101-1-1a ༼ཚ༽ ༄༅། ༈ །གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། ། (黃) 秘密經第十八部 101-1-1b ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཏཱ་ལ་ནཱ་མ་ཏནྟྲ་རཱ་ཛཱ། བོད་སྐད་དུ། འཕགས་པ་ རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་གཙུག་ལག་ཁང་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ ཕྱེད་དང་བཅུ་གསུམ་དང་། ལྷའི་ཚོགས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཐབས་ གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་དང་། བྱང་ཆུབ་ སེམས་དཔའ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་དང་། བློ་གྲོས་ཐམས་ཅད་པ་དང་། བློ་གྲོས་འཕེལ་བ་དང་། འཇིག་རྟེན་གསུམ་རྣམ་པར་གནོན་པའི་བློ་གྲོས་དང་། ནམ་མཁའི་མཛོད་དང་། ཀུན་དུ་བཟང་པོ་དང་། 101-1-2a འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་དང་། མི་ཐུབ་བསྲེལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ སྟོང་ཕྲག་བཅུ་དྲུག་དང་། ཉན་ཐོས་ཀྱི་དགེ་འདུན་ལ་འདི་ལྟ་སྟེ། རབ་འབྱོར་དང་། ཀཱ་ཏྱའི་བུ་དང་། འོད་སྲུང་དང་། ལྟེང་རྒྱས་འོད་སྲུང་དང་། མཽད་གལ་གྱི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། གླང་པོའི་མཆོད་རྟེན་དང་། ཤཱ་ར་དྭ་ཏིའི་བུ་དང་། དེ་དག་ལ་སོགས་པ་ཉན་ཐོས་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཀྱིས་བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས་སོ། །གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ཅིའི་སྐྱེས་བུ་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་འདུས་པ་དེའི་ནང་དུ་ཆོས་ཉན་པའི་ཕྱིར་ལྷགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེར་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་བཀའ་སྩལ་པ། དྲི་མ་མེད་ པའི་བློ་གྲོས་ཁྱོད་ཀྱིས་ཤར་ཕྱོགས་ཀྱི་སྣང་བ་ཆེན་པོ་འདི་མཐོང་ངམ། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་མངོན་བར་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཐོང་ལགས་སོ། །ཤར་ཕྱོགས་ཀྱི་ངོས་ཀྱི་སྣང་བ་ཤིན་ཏུ་ཆེན་པོ་ཡོངས་སུ་འཕྲོ་བ་འདི་འཚལ་ལགས་ན། བཅོམ་ ལྡན་འདས་འདི་ལྟ་བུའི་སྣང་བ་འདི་ཅི་ལགས། དེ་ནས་ཡང་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ཀྱིས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་སུས་བགྱིས་པ་བཀའ་སྩལ་དུ་གསོལ། དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཅུང་ཟད་བཞད་པ་དང་བཅས་པས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲི་མ་མེད་པའི་བློ་གྲོས་འདིར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དགའ་བ་དང་ཚིམ་པས་རང་ 101-1-2b གི་རིག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་གཞན་ཡང་ལྷ་མ་ཡིན་དང་། སྲིན་པོ་དང་། ཤ་ཟ་དང་། འབྱུང་པོ་སྟོང་ཕྲག་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་འཁོར་གྱི་དཀྱིