུ་དེ་བྱས་ནས། །གཞན་ཡང་བཤད་པ་བཞིན་བྱ་བ། །རས་གསར་པ་ནི་ས་ལུ་འམ། །ཙན་དན་བཟང་པོའི་ཕྱེ་མ་ཡིས། །རྡོ་རྗེ་སྲིད་དུ་ཁྲུ་གང་བ། ། རྩེ་དྲུག་ཡང་ན་རྩེ་གསུམ་བྲི། །དེ་ཡང་ཅི་སྟེ་མི་འབྱོར་ན། །གྲོག་མཁར་གྱི་ནི་ས་དག་གིས། །སོར་བཞི་ཙམ་དུ་བྱ་བ་ཡིན། །གང་གིས་གདོན་ནི་སྟོང་ཕྲག་རྣམས། །ཁྱད་པར་འདིར་ནི་སྒྲུབ་བྱེད་པ། །དེ་ཉིད་འཇིག་རྟེན་གསུམ་དག་ གི། །འཇིགས་བྱེད་དྲག་པོ་ཡིན་པར་ངེས། །དེ་ཉིད་ངོ་མཚར་བྱེ་བ་སྙེད། །ཡ་མཚན་རྣམས་ཀྱང་སྟོན་པ་ཡིན། །གཅིག་པུ་རྡོ་རྗེ་གཉིས་ལྡན་པ། །དེ་ཉིད་ཀྱི་ནི་དྲུང་དག་ཏུ། །དཀྱིལ་འཁོར་རྣམ་པ་བཞི་པོ་དག །བྱིན་གྱིས་བརླབ་ པའི་ཆོ་ག་བྱ། །བདེན་དང་གཏོར་བ་རྒྱ་ཆེ་བ། །ཏིང་འཛིན་ཞི་བ་ཡ་མཚན་ལྡན། །ཡང་ན་གང་གིས་འདི་དག་ཀུན། །ཐུབ་པའི་ཤེས་རབ་བྱིན་བརླབས་བྱ། །བདེན་དང་ངེས་པར་གནས་བྱས་ནས། །བདེན་བྲལ་ཕྱོགས་སུ་བྲི་བ་དང་། ། ཆུ་ལྷའི་ཕྱོགས་སུ་སོང་ནས་ཀྱང་། །རྒྱ་ཆེན་དོན་རྣམས་བྱ་བ་ན། །སི་ཏ་ཀུ་ནི་བུ་དང་བཅས། །བཞི་པ་དེ་ནི་ལེགས་པར་གནས། །གྲོང་ཁྱེར་མཆོག་གི་དྲུང་དག་ཏུ། །གྲུ་ནི་བྱང་ཕྱོགས་བལྟ་བར་བྱ། །དེ་ནས་འཇུག་པར་རབ་བསྟན་ ཏེ། །དཀྱིལ་འཁོར་དག་པ་གཞན་མི་བྱ། །གཟུགས་གནས་སྒོ་མཆོག་དེ་ཉིད་ནི། །རྡོ་རྗེ་འཛིན་པ་དགྱེས་པ་ཡིན། །དཀྱིལ་འཁོར་འདོད་པ་གང་ཡིན་པ། །དེ་ཡི་སྒོ་ཡི་བྱང་ཕྱོགས་དྲུང་། །ལྷོ་ཕྱོགས་ཀྱི་ནི་དྲུང་དག་ཏུ། །བསྟན་ པ་གང་ཡིན་བཞག་པར་བྱ། །གུར་གུམ་ཡིད་དུ་འོང་བ་དང་། །ལྡན་པའི་རྒྱ་སྐྱེགས་ཁུ་བ་དང་། །ལེག་རྒན་རྩི་ཡིས་བསྒྱུར་བ་ཡི། །སར་ནི་དམར་ཞིང་ཡིད་འོང་བ། །བུག་རྡོལ་མེད་ཅིང་མ་ཉམས་ལ། །དྲི་ང་བ་དག་མེད་པ་ཡི། ། གདན་དག་ཀྱང་ནི་ངེས་བྱས་ཤིང་། །ཤིང་རིངས་ལ་ནི་ལེགས་པར་གདགས། །དེ་ནས་ལོགས་ཤིག་རྩེ་མོ་ཡི། །ཆ་བྱད་སྣ་ཚོགས་ཁྱད་པར་དུ། །རྣམ་པར་མཛེས་པ་བཞག་བྱ་སྟེ། །རྒྱ་སྐྱེགས་ལས་ནི་ལེགས་བྱས་ 100-1-288b པའི། །ཕོ་ལོང་ཆེན་པོ་རི་མོ་ཅན། །གཞན་ཡང་དྲིལ་དང་སྒོ་ངའི་དབྱིབས། །སྟེའུ་འཁོར་གྱི་ནི་ཚོགས་རྣམས་དང་། །གཞན་ཡང་རྣམ་པ་སྣ་ཚོགས་བཞག །ཀུ་རནྟ་ཀའི་མེ་ཏོག་ཕྲེང་། །རྒྱལ་མཚན་རྩེ་མོར་འཕྱང་དུ་གཞུག ། ཡང་ན་མེ་ཏོག་དམར་བ་ཡི། །ཕྲེང་བ་བཟང་པོ་སྣ་ཚོགས་གདེགས། །དེ་དག་བསྟན་པས་ཤེས་པ་ཡིས། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་གཞག །དེ་ནས་རི་དབང་ཁོར་ཡུག་གི། །ནང་དུ་ཡང་ནི་འགྲོ་བར་བྱ། །དེ་ལྟར་མཚུངས་མེད་ཅེས་བྱ་ བའི། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པ། །གནས་གཉིས་པ་ནི་རྒྱས་པར་བསྟན། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གཉིས་པ་རྫོགས་སྷོ།། །།རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། ། རྨད་དུ་བྱུང་བ་དེ་དྲན་ཞིང་། །གཡོན་ཕྱོགས་དག་ཏུ་གོ་རིམས་བཞིན། །ལྷ་རྣམས་ཀྱང་ནི་དགོད་པར་བྱ། །ཆུ་ལྷའི་ཕྱོགས་ཀྱི་སྒོ་དག་ནི། །ཀར་ཤ་པ་ཎ་བརྒྱད་དག་གི། །མགྲོན་བུ་རྣམས་ནི་ཤར་ནུབ་ཏུ། །མཉམ་ཞིང་མཛེས་པར་ དགོད་པར་བྱ། །དེ་ཡི་ལྷོ་ཕྱོགས་རྡོ་རྗེ་ཡི། །རིག་སྔགས་བླ་མའི་རིགས་རྣམས་དགོད། །དེ་ནི་རྡོ་རྗེ་ལྕགས་ཀྱུ་མ། །རིག་སྔགས་རྒྱལ་མོ་དབུས་སུ་གཞག །དྲེགས་ཤིང་སྟོབས་ཀྱིས་རྒྱགས་པ་ཡིས། །སྔོན་མོ་ཆེན་མོ་སྔོན་ མོ་གཉིས། །དེར་ནི་རིག་སྔགས་རིགས་རྣམས་ཀྱི། །སྒོ་བསྲུངས་དག་ཏུ་བཞག་པར་བྱ། །རིག་སྔགས་རྡོ་རྗེའི་རིགས་སྐྱེས་རྣམས། །ཤར་ཕྱོགས་སུ་ནི་བལྟ་བར་བྱ། །འདོད་པའི་རྡོ་རྗེ་དང་པོར་བཤད། །རྡོ་རྗེ་ཁྲོ་བོ་མཇུག་ ཏུ་བཞག །མེ་ཏོག་ཡིད་འོང་རྩེ་མོ་ཅན། །ལུག་རྒྱུད་གཏུམ་མོ་སེར་མོ་རྣམས། །ཕོ་ཉ་མ་དག་གྲངས་བཞིན་དུ། །ཐམས་ཅད་དེ་ཡི་ཕ་རོལ་དགོད། །བུང་བ་མ་དང་ལྟ་བ་མ། །དགའ་མ་ཐུབ་དཀའ་བྱང་ཕྱོགས་གཞག །རྡོ་རྗེ་ ཀ་ཏ་ཡ་ན་དང་། །འདི་དག་གཡས་ཕྱོགས་བྲི་བར་བྱ། །རྡོ་རྗེ་སྡེ་ཡི་འཁོར་རྣམས་ཀྱང་། །དེ་ཡི་ལྷོ་ཕྱོགས་དགོད་པར་བྱ། །དེ་ནས་ཀླུ་རྒྱལ་ནོར་རྒྱས་བུ། །བཞི་པ་དག་ལ་གཞག་པར་བྱ། །འབྱུང་པོ་སྣ་ཚོགས་བསྐོར་བ་ཡི། ། 100-1-289a གཞོན་ནུ་ཚོགས་དང་བཅས་པ་ཡང་། །དཀྱིལ་འཁོར་ལྔ་པར་གཞག་པར་བྱ། །མདུང་ཐུང་ཡང་ནི་མདུན་དུ་གཞག །དེ་ནས་དྲུག་ལ་བདེན་བྲལ་ཕྱོགས། །འབྱུང་པོ་རིངས་བྱེད་མི་བཟད་པ། །འཕགས་པ་ཡི་ནི་མདུང་བྲིས་ ལ། །འཕགས་མ་ཡི་ནི་མདུན་དུ་གཞག །མ་མོ་རྣམས་ཀྱི་རིགས་ལྔ་པོ། །ཚངས་མ་དང་ནི་དབང་ཕྱུག་མ། །སྐེམ་བྱེད་ཁྱབ་འཇུག་ཕག་མོ་ཞེས། །བྱ་བ་དཀྱིལ་འཁོར་བདུན་པར་བཞག །གྲོང་ཁྱེར་དེ་ཡི་ནང་དག་ཏུ། ། ཆུ་ཀླུང་འགྲམ་དང་ལྡན་པར་བྲི། །གྲྭ་རྣམས་ཤར་བྱང་གྲྭ་དག་དང་། །ལྷོ་དང་ནུབ་ཕྱོགས་ཕྱིན་པར་བྱ། །སྡིག་ཅན་ཆུ་ན་གནས་པའི་ནང་། །ངོམས་མི་ཤེས་པའི་རི་དགས་ཤིག །ནང་དུ་མཆུ་བཙུགས་ཕྱོགས་གཅིག་གནས། ། དེ་ནང་ཁྱུ་མཆོག་འགྲོ་བར་བྱ། །རླུང་ལྷའི་ཕྱོགས་ཀྱི་གནས་གཅིག་ཏུ། །བདེ་བྱེད་ལྷ་མོ་ཁྱུ་མཆོག་དང་། །དེ་བཞིན་ར་དང་བུམ་རྣ་གཉིས། །གྲོང་ཁྱེར་གྱི་ནི་སྒོ་བསྲུངས་གཞག །ཀླུང་གི་གཡས་རོལ་འགྲམ་དག་ཏུ། །རིག་སྔགས་ ཆེན་པོ་བུ་སྨད་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དཀྱིལ་འཁོར་བདུན་པ་འདས་པ་ཡིན། །དཀྱིལ་འཁོར་བརྒྱད་པ་སྔར་བཤད་པའི། །འབྱུང་པོའི་བྱ་བ་སྒྲུབ་པ་བདུན། །འབྱུང་པོ་སྣ་ཚོགས་བསྐོར་བ་བཞག ། དགུ་པར་ཡང་ནི་རིམ་བཞིན་བྲི། །དེ་ནས་དཀྱིལ་འཁོར་བཅུ་པར་ནི། །ཚངས་པའི་དྲང་སྲོང་རྣམས་ཀྱང་གཞག །དེ་ནས་གཤིན་རྗེ་ཚོགས་མང་བཅས། །བཅུ་གཅིག་པར་ནི་གཞག་པར་བྱ། །མེ་ལྕེ་འབར་བས་བསྐོར་བ་ཡི། །མེ་ལྕེ་ ལྷ་མོའི་ཚོགས་ཀྱིས་བསྐོར། །མེ་དེ་མཐུ་ལས་སྐྱེས་པ་སྟེ། །དེ་ནི་བཅུ་གཉིས་ཤེས་པར་བྱ། །ཡི་དགས་རྣམས་ཀྱི་འཁོར་དང་བཅས། །རི་དགས་དག་ཀྱང་བཞག་པར་བྱ། །ལག་ན་རྡོ་རྗེས་བཤད་པ་བཞིན། །དེ་ནི་བཅུ་གསུམ་ཤེས་ པར་བྱ། །ཟླ་བ་ཕྱོགས་བཟང་སྟོབས་པོ་ཆེ། །ཁྱབ་འཇུག་དབང་པོ་ཉེ་དབང་གཉིས། །རྒྱལ་བའི་དབང་པོ་སངས་རྒྱས་ཀྱི། །བློ་གྲོས་ལྷ་མོ་གཉིས་ཀྱང་བཞག །གང་ན་ལྷ་དབང་གཉིས་གནས་པ། །དེ་ནི་བཅུ་བཞིར་ཤེས་པར་ 100-1-289b བྱ། །བཅྭ་ལྔ་པའི་དཀྱིལ་འཁོར་དུ། །ཀླུ་ཆེན་རིགས་བརྒྱད་དགོད་པར་བྱ། །བཀའ་སྩོལ་པ་ཞེས་བྱ་བ་ཡི། །ཚངས་པའི་སྲིན་རྣམས་བཅུ་དྲུག་ཏུ། །བཅུ་བདུན་པ་ཡི་དཀྱིལ་འཁོར་དུ། །ཀ་ཏ་ཡ་ན་གཞག་པར་བྱ། །དེ་ཡི་ འཁོར་ནི་གང་ཡིན་པ། །དེ་ཡང་དྲུང་དུ་གཞག་པར་བྱ། །དབང་ཕྱུག་ཆེན་པོའི་ཆུང་མར་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དེ་ནི་བཅྭ་བརྒྱད་ཤེས་པར་བྱ། །དེ་ནས་ཕྱི་རོལ་རིག་སྔགས་རིགས། །རིག་སྔགས་ཀྱི་ནི་ སྣ་ཚོགས་དགེ། །བཅུ་དགུ་པར་ནི་གཞག་པར་བྱ། །དེ་ནས་ཀྱང་ནི་རིག་སྔགས་རྣམས། །མིང་སྨོས་འདི་དག་ལ་སོགས་བྲི། །དྲི་བཤེད་ཐབས་ཀྱིས་དྲི་བཤེད་དང་། །རོ་ལངས་མར་ནི་གྲགས་པ་དང་། །དཀར་མོ་ཆེན་མོ་དཀར་ མོ་དང་། །གཞན་ཡང་ས་སྟེང་གནས་རྣམས་གཞག །རྡོ་རྗེའི་མངའ་བདག་དགྱེས་པ་ཡི། །གཞན་གྱི་རིག་སྔགས་མཆོག་འཆིང་བ། །རབ་ཏུ་གསལ་ཞིང་འབར་བ་དེ། །དབུས་དེར་མཁས་པས་གཞག་པར་བྱ། །དེ་ནས་རྡོ་ རྗེ་འཛིན་ཆེན་རྗེ། །ཉི་ཤུ་པར་ནི་གཞག་པར་བྱ། །གང་ན་རྡོ་རྗེ་འཛིན་གནས་ཏེ། །མིང་ནི་རྡོ་རྗེ་ཕོ་བྲང་ཡིན། །ཉི་ཤུ་གཅིག་པའི་བྱང་ཕྱོགས་སུ། །ཀུ་བེ་ར་ནི་ཚོགས་བཅས་བྲི། །ཀུ་བེ་ར་ནི་གར་གནས་པ། །གྲོང་ཁྱེར་ལྕང་ ལོ་ཅན་ཞེས་བྱ། །ཀླུ་ཡི་བྱ་བ་སྒྲུབ་པ་བརྒྱད། །གྲོང་ཁྱེར་ཉི་ཤུ་གཉིས་པར་གཞག །བྱ་བ་སྒྲུབ་བཅས་ཀླུ་ཆེན་རྣམས། །ལྔ་པོ་ཉི་ཤུ་གསུམ་པར་གཞག །དཀྱིལ་འཁོར་ཉི་ཤུ་རྩ་བཞིར་ནི། །ཀླུ་ཡི་དཀྱིལ་འཁོར་གཞག་པར་ བྱ། །ཀླུ་མགོ་ཡི་ནི་གདེངས་ཀ་ཅན། །ཀླུ་ཆེན་གྱིས་ནི་གཡས་སུ་བསྐོར། །དཀྱིལ་འཁོར་དེ་ཡི་ནང་དག་ཏུ། །ཀླུ་ཆེན་ཁ་དོག་སྣ་ཚོགས་པ། །མཐའ་ཡས་ནོར་རྒྱས་པད་མ་དང་། །དེ་བཞིན་ནོར་བུ་ལ་སོགས་ཀླུ། །ཀལ་བ་དང་ རབ་མགྱོགས་གཉིས། །དེ་བཞིན་གཞན་ཡང་ཀླུ་རྣམས་ཀྱི། །མ་དང་རྒྱལ་འཚབ་འཇོག་པོ་ཡང་། །དཀྱིལ་འཁོར་ནང་དུ་གཞག་པར་བྱ། །ཤར་སྒོར་འོད་མའི་རྩེ་མོ་གཞག །དགའ་སྐྱེད་པ་ནི་ལྷོ་ཕྱོགས་སུ། །ནུབ་ཕྱོགས་ 100-1-290a སུ་ནི་ལེགས་མཐོང་བཞག །བྱང་ཕྱོགས་སུ་ནི་སྟོབས་ཀྱིས་རྒྱུ། །དེ་ནས་རླུང་ལྷའི་ཕྱོགས་དག་ཏུ། །འབྱུང་པོའི་ཚོགས་ནི་བདུན་རྣམས་དགོད། །དེ་ནི་ཉི་ཤུ་ལྔ་པ་ཡི། །དཀྱིལ་འཁོར་དུ་ཡང་གྲགས་པ་ཡིན། །དཀྱིལ་ འཁོར་ཉི་ཤུ་རྩ་ལྔ་པ། །འདི་དག་ཀྱང་ནི་མཁས་པ་ཡིས། །ཅི་རིགས་པར་ནི་བྲི་བྱ་ཞིང་། །རྫོགས་བྱེད་རྣམས་ཀྱང་ལེགས་པར་བྲི། །ཆུ་ལྷའི་ཕྱོགས་སུ་ཉི་མ་བྲི། །ཤར་ཕྱོགས་སུ་ནི་ཟླ་བ་གཞག །ཀུ་རུ་ན་ནི་གླིང་བཞིར་ནི། ། ཕྱོགས་མཚམས་དག་ཏུ་གཞག་པར་བྱ། །ལྷག་མ་དག་ནི་བྱང་ཕྱོགས་སུ། །ངེས་པར་ཡང་ནི་དགོད་པར་བསྟན། །འདི་དག་རྣམས་ནི་མདོར་བསྡུ་ན། །ཁོར་ཡུག་གི་ནི་ཁོང་ནས་འབྱུང་། །དེ་ནས་རྡོ་རྗེ་ཤུགས་ཀྱིས་ནི། །དེར་ནི་སྟོབས་ ཆེན་འགྲོ་བར་བྱ། །བང་རིམ་ལ་ནི་སོང་ནས་ཀྱང་། །དང་པོ་ལེགས་པར་དགོད་པར་བྱ། །རྫོང་གི་འཕགས་མ་དོན་གྲུབ་པ། །དུར་ཁྲོད་གནས་ན་དྲག་མོ་ནི། །བདེན་བྲལ་ཕྱོགས་སུ་གཞག་བྱ་ཞིང་། །མ་ཡང་དྲུང་དུ་གཞག་པར་བྱ། ། ཕྱོགས་ཀྱི་ལྷ་ནི་བྱེ་བ་རྣམས། །དབང་ལྡན་ཕྱོགས་སུ་དགོད་པར་བྱ། །ལོག་འདྲེན་དྲག་པོ་ཆེན་པོ་ཡང་། །དཀྱིལ་འཁོར་དུ་ནི་ལེགས་པར་དགོད། །རླུང་ལྷའི་ཕྱོགས་སུ་མཁའ་ལྡིང་གཞག །དེ་ནས་དང་པོ་སྐྱོང་བ་ཡི། །རྫོང་གིས་ འཕགས་མ་གཉིས་པ་ཡང་། །ཡོངས་སུ་རྫོགས་པར་གཞག་པར་བྱ། །བང་རིམ་དག་ནི་གཉིས་པ་ལ། །རྡོ་རྗེ་ཤུགས་ཀྱིས་འགོམས་བྱ་ཞིང་། །ཀླུ་རིགས་ནོར་བུ་གཞག་པར་བྱ། །མཐའ་ཡས་བདེན་བྲལ་ཕྱོགས་སུ་གཞག ། དེ་ནས་ཕྱོགས་ཀྱི་ལྷ་ཉིད་ནི། །གཤིན་རྗེའི་ཕྱོགས་སུ་ལེགས་པར་གཞག །དེ་ནས་ཡི་དགས་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་གཞག་པར་བྱ། །དེ་ནས་ཆོ་ག་ཤེས་པ་ཡིས། །ཡི་དགས་ཀྱི་ནི་རིགས་རྣམས་ དགོད། །བརྗེད་བྱེད་ཀྱི་ནི་རིགས་རྣམས་དང་། །ནམ་གྲུ་དག་གི་རིགས་ཀྱང་གཞན། །དབང་ལྡན་འབྱུང་པོ་རྣམས་དང་ནི། །འབྱུང་པོའི་ཆང་ཁྱུ་རྣམས་ཀྱང་གཞག །ཚངས་པའི་སྲིན་བོ་ཞེས་བྱ་རྣམས། །དཀྱིལ་འཁོར་ 100-1-290b བྱང་ཕྱོགས་དགོད་པར་བྱ། ། ཕྱི་རོལ་ཀླུ་ཡི་རིགས་རྣམས་ཀྱང་། །རླུང་ལྷའི་ཕྱོགས་སུ་ལེགས་པར་དགོད། །དཀྱིལ་འཁོར་དམ་པ་གཉིས་པ་ལས། །བང་རིམ་འདི་ནི་ཡོངས་སུ་རྫོགས། །རྡོ་རྗེ་རིམ་གྱིས་བསྒོམས་ནས་ ནི། །གསུམ་པ་ཡང་ནི་བདེན་བྲལ་ཕྱོགས། །ཤ་ཟ་བཞག་ཏེ་སོང་ན་ཡང་། །རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་གཞག །ཡི་དགས་ཀྱི་ནི་ཁྱིམ་རྣམས་ཀྱང་། །གཤིན་རྗེའི་ཕྱོགས་སུ་ལེགས་པར་དགོད། ། མེའི་ཕྱོགས་སུ་དཀྱིལ་འཁོར་དུ། །སྟོབས་ཆེན་ལྷ་མ་ཡིན་རྣམས་གཞག །དེ་ནས་དཔལ་ལྡན་འཇིག་རྟེན་སྐྱོང་། །འཇིག་རྟེན་ཆོས་ལས་ཕྱིར་ཕྱོགས་པ། །ཡུལ་འཁོར་བསྲུང་ནི་དཔག་མེད་པའི། །དྲི་ཟར་ལྷན་ གཅིག་ཀུན་ཏུ་དགོད། །དབང་ཕྱུག་ཆེན་མོར་བཅས་པ་ཡི། །དབང་ལྡན་ཕྱོགས་སུ་གནས་པར་བྱ། །དེ་ནས་རིག་སྔགས་རྣམས་ཀྱི་བདག །ལག་ན་རྡོ་རྗེ་རྣལ་འབྱོར་ཆེ། །གྲོགས་བཅས་རྡོ་རྗེ་འཛིན་པ་ཡི། །རྡོ་རྗེ་ ཕོ་བྲང་དགའ་བར་གཞག །དེ་ནས་སྟོབས་ཆེན་འཇིག་རྟེན་སྐྱོང་། །དཔལ་ལྡན་འཇིག་རྟེན་ཆོས་སྡངས་བ། །ལག་ན་རྡོ་རྗེ་འཛིན་པ་ཡི། །དབང་ལྡན་བྱང་གི་ཕྱོགས་སུ་གཞག །དེ་བཞིན་ལྕང་ལོ་ཅན་དག་ཏུ། །ནོར་ སྦྱིན་ཚོགས་དང་བཅས་པར་བྲི། །ཀླུ་རྣམས་མ་ནི་སུ་ར་ས། །རླུང་ལྷའི་ཕྱོགས་སུ་གནས་པར་བྱ། །དེ་དག་བུ་དང་བཅས་པར་ནི། །དེ་ཡི་དྲུང་དུ་དགོད་པར་བཤད། །མཁའ་ལྡིང་རྣམ་པར་འདུད་པའི་བུ། །མཐུ་རྩལ་ཤིན་ དུ་རྫོགས་པའང་གཞག །དེ་ནས་འབྱུང་པོའི་ཚོགས་རྣམས་དགོད། །ཆུ་ལྷ་ཡང་ནི་ནུབ་ཕྱོགས་གཞག །གསུམ་པ་དག་ཀྱང་འདས་པ་ཡིན། །བཞི་པ་དག་གིས་བཤད་པར་བྱ། །བང་རིམ་བཞི་པའི་སྟེང་དག་ཏུ། ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཉི་མ་རྣམས་ནི་གཡོག་དང་བཅས། །ཆུ་ལྷའི་ཕྱོགས་སུ་གནས་པར་བྱ། །བདེན་བྲལ་ཕྱོགས་སུ་སྲིན་རྣམས་དགོད། །དེ་ཡི་ཕ་རོལ་གྲུལ་བུམ་གཞག །དེ་ནས་གྲུལ་བུམ་ལྕགས་ 100-1-291a ཅན་ཡང་། །ལྷོ་ཕྱོགས་སུ་ནི་གཞག་པར་བྱ། །མེ་ཡི་ཕྱོགས་སུ་རླུང་ལྷ་གཞག །ཤར་ཕྱོགས་ཟླ་བ་འཁོར་དང་བཅས། །ཐག་ཟངས་རིས་ཀྱང་དེ་བཞིན་ཏེ། །དེ་གཉིས་ཀྱིས་ནི་བཞི་པ་དགང་། །དེ་ནས་བང་རིམ་ ལྡན་པ་ལ། །རྡོ་རྗེ་ཤུགས་ཀྱིས་འགྲོ་བར་བྱ། །ལྷ་བསྲུང་ཕྱིར་ནི་ཀླུ་རྣམས་ཀྱང་། །ཆུ་ལྷའི་ཕྱོགས་སུ་དགོད་པར་བྱ། །དབང་ལྡན་དང་ནི་ཤར་མཚམས་སུ། །ལྷ་ཡི་མཛོད་ཀྱང་གཞག་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ ཆེ། །དབང་ལྡན་ཕྱོགས་སུ་གཞག་པར་བྱ། །དེ་ནས་རྡོ་རྗེའི་དྲུང་དག་ཏུ། །གནས་གཙང་རིས་ཀྱི་ལྷ་ཆེན་གཞག །ལྷའི་བསྲུངས་མ་གནོད་སྦྱིན་ཆེ། །བྱང་ཕྱོགས་དག་ཏུ་གནས་པར་བྱ། །རྡོ་རྗེ་ཤུགས་ཀྱིས་ དྲུག་པ་ལ། །སོང་ནས་ཆུ་ལྷའི་ཕྱོགས་དག་ཏུ། །ཀླུ་རྒྱལ་རྒྱ་མཚོ་ཆེན་པོའི་བུ། །དྲག་ཅིང་ཤུགས་དང་ལྡན་པ་གཞག །དེར་ནི་གཡོག་དང་བཅས་པར་བྱ། །གཞན་དག་གིས་ནི་སྤྲུལ་པ་ལ། །དབང་བྱེད་ལྷ་ནི་གང་ཡིན་རྣམས། ། བདེན་བྲལ་ཕྱོགས་སུ་གནས་པར་བྱ། །ཚངས་རིས་ཀྱི་ནི་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་དགོད་པར་བྱ། །ཚངས་པའི་མདུན་ན་འདོན་པ་ཡི། །ལྷ་རྣམས་ཤར་ཕྱོགས་གཞག་པར་བྱ། །ཤིན་ཏུ་མཐོང་ལྷ་དབང་ ལྡན་དུ། །སྲིད་རྩེ་དེ་ཡི་ཕ་རོལ་དགོད། །དེ་བཞིན་དཀའ་ཟློག་བྱང་ཕྱོགས་གཞག །དྲུག་པ་དག་ཀྱང་འདས་པ་ཡིན། །བང་རིམ་དག་ནི་བདུན་པ་ལ། །རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་འཆང་། །སོང་ནས་ཀླུ་ཡི་གཙོ་བོ་ནི། །རྒྱ་མཚོ་ ཆེན་པོ་རྨད་བྱུང་གཞག །བྱང་ཕྱོགས་བྱ་བ་ཟིན་ནས་ནི། །གྲགས་ཤིང་བསོད་ནམས་ཆེ་བ་ཡི། །འཕྲུལ་དགའ་བ་ཡི་ལྷ་ཆེན་རྣམས། །གཤིན་རྗེའི་ཕྱོགས་སུ་གནས་པར་བྱ། །དེ་ནས་རྡོ་རྗེ་ཤར་ཕྱོགས་ཀྱི། །གནས་ཀྱིས་ གཙོ་བོར་གཞག་པར་བྱ། །སུམ་བཅུ་གསུམ་པའང་ཤར་ཕྱོགས་སུ། །གཞག་ཅིང་བདུན་པ་ཡོངས་སུ་དགང་། །ལྷ་རྣམས་སྣ་ཚོགས་རྒྱས་པ་ཡི། །རི་ཡི་དབང་པོ་དམ་པ་ཡི། །བང་རིམ་དག་ནི་ཡོངས་སུ་རྫོགས། །དེ་ཡི་ 100-1-291b འོག་ཏུ་བྱ་བ་བཤད། །རི་རབ་སྟེང་དུ་ཐམས་ཅད་མཁྱེན། །རིག་སྔགས་སྙིང་པོ་འཆང་བ་པོ། །སངས་རྒྱས་འཇིག་རྟེན་རྟོགས་མཛད་པ། །ཐར་པའི་གྲོང་ཁྱེར་དབང་ཕྱུག་གཞག །གང་གི་འོད་ཟེར་དེ་དག་གི། །ཕྱོགས་རྣམས་ ཐམས་ཅད་རྒྱས་མཛད་དང་། །གང་གི་སྐུ་ལ་མཚན་ཀུན་གྱི། །མཛོད་རྣམས་ཐམས་ཅད་འབྱུང་བ་དང་། །མཚན་དང་གཞོན་དང་བརྩོན་འགྲུས་དང་། །གཞན་ཡང་ཞི་བར་ལྡན་པ་དང་། །མཆོག་རྣམས་མཆོག་སྦྱིན་བྱེད་པ་ལ། ། གང་གིས་མཆོག་གི་མཆོག་སྦྱིན་དང་། །ཐུགས་རྗེ་ཆེ་དང་ལྡན་པའི་མགོན། །ཉི་མ་འཆར་ཀའི་འོད་དང་འདྲ། །འོད་ཟེར་ཉི་མ་བྱེ་བ་ཡིས། །གང་གིས་མུན་པ་བསལ་བ་དང་། །ཆོས་དང་མཚན་ཉིད་རིགས་པ་ཡི། །ཡིད་བཞིན་ནོར་ བུའི་ཐིགས་པ་གང་། །གང་གིས་བསྐལ་པ་གྲངས་མེད་པར། །སེམས་ཅན་རྣམས་ནི་རབ་ཏུ་བསྲུངས། །རིན་ཆེན་ཨིནྟྲ་ནཱི་ལ་ལྟར། །གང་གི་གཙུག་ཏོར་མཛེས་པ་དང་། །ནོར་བུ་ཡི་ནི་རྒྱལ་པོ་བཞིན། །ཟླ་མདོག་ཅན་གྱི་མཛོད་ སྲུང་སྣ། །གང་གི་བདུད་རྩི་གཏོང་བའི་ཞལ། །པད་མ་རཱ་གའི་མདོག་འདྲ་དང་། །དུས་མཚམས་གསེར་གྱིས་བསྒྱུར་བ་ཡི། །གསེར་གྱི་རི་ལྟར་སྐུ་མདོག་མཛེས། །འཁོར་ལོ་ཆེན་པོ་རྩིབས་སྟོང་པས། །ཕྱག་དང་ཞབས་ནི་ ལེགས་སྤྲས་པ། །སྐྱིལ་མོ་དཀྲུང་ནི་མཛེས་པ་ཡིས། །ཐུབ་པ་ཆེན་པོ་ལེགས་པར་བཞུགས། །ཆོས་ཀྱི་ཆུ་ཀླུང་ཆེན་པོའི་མཆོག །དེ་ཡི་ཞལ་ནས་ཀུན་ཏུ་འབབ། །རྨད་དུ་བྱུང་བར་འབབ་པ་སྟེ། །བདག་གིས་ཁ་ནི་སྟོང་ ཕྲག་རྣམས། །སྟོང་སྙེད་ཀྱིས་ནི་བརྗོད་པ་འམ། །ཁོང་དུ་ཆུད་པར་ནུས་པར་འགྱུར། །དེ་ནི་རྒྱས་པར་འགེངས་པ་དང་། །ཡེ་ཤེས་ཕ་མཐའ་བླ་ན་མེད། །ཤིན་དུ་རྨད་བྱུང་གསང་བར་བཤད། །ཚིག་ལྡན་གྱི་ནི་ལྷ་མོ་དེ། །འཇིག་རྟེན་ མགོན་པོ་སངས་རྒྱས་ཀྱི། །གསུང་ལ་རབ་ཏུ་གནས་པ་ཡིན། །འཇིག་རྟེན་གསུམ་མ་བདག་མཆོག་སྦྱིན། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །འདི་ནི་གནས་དང་འགྲོ་བ་ཡི། །འཇིག་རྟེན་ཐམས་ཅད་འཛིན་པ་ཡིན། ། 100-1-292a ཆེ་བའི་ཆེ་མཆོག་སྟོབས་ཆེན་ཏེ། །དགའ་ཞིང་ཀུན་གྱི་ཚིག་ལ་གནས། །གཞན་གཅིག་སངས་རྒྱས་འདྲ་བ་མེད། །གུད་ན་ཡང་ནི་གནས་མ་ཡིན། །དེ་ཡི་བསྔགས་པ་སངས་རྒྱས་སམ། །ལྷ་རྣམས་ཉིད་ཀྱིས་ བརྗོད་པར་ནུས། །མཆོག་སྦྱིན་འཇིག་རྟེན་གསུམ་གྱི་མ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མདོར་ན་འགྲོ་བ་འདི་ཀུན་ནི། །ཁྱོད་ཀྱི་རང་བཞིན་ཉིད་ཡིན་ཏེ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །གནོད་སྦྱིན་ལྷ་མིན་ཚོགས་ བསྐོར་བའི། །རྒྱུ་དང་མི་རྒྱུ་རྣམས་ཀྱི་གཏེར། །ཡ་མཚན་ལས་ཀྱི་དཀྱིལ་འཁོར་ནི། །དེར་གཏོགས་དེར་ནི་བརྩོན་ཞིང་སྤྲོ། །དེ་དང་འབྲེལ་བར་ཐེ་ཚོམ་མེད། །ཆོས་ཀླུང་བསོད་ནམས་ལྡན་པ་དེ། །བསོད་ནམས་རིན་ཆེན་དག་གིས་ རྒྱས། །ལག་ན་རྡོ་རྗེའི་བསོད་ནམས་ཀྱི། །ལས་ཀྱི་རྒྱ་མཚོ་དག་ལས་འབྱུང་། །ཆུ་ཀླུང་རྒྱ་མཚོར་འབབ་པ་ན། །སྐྱེ་བོས་བསྟེན་ནས་འབེབ་པར་འགྱུར། །དེ་བཞིན་ཆོས་ཀྱི་ཆུ་ཀླུང་འདི། །འདི་དག་གིས་བསྟེན་བྱས་ ནས་ཀྱང་། །ལག་ན་རྡོ་རྗེའི་མགོ་བོ་དང་། །རྣ་གཉིས་དང་ནི་གསུམ་དུ་དབབ། །ཟེར་མ་འཕྲོས་པས་ལྷ་མོ་དང་། །དབང་ཕྱུག་ཚོགས་བཅས་ཕོག་པར་འགྱུར། །དེ་ཕྱིར་ཆོས་ཀྱི་ཆུ་ཀླུང་འདི། །སངས་རྒྱས་ལས་ནི་ འབྱུང་བྱས་ལ། །ལག་ན་རྡོ་རྗེའི་མགོ་བོར་ཡང་། །རབ་ཏུ་དབབ་ཅིང་བདུག་པར་བྱའི། །བསོད་ནམས་ལྡན་པའི་ཆུ་ཀླུང་རྒྱ་ཆེན་དེ་ཉིད་ལས། །སྐྱེ་བོ་མཐའ་དག་གཅིག་ཏུ་སེམས་བཏུད་ཉན་པར་བྱེད། །དེ་ཉིད་ལ་ ནི་ལྷ་རྣམས་ཐམས་ཅད་མངོན་པར་དགའ། །དེ་ཉིད་ལ་ནི་རིག་སྔགས་གྲུབ་པའི་ཚོགས་ཀུན་རྟེན། །གནས་རྣམས་གསུམ་པ་འདི་ནི་ལྷ་ཡི་གནས་ཡིན་ཏེ། །རྡོ་རྗེ་འཛིན་པ་ང་ཡི་དགོངས་པ་བཞིན་དུ་ རྫོགས། །དེ་ནས་དམ་ཚིག་མཁྱེན་པས་དཀྱིལ་འཁོར་རྒྱལ་པོ་ཡི། །གསང་བ་གང་དང་གང་གསུངས་དགའ་རྒྱས་བདག་གིས་བཤད། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ 100-1-292b ལས་གནས་གསུམ་པ་རྫོགས་སྷོ།། །།རི་རབ་ཀྱི་ནི་བྱང་ཕྱོགས་སུ། །ཆོས་ཀྱི་ཀླུང་ཆེན་འཛིན་པ་ཡི། །རྡོ་རྗེ་འཛིན་ཆེན་རབ་གཏུམ་པ། །སྟོབས་ཆེན་ལག་ན་རྡོ་རྗེ་གཞག །དེ་ཡི་རྐང་པ་གཡོན་པ་ཡིས། ། དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པ་ཡི་ནི་རྐང་པ་ཡིས། །ལྷ་མོ་དཀའ་ཟློག་མནན་པར་བྱ། །རི་ཡི་དབང་པོ་འཁོར་ཡུག་དང་། །བང་རིམ་དག་གི་བར་དག་ཏུ། །གླིང་ཆེན་རྣམ་པ་བཞི་པོ་དང་། །གནས་ རྣམས་ཇི་བཞིན་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ལྷོ་ཕྱོགས་སུ་ནི་དབྱིབས་ལེགས་པའི། །འཛམ་བུ་གླིང་ནི་གཞག་པར་བྱ། །ཆུ་ཀླུང་དང་ནི་ཤིང་དང་ཡུལ། །སྣ་ཚོགས་ཀྱིས་ནི་ཤིན་ཏུ་རྒྱས། ། དེ་ཡི་མངོན་མཚན་ཆེན་པོ་ནི། །འཛམ་བུའི་ཤིང་མཆོག་སྐྱེས་པ་དེ། །འཕང་དུ་དཔག་ཚད་བརྒྱ་ཡོད་དོ། །འོག་ལོགས་སུ་ནི་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ནགས་ཚལ་ཡང་ནི་བདུན་དག་དང་། ། ཡིད་དུ་འོང་བའི་རི་བདུན་དང་། །ཡུལ་བདུན་དག་ཀྱང་གཞག་པར་བྱ། །དང་པོ་བྱང་ནས་བརྩམ་བྱ་ཞིང་། །ལྷོ་ཕྱོགས་ལོགས་སུ་མཐུར་དུ་དྲང་། །ཤར་ནས་ནུབ་དུ་དྲང་བྱ་ཞིང་། །ཁོ་ར་ཁོར་ཡུག་བསྒྲུབས་ནས་ནི། །རྒྱལ་ བའི་གསུང་རབ་ཡིད་འོང་བ། །ཆོས་ཀྱི་འཁོར་ལོ་རྗེས་བསྒྲུབ་པ། །འཕགས་པ་ཤཱ་ར་དྭ་ཏིའི་བུ། །སྙིང་རྗེའི་བདག་ཉིད་པད་མའི་མཆོག །དགེ་སློང་དགེ་སློང་མ་རྣམས་དང་། །རྒྱལ་པོ་དག་གིས་བསྟེན་པ་གཞག ། འཛམ་བུ་གླིང་གི་ལྷོ་ཕྱོགས་སུ། །ཁྲི་ཤིང་དག་ཀྱང་བྲི་བར་བྱ། །ནུབ་ཕྱོགས་སུ་ནི་བ་ལང་སྤྱོད། །ཆུ་བོ་བརྒྱས་ནི་གང་བ་དང་། །ཡུལ་དང་སྐྱེ་བོ་སྟོང་དག་དང་། །བན་ལང་ཁྱུ་ནི་སྟོང་གིས་རྒྱས། །དེ་བཞིན་ཤར་གྱི་ ལུས་འཕགས་ཀྱང་། །ཤར་ཕྱོགས་སུ་ནི་གཞག་པར་བྱ། །ཡུལ་རྣམས་དང་ནི་རི་དག་གིས། །ཀུན་དུ་རབ་ཏུ་རྒྱས་པར་གནས། །དེ་ནས་གནས་བརྟེན་ཆོས་སྐྱོང་བ། །བཅུ་གཉིས་དག་དང་ལྷན་ཅིག་ཏུ། ། 100-1-293a སྒྲ་གཅན་འཛིན་ཞེས་གྲགས་པ་སྟེ། །སངས་རྒྱས་སྲས་ནི་མངོན་སུམ་གནས། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་རྣམས། །ཉིན་མཚན་དུ་ནི་དེར་སོང་ནས། །དྲི་དང་ཕྲེང་བ་དཔེ་མེད་པས། །མཆོད་པ་བྱེད་ཅིང་ཕྱག་ ཀྱང་འཚལ། །དེ་ནས་བྱང་གི་སྒྲ་མི་སྙན། །ལྷུན་པོ་ཡི་ནི་བྱང་ཕྱོགས་གཞག །གཙང་ཞིང་གྲུ་བཞི་ལམ་པ་སྟེ། །ཆུ་ཀླུང་དག་གིས་རབ་ཏུ་བརྒྱན། །གང་དག་གི་ནི་ཚེ་ཡི་ཚད། །ཆིག་སྟོང་ཚངས་བར་བརྗོད་པ་དང་། །སངས་རྒྱས་ རྣམས་ཀྱིས་གསུངས་པ་ཡི། །སེམས་ཅན་ཡ་མཚན་དེ་ན་གནས། །རྒྱ་མཚོའི་ས་ནི་བསྐོར་བ་ཡི། །རི་ཡི་དམ་པ་རི་རབ་ལ། །ཕྱོགས་ཀྱི་ལྷ་ནི་བཞི་པོ་རྣམས། །ཀུན་ནས་ངེས་པར་གཞག་པར་བྱ། །ཀར་ཤ་པ་ཎི་བརྒྱད་དག་གིས། ། དཀྱིལ་འཁོར་དང་པོར་རྡོ་རྗེ་བྲི། །དེ་ཡི་གནས་རྣམས་དེ་དག་ཏུ། །གསེར་གྱི་གདུ་བུ་དག་ཀྱང་བྱ། །སྒོ་རྣམས་རེ་རེར་དོན་སྒྲུབ་པ། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཐུབ་པར་ནུས་པ་གང་ཡིན་པའི། །སྒོ་བསྲུང་གཉིས་ཀྱང་ གཞག་པར་བྱ། །དེ་ཡང་སྔགས་དང་ལྡན་བྱ་ཞིང་། །ཀུན་ཏུ་གཞལ་ཡས་རྒྱས་པར་བྱ། །རྡོ་རྗེ་ཐོག་ཏོག་ལྷོ་ཕྱོགས་བྲི། །རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་གཞག །དེ་ནས་དེར་ནི་ལྷ་བཤོས་རྣམས། །རྣམ་པ་སྣ་ཚོགས་བཀྲ་བ་དང་། ། བླ་མེད་རབ་མཛེས་རྒྱས་པར་བྱ། །དྲི་དང་མེ་ཏོག་ཕྲེང་བས་མཆོད། །ཞིབ་དེའི་ཐ་ལུ་སྣ་ཚོགས་པ། །སྦྲང་རྩིས་བྱུགས་ཤིང་གཟབས་པ་དང་། །ལེགས་བྱས་ཨ་ཤྭ་ཀ་བརྟི། །དེ་བཞིན་བེ་རེག་ནས་ཁུར་དབུལ། །ཇི་ཙམ་དུ་ནི་ རྒྱས་པ་ཕུལ། །དེ་ཙམ་དུ་ནི་འགྲུབ་པར་བཤད། །འབྲས་ཀྱི་འོ་ཐུགས་ཆུ་ལ་ཀ །ཐུག་པ་སྦྱར་ཐུག་ས་མི་ཏ། །འབྲས་ཆན་ཚོད་མ་སྣ་ཚོགས་པ། །ཁ་དོག་སྣ་ཚོགས་སོར་ལྔར་ལྡན། །དེ་ལ་སོགས་པ་གང་འདོད་པ། །ལོ་མ་སྣ་ ཚོགས་སྐྱོན་མེད་པ། །ཡང་ན་ཁམ་པོར་སར་པ་འམ། །པད་མའི་ལོ་མ་དག་ལ་གཞག །ནས་དང་གྲོ་དང་མོ་སྲན་གྲེའུ། །སཱ་ལུ་དང་ནི་ཏིལ་འབྲུ་རྣམས། །སྣོད་སར་དག་གི་ནང་དུ་གཞག །ཡང་ན་གཞན་དུ་དེ་བཞིན་གཞག ། 100-1-293b ཧྭགས་དང་ཁ་རས་གང་བ་དང་། །གཏུང་བ་བསིལ་ཞིང་ཞིམ་པ་དག །སྣོད་སར་དག་གི་ནང་དག་ཏུ། །གཞག་ནས་རབ་ཏུ་དབུལ་བར་བྱ། །དེས་ན་སུ་ལ་འང་འཚེ་མི་འགྱུར། །དགའ་བའི་སེམས་ཀྱིས་ཟ་འདོད་ལ། །ཁ་ཟས་དག་ཀྱང་ སྦྱིན་པར་བྱ། །དེ་ནས་དགའ་བར་བྱ་བའི་ཕྱིར། །ཏ་ལའི་ལོ་མ་བསིལ་ཡབ་དབུལ། །དྲི་ཞིམ་པའི་དྲི་ཀུན་གྱིས། །དཀྱིལ་འཁོར་ལ་ནི་མཆོད་པར་བྱ། །སྤོས་ཀྱི་ཕྱེ་མ་སྣ་ཚོགས་པ། །མཆོག་རྣམས་ཀྱིས་ཀྱང་དེ་བཞིན་མཆོད། །ཛ་ ཡ་མུ་ས་ན་ལ་སོགས། །དྲི་ཞིམ་ཐམས་ཅད་སྦྱར་བས་མཆོད། །ཨ་ཀ་རུ་དང་དུ་རུ་སྐ། །ཤིང་གི་ཐང་ཆུ་གསར་སྦྱར་རྣམས། །བདུག་པའི་རྒྱུར་ནི་བསྔགས་པ་ཡིན། །དངོས་གྲུབ་སྒོ་དྲུང་འདུག་པར་བྱ། །ཡང་ན་ནང་དུ་སོང་ནས་ནི། ། དེ་ནི་བྱང་ཕྱོགས་ཁ་བལྟ་ཞིང་། །ལག་ན་རྡོ་རྗེ་ཚུལ་བཞིན་བོད། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་དང་། །དེ་བཞིན་བདེ་ལེགས་རྫོགས་པ་གདོན། །དེ་ནས་དེར་ནི་རིག་སྔགས་མ། །རྡོ་རྗེ་ལྕགས་ཀྱུ་རྩེ་མོ་ཅན། །རྡོ་རྗེའི་རིགས་ལས་ བྱུང་བ་ཡི། །རིག་སྔགས་བསྟན་པ་གང་ཡིན་པ། །དེས་ནི་བདག་ཉིད་བསྲུང་བར་བྱ། །དེ་ནས་ཐོག་མར་སྤྱན་དྲང་བ། །རི་རབ་དེ་ཡི་རྩེ་མོར་ནི། །འདུག་ནས་སྒྲ་ཆེན་གདོན་པར་བྱ། །ཆོས་ཀྱི་ཆུ་ཀླུང་སྤྱན་དྲང་བ། །དམ་པ་འདི་ནི་བརྗོད་ པར་བྱ། །བཀྲ་ཤིས་ཚིགས་བཅད་བརྗོད་པ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འདུས་པ་ཆེན་པོའི་མདོ་དག་དང་། །འཕགས་པའི་བདེན་པ་བཞི་པོ་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ། །མ་ཉམས་ཐེ་ཚོམ་མེད་པ་དང་། ། འཕགས་པ་ཤཱ་ར་དྭ་ཏིའི་བུའི། །སེང་གེའི་སྒྲ་ནི་དཔེ་མེད་གདོན། །དེ་ནས་རྡོ་རྗེ་རིགས་ཀྱི་ཡུམ། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་བཟླས། །དེ་ནས་ཀྱང་ནི་རྩེ་མོ་ཅན། །དེ་ནས་རྡོ་རྗེ་རིགས་སྐྱེས་ཀྱི། །རིག་སྔགས་དག་ནི་གང་ འདོད་དང་། །སྙིང་པོ་འགྲོ་ལྡིང་གཏུམ་པོ་དང་། །དེ་ཡི་སྟེང་དང་འདོད་པ་ཡི། །རྡོ་རྗེ་མ་དང་འོག་ཕག་ཅན། །ལུ་གུ་རྒྱུད་དང་གཏུམ་མོ་དང་། །སེར་གཏུམ་རྡོ་རྗེ་ཐོག་ཐོག་མ། །དེ་བཞིན་རྡོ་རྗེ་ཁུ་ཚུར་མ། །རྡོ་རྗེ་ཐུབ་དཀའ་ཕོ་ཉ་མ། ། 100-1-294a ཆེན་མོ་བཅུ་དང་དྲུག་བཅུ་བཞི། །དང་པོ་བློ་གྲོས་རྡོ་རྗེ་མ། །གཉིས་པ་རྡོ་རྗེ་དྲིལ་བུ་མ། །གསུམ་པ་རྡོ་རྗེ་ནག་མོ་དང་། །བཞི་པ་གཞན་གྱིས་མི་ཐུབ་པ། །ལྔ་པ་རྡོ་རྗེ་རོལ་པ་དང་། །དྲུག་པ་ཡང་ནི་རྒོད་བག་ཅན། །བདུན་པ་རྡོ་རྗེ་ཤུགས་ ཡིན་ཏེ། །བརྒྱད་པ་རྡོ་རྗེ་ཉི་མ་ཡིན། །དགུ་པ་རྡོ་རྗེ་དབྱུག་པ་སྟེ། །དེ་ནི་སྣ་ཚོགས་གཟུགས་ཞེས་གྲགས། །བཅུ་པ་རྡོ་རྗེ་བདེན་པ་སྟེ། །ཅི་དགའ་བར་ནི་བཟླས་བརྗོད་བྱ། །རྡོ་རྗེ་དབྱུག་པ་བལྟ་བར་བྱ། །རྡོ་རྗེ་ཁྲོ་བོ་འཇོམས་བྱེད་ དང་། །བུང་བ་བལྟ་བ་ཆུ་ཀླུང་དང་། །རྡོ་རྗེ་ཀ་ཏྱ་ན་དང་། །བདུག་པས་འཇིལ་དང་བསྲུང་མ་དང་། །ཡོན་ཏན་ཆེན་མོ་དེ་ལ་སོགས། །ངེས་པ་ཉིད་དུ་བཟླས་བརྗོད་བྱ། །དེས་ན་དཀྱིལ་འཁོར་འགྲུབ་པར་འགྱུར། །ངེས་པར་གནས་པས་ རིག་སྔགས་ནི། །མཆོག་འགྱུར་རྡོ་རྗེ་ལྕགས་ཀྱུ་མ། །བདུག་པ་ཀུན་གྱིས་རྒྱས་པ་ཡིས། །དཀྱིལ་འཁོར་དུ་ནི་བརྒྱད་བརྒྱ་བཟླས། །དེས་ན་ལས་སུ་བསྒྲུབ་པ་ཡིས། །རིག་སྔགས་དེས་ནི་གྲུབ་པར་འགྱུར། །རིག་སྔགས་ གང་ལ་དགའ་བ་དེས། །དཀྱིལ་འཁོར་དུ་ནི་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་བཤད་པ་ཡི། །རིག་སྔགས་མང་པོ་དེ་ཉིད་ནི། །མཆོག་འདོད་དངོས་གྲུབ་འདོད་པ་ཡིས། །ཅི་ནས་སྐྱོ་བར་མི་འགྱུར་སྤྱད། །དེ་ནས་རྫོགས་པར་སྤྱན་ དྲངས་ཤིང་། །གསང་སྔགས་རྒྱས་པར་བྱས་ནས་ནི། །དེ་ནས་དཀྱིལ་འཁོར་འདོད་པ་ཀུན། །གཟུང་བ་ཡང་ནི་བཤད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་གཙོ་བོར་འཛིན། །དད་ཅིང་མཉམ་ པར་གཞག་པ་ཡི། །མི་ནི་དམ་ཚིག་འཛིན་དུ་གཞུག །དེས་ན་དེ་ལ་མཁས་པ་ཡིས། །བསླབ་གཞི་ལྔ་ནི་སྦྱིན་པར་བྱ། །མིང་འདི་ཞེས་ནི་བྱ་བ་བདག །ཕྱིན་ཅད་ནམ་འཚོའི་བར་དག་ཏུ། །སྲོག་གཅོད་ལོག་པར་གཡེམ་པ་དང་། ། རྐུ་དང་བརྫུན་དུ་སྨྲ་བ་དང་། །འབྲུ་དང་སྦྱར་བའི་ཆང་འཐུང་བ། །རྟག་ཏུ་བདག་གི་སྤང་ཞེས་སྨྲོས། །བསླབ་གཞི་མཆོག་དང་ལྡན་པ་དེ། །བློ་གྲོས་རྡོ་རྗེ་བསྲུངས་བར་བྱ། །འབོགས་པར་འགྱུར་བར་བྱ་བའི་ཕྱིར། །བྱིན་གྱིས་བརླབྶ་ 100-1-294b ཀྱི་ཆོ་ག་འང་བྱ། །དེ་ནས་དེར་ནི་བུམ་པ་བདུན། །ཆུ་ནི་རབ་ཏུ་བླུགས་ནས་ཀྱང་། །བློ་གྲོས་རྡོ་རྗེས་བསྔགས་པ་དེས། །བདུད་རྩི་ཞེས་ནི་བརྗོད་པ་ཡིན། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ནི། །དྲིལ་བུར་བཅས་པས་དྲན་བྱེད་བརྗོད། །ལག་པ་ གཉིས་ཀ་བླ་འོག་སྦྱར། །མཐེའུ་ཆུང་མཐེ་བོ་སྦྲེལ་བྱ་ཞིང་། །བདུད་རྩིའི་ཆུ་ནི་བླུགས་པར་བྱ། །གོས་གཙང་བགོས་ཞིང་རབ་བསྡམས་པ། །སྐྲ་བཤིག་པ་ལ་ངུ་འབོད་ཆེ། །མི་བཟད་རྣམས་ནི་བསྒོ་བར་བྱ། །འདི་ནི་ངུ་འབོད་ཆེན་པོ་སྟེ། ། འཁྲུགས་ཅིང་སྡུག་བསྔལ་ཆེན་པོའི་གནས། །འདི་ཡིས་ཁྱོད་ནི་དམ་ཚིག་ལས། །ཉམས་ན་མྱུར་དུ་གདུངས་པར་འགྱུར། །ཁྱོད་ནི་དམ་ཚིག་ཤེས་གྱུར་ན། །རྐྱེན་དུ་བབ་པར་མ་ལུས་སྦྱིན། །དེས་ན་ཁྱོད་ལ་མཁས་པ་འདི། །འཁྲུགས་ པའི་སྡུག་བསྔལ་བྱེད་མི་འགྱུར། །དམ་ཚིག་སྤངས་པ་གང་ཡིན་དང་། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །དེ་ལ་དམ་ཚིག་གཞན་མེད་པ། །བསྟན་བཅོས་ཀྱི་ནི་གཞུང་ལུགས་ཡིན། །དམྱལ་བ་ཡོད་པ་འདི་ལ་ལྟོས། །ནད་རྣམས་ཐམས་ ཅད་ཚོགས་པ་དང་། །འབྱུང་པོ་ལ་སོགས་རྣམས་ཀྱིས་རྒྱས། །ཁྱོད་ནི་དེ་ཉིད་ལྟུང་བར་བྱེད། །གདོན་མི་ཟ་ཡི་སྡིག་པའི་ལས། །འདི་ལ་དཔྱད་པར་བྱ་བ་མེད། །རྟག་ཏུ་ཁྱོད་ཀྱིས་དམ་ཚིག་བསྲུངས། །རྟག་ཏུ་དཀྱིལ་འཁོར་ མཆོད་པ་གྱིས། །འོན་ཀྱང་འབྱུང་པོ་ཤ་ཟ་སོགས། །སྡིག་བྱེད་དེ་དག་འཇུག་མི་འགྱུར། །སློབ་དཔོན་ལ་ནི་གུས་པར་བྱ། །དེ་ནི་རྡོ་རྗེ་འཛིན་ཉིད་ཡིན། །ད་ནི་ཁྱོད་ཚེ་འབྲས་བུར་བཅས། །ཁྱོད་ཀྱི་འཚོ་བ་འབྲས་བུ་ཡོད། །ད་ནི་དམ་ ཚིག་ལྷ་རྣམས་དང་། །ཁྱོད་ནི་མཚུངས་པ་ཉིད་དུ་འགྱུར། །རྡོ་རྗེ་འཛིན་པའི་རྒྱལ་མཚན་འདི། །ཇི་ལྟར་རྟག་ཏུ་མཛེས་པ་བཞིན། །དེ་ལྟར་ཁྱོད་ནི་ཡོན་ཏན་གྱིས། །དམ་ཚིག་ངེས་པར་གནས་པར་འགྱུར། །དེ་ནས་རྡོ་རྗེ་དེ་བླངས་ ལ། །ལག་པ་གཡོན་པས་དྲིལ་བུ་བཟུང་། །ལག་པ་གཡས་པས་དེ་ཡི་གཡས། །བཟུང་ནས་ཀྱང་ནི་སྤྲོ་བར་བྱ། །འདི་སྐད་རྟག་ཏུ་གྲུབ་པ་འདི། །སྡུག་བསྔལ་དག་ལས་སྒྲོལ་བ་སྟེ། །རྡོ་རྗེ་འཛིན་ཆེན་ཉིད་དང་ནི། །ལྷན་ཅིག་ཏུ་ནི་ 100-1-295a འཇུག་པར་འགྱུར། །དེ་ནས་གྲུར་ནི་ཞུགས་ནས་ཀྱང་། །འཁོར་ཡུག་ལས་ནི་བརྒལ་བར་བྱ། །ལག་པ་བཏང་ནས་དེ་ལ་ནི། །དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱ། །འཁྲུལ་པ་མེད་པར་མེ་ཏོག་གིས། །མདུན་ བཞུགས་བདེ་གཤེགས་མན་ཆད་དང་། །དཀྱིལ་འཁོར་གང་དང་གང་མཐོང་བ། །དེ་དང་དེ་ལ་བདེ་བར་མཆོད། །དེ་ནས་ཐམས་ཅད་མཐོང་ནས་ཀྱང་། །ཡོན་གྱི་བུམ་པར་དབུལ་བར་བྱ། །བློ་ཅན་གྱིས་ནི་མཚན་ཡང་བཟུང་། །དམ་པ་ གཞན་ཡང་བདག་གིས་བཤད། །རྡོ་རྗེ་སྟངས་ཐབས་འགྲོ་བ་དང་། །གད་མོ་བཅས་པར་བསྒྱུར་བ་དང་། །གཡོན་པས་ཀྱང་ནི་བརྡབ་པར་བྱ། །སེང་གེའི་སྒྲ་སྒྲོགས་འགྱིང་བ་དང་། །མཛུབ་མོས་ཧཱུཾ་ཡང་བསྒྲགས་བྱས་ཏེ། ། ཐམས་ཅད་ཤིན་ཏུ་བྱེད་པའི་མཆོག །དེ་ནས་གཞན་ཡང་མི་ཤེས་པ། །ཆོ་ག་བཞིན་དུ་མནོད་པར་བྱ། །སློབ་དཔོན་གུས་པར་ལེགས་བྱ་ཞིང་། །དམ་ཚིག་ཀྱང་ནི་ངེས་པར་བསྟན། །ཏིལ་ཟན་ལ་སོགས་མོན་སྲན་གྲེའུ། །བདག་ ཉིད་ཀྱིས་ནི་ལེགས་པར་བཟའ། །ལྷག་པར་བླ་མར་གུས་བྱས་དང་། །དེ་ལ་དགའ་བར་བྱས་ནས་ནི། །རྡོ་རྗེ་འཛིན་པ་ཆེན་པོ་དང་། །རིག་སྔགས་རྣམས་ལ་སྡུག་པར་འགྱུར། །དེ་ནས་རིག་སྔགས་ཚོགས་རྣམས་ལ། ། དེ་ཡིས་རིག་སྔགས་གང་འདོད་པ། །དེ་ནི་བསྒྲིམས་ཏེ་བཀླག་བྱ་ཞིང་། །དངོས་གྲུབ་འདོད་པས་རྟག་ཏུ་མཆོད། །དེ་ལྟར་སློབ་དཔོན་རྒྱ་ཆེན་ཚོགས་རྣམས་དང་། །ལྷ་དང་ལྷ་མིན་མཆོག་གཟུགས་དུ་མ་ཡིས། །མཐོང་ཞིང་ཐོས་ ལ་འབྲང་བར་འགྱུར་བ་དང་། །རྟག་ཏུ་ལེགས་མཆོད་རྗེས་སུ་བསྟན་པ་ཡིན། །རྡོ་རྗེའི་རིགས་དཔལ་དང་ལྡན་པ་ལས་མཉེས་པ་དཀའ་ཞིང་མེ་དང་ཉི་མ་ལས་ལྷག་པ་དེ་ཁོ་ན་ཉིད་ཀྱི་མི་དང་དམ་པའི་ཡོན་ཏན་དང་ལྡན་པ་མཆོག་ཏུ་ གྱུར་པ་གང་དང་གང་ཡིན་པ་དེ་དག་ནི་དཀྱིལ་འཁོར་དང་དམ་ཚིག་རབ་ཏུ་རྟོགས་པས་རྟག་ཏུ་མཐོང་ཞིང་ཐོས་པའམ། བསྒྲུབ་པའི་ཚུལ་དང་ལྡན་པར་བྱས་ན་དངོས་གྲུབ་འགྲུབ་པ་འམ། ཕན་པ་ཡང་ཐོབ་པར་འགྱུར་རོ། ། 100-1-295b རྡོ་རྗེ་ཆེན་པོ་ཐོགས་བཞིན་དུ་རྟག་ཏུ་བདུག་པ་དང་མེ་ཏོག་དང་། དྲི་དང་། ལྷ་བཤོས་རྒྱས་པར་དབུལ་ཞིང་སྦྱིན་སྲེག་བྱའོ། །དེ་ལྟར་གནས་བཞི་པ་ཚུལ་འཛིན་ཅིང་ཉི་མའི་གཟི་བརྗིད་དང་ལྡན་པའི་དཀྱིལ་འཁོར་དམ་པ་འདི་ནི་དཔལ་ སྐྱེད་ཅིང་མཆོག་ཏུ་མྱུར་བའི་ཆོ་ག་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཉིད་ཡིན་ནོ། །ལག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་གཉིས་ཀྱིས་དམ་ཚིག་བཤད་པ་ལས་གནས་ བཞི་པ་རྫོགས་སྷོ།། །། དེ་ནས་རྡོ་རྗེ་ལྕགས་ཀྱུ་མ། །རྡོ་རྗེ་ཡི་ནི་རིགས་ཀྱི་ཡུམ། །བསྒྲུབ་པ་ཡི་ནི་དོན་རྣམས་ཀུན། །སྒྲུབ་པ་བྱེད་པ་གང་ཡིན་བཤད། །ན་མོ་རཏྣ་ཏྲ་ཡཱ་ཡ་ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་ པ་ཏ་ཡེ། ན་མ་སྟེ་བཛྲ་དྷ་ར་བཛྲ་པཱ་ཎི་བཛྲཱ་ཡ། ན་མཿསུ་བཛྲཱ་ཡ་ན་མོ་བཛྲ་དུ་ཏ་ཡེ། ན་མོ་བཛྲ་ཤཱ་ན་ཡེ། ན་མོ་བཛྲ་ཧྲྀ་ད་ཡཱ་ཡ། ན་མོ་བཛྲཱཾ་ཀུ་ཤཱ་ཡ། ན་མོ་བཛྲཱ་ད་ཀུ་ཤཱ་ཡ། ན་མོ་བཛྲ་ཀོ་ཤཱ་ཡ། ན་མོ་བཛྲ་བི་ཛ་ཡཱ་ཡ། ན་མོ་བཛྲཱངྐུ་ཤ །ཀོ་ཥ་པཱ་ཤ་བི་ཛ་ཡཱ་ཡ། ན་མཿཔྲ་བརྟ་ཨཱ་བརྟ། བཛྲཱངྐུ་ཤི། མི་ལི་མི་ལི། ཧི་ལི་ཧི་ལི། ཧི་རི་ཧི་རི། ཀི་རི་ཀི་རི། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། གི་རི་གི་རི། ཁི་རི་ཁི་རི། བྷི་རི་བྷི་རི། ཀི་ལི་ཀི་ལི། བཛྲཱངྐུ་ལཾ་སཾ་སྨ་ར། གི་རི་གི་རི། ཏི་རི་ཏི་རི། བྷི་རི་བྷི་རི། ཨཱ་གཙྪ། ཨཱ་གཙྪ། ཨཱ་ན་ཡ་མེ་ཧི་རཏྣ་སུ་བརྞ་དྷ་ན། དྷ་ནྱཾ། ཨ་ཏ་པ་ཡ། མ་བ་རུ་ཎ་ཀུ་བེ་ར། ཨིནྡྲ་མཱ་ཀཌྜྷྱཱ་ཡ། ཡནྟྲ་དཱ་མ་ནི། གྲྀཧྞཱཾ་ཀུ་ཤེ་ན། ཏཏྟཾ། ཀི་ལི་ཀི་ལི། ཙུ་རུ་ཙུ་རུ། ཙཎྜ་ཙཎྜི། ཀི་རི་ཎི། བྲཧྨ་མ་བ་དེ་ཧིཾ་བིཥྞུ་ན་བ་དེ་ཧིཾ་ཀལྤི། ཀོ་ཥ་ཀལྤི། ནི་ལི་བི་ལ། ནི་ལིལྦི་ཀུ་མཱ་རཾ་ཨདྡྷ་རུ་ཏྲི་མ་དེ་ཧིཾ། ཙནྡྲཾ་པ་དེ་ཧིཾ། ཤུཀྐཾ་བ་དེ་ཧིཾ། སཱུརྱ་བ་དེ་ཧིཾ། ཡ་མཾ་བ་དེ་ཧིཾ། ཏཏྟཾ། བ་དེ་ཧིཾ། ཙི་རི་ཙི་རི། བཱི་རི་བཱི་རི། ཨ་ཀྲམྨྱཱ། ཨཱ་ན་ལ་ ཨ་ཀྲམྨྱེ། ཨི་ཧི་ཏུ་རཱ་ཧི། ཏུ་རུ་ཏུ་རུ། སརྦ་ཀཱ་ལཾ་སུ། དི་གྲ་བི་ར། ཀི་ལི་ཀི་ལི། མི་ལི་མི་ལི། ཏི་རི་ཏི་རི། མི་ལི་མི་ལི། ཙ་ཀ་ཙ་ཀ །ཀི་ནི་ཀི་ནི། བི་རི་བི་རི། ཤ་ཐ་ཀུ་ཤི་ས་ཧ་སྲ། མི་ལ་བི་ཤ་ཙངྐུ་ཤི། བཛྲཾ་བ་ཧེ་བཛྲཱ་ནི་པྲ་ཡེ། 100-1-296a མ་ཏི་མ་ཏི། ཏི་རི་ཏི་རི། ཀི་རི་ཀི་རི། ཨ་ཀྲམྨྱ། ཨ་ནྱ། ཀཪྨཾ་མ་ནྱ། བ་ར་ཀ་ན་མ་ནཱ་ཡ། ཡ་ཤེ་ཡ་ཤི་ན། ཀུ་རུ་ཀུ་རུ། ཀི་རི་ཀི་རི། གྷི་ནི་གྷི་ནི། ཁི་རི་ཁི་རི། བི་ཙ་ར་བི་ཙ་ར། ཀོ་ཤཾ་ཀོ་ཤི་ནི། ཀུ་བེ་རཾ་མ་ཀྲཥྚི་ཀ་ཀྲ་མ་ཀདྡྷ། ལ་ལ་ལ་ལ། ཧ་སི་ནི་པྲི་ཡེ། པྲི་ཡཾ་ཀ་རི། ཙཀྵུརྨ་ཏྲི། ཙཀྵུཿཔྲ་བི་ཤ །མ་ན་མ་ཀི་རི། ཤ་ཡསྣེ་ཙནྡྷ་ནི། བྷི་ལ་བྷི་ལི། པཱ་ཤ་དེ་བ་ར་དེ། ཙཀྵུརྡེ། ཧ་ར་ཧ་ར། བ་སུ་བ་སུ། མི་སི་མི་སི། ཧེ་ཧེ་ཧི་ཧི་ཧ་ཧ། ཀ་རི་ཀ་ལ་ཀ་ལ། བ་ལ་བ་ལ། ཙཀྵུཿ ཙཀྵུཿ། ཏ་མེ་ཀ་ཐ་ཡ་སརྦ་སརྦེ་ཤངྐུ་རུ་ཀུ་རུ། བ་ཀི་མེ་ཀ་ཏ་ཡ། མི་ལི་མི་ལི། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། པྲི་ཡཾ་པྲི་ཡེ་ན། ས་ར་ས་ར། ཀ་ར་ཀ་ར། ཙ་ར་ཙ་ར། བི་རི་བི་རི། བི་མི་ཡ་ཤཾ་ཡ་ཤེ་ན། ལ་བྷ་ལ་བྷ། ཀི་རི་ཀི་རི། མི་ཏི་མི་ཏི། ལོ་ཀེ། ར་མ་ར་མ། ར་ཏི་ཀ་རི་བྷི་ཏི་ཀ་རི། མ་མ་སུ། ཁ་ཀ་རི་ནི་བྷྲྀ་ཏི་ཀ་ར། ཀིངྐ་རི་ཀིངྐ་རི། ཀ་ར་མ་རི། བི་ཏི་བི་ཏི། མི་རི་མི་རི། མི་རི་མི་རི། ཙི་རི་ཙི་རི། ཧེ་རི་ཧེ་རི། བི་རི་བི་རི། གྷི་རི་གྷི་རི། བྷི་རི་བྷི་རི། ཧི་རི་ཧི་རི། བཛྲ་ཎི། བཛྲཱངྐུ་ཤི་པ་ར་མཱངྐུ་ཤི་ཧ་རེ་བཛྲེ་ཀྵི་པ་ཎི་ཀ་ལ་ཤི་བ་ནི། བཀྵ་པ་ཎི། ཙཀྵུ་རཾ་ཀ་ཤི་པ་ཎི། བྷ་ར་བྷ་ར། མ་མ་པི་རི་པི་རི། ཀུ་རུ་ཀུ་རུ། ཀི་རི་ཀི་རི། ཏུ་རུ་ཏུ་རུ། ཏ་ར་ཏ་ར། བཛྲཱདྐུ་ཤི་ཡེ་སྭཱ་ཧཱ། ཀོ་ཥཱངྐུ། ཤཱི་ཡེ་སྭཱ་ཧཱ། པ་ཤངྐུ་ཤཱི་ཡེ་སྭཱ་ ཧཱ། བི་ཛ་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། ཀྵེ་མངྐུ་ཤཱི་ཡེ་སྭཱ་ཧཱ། ཨཛྙཱ་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། སརྦཱ་ངྐུ་ཤ་ཨཱ་ཀཪྵ་ཎཱི་ཡེ་སྭཱ་ཧཱ། དེ་བཱངྐུ་ཤཱི་ཡེ་སྭཱ་ཧཱ། སྟྲཱི་པུ་རུ་ཥཱངྐུ་ཤཱི་ཡེ་སྭཱ་ཧཱ། ཧྲྀ་ད་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། དྷརྨཱངྐུ་ཤཱི་ཡེ་སྭཱ་ཧཱ། སརྦ་ལོ་ཀ་ཛ་ ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། སརྦ་སཏྭ་ནཱ་མ་ཀ་རི་ཤ་ཎ། བ་ཤི་ཀ་ར་ཎཱངྐུ་ཤཱི་ཡེ་སྭཱ་ཧཱ། །རྡོ་རྗེ་ལྕགས་ཀྱུ་དེ་ཉིད་ནི། །འདི་ལྟར་རྣམ་པ་གཞན་དུ་ཡང་། །རྡོ་རྗེ་རིགས་ཆེན་གཙོ་མོ་སྟེ། །འབར་བ་ཆེན་མོ་མཆོག་སྦྱིན་མཆོག །རིགས་ཀྱི་ ཡུམ་སྟེ་རིགས་ཀྱི་མཆོག །ལས་མཆོག་ཀུན་གྱི་བྱེད་པ་མོ། །བཅིང་དང་བཀྲོལ་བ་ཐམས་ཅད་ཀྱི། །ལས་ཀུན་ལ་ནི་ཐུབ་མེད་པ། །དམ་པ་ཅི་འདྲ་དེ་བཞིན་འདྲི། །བར་མ་ཅི་འདྲ་དེ་བཞིན་འགྱུར། །སྙིང་པོ་དང་ནི་མིང་འདི་ཡང་། ། 100-1-296b གཙོ་བོ་དང་ནི་མཆོག་ཏུ་བཤད། །ལག་ན་རྡོ་རྗེ་ཉིད་ཀྱང་ནི། །སྐད་ཅིག་གིས་ནི་འདི་བཀུག་ན། །ཕྱི་རོལ་རྒྱལ་པོ་ཕོ་ཉ་སོགས། །ཚོགས་རྣམས་ལྟ་ལ་ཅི་ཞིག་སྨོས། །ལྷ་ཡི་རིགས་ནི་མཐོང་བ་ཡི། །རིག་སྔགས་འཆང་བ་ དེ་ལ་ནི། །འགྲུབ་པར་མི་འགྱུར་གང་ཡང་མེད། །གང་ཞིག་རབ་ཏུ་བསྒྲིམས་ནས་ནི། །ཡུམ་འདི་རྟག་ཏུ་འཆང་བྱེད་པ། །དེ་ལ་མཆོག་ཀུན་འགྲུབ་པར་འགྱུར། །བཅིང་བ་དང་ནི་གྲོལ་བ་ལ། །རིག་སྔགས་གསང་སྔགས་ཀུན་ བདག་འགྱུར། །ནང་དང་ཕྱི་རོལ་བཅས་པ་ཡི། །འཁོར་དང་ལྡན་པར་བྱས་ན་ནི། །གཅིག་པུ་འཇིག་རྟེན་གསུམ་མཆོག་དང་། །རྣམ་པ་གསུམ་དུ་འགྱུར་བར་བཤད། །དེ་དག་ཐམས་ཅད་ཁྱད་པར་དུ། །སྟོབས་དང་ལྡན་པར་སྐྱེ་བོས་ བརྗོད། །མདོར་ན་ཡུམ་འདི་ཐམས་ཅད་ཀྱི། །མཆོག་གི་དམ་པར་བཤད་པ་ཡིན། །དེ་དག་བསྒྲུབས་པའི་དུས་དང་ནི། །ཐ་མལ་དུས་སུ་རྟག་ཏུ་ཡང་། །ཇི་སྐད་བཤད་པ་དེ་བཞིན་དུ། །རིག་སྔགས་འདི་ནི་སྦྱར་བར་བྱ། །ན་མཿཙུ་རུ་ ཀུནྡ། ཙུ་རུ་ཀུནྡ། ཙུ་རུ་ཀུནྡ། བཛྲ་པཱ་ཎི། ན་མོ་བྷུདྡྷ་སྱ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱི་ཕྱེ་མས་གཞག་པར་བྱ། ན་མཿཀུ་རུ་ཙུ་རུ་བཛྲ་པཱ་ཎི། ན་མོ་བུདྡྷ་སྱ་སྭཱ་ཧཱ། འདིས་ནི་མེ་ཏོག་དང་བདུག་ པ་དབུལ་བར་བྱའོ། །ན་མོ་དུམྨེ་དུམྨེ། ཨུ་དུ་མྨེ་དུསྶ་དུམྨེ། ཙུ་རུ་ཙུ་རུ་སྭཱ་ཧཱ། འདིས་བཤོས་དབུལ་ལོ། །ན་མོ་བཛྲཱི་བཛྲཱི། བཛྲི་ཎི་བཛྲི་ཎི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཨེ་ཏཾ་སརྦ་བིགྷྣཱཾ་བི་ནཱ་ཡ་ཀཾ། ས་མ་མཱ་ར་ཡ། ཧ་ན་ཧ་ན། ཨུཏྶཱ་ད་ཡ། ནཱ་ཤ་ཡ། བི་དྷྭཾ་ས་ཡ། སརྦ་དུཥྚ་ཙིཏྟ་ཤྩ་མ་མེ། ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། མེ་སྦྱར་ལ་སྔགས་འདིས་ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་ངམ། ཀ་རི་མ་ལ་ཀ་རིའི་ཡམ་སྲེག་ཤིང་དང་སྐེ་ཙེ་ དང་། ལན་ཚྭ་དང་ཚ་བ་གསུམ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ། སྦྱིན་སྲེག་བྱས་ན་བགེགས་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་སེལ་བར་བྱེད་དོ། །དེ་ནས་དེ་ཡི་བསྒྲུབ་པ་ནི། །རིག་སྔགས་འཆང་བ་ཀུན་གྱིས་མཆོད། །བསྒྲུབ་པའི་ 100-1-297a ཐབས་ནི་གང་གིས་སུ། །སྟོབས་ཆེན་འདི་ནི་གྲུབ་པ་བཤད། །ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །སངས་རྒྱས་འགྲུབ་བྱེད་མགོན་པོ་དང་། །འཇིག་རྟེན་དག་ན་ཡ་མཚན་གསང་། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ལྷ་ རྣམས་དང་ནི་དྲི་ཟ་དང་། །རིག་སྔགས་འཆང་དང་ལྟོ་འཕྱེ་ཆེ། །ཤིན་ཏུ་ཡ་མཚན་གསང་བ་འདི། །དོན་ཀུན་འགྲུབ་བྱེད་མཉན་པར་གྱིས། །གང་ཞིག་གསང་བའི་རྒྱལ་པོའི་མཆོག །འདི་ནི་སོ་སོར་འཆང་བྱེད་པ། །དེ་ལ་འཇིག་རྟེན་ ཐམས་ཅད་ན། །བཀའ་ལས་འགལ་བར་བྱེད་པ་མེད། །ཅི་སྟེ་སྒྲུབ་པའི་དེ་ཉིད་ཤེས། །ཡང་ན་དངོས་གྲུབ་འདོད་པ་ཡིས། །ཆོ་ག་བཞིན་དུ་ཀུན་བྱས་ན། །སྒྲུབ་པ་པོས་ནི་ཐམས་ཅད་འཐོབ། །ལྷ་འམ་ལྷ་མ་ཡིན་རྣམས་དང་། །གནོད་ སྦྱིན་ཡང་ན་རིག་སྔགས་འཆང་། །གཞན་ཡང་གང་དག་སུ་ཡང་རུང་། །འགལ་བར་བྱེད་པ་གང་ཡང་མེད། །སངས་རྒྱས་ཤཱ་ར་དྭ་ཏིའི་བུ། །རྡོ་རྗེ་འཛིན་པ་ཆེན་པོ་དང་། །རིག་སྔགས་བདག་གི་བླ་མ་ལ། །ཅི་སྟེ་མཆོག་ཏུ་དང་ བྱེད་ན། །དེ་ནི་ཀུན་ལས་ལྷག་མ་དང་། །སེམས་ཅན་ཀུན་གྱིས་མཆོད་པ་དང་། །རྟག་ཏུ་དངོས་གྲུབ་ཀུན་བྱེད་དང་། །གཞན་གྱི་དངོས་གྲུབ་འཇིག་པར་ནུས། །དུས་ཀུན་དུ་ནི་གཙང་བ་དང་། །གསང་བ་ཐམས་ཅད་འཆང་བྱེད་ལ། ། རིག་སྔགས་འཆང་གི་གོ་འཕང་མཆོག །ཤིན་ཏུ་སེམས་པར་བྱེད་པ་ཡི། །ཆོ་གར་ལྡན་ཞིང་རྒྱས་པར་བཅས། །དེ་ནི་མ་ལུས་བཤད་པར་བྱ། །དེ་ནས་ལྷ་དང་ལྷ་མ་ཡིན། །མི་དང་རིག་སྔགས་འཆང་རྣམས་དང་། །འབྱུང་པོའི་ ཚོགས་དང་ཀླུ་རྣམས་དང་། །གནོད་སྦྱིན་རྣམས་དང་སྲིན་པོར་བཅས། །གསང་བའི་མཆོག་ནི་མཉན་པའི་ཕྱིར། །ཐམས་ཅད་ཐལ་མོ་སྦྱར་ནས་འཁོད། །དེ་ནས་ཚིག་དོན་རྟོགས་པ་ཡི། །རྡོ་རྗེ་འཛིན་པས་དེ་དག་ལ། །གསལ་བར་ བྱ་ཕྱིར་ཚིག་འདི་སྨྲས། །ང་ནི་དཀྱིལ་འཁོར་དམ་པ་དང་། །བླ་མའི་རིགས་ནི་སྔོན་མཐོང་ལ། །རྡོ་རྗེ་དང་ནི་རྡོ་རྗེ་འཛིན། །རིག་སྔགས་སྒྲུབ་པ་རྟོགས་བྱས་ནས། །ཟླ་བ་ཕྱེད་གསུམ་བར་དུ་ནི། །ཟླ་གཅིག་པས་ནི་བསྒྲུབ་པར་བྱ། ། 100-1-297b སངས་རྒྱས་གཟུགས་ནི་རྫོགས་པ་འམ། །སྐུ་གདུང་ལྡན་པའི་མཆོད་རྟེན་དེར། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རིག་སྔགས་རིགས་ཀྱི་ཚོགས་བསྐོར་བ། །ཆོ་ག་བཞིན་དུ་བྱས་ནས་ནི། །ཡིད་དང་འཐད་པས་མཆོད་པར་བྱ། །མཚམས་ བཅད་དང་ནི་ཕྱོགས་བཅིང་དང་། །ཆུས་ནི་ཀུན་ནས་བཅད་པ་དང་། །ཐམས་ཅད་དུ་ནི་བསྲུང་བ་རྣམས། །ཆོ་ག་བཞིན་དུ་ལེགས་པར་དགོད། །སྣ་གསུམ་རྡོ་རྗེ་བཀྲ་ཤིས་དང་། །ལྕགས་ཀྱུ་ཁ་གདེངས་ཡུངས་ཀར་གྱིས། །ཚུལ་བཞིན་ དང་པོར་མདུན་དག་ཏུ། །རྡོ་རྗེ་ལྕགས་ཀྱུའི་གཟུགས་སུ་བྲི། །ཁ་ཟས་ཀྱང་ནི་དཀར་གསུམ་གྱིས། །ཆོ་ག་བཞིན་བྱས་བཟའ་བར་བྱ། །དུས་གསུམ་ཡང་ན་ནུབ་བདུན་དུ། །བཟླས་བརྗོད་མཆོག་གི་བརྒྱད་བརྒྱ་བྱ། །དེ་ནས་ དེར་ནི་རྡོ་རྗེ་དང་། །ལྕགས་ཀྱུ་འབར་བ་མཐོང་བར་འགྱུར། །དེར་ནི་གཟུགས་ལས་གྲུབ་པ་པོ། །ལྷ་ཡི་རིག་སྔགས་འཆང་བཞིན་འགྱུར། །འཇིག་རྟེན་གསུམ་ཡང་སྣང་བར་བྱེད། །ས་སྟེང་དག་ཀྱང་འབར་བ་དང་། །འཇིག་རྟེན་ གསུམ་ཡང་གཡོ་བར་ནི། །བདག་ཉིད་ཀྱི་ནི་དེར་མཐོང་འགྱུར། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་དགེ། །དེ་ནས་དེ་ལ་འགྲུབ་པར་འགྱུར། །རི་དགས་ཀྱིས་བསྐོར་གཞོན་ནུ་མའི། །ཐད་དེ་དགའ་བ་བཙེན་པར་འགྱུར། །དེ་ནས་ལྷ་དང་འབྱུང་ པོ་དག །རྒྱ་མཚོ་ནམ་མཁའ་ས་གནས་པ། །དང་བ་མེད་ཅིང་མ་གྲུབ་རྣམས། །དེ་ལྟར་དགའ་བར་གྱུར་ནས་ནི། །དོན་རྣམས་ཀུན་ཡང་བྱེད་པར་འགྱུར། །དེ་བཞིན་དུ་ནི་ཇི་ལྟར་ཡང་། །ཀུན་ཏུ་དངོས་གྲུབ་ཡ་མཚན་ཅན། །མཁའ་ ལ་དེ་བཞིན་བྱེད་པར་འགྱུར། །དེ་ནས་ཅི་དགའ་རྒྱུ་བ་དང་། །དེ་ཡི་དགའ་མགུར་དེ་བཞིན་བྱེད། །རྩེ་དགའ་མཆོག་ཏུ་ཤེས་པར་བྱ། །དེ་ནི་ཡུན་དུ་འཚོ་བར་འགྱུར། །དེ་ནི་དགའ་བཞིན་མཁའ་ལ་འགྲོ། །ལྷ་ཡི་རིག་སྔགས་འཆང་ གིས་བསྐོར། །དེ་ནི་གཅིག་པུ་ཅི་དགའ་བར། །རྡོ་རྗེ་འཛིན་པ་ཡིན་བཞིན་དུ། །ལྷག་པར་དགའ་བའི་གནས་རྣམས་སུ། །རིག་སྔགས་འཆང་བས་བསྐོར་བར་འགྱུར། །དེ་ནི་ན་ད་ཀུ་བར་བཞིན། །དགའ་བར་གང་ཡང་རྩེ་བར་འགྱུར། ། 100-1-298a དུས་མེན་པར་ནི་ཤིང་རྣམས་དང་། །མེ་ཏོག་ཚལ་དང་འབྲས་བུའི་ཚལ། །ཁང་བཟངས་ཡིད་དུ་འོང་བ་རྣམས། །ཐམས་ཅད་ཀྱང་ནི་སྤྲུལ་བར་བྱེད། །འོན་ཀྱང་འདི་ནི་མདོ་ཙམ་སྟེ། །འདིར་ནི་དེ་ལས་བཤད་མི་བྱ། །རྡོ་རྗེ་ལྕགས་ཀྱུ་ གྲུབ་ན་ནི། །ཚིག་ཏུ་བརྗོད་པ་ཐམས་ཅད་གྲུབ། །ལས་ཀྱི་དམ་པ་འདི་ཉིད་ཀྱིས། །ཐམས་ཅད་ཀྱང་ནི་འགྲུབ་པར་བཤད། །དམ་ཚིག་ཚུལ་བཞིན་མཐོང་ནས་ནི། །དམ་ཚིག་དག་ལ་མཁས་པ་ཡིས། །སངས་རྒྱས་རིགས་སྔགས་ རྡོ་རྗེ་འཛིན། །བླ་མ་ཚུལ་བཞིན་མཆོད་པར་བྱ། །བསྒྲིམས་ཏེ་མཆོད་པ་བྱས་ན་ནི། །ལྷ་བཤོས་དག་ཀྱང་ཚུལ་བཞིན་དབུལ། །དེ་ནས་འདོད་པ་ཀུན་སྦྱིན་པ། །རྡོ་རྗེ་ལྕགས་ཀྱུ་རིག་སྔགས་གདོན། །ལྷ་བཤོས་དེ་ཡི་ཆོ་ག་དང་། །མེ་ཏོག་ བདུག་པས་མཆོད་བྱས་ནས། །སྒྲུབ་པ་པོས་ནི་ཅི་ནུས་གྱིས། །དུས་གསུམ་བཟླས་བརྗོད་བྱས་ན་ནི། །ཉི་ཤུ་རྩ་གཅིག་བཟླས་པས་ཀྱང་། །གདོན་གྱི་ལས་རྣམས་འགྲུབ་པར་འགྱུར། །དེས་ན་གདོན་ནི་སྟོང་ཕྲག་རྣམས། །དགའ་ མགུར་ཡང་ནི་གཞིག་པར་ནུས། །ཡང་ན་གཡུལ་ངོར་མི་བཟད་འཇིག །གདོན་དག་གི་ནི་དཀྱིལ་འཁོར་དུ། །མྱུར་དུ་གདོན་ནི་འབེབས་པ་དང་། །དེ་བཞིན་གཞིག་དང་བསད་པ་དང་། །བཅིང་དང་བརྡེག་དང་གཟིར་བ་དང་། །ཀུ་ཅོ་འདོན་དུ་ འཇུག་ཡང་རུང་། །གྲོང་ཁྱེར་དང་ནི་གནས་རྣམས་དང་། །སྨས་པའི་རྨ་ནི་སྤོ་བ་དང་། །རིག་སྔགས་དམ་པ་བཤད་པ་འདིས། །ཐམས་ཅད་ཀྱང་ནི་བྱེད་པར་འགྱུར། །བབས་པ་དེ་དག་ཐམས་ཅད་ཀྱང་། །པི་ཝང་དག་ཀྱང་ལན་ དུ་གཞུག །དེ་བཞིན་གར་གྱི་ཆོ་ག་རྣམས། །ཡིད་འོང་ཡ་མཚན་བྱེད་དུ་གཞུག །དགུག་དང་རྨི་ལམ་ཆོ་ག་དང་། །དེ་བཞིན་ལྕགས་སྒྲོག་གཞོམ་པ་དང་། །རྒྱལ་པོའི་ཕོ་བྲང་དག་ན་ནི། །རྩོད་པ་དག་ལས་ལྷག་པར་རྒྱལ། །གཟུགས་ དང་སྟོབས་ཆེན་ལྡན་པ་ཡི། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །གང་གི་སྙིང་ལ་ཚུལ་བཞིན་རྟག །དེ་ཡི་དོན་ཀུན་འགྲུབ་པར་འགྱུར། །སྐྱེས་པ་འམ་ཡང་ན་བུད་མེད་དམ། །ཀླུ་འམ་ལྷ་ཡང་དགའ་བ་ཡོད། །དེར་ནི་ཀུན་ཏུ་ 100-1-298b ཐམས་ཅད་ལ། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རྒྱལ་པོ་དང་ནི་བློན་པོ་དང་། །བློན་པོ་ཆེན་པོ་མདུན་ན་འདོན། །ཞག་བདུན་ཡང་ན་ལྔ་ཡི་བར། །བརྒྱ་རྩ་བརྒྱད་བཟླས་དབང་དུ་འགྱུར། །གང་ཞིག་འཆི་བར་བྱ་འདོད་ན། ། དེ་ཡི་གཟུགས་དེ་དེར་བྲིས་ལ། །ལག་པས་མནན་ལ་བཟླས་བརྗོད་བྱ། །གདོན་དང་ཀླུ་ཡི་གདོན་ཡང་རུང་། །འབྱུང་པོ་འབྱུང་པོའི་གདོན་དང་ནི། །ཁར་ནི་རྡོ་རྗེས་གཟིར་བྱས་ན། །ཞག་བདུན་གྱིས་ནི་བརླག་པར་འགྱུར། །བྲན་ མོ་དང་ནི་མི་རྣམས་ཀྱང་། །ཞག་གསུམ་གྱིས་ནི་བརླག་པར་འགྱུར། །དབང་དུ་བྱ་བར་འདོད་ན་ནི། །དེར་ཡང་ཉི་ཤུ་རྩ་གཅིག་བཟླས། །བརྒྱད་བརྒྱར་བཟླས་བརྗོད་བྱས་ན་ནི། །བུ་དང་བུ་མོ་ཆུང་མ་དང་། །ཁྱིམ་ཐབས་དང་ནི་ནོར་ འཇོག་དང་། །ཁྱིམ་དང་བཞོན་པ་གླང་ཆེན་རྟ། །མ་ཧེ་དང་ནི་གྲོང་ཡང་རུང་། །ཞག་བདུན་གྱིས་ནི་མྱུར་བར་འཐོབ། །གཞན་གྱིས་རིག་སྔགས་རིགས་ཀུན་དང་། །གདོན་རྣམས་ཀྱང་ནི་བརླག་པར་འགྱུར། །ཁྱེའུ་དག་ནི་བུ་ མོ་རྣམས། །ནད་ཀྱིས་ཀྱང་ནི་མ་རུང་འགྱུར། །རོ་བསྲེགས་སོལ་བའི་རི་མོ་ཡིས། །དགྲ་ཡི་གཟུགས་ནི་དེར་བྲིས་ལ། །དེ་ཡི་སྟེང་དུ་འདུག་ནས་ནི། །གང་དུ་གཞོམ་པར་འདོད་པ་དེར། །གཟིར་བར་བྱས་ཏེ་ཞག་བདུན་དུ། ། བཟླས་བརྗོད་དང་ནི་སྦྱིན་སྲེག་བྱ། །དེ་ལྟར་བྱས་ན་གཟིར་བར་འགྱུར། །ཅི་སྟེ་བུ་མོ་ཐོབ་འདོད་ན། །དེས་ནི་ཞག་བདུན་བྱ་བར་བསྟན། །ཞག་བདུན་འབུམ་དུ་བཟླས་ན་ནི། །བུ་མོའི་མཆོག་ཀྱང་ཐོབ་པར་འགྱུར། །རིག་སྔགས་ འཆང་བ་བདག་ཉིད་ཀྱིས། །ཁྲོས་ནས་བཟླས་བརྗོད་བྱས་ན་ནི། །གྲོང་ཁྱེར་དག་ནི་འབར་བ་དང་། །གསེར་དང་དེ་བཞིན་འཇིག་པ་དང་། །གདོན་དག་གིས་ནི་འདེབས་པར་འགྱུར། །གང་ལས་རྒྱལ་འདོད་དམག་གི་ནང་། ། འདུག་ནས་ཀྱང་ནི་བཟླས་བརྗོད་བྱ། །གྲོང་ཁྱེར་དབུས་འདུག་བཟླས་ན་ནི། །ནད་ཀྱིས་གྲོང་ཁྱེར་དཀྲུགས་པར་འགྱུར། །གྲོང་གི་དབུས་འདུག་བཟླས་ན་ནི། །གྲོང་མི་ནད་ཀྱིས་དཀྲུགས་པར་འགྱུར། །དགོན་པར་འདུག་ནས་ 100-1-299a བཟླས་ན་ནི། །གདུག་པ་ཀུན་ལས་ཐར་བར་འགྱུར། །དེ་ནས་ཡིད་ནི་ཞི་བ་ཡིས་ཞི་བའི་རིག་སྔགས་བརྗོད་པར་བྱ། །ཞི་ཕྱིར་རིག་སྔགས་བརྗོད་ན་ནི། །ཐམས་ཅད་དུ་ནི་ཞི་བར་འགྱུར། །བསད་ཕྱིར་རིག་སྔགས་བཟླས་ ན་ནི། །ཕན་ཚུན་དུ་ཡང་གསོད་པར་འགྱུར། །འཐབ་དུ་གཟུད་ཕྱིར་རིག་སྔགས་བཟླས། །འཐབ་མོ་མངོན་དུ་འབྱུང་བར་འགྱུར། །ཤིང་སྐམ་ཕྱིར་ནི་ཆུ་ལ་བཟླས། །ཟླ་བ་གཅིག་གིས་ལོ་མ་འབྱུང་། །ཀུན་དགའ་ར་བ་ཡིད་འོང་ཡང་། ། ཟླ་བ་གཅིག་གིས་གཤིག་པར་འགྱུར། །ཅི་སྟེ་ཉི་མ་རངས་པར་བཟླས། །ཆུ་དང་ཟས་དང་བག་ཆོས་དང་། །འབྲས་བུ་རྣམ་པ་སྣ་ཚོགས་ཀྱང་། །དེ་མ་ཐག་ཏུ་བསྒྱུར་བར་བྱེད། །གཞན་གྱིས་བཞོན་དང་དེ་བཞིན་དུ། །ཤིང་རྟའི་བཞོན་ པ་འཛོམས་པར་བྱེད། །ཅི་སྟེ་ཆུ་ཀླུང་ཆེན་པོ་ཡི། །འགྲམ་དུ་སོང་ནས་བཟླས་བརྗོད་བྱས། །ལས་རྣམས་གང་དང་གང་འདོད་དང་། །གང་གང་ཆོ་ག་ཇི་བཞིན་གང་། །དེ་བཞིན་ཆོ་ག་གཏོར་མ་དང་། །བཟླས་བརྗོད་སྦྱིན་སྲེག་གཙང་ བྱས་ན། །དེས་ན་དོན་རྣམས་ཐམས་ཅད་ཀྱང་། །བྱེད་འགྱུར་དེ་ལ་ཐེ་ཚོམ་མེད། །རྟག་ཏུ་བདེན་སྨྲ་བསླབ་ལ་དགའ། །དངོས་གྲུབ་མཆོག་ཆེན་ཐམས་ཅད་ལྡན། །འབྱུང་པོ་བསྒྲུབ་པར་འདོད་ན་ནི། །ཞག་གསུམ་སྨྱུང་བྱས་མར་ གྱི་ངོ་། །བཅུ་བཞི་ལ་ནི་གཏོར་མ་སྦྱིན། །ཟླ་བ་དྲུག་གམ་ཟླ་བ་ཕྱེད། །ཤིང་དྲུང་ཡང་ན་དགོན་པར་གནས། །གཅིག་པུ་བསྲུང་བ་མཆོག་བྱས་ལ། །སློངས་མོ་ཡི་ནི་ཟས་ཀྱང་བཟའ། །ཟླ་དྲུག་ཡང་ན་ཟླ་བ་གཅིག །ལྷ་འམ་ གདོན་ཀྱང་གནས་ཀྱང་རུང་། །ཟླ་གཅིག་ཕྱུགས་ཀྱི་ལྷས་སུ་གནས། །ཞོ་དང་འོ་མ་མར་ཡང་བཟའ། །སྐུ་གདུང་ལྡན་པའི་མཆོད་རྟེན་དྲུང་། །ཟླ་གཅིག་སྣ་ཚོགས་ཟས་ཀྱིས་མཆོད། །ཟླ་བ་གཉིས་ནི་དུར་ཁྲོད་དུ། །གཏོར་ མ་བདུག་པ་གཙང་སོགས་མཆོད། །ཐང་ངམ་མཆོད་རྟེན་དྲུང་དུ་བཟླས། །དེ་ནས་འབྱུང་པོ་བརླག་པར་འགྱུར། །དེར་ནི་འབྱུང་པོ་དམ་པ་གང་། །ཡང་ན་ཐོག་མར་གང་འོངས་དང་། །གང་ཚེ་དེ་ལ་ཉེ་བར་འགྱུར། །གང་ན་གང་ཞིག་ 100-1-299b སེམས་ཀྱིས་འདོད། །དེ་ཚེ་ཤིན་དུ་བསྙེན་ནས་ནི། །རྡོ་རྗེ་ལྕགས་ཀྱུ་རྟག་ཏུ་བཟླས། །དེ་ཡི་མིང་ནི་དྲིས་ནས་ཀྱང་། །དེ་ཉིད་མིང་ནི་བཟུང་བར་བྱ། །གཅིག་པུས་དཀྱིལ་འཁོར་བྱས་ན་ནི། །རིགས་སྔགས་རྡོ་རྗེ་ལྕགས་ཀྱུའི་ཚོགས། ། དྲི་ལ་སོགས་པས་ལེགས་མཆོད་ནས། །དེས་ནི་འབྱུང་པོ་དེ་དག་དགུག །དེ་ཡིས་མིང་བརྗོད་འབྱུང་པོ་རྣམས། །དགའ་ནས་དེར་ནི་འོང་བར་འགྱུར། །དེ་ནས་དེས་ནི་ལེགས་པས་མཆོད། །གཞན་ཡང་འོངས་ནས་མཆོད་པར་བྱ། ། མིང་ནི་ལེགས་པར་བརྗོད་བྱ་ཞིང་། །སྐྲག་བྱེད་མིང་ལ་བརྟེན་ནས་ནི། །འབྱུང་པོ་བསྒྲུབ་ཏུ་གྲུབ་འགྱུར་ན། །མི་ནི་འགྲུབ་པར་འགྱུར་བ་ཡིན། །དེ་ནས་དེ་ལ་འབྱུང་པོ་རྣམས། །ཀུན་ནས་ཉེ་བར་འཁོར་བར་འགྱུར། །རྒྱལ་པོའི་ཞམ་ རིང་འཐུན་བྱེད་བཞིན། །ལས་ཀུན་ཡང་ནི་བྱེད་པར་འགྱུར། །དེ་ནི་རྒྱལ་པོའི་དམག་རྣམས་ལ། །རྒྱལ་པོ་ཆེན་པོས་བྱས་པ་བཞིན། །སྟོབས་ཆེན་འབྱུང་པོའི་སྡེ་དག་ལ། །བཀའ་ནི་ཀུན་ཏུ་སྩོལ་བར་བྱེད། །ས་སྟེངས་ཀུན་དུ་ རྩེ་བྱེད་ཅིང་། །འབྱུང་པོའི་བདག་པོ་ཀུན་གྱིས་མཆོད། །འབྱུང་པོ་དག་གིས་ཕུལ་བ་ཡི། །ཁ་ཟས་ལ་སོགས་ཐམས་ཅད་ཟ། །གྲོང་ནི་གང་ལ་རྒྱལ་འདོད་ཅིང་། །ཡང་ན་ཕན་པར་འདོད་ཀྱང་རུང་། །བསྒྲུབ་ཕྱིར་ཡང་ནི་གཞིག་པའི་ ཕྱིར། །དེར་ནི་འབྱུང་པོ་རྣམས་ཀྱང་གཏོང་། །དེས་ནི་མིང་གང་མ་བཀུག་པའི། །འབྱུང་པོའམ་འབྱུང་པོའི་ཚོགས་ཀྱང་རུང་། །དེ་ཡི་ལས་མཆོག་འདོད་ན་ནི། །དེ་ཡི་མིང་ཡང་སྨོས་པར་བྱ། །མིང་ནི་སྨོས་པ་དེ་ཡིས་ན། ། སྙེམས་པ་མེད་པའི་འབྱུང་པོ་ཡང་། །བཀུག་པ་མེད་པར་མྱུར་དུ་ནི། །བཀའ་བཞིན་བྱེད་པར་འགྱུར་བ་བསྟན། །དེ་ནི་མི་ཡི་འཁོར་དག་ཏུ། །སྒྱུ་འཕྲུལ་དུ་མ་བྱེད་པར་འགྱུར། །ལྷག་པར་འབྱུང་པོའི་འཁོར་དག་ཏུ། ། སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར། །སྲོག་ཆགས་མི་ལ་སོགས་རྣཾས་ཀྱི། །སྲོག་ལ་དབང་བར་དེས་འགྱུརོ། །འབྱོར་པར་བྱ་བའི་ཕྱིར་ཡང་རུང་། །ཡང་ན་ལུས་ནི་གཞིག་ཕྱིར་དེས། །མིང་གིས་བཀུག་པའི་འབྱུང་པོ་ལ། །དགའ་བཞིན་བག་བརྐྱང་སྨྲ་བར་བྱ། ། 100-1-300a མིང་ལ་སོགས་པ་འདི་དག་གིས། །སྣ་ནི་ཤིན་དུ་ཆེ་བ་དང་། །ཤིན་དུ་རིང་བར་བྱོས་ཤིག་ཅེས། །བསྒོ་ན་དེ་བཞིན་བྱེད་པར་འགྱུར། །དེ་བཞིན་རྐང་ལག་བཞིན་མདོག་བསྒྱུར། །རིད་པ་དང་ནི་བརྐམ་པ་དང་། །མ་རུང་བར་ནི་ བྱོས་ཤིག་ཅེས། །བསྒོ་ན་དེ་ཚེ་དེ་བཞིན་བྱེད། །དེ་བཞིན་རྣམ་པ་མང་པོ་དང་། །ཤིན་དུ་འཇིགས་པ་སྣ་ཚོགས་སྟོན། །དེ་བཞིན་ཞི་བྱེད་སྣ་ཚོགས་ཀྱིས། །འབྱུང་པོ་སྒྲུབ་པ་རྩེ་བར་འགྱུར། །མི་འདོད་ན་ཡང་མི་རྣམས་དང་། ། འབྱུང་པོ་མང་པོས་མཐོང་མི་འགྱུར། །རིག་སྔགས་འཆང་ཆེན་བཞིན་དུ་འགྱུར། །གང་ཞིག་རིག་སྔགས་རྟག་ཏུ་ཟློས། །ལྷ་ལ་ཡང་ནི་ཕྱག་འཚལ་ཞིང་། །རྟག་ཏུ་འབྱུང་པོ་རྣམས་ལ་ཡང་། །ཁ་ཟས་ཅི་འདོད་སྦྱིན་བྱེད་པོར། །དེ་ནི་ ལྷག་པར་བདེ་འགྱུར་ཞིང་། །ཚེ་ཡང་ལྷག་པར་བསྐལ་པར་ཐུབ། །འབྱུང་པོ་མང་པོའི་རྒྱལ་པོ་མཆོག ། །གཙོ་བོར་ཡང་ནི་འགྱུར་བ་དང་། །ལྷ་ཡི་རྒྱལ་པོ་འདྲ་བ་ཡང་། །རྐྱེན་དུ་བབ་པར་བཤད་པ་ཡིན། །རྡོ་རྗེ་ལྕགས་ཀྱུ་མའི་བསྒྲུབ་ པ་རྫོགས་སྷོ།། །། རྡོ་རྗེ་ལྕགས་ཀྱུའི་རིགས་ལ་ནི། །རིག་སྔགས་དོན་ཀུན་གྲུབ་བྱེད་པ། །ལྷ་མོ་མཆོག་འགྲོར་གྲགས་པ་འདི། །སེམས་ཅན་རྣམས་ཀྱིས་བསྟེན་པར་བཤད། །ཟླ་བ་དྲུག་གིས་འགྲུབ་འགྱུར་ཏེ། །ཚིག་ གིས་དོན་ཀུན་བྱེད་པར་བསྟན། །རྩི་སྨན་ཐམས་ཅད་བླངས་ནས་ནི། །སྲང་གཅིག་ངེས་པར་གཞག་པར་བྱ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། བ་ཏི་བ་ར་ཏི། ཀུ་ཤ་སམྤནྣ་མ་ན་སེ་ཨ་ཏ་ར་ཏེ། བ་ཏེ་ཡེ་སཾ་ཙེ་བྷཱུ་ཏེ། ཨཏྟེ་ ཐེ། རཱུ་པི་ཏ་ཨ་སྨྲ་མི་སྭཱ་ཧཱ། སྐུ་གདུང་ལྡན་པའི་མཆོད་རྟེན་དྲུང་། །དུས་གསུམ་བཟླས་བརྗོད་བརྒྱད་བརྒྱ་བྱ། །གཙང་ཞིང་ཚངས་པར་སྤྱོད་པ་ཡིས། །ལྷ་བཤོས་མེ་ཏོག་བདུག་པ་དང་། །དེ་བཞིན་མཚན་མོ་མར་མེ་དང་། །མཆོད་ པ་ཅི་ནུས་ཅི་དགའ་བྱ། །མཚམས་བཅད་ཕྱོགས་བཅིང་བསྲུང་བ་རྣམས། །རྟག་ཏུ་རྡོ་རྗེ་ལྕགས་ཀྱུས་བྱ། །དེ་ལྟར་རྟག་ཏུ་བརྩོན་པ་ལ། །དེ་ནི་ཟླ་བ་དྲུག་གིས་འགྲུབ། །དེ་ནས་འདོད་ཆགས་ལ་སོགས་དང་། །སྨན་ཆེན་མཉམ་ 100-1-300b པར་འཇོག་པར་འགྱུར། །ནད་དང་སྨན་ཀུན་སྟོན་པ་དང་། །གཏམ་རྒྱུད་ཐམས་ཅད་སྨྲ་བར་འགྱུར། །སྒྲུབ་པ་པོ་ལ་ལེགས་ཉེས་རྣམས། །ཚིག་གིས་སྟོན་ཅིང་སྨྲ་བར་བྱེད། །གསང་སྔགས་དེ་ཡི་ཆོ་ག་ནི་འདི་ཡིན་ཏེ། །རས་མ་ཉམས་པ་ལ་ ཚོན་རྩི་སྤྱིན་མེད་པས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་སྐུ་གཟུགས་བྲིས་ཏེ། ལྷ་མོ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་པར་བྱས་ནས། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་དུས་ གསུམ་དུ་སྣ་མའི་མེ་ཏོག་བརྒྱད་བརྒྱད་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་ལག་ན་རྡོ་རྗེ་ལ་བསྣུན་པར་བྱའོ། །བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པ་ཡང་རྟག་ཏུ་བྱས་ཏེ། མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ནས། ཟླ་བ་ཉའི་ ནུབ་མོ་བརྒྱད་སྟོང་གིས་བསྣུན་ལ་ཅི་འབྱོར་པས་མཆོད་ན་འགྲུབ་པར་འགྱུར་ཏེ། དོན་ཐམས་ཅད་སྟོན་པར་བྱེད་དོ། །གཞན་ཡང་ཚེས་བཅུ་གཉིས་ནས་བརྩམས་ཏེ། །ཉའི་བར་དུ་གཙང་ཞིང་ངེས་པ་དང་ལྡན་པར་བྱས་ཏེ། རས་ལ་བཅོས་ ལྡན་འདས་དང་། ལག་ན་རྡོ་རྗེ་དང་། ལྷ་མོ་དང་། སྒྲུབ་པ་པོ་རྣམས་དགེ་བསྙེན་ལ་འདྲིར་བཅུག་སྟེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པ་བྱས་ནས། སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་ བརྒྱད་བརྒྱ་སྔགས་ཀྱིས་བཏབ་ནས་ཕུང་པོ་ལྔར་བཅད་དེ། །དེ་རྣམས་ལས་ཆ་གཅིག་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །ལྷག་མ་རྣམས་ནི་ཕྱོགས་བཞིར་གཏོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕུལ་བ་དེ་དག་ལས་ཁ་ གཅིག་བླངས་ཏེ་རས་དཀར་པོའི་ནང་དུ་ཕུར་ནས་སྔས་སུ་བཅུག་སྟེ་ཉལ་བར་བྱའོ། །འོ་མ་དང་ཕྱེའི་འདག་གུ་དང་ཟས་དཀར་པོ་ཟ་ཞིང་མེ་ཏོག་དཀར་པོ་དང་། དྲི་དཀར་པོ་ཕུལ་ན་ཟླ་བ་ཉ་ལ་འགྲུབ་པར་འགྱུར་རོ། །དེ་ནས་གང་གི་ཉིན་པར་ ཡང་རུང་སྟེ། ཆོ་ག་དེ་བཞིན་དུ་སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། མཆོད་པ་བྱས་ལ། ལྷག་མ་ཡང་དེ་བཞིན་དུ་གཏོར་ནས་ཉལ་ན་རྨྱི་ལམ་དུ་ཐམས་ཅད་སྟོན་པར་བྱེད་དོ། །ཆོ་ག་གསུམ་པ་ནི་མེ་ 100-1-301a ལོང་ལ་བསྒྲུབ་པར་བྱའོ། །མཆོག་འགྲོ་མའི་རིག་སྔགས་ཀྱི་ཆོ་ག་རྫོགས་སྷོ།། །། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཨེ་ཧྱེ་ཧི་བཛྲ་པཱ་ཎི། ཨི་དཾ་བཱ་ཧ་ན། མ་ནུ་སྨ་ར་ཤཱི་གྷྲཾ་མ་ ན་ཙ་བ་ལ་ལི་ཏ་ག་ཏི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་བཛྲ་པཱ་ཎི། ཧི་ཧི་ཧེ་ཧི་ཧེ་ཧི་ཧི་ཧི། ཧེ་ཀུ་རུ་ཧེ་ཀུ་རུ། ཀུ་ཀུ་ཀུ་ཀུ། ཀུ་བཛྲ་པཱ་ཎི། ས་ར་ས་ར། བཻ་རི་བཻ་རི། ཧེ་ཧི་ཧེ་ཧི་ཧེ་ཧི། ཀུ་ཀུ་བྷ་ཀུ་ཀུ་བྷ། བཛྲ་པཱ་ཎི་སྭཱ་ཧཱ། འདི་ནི་སྙིང་པོ་སྤྱན་དྲང་པཱོའོ། ། དེ་ལ་འདི་ནི་ལག་ན་རྡོ་རྗེའི་སྙིང་པོ་ཡིན་ནོ། །སརྦ་ཏྲ་ཨ་པ་ར་ཛི་ཏཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཾ། སརྦ་ཏྲ་ཨརྠ་སཱ་དྷ་ནཾ། ཛ་སྟེ་ཛོ་གྲ་མ་ནཾ། སྭ་རཱུ་པ་མུ་པ་ད་ཤཱ་ནཱཾ། ཀཱི་ལི་ཀཱི་ལི། མོ་ཀུ་ལ་ཤབྡཱ་རུ་ཏཾ་བཛྲོ་ཏྱཱུ་ཏྟ་ཀ་ར་ཀ་ར་ཀྲྀ་ཏྱུ་ཀ་ར་ན་ར་ན་ ཛ་ནཾ། ཨདྡྷ་ན་སི་དྡྷཱཾ་པ་ར་མ་སིདྡྷཾ། པ་ཙ་ལཾ་ཙཎྜཾ་པི་ཏྲ། པ་ཀཾ་ས་ཀཾ་ར་ཀ་ཏ་ཀ་རཾ་ཤཱཾ་ཏི་ཀ་རཾ། པུཥྚི་ཀ་རཾ། སྭ་བྦ་ནོ་པ་རད་ནཾ། ཙ་ར་ད་ན། སརྦ་ཀརྨ་ཨརྠ་སཱ་དྷ་ཀཾ། ཨཱ་ཀཪྴཾ་ཎཱཾ། བཛྲ་པཱ་ཎི་སྱ། བོ་ལ་ལཱ་པ་ནཾ། བཛྲ་པཱ་ཎི་སྱ་ཧ་ས་པཱ་ནཾ། བཛྲ་པཱ་ཎི་སྱ། པ་ར་མ་ཧྲྀ་ད་ཡ་མི་དཾ་ན། བཛྲ་པཱ་ཎི་སྱ། བཛྲ་པཱ་ཎི་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་རཱཛྙཱ་པ་ཡ་ཏི། བཛྲེ་ཎ་ཧ་ན་ཏི། ད་ཧ་ཏི། པ་ཙ་ཏི། ཙྪིནྡ་ཏི། ཙྪིནྡ་ཏི། བིད་དྲ་པ་ཡ་ཏི། ཨཱ་ལོ་ཀ་བི་ལོ་ཀཾ་ཀ་རོ་ཏི། ཧི་ལི་ནི། ལི་མི་ལི་ཨོ་ཨུ་ཧོ་ཨུ་བྷ་ བཛྲ་པཱ་ཎི། ཧུ་རུ་ཧུ་རུ། སཾ་བྷཾ་བཛྲ་བྷ་ཛ་ཡེ་དུཥྚཱཾ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བ་ཤྱཾ་ཀ་རོ་ཧ་ཧི་ལ་ཧ་ལཱ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལཱ་ཡ་སྭཱ་ཧཱ། ཧི་ལི་ཧི་ལཱ་ཡ་སྭཱ་ཧཱ། ཀ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཀུ་ལུ་ཀུ་ལཱུ་ཡ་སྭཱ་ཧཱ། ཀཱི་ལི་ ཀཱི་ལཱི་ཡ་སྭཱ་ཧཱ། ཀེ་ལི་ཀི་ལཱ་ཡ་སྭཱ་ཧཱ། ད་ཡ་མ་ན་སྨ་ར་བཛྲ་པཱ་ཎི། མ་ཧཱ་ཡཀྵ་ས་མ་ཏི་ས་མ་ཡ་པྲ་ཏི་གྲྀཧྞ་ཧུ་ཏེ་ཧུ་ཏི་དྷཱུཾ་པ་པཱ་ཤ་པ་གནྡྷ་མ་ལྱཾ་ཙ་ར་སྭ་མ་དཱུ་ཏྭ་སྭ་མ་ཡཾ་བྷྱ་ཏི་ཀྲ་མ་མད་མ། ས་མ་ཡོ་བི་ཏི་ཤུ་ཏི། ཧི་ལི་ཧི་རི་ན་ཨི་ལི། ཀུ་རུ་ཀཾ་དུ་པྲ་ས་ད་ཤཀྟོ་སྨིནྟུ་རུ་མེ་ཧ་ར་བ་ར་ཧི་རི་ལི། ནི་རི་ལི། བཛྲ་པཱ་ཎི། ཏི་ལི་ཏི་ལི། བ་ཤི་མ་ནུ་བརྟ་ཧི་རི་ཎི་ནི་རི་ཎི་བཛྲ་པཱ་ཎི་ས་མ་ཡ་ནུ་བརྟ་ཧི་རི་མི་རི་ཨི་བྷ་ཧ་ཡ་ནི། སཏྭཾ་བཛྲ་པཱ་ཎི་མ་མ་ཧི། སྭ་ཡ་མུ་པ་ཏིཥྛ་སྭཱ་ཧཱ། འདི་ནི་དེའི་ 100-1-301b བདུག་པའི་སྔགས་སོ། །ལི་ཧི་ལི་ཧི་པི་ལི་ཏུ་ཨུ་བྷྱོ། ཨུ་བྷ་ཧུ་རུ་ཧུ། བཉྫ་བཉྫ། བ་ཤྱེ་མྱེ་ཀ་རོ་ཧཾ་དཾ་སྭཱ་ཧཱ། །ལག་ན་རྡོ་རྗེ་ཕྱག་འཚལ་བཅས། །རྩེད་མོ་ཅན་ཞེས་བྱ་བ་ཡི། །སྙིང་པོ་འདི་ནི་འཇིག་རྟེན་གྲགས། །དེ་ན་འདོད་དགུར་ བསྒྲུབ་པ་ཡིན། །གང་ཞིག་དངོས་གྲུབ་མཆོག་འདོད་ཅིང་། །འདི་ཡི་བསྒྲུབ་པའི་དོན་ཤེས་པ། །དེས་ནི་རྡོ་རྗེ་བསྒྲུབ་པའི་མཆོག །ཡ་མཚན་འདི་ནི་བསྒྲུབ་པར་བྱ། །དེ་ནས་རིམ་པ་ཇི་བཞིན་དུ། །བདག་གིས་ལེགས་པར་བཤད་ པར་བྱ། །དམ་པའི་དོན་གྱི་རྗེས་མཐུན་པ། །ཐུབ་ལ་སྤྱི་བོས་ཕྱག་འཚལ་བ། །གསེར་རམ་ར་གན་ཟངས་ལ་སོགས། །ཡང་ན་ཙན་དན་དམར་པོ་ལས། །རྡོ་རྗེ་རྩེ་མོ་བརྒྱད་པ་འམ། །ཡང་ན་རྩེ་མོ་བཞི་པར་བྱ། །སོར་གསུམ་ ཡང་ན་དྲུག་གམ་བརྒྱད། །ཡང་ན་སོར་ནི་བཅུ་གཉིས་པ། །ཟུར་བརྒྱད་ཤིན་ཏུ་རྫོགས་པ་འམ། །ཡང་ན་ཟུར་ནི་དྲུག་ཏུ་བྱ། །དེ་ནས་དགོན་པ་འམ་རང་གི་ཁྱིམ། །གཙང་ཞིང་མཉམ་པའི་ས་ཕྱོགས་སུ། །བ་ལང་ལྕི་བས་དཀྱིལ་ འཁོར་བྱུགས། །སྐུ་གདུང་མཆོག་དགའ་གཙང་མ་ཡིས། །དེ་ཡི་སྟེང་དུ་དྲི་ཞིམ་པའི། །སྤོས་ཀྱིས་དཀྱིལ་འཁོར་བྱུག་པར་བྱ། །ཡུངས་ཀར་ཕུལ་ཐག་བཞི་རྣམས་ཀྱང་། །དབུས་དག་ཏུ་ནི་བཞག་པར་བྱ། །དེ་ཡི་སྟེང་དུ་རྡོ་རྗེ་དེ། །དྲི་དང་ མེ་ཏོག་ཕྲེང་བས་བརྒྱན། །རྟག་ཏུ་ཡང་ནི་དུས་གསུམ་དུ། །མཆོད་པ་རྣམ་པ་སྣ་ཚོགས་བྱ། །ཙམ་པ་ཀ་དང་ཙམ་པ་ཀའི། །མེ་ཏོག་སྣ་མའི་མེ་ཏོག་རྣམས། །ཡིད་དུ་འོང་བས་སངས་རྒྱས་དང་། །རྡོ་རྗེ་འཛིན་ལ་ངེས་པར་མཆོད། ། དུ་རུས་སྐ་དང་ཨ་ཀ་རུ། །བདུག་པའི་མཆོག་ནི་རྟག་ཏུ་བསྲེག །སྐུ་གཟུགས་ཆོ་ག་བཞིན་བྲིས་ལ། །ཆོ་ག་འདི་ནི་བྱ་བ་སྟེ། །སངས་རྒྱས་གསེར་གྱི་ཁ་དོག་འདྲ། །སངས་རྒྱས་ཐད་ན་གནས་པ་ཡི། །ལག་ན་རྡོ་རྗེ་གཡོན་ཕྱོགས་ བྲི། །རྒྱལ་པོ་བཞིན་དུ་བརྒྱན་བྱ་ཞིང་། །ཧ་ཅང་དམར་བར་མི་བྱ་སྟེ། །སྐུ་གཟུགས་ནུབ་ཕྱོགས་ལོགས་སུ་བསྟན། །ཤེས་རབ་ཅན་གྱིས་ཆོ་ག་འདི། །བྱ་སྟེ་དེ་ནི་རིམ་བཞིན་བཤད། །དང་པོ་ཡང་ནི་ཚེས་གཅིག་བརྩམས། །ངེས་ 100-1-302a པར་གནས་ཤིང་གཙང་བ་ཡིས། །ཁྲུས་ནི་བ་ལང་ལྕི་བ་དང་། །བ་བཅིན་བཙགས་པས་དུས་གསུམ་བྱ། །མདུན་དུ་རྟག་ཏུ་གོས་ཕྲུགས་ནི། །བདུག་པས་རབ་ཏུ་བདུགས་པ་བགོ། ཙམ་པ་ཀ་དང་ཙམ་ཀ་ཡིས། ། མེ་ཏོག་རྣམས་ཀྱིས་རྟག་ཏུ་མཆོད། །སྣ་ཚོགས་དྲི་དང་མེ་ཏོག་ཕྲེང་། །མཛེས་ཤིང་ཡིད་དུ་འོང་བས་མཆོད། །ལན་གྲངས་བརྒྱད་བརྒྱར་བཟླས་བརྗོད་བྱ། །དུ་རུས་སྐ་དང་ཨ་ཀ་རུ། །བསྲེག་ཅིང་མར་མེ་གཉིས་ཀྱང་དབུལ། ། རྟག་ཏུ་འཆི་བར་མི་བྱ་སྟེ། །དེ་བཞིན་མར་གྱི་མར་མེ་གཞན། །ཉིན་གཅིག་བཞིན་དུ་བསྐྱེད་པར་བྱ། །དེ་ཚེ་འོ་མའི་འདག་གུ་རྣམས། །ཟ་ཞིང་མཉམ་པར་བཞག་པ་དང་། །གསོ་སྦྱོང་ཡན་ལག་བརྒྱད་ལྡན་པས། །ཚེས་ནི་བཅུ་ གཉིས་བར་དུ་ཡང་། །རྟག་ཏུ་ཀུ་ཤའི་མལ་སྟན་འདུག །དེ་ནས་ཞག་གསུམ་སྨྱུང་བྱས་ནས། །ཟླ་བ་ཉ་ལ་ཆོ་ག་བཞིན། །དཔེ་མེད་པ་ཡི་མཆོད་པ་བྱ། །དེར་ནི་ཚོན་རྩི་སྣ་གསུམ་གྱིས། །གྲོང་ཁྱེར་དག་ཀྱང་བྲི་བར་བྱ། །གྲུ་བཞི་ ལྷམ་པ་སྒོ་བཞིར་ལྡན། །ཕྱོགས་ཆ་ལེགས་པར་བཅད་བྱ་ཞིང་། །མཉམ་བྱས་དེ་ཡི་ནང་དག་ཏུ། །ལྷ་བཤོས་དཀར་པོ་དཔེ་མེད་དབུལ། །ཕྱི་རོལ་དུ་ཡང་སྣ་ཚོགས་པ། །ཅི་འདོད་ཐམས་ཅད་བཞག་པར་བྱ། །དེ་ནས་ཀུ་ཤའི་སྟན་ འདུག་ཅིང་། །བསྲུང་བྱས་ཆོ་ག་ཤེས་པ་དེས། །རྡོ་རྗེ་འབར་བར་གྱུར་གྱི་བར། །ཨ་ཀ་རུ་དང་དུ་རུས་སྐ། །བསྲེག་ཅིང་དགའ་བཞིན་བཟླས་བརྗོད་བྱ། །ཉི་མ་ལས་ལྷག་དེ་ཡི་གཟི། །རྡོ་རྗེ་དེ་ནི་ལེགས་པར་བླངས། །ཅིས་ཀྱང་མི་འཇིགས་ མཁའ་ལ་འགྲོ། །རིག་སྔགས་གྲུབ་པའི་སྟོབས་དང་ལྡན། །རིག་སྔགས་བདག་པོ་ཐམས་ཅད་དང་། །ལག་ན་རྡོ་རྗེ་རིགས་སྐྱེས་པའི། །རིག་སྔགས་ཚོགས་ནི་ཀུན་གྱིས་མཆོད། །དོན་མང་དག་ལ་བརྟེན་བྱ་ཞིང་། །རྣམ་པ་མང་དུ་ ཅི་ཞིག་སྨོས། །ལག་ན་རྡོ་རྗེ་མཉམ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཅི་ཡང་མེད། །དེ་ནས་དགའ་བ་མ་ཡིན་པའི། །ལས་དེ་དག་ཀྱང་འདིར་བྱ་སྟེ། །དེ་དག་གི་ནི་མདོར་བསྟན་པ། །སྙིང་པོ་བསྡུས་པ་བཤད་པར་བྱ། །གང་ཞིག་མི་ཡི་གཙོ་བོ་ 100-1-302b འམ། །བློན་པོ་དབང་དུ་བྱ་འདོད་དེས། །དེ་ཡི་བསྒྲུབ་པ་གང་ཡིན་པ། །འདི་ཡང་རབ་ཏུ་བཤད་པར་བྱ། །ཞག་བདུན་གཙང་མར་བྱས་ནས་ནི། །ནས་ཀྱི་ཟས་ནི་དུས་སུ་བཟའ། །དེ་ནས་སེང་ལྡེང་མེ་བསངས་ལ། །ཡམ་སྲེག་ཤིང་དང་ སྦྲང་རྩི་ཞོ། །མར་བླངས་བརྒྱད་བརྒྱ་ཚང་བར་ནི། །དུས་གསུམ་དུ་ཡང་སྦྱིན་སྲེག་བྱ། །དུས་ཀྱི་ལྷག་མ་རྟག་ཏུ་བཟླས། །ལན་གསུམ་ཁྲུས་བྱས་ངེས་པར་གནས། །དབང་དུ་བྱ་འདོད་གང་ཡིན་པ། །དེ་དང་ཡང་ནི་ཕྲད་པར་བྱ། །དེ་ཡི་མིང་ནི་སྨོས་པས་ ཀྱང་། །དེ་ནི་བྲན་བཞིན་དབང་དུ་གྱུར། །མི་ནི་གང་ཞིག་བྲན་ནོར་འདོད། །དེས་ནི་ནོར་གྱི་ཚད་བསམས་ལ། །དེ་ཡི་བསྒྲུབ་མཆོག་འདི་བྱ་ཞིང་། །ལན་གསུམ་ཁྲུས་བྱ་བིལ་བ་ཡི། །བདུག་པ་མར་དང་ལྡན་པ་བསྲེག །དེ་ནས་ལག་ན་རྡོ་རྗེའི་མདུན། ། དེར་ནི་བ་ལང་ལྕི་བའི་མེར། །སྔར་བཤད་པ་ནི་གང་ཡིན་པའི། །སྦྱིན་སྲེག་མཉམ་པར་བཞག་པས་བྱ། །ཡང་ན་བིལ་བའི་སྦྱིན་སྲེག་ནི། །མར་དང་ཡུངས་ཀར་ལྡན་པ་འམ། །ཡུངས་ཀར་མར་དང་ལྡན་པ་འང་རུང་། །ཡང་ན་མར་ལྡན་བིལ་བ་འམ། ། མར་དང་ཡུངས་ཀར་ལྡན་པ་ཡི། །སྦྲང་རྩི་བཟང་པོ་བིལ་བར་ལྡན། །ཡང་ན་རེ་རེ་སྦྱིན་སྲེག་མཆོག །བརྒྱ་རྩ་བརྒྱད་དུ་བྱ་བ་སྟེ། །སེང་ལྡེང་ཡམ་སྲེག་ཤིང་བཟང་གིས། །དུས་གསུམ་དུ་ནི་རྣམ་གསུམ་བྱས། །ཕྱེ་དང་བ་གཅིན་འདེ་གུ་དང་། །ཕྱེ་དང་ འོ་མའི་འདེ་གུ་འང་རུང་། །དུས་གསུམ་བཟའ་ཞིང་ཡང་ན་ནི། །མི་སྨྲ་མི་བཟའ་རིག་སྔགས་བཟླས། །ཡང་ན་སྦྱིན་སྲེག་ཡིད་ཀྱིས་བྱ། །གཙང་ཞིང་བརྩོན་པར་གནས་པ་དེས། །ནོར་ནི་ཡིད་ལ་གང་འདོད་པ། །ཞག་བདུན་གྱིས་ནི་ཐོབ་པར་འགྱུར། །ཟླ་ཕྱེད་ཡང་ན་ ཟླ་བ་གཅིག །ཡང་ན་ཟླ་བ་ཕྱེད་གསུམ་གྱིས། །རྣམ་པ་ཀུན་གྱི་ཐབས་རྣམས་གྱི། །འདོད་པ་ཐམས་ཅད་མ་ལུས་སྦྱིན། །ཡང་ན་གདོན་གྱི་ལས་རྣམས་འདིར། །སྦྱིན་སྲེག་བཟླས་བརྗོད་བརྩོན་པ་དང་། །གཙང་ཞིང་དམ་ཚིག་མཁས་པ་ཡིས། །ཐམས་ཅད་ རབ་ཏུ་འགྲུབ་པར་འགྱུར། །རྩེད་མོ་ཅན་གྱི་སྙིང་པོ་རྫོགས་སྷོ།། །། དེ་ནས་གཏུམ་པོའི་སྙིང་པོའི་ཆོ་ག་རྒྱས་པར་བཤད་པར་བྱའོ། །ན་མཿཙི་ལི། ཙི་རི་ནི། ཨི་ལི་ཀུ་རུ་ཧཏྟི་པྲ་སིདྷ་བྷཀྟོ་སྨི་ཀུ་རུ་མེ་ཧ་བ་རཾ་ཀི་ལི་བི་ལི། ཧི་རི་ནི་སུ་རུ་ཀུ་རུ། ས་མ་ཡ་ 100-1-303a མ་ནུ་བརྟ་ཧྲྀ་ད་ཡཾ་སྭཱ་ཧཱ། སྙིང་པོ་དྲན་པར་བྱེད་པའི་ཚིག་འདི་དག་གང་དུ་བརྗོད་པ་དེར་དགའ་བར་གྱུར་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ན་མཿཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙཎྜ་ ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དི་བ་ཏི་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། བཛྲ་མོ་ཏ་ནཱ་ཡ་སྭཱ་ཧཱ། བཛྲ་སྟམྦྷ་ནཱ་ཡ་སྭཱ་ཧཱ། བཛྲ་པྲ་བྷནྡྷ་ནཱ་ཡང་སྭཱ་ཧཱ། ཨེ་ཧི་སྟི་བཛྲ། ཨེ་ཧི་སུ་སྟི་བཛྲ། ཨེ་ཧི་པྲ་ཏི་པྲ་ཏི་ར་བཛྲ། ཨེ་ ཧ་ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཨ་མོ་གྷ་བཛྲ། ཨེ་ཧི་ཤི་གྷྲཾ་ནཱི་ལ་བེ་ག་བཛྲ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི། བཛྲ་པཱ་ཎི། མུ་ནེ་མུ་ནེ་མུ་ནེ། རི་མ་ཏི། མ་ཧཱ་མ་ཏི། སུ་མ་ཏི། ཧེ་ཧི་པ་ནི་ཏི་ལི། སཽ་ཧཾ་དི་ལི་པིཪྟྭ་མ་ཏི་ཏོ་ནི་ར་ཏི་ར་ཏི་ཏི། ཀུ་ལ་ཏི་ ལི་ཤི་ལི། ཙ་ར་དི་མོ་ཏི། ཀུ་ཙིཏྠ་མཪྟེ། སུ་བུ་རུ་བུ་ཪྨ་རུ། ཁུ་ཁུ་ཏི། ཁུ་ཁུ་ཏི། ཁུ་ད་ལི་ཏི་ལི་ཏི་ལི། ཏི། རི་ཨེ་ཧི་ཤཱི་གྷྲཾ་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི། ཨི་དཾ་གྷནྡྷ་མ་ལེ། ཨ་ནུ་ལེ་པ་ན་མཿ། པྲ་ཏིཙྪ་ཀུ་དི་ཀུ་དི་ཀུ་ཏི་སྭཱ་ཧཱ། ཀུ་དི་བི་རི། བི་རི་ཏི་སྭཱ་ཧཱ། བི་ཏི་མཾ་ཀུ་ཏི་ལ་སྭཱ་ཧཱ། ཨ་ར་ལི་ས་ར་ལི་གི་རི་ནི། བ་ལི་ནི། སི་ལི་ཏི། པུརྞ་ཀུརྞ་ཤརྦ་དུརྦ་ཀརྦ་ཏུརྦ་ཀུཏྟ། མུཏྟ་ནརྦ་བརྦ། བལྦ་རམྦ་ཧ་ཧྭ། ཨེ་ཧི་ཨེ་ཧི་ཤཱི་གྷྲཾ་བཛྲ་པཱ་ཎི། ཧེ་ཧེ་ཧཻ་ཧཻ། ཏུ་རུ་ཏུ་རུ། ལ་ཧཱུཾ་ལ་ཧཱུཾ་སྭཱ་ཧཱ། སྨ་ར་ཏཾ་ནཱ་ག་རི་ ཡཏྟྲ། པྲ་ཏི་ཛྙ་ཀྲྀ་ཏ། མི་ཏི་རི་ཏི། དི་རི་རི་ཏི་ལི་པུ་སྭཱ་ཧཱ། ཀུ་ཁུ་ལུ་ཏུ་ཀ་ཏི་ལུ་ཏི་ལི་རི་སྭཱ་ཧཱ། ཨེ་ཧི་ཏྲི་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ཧི་རི། ཏི་རི་བྷི་ཏི། རི་ལི་གི་ནི། ནི་ར་ཛནྟུ། བི་རི་ཛ་ཡནྟུ། རི་ཀནྟི་རིངྒ་། ཙུ་རུ་ཙུ་རུ། ཙི་རི་ཏི་རི་སྭཱ་ཧཱ། ནརྦ་ཤརྦ་རྦ་ ཀུ་ཀུ་ལུ། ཁུ་ཁུ་ལུ། ཁུ་ཁུ་ཏི་ནི། རུ་རུ་ཏ་རུ། སྨྲ་ར་ཏཾ། པྲ་ཏི་སྭཱ་ཧཱ། ལག་ན་རྡོ་རྗེ་གཏུམ་རབ་གཏུམ། །ང་ཡི་སྙིང་པོ་གཉིས་པ་ནི། །གཏུམ་ཞིང་རབ་གཏུམ་ལས་ཡིན་ཏེ། །མིང་ཡང་གཏུམ་པོ་ཞེས་པར་གྲགས། །གཏུམ་པོ་རྡོ་རྗེ་ འཛིན་པ་ཡི། །སྙིང་པོ་གཏུམ་པོ་འདི་དག་ནི། །གཉིས་པ་ཞེས་ནི་བྱ་བར་བསྟན། །ལས་རྣམས་ལ་ནི་ཟླ་ཕྱེད་དེ། །དམ་པ་རྣམས་ཀྱི་ལས་ཀུན་མཆོག །གདོན་ལ་སོགས་དང་སེམས་ཅན་ཀུན། །འགུགས་པའི་མཆོག་ལ་སོགས་ 100-1-303b པ་དང་། །བསྲུང་བ་ལ་སོགས་དཔེ་མེད་པ། །འདིའི་ལས་ནི་སྟོང་རྣམས་དང་། །ཆོ་ག་ཆེན་པོ་བརྒྱད་རྣམས་ཀྱང་། །ལྷ་གནས་མཐོང་བར་ངེས་པར་ནི། །བཟླས་བརྗོད་སྦྱིན་སྲེག་རྣམས་ཀྱིས་བྱ། །ལ་ལ་གང་ཞིག་རྡོ་རྗེ་འཛིན། ། མངོན་སུམ་མཐོང་བར་འདོད་ན་ནི། །ང་ཡི་བསྒྲུབ་པའི་ཐབས་འདི་དག །སྤྱན་འདྲེན་མཆོག་འདི་དེ་ཡིས་བྱ། །དུས་གསུམ་བ་ལང་ལྕི་བས་བསྐུས། །ལས་ཀྱང་དག་ཅིང་སེམས་དག་དང་། །རྡོ་རྗེ་འཛིན་ལ་གུས་པ་དང་། །རྐང་ལག་ལ་སོགས་ བཀྲུས་ནས་ཀྱང་། །དགོན་པའམ་རང་གི་ཁྱིམ་ཡང་རུང་། །གཙང་མའི་ཕྱོགས་སུ་མཆོད་རྟེན་ནམ། །སྐུ་གཟུགས་ཡང་ན་སྐུ་གདུང་གི། །མདུན་དུ་རྟག་ཏུ་མཉམ་པར་བཞག ། །མི་ནི་གཙང་སྦྲར་སྤྱོད་པ་ཡིས། །བདུག་པ་མེ་ཏོག་ ལ་སོགས་པ། །མཆོག་དང་ཁྱད་པར་འཕགས་པ་ཡིས། །དུས་གསུམ་རྟག་ཏུ་མཆོད་པར་བྱ། །དེ་ལ་རབ་སྤྲོ་དེ་ལ་གུས། །སྲོག་ཀྱང་དེ་ལ་བསྟན་བྱས་ནས། །ལག་ན་རྡོ་རྗེ་གཟུགས་ཀྱང་རུང་། །ཇི་སྐད་བསྟན་བཞིན་རི་མོར་བྲི། ། དྲི་དང་ཕྲེང་བ་བྱུག་པ་ཡིས། །རྟག་ཏུ་དེ་ལ་མཆོད་པར་བྱ། །མར་དང་ལྡན་པས་དུས་སུ་བཟའ། །སྦྲང་རྩི་འོ་ཐུག་བཟའ་བར་བྱ། །རི་མོའི་སྐུ་གཟུགས་ནུབ་ཕྱོགས་བསྟན། །རྟག་ཏུ་ཤར་ཕྱོགས་ཁ་བལྟ་འདུག །མར་གྱི་མར་མེ་མི་ འཆི་བས། །ཉིན་པར་མཆོད་པ་ལེགས་པར་བྱ། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་དམ། །ཡར་གྱི་ངོ་ཡི་ཚེས་བརྒྱད་ལ། །བརྩམས་ཏེ་བརྒྱད་སྟོང་བཟླས་བརྗོད་བྱ། །ཡང་ན་ཉིན་རེ་དུས་གསུམ་དུ། །ལན་གྲངས་བརྒྱད་བརྒྱར་བཟླས་བརྗོད་བྱ། །ཐང་ ཆུ་ཡང་ནི་བསྲེག་པར་བྱ། །དང་ཞིང་རྩེ་གཅིག་སེམས་ཀྱིས་ནི། །བསྲུང་བའི་མཆོག་བྱས་བཟླས་བརྗོད་བྱ། །ཟླ་བ་ཕྱེད་ནི་ལོན་ནས་ཀྱང་། །དེས་ནི་ཞག་གསུམ་སྨྱུང་བ་བྱ། །མཆོད་པ་ལ་སོགས་ཀུན་རྒྱས་ཤིང་། །ཤིན་ཏུ་མང་པོར་ བྱས་ནས་ཀྱང་། །འདོད་པ་ཡིད་ལ་གཞག་བྱ་ཞིང་། །དེ་ནས་གུས་པ་མཆོག་གིས་སུ། །ཨོཾ་ནི་ཚིག་སྟོང་བཟླས་བརྗོད་བྱས། །དེ་ནས་རྡོ་རྗེ་ཅན་ཡང་མཐོང་། །དེ་ལ་མཆོག་སྦྱིན་གཙོ་བོ་དེ། །དམ་པའི་མཆོག་ནི་སྦྱིན་པར་བྱེད། །བསྒྲུབ་ 100-1-304a པའི་ཆོ་གས་སྤྱན་དྲངས་ནས། །མཆོད་སྦྱིན་མཆོག་ལ་ཅི་འདོད་སྨྲོས། །ཚིག་གིས་གང་དག་གང་བརྗོད་པའི། །བསྒྲུབ་པའི་དམ་པ་ཐོབ་པར་འགྱུར། །དེའི་སླར་གཏང་ཆོ་ག་དེ། །རྣམ་པ་ཐམས་ཅད་བཤད་པར་བྱ། ། དེས་ནི་ཕྱག་དང་མཆོད་པ་དང་། །མཆོད་ཡོན་མེ་ཏོག་ལ་སོགས་འབུལ། །འདོད་པའི་རིག་སྔགས་ལན་ཅིག་བརྗོད། །དེས་ནི་རྡོ་རྗེ་འཛིན་པར་འགྲོ། །ན་མཿཧི་ལི་ཧུ་ལ་ནི། ལི་ཧུ་ལ་ཨ་ཧ་ཧ་ཧ་ཧ་ཧ། ས་བྲ་ཏི་གཙྪ་ཏུ་བྷ་ག་བཾ། བཛྲ་པཱ་ཎི་རེ་ཐ་སུ་ཁཾ་ཙུ་ལུ་ཙུ་ལུ་སྭཱ་ཧཱ། །འདི་ནི་གཅིག་གམ་གསུམ་དུ་བརྗོད། །ལྔ་འམ་བདུན་ནམ་ཉི་ཤུ་གཅིག །བརྒྱ་འམ་ཡང་ན་བརྒྱད་བརྒྱ་འམ། །ལན་སྟོང་ཆོ་ག་བཞིན་དུ་བརྗོད། །འབྱུང་པོའི་གནས་སམ་གཞན་དག་ཏུ། ། རྡོ་རྗེ་དང་ནི་ལྷའི་མདུན། །དྲི་ཀུན་གྱི་ནི་སྦྱོར་བ་དང་། །བཅིང་དང་གྲོལ་ལ་བཟླས་བརྗོད་བྱ། །དགུག་དང་སླར་བཏང་ཐམས་ཅད་དང་། །བཅིང་དང་གྲོལ་བ་ཐམས་ཅད་ལ། །དེར་ནི་ལན་ཅིག་བརྗོད་པར་བྱ། །དེས་ན་རྡོ་རྗེ་འཛིན་པར་འགྲོ། །འདི་ ནི་རྩེད་མོ་ལྡན་པ་ཡི། །བསྒྲུབ་དང་སླར་གཏང་བ་ཡང་ཡིན། །འདི་གཉིས་ལ་ནི་ཁྱད་པར་དུ། །དབྱེ་བར་བྱ་བ་མང་པོ་ཡོད། །གང་གིས་རྟག་ཏུ་གཙང་བྱས་ལ། །ལོ་གཅིག་བར་དུ་དུས་གསུམ་དུ། །བཟླས་བརྗོད་རྣམ་པ་གསུམ་བྱས་ན། ། དེ་ཡིས་བདེ་བར་འདོད་པ་འཐོབ། །གང་ཞིག་ཟླ་དྲུག་སྒྲུབ་བྱེད་ཅིང་། །བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱེད། །ལེགས་བྱས་དེ་ནི་མཁའ་ལ་རྒྱུ། །འབྲིང་དང་ལྷག་མ་ཉིད་དུ་འགྱུར། །གང་ཞིག་ཟླ་གསུམ་བཟླས་བརྗོད་བྱེད། །ཡང་ན་ཡིད་ཀྱིས་ སྦྱིན་སྲེག་ལས། །བྱས་ན་ཆོ་ག་འདི་དག་གིས། །དེ་ལྟར་དེ་ཡང་འགྲུབ་པར་འགྱུར། །ཟླ་བ་ཕྱེད་གསུམ་ཟ་གཅིག་ཟོས། །དེས་ཀྱང་དངོས་གྲུབ་ཐ་མ་འམ། །འབྲིང་དང་ཁྱད་པར་འཕགས་པ་ཐོབ། །ཁྱིམ་གྱི་དོན་རྣམས་གྲུབ་བྱེད་ཅིང་། ། ནད་རྣམས་ཀྱང་ནི་སེལ་བར་བྱེད། །དོན་རྣམས་ཇི་སྐད་བཤད་པ་བཞིན། །དེ་དག་ཐམས་ཅད་རབ་ཏུ་འགྲུབ། །ཟླ་བ་གཅིག་ཏུ་བཟླས་བརྗོད་བྱེད། །འོ་ཐུག་སྦྲང་རྩི་མར་བཅས་བཟའ། །དུས་གསུམ་བརྒྱད་བརྒྱ་བཟླས་པས་ནི། །གསུམ་ 100-1-304b བརྗོད་མཁའ་ལ་འགྲོ་བར་འགྱུར། །ལེགས་པར་མ་བྱས་གདོན་ལ་སོགས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །བཅིང་དང་དགྲོལ་བ་ཐམས་ཅད་དམ། །བསྒྲུབ་པའམ་གཞིག་པ་བཅང་བར་བྱེད། །ཟླ་ཕྱེད་ནས་ཀྱི་ཁ་ཟས་ཟོས། ། གདོན་གྱི་ལས་རྣམས་བྱེད་པར་ནུས། །བ་གཅིན་ནས་ཀྱི་ཁ་ཟས་ཟོས། །དོན་རྣམས་ཐམས་ཅད་འགྲུབ་པར་ནུས། །ཞག་བདུན་དུ་ནི་དུས་གསུམ་དུ། །དེ་བཞིན་བརྒྱད་བརྒྱ་བཟླས་བརྗོད་བྱས། །དབང་དུ་བྱ་དང་བཅིངས་ལ་སོགས། ། བསད་པར་ཡང་ནི་ནུས་པར་འགྱུར། །གང་ཞིག་ཞག་ལྔར་ཟས་མི་ཟ། །ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱེད། །དེས་མ་མོ་རྣམས་གཞིག་པ་འམ། །བསྒྲོལ་དང་དབང་དུ་བྱ་བར་ནུས། །ཞག་གསུམ་བར་དུ་དུས་གསུམ་དུ། །གང་ཞིག་ སྦྱིན་སྲེག་རྣམ་གསུམ་བྱེད། །ལྷག་མའི་དུས་སུ་ཁྲོས་ནས་བཟླས། །དེས་ནི་གཞན་ཡང་གཞིག་པར་ནུས། །དྲག་པོ་ཡི་ནི་ལས་བྱེད་ན། །ཞག་གཅིག་སྨྱུང་བྱས་དུར་ཁྲོད་དུ། །ཁྲག་གི་སྦྱིན་སྲེག་བྱས་ན་ནི། །དེས་ནི་གདོན་དང་མི་རྣམས་ གཞིག །དེ་དག་བསྒྲུབ་པར་བྱ་བའི་ཕྱིར། །དང་པོར་ཞག་གསུམ་སྨྱུང་བྱས་ནས། །མར་གྱི་ངོ་ནི་བཅུ་བཞི་ལ། །སུམ་བརྒྱ་ལྔ་བཅུ་གཙང་མས་བཟླས། །སྔར་བསྟན་འདི་དག་བྱས་ན་ནི། །དེ་ནས་ངེས་པར་གཉིས་ཀས་ཀྱང་། །ཚིག་གིས་གང་ དང་གང་སྨྲས་པ། །བསམ་པའི་ལས་ནི་བྱེད་པར་འགྱུར། །དེ་ལྟར་རྩེད་མོ་ལྡན་པ་ཡི། །དཀྱིལ་འཁོར་སྙིང་པོ་མཆོག་ཀྱང་བཤད། །འགྲོ་ལྡིང་སྙིང་པོ་གསུམ་པོ་ཡང་། །ཆོ་ག་དག་དང་བཅས་པར་ནི། །ལས་ཀྱི་དམ་པ་ཐམས་ཅད་དང་། ། དེ་བཞིན་འབྲིང་དང་ཐ་མ་ལ། །རྡོ་རྗེ་རྫོགས་པར་ཁྲུ་གང་སྲིད། །རྩེ་གསུམ་ཡོངས་སུ་དག་པའི་མཆོག །ཡང་ན་རྩེ་དྲུག་དམ་པ་ནི། །དེ་ཀུན་གྱིས་ནི་བྲི་བར་བྱ། །གུས་མཆོད་རྡོ་རྗེ་རིག་སྔགས་ཀྱིས། །རྡོ་རྗེ་དེ་ནི་སྤྱན་ཡང་དྲང་། །མེ་ཏོག་ དམ་པ་མ་ཉམས་པ། །ལག་པ་གཡོན་ཐོགས་ལེགས་པར་མཆོད། །ལག་ན་བདུག་ཐོགས་པུས་མོ་བཙུགས། །དེས་ན་རིག་སྔགས་འདི་ཡང་བཟླས། །ན་མ་རེཾ་རེཾ་གྲཱཾ་གྲཱཾ། ཙི་རི་ཊི་བི་ཎཱཾ། ཏྲ་པ་རུ་ཎི། བཛྲ་མ་ཡ། ཏུ་པི་ཏ་ཡེ་བཛྲ་པཱ་ཎི། 100-1-305a མ་ཧཱ་བ་ཧཱ་ཡ་སྭཱ་ཧཱ། །བྲིས་པ་དེ་ནི་ལག་གཡོན་ཐོགས། །མཆོད་གནས་ཀྱང་ནི་མཆོད་པར་བྱ། །བྱ་བ་ཟིན་ནས་སླར་གཏང་ཕྱིར། །མཆོད་ནས་སླར་ནི་གཏང་བར་བྱ། །གཏུམ་པོ་དང་རྩེད་མོ་ཅན་གྱི་བསྒྲུབ་པ་རྫོགས་སྷོ།། །། འགྲོ་ལྡིང་གི་སྙིང་པོ་བཤད་པར་བྱ་སྟེ། གླེང་བཞི་ནི་མཉན་དུ་ཡོད་པའོ། །དེ་ནས་གནོད་སྦྱིན་གྱི་སྡེའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དུལ་བ་མཆོག་གིས་གནས་ཤིང་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་མགོ་བོ་བཏུད་ཅིང་ཐལ་མོ་རབ་ཏུ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྐྱེ་བོ་མང་པོ་ལ་ སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བདག་ཉིད་ཀྱི་སྙིང་པོ་འཇིག་རྟེན་དག་ལ་བཤད་ལགས་སོ། །བདག་གི་སྙིང་པོ་ནི་འདི་ལགས་ཏེ་བཅོམ་ལྡན་འདས་གང་གིས་བདག་ཉིད་ཀྱི་སྙིང་པོ་འདིས་བདག་བཀུག་ན་དེའི་ཐད་དུ་བདག་མྱུར་དུ་ མཆི་བར་འཚལ་ལོ། །བཅོམ་ལྡན་འདས་ཅི་སྟེ་བདག་ཉིད་ཀྱི་སྙིང་པོ་འདིས་བདག་བཀུག་པ་ལས་མ་མཆིས་ན་འཇིག་རྟེན་པ་ལ་ལ་དགྲ་བཅོམ་པ་གསོད་པའམ། དགེ་འདུན་གྱི་དབྱེན་བགྱིད་པ་གང་ལགས་པ་དེ་དག་གི་སྐྱེ་གནས་སུ་མཆི་ བར་འགྱུར་རོ། །བཅོམ་ལྡན་འདས་དེ་བས་ན་ཞག་གཅིག་སྨྱུང་བར་བགྱིས་པས་བདག་བཀུག་ན་དེ་ལས་བཅོམ་ལྡན་འདས་ཀྱིས་སླར་གཏང་བར་གསོལ། དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཡིད་ཙམ་འཛུམ་པ་མཛད་དེ། ། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འཇིག་རྟེན་དག་ལ་ཁས་བླངས་པས། ཁྱོད་ལ་ང་མཉེས་ཀྱིས་གནོད་སྦྱིན་གྱི་སྡེའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་སོང་ལ་དད་པ་དང་ལྡན་པ་ ཡི་ཆད་པར་མ་བྱེད་ཅིག །དེ་ལྟ་མོད་ཀྱི་ང་ཡང་ཁྱོད་ཀྱི་སྙིང་པོ་ཉན་པར་ནི་འདོད་དོ། །དེ་སྐད་ཅེས་བཀའ་སྩལ་ནས། གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེས་གདོང་ཅུང་ཟད་ཙམ་ཕབ་ནས་འཛེམ་བཞིན་དུ་བཅོམ་ལྡན་འདས་ 100-1-305b ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་གསན་དུ་གསོལ། ཏད་དྱ་ཐཱ། ཨེ་ཧི་སྠི་ར་བཛྲ། ཨེ་ཧི་སུ་སྠི་ར་བཛྲ། ཨེ་ཧི་མ་ཏུ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨི་ཧི་ཨི་མ་ཀ་བཛྲ། ཨེ་ཧི་ཤཱི་གྷྲཾ་ནཱི་ལ་བེ་ག་བཛྲ་བེ་ག་བཛྲ། མ་ཧཱ་ བཛྲ། བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་མུ་ནེ་མུ་ནེ། ཨ་ནཻ་རི་མ་ཏི་མ་ཧཱ་མ་ཏི་སུ་མ་ཏི་ཨེ་རནྟི་ལི། དྷུ་རི་ཏི་མེ་དེ་པུ་ལི་རི་ཏི། ཛི་རི་ཏི་ཀུ་ལ་ཏི་ཤི་ལི་ཤི་བ་ལི་ཏི་མ་ཏི་པུ་ཚོཏྟ་མརྟ་ཙིཏྟ་ཙིཏྟ་མེརྟ། དུ་རུ་དུ་རུ། ཁུ་ཁུ་ཏི་ཁུ་ཁུ་ཏི་ཧ་ལ་ཏི་ལི། ཏི་རི་ཨེ་ཧི་ ཤཱི་གྷྲཾ་བཛྲ་པཱ་ཎི་ཨི་དཾ་གཾ་དྷ་མཱ་ལེ་ནུ་ལེ་པ་ནཾ། པྲ་ཏིཙྪ། ཨུཏྟ་ལི་ཨུཏྠ། ཨུཏྠ་ལི་སྭཱ་ཧཱ། ཀུ་ཏི་བི་རི་ཏི་སྭཱ་ཧཱ། ཙི་ཏི་བི་ཏི་ཧ་ཏི་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ཨ་ལ་ལི་མ་ལ་རི་བི་ལི་ནི། པ་ར་མ་ལི་ནི་ཤི་ལི། ལི་པི་བ་ལི། ལོ་ཏི་པཱུརྞ་གརྦ་ཤརྦ་ ནརྦ་ཏུརྦ་ཨུཏྟ་པུཏྟ་ནརྦ་ཙརྦ་ཤརྦ་མལྦ་ཛལྦ་རལྦ་སྭཱ་ཧཱ། ཨེ་ཧི་གྷྲཾ་བཛྲ་པཱ་ཎི་ཧེ་ཧི་ཧེ་ཧི། ཏུ་རི་ཏུ་རི། ལ་ཧཱུཾ་ལ་ཧཱུཾ་སྭཱ་ཧཱ། སྨ་ར་ཏཱནྟ་ཀ་རཱནྟ་ཏི་ཛྙཱ་ཏཾ་མི་ཏི་རི་ཏི་མི་ཏི་རི་ཏི། མི་དི་ཏི་ཏི་ལི་རི་རི་རི། ཁུ་ཁུ་ལུ་ཁུ་ཁུ་ཏི་ལ་ཧཱུཾ་རི་ཏི་ཨེ་ཧི་ཏྭཾ་མ་ཧཱ་ཡཀྵ་སེ་ ནཱ་པ་ཏི་ལི་རི་ལི་རི། བ་སི་རི་རི་ཀི་རི་ཏི་སྨ་རི་མ་ཧཱ་སྨ་རི་ཨུ་ཛུ་རི། གེ་ཙུ་རུ་ཙུ་རུ་ཏི་སྭཱ་ཧཱ། ཏརྦ་བྷརྦ་མརྦ་ཁུ་ཁུ་ལ་ཁུ་ཏི་ལི། ཏུ་རུ་ཏུ་རུ། སྨ་ར་ཏཾ་པྲ་ཏི་ཛྙཱཾ་སྭཱ་ཧཱ། འགྲོ་ལྡིང་ཞེས་བྱ་བའི་སྙིང་པོ་འདི། །འཇིག་རྟེན་གསུམ་གྲགས་འཇིག་རྟེན་ གྱི། །རབ་ཀྱི་མཆོག་གི་གཙོ་བོ་སྟེ། །ལག་ན་རྡོ་རྗེ་གསུམ་པ་ཡིན། །འཇིག་རྟེན་གསུམ་མཆོག་གཙོ་བོས་ཀྱང་། །འདི་ལས་འགལ་བར་བྱེད་མི་ནུས། །འཇིག་རྟེན་གསུམ་མཆོག་འཇིག་གསུམ་དབང་། །ཚངས་པ་ལ་སོགས་སྙིང་པོའི་བར། ། དེ་ཡི་བསྒྲུབ་པ་དེ་ཉིད་དེ། །དེ་ཡི་ལས་རྣམས་རྒྱས་པ་ཡང་། །རྩེད་མོ་ཅན་དང་གཏུམ་པོ་བཞིན། །འདི་ཡང་དེ་ལྟར་བྱ་བ་སྟེ། །བསྒྲུབ་པའི་མདོ་ཙམ་བཤད་བྱ་ན། །གཙང་མའི་མིས་ནི་གཙང་མའི་ཕྱོགས། །དྲི་དང་ཕྲེང་བ་བྱུག་པ་རྣམས། །མཆོད་ དང་ཁྱད་པར་འཕགས་པ་ཡིས། །མཆོད་རྟེན་ཡང་ན་སྐུ་གཟུགས་རྣམས། །སྐུ་གདུང་ལྡན་པ་མཆོད་པར་བྱ། །རྡོ་རྗེ་བྲིས་པ་ལེགས་མཆོད་ནས། །རི་མོའི་སྐུ་གཟུགས་ནུབ་ཕྱོགས་བསྟན། །ཡར་གྱི་ཚེས་བརྒྱད་བརྩམས་བྱས་ལ། ། 100-1-306a སྦྲང་རྩི་འོ་ཐུག་མར་དང་བཅས། །དུས་གསུམ་ཟ་ཞིང་རིག་སྔགས་བཟླས། །ཐང་ཆུ་བཟང་པོ་བསྲེག་པར་བྱ། །ལྕི་བ་སྩོགས་པར་ལེགས་པར་བཀྲུ། །དག་པས་ཤར་ཕྱོགས་བལྟས་ཏེ་འདུག །ཤིན་ཏུ་མཉམ་བཞག་དུས་ གསུམ་དུ། །ལན་གྲངས་བརྒྱད་བརྒྱ་བཟླས་བརྗོད་བྱ། །དེ་ནས་ཡིད་དུ་འོང་བ་ཡི། །མཆོད་པ་ལས་བཞིན་མཇུག་ཏུ་བྱ། །ཟླ་བ་ཕྱེད་ནི་འདས་ནས་ཀྱང་། །ཉའི་ནུབ་མོ་སྤྱན་ཡང་དྲང་། །ལྷ་ཡི་གནས་ནི་མཐོང་བ་དེས། །ཆོ་ག་མཆོག་གིས་ བསྲུང་བར་བྱ། །བརྒྱ་རྩ་བརྒྱད་ནི་བརྗོད་བྱས་ན། །དེ་ནས་རྡོ་རྗེ་ཅན་ཡང་མཐོང་། །དེ་ནས་གཞན་ཡང་སྟོང་གི་ཕྱེད། །ཅི་སྟེ་གུས་པས་འདུན་པས་མཆོད། །རྡོ་རྗེ་འཛིན་ཆེན་མངོན་སུམ་དུ། །མཐོང་འགྱུར་དེ་ལ་ཐེ་ཚོམ་མེད། །མཆོད་ སྦྱིན་མཆོག་གི་གཙོ་བོ་དེས། །དེ་ལ་དམ་པ་སྦྱིན་པར་འགྱུར། །ཡང་ན་འཁོར་ལོས་སྒྱུར་བ་ཉིད། །འདོད་པ་གཞན་ལྟ་ཅི་ཞིག་སྨོས། །ཇི་སྐད་བཤད་པའི་ཆོ་ག་དང་། །ཇི་སྐད་བཤད་པའི་སླར་གཏང་དང་། །ཇི་སྐད་བཤད་པའི་ལས་ རྣམས་ཀྱང་། །མཇུག་ཏུ་ལེགས་པར་བྱ་བ་ཡིན། །འགྲོ་ལྡིང་གི་ཆོ་ག་དང་བཅས་པ་རྫོགས་སྷོ།། །། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་ སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གླེང་གཞི་ནི་མཉན་དུ་ཡོད་པ་སྟེ། །དེ་ནས་གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ ལྷ་ང་ས་ལ་གཙུགས་ནས། སྤྱི་བོར་ཐལ་མོ་སྦྱར་ཏེ། དུལ་བ་མཆོག་གི་གནས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ། བདག་ ཉིད་ཀྱི་སྙིང་པོ་འཇིག་རྟེན་དག་ལ་བཤད་ལགས་ཏེ། བདག་གི་སྙིང་པོ་ནི་འདི་ལགས་སོ། །གང་གིས་སྙིང་པོ་འདིས་བདག་བཀུག་ན་དེའི་ཐད་དུ་བདག་མྱུར་དུ་མཆི་བར་འཚལ་ལོ། །ཅི་སྟེ་བདག་སྙིང་པོ་འདིས་བཀུག་པ་ 100-1-306b ལས་མ་མཆིས་ན་འཇིག་རྟེན་ལ་ལ་མཚམས་མ་མཆིས་པར་བགྱིད་ཅིང་དགེ་འདུན་གྱི་དབྱེན་བགྱིད་པ་གང་ལགས་པ་དེ་དག་གི་སྐྱེ་གནས་སུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བས་ན་ཞག་གཅིག་སྨྱུང་བར་བགྱིས་པས་ བདག་བཀུག་ན་དེ་ལས་བཅོམ་ལྡན་འདས་ཀྱིས་སླར་གཏང་དུ་གསོལ། ལག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡིད་ཙམ་འཛུམ་པ་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ལེགས་སོ་ ལེགས་སོ། །ཁྱོད་ཀྱིས་འཇིག་རྟེན་དག་ལ་ཁས་བླངས་པས་ཁྱོད་ལ་ང་མཉེས་ཀྱིས། །གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ཁྱོད་སོང་སོང་ལ་དད་པ་དང་ལྡན་པ་ཡི་ཆད་པ་མ་བྱེད་ཅིག །དེ་ལྟ་མོད་ཀྱི་ང་ཡང་ཁྱོད་ཀྱི་སྙིང་པོ་ཉན་པར་ནི་ འདོད་དོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེས་གདོང་ཡིད་ཙམ་ཕབ་ནས་འཛེམ་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་སྙིང་པོ་ཆོ་ག་དང་བཅས་པ་གསན་དུ་ གསོལ། འདི་བསྒྲུབ་པར་འཚལ་ཞིང་བཅོམ་ལྡན་འདས་ལ་མཆོད་པར་དགའ་བས་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་ཟས་སུ་འོ་མ་དང་ཕྱེའི་འདེ་གུ་འཚལ་ཏེ། དུས་གསུམ་དུ་བ་ལང་གི་ལྕི་བས་ཁྲུས་བགྱིས་ལ། གཙང་མས་ གོས་གཙང་མ་བགོས་ནས་བདུག་པ་བསྲེག་ཅིང་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བགྱིས་ལ་སྙིང་པོ་བརྗོད་པར་བགྱི་སྟེ། གསང་སྔགས་ཀྱི་ཚིག་འདི་དག་གིས་ཐོག་མར་བདག་ཉིད་བསྲུང་ བར་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཤྲཱི་ནུ་ཨཏྟྲཻ་བྷ། བཛྲ་པཱ་ཎི་མ་ཏི་ཤི་བ་མ་ནཱ་ཡ། ཨ་ནྱོ་ནྱ་བཛྲ་ཨ་ཤ་ནི་ར་ན་མཿ སརྦ་གྲ་ཧ་དུཥྚ་ཨ་པ་ར་ཏི་ཤུ་རཀྵ་ཡཾ་མ་ནཤྩ་ཨ་བྷ་ཡཱ་ཀ་རི་ཧི་ཧི་བཛྲ་པཱ་ཎི་ ཧི་ཧི་ཧེ་ཧ་ཧི། ཧི་རི་ཀུ་ཀུ་བུ། ཧི་རི་ཀུ་བི་ས་ར་ས་ར་སུ་བི་རི་ཙི་རི་བཛྲ་པཱ་ཎི་དུཪྡ་ནྟཱ་ནཱཾ། ད་མ་ཀ་ད་མ་ད་མ་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བགྱིས་ནས་ལག་པ་ལ་བཏགས་ན་སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །ན་མོ་རཏྣ་ 100-1-307a ཏྲཱ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཨེ་ཧི་བཛྲ་པཱ་ཎི། ཨི་དཾ་ཨཾ་བྷ་ཧ་ན་མ་ནུ་སྨ་ར་མ་ཧཱ་སྠི་ར་བཛྲ། ཨེ་ཧི་སུ་སྠི་ར་བཛྲ། ཨེ་ཧི་ན་མ་པཱ་བཛྲ། ཨེ་ཧི་ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཤཱི་གྷྲཾ་མ་ན་ཙ་བ་ལ་ག་ཏི་མ་ཧཱ་ཡཀྵ་ སེ་ནཱ་པ་ཏི། བཛྲ་པཱ་ཎི་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ་ཧེ། ཀུ་ཏུ་ཀུ་ཏུ་ཀུ་ཏུ་ཀུ་ཏུ་བཛྲ་པཱ་ཎི་ཨེ་ཧི། ཧི་ཧི་ཧེ། ཧི་ཧི་ཧི་ཧི་ཧི། ཧི་ཧི་ཧི་ཧི་ཧི་ཧི་ཧི་ཧི། བཛྲ་པཱ་ཎི་ཀུ་ཀུ་བུ་ཀུ་ཀུ་བུ་ཀུ་ཀུ་བུ། ཀུ་བྷྱ་ཀུ་བྷྱ། ཀུ་ཀུ་བྷྱ། བཛྲ་པཱ་ཎི། ས་ར་ས་ར། ཨེ་ བཻ་རི། ཨེ་བཻ་རི། ཨེ་བཻ་རི། ཨེ་བཻ་རི། ཧ་ར་ནི་ལི། ཨ་བ་ཧ་ཡ་མི་ཏྭཾ། མ་མ་ཧི་ས་མཱ་ཡེ་ནོ་པ་ཏིཥྛ་སྭཱ་ཧཱ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པའི་ཐང་ཆུའི་བདུག་པས་སྤྱན་དྲང་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སི། ཧི་རི་ཧི་རི་ནི་བཛྲ་པཱ་ཎི། པྲ་ཏི་གྲྀཧྞ། ཨཱ་ཧུ་ཏི། པུཥྤཾ་དྷཱུ་བཾ་གནྡྷ་མ་ལྱེཾ། མ་ཏྭཾ། ས་མ་ཡོ་བྷ་དྷི་ཤྱེ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་དམ་ཚིག་བགྱི་བ་དང་། དེ་དག་གི་མེ་ཏོག་དབུལ་བ་ལགས་ཏེ། མེ་ཏོག་རྣམས་ཅི་ནས་ཀྱང་ སྐུ་གཟུགས་ཀྱི་དབུ་ལ་བབ་པར་གྱེན་དུ་གཏོར་བར་བགྱི་སྟེ། བ་རུ་རའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། མུ་ནེ་མུ་ནེ་ མུ་ནེ་མུ་ནེ་མུ་ནེ་མུ་ནེ། རི་མ་ཏི་མ་ཏི་མ་ཏི་མ་ཧཱ་མ་ཏི་སུ་མ་ཏི། སྨ་ར་ས་མ་ཡཾ་བཛྲ་པཱ་ཎི་ཨ་རཎྚི་ལི་སྥུ་ཏི་ཕ་ཏི་ཕུཿབི་ལི་ཀི་ཏི། ཙི་རི་ལི་ཏི་གོ་ར་ལ་ཧིཏྟི་ལི་སི་རི་པ་ལ་ཏི། བ་དི་ཕུ་ཙིཏྟི། མ་རེ་ཏེ་ཕུཿཁུ་ཁུ་ཏི་ཁུ་ཏི་ལི་ལི་ཏི་རི་སྭཱ་ཧཱ། མུ་ནེ་མུ་ནེ་ བཛྲ་པཱ་ཎི། གནྡྷ་མཱ་ལྱ་ཨ་ནུ་ལེ་པ་ན་མ་པྲ་ཏཱིཙྪ། ཀུ་ཧུ་ལི་ཀུ་ཧུ་ཀུ་ཧུ་ལི་སྭཱ་ཧཱ། ཙ་ཏི་ལི་སྭཱ་ཧཱ། ཏུ་ཏུ་བྷ་རི་སྭཱ་ཧཱ། བིདྱཱ་མ་ཏུ་ཏི་ལི་སྭཱ་ཧཱ། ཨ་ར་ལི་མ་ར་ལི། ཤ་ལི་ནི། བཛྲ་མ་ལི་ནི། བི་ལིཏྟི། སི་རི་ལི་བི། གྷུརྞ་གྷུརྞ་ཤརྦ་སརྦ་ནརྦ་བྲ་ ཧྨ་བྷཏྟ་པུཎྱ་ནརྦ་སརྦ། ཧརྦ་དརྦ་རརྦ་ཙརྦ་རྦ་སྭཱ་ཧཱ། ཨེ་ཧི་ཤཱི་གྷྲཾ་བཛྲ་པཱ་ཎི་ཧེ་ཧེ་ཧཽ་ཧཽ། ཏུ་རུ་ཏུ་རུ། ཏུ་རུ། ཏུ་རུ། ཏུ་རུ། ལ་ཧུ་ལ་ཧུ་ལ་ཧུ་ལ་ཧུ་སྭཱ་ཧཱ། སྨ་ར་ཏཾ། ནཱ་ག་རིཾ། ཡཏྟྲ་སཾ། པྲ་ཏི་ཛྙཱ་ཏཾ། བུདྡྷ་ས་ཀཱ་ཤེ། ཨུཏྟ་ཧྲྀ་ད་ཡ། མི་ཏི་རི་ཏི། 100-1-307b མི་ཏི་རི་ཏི། མ་ཏི་མ་ཏི་ཏི་ཏི། ལ་རི་སྭཱ་ཧཱ། ཁུ་ལ་ལུ་ལུ་ཁུ་ཁུ་ཏི་ལུ་ཏི་སྭཱ་ཧཱ། ཨེ་ཧི་ཏྭཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི། ཧི་ལི་རི་རི་ཏི་བྷྱོ། མ་རི་ཀི་རི་ཛཾ་ས་རི་ཛམྦྷ། ཤུ་རི་ཙི་ཏི། ཙུ་རུ་ཙུ་རུ་ཙུ་རུ། ལི་ཏི་སྭཱ་ཧཱ། ནརྦ་ཤརྦ་བྷརྦ་ཁུ་ཁུ་ཏི་ཏི་སྭཱ་ཧཱ། ཏུ་རུ་ཏུ་རུ་ སྨ་ར་ཏྭཾ། པྲ་ཏི་ཛྙཱཾ། བཛྲ་པཱ་ཎི་སྭཱ་ཧཱ། ཧ་ལ་ཧ་ལཱ་ཡ་སྭཱ་ཧཱ། ཀུ་ལུ་ཀུ་ལཱ་ཡ་སྭཱ་ཧཱ། ཀ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲི་པ་ཏ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་ཀཱི་ལི་ ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། བཛྲ་བཉྫ་ཡ་སྭཱ་ཧཱ། བཛྲ་པཱ་ཎ་ཡེ་སྭཱ་ཧཱ། ཧི་ལི་མི་ལི་ནི་ལི། ཨོཾ་སུམྦྷ་སུམྦྷ། ཕུ་རུ་ཕུ་རུ་སཾ་བྷཉྫ་ནཱ་མ་བ་བེ་བྷྱཿསྭཱ་ཧཱ། བཅོམ་ལྡན་འདས་སྙིང་པོ་འདི་ནི་ལས་ཐམས་ཅད་བགྱིད་པ་ལགས་ཏེ། དོན་ཐམས་ཅད་ལ་གཞན་གྱིས་མི་ཐུབ་ཅིང་དོན་མཆིས་པ་དང་། ཞི་བ་དང་། ཞི་བར་བགྱི་བ་དང་། དགྲ་འཇོམས་ཤིང་གཞན་གྱིས་མི་ཚུགས་པ་ལགས་ཏེ། ཐང་ཆུ་དང་། སྲ་རྩིའི་པོག་དང་། པོག་དཀར་པོ་དང་། ཨ་ཀ་རུའི་བདུག་པ་བསྲེག་ ཅིང་བརྗོད་པར་བགྱིའོ། །ཕྱག་འཚལ་བ་ནི་སྔ་མ་ཉིད་དེ། ཧ་རི་ཧ་རི་ནི། བཛྲ་པཱ་ཎི། མུཉྩ་དྷ། ཧ་ས་ན་སྭཱ་ཧཱ། ཁི་རི་ཁ་ར་ཞེས་སྨོས་པས་དགོད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧི་ལི་མུ་ལི་ལི་མུ་བཛྲ་པཱ་ཎི་ཙུ་རུ་ཙུ་རུ། ཛལྤ་ཛལྤ་སྭཱ་ཧཱ། བདུག་པ་དེ་དག་ཉི་ཤུ་དག་དང་སྦྱང་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ཧི་ལི་ཧ་རི་བཛྲ་པཱ་ཎི་པ་ཏི་སྱ། སིདྷ་བྷཀྟོ་སྨི་སྭཱ་ཧཱ། བ་དན་དམར་པོ་ཕྱར་ཏེ་དབུལ་བར་བགྱིའོ། །ལག་ན་རྡོ་རྗེའི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་ལ་ བདེ་བའི་ཕྱིར་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ལག་ན་རྡོ་རྗེའི་སྙིང་པོ་རྫོགས་སྷོ།། །། སྔར་བཤད་བློན་མོ་འབར་བ་གང་། །དེ་དག་ཀུན་གྱི་མཆོག་གྱུར་པ། །འདོད་པ་ཡི་ནི་རྡོ་རྗེ་མ། །འབར་བ་དེ་ནི་བཤད་པར་བྱ། །དཀོན་མཆོག་གསུཾ་ ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་དང་། འདོད་པའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གླེང་གཞི་ནི་མཉན་དུ་ཡོད་པའོ། །དེ་ནས་འདོད་པའི་དབང་ཕྱུག་རིག་སྔགས་འཆང་དང་བཅས་པར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། བཅོམ་ 100-1-308a ལྡན་འདས་ཀྱི་སྤྱན་སྔར་རིག་སྔགས་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་སྔགས་ཀྱི་བློན་མོ་ཞེས་བགྱི་བ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་བཤད་པར་ འཚལ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་སྨན་པར་འགྱུར་བ་དང་རྩེད་མོ་དང་ལས་ཐམས་ཅད་བགྱིད་པ་དང་ལས་ཐམས་ཅད་བསྒྲུབ་པའི་སླད་དུ་བཞེས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། འདོད་པའི་དབང་ཕྱུག་ངའི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་འདོད་ཆགས་དང་ལྡན་པ་དག་ཡོད་དེ། །དེ་དག་གི་བར་དུ་གཅོད་པར་འགྱུར་གྱིས་མཐོང་ཤིག་དེ་དག་འདོད་པའི་དབང་ཕྱུག་གི་ ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་འདོད་ཆགས་དང་ལྡན་པ་མ་མཆིས་པ་དེ་དག་ལ་རིག་སྔགས་ཀྱི་ རྩེད་མོར་འགྱུར་ན། བདག་གི་དེ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྟག་ཏུ་ཞམ་འབྲིང་ན་འདུག་ཅིང་གཡོན་ཕྱོགས་ན་གནས་པ། གནོད་སྦྱིན་ལག་ན་རྡོ་རྗེ་ལ་གཟིགས་སོ། །དེ་ནས་གནོད་ སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་བལྟས་ནས་འདོད་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །འདོད་པའི་དབང་ཕྱུག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་རིག་སྔགས་དེ་ཤོད་ཅིག་ཤོད་ཅིག །དེ་ནས་ འདོད་པའི་དབང་ཕྱུག་དགའ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེའི་ཚེ་རིག་སྔགས་འདི་བཤད་དོ། །སྱཱདྱ་ཐེ་དཾ་ཨི་ཏ་ཡོ་པ་བ་ཏི་སཾ་བ་ཏི་བྷ་ཡ་ནཾ། ཙི་ལི་ཏ་ནི་ཙ། ཡོ་ཏ་ན་དྷརྨ་མ་བི་ཛ་ ནི་ཏི་པྲ་བནྟུ་ནཾ། ཨ་ཏི་ཀྲ་ནཾ་ཏཾ་བཻ་མ་དེ་བ་ནཱ་མ་སེ་ན་ཏི་སརྦ་སིདྡྷ་ཙ་ཡོ་གི་ནི། ཡེ་ན་སིཏྟྱ་ན། བྷ་ག་བཾ། ཤཱ་སྟ་ལོ་ཀེ་ཨ་ནུཏྟ་ར། ཨ་ནེ་སཾ་ཏྱཾ་བཱ་ཙ་ནེ། ན་ཨ་ཡི་མ་བིཏྩ་ས་མུ་ཛ་ས་མ་ཡྱ་བི་ད། ཁི་ནི་ཁི་ནི། ཀུཎྜ་ལ་མུ་ཁུ་ཀི་སྭཱ་ཧཱ། 100-1-308b ཀུ་ཏི་ཉྫ་རེ་ཀུ་ཏི་ཉྫ་ཡེ། ཏམྦུ་ལེ། སུཾ་ད་ཀུཾ་ཕེ་བ་སྟེ། པྲ་སེ་ཨ་ག་སྟེ་ཐཾ་ག་ཏི་ནི་པ་ཀ་སིདྡྷ་ཀརྨ་བི་ནཱ་ཤ་ནི་ཡ་ཡ་ཀརྨ་མ་ཧ་སྲ་ནི་པྲ་ཡུཀྟ། ནི་བ་ན་ཡེ་ཏ། ཀྲི་ཏཾ་ཡ་མ། ཨིནྡྲཱ་ག་ནི། མནྟྲི་ཎ། ཙིཏྟ་རོ་རི་ཤ་བ། ཙ་ཏུཪྞི། ཤ་ན་སུ་ ཀྲི་ཏཾ་ཀུནྡ། ཙཱུརྞ་ཡོ་གོ་བ་དི་ཡེ་ཏེ། སུ་ཧྲྀ་དྲ་དྲེ། སྟྲཱཾ་སྟྲཱཾ་ཧྲྀ་ད་ཡཾ། བ་ཤཾ་བཾ། བཤྩ་ཧྲྀ་ད་ཡ། བི་དྱེ་ཤྭ་ན། ཛམྦྷ་ནཾ། སྟམྦྷ་ནཾ། མོ་ཧ་ནཾ། ཙ་ཀ་རི་ཤེ་ཏི། ཙཎྜ་ལཱི་བཪྵ་ཛཱ། བི་ཏེ་པྲ་ཡུཀྟ་མཱུ་ལ་ཀརྨ་སུ་པ་ཏ་པཱཾ་སུ་ར་ཛཱ་ན་ཙཻ་བ་སརྦ་མེ་ད་ནི་ཀཱ་ར་ཡེད་ ད། ཨེ་ཀ་ཨུཏྟ་བ་ནེ་ཏོ། དེ་ན་རི་བ་ར་བི་ནཱ་ཤ་ནེ་སརྦ་ཀརྨ་རི་བིདྱ་དེ་མརྡ་དཏྟ། པ་ཤེ་སྱཱཏྟེ། བཛྲ་པཱ་ཎི། མ་ཏེ་གཽ་རེ། བིདྱ་རཱ་ཛཱ་ཨ་ནུཏྟ་ར། ཨོཾ་ཛམྦྷ་ཡ་སྭཱ་ཧཱ། སྟམྦྷ་ཡ་སྭཱ་ཧཱ། མོ་ཧ་ཡ་སྭཱ་ཧཱ། མཱ་ལཱ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། ཡ་མ་མ་མཱ་སྭཱ་ཧཱ། བཛྲཱ་ཡ་སྭཱ་ཧཱ། མ་ཧཱ་བཛྲཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎ་ཡེ་སྭཱ་ཧཱ། བཛྲ་ཧསྟཱ་ཡ་སྭཱ་ཧཱ། བཛྲོ་གྲ་ཧསྟཱ་ཡ་སྭཱ་ཧཱ། བཛྲ་དཎྜཱ་ཡ་སྭཱ་ཧཱ། བཛྲོ་གྲ་དཎྜཱ་ཡ་སྭཱ་ཧཱ། བི་ཤྭ་པཱ་ཎ་ཡེ་སྭཱ་ཧཱ། ན་མཿཀཱ་མེ་ཤྭ་ར་བཛྲ་པཱ་ཎ་ཡེ་སྭཱ་ཧཱ། རིག་སྔགས་འདོད་པའི་རྡོ་རྗེ་མ། །འདི་ནི་རླུང་གི་ཤུགས་ཞེས་བྱ། །འདོད་པའི་ཁམས་ནི་ཀུན་གྱི་མཆོག །རིག་སྔགས་རྒྱལ་མོ་བླ་ན་མེད། །འདོད་པའི་ཁམས་གནས་ཅི་ཡང་རུང་། །འདོད་པ་འམ་འདོད་པ་ཞིག་བར་རུང་། །རབ་ཏུ་བསྒྲུབྶ་ ན་དེ་དག་ནི། །དོན་དུ་མི་སྒྲུབ་གང་ཡང་མེད། །ལས་ཀྱི་དམ་པ་ཇི་བཞིན་དང་། །ཁྱད་པར་དང་ནི་བསྒྲུབ་པའི་མཆོག །དེ་ཉིད་ཐོག་མར་བཤད་པར་བྱ། །རང་བྱུང་ལ་ནི་ཕྱག་བྱས་ནས། །སངས་རྒྱས་བྱང་ཆུབ་ཤིང་དྲུང་དུ། །ཤར་ཕྱོགས་བལྟ་ཞིང་ འདུག་པར་བྱ། །ཀཪྣི་ཀ་རའི་མེ་ཏོག་དང་། །དེ་ནི་བཅོ་མའི་གསེར་མདོག་འདྲ། །སངས་རྒྱས་ཀྱི་ནི་གཡས་ལོགས་སུ། །རིགས་མཆོག་རབ་སྦྱིན་ཤེས་ཉེན་ཅན། །འདོད་པའི་དབང་ཕྱུག་རྨ་བྱ་ཡི། །མགྲིན་པ་བཞིན་དུ་སྔོ་བར་བྲི། །སངས་རྒྱས་ཀྱི་ནི་ གཡོན་ལོགས་སུ། །མངའ་བདག་རྡོ་རྗེ་འཛིན་ཆེན་ནི། །སྤྲིན་དམར་མདོག་འདྲ་འོད་དང་བཅས། །དཔལ་མཆོག་པད་མར་བཞུགས་པ་བྲི། །དེ་ནས་མར་གྱི་བརྒྱད་ལ་བརྩམས། །ནས་ཀྱི་ཟས་བཟའ་དུས་སུམ་བཅུ། །དུས་གསུམ་དུ་ནི་བསྒྲིམ་ 100-1-309a བྱ་ཞིང་། །ཆོ་ག་འདི་ནི་རྟག་ཏུ་བྱ། །མེ་ཏོག་དཀར་པོ་སྔོན་པོ་དང་། །དམར་པོ་དང་ནི་རྣམ་པ་གསུམ། །བླངས་ཏེ་གནས་དེར་ཞུགས་ནས་ནི། །ཆོ་ག་བཞིན་དུ་མཆོད་པར་བྱ། །དེར་ནི་ལྔ་བཅུ་གཅིག་བཟླས་པས། །ཚེས་གྲངས་བཅུ་གཉིས་ བར་དུ་ཡང་། །དཀར་པོ་སངས་རྒྱས་བསྣུན་པར་བྱ། །སྔོན་པོས་འདོད་པའི་དབང་ཕྱུག་ལ། །པད་མ་དམར་པོ་ལ་སོགས་པས། །ལག་ན་རྡོ་རྗེ་བསྣུན་པས་ཀྱང་། །ཞག་གསུམ་ཁྲུས་བྱས་གསོ་སྦྱོང་ལྡན། །བཅྭ་ལྔ་ཡི་ནི་གཙང་མ་ཡིས། །ལྷ་བཤོས་ སྣ་ཚོགས་ཀུན་དུ་དགྲམ། །དུ་རུ་སྐ་དང་ཨ་ཀ་རུ། །སངས་རྒྱས་ཀྱི་ནི་བདུག་མཆོག་བསྲེག །ཐང་ཆུའི་སྣོད་ནི་ཐ་དད་བཞག །ལག་ན་རྡོ་རྗེ་གུ་གུལ་དབུལ། །སངས་རྒྱས་རིག་སྔགས་རྡོ་རྗེ་འཛིན། །སློབ་དཔོན་ལ་ནི་གུས་མཆོད་བྱ། །དེ་ནས་ སེམས་ནི་བསྡུས་ནས་ཀྱང་། །མཆོད་པ་དག་ནི་རྒྱས་པར་བྱ། །བདེན་པ་བཞི་ནི་སྟོན་པ་པོས། །མེ་ཏོག་དཀར་པོ་བཅོམ་ལྡན་ལ། །བཞི་བརྒྱ་འམ་བརྒྱད་བརྒྱ་དམ་པ་ཡིས། །བཟླས་ཤིང་བཟླས་ཤིང་བསྣུན་པར་བྱ། །སྔོ་བའི་ནང་ན་མདོག་སྔོན་ མཆོག །སུམ་བརྒྱས་འདོད་པའི་དབང་ཕྱུག་ལ། །དམར་བའི་ནང་ན་མདོག་དམར་མཆོག །སུམ་བརྒྱས་རྡོ་རྗེ་འཛིན་ལ་བསྣུན། །བསྲུང་བ་ལ་ནི་ཁྲི་ལམ་དུ། །ཟླ་གཅིག་བརྒྱད་བརྒྱ་བཟླས་བརྗོད་བྱ། །བསྒྲུབ་པ་ཐོག་མ་ཐ་མར་ཡང་། །སྐུད་པ་ ནག་པོས་བཅིང་བར་བྱ། །བ་ཏི་བི་ད་ར་རཀྵ་དྷ་རེ་རཀྵ། མ་ཧཱ་དྷ་ནི་རཀྵ། ཏ་ཐཱ་ག་ཏ་ས་ཧ་ཛ་ཏ་རཀྵ། པུཥྤ་ཀེ་ཏུ་རཀྵ། ཨ་པ་ཏ་རཀྵ་སྭཱ་ཧཱ། རྩ་བའི་སྐུད་པ་གཙང་བྱས་ནས། །བསྒྲུབ་པ་དེ་ལྟར་བསྲུང་བྱས་ལ། །མཚམས་བཅད་པ་ནི་འདིས་ བྱས་ན། །མཚམས་བཅད་ཀུན་གྱི་མཆོག་ཏུ་འགྱུར། །དྷ་ནི་ཀ་ནི་དྷ་ནེ་ཀེ་ནི་སརྦ་སི་མ་བནྡྷཱ་ནི་སྭཱ་ཧཱ། མཚམས་བཅད་ཀྱི་ནི་མེ་འདི་ཡང་། །བརྒྱད་བརྒྱ་བཟླས་སམ་ཡང་ན་ནི། །དེ་བཞིན་ཚོན་སྐུད་སྣ་ཚོགས་ཀྱིས། །གནས་རྣམས་ ཀུན་ཏུ་བསྐོར་བར་བྱ། །དངོས་གྲུབ་བསྒྲུབ་ཅིང་ནོར་འདོད་པས། །དངོས་གྲུབ་ལྟས་ནི་བལྟ་བའི་ཕྱིར། །རིག་སྔགས་རྒྱལ་དབང་གྲུབ་རྣམས་ཀྱི། །བསྒྲུབ་པའི་ཚིག་ནི་བཟླས་བརྗོད་བྱ། །ཨ་གཾ་དེ་སཱ་དྷ་ཡ་ཨ་མོ་གེ་སཱ་དྷ་ཡ། ས་པ་ལེ་ 100-1-309b ས་དྷ་ཡ་ཨུཏྶ་དེ་སཏྟྱེ་ཏྱ་གེ་པྲཛྙེ་ཨུ་པ་ཤ་ཎེ་སཱ་དྷ་ཡ་སྭཱ་ཧཱ། །དེ་ནས་རིག་སྔགས་སྒྲུབ་པ་ན། །མཚན་མ་དག་ནི་རྟོགས་པར་བྱ། །སྐུ་གདུང་ལྡན་པའི་སྐུ་གཟུགས་དེ། །ཉི་མ་བཞིན་དུ་འབར་བར་འགྱུར། །དད་དང་མཆོད་པའི་ཉེས་པ་དང་། ། རིག་སྔགས་ཉམས་པའི་ཉེས་པ་ཡིས། །ཅི་སྟེ་དེར་ན་མ་གྲུབ་ན། །ཡར་གྱི་ངོ་ལ་འང་བསྒྲུབ་པར་བྱ། །དད་དང་མཆོད་དང་ཆོ་ག་ཡིས། །དེ་བཞིན་རྫོགས་པར་བརྩམ་པར་བྱ། །དུས་གསུམ་གཙང་སྦྲ་རྫོགས་བྱ་ཞིང་། །ནས་ཀྱི་ཁ་ཟས་དུས་ སུ་བཟའ། །བཟླས་བརྗོད་འདུན་པས་མཚན་མ་གསུམ། །མ་བྱུང་བར་དུ་བཟླས་བརྗོད་བྱ། །སངས་རྒྱས་ཞལ་ནས་ཨནྡ་རྙིལ། །ཡང་ན་མཐོན་ཀ་ཆེན་པོ་འབྱུང་། །འདོད་པའི་དབང་ཕྱུག་ཁ་ནས་ཀྱང་། །བཟང་པོ་དཀྱིལ་འཁོར་སྟེང་དུ་ ལྷུང་། །ལག་ན་རྡོ་རྗེའི་ཁ་ནས་ཀྱང་། །ཕུན་སུམ་ཚོགས་པའི་དབྱིག་རྣམས་འབྱུང་། །ཡིད་བཞིན་ནོར་བུ་འདྲ་བ་ཡི། །ནོར་བུ་ལེགས་སྡུག་མགོ་ལ་གདགས། །འདོད་ན་གཡས་པའི་ཁྲིག་མར་ཡང་། །ཆོ་ག་བཞིན་དུ་གདགས་པར་བྱ། །ས་དང་ ནམ་མཁའ་སྣང་བྱེད་ཅིང་། །འཁོར་ལོས་སྒྱུར་བ་གཞན་བཞིན་འགྱུར། །ནོར་བུའི་མཐུས་ནི་འཇིགས་བྱེད་ཅིང་། །རིག་སྔགས་གྲུབ་མཐུས་སྟོབས་ཆེན་འགྱུར། །དེས་ནི་མུན་པར་འཇིགས་བྱེད་ཅིང་། །རྒྱ་མཚོ་ཆེན་པོར་འཇིགས་པ་ མེད། །འདོད་པ་དག་ལ་མཆོད་པར་འགྱུར། །རིག་སྔགས་མཆོག་བསྒྲུབས་སྐྱབས་ཀྱི་མཆོག །དེ་ཡང་རིན་ཆེན་སྤྱོད་ཀུན་གྱི། །ནང་ན་ཚུགས་པར་ནུས་པ་མེད། །མུ་སྟེགས་རྣམས་ཀྱིས་ཀུན་རིག་བཞིན། །ཇི་ལྟར་དབང་ཕྱུག་འདོད་ལ་ སྤྱོད། །འདོད་པ་ལྷག་མ་དེ་བཞིན་དུ། །རིག་པའི་རྒྱལ་པོ་མཆོག་བསྒྲུབ་སྟེ། །འདོད་ལ་མངོན་དུ་སྤྱོད་པར་འགྱུར། །ཅི་སྟེ་དད་ཅིང་གུས་པ་དང་། །ལག་ན་རྡོ་རྗེ་ཆོ་ག་ཤེས། །དེ་ཡང་རྡོ་རྗེ་འཛིན་བཞིན་དུ། །འཇིག་རྟེན་གསུམ་ན་འཇིགས་ མེད་རྒྱུ། །དབྱིག་རྣམས་དང་ནི་དོང་ཙེ་དག །འཕགས་པ་ལ་ལས་བསྒྲུབ་ན་ཡང་། །གཉིས་ཀ་དེས་བསྒྲུབས་འཇིགས་པ་མེད། །བདེ་ཅན་དག་དང་ལྡན་པ་དང་། །ནག་མོ་ཆེ་དང་ལྡན་པ་དེས། །མངོན་དུ་ཡིད་བཞིན་ནོར་བུ་འཆང་། །གྲོང་ཁྱེར་ 100-1-310a རྒྱལ་པོ་བཞིན་དུ་འཐོབ། །བྱ་བ་མང་ལས་བརྟེན་པ་དང་། །རྣམ་པ་མང་པོ་སྣ་ཚོགས་པ། །མང་པོ་འདི་དག་ཅི་སྨོས་ཏེ། །མདོ་ཙམ་འདི་ནི་མཉན་པར་གྱིས། །འདོད་པ་ཡི་ནི་རྡོ་རྗེ་མ། །འདི་ནི་ལས་ཀུན་བསྒྲུབ་པ་སྟེ། །བློན་མོ་ རྣམས་ཀྱི་དམ་པའི་མཆོག །ལས་རྣམས་ཀུན་ལ་དོན་ཡོད་པ། །ཅི་སྟེ་ཡིད་ལ་འདོད་པ་ཡི། །དངོས་གྲུབ་བདེ་མཆོག་དགོངས་ན་ཡང་། །བྱ་བའི་དོན་ཀུན་གྲུབ་པ་ཡི། །འདོད་པའི་རྡོ་རྗེ་མ་ཉིད་བསྒྲུབ། །རྟག་ཏུ་རང་དགར་བདེ་བ་སྦྱིན། ། རང་དགར་འགྲོ་བའི་གཞི་ཡང་ཡིན། །རང་དགར་རྩེ་ཞིང་སྤྱོད་པ་ཡང་། །འཆང་བ་ལ་སོགས་རང་དགར་འགྱུར། །འདི་ནི་སྤྲོ་བའི་ངང་ཅན་ལ། །ནམས་ཀྱང་རྒྱབ་ཀྱིས་ཕྱོགས་མི་འགྱུར། །བསྒྲུབ་པ་དེ་ཡང་འཇོམས་མི་བྱེད། །འབྲས་ བུ་མེད་པར་མི་འགྱུར་ལ། །བགེགས་ཀྱང་བྱེད་པར་མི་འགྱུར་རོ། །དཀྱིལ་འཁོར་ལས་ནི་ཉམས་གྱུར་དང་། །དམ་ཚིག་དག་ཀྱང་སྤངས་པ་དང་། །སངས་རྒྱས་རྡོ་རྗེ་འཛིན་མཆོག་སོགས། །མ་དད་རྣམས་ལ་གྲུབ་མི་འགྱུར། །དེ་ཕྱིར་ དཀོན་མཆོག་གསུམ་པོ་དང་། །དེ་བཞིན་རྡོ་རྗེ་འཛིན་པ་དང་། །རིག་སྔགས་རང་གི་བླ་མ་ལ། །གུས་བྱས་མཆོད་ཅིང་བསྒྲུབ་པར་བྱ། །བསྒྲུབ་པ་དག་ནི་མ་བྱས་ཀྱང་། །རྩ་བའི་རིག་སྔགས་སྟོབས་ལྡན་པ། །ལས་རྣམས་སྟོང་དག་ འགྲུབ་བྱེད་པ། །གང་ཡིན་དེ་དག་ཤེས་པར་གྱིས། །ཀྲི་ཀ་མ་ལ་ཀའི་ཤིང་། །ཡམ་བསྲེག་ཤིང་ནི་བརྒྱ་རྩ་བརྒྱད། །གཙང་མའི་ཕྱོགས་སུ་མེ་སྦར་ཏེ། །ཆོ་ག་དག་ནི་རྒྱས་པར་བྱ། །ཞག་བདུན་བར་དུ་དུས་གསུམ་དུ། །དེ་བཞིན་ བཟླས་བརྗོད་བརྒྱད་བརྒྱ་བྱ། །མར་བཅས་འོ་ཐུག་སྦྲང་རྩིར་ལྡན། །མེ་མཆོག་སྦྱིན་སྲེག་བྱས་ན་ནི། །འདིས་ནི་རྒྱལ་པོ་འམ་ཡང་ན་ནི། །འཁོར་ལོས་སྒྱུར་བ་འང་དབང་གྱུར་ན། །རྒྱལ་སྲིད་དག་ལ་ཕན་པ་ཡི། །རྒྱལ་པོའི་འཁོར་ལྟ་ཅི་ ཞིག་སྨོས། །ལན་ཚྭ་ལས་ནི་གཟུགས་བྱས་ནས། །རྐང་པ་ནས་བརྩམ་སྦྱིན་སྲེག་བྱ། །ཆོ་ག་དེས་ནི་བུད་མེད་དང་། །སྐྱེས་པ་དབང་དུ་ཞུགས་པར་འགྱུར། །བུ་མོ་ཡི་ནི་གཟུགས་བྱས་ནས། །རྐང་པ་ནས་བརྩམས་སྦྱིན་སྲེག་བྱ། །ཆོ་ག་དེས་ནི་ 100-1-310b བུད་མེད་རྣམས། ། དབང་དུ་བྱ་བ་བསྟན་པ་ཡིན། །ལོ་མའི་སྦྲང་མའི་དཔུང་བྱས་ནས། །ཡུངས་ཀར་མེ་ཏོག་བསྲེགས་པ་ཡིས། །དེ་བཞིན་ཞག་བདུན་དུས་གསུམ་དུ། །རབ་ཏུ་བསྒྲིམས་ཏེ་མཆོད་པར་བྱ། །དེ་ནི་ཡུངས་ཀར་མེ་ཏོག་གིས། །ཞག་ བདུན་བར་དུ་བསྒྲུབས་ན་ནི། །ལན་བདུན་བཟླས་པ་འགྲུབ་འགྱུར་ཏེ། །ལོ་མའི་སྦྲང་མ་འཕྲོ་བར་འགྱུར། །ཆོ་ག་དག་ནི་མཆོག་དང་ནི། །དེ་བཞིན་མན་ཏ་ཀ་བླངས་ནས། །བཟླས་བརྗོད་བརྒྱད་བརྒྱ་བཟླས་བྱ་ཞིང་། །ཐོག་མར་ལེགས་པར་ མཆོད་བྱས་ནས། །གང་གི་མིང་ནི་བརྗོད་པ་དེ། །སྐད་ཅིག་གིས་ནི་དབང་དུ་འགྱུར། །དེ་བཞིན་ཆོ་ག་བྱས་ནས་ནི། །ནན་ཏ་ཀ་ནི་ཕྱི་ནས་བླང་། །ཨ་ཀ་རུ་དང་ཙན་དན་དང་། །མ་རུ་པ་ཀ་རློན་པ་བླང་། །དྲི་ལ་སོགས་པ་དེ་དག་གིས། །ཁྲུས་ བྱས་སྐྱེ་བོ་ཐམས་ཅད་དགྲ། །ཐོག་མར་མཆོད་པ་ལ་སོགས་པ། །བྱེད་ཅིང་བྱེད་ཅིང་ཞག་བདུན་དུ། །དུས་གསུམ་བརྒྱད་བརྒྱ་བཟླས་བརྗོད་བྱ། །ཕྱི་ནས་མཁས་པས་ཁྲུས་ཀྱང་བྱ། །མར་གྱི་ངོ་ནི་བཅུ་བཞི་ལ། །བཟླས་བརྗོད་བརྒྱ་རྩ་ བརྒྱད་བྱས་ན། །རྒྱལ་པོས་དེ་ལ་མཆོད་པར་བྱ། །བོང་ང་ཡི་ནི་རྩ་བ་ཡང་། །བྱང་ཕྱོགས་བལྟ་ཞིང་བརྐོ་བར་བྱ། །དེ་ནས་དེ་ཡི་ཤུན་ལྤགས་ནི། །མར་གྱི་ངོ་ཡི་བཅུ་བཞི་ལ། །ཕྱེ་མར་བྱས་ནས་བཟླས་བརྗོད་བྱ། །དེ་བཞིན་བརྒྱད་བརྒྱ་བཟླས་ནས་ ནི། །ཕུར་མར་བྱས་ཏེ་བཅང་བར་བྱ། །བུད་མེད་ལ་ནི་དེས་གཏོར་ན། །དེ་མ་ཐག་ཏུ་དབང་དུ་འགྱུར། །ཐམས་ཅད་དབྱེ་བར་བྱ་བ་ནི། །ནིམ་པའི་ཡལ་ག་བསྲེག་བྱ་ཞིང་། །འདི་དང་འདི་གཉིས་རྩོད་གྱུར་ཅིག །ཅེས་བྱ་ཆོ་ག་གསང་བ་ཡིན། ། དེ་ལས་ཕྱིར་གསོ་དམ་པ་ནི། །གསང་སྔགས་འདིས་ནི་བཀྲུ་བར་བྱ། །དྲི་ལ་སོགས་པས་སྙིང་ནས་མཆོད། །བཟླས་བརྗོད་བརྒྱད་བརྒྱ་བྱས་ན་ནི། །བྱད་སྟེམས་དགྲོལ་བའི་མཆོག་ཡིན་ཏེ། །ཅི་དགའ་བར་ནི་བརྩམ་བྱ་ཞིང་། ། ཞག་བདུན་བར་དུ་བསྒྲུབས་ན་ནི། །མི་སོང་འཇིགས་མེད་འབབ་པར་འགྱུར། །ཀརྞ་པི་ལུ་ལི་གཅིག་དང་། །སྐྱེ་ཚེའི་འབྲུ་དང་ལན་ཚྭ་དང་། །ནིམ་པའི་འབྲུ་དང་རས་བལ་གྱི། །ས་བོན་དེ་དག་སྦྱིན་སྲེག་བྱ། །འདི་ནས་གཞན་དུ་ 100-1-311a ཆེ་གེ་མོ། །སོང་ཤིག་བྲོས་ཤིག་མེད་གྱུར་ཅིག །ཅེས་ནི་མིང་ཡང་བརྗོད་བྱས་ན། །འགྲོ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ལས་སླར་ནི་གསོ་བ་དང་། །བཞག་པར་བྱས་ན་ལན་བདུན་དུ། །དེ་ལ་བསྲུང་བ་མཆོག་བྱས་ན། ། གནས་སུ་དགའ་བར་བྱེད་པར་འགྱུར། །བ་ཏ་ལའི་ལོ་མ་དང་། །བིལ་བ་འཛམ་བུ་ཨ་མྲ་དང་། །སྐྱུ་རུ་ར་ལ་སོགས་པ་ཡིས། །སྐལ་ཆུང་དེ་ནི་ཁྲུས་བྱས་ན། །སྐལ་དང་ལྡན་པར་བྱེད་པའི་མཆོག །གོས་འདོད་པ་ཤའི་མེ་ཏོག་ རྣམས། །སྦྱིན་སྲེག་བྱས་ན་གོས་རྣམས་ཐོབ། །ཧི་རྞ་ནེ་མུ་ལི་ཀི་རྣམས། །སྦྱིན་སྲེག་བྱས་ན་དབྱིག་རྣམས་འཕེལ། །གསེར་འདོད་བས་ནི་སུ་བརྞ། །ཚུལ་བཞིན་སྦྱིན་སྲེག་བྱས་ན་འཐོབ། །གསེར་བསྒྲུབ་པ་ཡི་ནང་ན་ནི། །ཆོ་ག་འདི་ནི་མཆོག་ཏུ་བཤད། ། འདོད་པའི་རྡོ་རྗེ་མའི་ཆོ་ག་རྫོགས་སྷོ།། །། དེ་ནས་རྡོ་རྗེ་འོག་ཕག་ཅན། །གནོད་སྦྱིན་རྣམས་ཀྱི་སྙིང་པོ་སྟེ། །འཕྲོག་མ་ཞེས་ཀྱང་རབ་གྲགས་ཏེ། །འབར་བ་དེ་ནི་བཤད་པར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་སྡེའི་བདག་པོ་ལག་ན་རྡོ་རྗེ་གསུམ་པོ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྔས་རྩེན་ལ་ཕྱག་འཚལ་ལོ། །གནོད་སྦྱིན་མོ་ཆེན་མོ་འཕྲོག་མ་རྡོ་རྗེའི་འོག་ཕག་ཅན་རིགས་ ཐམས་ཅད་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱ་ཡིས། ཁྱེད་ཀུན་ང་ལ་ཉོན་ཅིག །མཐོང་ན་དོན་ཡོད་ཞི་བ་དང་། །གསུམ་མཆོག་བལྟ་ན་མི་བཟད་དང་། །འབྱུང་པོ་ཐམས་ཅད་རབ་ཞི་ བྱེད། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ནོར་གྱི་བདག་པོ་རྣམས་ཐོས་བུ། །གནོད་སྦྱིན་ཀུན་གྱི་མངའ་བདག་རྗེ། །གནོད་སྦྱིན་གང་དག་རི་ལ་གནས། །ས་ཏི་རི་དང་རི་བོ་ཆེ། །ཞོ་གདོང་དང་ནི་གདོང་རྒྱས་དང་། །འདོད་པའི་དོན་སྦྱིན་གནོད་སྦྱིན་གང་། ། མཚོན་ཆ་འཐབ་ཆ་སྣ་ཚོགས་ཅན། །སྟོབས་ལྡན་རྫུ་འཕྲུལ་ཆེན་པོ་དང་། །རྒྱལ་དང་རྣམ་པར་རྒྱལ་བ་དང་། །པད་མ་དཀར་དང་དགྲ་འཇོམས་དང་། །རྒྱན་ཕྲེང་རྒྱས་དང་རྒྱན་ཕྲེང་ཆེ། །བདུད་རྩི་སྙིང་རྗེ་སྙིང་རྗེ་གྲོང་། །གནོད་སྦྱིན་ཆེན་པོ་ 100-1-311b ལྔས་རྩེན་དང་། །གནོད་སྦྱིན་ན་ལ་ཀུ་བེ་ར། །ནོར་བུའི་སུལ་ཅན་གནོད་སྦྱིན་གང་། །ནོར་བུ་བཟང་ཞེས་གྲགས་པ་དང་། །རྫོགས་ལྡན་དང་ནི་རྫོགས་བཟངས་དང་། །རབ་ཏུ་བཟང་དང་བཟང་པོ་ཉིད། །བདག་གི་སྙིང་པོས་བཀུག་པས་ན། །དེ་དག་ ཐམས་ཅད་འདིར་གཤེགས་ཤིག །མ་སྨོས་གནོད་སྦྱིན་དེ་དག་དང་། །བདག་གི་དོན་གྲུབ་དེ་དག་དང་། །རྟག་ཏུ་དགེ་དང་ཕན་བྱེད་དང་། །གནོད་སྦྱིན་གདོན་ནི་སྐྱེད་བྱེད་དང་། །གནོད་སྦྱིན་མོ་ནི་འཕྲོག་མ་མོ། །བུ་མངས་ཁྱོད་ནི་འདིར་ཤོག་ཤིག ། གཟུགས་ཆེན་ལྡན་ཞིང་སྟོབས་ཆེ་བའི། །བུ་དེ་དག་ཀྱང་འདིར་ཤོག་ཤིག །ཁྱོད་ནི་རྟག་ཏུ་གནོད་སྦྱིན་དང་། །བུའི་འཁོར་དང་ལྷན་ཅིག་ཏུ། །ལག་ན་རྡོ་རྗེས་རབ་བསྐུལ་བས། །ལས་རྣམས་ཐམས་ཅད་བསྒྲུབ་པར་གྱིས། །དགྲ་ཡི་ ཕྱོགས་དང་མཛའ་བོའི་ཕྱོགས། །དེ་བཞིན་རྒྱལ་པོ་ས་གང་དང་། །ནགས་དང་བྲག་ཁྲོད་རྫོང་རྣམས་དང་། །གཡུལ་དུ་རྒྱལ་བར་བྱ་བ་དང་། །རྒྱས་པ་ཡི་ནི་ལས་རྣམས་དང་། །རྩོད་པ་དང་ནི་འཐབ་པ་དང་། །བསྲུང་བའི་ལས་དང་ དབང་བསྒྲུབ་དང་། །བག་མ་དག་ནི་ལེན་པ་ལ། །ལག་ན་རྡོ་རྗེས་བཤད་པ་བཞིན། །རྡོ་རྗེ་དབྱུག་སོགས་ལྷན་ཅིག་ཏུ། །དམ་པ་འཆང་བའི་འོག་ཕག་མས། །དོན་རྣམས་ཐམས་ཅད་མྱུར་ཏེ་གྱིས། །སྱཱ་དྱ་ཐེ་དན། ཨ་མ་ལེ། བི་མ་ལེ་ནིར་མ་ལེ། མཱང་ག་ལྱ་ས་ཧི་ཏེ། ཧ་ན་ཧ་ན། ས་ར་ས་ར། ཨ་ཤ་ནེ་བེ་ནཱ་མ་ཏིཥྛ་རཱ་ཛཱ་དཱུ་ཏི་དེ་བ་དཱུ་ཏི། ཡཀྵ་དཱུ་ཏི་བཛྲ་དཱུ་ཏི་སརྦ་གྲ་ཧ་ནཱ་ཤ་ནི་ཤ་ཏྲུ་པྲ་མརྡ་ནི་བཛྲ་དཱུ་ཏི་ཨི་དཾ། ཀུརྦཱ་ཧི་བཛྲེ་སཱ་ད་ཡ་ཀཱ་རྱ་མ་མ་པ་རེ་ཤཾ་དྷུ་བྷ་ག་ཀཱ་རྱ་མ་བྷི་དུཥྚི་ཀ་དུརྨུ་ ཁེ་དུརྨ་ཁ་མེ་མ་མ། ཤ་ཏྲ་བོ། ནཱ་ཐ་བྷ་ནྦྷ་བི་ཛ་ཡེ་བི་ཛ་ཡོ་མེ། བྷ་བ་ཏུ་ཨ་པ་རཱ་ཛི་ཏེ། ཨ་པ་རཱ་ཛ་ཡོ་མེ་བྷ་བ་ཏུ་བ་ལ་བ་ལ། བནྟོ་བྷཾ་བཱ་མི་མ་ཏི་དྷི་ཏ་མནྟོ་བྷ་བ་ནི། ཨ་མ་ལེ་མཾ་ག་ལྱེ། མ་རེ་ཧི་ཏཾ། བི་མ་ལྱེ། ན་ཤེ་ཧ་ཏཾ། མཾ་ག་ལེ། མ་རེ་ཧི་ཏཾ་བི་མ་ལེ། ན་ཤེ་ཧི་ཏཾ། དནྟ་ད་ཀརྨ་དནྟེ་ཧི་ད་ན་ལ་གྷུ་པཱ་ཤ་ནི་པྲ་ཤེ་ཧི་ཏཾ། སརྦ་རཱ་ཛཱ་དྭཱ་ར་བི་རཱ་ཛཱ་ནི་ཨ་པ་རཱ་ཛི་ཏི། སརྦཱ་ཡཀྵ་ཧྲྀ་ད་ཡ་བརྟ་ནི། ཨ་པ་ཡཱ་མི་བཱ་པི་ཙ་ཨ་ནུ་ས་ར་ས་ར་སརྦ་ཡཀྵ་ཧྲྀ་ད་ཡཱ་ནི་ཨ་བི་བ་པི་ཙ་ 100-1-312a སོ་ནི་སོ་ནི། ས་ར་ས་ར། ས་མ་ཡ་མ་ནུ་སྨ་ར། ཨ་ཡཱ་ན། ཡ་ན་སཾ་ཙ་ལ་ནི། སརྦ་ཡཀྵ་ཧྲྀ་ད་ཡཱ་ནི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷཉྩ་བྷཉྩ། བྷ་ན་བྷ་ན། མུ་རུ་མུ་རུ། ཏུ་རུ་ཏུ་རུ། བྷ་བ་བྷ་བ། རཀྵ་རཀྵ་མཾ་ཀརྨ་དཱུ་ཏི་མ་མ་ ཀརྨ། པྲ་བྷི་ཤ །སརྦ་ཨརྠ་སཱ་དྷ་ནི། སརྦ་ཨརྠ་སཱ་དྷ་མ་མེ་སཱ་དྷ་ཡ། ཨི་དཉྩ་མེ། ཀརྱཾ་ཀེུ་རུ་ཀུ་རུ་སྭཱ་ཧཱ། རིག་སྔགས་རྡོ་རྗེ་འོག་ཕག་ཅན། །གནོད་སྦྱིན་ཀུན་གྱི་སྙིང་པོ་སྟེ། །འཕྲོག་མ་ཞེས་ཀྱང་རབ་གྲགས་པ། །ཤེས་ ལྡན་དེ་ནི་བཤད་པ་ཡིན། །དཀྱིལ་འཁོར་གྱི་ནི་ལས་མཐོང་དང་། །དཀྱིལ་འཁོར་བསྒྲུབ་པ་བྱས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་དུ། །ལས་ཀྱི་དཀྱིལ་འཁོར་མཆོག་མཆོད་ནས། །ཉིན་ཞག་གཅིག་ཏུ་སྨྱུང་བར་བྱ། ། ཡང་ན་ཞག་གསུམ་སྨྱུང་བྱས་ལ། །གཙང་མས་གཙང་མའི་ས་ཕྱོགས་སུ། །གནོད་སྦྱིན་དཀྱིལ་འཁོར་རབ་གསལ་བྲི། །ཡང་ན་ཞག་གི་ངོ་གཉིས་ལས། །གང་འདོད་པ་ཡི་མཚན་མ་ནི། །གྲུ་བཞི་ལྷམ་པ་སྒོ་བཞིར་ལྡན། ། ཁྲུ་བཅུ་པ་ལ་དབྱིབས་ལེགས་པ། །སངས་རྒྱས་དབུ་གསུམ་ཤར་ཕྱོགས་གཟིགས། །ཡང་ན་ཆོས་ཀྱི་དཀྱིལ་འཁོར་བྲི། །དེའི་གཡོན་ཕྱོགས་རིག་སྔགས་ཀྱི། །སྟོབས་འཆང་ལག་ན་རྡོ་རྗེ་བྲི། །སངས་རྒྱས་ཀྱི་ནི་ གཡས་ལོགས་སུ། །ནོར་གྱི་དབང་ཕྱུག་གནོད་སྦྱིན་བཅས། །དེ་དག་མདུན་དུ་འཕྲོག་མ་ནི། །འོག་ཕག་རིག་སྔགས་སྣ་ཚོགས་མཆོག །དེ་ཡི་རིག་སྔགས་ཚོགས་ཀུན་ནི། །གཡས་ཕྱོགས་ངོས་སུ་གནས་པར་བྱ། ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །དྲི་ཟ་མཆོག་གི་དཔུང་གིས་བསྐོར། །ཤར་ཕྱོགས་སྒོར་ནི་རབ་གནས་ཤིང་། །ནུབ་ཕྱོགས་སུ་ནི་བལྟ་བར་བྱ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །གྲུལ་བུམ་མཆོག་གི་དཔུང་གིས་བསྐོར། ། ལྷོ་ཕྱོགས་སྒོའི་ནང་ན་གནས། །ལྷོ་ཕྱོགས་ནས་ནི་བྱང་དུ་ལྟ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །ཀླུ་དག་དང་ནི་ནམ་མཁའ་ལྡིང་། །མཆོག་རྣམས་ཀྱི་ནི་མདུན་དུ་འདུག །ནུབ་ཕྱོགས་ནས་ནི་ཤར་དུ་ལྟ། །རྒྱལ་པོ་ཆེན་པོ་ 100-1-312b པོ་ཀུ་བེ་ར། །གནོད་སྦྱིན་མཆོག་གི་དཔུང་གིས་བསྐོར། །བྱང་ཕྱོགས་ཀྱི་ནི་སྒོ་ན་གནས། །ལྷོ་ཕྱོགས་ཕྱོགས་སུ་བལྟ་བར་བྱ། །ཁོ་ར་ཁོར་ཡུག་ཐམས་ཅད་ནས། །གདོན་རྣམས་བརྒྱད་བརྒྱས་བསྐོར་བར་བྱ། །མེ་རྣམས་ཀྱང་ནི་ཤིན་ཏུ་དགོད། ། བཤོས་རྣམས་ཀུན་དུ་དགྲམ་པར་བྱ། །དེ་ནས་གནོད་སྦྱིན་གཏོར་མ་ཡང་། །ཤ་བཅས་དཀྱིལ་འཁོར་ནང་དུ་དགྲམ། །མར་མེ་ལ་སོགས་དྲི་རྣམས་དང་། །མེ་ཏོག་འབྲས་བུ་ཀུན་གྱིས་བསྐོར། །དེ་ལྟར་བྱས་ན་རིག་སྔགས་ཆེ། །རྒྱལ་མོ་ ཡི་ནི་དམ་པ་འདི། །བཟླས་བརྗོད་བྱེད་ན་བཤོས་རྣམས་དང་། །བདུག་པ་དྲི་ལ་སོགས་པ་དབུལ། །བཟླས་བརྗོད་བསྙེན་པ་གྲངས་མེད་པར། །བཟླས་བརྗོད་བྱ་ཞིང་ཀུན་ནས་མཆོད། །བདུག་པ་ཐམས་ཅད་ནང་དུ་བསྲེག །བཟླས་བརྗོད་ བརྒྱད་བརྒྱ་བཀྲ་ཤིས་པ། །མཁས་པས་སྔོན་དུ་བྱས་ན་ནི། །དེ་ཉིད་བསྲུང་བའི་མཆོག་ཡིན་ནོ། །དེ་ཉིད་རབ་ཏུ་བསྒྲུབ་པ་ཡིན། །ཕྱོགས་བཅིང་བ་ཡང་དེ་ཉིད་དེ། །དེ་ནས་འདིའི་བཟླས་བརྗོད་རྣམས། །བརྒྱ་རྩ་བརྒྱད་ནི་བཟླས་པ་ན། ། བསྒྲུབ་པའི་འཕྲོག་མ་འགུལ་བ་དང་། །ས་གཞི་དག་ཀྱང་གཡོ་བར་འགྱུར། །གནོད་སྦྱིན་རྣམ་པ་སྣ་ཚོགས་དག །ཀུན་ནས་དེར་ནི་སྣང་བར་འགྱུར། །གཡོ་ཞིང་སྒྲ་འབྱིན་ལྟ་བར་བྱེད། །རབ་ཏུ་འདུ་ཞིང་འཕུངས་པ་དང་། །འཇིགས་པའི་ གཟུགས་རྣམས་མཐོང་འགྱུར་ཞིང་། །གཟུགས་སོ་ཅོག་ནི་དུ་མར་སྟོན། །དེ་ནི་དེ་ཡིས་འཇིགས་མི་བྱ། །སངས་རྒྱས་ཀྱི་ནི་དྲུང་དག་ཏུ། །རིག་སྔགས་ཚོགས་ནི་བཟླས་བརྗོད་བྱ། །རིག་སྔགས་རྒྱལ་པོ་རབ་འབར་བ། །རྡོ་རྗེ་འོག་ ཕག་རྣམ་བསྒྲགས་པ། །དེ་ཚེ་བདག་ཉིད་འོང་བར་འགྱུར། །དེ་མཐོང་དེ་ནི་སྡེ་དང་བཅས། །མཁའ་ལ་རྒྱུ་བའི་མཆོག་ཏུ་འགྱུར། །གཞོན་ནུ་ལ་སོགས་གནོད་སྦྱིན་གྱི། །ཚོགས་མཆོག་ཀུན་གྱིས་དེ་ལ་མཆོད། །གནོད་སྦྱིན་བཞིན་ དུ་འང་རྒྱུ་བ་དང་། །ཇི་བཞིན་སྟོབས་དང་ལྡན་པར་རྒྱུ། །དེ་སྲིད་དུ་ནི་མཁའ་ལ་འགྲོ། །ཡང་ན་ཚེ་དཔག་མེད་པར་གནས། །དཀྱིལ་འཁོར་མངོན་པར་མཆོད་ནས་ནི། །རྣམ་པ་ཀུན་གྱིས་རིག་སྔགས་བཟླས། །མ་གྲུབ་ན་ཡང་གདོན་ 100-1-313a ལ་སོགས། །ལས་རྣམས་ཐམས་ཅད་བྱེད་པར་ནུས། །ཡིད་དང་ཚིག་གིས་བཟླས་བྱས་ནས། །དོན་རྣམས་རྣམ་པ་སྣ་ཚོགས་པ། །ཐམས་ཅད་ཀྱང་ནི་བསྒྲུབ་པར་ནུས། །རྟག་ཏུ་བཟླས་བརྗོད་སྦྱིན་སྲེག་དང་། །མཆོད་པ་ ཀུན་དང་མཉམ་བཞག་དང་། །རྟག་ཏུ་མཆོད་པ་དགའ་བ་ཡིས། །དོན་རྣམས་ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེ་འོག་ཕག་ཅན་གྱི་ཆོ་ག་རྫོགས་སྷོ།། །། དེ་ནས་སྔགས་འཆང་ཀུན་གྱིས་མཆོད། །ལག་ན་རྡོ་རྗེའི་སྲས་གཏུཾ་ བ། །རྡོ་རྗེའི་སྡེ་ནི་སྟོབས་པོ་ཆེ། །མཐོང་ན་དོན་ཡོད་ཞི་བ་པོ། །གཏུམ་པོ་རྡོ་རྗེ་འཛིན་དགའ་བ། །འབར་བ་ཆེན་པོ་མཆོད་སྦྱིན་མཆོག །དོན་ཀུན་གྲུབ་བྱེད་བཤད་པར་བྱ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་མ་ཧཱ་སཏྭ་སྱ། སཏྭ་སཏྭ་སྱ། ཨ་ཏི་པ་ལ་སྱ། ཨ་པྲ་མེ། ཡ་བ་ལ་སྱ། བཛྲ་སེ་ནཱ་ཡ་སྱ། བཛྲ་ཀ་མ་ད་སྱ། ཏུ་རུ་ཏུ་རུ། བཛྲ་སེ་ནཱ་ཡ་སྭཱ་ཧཱ། ཀུ་རུ་ཀུ་རུ་མ་ཧཱ་སེ་ནཱ་ཡ་སྭཱ་ཧཱ། ཧུ་རུ་ཧུ་རུ། སརྦ་སཏྭ། པུ་ཛི་ཏཱ་ཡ་སྭཱ་ཧཱ། སུ་རུ་སུ་རུ། སཏྭ་ཀཱ་མ་ཏཱ་ཡ་སྭཱ་ཧཱ། མུ་རུ་ མུ་རུ། མ་ཧཱ་པུ་རུ་ཤཱ་ཡ་སྭཱ་ཧཱ། མ་ཧཱ་སེ་ནཱ་པ་ཏ་ཡེ། སརྦ་ཀརྨ་དཱ་ཡ་སྭཱ་ཧཱ། སརྦ་ཛ་ཡ་ཛ་ཡ། དཱ་ཡ་སྭཱ་ཧཱ། སརྦ་སིདྡྷི་སིདྡྷི་དཱ་ཡ་སྭཱ་ཧཱ། སརྦ་དཱ་ན་དཱ་ནི་ནྱ་པྲ་དཱ་ཡ་སྭཱ་ཧཱ། བཛྲ་སེ་ནཱ་ཡ་སྭཱ་ཧཱ། ཨ་པྲ་མེ་ཡ་ཀུ་ནཱ་ཡ་སྭཱ་ཧཱ། སརྦ་བ་ཏི་སཏྭ་པཱུ་ཛི་ཏཱ་ཡ་སྭཱ་ཧཱ། པྲ་ཏི་གྲཾཧྞ་མཱཾ་རཀྵ་མཱཾ་སརྦ་ཀཱ་མ་ད། སརྦ་ཀཱ་མ་མ་མེ་པཱུ་རཱ་ཡ་སྭཱ་ཧཱ། །འདི་ཡི་ཆོ་ག་བཤད་པར་བྱ། །ངས་བཤད་དེ་ནི་མཉན་པར་གྱིས། །ཆོ་ག་བཞིན་དུ་རྡོ་རྗེ་སྡེ། །རི་མོའི་གཟུགས་ནི་བརྒྱ་ བྱས་ནས། །སྡུག་པའི་མཆོད་པས་མཆོད་བྱ་ཞིང་། །བསྒྲིམས་ཏེ་རྟག་ཏུ་བཟླས་བརྗོད་བྱ། །སྒུ་གདུང་ལྡན་པའི་མཆོད་རྟེན་ནམ། །གང་ན་སྐུ་གདུང་ཡོད་པ་དེར། །ཅི་ནུས་ཀྱིས་ནི་རབ་བསྒྲིམས་ཏེ། །སྔར་ནི་བསྙེན་པ་འདི་དག་བྱ། ། དེ་ནས་ཟླ་ཕྱེད་ཡང་ན་གཅིག །ཡང་ན་ཞག་ནི་བདུན་ཡང་རུང་། །དུས་གསུམ་ཁྲུས་བྱས་དཀར་གསུམ་བཟའ། །མཉམ་བཞག་རྟག་ཏུ་བཟླས་བརྗོད་བྱ། །གསོ་སྦྱོང་ཡན་ལག་བརྒྱད་ལྡན་པས། །ནས་ཀྱི་ཁ་ཟས་དུས་གསུམ་བཟའ། ། 100-1-313b ཤིན་དུ་མཉམ་བཞག་དུས་གསུམ་དུ། །བརྒྱ་རྩ་བརྒྱད་ནི་བཟླས་བརྗོད་བྱ། །དེར་ནི་མར་གྱི་མར་མེ་གཉིས། །མ་ཤི་བར་ནི་བཞག་པར་བྱ། །ཕྱི་ནང་བཞག་པའི་སྨྱུང་བ་བྱ། །ཟླ་བ་ཉ་ལ་རབ་བསྒྲིམས་ཏེ། །བཟའ་དང་བཏུང་བ་མང་པོ་ཡིས། ། ལྷ་བཤོས་མཉམ་པར་བཞག་པས་དབུལ། །ཆོ་ག་དམ་པས་བསྲུང་བྱ་ཞིང་། །ཆོ་ག་བརྟན་པ་ངེས་བྱས་ནས། །རྡོ་རྗེའི་སྡེ་ནི་སྟོབས་པོ་ཆེ། །ལན་གྲངས་བརྒྱ་སྟོང་བཟླས་བརྗོད་བྱ། །དེ་ནས་སྟོབས་ཆེན་རྡོ་རྗེ་སྡེ། །དེ་ལ་ཡང་ནི་འགྲུབ་ འགྱུར་ཏེ། །ཡིད་ལ་ཅི་དང་ཅི་འདོད་པའི། །དོན་རྣམས་ཐམས་ཅད་བྱེད་པར་འགྱུར། །ནད་ཀུན་ཡང་ནི་སེལ་བྱེད་ཅིང་། །འདོད་པ་ཐམས་ཅད་སྦྱིན་པར་བྱེད། །ཡུངས་ཀར་ནས་དང་ལན་ཚྭ་དང་། །ཤུ་ཏི་དང་ནི་ཉེའུ་ཤིང་དང་། །པྲི་ཡང་ཀུ་དང་ཤུ་ དག་རྣམས། །མཉམ་པར་བཞག་པས་ཞག་བདུན་དུ། །སེང་ལྡེང་འདག་མ་དུད་མེད་ལ། །དེ་ཡི་མིང་སྨོས་སྦྱིན་སྲེག་བྱ། །ཞག་བདུན་བར་དུ་ལན་ཅིག་ནི། །དུས་གསུམ་དུ་ནི་བརྒྱ་རྩ་བརྒྱད། །སྦྱིན་སྲེག་རབ་ཏུ་ལེགས་བྱས་ན། ། སྐལ་ཆུང་གིས་ཀྱང་འགྲུབ་པར་འགྱུར། །ཚུལ་འདིས་སྦྱིན་སྲེག་བྱས་ན་ནི། །སེམས་ཅན་ཀུན་ཀྱང་འཁྲུགས་པར་འགྱུར། །དོན་གང་ཡིད་ལ་བཞག་ནས་ནི། །སྟོབས་ཆེན་འདི་ནི་བསྒྲུབ་བྱས་ན། །དེ་ཡི་ལས་དེ་བྱེད་འགྱུར་ཏེ། ། འདི་ལ་དཔྱད་པར་བྱ་བ་མེད། །ཆོ་ག་གཞན་ཡང་རྟག་ཏུ་ཡིད་ལ་ལན་གསུམ་བཟླས་བརྗོད་བྱས་ཏེ། བསྲུང་བ་ཡང་ལན་གསུམ་བཟླས་བརྗོད་བྱས་ནས། གང་འདོད་པ་དེ་སླངས་ན་ཐོབ་པར་འགྱུར་རོ། །འདོད་པ་ཐམས་ཅད་བརྗོད་པྶ་ འགྲུབ་པར་འགྱུར་ཏེ། འདི་ནི་དེའི་རྩ་བའི་བསྒྲུབ་པ་ཡིན་ནོ། །ཞག་གསུམ་སྨྱུང་བར་བྱས་ཏེ། ཡར་གྱི་ངོ་ཚེས་བཅུ་གསུམ་ལ། མཆོད་རྟེན་གྱི་དྲུང་དུ་བ་སེར་མོའི་ལྕི་བ་ལས་གནོད་སྦྱིན་གྱི་གཟུགས་བྱས་ལ། སྣ་མའི་མེ་ཏོག་ གི་ཕྲེང་བ་ཕྱོགས་བཞིར་སྤྱན་དྲངས་ནས། གནོད་སྦྱིན་གྱི་གཏོར་མ་དང་། ཙན་དན་དཀར་པོ་དང་། ཀ་ར་བཱི་ར་དམར་པོ་དང་། རྣམ་པ་སྣ་ཚོགས་གཞན་དག་གིས་ཀྱང་སྐུ་གཟུགས་མཆོད་པར་བྱས་ལ། གུ་གུལ་དང་། ཨ་ཀ་རུ་དང་། དུ་ཤྐའི་ 100-1-314a བདུག་པ་བསྲེགས་ཤིང་། མར་མེ་དང་། དྲི་དང་། མེ་ཏོག་གི་ཕྲེང་བས་མཆོད་པ་རྒྱས་པར་བྱས་ནས། དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཚེས་བརྒྱད་དང་། བཅུ་བཞི་ འམ། ཉའི་བར་དུ་དུས་གསུམ་དུ་གྲངས་མེད་པར་བཟླས་བརྗོད་བྱས་ན་དོན་གྲུབ་པར་བྱེད་དོ། །རྡོ་རྗེ་སྡེའི་སྙིང་པོ་རྫོགས་སྷོ།། །། ན་མོ་བུདྡྷེ་བྷྱཿ མ་ཧཱ་པུ་ཙུ་ཤ་ཀ་བྷེ་བྷྱཿ ན་མཿསརྦ་ལོ་ཀ་བ་བྷ་བི་ཤྞ་བེ། ཨཱི་ཤྭ་རཱ་ཨ་མསྟ་ཡཀྵ་སེ་ན་ པ་ཏ་ཡེ་པྲ་བར་དཱ་ཡ། མ་ཧཱ་སཏྭཱ་ཡ་ཨ་ན་ནི་ནི་དཱ་ནཱ་ཡ་མ་ཧཱ་དཀྵི་ཎཱི་ཡཱ་ཡ་སརྦ། བོ་དྷི་སཏྭཱ་ནཱཾ། པྲ་བ་ར་ཎཱཾ་པྲ་བ་ར། ཡི་མི་ཏྲེ་བརྡྷཱ་ཡ་བ་རི་ཤྠཱ་ཡ། སརྦ་སཏྭཱ་ན་མ་སྤྲི་ཏ། པཱུ་ཛཱི་ཏཱ་ཡ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། བཛྲ་སེ་ནཱ་ཡ་བ་རུ། བེ་རུ། བུ་རུ་ བུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། དུ་རུ་དུ་རུ། ཧུ་རུ་ཧུ་རུ་ཡ་ཧུ་རུ་ཧུ་རུ། བཛྲ་སེ་ནཱ་ཡ་སྭཱ་ཧཱ། མ་ཧཱ་སེ་ནཱ་ཡ་སྭཱ་ཧཱ། སརྦ་ཀཱ་མ་དཱ་ཡ་སྭཱ་ཧཱ། སརྦ་སུ་ཁ་ཏཱ་ཡ་སྭཱ་ཧཱ། སརྦ་ཨརྟ་ས་དྷ་ནཱ་ཡ་སྭཱ་ཧཱ། སརྦ་ཀརྨ་ཀཱ་མ་བ་ར། བ་ར་དཱ་ཡ་སྭཱ་ཧཱ། ན་མོ་བཛྲ་སེ་ནཱ་ཡསྟུ་སེ་ནཱ་ཡ། མ་ཧཱ་སེ་ནཱ་ཡ། སརྦ་ཀཱ་མ་དཱ་ཡ་སརྦ་སུ་ཁ་དཱ་ཡ། སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། སབྷོ་ཤཏྟི་དྲི་ན་བྷ་ཡ་ཏི་ཡེ་སྭཱ་ཧཱ། བྲི་གོ་ཤ་ཤུཾ་ནེ་གར་དེ། བ་དྷ་ཡ་སྭཱ་ཧཱ། རཱཛྙཱ་མཱ་ཀཪྵ་ན་མ་ཨེ་ཀཪྴ་ཎཱ་ཡ་སྭཱ་ཧཱ། པྲ་ཏི་ གྲྀཧྞ་ནཱ་མ་མ་རཀྵ། ན་མ་སརྦ་ཀརྨ་ད་བ་ར་ད། སརྦ་ཀ་མ་མ་མེ་པུ་རཱ་ཡ། ད་ཧ་ད་ཧ། པ་ཙ་པ་ཙ་ཨི་དཾ་མེ་ཀཱ་རྱཾ་སཱ་དྷ་ཡ་སྭཱ་ཧཱ། ས་ཕྱོགས་གཙང་མ་འམ། བདག་གི་ཁྱིམ་དུ་རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་རྡོ་རྗེ་སྡེ་བྲི་བར་བྱ་ སྟེ། གཞོན་ནུའི་གཟུགས་འཆང་བ་གསེར་གྱི་མདོག་ཅན་རྒྱན་ཕྲེང་དང་། དོ་ཤལ་དང་། དཔུང་རྒྱན་དང་། ཅོད་པན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་པད་མ་རྩ་བ་དམར་པོའི་སྟེང་ན་འདུག་སྟེ་ལག་པ་གཡོན་པ་ན་པད་མ་བསྒྲེང་སྟེ་ འཛིན། ལག་པ་གཡས་པ་དབུགས་འབྱིན་པའི་ཚུལ་དུ་འདུག་པ་བྲི། །དེའི་སྟེང་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ 100-1-314b ཞི་བའོ་ཞེས་རྟོགས་པ་བརྗོད་པ་རྣམས་བྲི་བར་བྱའོ། །དེ་ནས་ཡར་གྱི་ངོ་ཚེས་གཅིག་ལ་བརྩམ་ཞིང་བསྒྲུབ་པར་བྱ་སྟེ། དེས་དེའི་དྲུང་དུ་དྲི་ཐམས་ཅད་ཀྱིས་དཀྱིལ་འཁོར་བྱུགས་ལ་མེ་ཏོག་དྲི་ཞིམ་པོ་དང་། བདུག་པས་མཆོད་ནས་བསྟོད་པ་ དབུལ་བར་བྱའོ། །མར་གྱི་མར་མེ་གཉིས་ཀྱང་དབུལ་བར་བྱ་སྟེ། གཅིག་ནི་སངས་རྒྱས་ལ། གཅིག་ནི་གཞོན་ནུ་ལ་དབུལ་ལོ། །དུས་གསུམ་དུ་སྦྱིན་སྲེག་སུམ་བཅུ་རྩ་གཉིས་གཉིས་བྱ་ཞིང་། འོ་མ་དང་། བུ་རམ་སྦྱར་བ་དང་། ཞོ་དང་བུ་རཾ་ སྦྱར་བ་དབུལ་བར་བྱའོ། །ཏིལ་ཟན་དང་། འབྱུང་པོའི་ཟས་ཀྱི་གཏོར་མ་ཡང་སྦྱིན་ནོ། །ཟས་སུ་འོ་མ་འམ་ཕྱེའི་འདེ་གུ་འམ། འོ་མ་རྗེན་པའི་འདེ་གུ་ཟ་ཞིང་། ནས་དང་། ཡུངས་ཀར་དང་། ཤུ་ཏི་དང་། ཉེའུ་ཤིང་དང་། ཤུ་དག་དང་། པྲི་ཡང་ཀུ་ དང་། ལན་ཚྭ་དང་། ཏིལ་རྣམས་ཆ་མཉམས་ཏེ་བཏགས་པའི་ཕྱེ་མས་སྦྱིན་སྲེག་བྱས་ན་ཞག་བདུན་པའི་ཉིན་བར་བསོད་ནམས་ཆུང་ངུ་ལ་ཡང་ལུང་ངེས་པར་སྟོན་པར་བྱེད་དོ། །ཕྱི་དེ་ཉིན་བར་ཡང་ཁ་ཟས་མི་བཟའ་ཞིང་གྲངས་ངེས་པ་མེད་པར་ བཟླས་བརྗོད་བྱའོ། །བཟླས་བརྗོད་བྱས་པས་ཐམས་ཅད་བསྲུང་བ་ལ་སོགས་པ་བྱེད་དོ། །ཆོ་ག་གཞན་ཡང་མར་གྱི་ངོ་ཞག་བཅུ་བཞི་ལ་ཁ་ཟས་མི་བཟའ་བར་བྱང་ཆུབ་ཀྱི་ཤིང་དྲུང་དུ། བ་རོག་མོའི་ལྕི་བ་ས་ལ་མ་ལྟུང་བས་རྡོ་རྗེའི་གཟུགས་བྱས་ ཏེ་ཁ་ནུབ་ཕྱོགས་སུ་བལྟས་ནས་འབྱུང་པོའི་གཏོར་མ་བྱས་ལ། མེ་ཏོག་དྲི་ཞིམ་པོ་ཕུལ་ཏེ་མར་གྱི་མར་མེ་གཉིས་ཀྱང་མཚན་མོ་སྦར་ལ། ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས། ཐོག་མར་ཤུ་ཏི་དང་ཉེའུ་ཤིང་དང་། ཡུངས་དཀར་དང་། ནས་རྣམས་མར་དང་སྦྱར་བའི་སྦྱིན་སྲེག་ལན་གསུམ་བྱའོ། །དེ་ནས་གུ་གུལ་དང་བིལ་བ་དང་། ཨ་ཀ་རུའི་བདུག་པ་རྣམས་ཀྱི་སྦྱིན་སྲེག་ལན་གསུམ་བྱའོ། །དེ་ནས་ལན་སུམ་བཅུ་རྩ་གཉིས་བྱས་ཏེ། དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་ བར་དུ་ཀཱ་ར་བཱི་ར་དམར་པོའི་མེ་ཏོག་ལ་ལན་རེ་བཟླས་བརྗོད་བྱས་པས་མཚན་རངས་པར་སྙིང་ཀར་བསྣུན་ན་དེས་འགྲུབ་པར་འགྱུར་རོ། །དེ་ནས་མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཉིན་གཅིག་བཞིན་དུ་ལན་ཚྭ་ལས་དེའི་ 100-1-315a གཟུགས་བྱས། རྐང་པ་གཡས་པ་ནས་བརྩམས་ལ་སྦྱིན་སྲེག་ལན་སུམ་བཅུ་རྩ་གཉིས་བྱས་ཏེ། ཐོག་མར་ཤུ་ཏི་དང་དུ་རུ་སྐ་མར་དང་སྦྱར་བས་ལན་གསུམ་སྦྱིན་སྲེག་བྱའོ། །དེ་ནས་གུ་གུལ་མར་དང་སྦྱར་བའི་བདུག་ པས་ལན་གསུམ་བྱའོ། །དེའི་འོག་ཏུ་སྦྱིན་སྲེག་ལན་སུམ་བཅུ་རྩ་གཉིས་བྱས་ན། ཞག་བདུན་གྱི་དབང་དུ་འགྱུར་རོ། །རྡོ་རྗེ་སྡེ་ནི་བློ་ལྡན་གྱི། །གསང་སྔགས་གཉིས་པ་འདི་དག་ནི། །སྔ་མ་བཞིན་དུ་བསྡམ་བྱས་ན། །ལས་ རྣམས་ཐམས་ཅད་བྱེད་པར་འགྱུར། །དེ་སྐད་སྔར་བཤད་སྨན་རྣམས་ཀྱིས། །སྦྱིན་སྲེག་སུམ་བཅུ་རྩ་གཉིས་བྱ། །ཟླ་བ་གཅིག་ཙམ་བྱས་ན་ནི། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །དྲི་དང་མེ་ཏོག་ལ་སོགས་པས། །ལྷ་དང་ ལྷ་མིན་ཀླུ་རྣམས་དང་། །སེམས་ཅན་ཀུན་ཀྱང་དབང་དུ་འགྱུར། །ཞག་བདུན་བར་དུ་དུས་གསུམ་དུ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཤིང་། །བཟླས་བརྗོད་བརྩོན་པར་བྱས་ན་ནི། །རྒྱལ་པོའི་ཡིད་དུ་འོང་བ་དང་། །འཇིགས་པ་ཀུན་ ལས་བསྲུངས་པ་དང་། །སྐལ་ལྡན་ནོར་རྣམས་འཕེལ་བར་བྱེད། །དེ་བཞིན་མེ་ཏོག་འབྲས་བུ་དང་། །དྲི་དང་བདུག་པ་ལ་སོགས་དང་། །ཟས་དང་སྐོམ་ལ་སོགས་པ་རྣམས། །བསྔགས་ནས་གང་དག་བྱིན་པ་ཡི། །སེམས་ཅན་ ཐམས་ཅད་དབང་དུ་འགྱུར། །སྔར་བཤད་སྨན་རྣམས་བཟླས་བརྗོད་བྱས། །སེམས་ཅན་གང་ལ་ཕྱེ་མས་གཏོར། །ཡང་ན་གང་ལ་ཕྱེ་མས་གཏོར། །ཡང་ན་གང་ལ་ཟས་སྐོམ་བྱིན། །དེ་ནི་དབང་དུ་ཁུགས་པར་འགྱུར། །ཡུངས་ ཀར་ནས་དང་ལན་ཚྭ་དང་། །ཤུ་ཏི་དང་ནི་ཉེའུ་ཤིང་དང་། །པྲི་ཡང་ཀུ་དང་ཤུ་དག་རྣམས། །ཆ་ནི་མཉམ་པར་བྱས་ནས་ཀྱང་། །སེང་ལྡེང་མདག་མ་དུད་མེད་ལ། །དེ་དག་གིས་ནི་སྦྱིན་སྲེག་བྱ། །ཞག་བདུན་ཡང་ན་ཟླ་བ་ཕྱེད། ། དུས་གསུམ་ཁྲུས་བྱེད་ངེས་པར་གནས། །དུས་གསུམ་བརྒྱ་རྩ་བརྒྱད་བྱས་ན། །སེམས་ཅན་ཐམས་ཅད་དབང་དུ་འགྱུར། །ཡང་ན་ཟླ་བ་གཅིག་ཙམ་གྱིས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་འདི་དག་ 100-1-315b ཉིད་ཀྱིས་ནི། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་མི་དང་མི་འམ་ཅི། །མཉམ་པར་བཞག་པས་དབང་དུ་འགྱུར། །སྔ་མ་བཞིན་དུ་འདི་བསྒྲུབ་ན། །སྔ་མ་བཞིན་དུ་འདོད་ཀུན་སྦྱིན། །འདི་ནི་བསྒྲུབ་པར་མ་གྱུར་ཀྱང་། །ལས་རྣམས་ ཐམས་ཅད་བྱེད་འགྱུར་ཏེ། །རྣམ་པ་གང་དང་གང་དག་གིས། །གང་གི་ལས་ནི་གང་གང་སྒྲུབ། །རྣམ་པ་དེ་དང་དེ་དག་གིས། །དེའི་ལས་དེ་བྱེད་པར་འགྱུར། །རྡོ་རྗེ་སྡེ་ཡི་ཆད་པ་འདི། །དོན་ཡོད་གཞན་གྱིས་མི་ཐུབ་ལ། །ལས་ རྣམས་ཐམས་ཅད་བྱེད་པ་དང་། །འདོད་པ་ཐམས་ཅད་སྦྱིན་པ་ཡིན། །བུམ་པ་ཞབས་མེད་མི་གནག་པ། །དྲི་དང་སྨན་རྣམས་ཐམས་ཅད་ལྡན། །རིན་ཆེན་ཀུན་དང་ལྡན་པ་དང་། །ས་བོན་ཀུན་གྱིས་མཆོད་བྱས་ཤིང་། །གོ་ཙ་ད་ནས་དཀྲིས་ པ་འམ། །དེ་ཡི་གཞི་ལ་བཞིག་ནས་ནི། །ལན་གྲངས་བརྒྱད་སྟོང་བཟླས་བརྗོད་བྱ། །བསྡམས་ཤིང་ལེགས་པར་གནས་བྱས་ནས། །རྡོ་རྗེ་སྡེ་ལ་རབ་བསྒྲིམས་ཏེ། །དྲི་ལ་སོགས་པས་ལེགས་མཆོད་ནས། །ཟླ་བ་ཉ་ལ་མཉམ་བཞག་ པས། །བུམ་པ་དེས་ནི་ཁྲུས་ཀྱང་བྱ། །བུམ་པ་དེ་ཡིས་ཁྲུས་བྱས་ནས། །མཚུངས་པ་མེད་པར་སྐལ་ལྡན་འགྱུར། །དེའི་དོན་རྣམས་ཐམས་ཅད་འགྲུབ། །རྒྱས་ཤིང་དཔལ་ཡང་སྐྱེ་བར་འགྱུར། །ལིག་བུ་མིག་དང་ཙན་དན་དང་། །བ་བླ་ དང་ནི་ལྡོང་རོས་དང་། །ན་ག་ཕུས་པ་བ་ཏྲ་དང་། །དེ་བཞིན་བོ་ལ་བརྒྱད་པ་སྟེ། །འདི་དག་ཆ་ནི་མཉམ་བྱས་ལ། །ཕྱེ་མ་ཞིབ་མོར་བཏག་པར་བྱ། །རྒྱལ་གྱི་དུས་ལ་བབ་པའི་ཚེ། །མཆོད་རྟེན་དྲུང་དུ་བསྒྲུབ་པར་བྱ། །དྲི་བསུང་མང་པོ་དབུལ་བྱ་ ཞིང་། །ལན་གྲངས་བརྒྱ་སྟོང་བཟླས་བརྗོད་བྱ། །དེ་དག་གིས་ནི་ལུས་བསྐུས་ནས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དཀོན་མཆོག་གསུམ་ལ་དད་པ་དང་། །གུས་པར་བྱེད་པ་དེ་དག་ནི། །དོན་རྣམས་ཐམས་ཅད་བྱེད་པར་ནུས། ། འདི་ལ་དཔྱད་པར་བྱ་བ་མེད། །འཕགས་པ་རྡོ་རྗེ་སྡེའི་ཆོ་ག་རྫོགས་སྷོ།། །། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཧ་རེ་ཧ་རེ། གཙྪ་ཧ་ར་པཱ་ཎི། ཤཱི་གྷྲཾ་བྷ་བ་ན་བ་སི་ནི་དུ་ཏི་ཀ་ལ་ཀ་ལ་བེ། ཨ་མུ་ཀ་ 100-1-316a ན་ཙཎྜ། ཀཱི་ལི་སུ་ར་ལི། ནི་རི་ནི་རི། བ་ཤེ་མ་མ། ཀུ་སྭ་བ་ཤནྟི། སུཾ་བྷ་རི་སུཾ་བྷ་རི། པ་རུ་ཎ་པ་ཤེ་ན་བནྡྷ། ལ་ཧུར་ཨཱ་ན་ཡ་ཏི་རོ་ཏི་སི། རུ་རུ་ཙནྡ་ཙཱ་ཀྵི་ཎི་བཛྲ་ཧ་ཎེ། ཧི་ཧི་ཧི་ཧི། ཧི་ཧེ་ཧི། ཡ་ཧི་བ་དྷེ་ཧི་ལ། ཧཱུྃ་བ་ན་ཡཱ་ཧི། ད་མེ་ དྷི། དམ་བི་ནི། དེ་ཧི་ཧོ། བཛྲ་རཱ་ཛྙཱ་པ་ཡ་ཏི། ཙཎྜཱི་ཙཎྜཱི། ཙཎྜ་གཾཊཱི། གྷུ་རུ་གྷུ་རུ། ཀི་རི་ཀི་རི། ཧ་ཧ་ཀ་རེ་ཎ། ཨཾ་གི་རི་ཎི། ཨ་ཤོ་བ་ད་ནི། སྨ་ར་བ་རཾ་གོ་ནི་པ་ཏ་ནི། ཙཎྜཱི་བཛྲ་པཱ་ཎི་ཧྲྀ་ད་ཡ། མ་བརྟ་ནི། མ་ཡེ་མ་ཡེ། མ་ཧཱ་མ་ཡེ་མ་ ཧཱ་མ་ཡཾ་ཀུ་ཤི། ཀཽ་ཤི་ཀ །བིད་བཛྲ་རཱ་ཛྙཱ་པཱ་ཡ་ཏི་སྭཱ་ཧཱ། བློན་མོ་གཏུམ་མོར་གྲགས་པ་སྟེ། །གཞལ་མེད་ཁང་ན་གནས་པར་གྲགས། །དཀྱིལ་འཁོར་ཆོ་ག་མཐོང་བ་ཡིས། །དོན་ཀུན་རབ་ཏུ་སྒྲུབ་བྱེད་པ། །འདིའི་ལས་རྣམས་མི་བཟད་ པ། །མང་ཞིང་རྣམ་པ་སྣ་ཚོགས་ཡོད། །དེ་ལས་གཅེས་པ་བསྡུས་པ་ཡི། །མདོར་བསྟན་པ་ནི་བཤད་པར་བྱ། །ནོར་འདོད་པས་ནི་བསྡམས་བྱས་ནས། །རྫ་མཁན་འཇིམ་པའི་བུར་མ་བླངས། །ཆེ་གེ་མོ་ནི་འདི་ཡིན་ཞེས། །དེ་ནས་དེ་ཡི་ གཟུགས་བརྙན་བྱ། །གཙང་མས་བཟླས་བརྗོད་བྱེད་བཞིན་དུ། །བྲམ་མང་ཀུ་ར་བླངས་ནས་ནི། །དེ་ཡི་ལྟེ་བར་གཞག་པར་བྱ། །དེ་ཡང་སྣོད་ཀྱི་ནང་དུ་གཞུག །རིག་སྔགས་མཆོད་པ་ལ་སོགས་བྱ། །དེ་ཡང་ལན་སྟོང་རྩ་བརྒྱད་དུ། །སྦྱིན་སྲེག་ བྱས་ནས་ཟིན་པའི་མཇུག །དེ་ཉིད་ཕྱི་རོལ་བོར་ནས་ནི། །རང་གི་གནས་སུ་འགྲོ་བར་བྱ། །གང་གི་མིང་གིས་སྦྱིན་སྲེག་བྱ། །དེས་ནི་ནོར་ཀུན་སྦྱིན་པར་བྱེད། །སྦྱིན་བྱེད་དེ་ཡི་མདུན་དག་ཏུ། །སྔར་ནི་དྲན་བྱས་དེ་བཞིན་བྱེད། །མེ་ཏོག་བརྒྱད་བརྒྱ་ བཟླས་བརྗོད་བྱས། །ལྷ་ཆེན་མཚན་གྱི་སྟེང་དུ་གཞག །ཁ་ཟས་འདོད་པས་ཁ་ཟས་དག །གང་འདོད་དེ་མ་ཐག་ཏུ་འཐོབ། །གྲོང་ཁྱེར་ནང་དུ་འགྲོ་འདོད་པས། །བཟླས་བརྗོད་བྱས་པའི་རྡུལ་དག་གིས། །སྒོ་ཡི་ཐེམ་པར་བསྣུན་ བྱས་ན། །གྲོང་ཁྱེར་བསྒྲུབ་པ་འགྲུབ་འགྱུར་ཞིང་། །དེར་ནི་འཇིག་རྟེན་ཐམས་ཅད་ཀྱི། །ཡིད་དུ་འོང་བར་དེར་འགྱུར་རོ། །རྩོད་པ་དང་ནི་འཐབ་པ་ལ། །ཤགས་ལན་ཡང་ནི་ཐེབས་པར་འགྱུར། །བུད་མེད་ཡང་ནི་སྐྱེས་པ་གང་། ། 100-1-316b དབང་དུ་བྱ་བར་འདོད་ན་ནི། །རིག་སྔགས་བློན་མོ་གཏུམ་མོ་ནི། །ཞག་གཅིག་སྨྱུང་བྱ་བཟླས་བརྗོད་བྱ། །བེ་ཡི་ཀང་ཀ་ཏའི་ཡམ་སྲེག་ཤིང་། །བཟང་པོ་སྟོང་ཕྲག་བརྒྱ་རྣམས་ཀྱང་། །ཞག་བདུན་བར་དུ་དུས་གསུམ་དུ། །རྒྱུན་མི་འཆད་པར་ སྦྱིན་སྲེག་བྱ། །དབང་དུ་བྱ་འདོད་གང་ཡིན་པ། །དེ་དག་དང་ཡང་ཕྲད་པར་བྱ། །ལན་ཅིག་ཞག་ནི་བདུན་གསུམ་བྱ། །སྐལ་ཆུང་ལ་ཡང་འགྲུབ་འགྱུར་ཏེ། །གནོད་སྦྱིན་མི་འམ་ཅི་མོ་འམ། །དྲི་ཟ་མོ་ཡང་དབང་འགྱུར་ན། །གཞན་དག་ལྟ་ཅི་ ཞིག་སྨོས་ཏེ། །དེ་ཡི་ཆོ་ག་བཤད་པར་བྱ། །ཆོ་ག་སྔ་མ་དེ་ཉིད་ཀྱིས། །མིང་བཅས་མེ་ཏོག་སྦྱིན་སྲེག་བྱ། །དེ་བཞིན་བེའི་ཀང་ཀ་ཏའི་ཤིང་། །བརྒྱ་སྟོང་ཡང་ནི་སྦྱིན་སྲེག་བྱས། །ཅི་སྟེ་གཞལ་མེད་ཁང་མཆོག་གམ། །ཅི་སྟེ་རི་བོ་མན་ ད་རའི། །སྟེང་ན་རིག་སྔགས་རིག་སྔགས་རྒྱལ། །བྱས་ནས་ངེས་པར་དབང་དུ་འགྱུར། །ཨརྒ་ཡི་ནི་ཡམ་སྲེག་ཤིང་། །གཞིག་པར་བྱ་བའི་དམ་པ་ཡིན། །སྣུ་ཧ་དང་ནི་དྲི་ལྡན་ཀུན། །ཡམ་སྲེག་ཤིང་རྣམས་སྔར་བཤད་པ། །གཟུགས་ ཀྱི་དྲུང་དུ་འདུག་ནས་ནི། །དེ་བཞིན་རྒྱུན་དུ་སྦྱིན་སྲེག་བྱ། །གིའུ་ཝང་གིས་ནི་ལུས་བྱུགས་ན། །ལྷ་རྣམས་ཀྱང་ནི་དབང་དུ་འགྱུར། །དེ་བཞིན་གཟུགས་ཀྱི་དྲུང་འདུག་ཅིང་། །སྦྱིན་སྲེག་རྒྱུན་ཏུ་བྱས་ན་ནི། །ལིག་བུ་མིག་ནི་དམ་པ་ཡིས། ། མིག་ཏུ་བསྐུས་ན་དགའ་བར་འགྱུར། །གྱད་རྣམས་བརྡབ་པའི་མཆོག་ཡིན་ཏེ། །བཟླས་བརྗོད་བྱས་ནས་བརྒལ་ན་ནི། །གནམ་ལྕགས་བྲག་ལ་བབ་པ་བཞིན། །དེས་ནི་གྱད་ཟླ་བཅོམ་པར་འགྱུར། །གཟུགས་བརྙན་རེད་པར་ གདགས་པ་འམ། །སྐུད་པ་སྔོན་པོ་བཟླས་བརྗོད་བྱས། །དེ་བཞིན་ཚོན་སྐུད་བཏགས་ན་ནི། །དེ་ཡང་རྒྱལ་བྱེད་སྲུང་བྱེད་མཆོག །ལས་རྣམས་རྣམ་པ་སྣ་ཚོགས་པ། །ཅི་ཡང་རུང་བ་གང་དག་དང་། །དེ་དག་ཀུན་ནི་ཐམས་ཅད་ལ། ། རྣམ་པ་ཐམས་ཅད་བྱེད་པར་འགྱུར། །གཏུམ་པོ་གཞལ་མེད་ཁང་གནས་པ། །འདི་ནི་ཐམས་ཅད་འཆིང་བྱེད་དང་། །བཅིངས་པ་ཐམས་ཅད་གྲོལ་བྱེད་ཅིང་། །ལས་ཀུན་བྱེད་དེ་འགྲུབ་པ་ཡིན། །གསང་སྔགས་འདི་ནི་དེ་ཡི་ 100-1-317a གྲོགས། །ལག་ན་རྡོ་རྗེའི་གྲོགས་མཆོག་ཡིན། །གདོན་དང་གདོན་འགྲོལ་ལ་སོགས་པ། །ལས་རྣམས་ཀུན་ལ་མཆོད་པ་ཡིན། །བསྒྲུབ་པའི་ཐབས་དང་ཆོ་ག་ནི་གསེར་དང་དངུལ་དང་། ཟངས་སྣ་གསུམ་ལས་མདུང་རྩེ་ གསུམ་པ་བྱས་ལ། དེའི་དབུས་སུ་རྡོ་རྗེའི་དབྱིབས་བྱས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་འམ། ཁང་པའི་ནང་དུ་རི་མོའི་གཟུགས་ནུབ་ཕྱོགས་སུ་ཁ་བསྟན་པའི་མདུན་དུ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་ འཁོར་བརྐྱང་ནུལ་དུ་བྱུགས་ཏེ། དེའི་སྟེང་དུ་སྤོས་ཀྱི་བརྐྱང་ནུལ་བྱས་ནས་དེའི་དངོས་སུ་ཡུངས་ཀར་ལས་མདུང་རྩེ་གསུམ་བྱས་ལ། དེའི་སྟེང་དུ་བཞག་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་དུས་གསུམ་དུ་མཆོད་པ་རྒྱས་པ་བྱས་ ནས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ། དེ་ཉིད་དུ་རྩྭ་དཱུར་བའི་སྟན་གྱི་སྟེང་དུ་ཉལ་བར་བྱའོ། །ཡར་གྱི་ངོ་ཚེས་བརྒྱད་དམ་བཅུ་བཞི་ལ། ཟ་གཅིག་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་རང་བཞིན་གྱི་ཚུལ་གྱིས་མ་འོངས་ པའི་བར་དུ་བཟླས་བརྗོད་བྱས་ན། ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཡིད་ལྡན་མ་ཀ་ཏ་ཡན་ཞེས་བྱ་བའི་ལས་རྣམས་ཀྱང་གྲུབ་པར་འགྱུར་རོ། །རྫ་མཁན་གྱི་འཇི་བའི་བུར་མས་གཟུགས་བྱས་ཏེ། སྣོད་དུ་བཅུག་ལ་བེེ་ ཀང་ཀ་ཏའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་རྒྱུན་མ་ཆད་པར་སྦྱིན་བསྲེག་བྱས་ནས། དེའི་འོག་ཏུ་ཡུངས་ཀར་མར་དང་སྦྲང་རྩི་དང་སྦྱར་བས་རྒྱུན་མ་ཆད་པར་སྦྱིན་སྲེག་བྱས་ན། གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་པ་དེ་དབང་ དུ་འགྱུར་ཏེ་ཕྲད་པར་ཡང་བྱའོ། །བྱ་བ་ཟིན་ནས་གཟུགས་བརྙན་ཡང་ཕྱི་རོལ་དུ་དོར་བར་བྱའོ། །ཁ་ཟས་འདོད་པས་མེ་ཏོག་བརྒྱད་བརྒྱ་ལ་བཟླས་བརྗོད་བྱས་ཏེ་ལྷ་ཆེན་པོའི་སྟེང་དུ་ཕུལ་ན་ཁ་ཟས་ཇི་ལྟ་བུ་འདོད་པ་ཐོབ་པར་འགྱུར་རོ། ། རྡུལ་ལ་བསྔགས་ཏེ་སྒོའི་ཐེམ་པ་ལ་བསྣུན་ན་གྲོང་ཁྱེར་འགྲུབ་པར་འགྱུར་རོ། །འཐབ་པ་དང་འཁྲུག་པ་དང་། རྩོད་པ་ཐམས་ཅད་ལ་ཤགས་ལན་ཐེབས་པར་འགྱུར་རོ། །ནང་པར་ལངས་ཏེ། ཆུའི་ནང་དུ་ལྟེ་བ་ཙམ་ཞུགས་ 100-1-317b ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་འགྱུར་རོ། །གཟུགས་བྱས་པའི་ནང་དུ་རྡོ་རྗེའི་རིག་སྔགས་བཅུག་ལ་དེའི་སྟེང་དུ་བཻ་ཀང་ཀ་ཏའི་བུད་ཤིང་གིས་མེ་སྦར་ཏེ་སྐེ་ཚེ་དང་། ཡུངས་ཀར་ དང་། ལན་ཚྭས་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །གསང་སྔགས་འདི་ནི་དེ་ཡི་གྲོགས། །ལག་ན་རྡོ་རྗེའི་གྲོགས་མཆོག་ཡིན། །གདོན་དང་གདོན་ལས་དགྲོལ་ལ་སོགས། །ཀུན་ལ་དེ་ནི་མཆོད་ པ་ཡིན། །གཞལ་མེད་ཁང་གནས་ཀྱི་ཆོ་ག་རྫོགས་སྷོ།། །། ན་མོ་རཏྣ་ཏྲ་ཡ་སྱ། ན་མཿས་མནྟཱ་ནཱཾ། སམྱག་སཾ་བུདྡྷཱ་ནཱཾ། ན་མཿཨ་པྲ་ཏི་ཧ་ཏ་ཏ་བ་ལ་པ་རཱ་ཀྲ་མ་ཡོ་ག་གྲ་ཏེ་ཛཱ་སེ་ཏི་ཊ་ས་མ་ཡ་སཏྭཱ་ཡ་སརྦ་ ལོ་ཀ་སུ་ཛི་ཧྭཱ་ཡ་མ་ཧེ་ཤྭ་ར་སུ་ཁཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་པཱ་ཎ་ཡེ། ན་མོ་དྲི་ཌྷ་བཛྲ་སྱ། ན་མ་སྠི་ར་བཛྲེ་དྷ་ར་སྱ། སརྦ་བོ་དྷི་ས་ཏྭཱ་ཡེ། བྷཱུ་ཏ་ག་ཎ་ད་མ་ཀ་སྱ། མ་ཧཱ་ཡཀྵ་སེ་ནཱ་པཱ་ཏ་ཡེ། བཛྲ་པཱ་ཎི་མ་ཧཱ་ཪྵ་ཡཱ་ མི། དཱ་མ་ཡཱ་མི། དཱ་མ་ཡཱ་མི། མོ་ཧཱ་ཡཱ་མི། བེ་ཤ་ཡཱེ་མི། ཏྭཱཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ད་ནྱ་སུ་བཛྲ་པཱ་ཎ་ཡེ། ཡོ་ཧི་མེ་ཡ་ཧ་ཧི་ས་བེ་ཏོ་བྷ་ག་བ་ཏོ་བུདྡྷ་ན་ཏ་ཐཱ་པྲ་ཏི་སཏྱ། ཨི་དཾ་ན་ཙ་ཏེ་སུ་བཛྲ་བཛྲ་མུ་རྞི་རྞི་སྭ་ལེ་ཡྱ་ཡྱ་ཡཱ་ཏི་མཱ་ཀི་ལ་ཡེ་ཡཱ་ མི། ཏདྱ་ཐཱ། ད་མ་ད་མ། ད་ཧ་ད་ཧ། གྷུརྞ་གྷུརྞ། ཏརྞ་ཤརྨ་ཤརྨ། བྷརྦ་ནརྦ་ཤྲ་མ་སཊྚ་ནཊྚ། ནརྦ་བརྦ་ཛརྦ་མརྦ་རརྦ་ཨཱ་ར་ལི། མ་དཱ་ལི། ཁི་རི་ཁཱི། ཧ་ན་ཧ་ན། ད་མ་ད་མ། སམྨོ་ཧ་ཡ་ཨ་མུ་ཀམྨེ་བ་ཤ་མ་ཡ་སྭཱ་ཧཱ། གསང་སྔགས་ མཆོག་འདི་གཏུམ་པ་སྟེ། །ལག་ན་རྡོ་རྗེའི་གྲོགས་སུ་བཤད། །དབྱུག་འདྲ་སྟོབས་དང་ལྡན་པ་སྟེ། །གདོན་ལ་སོགས་པ་འདུལ་བའི་མཆོག །དེ་ནི་དབང་ཆེན་དགའ་བ་སྟེ། །རྡོ་རྗེ་འཛིན་གྱི་གྲོགས་པོ་ཡིན། །ལས་ཀུན་ཡང་ ནི་བྱེད་པ་སྟེ། །རྡོ་རྗེ་དབྱུག་པ་རབ་དབྱུག་བཞིན། །དེ་ནས་ལག་ན་རྡོ་རྗེ་ཡི། །ཕོ་ཉ་མས་ནི་བློ་གྲོས་བཟང་། །ཚོགས་བཅུ་འབར་བའི་རིག་སྔགས་ཀྱི། །ཚོགས་ཀུན་གྱིས་མཆོད་བཤད་པར་བྱ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་ 100-1-318a བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། མ་ཏི་བཛྲ་བཛྲ། ནིསྨ་ར་ས་མ་ཡན། ཏི་ལི་ཏི་ལི། ཀི་ལི་ཀི་ལི། བནྡྷ་བནྡྷ། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ་བཛྲ་ཎི་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། དཱུ་ཏི་དཾ། ཀུ་ རུ་ཧུ་རུ་རུ། སིདྡྷ་ཙཎྜ་བཛྲ་པཱ་ཎི། རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། །ལས་ཀུན་བྱེད་པ་དང་པོ་འདི། །བློ་གྲོས་རྡོ་རྗེ་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་ཧཾ་བོ་བཛྲ་པཱ་ཎི་པ་རི་བརྟ་ག་ན་ཏ་ན་ ཏ་ཀཱ་ལ་ཧཱུྃ། ཁུ་རུ་ཁུ་རུ། ཧི་རི་ཧི་རི། ཧུ་རུ་ཧུ་རུ། སི་ལི་སི་ལི། བི་རི་བི་རི། ཀུ་རུ་ཀུ་རུ། ཀི་རི་ཀི་རི། བཛྲ་ཎི་བཛྲ་ཎི། ཨཱ་བི་ཤ་ཡོ་དྱ་ཏེ་ན་རཱུ་བཾ་དཪྴ་ཡ་བི་ཀྲནྟ་གནྡྷ། ཨརྞ་ལ་ལི་ཏི་ནི་ལ་ལི་ཏི་ནི། གནྡྷ་ཤབྡེ་ན་དེ་བ། གྲ་ཧ་ཡཀྵ་ བྷཱུ་ཏ། ཤ་ཀུ་ནི། སྐནྡྷ། ཨ་པསྨཱ་ར། ཀཱུ་ཊ་པཱུ་ཏ་ན། པི་ཤཱ་ཙ་རཱཀྵ་ས། ཨཱ་བེ་ཤ་ན། སྨཱ་ར་ས་མ་ཡ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ཏུ་རུ་ཏུ་རུ། ཏི་ཏི་ཏི་ཏི། ཛྷི་ཛྷི་ཛྷི་ཛྷི། ལི་ལི་ལི་ལི། ཧུ་ལ་ཧུ་ལ། ཧི་ལི་ཧི་ལི། ཧུ་རུ་ཧུ་རུ། ཐཱ་ཐཱ་ཐཱ་ཐཱ། ཐི་ཐི་ཐི་ཐི། པ་ཏ་པ་ཏ། ཧི་ནི་ཧི་ནི། ནཱི་ལ་མ་ཧཱ་ནཱི་ལ། བཛྲ་རི་རི་རི་རི་ར་ར་ར་རི་རི། ཀུཾ་བྷཱཎྜ། ཨ་པསྨཱ་ར་ཨ་བེ་ཤ་ན། བུ་རུ་བུ་རུ། ད་ར་ད་ར། ཀ་ར་ཀ་ར། སརྦ་གྲཾ་ཧ་ནཱ་མ་བ་ཧ་ཡ་ཨ་སྨི་ཤཾ་རཱི་རེ། ཨ་མུ་ཀ་སྱ་གྲི་ཧི་ཧེ་བྷ་སཏྱ། བ་ར་ བ་ར། ཙུ་རུ་ཙུ་རུ། ཙི་རི་རི་རི། ཨེ་ཧི་ཨེ་ཧི། བཛྲ་པཱ་ཎི། བི་ནི་བི་ནི། སི་རི་སི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། སུ་རུ་སུ་རུ། བཱུ་ཏི་དཾ། ཀུ་རུ། ཧུ་རུ་རུ། སིདྡྷ་ཀྵ་ཎ་ནཱ་ད་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མ་ནི་བཅུ་པོ་ལས། །ལས་ ཀུན་བྱེད་པ་གཉིས་པ་འདི། །རྡོ་རྗེ་དྲིལ་བུར་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏུ་ཧུ་ཊུ། ཧུ་ཊུ། མུ་དྷ་ན་ཀ་མུདྡྷ་ན་ཀ་ལ་ལ་ལ་ལ། ལ་ལི་ཏ། ལ་ལི་ཏ། ཧི་ནི་ཧི་ནི། ཧི་ནི། ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི། མ་ཧཱ་ཀཱ་ལི། མ་ཧཱ་ཀེ་ཤི་མ་ཧཱ་ཀྲོ་དྷེ། ཨུཀྐྲོ་ཤ་བི་ནཱི་པ་ཏ་བ། གཙྪ་བྷ། ཨ་ཤུ་ཏནྟི་ཤཏྟ། ཧོ་སིདྡྷ་མ་ན་ཡ་ཤྱ། ནི་བཛྲ་ཏུཾ་དྷ་སྲ་ཙོ་ཏི། ཏ་ན་སུ་རུ་སུ་རུ། མུ་རུ་མུ་རུ། བི་རི་བི་རི། ཀི་རི་ཀི་རི་ཀི་ཀྲི། བཛྲི་ཎི། བཛྲཱཾ་ཀུ་ཤི། བཛྲཱཾ་ཤི། བཛྲེ་ཎི། 100-1-318b ཧི་ནི་ཧི་ནི། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། ནི་སུམྦྷ་ནི་སུམྦྷ། ཧ་ར་ཧ་ར། ཧཱ་ས་ཡཱ་ཧཱ་ས་ཡ། པཱ་ཏ་ཡ་པཱ་ཏ་ཡ། རེ་ཨུ་ཏྲེ་མ་ཧཱ་ཨུ་རེ་ཏྲེ། ཤཱི་གྷྲཾ་ཨཱ་གཙྪ། དཱུ་ཏི་དངྐུ་རུ་ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མ་ནི་བཅུ་པ་ལས། ། ལས་ཀུན་བྱེད་པ་གསུམ་པ་འདི། །རྡོ་རྗེ་ནག་མོར་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་སྠི་ར་བཛྲ། ཨེ་ཧི་སུ་ཏི་སྠི་ར་བཛྲ། ཨེ་ཧི་མ་ཧཱ་བཛྲ། ཨེ་ཧི་ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཨ་མོ་གྷ་བཛྲ། ཨེ་ཧི་ཨེ་ཧི་ ཨ་ཏི། ཤཱི་གྷྲཾ་མ་ནི། ལ་བ་ལ། བ་ས་ས་མ། བཛྲ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་དྷུ་རུ་དྷུ་རུ། དྷ་ར་དྷ་ར། ཏི་རི་ཏི་རི། ཧི་དྷི་ཧི་དྷི། ད་ཧི་ལ་ཧུ་ན། དྷུ་དྷུ་དྷུ་དྷུ། ཎུ་དྷུ་ཎུ་དྷུ། སི་ཎི་སི་ཎི། བ་བྷ་ཧི་བ་བྷ་ཧི། ཏུ་རི་ཏཾ་བཛྲི་པཱ་ཎི་བཛྲ་ཎ། ཀི་ནི་ཀི་ནི། ཀུ་རུ་ཀུ་རུ། ཤཱི་གྷྲཾ་ཨཱ་གཙྪ་རཀྵ་མཱཾ་རཀྵ་མཱཾ། ས་མུ་ཙ་ས་མུ་ཙ། བྷ་གཱ་གྲ་ཏེ་ཛ་སིཾ་ཧ་ཏེ་ཛ་སཽ་མྱ་མ་མ་ད་རི་ཤ་ནངྑ་རོ་ཧི། བི་ཀ་རོ་ཧི། བི་ཀ་རོ་ཧི། ཐ་ར་ཎི་ཨོཏྠ་ར་ཎེ། ཨུ་པ་ཏི་ཡ་ཤ་སརྦ་ཧོ་མི་ཧོ་མི། ཧི་ཧི་ཧི་ཧི། བཛྲ་པཱ་ཎི་མ་ཏཻ་ཨ་ ཛི་ཏེ། ཨ་པ་ར་ཛི་ཏེ། ཨུཏྟ་རི་ཨུཏྟ་རི། སརྦ་བྷ་བུདྡྷེ་ཤྭ་རི། ཧུ་ཧུ་ཀེ་ར་ལི། ཀེ་ར་ཎི། སུ་ཎེ་ཧི་སུ་ཎེ་ཧི། དཱུ་ཏི་དཾ་ཀུ་རུ་ཧུ་རུ་རུ། སིདྡྷ་ཤྩཎྜ། བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མ་ནི་བཅུ་པོ་ལས། །ལས་ཀུན་བྱེད་པ་བཞི་པོ་འདི། ། གཞན་གྱིས་མི་ཐུབ་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་སྨ་ར་ཡ། ས་མ་ཡེཾ་ས་ད་བཛྲི་ཎ་ཀྲྀ་ཏ་ཡ་ཏེ་ན་སཏྱེ་ན། ས་མ་ཡེཾ་ཧི་རི། ཀི་རི་མི་རི། སི་རི། ལ་ལི་ཏེ། ཨ་ལ་ཀེ་མ་ལ་ཀེ། བ་སུ་ཀི་རི་ར་ཀ ། ར་ཀ་ར་ཎེ་ཎེ། ཏི་ནི་ཏི་ནི། ཧི་ནི་ཧི་ནི། མི་ཏི་མི་ཏི། ཀི་ཏི་ཀི་ཏི། མུ་ཊ་ཏྲ་མུ་ཊ་ཏྲ། སུ་རུ་སུ་རུ། མུ་རུ་མུ་རུ། ཀུ་ལུ་ཀུ་ལུ། དཱ་ཏ་དཾ་ཀུ་རུ་ཧུ་རུ་རུ། སིདྡྷ་ཤྩ་ཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མ་ནི་བཅུ་པོ་ལས། །ལས་ཀུན་བྱེད་ པ་ལྔ་པ་འདི། །རྡོ་རྗེ་མཛེས་མར་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི། དྷྲི་ཏི་དྷྲི་ཏི་གི་བྷྲི་གྲི། རུ་རུ་བྲི་གྷྲི་གི། རུ་རུ་བྲི་གྷྲི་ན་རེ་རུ་པ་ཙ་ལ་མ་གཙྪ་ཀི་རི་ཀི་རི། སཏྱ་ས་མ་ཡ། མ་ནུ་སྨ་ར་ཧི་བཛྲེ་ཎི། 100-1-319a བཛྲེ་ཎི། ཎ་ཏི་ཎ་ཏི། ཀུ་ལུ་ཀུ་ལུ། ཧི་རི་མི་རི། ཀུ་རུ་སུ་རུ། སུ་རུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱུ་ཏི་དཾ་ཀུ་རུ་ཧུ་རུ། སིདྡྷ་ཤྩ་ཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། །ལས་ཀུན་བྱེད་པ་དྲུག་པོ་ འདི། །རྡོ་རྗེ་ཤུགས་ཆེན་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་བོ་ལ་རི་བཛྲཾ་ཀུ་ཀྵི་པ་པེ་ག་གི་གི་གྷི་གི་གི་གྷི། གྷི་ཧི་གྷི་ཧི། བ་ཧི་བ་ཧི། ས་ར་ས་ར། ཧ་ར་ཧ་ར། ཧུ་རུ་ཧུ་རུ་ཧུ་རུ། ཀི་རི་བི་རི། དཱུ་ཏི་ དན་ཀུ་རུ། ཧུ་རུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། །ལས་ཀུན་བྱེད་པ་བདུན་པོ་འདི། །རྡོ་རྗེ་ཤུགས་ཞེས་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་སཱུརྱ་ས་མ་ཏྲི་ཛཱ་ཏེ་ ཛཱ་བཛྲི་ཎི་ཏི་ཛ་བཛྲི་ཎི། པི་ལ་བ་ལི། ཧཻ་ལི་ཧཻ་ལི། ཀུ་ཏུ་ཀུ་ཏུ། གྷ་དྷི་གྷ་དྷི། ས་ར་ས་ར། ཀུ་ལུ་ཀུ་ལུ། ཧི་ལི་ཧི་ལི། ཧུ་ལ་ནི། ཧ་ཧི་ཧ་ཧི། དཱུ་ཏི་དཾ་ཀུ་རུ་ཧུ་རུ་རུ། སིདྡྷ་ཤྩ་ཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། ། ལས་ཀུན་བྱེད་པ་བརྒྱད་པོ་འདི། །རྡོ་རྗེ་ཉི་མར་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི། ཛི་ཛི་ཛི་ཛི། རུ་རུ་རུ་རུ། ཙཎྜ་བཛྲ་པཱ་ཎི་ཀྲྀཥྞ་ཤ་བ་རཱཛྙཱ་པ་ཡ་ཏི་བི་སྐྲི་ཛ་བཛྲི་ཎི་མ་ན་ཡ། ཧི་ཧི་ཧི་ཧི་ཧ། ཀི་རི་ ཀི་རི། མ་མ་ག་མེ་ན། ཏི་ཏི་ཏི་ཏི། མུ་ཏུ་མུ་ཏུ། ཧི་ཧི་ར། ཧི་ཧི་ར། ཧི་ཧི་དཱུ་ཏི་དཾ། ཀ་རོ་ཏ་ཧི་ཧི་རུ་རུ་སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། །ལས་ཀུན་བྱེད་པ་དགུ་པོ་འདི། །རྡོ་རྗེ་དབྱུག་པར་གྲགས་པ་སྟེ། ། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ན་མོ་མ་ཏི་སཏྱ་ནི། སཏྱ་བ་དི་ནི། སཏྭ། བཛྲ་པྲ་ཏི་སྟ་ཏ་ན། སཏྱེ་ན་དྷ་རྱ་ཏེ་བཛྲ་ན་ས་ཏཾ། བཛྲ་ལོ་ཀེ་པྲ་ཏི་ཥྛི་ཏེ་ཨི་དཾ་ས་ཏྱེ་ན་ས་ཏྱ་ན་སཏྱ་བ་ཀྵ་ཎ། ཤཱི་གྷྲ་མ་ཡ་ཧི་བཛྲི་ཎི། ཧི་ཧི་ཧི་ཧི་ཧི། ཧ་ཧ་ ཧེ་དྷ་ར་དྷ་ར། དྷུ་རུ་དྷུ་རུ། ལོ་ཀ་ཡ་ནི་ཤྩཎྜ་མོ་ཏ་ནི། མོ་ཏི་སི་བིསྟུ་བིསྟུ། བི་ཏུ་རི་བི་ཏུ་རི། རུ་རུ་རུ་ཏི་པཱུ་ར་པཱ་ད་ག་ནི་ཛྭ་ལ་མ་ནུ་སྨ་ར་བཛྲི་དྷྲི་ཏེ། དཱུ་ཏི་དཾ་ཀུ་རུ་ཧུ་རུ་རུ་སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས། ། 100-1-319b ལས་ཀུན་བྱེད་པ་བཅུ་པོ་འདི། །རྡོ་རྗེ་བདེན་པར་གྲགས་པ་སྟེ། །རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། །ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ལས་ཕོ་ཉ་མོ་བཅུ་བཤད་པ་ཞེས་བྱ་བའི་ལེའུ་རྫོགས་སྷོ།། །། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་ དྷ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། སུ་ཁི་བྷ་བ་ཏུ་བཛྲ་པཱ་ཎི་ས་པ་རི་བཱ་ར་བཛྲ་པཱ་ཎི། པཱ་ཙ་ནི་ན་བཱ་ཙ་ནེ་ན་སཏྱེ་ན་བཛྲེ་ཎ། ཨཱ་ཛྙཱ་པ་ཡ་ཏི། བཛྲེ་ཎ་ཙྪིནྡ་ཏི། བཛྲེ་ཎ་བྷིནྡ་ཏི། ཨ་ལོ་ལ་གྷ་ལོ་ལ། ག་ལིནྡ། བནྡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་བསྒྲུབ་པར་བྱ་སྟེ། ལག་ན་རྡོ་རྗེ་རི་མོའི་གཟུགས་ཚོན་རྩི་སྤྱིན་མེད་པས་འདིར་བཞུག་གོ། །རི་མོའི་གཟུགས་ ཀྱི་དྲུང་དུ་རས་མ་ཉམས་པའི་སྟན་ལ་གསེར་དང་དངུལ་དང་ཟངས་སྣ་གསུམ་ལས་བྱས་པའི་རྡོ་རྗེ་བཞག་སྟེ་སྟེང་གཡོག་པར་བྱའོ། །པོག་དང་སྲ་རྩིའི་པོག་སྦྱར་བ་ཡང་དབུལ་ལོ། །ན་མཿཀུ་རུ་བཛྲ་པཱ་ཎི་པྲ་ཏི་གྲྀ་ཧྣ་ཧི་མེ་དྷུ་པ་ཧུ་ཏི་མ་བསྤ་ ཧུ་ཏི་མ་མ་ཙ། རཀྵ་མ་ཏྭཱཾ་ས་མ་ཡོ་བྱ་དྷི་ཤུ་ཏི་སྭཱ་ཧཱ། གཙང་མས་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་བདུག་པ་ཐོགས་ཤིང་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས། ཕྱི་དེ་ཉིན་པར་མཆོད་པ་ལྷག་པར་བསྐྱེད་དེ་བཟླས་བརྗོད་ བྱའོ། །མར་མེ་ཡང་ཅི་འབྱོར་པས་བསྐྱེད་པར་བྱའོ། །དེ་ནས་ལག་ན་རྡོ་རྗེ་འོང་བར་འགྱུར་ཏེ། བྱ་བ་གང་ཡིན་པ་དེ་བྱེད་པར་འགྱུར་རོ། །གྲུབ་ནས་ཀྱང་ཟླ་བ་ཕྱེད་ཀྱི་བར་དུ་ཆོ་ག་བསྲུང་བར་བྱའོ། །དམ་ཚིག་མ་མཐོང་བས་བྱས་ན་མ་ རུང་བར་འགྱུར་རོ། །སློབ་དཔོན་ལ་གུས་པ་དང་མཆོད་པ་བྱས་ནས་གདོད་ཆོ་ག་རྒྱས་པར་མནོད་པར་བྱ་སྟེ། རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་ཀར་ཤ་པ་ནི་བརྒྱད་ཀྱི་མགྲོན་བུས་རྡོ་རྗེ་བྱས་ནས་སློབ་དཔོན་ལ་དབུལ་བར་བྱའོ། ། དེ་ལྟ་བུས་ཆོ་ག་རྒྱས་པ་བསྒྲུབས་ན་གདོད་འགྲུབ་པར་འགྱུར་ཏེ། རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །སློབ་དཔོན་མ་ཡིན་ཞིང་བུ་མ་ཡིན་པ་བསྟེན་ནས་ལོ་གཅིག་མ་ལོན་པ་ལ་ 100-1-320a སྦྱིན་པར་མི་བྱ་སྟེ། ཡང་ན་སློབ་དཔོན་གྱིས་རབ་ཏུ་སྦྱང་བ་བྱས་ནས་བཟོད་གཟུང་བར་བྱའོ།། །།དེ་ནས་ཕོ་ཉ་མོའི་ཚོགས། །བཅུ་པོ་རྣམས་ཀྱི་གཡོག་མོ་ནི། །ཡིད་ལས་སྐྱེས་པ་དྲུག་བཅུ་བཞི། །བསྟན་པ་རྣམས་ནི་བཤད་ པར་བྱ། །ན་མོ་མ་ཏི་ཧི་བཛྲ་པཱ་ཎི་བཛྲ་པཱ་ཎི་མ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མོ་བཛྲ་པཱ་ཎི་བཛྲི་ཎི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀཾ་མེ། མ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། སྣ་མའི་མེ་ཏོག་གི་ སྦྱིན་སྲེག་བྱའོ། །ན་མོ་ནནྟེ། ཙྪིནྡ་བཛྲེ། ཙྪིནྡ་བཛྲི་ཎི། ཙྪིནྡ་པཱ་ཏ་ཡ་ནི་སུམྦྷ་ཡ། སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མོ་ཨ་ར་ག་ཎི་བ་ར་ག་ཎི། སུ་ར་ག་ཎི། བཛྲེ་ཎ་ཙ་ཏེ་སྭཱ་ཧཱ། ན་མོ་ནནྟ་ཀ་ལི། སུ་ར་ཀ་ལི། བྷི་རི་བྷི་རི། ཀུ་ཤ་ཤ་ཡ་ ནྱེ་ཀུ་ཤ་རི་ཎི་སྭཱ་ཧཱ། ཁྲོས་ནས་བྱང་ཕྱོགས་སུ་ཁ་བལྟས་ཏེ་བདུག་པར་བྱའོ། །ན་མོ་གྷོ་ཥེ་ཎི། གྷོ་ཥ་བཛྲ་ཎི། ཧ་ན་ཏི། བི་ན་ཏི། ཨུཏྶཱ་ད་ཡ་ཏི། བཛྲཱི་བཛྲེ་ཎ་ཙ་དེ་སྭཱ་ཧཱ། བྲ་མ་ཙན་དྷས་སྦྱིན་སྲེག་བྱས་ན་འཇིགས་པར་བྱེད་དོ། ། ན་མོ་ཧི་ནི་ཧི་ནི། ཀུནྡ་ཡ་སྭཱ་ཧཱ། དྷི་ནི་དྷི་ནི། གྷི་ནི་གྷི་ནི། སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མོ་མུ་ནེ་མུ་ནེ། ནི་མ་ཏི་མ་ཏི། མ་ཧཱ་མ་ཏི། སུ་མ་ཏི། རཱཀྵ་ས་ཏི་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི། ད་ཧཱ་ད་ཧཱ་སརྦ་བྷ་ཡེ་བྷྱཿསྭཱ་ཧཱ། ལས་ ཐམས་ཅད་བྱེད་པའོ། །ན་མཿཧེ་ཧི་ཌེ་པཱ་ས་གོ་ར་མ་ལེ་ཤུ་ཙི་རོ་ཏ་ཤུདྡྷ་བ་ལི་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མཿཀུམྦྷེ་ཀུམྦྷེ་ཀོ་ཊི་ནི་ཀོ་ཊི་ནི། ཀུ་རུ་བཛྲ་པཱ་ཎི། སཏྱེ་ན་ས་མ་ཡེ་ན་ཙ་སྭཱ་ཧཱ། མེ་ཏོག་གི་ རིག་སྔགས་ཀྱིས་ཅི་ཡང་རུང་བ་ལ་བཟླས་བརྗོད་དམ་སྦྱིན་སྲེག་བྱའོ། །ན་མཿསུ་ཁི་བྷ་བ། རུ་དྷི་ར་བཛྲ་པཱ་ཎི་ཏྲོ་ཊཱ་ཡ་ཏྲོ་ཊཱ་ཡ་ནི་ཛ་ཧི་ནི། ཀུ་རུ་མེ་ཀཱརྱ་བྷྲ་མ་རི་བྷྲ་མ་རི་སྭཱ་ཧཱ། ལྟེ་བའི་སྔགས་ཏེ་ལས་ཐམས་ཅད་བྱེད་པའོ། ། ན་མཿཏི་ཊི་ནི་ཏུ་ཊུ་ནི། ཀུ་རུ་བཛྲེ་ཎ་པཱ་ཎི། ནོ་ཙི་ཡཏྐ་མ་མ་བུདྡྷཱ་ཡ། བི་སོ་མེ་ཀ་མོ་སིདྡྷ་ཏུ་སྭཱ་ཧཱ། ལག་པ་ལ་བཟླས་བརྗོད་བྱས་ཏེ། གང་དོན་དུ་བསྒྲུབ་པ་དེ་བླང་བར་བྱའོ། །ན་མོ་བཛྲེ་ཎ་ཧ་ན་ཏི་མ་མ་ཙ་ས་མ་ཡཾ་རཀྵ་ 100-1-320b བཛྲ་པཱ་ཎི། མཏ་ཏྭཱཾ་ས་མ་ཡོ་བྱ་ཏི་ཤེ་ཏི་སྭཱ་ཧཱ། ལག་པའི་རིག་སྔགས་སོ། །ན་མོ་བྷི་བྷི་བྷི་རུ་རུ་བཛྲེ་ཎ་ཡནྟ་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མཿཀུ་རུ་བྷྲ་མ་རི་མུཉྩ་མ་ཡ་མ་བཛྲ་པཱ་ཎི་ནི་རི་དཾ་ཀ་ར་ཀ་རི་ཀེ་སྭཱ་ཧཱ། ལས་ ཐམས་ཅད་བྱེད་པའོ། །ན་མ་ཧི་རི། ཧི་ཧི་རི། ཀི་རི་ཎི། ཀི་རི་ཎི་སྭཱ་ཧཱ། གྱད་བརྡབ་པའི་སྔགས་སོ། །ན་མོ་མནྡེ་མནྡེ། ད་ཧ་ད་ཧ། པ་ཙ་པ་ཙ། བ་ཤི་ཀ །རོ་ཧི། བ་ཤི་ཀ་རོ་ཧི། བ་ཤི་ཀ་རོ་ཧི། དེ་བ་མ་བ་མ་པི་རཀྵ་སམྦྦ་ཨུཏྟྲ་ ས་ནི་བྷི་རི་བྷི་རི་སྭཱ་ཧཱ། སྦྱིན་སྲེག་བྱའོ། །ན་མོ་ནི་རི་ནི་རི། པཱ་ཤ་པཱ་ཤེ་ཏི་སྭཱ་ཧཱ། ལྟེ་བའི་སྔགས་ཏེ། སྦྱིན་སྲེག་ཐམས་ཅད་ལ་སྦྱར་བར་བྱའོ། །མི་རྩིའི་སྔགས་དང་། མེ་ཏོག་གི་སྔགས་ཀྱང་ཡིན་ཏོ། །རྒྱན་ཐམས་ཅྡ་ ལ་ཡང་བཟླས་བརྗོད་བྱའོ། །ན་མོ་གྷུ་ཊུ་གྷུ་ཊུ། གུ་ཏུ་ནི་གུ་ཏུ་ནི། ནི་ས་ར་ཡ། མུ་ཏི་ནི་སྭཱ་ཧཱ། འཁོར་དུ་གཞུག་པ་དང་། བརྡབ་པ་དང་། བསྲུང་བ་དང་། བཅིང་བ་ལ་རས་སྔོན་པོས་བྱ་སྟེ་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ན་མོ་ གྷཱ་ཏ་ཡ། གྷཱ་ཏ་ཡ། ཙི་རི་ཙི་རི་ཙི་རི་སྭཱ་ཧཱ། ཁ་ཟས་དྲང་བའི་སྔགས་ཡིན་ཏེ། དོང་བརྐོས་ལ་དེའི་ནང་དུ་ཁ་ཟས་ཀྱི་བྲུལ་མ་གཞུག་ཅིང་ཕྱི་རོལ་གྱི་ཁ་ཟས་ཅི་འདྲ་བ་དེ་འདྲ་བའི་ཁ་ཟས་ཀྱི་བྲུལ་མ་རས་སར་པའི་ནང་དུ་བཅུག་སྟེ། ལན་བརྒྱད་བཟླས་བརྗོད་བྱས་ནས། རས་དེའི་སྟེང་དུ་དབྱུག་པ་གཞག་གོ། །གང་ཅི་ཡང་རུང་བ་ཡང་འདྲེན་པར་བྱེད་དོ། །ན་མོ་གྷི་ནི་གྷི་ནི། ཀུཎྜཱ་ཡ་བནྡྷ་ནི་སྟཾ་བྷ་ནི། གྷུ་གྷུ་གྷུ་སྭཱ་ཧཱ། རིག་སྔགས་ཐམས་ཅད་བཅིང་བའོ། །ན་མཿ ཙོ་ཏི་ནི། བནྡྷ་ནི། པ་ཏ་ནི་སྭཱ་ཧཱ། རིག་སྔགས་ཐམས་ཅད་གསོ་བ་སྟེ། མར་དང་སྦྲང་རྩི་ལ་བཟླས་བརྗོད་བྱས་པས་བྱའོ། །ན་མོ་བཛྲི་ཎི་སྥོ་ཊ་ཡ། ཀུཎྜཱ་ནི་སྥོ་ཊ་ཡ་སྭཱ་ཧཱ། ཁྲོས་པ་ལ་ནི་ཡུངས་ཀར་གྱིས་གཏོར་རོ། །གཞིག་པ་ལ་ནི་ བོང་བུའི་ཁྲག་གིས་བྱའོ། །ཞི་བར་གྱུར་ནས་ཕྱིར་གསོ་བ་ལ་ནི་དངར་གསུམ་གྱི་སྦྱིན་སྲེག་བྱའོ། །ན་མོ་བཛྲ་པཱ་ཎི་རཱ་ནུ་ག་ཏེ་ན་ཧི་རི་ཀི་རི། ག་མེ། བཛྲ་ཧཱ་ཎི་ཀུ་རུ་བྷི་སྭཱ་ཧཱ། མེའི་སྔགས་སོ། །ན་མཿཏི་ནི་སྭཱ་ཧཱ། མིག་སྨན་གྱི་ 100-1-321a སྔགས་ཏེ། ལིག་བུ་མིག་དང་། རྡོ་ཕ་བང་ལོང་བུ་དང་། ཨུ་དུམྦ་ར་དང་། སུ་ནོད་ཛ་དང་། ས་ཧ་ཛ་ར་དང་། གླང་པོ་ཆེའི་རྡུལ་རྣམས་ནི་དབང་དུ་བྱ་བའི་མིག་རྩི་ཡིན་ཏེ། གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ན་མོ་བཛྲེ་ ཎ་ཧ་ན་ཧི་ས་མ་ཡེ་ན་ཏིཥྛ་ཏི་པཱ་ཤ་མི་ཡ་ག་རི། བྷུ་རི་བྷུ་རི། པ་ཏྲ་ཤི་ཏི་ནི་སྭཱ་ཧཱ། ཆུ་ཁྱོར་གང་ལ་བཟླས་བརྗོད་བྱས་ཏེ། ཤིང་ལ་གཏོར་ན་ལོ་མ་རྣམས་རྙིས་པར་འགྱུར་རོ། །ནཱ་བྷེ་ནཱ་བྷེ། བ་ན་ག་ཏ་དེ། བ་ན་ག་ཏ་དེ། བ་ན་ག་ཏ་དེ། སྟི་རི་སྟི་རི་སྭཱ་ཧཱ། ནགས་ཁུང་དུ་འགྲོ་ན་བསྲུང་བའི་སྔགས་སོ། །ན་མཿཀི་མོ་ཀ་མེ། ཀུ་མཱ་རི་ཎི་སྭཱ་ཧཱ། སྨན་གྱི་སྔགས་ཏེ་བུ་མོ་གཞོན་ནུས་བཀལ་བའི་སྐུད་པས་བྱ་ཞིང་རྐང་པ་སྣུམ་གྱིས་བསྐུ་བར་བྱའོ། །ན་མཿཀུཎྜཱ་ནི་ཀུཎྜཱ་ནི་ སྭཱ་ཧཱ། ཕོ་ཉ་མའི་རིག་སྔགས་བལྟ་བའི་སྔགས་ཏེ། རྫ་མཁན་གྱི་སྣོད་ནས་ཟས་དང་སྨན་བླང་བར་བྱའོ། །ན་མོ་གྷ་ཏེ་གྷ་ཏེ་གྷི་ཏི་ནི་སྭཱ་ཧཱ། གཞོན་ནུ་མའི་སྔགས་སོ། །ན་མཿཀུ་རུ་ཎ། བ་ཤེ་ན། བ་ཤེ་ན། བཛྲ་པཱ་ཎི། ཧི་ཧི་ནི། ཏི་རཱུ་པ་མ་མ་ཀརྨ་རུ་ཀུ་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །ན་མཿཀི་རི་ཀི་རི་སྭཱ་ཧཱ། ཨུཏྐ་རུ་ཎི། ཏྲོ་ཊ་ནི་སྤོ་ཊ་ནི་སྭཱ་ཧཱ། གནོད་སྦྱིན་མོའི་རིག་སྔགས་ཏེ་ཅི་འདོད་པ་ཐམས་ཅད་འགྲུབ་པའོ། །ན་མོ་ཡེ་ལ་ལ་ཏེ་ལ་བྷི་ནི་བཛྲི་ ཎི་སྭཱ་ཧཱ། རྐང་པ་བསྐུ་བའི་སྔགས་སོ། །ན་མཿ་ཀུམྦྷ་ཀུམྦྷ་ནི་སྭཱ་ཧཱ། སྨན་བླང་བ་དང་། ནགས་ཚལ་གྱི་ཤིང་ཏོག་བླང་བའི་སྔགས་སོ། །ན་མཿསྟེ་ཛ་ཛ་ནི། དྷུ་ན་དྷུ་ན་དྷུ་མ་ཏི་སྭཱ་ཧཱ། ཐམས་ཅད་དབྲོག་པའི་སྔགས་ཀྱིས་ འགྲུབ་པར་འགྱུར་རོ། །ན་མོ་ཧུ་ཛ་ཧུ་ཛ་ཧུ་ཛ་ནེ་ཏི་སྭཱ་ཧཱ། སྨན་ནོ་ཅོག་བླང་བའི་སྔགས་སོ། །ན་མཿཤྱཱ་མ་རི་བི་མ་རི་སཾ་ཀྲ་མ་ཎི་སྭཱ་ཧཱ། རྨས་པའི་རྨ་སྤོ་བའོ། །ན་མཿཧི་ནི། པ་ཙ་པ་ཙ། བནྡྷ་བནྡྷ་ནི་ཁྲི་རི་ནི་སྭཱ་ཧཱ། ཁྲུས་བྱ་བའི་སྔགས་ ཏེ་ལས་ཐམས་ཅད་བྱེད་པ་ཡང་ཡིན་ནོ། །ན་མཿཨ་རེ་ཏེ་མཉྩ་རི་པཉྩ་བ་བ་ན་བ་སི་ནི་ཏུ་ཏི་ཀཱ་ལ་ཀཱ་ལ་སེ་སྭཱ་ཧཱ། གང་གི་མིང་གིས་སྐ་རགས་དུམ་བུ་དུམ་བུར་བཅད་ན་མིང་དེ་བཅད་པར་འགྱུར་རོ། །ན་མཿཔུ་ཤ་མཉྩ་རི་ཛ་ཡཱ་མཉྫ་རི་བུ་ཤ་ 100-1-321b པཱུ་རི་ཀེ་ནཱི་ལ་གྲཱི་གྲཱི་དྷུ་ན་དུ་བི་ནི་ཏི་རི་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་གཉིད་ལོག་ཏུ་གཞུག་པ་དང་། དགྲོལ་བ་དང་དབྱུང་བའི་སྔགས་ཏེ། བརྡབ་པར་བྱའོ། །ཡུངས་ཀར་ལ་བསྔགས་པས་ཀྱང་སྒོ་ལ་བསྣུན་པར་བྱའོ། །ན་མོ་བྷི་ན་ཡ་དུཾ་དུ་ བྷི་ག་ཏཱ་ཡ་དུཾ་དུ་བྷི་ཐ། སུམྦྷ་སུམྦྷ་དྷ་རི་བྷསྨ་ཧ་ཧི། ས་མ་ཡཾ་མ་ཏེ་ན་ནུ་མ་ཏེ་ན་བྲྀ་ཀྵ་མཱཛྙཱ་པ་ཡ་ཏི་ཨུདྒ་ཏ་ནི་པ་ཏི་ནི་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་གཉིད་ལོག་ཏུ་གཞུག་པ་དང་དགྲོལ་བ་དང་། དབྱུང་བ་དང་། གཞོམ་པ་དང་། རབ་ཏུ་གཞོམ་པ་དང་། གཞིག་པ་དང་། བསྒྱེལ་བ་དང་། གཅད་པའི་སྔགས་ཏེ། ལས་ཐམས་ཅད་བྱེད་པ་ཡང་ཡིན་ནོ། །ན་མོ་བཱ་རི་བཱ་རེ་བཱ་ར་དཏྟེ་སིདྡྷ་སི་སྭཱ་ཧཱ། སྨན་བླང་བ་དང་གདོན་དང་རིམས་ཀྱིས་ཐེབས་སུ་གཞུག་པའི་སྔགས་ཏེ་ལས་ཐམས་ ཅད་བྱེད་པ་ཡང་ཡིན་ནོ། །ན་མཿཀི་རི་ཀི་རི་བཛྲ་པཱ་ཎི་ཏི་ལ་རི་ཏི་ལི་རི་ཎི་ལི་ཛ་རི་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ཡུངས་ཀར་དང་། ལན་ཚྭ་དང་། ཅི་ཡང་རུང་བས་སྦྱིན་སྲེག་བྱའོ། །ན་མོ་མ་ཏི་མ་ཏི་བྷྲ་མ་རི་བྷྲ་མ་རི་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ ཅི་ཡང་རུང་བས་བྱའོ། །ན་མོ་དིཾ་བྷེ་དིཾ་བྷེ། དཾ་བྷེ་དཾ་བྷེ། དཾ་བྷེ་དཾ་བྷེ། བཛྲི་དྷི་ད་ཡ་ཙྪེ་ད་ནི་བེ་ད་ནི། ཡ་མཻ་ཡ་མཻ། ཡ་མ་ཡ་མེ་བིསྟི་བི་རི་བཛྲི་ཎ་ཙ་ཏེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བཅིང་བ་དང་། ལས་ཐམས་ཅད་བྱེད་པའོ། །ན་མཿ ཨུཏྟོ་ཊ་ཡ་ཏྲོ་ཊ་ནི་བིནྡ་པ་ནི། བིནྡ་པ་ནཾ་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ཅི་ཡང་རུང་བས་སྦྱིན་སྲེག་བྱའོ། །ནི་སུམྦྷ་ནི་སུམྦྷ། བཛྲ་ཧ་ན་ནི་ཏེ་བྷི་རི་བྷི་རི་སྭཱ་ཧཱ། རིག་སྔགས་དགྲོལ་བ་དང་ལས་ཐམས་ཅད་བྱེད་པའོ། །ན་མཤྩཎྜེ་རི་ག་ཤི་ནི་ ཨསྠི་ནི་ཙྱཱ་སྱ་པི་ཤ་ཧེ་མིཛྫ་མེ་ཙཎྜ་ཨ་ཧ་ར་སྭཱ་ཧཱ། ཚུལ་ཇི་ལྟ་བ་བཞིན་དུ་འདུག་ལ་བཟླས་བརྗོད་བྱེད་ཅིང་མིང་བརྗོད་པར་བྱའོ། །ལས་ཐམས་ཅད་བྱེད་པ་ཡང་ཡིན་ནོ། །ན་མཿཔ་ཀོ་པ་ཏི་ནི། མི་བྷི་མི་བྷི། ཏཾ་ཀེ་ཀེ་མཾ་མེ། ཀུ་རུ་ ཀ་ར་པ་མ་བཛྲ་ཧ་ན་ནེ་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་དབང་དུ་བྱ་བ་དང་གཞིག་པ་ལ་སྦྱིན་སྲེག་བྱའོ། །ན་མཿབི་ཤི་ལི་བེ་ཤེ་ལེ། ཙི་ཏི་ལི། ཙི་ལི་བྷི་ཙི་ལི། ཙི་ལི་བྷི་ཙི་ལི། ཙ་རུ་ཎི་ཏི་ཙ་རུ་ཎི་སྭཱ་ཧཱ། མོ་མཚན་བཅིང་བ་སྟེ། ལས་ 100-1-322a ཐམས་ཅད་བྱེད་པ་ཡང་ཡིན་ནོ། །ན་མཿ་སུམྦྷ་ནི་སུམྦྷ་བནྡྷ་དྷ་ལ་ཧཱུྃ་ཨ་ན་ཡ་སྭཱ་ཧཱ། ཅི་ཡང་རུང་བས་སྦྱིན་སྲེག་བྱའོ། །ཧི་ཧི་ཧི་ནི་ལི་ནི་ཨི་རི་ཏི་སུམྦྷ་བཛྲ་པཱ་ཎི། ཧུ་རུ་ཧུ་རུ་བྷཉྫ་ནི་སྭཱ་ཧཱ། བདུག་པ་ཐོགས་པ་དང་། མེ་ཏོག་ སྟེང་དུ་འདོར་བའི་སྔགས་སོ། །ན་མཿཧུ་ལུ་ཧུ་ལུ་ཧུ་ལཱ་ཡ། ཀུ་ལུ་ཀུ་ལུ་ཀུ་ལཱ་ཡ། ཀི་ལི་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། འདི་ནི་ལག་ན་རྡོ་རྗེ་སྦྱིན་སྲེག་ཐོག་མར་བྱ་བ་ཡིན་ཏེ། གནོད་པར་བྱ་བ་ལ་སྦྱིན་སྲེག་བྱས་ནས་དེའི་འོག་ ཏུ་བདུག་པས་དགྲོལ་བར་བྱའོ། །ཧི་རི་མི་རི་ཧི་ལི་མུ་ལི་ཛི་མུ་ལུ་མུ་ལུ་ཙི་སྭཱ་ཧཱ། ལག་ན་རྡོ་རྗེ་སྨྲར་གཞུག་གོ། །པི་རི་ལི་ཙི་རི་ལི། བཛྲ་པཱ་ཎི་བྷི་རི་བྷི་རི་ཨ་ནེ་མེ་ཧི་སྭཱ་ཧཱ། དགོད་དུ་གཞུག་པའོ། །བི་ལི་བི་རི་ཎི། ཨི་ལི་ཀུ་རུ་བ་ཏི། པྲ་སིདྡྷ་ཀ་ཏོ་སྨི་ཀུ་རུ་མེ་བ་རཾ་སྭཱ་ཧཱ། མི་འཇིགས་པ་སྦྱིན་པའོ། །ན་མཿཀི་ལི་མི་ལི་ནི། སུ་རུ་ཀུ་རུ། ས་མཱ་ཡ་མ་ནུ་བརྟ་ཧྲྀ་དཱ་ཡ་བནྡྷ་སྭཱ་ཧཱ། སྤྱན་དྲང་བ་དང་ལས་ཐམས་ཅད་བྱེད་པའོ། །ན་མོ་རཀྵ་ཧ་རཱ་ཡ་ཨ་གྲ་གྲྀ་བ་རི་ཎི། རུ་ཎི་རུ་ཎི། བ་རི་ཎི་ ཤི་མ་ནི། པྲ་སཱ་དྷ་ནི། བཛྲ་པཱ་ཎི། རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། རབ་ཏུ་བསྒྲུབ་པ་སྟེ་བཟླས་བརྗོད་བྱེད་ཅིང་བདུག་པ་སྲེག་པས་བྱའོ། །ན་མོ་བྷ་གྷ་རུ་ག་ཊཱུ་གཎྜེ་ཛ་ཧ་ར་ཨུ་ཪྡྷཾ་སཏྱ། ན་ས་མ་ཡེ་ན་པྲ་སཱ་དྷ་ཡ་སི་བཛྲེ་ན་སྭཱ་ཧཱ། དགའ་བར་བྱ་བ་སྟེ། བིལ་ བ་དང་ཤུ་ཏིས་ཁྲུས་བྱེད་ཅིང་ལས་བྱའོ། །ཧི་རི་མི་རི་ཨ་བ་ཧཱ་ཡཱ་མྲྀ་ཏ་ནཱ་མ་མ་ཧི་ས་མ་ཡ་མུ་པ་ཏིཀྵྞ་སྭཱ་ཧཱ། བཟླས་བརྗོད་བྱེད་ཅིང་བདུག་པ་བསྲེགས་པས་འཇིགས་པ་འབྱུང་བར་མི་འགྱུར་རོ། །མུ་ནེ་མོ་ནེ། མུ་ནེ་མོ་ནེ། ཀརྱ་མི་དཾ་ཀུ་རུ་ བྷཻ་ར་བ་བཛྲ་པཱ་ཎི་ཧ་ཧ་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ། །བཛྲ་དྷུཾ་ད་མ་ཧཱ་བེ་གཾ་བཛྲ་གོ་ན་པ་ཡཾ་ཀཾ་བཛྲེ་བཛྲེ་ན་ཧ་ན་པ་ཏ་ཡ་སྭཱ་ཧཱ། མིའི་གཙོ་བོ་དབང་དུ་བྱ་བ་སྟེ། སྦྱིན་སྲེག་གིས་བྱའོ། །ལས་ཐམས་ཅད་བྱེད་པ་ཡང་ཡིན་ནོ། ། ཀཱ་ལི་ཀཱི་ཡི། ཀོ་ནི་ཀྵེ། ཨ་ཨི་ཏ་བི་ལི་ལི། པི་ལི་ལི། པི་ལི་ལི་སྭཱ་ཧཱ། ན་མོ་བནྡྷ་མི་ཏྱ་མུ་ཁཾ་ཨ་མུ་ཀ་བཛྲ་ཧ་སྟ་སྱ་བི་ནི་ན་ཨ་ལི་ཙི་ལི་བི་ལི་མི་ལི། ན་མོ་བཛྲ་པཱ་ཎི་སྱ། སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ཏེ། རས་ཀྱི་ཚར་ཚར་ལ་ 100-1-322b མདུད་པ་དོར་བར་བྱའོ། །ན་མཿཙི་ལི་ཙི་ལི། ཀུད་ཊུ་ཀུད་ཊུ། སུ་ཁཱི་བྷ་བ་ཏུ་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ན་པ་ཏི་ཨི་མི་ནི། པུཥྤ་ནི་གྲྀ་ཧི་ཏྭ། ཨ་མུ་ཀོ་པ་ཤ་མ་གཙྪ་ཏི་སྭཱ་ཧཱ། སྣ་མའི་མེ་ཏོག་ལ་ལན་བརྒྱད་བརྒྱ་བཟླས་ཏེ། བཅོམ་ ལྡན་འདས་ཀྱི་ཞབས་དྲུང་དུ་ནུབ་མོ་ནས་དབུལ་ལོ། །ན་མོ་བཛྲ་རཱཛྙཱ་པ་ཡ་ཏི་ཧི་ཧི་ཧི་ཧི་ཤུ་ཀྲ་ཤོ་ན་ཏི་བནྦྷ་ནི། མ་ཧཱ་བིདྱཱ་ཤུ་ཀྲ་མེ་བནྡྷ་རཀྵ་ཙ་མཾ་སྭཱ་ཧཱ། སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས། མདུད་པ་བྱས་ཏེ་རྐེད་པ་ ལ་བཏགས་ན་ཁུ་བ་དང་ཁྲག་བཅིངས་པར་འགྱུར་ཏེ། ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ཆེན་པོ་ལས་ཕོ་ཉ་མ་དྲུག་བཅུ་རྩ་བཞི་རྫོགས་སྷོ།། །། དེ་ནས་ཕོ་ཉ་མོ་བཅུའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རས་མ་ཉམས་པ་ ལ་ཚོན་རྩི་སྤྱིན་མེད་པས། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཆོས་འཆད་པའི་ཚུལ་དུ་བཞུགས་པར་བྲིའོ། །གཡོན་ལོགས་སུ་གནོད་སྦྱིན་ལག་ན་རྡོ་རྗེ་བྲི་བར་བྱ་སྟེ། དེ་ཡང་འཁོར་དང་བཅས་པར་བྱའོ། །དེའི་མདུན་ དུ་རྡོ་རྗེའི་གཟུགས་བྲིའོ། །གཡས་ལོགས་སུ་ནི་ཕོ་ཉ་མོ་བཅུ་འཁོར་དང་བཅས་པར་བྲི་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་ཐམས་ཅད་ཀྱི་མགོ་བོར་རྡོ་རྗེའི་མཚན་མ་ཡོད་པར་བྲིས་ནས། སྐུ་གདུང་དང་ལྡན་ པའི་མཆོད་རྟེན་གྱི་དྲུང་དུ་འམ་ཡང་ན་ཆེད་དུ་སྐུ་གདུང་གཞག་སྟེ། སྐུ་གཟུགས་ཁ་ནུབ་ཕྱོགས་སུ་བསྟན་ལ་སྐུ་གཟུགས་ཀྱི་མདུན་དུ་གསེར་དང་དངུལ་དང་ཟངས་རྣམ་གསུམ་ལས་བྱས་པའི་རྡོ་རྗེ་རས་སར་ པ་མ་ཉམས་པའི་སྟེང་དུ་གཞག་སྟེ་སྟེང་གཡོག་པར་བྱའོ། །དེའི་ངོས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱའོ། །དེ་ནས་ཉེ་བར་འགྲོ་བའི་གཞོན་ནུ་ཟླ་བ་ཕྱེད་གསུམ་ལ་བསྒྲུབ་པར་བྱ་སྟེ། གསོ་ སྦྱོང་གི་ཡན་ལག་བརྒྱད་དང་ལྡན་ཞིང་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟ་བ་དང་། དུས་གསུམ་དུ་ཁྲུས་བྱེད་ཅིང་དུས་གསུམ་དུ་གོས་བརྗེ་བ་དང་། རྩྭ་དུར་བའི་སྟན་ལ་ཉལ་བར་བྱའོ། །རྟག་ཏུ་དུས་གསུམ་དུ་བདུག་པ་དང་། དྲི་དང་། 100-1-323a མེ་ཏོག་དབུལ་ཞིང་རིག་སྔགས་བཟླས་བརྗོད་བྱའོ། །སྦྱིན་སྲེག་ཀྱང་ཐམས་ཅད་ཀྱིས་བྱ་སྟེ། སེང་ལྡེང་གི་ཡམ་སྲེག་ཤིང་དང་ཡུངས་དཀར་དང་། སྦྲང་རྩི་མར་དང་སྦྱར་བའི་སྦྱིན་སྲེག་བྱའོ། །ལྷ་བཤོས་ཀྱང་རྟག་པར་དབུལ་ བར་བྱའོ། །མར་གྱི་མར་མེ་ཅི་འབྱོར་པ་ཡང་མཚན་རངས་པར་སྦྱར་རོ། །བཅོམ་ལྡན་འདས་ལ་རྟག་ཏུ་མཆོད་པར་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་མཚམས་སུ་ཡང་ཞག་གསུམ་སྨྱུང་བར་བྱའོ། །དེ་ལྟར་སྦྱར་ན་འགྲུབ་པར་འགྱུར་ཏེ། དོན་ ཐམས་ཅད་བྱེད་དོ། །དེའི་ལས་རྣམས་འབྱུང་སྟེ། སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་ལ་བ་རུ་རའི་ཤིང་ངམ་མར་དང་སྦྲང་རྩི་དང་ཡུངས་ཀར་རྣམས་ཀྱིས་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ། །དེ་བཞིན་དུ་མྱིའི་གཙོ་བོའམ། མི་ཆེན་ པོ་འམ། གནོད་སྦྱིན་དང་། མི་འམ་ཅི་ཡང་དབང་དུ་ཁུགས་པར་འགྱུར་ཏེ། ཅི་ནུས་ཀྱིས་སྨྱུང་བ་བྱའོ། །བྲམ་ཟེ་ལ་ནི་ཞག་གསུམ་རྒྱལ་རིགས་ལ་ནི་ཞག་གཉིས་རྗེའུ་རིགས་ལ་ཞག་གཅིག་སྨྱུང་བར་བྱའོ། །དམངས་རིགས་ལ་ནི་ སྨྱུང་བ་བྱ་མི་དགོས་པར་ནིམ་པའི་ཡམ་སྲེག་ཤིང་གིས་བྱའོ། །གཞིག་པ་ལ་ནི་དུག་དང་ཁྲག་དང་འབྱུང་པོའི་ཟས་ཀྱིས་སྦྱིན་སྲེག་བྱའོ། །གདོན་གྱིས་ཐེབས་སུ་གཞུག་པ་ལ་ནི་ཨེ་རཎྜས་བྱའོ། །འཁྲུག་པར་བྱ་བ་ལ་ནི་བའི་མར་གྱིས་ བྱའོ། །དབྱེ་བ་ལ་ནི་སྦྲུལ་གྱི་ལྤགས་པ་བརྗེས་པས་བྱའོ། །དབང་དུ་བྱ་བ་ལ་ནི་མར་དང་ནེའུ་ལེའི་སྤུས་བྱའོ། །སྙིང་པོ་གཅད་པ་ལ་ནི་ལན་ཚྭ་དང་ཀ་རས་སྦྱིན་སྲེག་བྱའོ། །གདོན་དགུག་པ་ལ་ནི་གུ་གུལ་གྱི་བདུག་པས་བྱའོ། །དབབ་པ་ལ་ནི་གུ་གུལ་དང་ཏུ་ལ་སིའི་ལོ་མས་ བྱའོ། །ཉའི་སྦྱིན་སྲེག་གིས་ནི་རྨི་ལམ་དུ་སྟོན་པར་འགྱུར་རོ། །བསྲུང་བའི་ལས་ལ་ནི་སྐུད་པ་འམ་ཐལ་བ་འམ་ཆུས་བྱའོ། །གཙུག་ཕུད་བཅིང་བ་ལ་ནི་ཆུས་བྱའོ། །དུག་ཞི་བར་བྱ་བ་ལ་ནི་བཟླས་བརྗོད་ཀྱིས་བྱའོ། །གདོན་དང་རྨི་ལམ་གྱིས་འཇིགྶ་ པ་ལ་ནི་ལན་ཚྭས་བྱའོ། །སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་བ་དང་། སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་དང་། གདོན་དབབ་པ་དང་། བརྡེག་པ་དང་། སྨྲར་གཞུག་པ་དང་། གཟིར་དུ་གཞུག་པ་ནི་རའི་གཟུགས་བྱའོ། །མར་གྱིས་ 100-1-323b བསྐུས་ན་ཕྱིར་འཚོ་བར་འགྱུར་རོ། །སྨྲར་གཞུག་པ་དང་། ཁུས་འདེབས་སུ་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། དུར་གཞུག་པ་དང་། ཆོ་རིགས་དྲི་བ་དང་། བྱི་བ་ཟར་གཞུག་པ་དང་། བུང་བ་ཟར་གཞུག་པ་ལ་ཡང་རའི་གཟུགས་བྱའོ། ། མར་གྱིས་བསྐུས་ན་ནི་ཕྱིར་འཚོ་བར་འགྱུར་རོ། །ལས་འདི་དག་དང་གཞན་ཡང་གྲངས་མེད་པ་དག་བྱེད་པར་འགྱུར་ཏེ། བརྡེག་པ་ནི་གཏུན་ཤིང་ངམ་སྐྲའི་ཐག་གུས་བྱའོ། །རོ་བསྲེགས་པའི་སོལ་བས་གཟུགས་བྲིས་ལ་ས་ལས་བྱས་ པའི་རྡོ་རྗེས་བཀབ་ན་གདོན་དབུགས་ཆད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོའམ་ཚན་གཅིག་པུ་འདུག་པར་ཀ་ར་བི་ར་དམར་པོའི་མེ་ཏོག་ཁ་མ་བྱེ་བ་ལ་བཟླས་བརྗོད་བྱ་སྟེ་ནུབ་མོ་ནས་གཞག་ལ་ཕྱི་དེ་ཉིན་ བར་གྱི་དུས་མཚམས་དང་པོར་ལན་བདུན་བདུན་བཟླས་བརྗོད་བྱས་ནས་དགྲ་ལ་བལྟས་ཏེ་བོར་ན་གདོན་གྱིས་ཐེབས་པར་འགྱུར་རོ། །དགྲོལ་བ་ལ་ནི་ཀ་ར་བི་རའི་མེ་ཏོག་དཀར་པོས་བྱའོ། །ཆོ་ག་དེ་དག་ཉིད་ཀྱིས་སུག་སྨེལ་དང་། ཤུ་དག་དང་། ལིག་བུ་མིག་དང་། ཐིང་རིལ་གྱི་སྒོ་ངའི་ཤུན་ལྤགས་རྣམས་ཆ་མཉམས་ཏེ་ཞག་གསུམ་སྨྱུང་བ་བྱས་ནས་བརྒྱ་སྟོང་བཟླས་བརྗོད་བྱའོ། །དེ་ལྟར་བྱས་ན་ལུས་མི་སྣང་བར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱ་ གག་དང་། བྱ་གར་དང་། ནེ་ཙོ་དང་། བྱ་ཙ་ཤ་རྣམས་ལས་གང་ཡང་རུང་བ་གཅིག་གི་སྒོ་ངའི་ཤུན་ལྤགས་དང་། ཉ་རོ་ཧི་ཏའི་སྒོ་ངའི་ཤུན་ལྤགས་དང་ཡུང་བ་དང་། པུ་རྩེ་ཤེལ་དང་། ཉ་ཁྲིས་རྣམས་སྦྱར་བས་ཀྱང་ལུས་མི་སྣང་བར་བྱེད་ དོ། །ཀྲྀཥྞ་བ་ལི་དང་རཀྵི་རྣམས་ཆར་པའི་ཆུ་དང་བཏགས་པའི་རི་ལུས་ལུས་བསྐུས་ན་རྒྱལ་པོའི་ཕོ་བྲང་དུ་འོངས་པ་དང་། སྐལ་བ་བཟང་པོ་དང་ལྡན་ཞིང་བཟའ་བ་དང་བཏུང་བ་དང་ལྡན་པར་འགྱུར་རོ། །ལུས་མི་སྣང་བ་བསྒྲུབ་ པ་ནི་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལུས་བསྐུ་བར་བྱའོ། །ཨ་ཤོ་ཨ་ཀ་དང་། སྤོ་ར་དང་། ཤ་བྷ་རའི་རྩ་བ་དང་། གཟེ་མ་དང་། འབྲས་དང་། རིམ་པ་འདི་དག་ནི་གདོན་གྱིས་མི་ཚུགས་པའི་སྦྱར་སྨན་ཡིན་ནོ། ། 100-1-324a གུར་ཀུམ་དང་། རྒྱ་སྤོས་དང་། རུ་སྟ་དང་། སྤོས་དང་། ཀི་རི་ཀི་ར་ཎི་ནི་ཀ་དང་། ཨི་དྲ་བ་ནུ་ནིའི་རྩ་བ་དང་། ཨ་མྲྀ་ཏ་ལྔའི་འཇིམ་པ་རྣམས་ཀྱི་སྦྱར་སྨན་ནི་གདོན་གྱིས་འཇིགས་པ་ལ་ལུས་བསྐུ་བར་བྱའོ། །རི་ལུའི་སྦྱོར་ བ་ཐམས་ཅད་ནི་ཞག་གསུམ་སྨྱུང་བར་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེས་འགྲུབ་པར་འགྱུར་རོ། །ལན་ཚ་ལས་དུག་མའི་གཟུགས་བྱས་ལ་དེའི་རྐང་པའི་དྲུང་དུ་སྦྱིན་སྲེག་བྱས་ཏེ་རོ་ བསྲེགས་པའི་སོལ་བས་གཟུགས་བྲིས་ལ་འཇི་བ་ལས་རྡོ་རྗེ་བྱས་པས་བཀབ་ན་དབུགས་ཆད་པར་འགྱུར་རོ། །དེ་ནས་བློ་གྲོས་རྡོ་རྗེ་མ་ཉི་ཚེའི་ཆོ་ག་བཤད་པར་བྱ་སྟེ། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ལ་སྐུ་གདུང་དང་ ལྡན་པའི་སྐུ་གཟུགས་གཞག་སྟེ། ཕོ་ཉ་མའི་རི་མོའི་གཟུགས་ཆོ་ག་བཞིན་དུ་ནུབ་ཕྱོགས་སུ་བསྟན་ནས་དེའི་མདུན་དུ་བ་ལང་གི་ལྕི་བ་འམ་ས་དཀར་གྱིས་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ལ་དེའི་སྟེང་དུ་གུར་ཀུམ་དང་ ཙན་དན་དཀར་པོས་བྱུགས་ཏེ། ཙན་དན་དཀར་པོ་འམ་ཡུངས་ཀར་གྱིས་རྡོ་རྗེ་བྲིའོ། །དེའི་ཕྱོགས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ། དེ་ནས་ལས་བརྩམ་པར་བྱ་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་དུས་ གསུམ་དུ་གོས་བརྗེ་བ་དང་། ཕྱི་རོལ་དུ་རྩྭ་དུར་བའི་སྟན་ལ་ཉལ་བ་དང་། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ་དང་། ཁ་ཟས་དུས་གཅིག་ཏུ་འོ་མ་དང་། འབྲས་སཱ་ལུའི་ཆན་བཟའ་ཞིང་དཀའ་ཐུབ་སྤྱོད་པས་ནང་དུ་ལྷ་བཤོས་དབུལ་ བར་བྱའོ། །གཏོར་མ་ཡང་ཏིལ་ཟན་དང་། འབྱུང་པོའི་ཟས་སྦྱིན་པར་བྱའོ། །བདུག་པ་ནི་བཅོམ་ལྡན་འདས་ལ་ཨ་ཀ་རུ་དབུལ་ལོ། །ལག་ན་རྡོ་རྗེ་ལ་ནི་གུ་གུལ་དང་། ཐང་ཆུ་འབུལ་ལོ། །བཅོམ་ལྡན་འདས་ལ་ནི་མེ་ཏོག་དྲི་ཞིམ་པོ་རྣཾས་ དབུལ་ལོ། །ལག་ན་རྡོ་རྗེ་ལ་ནི་ཀ་ར་བི་ར་དམར་པོ་དབུལ་ལོ། །མཚན་མོ་ནི་མར་མེ་གཉིས་དབུལ་བར་བྱ་སྟེ། དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ་སྦྱིན་སྲེག་ཀྱང་བྱའོ། །མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ནས་ 100-1-324b ཟླ་བ་ཉ་ལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་ཞིག་རང་བཞིན་གྱི་ཚུལ་གྱིས་འོང་བ་འམ། ཡང་ན་འོད་སྟོན་པ་འམ། ཡང་ན་རྨི་ལམ་ལེགས་པར་སྟོན་པ་འམ། ཡང་ན་གནོད་སྦྱིན་མོ་འམ། རིག་སྔགས་སམ། ཅི་འདོད་པ་ཐམས་ཅད་ སྦྱིན་པར་འགྱུར་གྱི་བར་དུ་ཕོ་ཉ་མའི་བཟླས་བརྗོད་གྲངས་མེད་པར་བྱའོ། །བདུག་པའི་གསང་སྔགས་ལ། ན་མོ་བ་ར་མུ་ནི་བ་ར་མ་ཧཱ་མུ་ནི་བ་ར་མུ་ནི་བ་ར་མུ་ནི་པྲ་ཏིཙྪ་མེ་བྷ་ག་ཏྱོ་པ་ནི་ཏཾ་པུཥྤ་གནྡྷ་མ་ལྱ་བ་ཧ་ར་མ་ཨི་ལི་མི་ལི་ལི་མེ། ཨི་ལི་མི་ལི་ལི་མེ་སྭཱ་ཧཱ། འདིས་དུས་གསུམ་དུ་དྲི་དང་། བདུག་པ་དང་། མེ་ཏོག་གི་ཕྲེང་བའི་མཆོད་པ་དབུལ་བར་བྱའོ། །འདི་ནི་སྦྱིན་སྲེག་གི་སྔགས་ཏེ། ན་མཿཨིནྡྲ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཨགྣ་ཡེ་སྭཱ་ཧཱ། པྲ་ཛ་པ་ཏ་ཡེ་སྭཱ་ཧཱ། བྷ་ག་བ་ག་ཏེ་སྭཱ་ཧཱ། བི་རུ་པཀྵ་ཡ་སྭཱ་ཧཱ། བ་ཡ་བེ་སྭཱ་ཧཱ། ཀུ་བེ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎཱ་ཡེ་སྭཱ་ཧཱ། ཛྭ་ལ་ཛྭ་ལ་མི་ལི་ཏི་ཨི་ཏི་མི་རི་ཛཱུ་ཧི་རི་སྭཱ་ཧཱ། གསང་སྔགས་འདིས་ཨ་པ་མརྒ་དང་། ས་མི་དང་ཤིང་འོ་མ་ཅན་གྱི་ ཡམ་སྲེག་ཤིང་གི་སྲེག་བླུགས་སྣ་རེ་ཡང་བརྒྱད་བརྒྱ་བརྒྱད་བརྒྱ་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་ཏེ་སྦྱིན་སྲེག་བྱས་ལ་དེའི་འོག་ཏུ་གྲངས་ངེས་པར་ཕོ་ཉ་མའི་བཟླས་བརྗོད་བྱའོ། །གསང་སྔགས་འདིས་བཅིང་བར་བྱ་སྟེ། ན་མོ་མ་ལི་མ་ལི་མ་ཧཱ་མ་ལི། ཨི་ཏི་མི་ཏི། ཡེ་ཏྲ་བི་ཧ་རི་ཎི་ཧིཾ་སྲ་ནནྟི་ཤ་བནྡྷ། མཱཛྙཱ་ན་པ་ཡ་ཏི་རཀྵ་མཾ་སརྦ་ཏྭ་ཏི། ཙི་ཧི་རི་ཀི་རི་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་པའི་ཆུ་དང་སྐུད་པས་བྱའོ། །འདི་ནི་ལག་ན་རྡོ་རྗེ་སླར་གཏང་བའི་ སྔགས་ཏེ། ན་མཿཙི་ལི་ཙི་ལི་བཛྲ་པཱ་ཎི་སྭ་བྷཱ་བ་ནཱཾ་གཙྪ་པུ་ན་རཱ་ག་མ་ནཱ་ཡ། སུ་ན་པྲ་ཏི་ག་མ་ནཱ་ཡ་སྭཱ་ཧཱ། ཆུས་སླར་གཏང་བར་བྱའོ། །དེ་ལྟར་དེ་བསྒྲུབ་པ་ནི་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་ཏེ། འདིས་བསྒྲུབས་ན་འདོད་པ་ ཐམས་ཅད་སྦྱིན་པར་འགྱུར་ཏེ། མ་གྲུབ་ན་ཡང་ལས་རྣམས་བྱང་བར་བྱེད་དོ། །གདོན་དབབ་པ་གཙུག་ཕུད་བཅིང་བ་ནི་ཆུས་བྱའོ། །གནོད་པར་བྱ་བ་ནི་ཤུན་ཤིང་ཐག་གུ་འམ། ཏ་ལའི་ལོ་མས་སྦྱིན་སྲེག་བྱའོ། །རྨི་ལྟས་ཀྱི་རིག་སྔགས་ 100-1-325a དང་བསྲུང་བའྀ་སྐུད་པ་ནི་ཡུངས་ཀར་དང་། ཆུ་དང་། ཐལ་བ་རྣམས་ཀྱིས་བྱའོ། །དུག་ཞི་བར་བྱ་བ་ནི་བཟླས་བརྗོད་བྱའོ། །གདོན་བདུན་པོ་སྐྲག་པར་བྱ་བ་ལ་ནི་ལན་ཚྭའི་སྦྱིན་སྲེག་གིས་བྱའོ། །སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་ བ་དང་། མིའི་གཙོ་བོ་དང་། མི་ཆེན་པོ་དབང་དུ་བྱ་བ་ནི་ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྦྲང་རྩི་དང་། མར་དང་། ཡུངས་ཀར་དང་། སེང་ལྡེང་གི་ཡམ་བསྲེག་ཤིང་གིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་གིས་བྱ་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མས་གོས་གཙང་མ་བགོས་ ནས་བྱའོ། །དེ་ལྟར་བྱས་ན་གནོད་སྦྱིན་མོའམ། དྲི་ཟ་མོའམ། སྲིན་མོ་ཡང་དབང་དུ་ཁུགས་པར་འགྱུར་རོ། །ཟླ་བ་གཅིག་གིས་ནི་འདོད་ཆགས་དང་བྲལ་བ་དང་། ཤི་བ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཇི་ལྟ་ཇི་ལྟར་འདོད་པ་བཞིན་ དུ་དབང་དུ་ཁུགས་པར་འགྱུར་རོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་གཉིས་པ་ནི་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ། ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཐབ་ཁུང་གྲུ་བཞི་པ་བྱས་ཏེ། སེང་ལྡེང་གི་མེ་སྤར་ལ། ཨུ་དུམ་བ་ རའི་ཡམ་སྲེག་ཤིང་བརྒྱད་བརྒྱད་སྦྲང་རྩིའི་ནང་དུ་བསྙུགས་པས་དུས་གསུམ་དུ་སྦྱིན་སྲེག་བྱའོ། །ཐབ་ཁུང་དུ་ཡང་རྩྭ་ཀུ་ཤས་བསྐོར་བར་བྱའོ། །ཡུངས་ཀར་གྱིས་ཀྱང་བསྲུང་བར་བྱའོ། །སྣ་མའི་མེ་ཏོག་གིས་ཀྱང་སངས་རྒྱས་ཀྱི་གཟུགས་ རྣམས་ལ་མཆོད་པར་བྱའོ། །སྣ་མའི་མེ་ཏོག་གིས་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་གི་ཕྲེང་བ་ཡང་ཕྱག་དུ་དབུལ་ལོ། །ལག་ན་རྡོ་རྗེ་ལ་ཡང་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མཚན་མོ་ཀུ་རན་ཏས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ ན་ལས་རྣམས་འགྲུབ་པར་འགྱུར་ཏེ། མེ་ཏོག་གི་ཕྲེང་བ་འབུལ་བར་འགྱུར་རོ། །དེ་ལྟར་འགྲུབ་པར་གྱུར་ན་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པའོ། །དེ་ནས་རྡོ་རྗེ་བློ་གྲོས་མ་དེའི་བསྒྲུབ་པའི་ཆོ་ག་ཡིན་ཏེ། རས་མ་ཉམས་པ་ལ་ཚོན་རྩི་ སྤྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པད་མའི་མདོག་འདྲ་མ་ལག་ན་པད་མ་ཐོགས་ཤིང་པད་མ་ལ་འདུག་པ་བྲིའོ། །དེ་ནས་ཞག་ལྔའི་བར་དུ་ནི་བ་གཅིན་དང་། ཕྱེའི་མདེ་གུ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་པ་དང་། དུས་གསུམ་དུ་གོས་བརྗེ་བ་དང་། 100-1-325b རྩྭ་དཱུར་བའི་སྟན་གྱི་སྟེང་དུ་ཉལ་བར་བྱ་སྟེ། དུས་གསུམ་དུ་པད་མ་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ། །མཇུག་ཏུ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་ནི་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ་ མཚན་མོ་པད་མོ་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་རོ། །འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ། །མཆོད་པ་ཡང་ཅི་འབྱོར་པས་བྱའོ། །འདི་ནི་བློ་གྲོས་རྡོ་རྗེ་མ་དེའི་ཆོ་ག་ཡིན་ནོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ན་མཤྩཎྜ་ བཛྲ་པཱ་ཎ་ཡེ། མ་ཏི་བཛྲོ་བཛྲི་ནི། བཛྲ་བཛྲི་ནི་སྨ་ར་ས་མཱ་ཡམ། བྷི་རི་བྷི་རི། ཀི་རི་ཀི་རི། བནྡྷ་བནྡྷ། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ། བཛྲེ། ཧ་ན་ཧ་ན་ཧ་ན། པ་ཙ་པ་ཙ་དཱུ་ཏི་བརྞ་ས་ཧ་སྲཾ་མེ་པྲ་ཡཙྪ་ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་ པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཆོ་ག་ནི་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་བརྩམས་ཏེ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཟས་མི་ཟ་བར་དུ་དུས་གསུམ་དུ་ལས་བྱའོ། །བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། ཨ་ག་ རུའི་བདུག་པ་དང་། ལྷ་བཤོས་དཀར་པོ་དང་མར་གྱི་མར་མེ་རྣམས་ཕུལ་ཏེ། ལག་ན་རྡོ་རྗེའི་ཞབས་དྲུང་དུ་ཨ་ཤ་ཀུ་རའི་བརྐྱང་ནུལ་གྱིས་དཀྱིལ་འཁོར་བྱུགས་ཏེ། དེར་གུར་ཀུམ་མམ། ཙན་དན་དམར་པོས་རྡོ་རྗེ་བྲིའོ། །ལག་ན་རྡོ་རྗེ་དང་། རྡོ་རྗེ་ལ་ཡང་གུར་ཀུམ་དང་། ཙན་དན་དང་། མེ་ཏོག་དམར་པོ་དང་། ལྷ་བཤོས་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། མར་གྱི་མར་མེ་རྣམས་དབུལ་ཞིང་། དུས་གསུམ་དུ་ཁྲུས་བྱས་ཏེ་ལས་དང་མཆོད་པ་བྱའོ། །དེ་ནས་རྡོ་རྗེའི་ དྲུང་དུ་སྣོད་སར་པ་འམ། ཁམ་ཕོར་སར་པའི་ནང་དུ་མེ་སྦར་ཏེ། གུ་གུལ་གྱི་རིལ་བུ་བརྒྱད་བརྒྱད་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱ་སྟེ། ཞག་གསུམ་སྨྱུང་བར་བྱས་ནས། ཟླ་བ་ཉ་ལ་ལན་བརྒྱད་སྟོང་བྱའོ། ། དེའི་མཇུག་ཏུ་དངོས་གྲུབ་གྱི་རྟགས་གཡོ་བར་འགྱུར་ཏེ། ཟླ་བ་དྲུག་ཚང་ནས་འབྲས་བུ་ཡོད་པར་འགྱུར་རོ། །དེ་ནས་བློ་གྲོས་རྡོ་རྗེ་མའི་ཆོ་ག་ཐ་དད་པར་བཤད་དེ་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་དཀར་གསུམ་ཟ་ཞིང་། 100-1-326a ལིག་བུ་མིག་གམ། ལྡོང་རོས་ལས་ཞོ་གཉིས་གཉིས་སམ། སྲང་རེ་རེ་བླངས་ཏེ་བཟླས་བརྗོད་བྱས་ཏེ། དུས་གསུམ་དུ་ཁྲུས་བྱེད་ཅིང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩྭ་དུར་བའི་སྟན་ལ་ཉལ་ཞིང་དུས་གསུམ་དུ་བརྒྱད་ བརྒྱ་བཟླས་བརྗོད་བྱས་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ་མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ཏེ། ཟླ་བ་ཉ་ལ་ཡང་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལིག་བུ་མིག་དང་། ལྡོང་རོས་ ཨ་ཤྭད་ཐའི་ལོ་མ་བཞིའི་སྟེང་དུ་བཞག་ལ། གསུམ་གྱིས་བཀང་ནས་ལག་པ་གཡས་པས་མནན་ཏེ། གཡོན་པས་ཙན་དན་དམར་པོ་འམ། བེེ་ཀང་ཀ་ཏ་འམ། གྲོག་མཁར་གྱིས་ལས་བྱས་པའི་རྡོ་རྗེ་སྲིད་དུ་སོར་བརྒྱད་ ཡོད་པ་རྩེ་ལྔ་པ་བླངས་ཏེ་བསྲུང་བ་བྱས་ཤིང་ཆོ་ག་བཞིན་དུ་ལྷ་བཤོས་ཕུལ་ནས་དངོས་གྲུབ་འགྲུབ་པའི་གནས་གང་ཡིན་པར་ཉི་མ་འམ། ཟླ་བ་ལ་གཟའ་འཇུག་པའི་ཚེ། ནམ་དྲོ་བར་འགྱུར་བའི་དུད་པ་འཐུལ་བ་འམ་འབར་བར་གྱུར་ གྱི་བར་དུ་བཟླས་བརྗོད་བྱའོ། །མཆོད་རྟེན་གྱི་དྲུང་ངམ་སྐུ་གཟུགས་སམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བ་མར་སྲང་གཅིག་གསེར་རམ་དངུལ་ལམ། ཟངས་ཀྱི་སྣོད་དུ་བཞག་སྟེ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། ཟླ་བ་མི་ མཐོང་བར་རྩྭ་དཱུར་བས་བཙུགས་ཏེ། བཟླས་བརྗོད་བྱས་ལ་དྲོ་བར་གྱུར་ནས་འཐུངས་ན་འཇིག་རྟེན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དབུ་བ་བྱུང་ནས་འཐུངས་ན་ནི་ཐོས་པ་འཛིན་པར་འགྱུར་རོ། །དུད་པ་འཐུལ་ནས་འཐུངས་ ན་ནི་ལུས་མི་སྣང་བར་འགྱུར་རོ། །འབར་བར་གྱུར་ནས་འཐུངས་ན་ནམ་མཁའ་ལ་རྒྱུ་བར་འགྱུར་ཏེ། དངོས་གྲུབ་ཆེན་པོ་ཡིན་ནོ། །དེ་ནས་ནོར་བསྒྲུབ་པ་འབྱུང་སྟེ། ཙན་དན་དམར་པོ་ལས་བློ་གྲོས་རྡོ་རྗེ་མའི་གཟུགས་རྒྱན་ཐམས་ཅད་ཀྱི་ བརྒྱན་ལ། །དེའི་ལག་པ་གཡས་པ་ན་པད་མ་ཐོགས། གཡོན་པ་ན་རྡོ་རྗེ་ཐོགས་པར་བྱས་ཏེ། གཙང་མའི་ཕྱོགས་སུ་གྲོག་མཁར་གྱི་ས་ལས་སྟེགས་བུ་སོར་བརྒྱད་པ་བྱས་ནས་དེར་ཁ་ནུབ་ཕྱོགས་སུ་བསྟན་ཏེ་བཞག་ལ། ཟླ་བ་ཉ་ 100-1-326b ལ་ཞག་གཅིག་སྨྱུང་བར་བྱས་ནས་ཐབ་ཁུང་རྡོ་རྗེའི་དབྱིབ་འདྲ་བར་བྱས་པའི་ནང་དུ་བ་ལང་གི་ལྕི་བས་མེ་སྤར་ཏེ། དགང་བླུགས་ཕུལ་ལ་ཙན་དན་དམར་པོའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བའི་བསྲེག་བླུགས་ལན་བརྒྱད་སྟོང་སྦྱིན་སྲེག་ བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཟ་གཅིག་པ་བྱས་ཏེ། གཙང་མ་བཟླས་བརྗོད་བྱས་ལ་བརྩོན་པས་དུས་མཚམས་ཀྱི་དུས་སུ་བ་ལང་གི་རྨྱིག་པ་མར་གྱིས་བཀང་བས་རྩྭ་དཱུར་བ་དང་བཅས་པར་སྦྱིན་སྲེག་བྱས་ནས་ལན་བརྒྱད་ བརྒྱ་བཟླས་བརྗོད་བྱའོ། །ཉིན་གཅིག་བཞིན་དུ་དེ་བཞིན་བྱས་ནས་བ་ལང་གི་རྨིག་པ་ཇི་སྙེད་ཅིག་སྦྱིན་སྲེག་བྱས་པ་རྨིག་པ་རེ་རེ་ཞིང་བ་ལང་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །མ་ཧེ་དང་ར་ཡང་དེ་དང་འདྲའོ། །ཡང་ན་འབྲས་མ་ བརྡུངས་པ་མར་དང་སྦྱར་བའི་ཡུལ་མ་ག་དྷཱའི་བྲེ་ཚད་གཅིག་ཙམ་གྱི་སྲེག་བླུགས་ཆོ་ག་གོང་མ་བཞིན་ཞག་བདུན་སྦྱིན་སྲེག་བྱས་ལ་བརྒྱད་བརྒྱ་རྫོགས་ཤིང་དགང་བླུགས་ཕུལ་ན་ཉིན་རེ་ཞིང་བྲེ་རེ་རེ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ འབྲུ་ཐམས་ཅད་དབུལ་བར་བྱ་སྟེ། དཱུར་བའི་མྱུ་གུ་སྦྱིན་སྲེག་བྱའོ། །མར་འཐུང་བར་འདོད་པས་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། གུ་གུལ་སྲང་གཅིག་སེང་ལྡེང་གི་ཐང་ཆུ་དང་བཅས་པ་ལ་ལན་བརྒྱད་སྟོང་ བཟླས་བརྗོད་བྱས་ནས་མར་དང་སྦྱར་ཏེ། འཐུངས་ན་ནད་ཐམས་ཅད་མེད་པར་འགྱུར་རོ། །ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཡུངས་ཀར་སྲང་གཅིག་ཨ་ཤྭད་ཐའི་ལོ་མ་བཞིའི་སྟེང་དུ་བཞག་ནས་གསུམ་གྱིས་བཀབ་སྟེ། ལག་ པས་མནན་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་ལས་ཐམས་ཅད་དང་འཇིགས་པ་ཐམས་ཅད་དང་། ཅི་ཡང་རུང་བ་ཐམས་ཅད་ལ་མགོ་བོར་གདགས་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་སྐུད་པ་ནག་པོ་ལ་ལན་བརྒྱད་བརྒྱ་ བཟླས་བརྗོད་བྱས་ཏེ་མདུད་པ་བོར་ན་འཇིགས་པ་ཐམས་ཅད་བསྲུང་བ་རྣམས་ལ་སུ་ཡང་འགལ་བར་མི་བྱེད་དོ། །རིག་སྔགས་ཞུ་དག་པར་འདོད་ན་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་དཀར་གསུམ་ཟོས་ལ་རིག་སྔགས་ 100-1-327a ཞུ་དག་པར་འདོད་པ་དེ་གྲྭ་བ་ལ་བྲིས་ནས་སྨྱུ་གུ་དང་སྣག་ཙ་དང་བཅས་པར་བུམ་པ་སར་པའི་ནང་དུ་གཞུག་གོ། །དེ་ཡང་བུམ་པ་མི་གནག་ཅིང་རྩ་བ་མེད་པའི་ནང་དུ་གཞུག་པར་བྱའོ། །མར་གྱི་མར་མེ་ཡང་སྦྱར་ལ་ལྷ་བཤོས་ སུ་ཁུ་བཅུད་དབུལ་བར་བྱའོ། །དེ་ནས་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱེད་ཅིང་ཐང་ཆུའི་བདུག་པ་བསྲེགས་ལ། གཙང་མས་གོས་གཙང་མ་བགོས་ནས་དེ་ཉིད་ཀྱི་དྲུང་དུ་ས་ལ་ཉལ་བར་བྱའོ། །མཇུག་དུ་ཟ་མ་བཞི་ སྨྱུང་བར་བྱས་ལ་ཟླ་བ་ཉ་ལ་མཆོད་པ་ཤིན་ཏུ་རྒྱས་པར་བྱས་ཏེ། གྲངས་ངེས་པ་མེད་པས་བཟླས་བརྗོད་བྱས་ལ་ཚེས་བཅུ་དྲུག་ལ་ཁ་ཕྱེ་ན་ཐམས་ཅད་ཞུ་དག་པར་འགྱུར་རོ། །ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ལག་ཏུ་བླངས་ཏེ་ སྔར་བསྙེན་པ་བྱའོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སྷོ།། །། དེ་ནས་རྡོ་རྗེ་ནག་མོའི་ཆོ་ག་བཤད་པར་བྱ་སྟེ། རས་མ་ཉམས་པ་ལ་ཚོན་རྩི་སྤྱིན་མེད་པས་བཅོམ་ལྡན་འདས་ཀྱི་གཟུགས་འདྲིར་གཞུག་སྟེ། གཡོན་ལོགས་སུ་ ནི་ལག་ན་རྡོ་རྗེ་བྲིའོ། །གཡས་ཕྱོགས་སུ་ཕོ་ཉ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྲིའོ། །དེ་ནས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་དྲུང་དུ་རས་ཀྱི་སྐུ་གཟུགས་ཁ་ནུབ་ཕྱོགས་ སུ་བསྟན་ནས། དེའི་མདུན་དུ་དཀྱིལ་འཁོར་བ་ལང་གི་ལྕི་བའི་བརྐྱང་ནུལ་གྱིས་བྱུགས་ལ་དེའི་སྟེང་དུ་མཆོད་པ་བྱ་ཞིང་དེའི་སྟེང་དྲིས་ཀྱང་བྱུགས་ཏེ་དེའི་སྟེང་དུ་ཡུངས་ཀར་ལས་སྟེགས་བུ་རྡོ་རྗེའི་དབྱིབས་འདྲ་བ་བྱས་ནས་དེའི་སྟེང་དུ་ ཙན་དན་དམར་པོ་ལས་བྱས་པའི་རྡོ་རྗེ་ཤར་ཕྱོགས་སུ་བསྟན་ཏེ་གཞག་གོ། །བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་ཡང་མཆོད་དེ། དུས་གསུམ་དུ་ཀ་ར་བི་ར་དམར་པོའི་མེ་ཏོག་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་རྡོ་ རྗེ་ལ་བསྣུན་པར་བྱའོ། །དེའི་མཇུག་ཏུ་ཟ་མ་བཞི་སྨྱུང་བ་བྱས་ལ་ཟླ་བ་ཉ་ལ་མཆོད་པ་ཤིན་ཏུ་རྒྱས་པ་བྱས་ཏེ། གཏོར་མ་ལ་སོགས་པ་ཡང་བྱས་ནས་མར་གྱི་མར་མེ་གཉིས་སྤར་ལ། ལྷག་མ་ནི་ཅི་འབྱོར་པས་བྱ་སྟེ། ནམ་དངོས་ 100-1-327b གྲུབ་ཀྱི་རྟགས་འོད་སྟོན་པ་འམ། རང་བཞིན་གྱི་ཚུལ་གྱིས་འོང་བ་འམ། བཅོམ་ལྡན་འདས་ལ་ཕུལ་བའི་མར་མེ་མེ་ལྕེ་ཆེན་པོར་གྱུར་པ་འམ། རྨི་ལམ་དུ་སྟོན་པར་གྱུར་གྱི་བར་དུ་རྡོ་རྗེ་ལ་བསྣུན་ན་དེ་ནས་ལས་ཐམས་ཅད་བྱེད་པར་ འགྱུར་རོ། །མིའི་གཙོ་བོ་འམ་མི་ཆེན་པོ་སྐྱེས་བུའི་ཁྱད་པར་འདི་གཉིས་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་བརྩམས་ཏེ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཟས་སུ་དཀར་གསུམ་བཟའ་ཞིང་སྦྱིན་སྲེག་བྱ་སྟེ། བེ་ཀང་ཀ་ ཏའི་བུད་ཤིང་ངམ་དེ་མ་རྙེད་ན་པ་ལ་ཤའི་བུད་ཤིང་གིས་མེ་སྤར་ནས་སྦྲང་རྩི་དང་། མར་དང་ལན་ཚྭས་སྦྱིན་སྲེག་བྱས་ན། མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་འགྱུར་རོ། །དུས་གསུམ་དུ་ཡུངས་ཀར་མར་དང་སྦྱར་བའི་སྦྱིན་སྲེག་བྱ་བ་ནི་ལྷག་པར་ཡང་གཙུག་ནས་བྱུང་བའི་ ཆོ་གའི་ཁྱད་པར་གྱི་ཐབས་ཡིན་ནོ། །རྡོ་རྗེ་ནག་མོའི་ཆོ་ག་རྫོགས་སྷོ།། །། གཞན་གྱིས་མི་ཐུབ་པའི་ཆོ་ག་ལས་གདོན་ཐམས་ཅད་དབབ་པ་དང་། བཙས་པ་ཟ་བ་དང་གྲུལ་བུམ་བསལ་བ་དང་། མདངས་འཕྲོག་པ་དང་། གནོད་སྦྱིན་དང་འབྱུང་ པོ་དང་སྲིན་པོ་དང་ཤ་ཟ་དང་ཡི་དགས་ལ་སོགས་པ་བསལ་བ་དང་གཞིག་པར་བྱ་བ་ནི་ཨེ་རཎ་ཌའི་ཤིང་གིས་མེ་སྤར་ལ། ཨེ་རཎ་ཌའི་ཡམ་སྲེག་ཤིང་དང་ཡུངས་ཀར་མར་དང་སྦྱར་བས་ཅིག་ཆར་སྦྱིན་སྲེག་བྱའོ། །གདོན་གྱིས་མ་རུངས་པར་ བྱས་པ་ལ་ནིམ་པའི་ཡམ་བསྲེག་ཤིང་གིས་བྱའོ། །དབབ་པ་ལ་ནི་སེང་ལྡེང་གི་ཡམ་སྲེག་ཤིང་གིས་བྱ་སྟེ། ཁྲག་གི་སྦྱིན་སྲེག་བྱའོ། །དེ་ནས་གདོན་ཁུས་འདེབས་ཤིང་གཏོར་བ་དང་འཕོ་བར་འགྱུར་རོ། །འབྱུང་པོའི་ཟས་ཀྱིས་ནི་སྤྱིར་ཡང་ འབེབས་པར་འགྱུར་རོ། །གསང་བ་པ་དང་ཀླུ་ནི་ཟླ་བ་ཕྱེད་ཀྱིས་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་ནི་ཞག་བདུན་གྱིས་སོ། །སྐྱེས་པ་ནི་ཞག་གསུམ་གྱིས་སོ། །བུད་མེད་ནི་ཟ་མ་བཞིས་དབང་དུ་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་དང་ བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བྱས་ལ་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་བདག་བསྲུང་བར་བྱའོ། །སེམས་ཅན་ཐམས་ཅད་ཁ་བཅིང་བར་བྱ་བ་ནི་མང་པོ་ཡང་ 100-1-328a རུང་། གཅིག་ལ་ཡང་རུང་། སྲད་བུ་ལ་མདུད་པ་བྱས་ཏེ་བཟླས་བརྗོད་ལན་བརྒྱད་བརྒྱ་དང་། མདུད་པ་ལན་བརྒྱད་བརྒྱ་བྱའོ། །གཞིག་པ་ལ་ནི་ལན་ཚྭས་བྱའོ། །གདོན་གཞོམ་པ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱ་སྟེ། ཆོ་ག་སྔ་མ་བཞིན་དུ་བྱའོ། །རས་སྔོན་པོ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་རོ་སྨད་དུ་བཅིངས་ན་སུས་ཀྱང་མི་ཐུབ་པའི་རྒྱན་དུ་འགྱུར་རོ། །དེ་བཞིན་དུ་གཡུལ་འགྱེད་པ་དང་། འཁྲུག་པ་དང་འཐབ་པ་དང་། རྩོད་པ་ཐམས་ཅད་ལ་ བསྲུང་བའི་ཕྱིར་བཅིངས་ན་རྒྱལ་ཞིང་ཐེབས་པར་འགྱུར་རོ། །དུར་ཁྲོད་དུ་ལས་བྱ་བ་རྣམས་དང་། ཞི་བར་བྱ་བ་དང་རྒྱས་པར་བྱ་བ་དང་། གདོང་དགུག་པ་དང་། དམ་ཚིག་འཛིན་དུ་གཞུག་པར་བྱ་བ་ལ་ནི་ཆོ་ག་བཞིན་དུ་བཟླས་ བརྗོད་དང་། རྡོ་རྗེའི་ཕྱག་རྒྱས་བྱའོ། །རྨི་ལམ་དུ་སྟོན་དུ་གཞུག་པ་ལ་ནི་གཙུག་ཕུད་དང་རས་ཀྱི་ཚར་ཚར་རམ་ཆོས་གོས་ཀྱི་གྲྭ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་མདུད་པ་བྱའོ། །གཞན་གྱིས་མི་ཐུབ་པའི་ཆོ་ག་རྫོགས་སྷོ།། །། རིག་སྔགས་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བཤད་པར་བྱ་སྟེ། ས་གཞི་མདོག་སྡུག་ཅིང་གསེག་མ་དང་རུས་པ་དང་། སྲོག་ཆགས་ཀྱི་གནས་མེད་པར་བཀྲ་ཤིས་པའི་ཕྱོགས་སུ་མར་གྱི་ངོ་ཞག་བརྒྱད་ལས་ཡོངས་སུ་སྦྱང་བ་བརྩམས་ ནས་དཀྱིལ་འཁོར་ཁྲུ་བཅུ་དྲུག་གྲུ་བཞི་པ་བྱས་ནས། མར་གྱི་ངོ་ཞག་བཅུ་བཞི་ལ་ཚོན་རྩི་སྣ་ལྔས་བྲི་བར་བྱ་སྟེ། སྒོ་བཞི་གདོད་པར་བྱའོ། །ཚོན་རྩི་འབྱུང་ཁུངས་ནས་བྱུང་བའི་ཚོན་གྱིས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་ སུ་ལག་ན་རྡོ་རྗེ་གནས་པའི་སྟེགས་བུ་བྱས་ལ། དེའི་ཕྱོགས་གཅིག་ཏུ་གུར་གུམ་གྱིས་རྡོ་རྗེ་སོར་བརྒྱད་ཙམ་བྲིའོ། །དེའི་སྟེང་དུ་ཡང་ཡུངས་ཀར་གྱིས་རྡོ་རྗེ་བྱའོ། །དེའི་སྟེང་དུ་ཡང་ཙན་དན་དམར་པོ་ལས་རྡོ་རྗེ་སོར་བརྒྱད་པ་ བྱས་ལ་གཞག་གོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་དང་འཁོར་ལོ་གཞག་གོ་ལྷོ་ཕྱོགས་སུ་ནི་རྡོ་རྗེ་དང་དབྱུག་པ་གཞག་གོ། །ནུབ་ཕྱོགས་སུ་ནི་རྡོ་རྗེ་དང་ཞག་པ་བཞག་གོ། །བྱང་ཕྱོགས་སུ་ནི་ 100-1-328b རྡོ་རྗེ་དང་བེ་ཅོན་གཞག་གོ། །དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཕྱོགས་བཞི་ནས་རྡོ་རྗེ་ཐམས་ཅད་གཞག་གོ། །དེ་དག་གི་ཕྱི་རོལ་ཏུ་ཁྲུ་གང་ཙམ་གྱིས་དཔག་སྟེ། དཀྱིལ་འཁོར་གྱི་མཚམས་ཀྱིས་བསྐོར་ནས་ཚེས་ གཅིག་ལ་བརྩམས་ཏེ་བསྒྲུབ་པར་བྱའོ། །སྒོ་བཞིར་ནི་བུམ་པ་མི་གནག་ཅིང་རྩ་བ་མེད་པ་བཞི་འོ་མས་བཀང་སྟེ་བཞག་གོ། །ཉིན་གཅིག་བཞིན་དུ་མཚན་མོ་མར་གྱི་མར་མེ་ཡང་དབུལ་ལོ། །ལྔ་པ་སྟེ་ལག་ན་རྡོ་རྗེ་དང་ བཅོམ་ལྡན་འདས་ལ་ཡང་དབུལ་ལོ། །སྟེགས་བུ་དེར་སྐུ་གདུང་དང་ལྡན་པའི་སྐུ་གཟུགས་བཞག་ལ་དེའི་མདུན་དུ་ལྷ་དང་རྡོ་རྗེ་དྲི་ཐམས་ཅད་ཀྱིས་ལེགས་པར་བྲི་བར་བྱ་སྟེ་ཁྲུ་གང་ཚུན་དུ་བྱའོ། །དེའི་ཕྱོགས་གཅིག་ཏུ་ ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ་དེར་ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་གིས་མེ་སྤར་ཏེ་དགང་བླུགས་ཕུལ་ནས། ཞོ་དང་སྦྲང་རྩི་དང་། འོ་མ་དང་། ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ལ་དེ་ནས་བཟླས་བརྗོད་ལན་ བརྒྱད་སྟོང་བྱའོ། །ཟས་སུ་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་དུས་གསུམ་དུ་བདུག་པ་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་དེ་དུས་གསུམ་དུ་གོས་བརྗེ་བ་དང་། མི་སྨྲ་བ་བསྒྲུབ་པར་བྱའོ། །དེའི་མཇུག་དུ་ ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉ་ལ་མཆོད་པ་རྒྱས་པར་བྱས་ནས་བསྒྲུབ་ཅིང་ལག་པས་རྡོ་རྗེ་མནན་ཏེ་ནམ་དྲོ་བར་གྱུར་པ་དང་། དུད་པ་འཐུལ་བ་དང་། འབར་བར་གྱུར་པ་དང་། ནམ་མཁའ་ལ་འཕག་པར་གྱུར་གྱི་བར་དུ་ བཟླས་བརྗོད་བྱའོ། །དེ་ནས་བླངས་ན་ལག་ན་རྡོ་རྗེ་དང་མཐུ་མཉམ་པར་འགྱུར་ཏེ་ཚེ་བསྐལ་པར་ཐུབ་ཅིང་མངོན་པར་ཤེས་པ་ལྔ་དང་ལྡན་ལ། དམོད་པ་འདོར་བ་དང་ཕན་འདོགས་ནུས་པར་འགྱུར་རོ། །སྨྱུང་བར་འདུག་པའི་ཉིན་མོ་ནི་རྟག་ ཏུ་མནན་ཏེ་བཟླས་བརྗོད་བྱའོ། །ལག་ན་རྡོ་རྗེ་དང་འཇིག་རྟེན་སྐྱོང་བ་རྣམས་ལ་ཡང་ཕྱོགས་ཐམས་ཅད་ཀྱང་ལྷ་བཤོས་རྒྱས་པ་དབུལ་ལོ། །སྒོ་རེ་རེར་ཡང་མར་གྱི་མར་མེ་གཉིས་དབུལ་ལོ། །ནང་དུ་མར་གྱི་མར་མེ་བཞི་དབུལོ། ། 100-1-329a ཐོག་མ་ནི་དཀྱིལ་འཁོར་གྱི་གནས་བ་ལང་གི་ལྕི་བས་བརྐྱང་ནུལ་བྱུགས་ལ་དྲི་བྱུགས་ནས་གདོད་བྲི་བར་བྱའོ། །འདི་ནི་ཕོ་ཉ་མ་ཐམས་ཅད་ཀྱི་རྡོ་རྗེ་བསྒྲུབ་པ་སྤྱིའི་ཆོ་ག་ཡིན་ཏེ་ལས་ཐམས་ཅད་ཀྱང་ལས་ཀྱི་རྡོ་རྗེ་ལག་ན་ཐོགས་པར་ བྱའོ། །དེ་ནས་མེ་ཏོག་གི་ཆུན་པོ་འགུལ་བར་འགྱུར་རོ། །དེ་ལྟར་གྲུབ་ནས་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པར་བྱའོ། །བློ་གྲོས་རྡོ་རྗེ་མ་བསྒྲུབ་པའི་ཆོ་ག་གསུམ་པ་ནི་རས་མ་ཉམས་པ་ལ་ཚོན་རྩི་སྤྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པད་ མའི་མདོག་ཅན་ལག་ན་པད་མ་ཐོགས་ཤིང་པད་མ་ལ་འདུག་པ་བྲིའོ། །དེ་ནས་ཞག་ལྔའི་བར་དུ་བ་གཅིན་དང་། ཕྱེའི་འདེ་གུ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱ་ཞིང་དུས་གསུམ་དུ་གོས་བརྗེ་བ་དང་། རྩ་དུར་བའི་སྟན་ལ་ཉལ་བས་དུས་གསུམ་ དུ་པད་མ་བརྒྱད་བརྒྱ་ལ་ལན་རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ། །ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་བྱས་ཏེ་མཆོད་པ་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ་ནུབ་གསུམ་པད་མ་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་རོ། །འདོད་པ་ ཐམས་ཅད་སྦྱིན་པར་འགྱུར་རོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སྷོ།། །། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ནི་རི་ནི་རི། པཱ་ཤྱེ་པཱ་ཤྱ་ནེ་སྭཱ་ཧཱ། འདི་ཕོ་ཉ་མ་ལྟ་བ་མ་ཞེས་བྱ་བ་སྟེ། འདི་ནི་ལས་ ཐམས་ཅད་རྒྱས་པར་བཤད་པར་བྱའོ། །གསལ་སྣང་གི་ཆོ་ག་བྱ་བར་འདོད་ན་ནི་རི་མོའི་གཟུགས་ཀྱི་མདུན་དུ་དཀྱིལ་འཁོར་བརྐྱང་ནུལ་གྱིས་བྱུགས་ཏེ། བདུག་པ་དང་། མེ་ཏོག་དང་དྲི་ཕུལ་ནས་བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ཕྲ་མོ་ ཉིས་བལྟབ་དུ་བྱས་པ་སོར་བཞི་པ་གཉིས་བྱས་ལ། དེ་ནས་ལན་བདུན་བཟླས་བརྗོད་བྱས་ཏེ་དཀྱིལ་འཁོར་དེའི་སྟེང་དུ་བཞག་ལ་དེ་ནས་རིག་སྔགས་བརྗོད་པར་བྱ་སྟེ། འདི་སྐད་དུ་ཅི་སྟེ་དོན་འདི་འགྲུབ་པ་ལྟ་ན་གཅིག་ལ་གཅིག་འཁྲི་བར་ གྱུར་ཅིག །མི་འགྲུབ་པ་ལྟ་ན་སོ་སོར་གྱེས་པར་གྱུར་ཅིག་ཅེས་བྱའོ། །དེ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟས་སྟོན་པར་འགྱུར་ཏེ། གཙང་ཞིང་ཚངས་པར་སྤྱོད་པ་དང་། སྨྱུང་བར་བྱས་པས་བྱའོ། །སྐྱེས་པ་དང་། བུད་མེད་དབང་དུ་བྱ་ 100-1-329b བྱ་བར་འདོད་ན་དེའི་མིང་དང་ལྡན་པར་རིག་སྔགས་བརྗོད་པར་བྱ་སྟེ། མ་ད་ནའི་ཤིང་ལས་གཟུགས་བྱས་ནས་ཚ་བ་གསུམ་གྱིས་བཀང་ལ་ཚིགས་བདུན་དུ་མ་ད་ནའི་ཚེར་མ་བདུན་གྱིས་བཏབ་ནས། ཟངས་ཀྱི་ཐུར་མ་རྐུབ་ཏུ་བཙུགས་ཏེ་སྤྱི་ བོར་ཕྱུང་ལ་སེང་ལྡེང་གི་མདག་མའི་དུགས་ཀྱིས་བདུག་ཅིང་། ཞག་བདུན་གྱི་བར་དུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་མཇུག་ཏུ་ལན་སྟོང་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་མར་ གྱི་ངོ་ཞག་བརྒྱད་ལ་གསོ་སྦྱོང་དང་ལྡན་པས་རོ་བསྲེགས་པའི་སོལ་བ་བླངས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་དགྲའི་གཟུགས་བྲིས་ལ་རྟག་ཏུ་མགོ་བོ་དང་། སྙིང་ག་དང་ལག་པ་གཉིས་དང་། རྐང་པ་གཉིས་སུ་ལྕགས་ཀྱི་ ཕུར་བུ་རེ་བཏབ་ན་ལྕེ་འཆིངས་པར་འགྱུར་རོ། །དེ་མིང་ནས་སྨོས་ཤིང་དེའི་རྐང་པའྀ་དྲུང་དུ་ནིམ་པའི་བུད་ཤིང་ཁྲག་གི་ནང་དུ་བསྙུགས་པས་མེ་བུས་པ་ཡུངས་ནག་དང་ལན་ཚྭ་དང་ཏིལ་ནག་པོ་བསྲེགས་ཏེ། ཁྲག་དང་སྦྱར་བས་དུས་གསུཾ་ དུ་ལན་ཉི་ཤུ་རྩ་རེ་རེ་སྦྱིན་སྲེག་བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་འཇིགས་པར་འགྱུར་རོ། །བདག་ཉིད་ཀྱི་མཐུ་བསྐྱེད་པར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བདུག་པ་དང་། མེ་ཏོག་དང་དྲི་ཕུལ་ལ་བུམ་པ་སར་བ་ ཆུས་བཀང་སྟེ། སྨན་ཐམས་ཅད་དང་ས་བོན་ཐམས་ཅད་དང་དབྱིག་རྣམས་བླུགས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་རས་མ་ཉམས་པས་སྨད་གཡོགས་བྱས་ཏེ། ཁྲུས་བྱས་ན་སྡིག་པ་ཐམས་ཅད་རབ་ཏུ་བཅོམ་པར་འགྱུར་ རོ། །དེ་ནས་མིག་སྨན་བསྒྲུབ་པར་འདོད་ན་ཨུཏྤ་ལ་དམར་པོ་དང་། པད་མ་སྐྱོན་མེད་པ་དང་། པད་མོ་ད་ཏ་ར་དང་། ས་ཧ་ཙ་ར་དང་། འགིའུ་ཝང་དང་། རྡོ་ཕ་བང་ལོང་བུ་དང་། མིག་སྨན་གྱི་གཙོ་བོ་འདི་དག་གླང་པོའི་རྡུལ་དང་སྦྱར་ནས་རྒྱུན་ མ་ཆད་པར་ལན་སྟོང་སྦྱིན་སྲེག་བྱ་སྟེ། སྐར་མ་རྒྱལ་ལ་མིག་བསྐུས་ན་དེ་མ་ཐག་ཏུ་འཇིག་རྟེན་ཐམས་ཅད་ལ་དབང་སྒྱུར་བར་འགྱུར་རོ། །དེ་ནས་ལུས་མི་སྣང་བར་འདོད་ན་མིག་སྨན་གོང་མ་དེ་ཉིད་ལྕགས་ལས་མིའི་ 100-1-330a གཟུགས་བྱས་པའི་སྤྱི་བོ་ཕུག་ལ་དེའི་ལྟོ་བ་མིག་སྨན་གྱིས་བཀང་སྟེ། ལྕགས་ཀྱི་ཕུར་བུས་བཏབ་ནས་ཞག་གསུམ་སྨྱུང་བར་བྱས་ལ་མར་གྱི་ངོ་ཞག་བཅུ་བཞིའི་ནུབ་མོ་བཟླས་བརྗོད་བྱས་ཏེ། རོ་བསྲེགས་པའི་ མེ་འབར་བའི་ནང་དུ་བོར་ནས། འབྱུང་པོའི་གཏོར་མ་ཐམས་ཅད་ཕུལ་ལ་གྲངས་ངེས་པ་མེད་པར་བཟླས་བརྗོད་བྱའོ། །དེ་ནས་རྨི་ལམ་དུ་མི་ནག་པོ་མཐོང་བར་འགྱུར་ཏེ། གྲུབ་ཟྀན་ནོ་ཞེས་ཟེར་བ་དང་ནང་པར་ལངས་ཏེ་ དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་རོ། །རྡུལ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། གདོང་བསྐུས་ན་རྒྱལ་པོའི་ཕོ་བྲང་དང་རྩོད་པའི་ནང་དུ་རྒྱལ་བར་འགྱུར་ཏེ། དོན་ཡང་གྲུབ་པར་འགྱུར་རོ། །གསལ་སྣང་ བྱ་བར་འདོད་ན་སྨྱུང་བ་བྱས་ལ་བདུག་པ་དང་། མེ་ཏོག་དང་། དྲི་དང་ལྷ་བཤོས་ཕུལ་ཏེ་མཐེ་བོང་རྒྱ་སྐྱེགས་ཀྱི་ཁུ་བས་མདོག་བསྒྱུར་ནས་དྲི་ཞིམ་པོས་བགོས་པའི་ཏིལ་མར་གྱིས་བསྐུས་ཏེ། བྱིས་པ་བྱད་བཟང་ལ་མདོག་ནག་པ་ བྱེད་དུ་བཅུག་ནས། རིག་སྔགས་བཟླས་བརྗོད་བྱས་ན་ངེས་པར་རྟོགས་པར་འགྱུར་རོ། །ཡང་ན་མེ་ལོང་ལ་ཡང་བྱ་སྟེ། མིག་ལ་སྔགས་ཀྱིས་གདབ་བོ། །གོས་དང་རྒྱན་ཐམས་ཅད་ལ་ཡང་སྔགས་ཀྱིས་གདབ་བོ། །ལྟ་བ་ མའི་ཆོ་ག་རྫོགས་སྷོ།། །། དེ་ནས་ལྷ་ཀུན་ལུ་གུ་རྒྱུད། །ལག་ན་རྡོ་རྗེའི་གཡུང་དྲུང་ལས། །རྡོ་རྗེ་ལུ་གུ་རྒྱུད་གྲགས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་ཐམས་ཅད་དུ་གཞན་གྱིས་མི་ཐུབ་ཅིང་དོན་ཐམས་ཅད་ལ་འགྲུབ་པ་ལགས་ཀྱིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་ སྩལ་བ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་སྨན་པ་གང་ལགས་པ་བདག་གིས་འདི་བཅོམ་ལྡན་འདས་ཀྱིས་གཞེས་སུ་གསོལ། སའི་སྟེང་གང་ན། བདུད་སྡིག་ཅན་གྱི་དབང་དུ་གྱུར་པ་དད་པ་མ་ 100-1-330b མཆིས་པ་འདོད་པ་ན་སྤྱོད་པའི་བར་གང་དག་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་བགེགས་བགྱིད་པ་དེ་དག་གཞོམ་པའི་སླད་དུ་རིག་སྔགས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བགྱི་བ་འདི་བགེགས་ཐམས་ཅད་རབ་ཏུ་ཞི་བར་ བགྱིད་པ། ལས་ཐམས་ཅད་བགྱིད་པ། ཐམས་ཅད་གཞན་གྱིས་མི་ཐུབ་པའི་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་འདིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་ནས་ལག་ ན་རྡོ་རྗེས་རིག་སྔགས་ཀྱི་ཚོགས་རྣམས་ལ་བལྟས་སོ། །དེ་ནས་རིག་སྔགས་རིག་སྔགས་ཀྱི་ཚོགས་ཀྱིས་བསྐོར་བའི་རིག་སྔགས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ བ་བྱས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ནད་མེད་པ་ནི་རྙེད་པའི་མཆོག །ཆོག་ཤེས་པ་ནི་ནོར་གྱི་མཆོག །ཡིད་བརྟན་པ་ནི་གཉེན་གྱི་མཆོག །མྱ་ངན་འདས་པ་བདེ་བའི་མཆོག །དཀོན་མཆོག་གསུམ་ ལ་ཕྱག་འཚལ་ལོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཛིན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་གཡོག་དང་བཅས་པ། ཕྱི་བཞིན་འབྲང་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བ་བཞི་ ལ་ཕྱག་འཚལ་ལོ། །དེ་ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་བཤད་པར་བྱའོ། །རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཆོག་འཛིན་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཛེས་པ་ལག་ན་འཁོར་ ལོ་དང་རྡོ་རྗེ་ཐོགས་པ་ལ་ཕྱག་འཚལ་ལོ། །རིག་སྔགས་རྡོ་རྗེའི་རིགས་སུ་གཏོགས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དགའ་ བར་བྱེད་པ་ལ་ཕྱག་འཚལ་ལོ། །ནོར་བུ་རྡོ་རྗེ་འོད་ལ་ཕྱག་འཚལ་ལོ། །གསེར་དང་། ནོར་བུ་དང་། མུ་ཏིག་དང་། བྱུ་རུ་དང་། རྡོ་རྗེ་མཛེས་པ་སྣ་ཚོགས་ཅན་ལ་ཕྱག་འཚལ་ལོ། །ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་བསྟོད་པ་ 100-1-331a ཁྱོད་ལ་ཕྱག་འཚལ་ལོ། །དྲི་ཟ་ཐམས་ཅད་ཀྱིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀླུའི་དབང་པོ་ཐམས་ཅད་ཀྱིས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ། །འབྱུང་པོས་ བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་གིས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །རིག་སྔགས་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ། །དབང་པོ་དང་གཤིན་རྗེ་དང་ཆུ་ལྷ་དང་ཀུ་བེ་ར་དང་། ཕུར་བུ་དང་། དྲང་སྲོང་བདུན་གྱིས་ཕྱག་ བྱས་པ་ལ་ཕྱག་འཚལ་ལོ། །དཀར་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དྲི་ལེན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ནག་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །མ་བཏང་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཚངས་པས་ཕྱག་བྱས་པ་ ལ་ཕྱག་འཚལ་ལོ། །དབང་པོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཁྱབ་འཇུག་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །གཞོན་ནུས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཉི་མ་དང་ཟླ་བས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བྲམ་ཟེས་ཕྱག་ བྱས་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་དྲང་སྲོང་གིས་མཆོད་པ་ལ་ཕྱག་འཚལ་ལོ། །རླུང་ལྷས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པར་མི་སྣང་བར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཕུར་བུ་གསུམ་པ་ལ་སོགས་པ་དང་། འཇིག་རྟེན་ སྐྱོང་བ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །ཅིག་ཞུས། ཡང་གཉིས་ཞུས། ལན་གསུམ་ཞུས་ཆེན་ཐང་རྒྱལ་གཉིས་ཀྱིས་བགྱིས། སྟག་ལུང་རྒྱུད་འབུམ་ལ་བསྟུན་ཞུས་དག ། །།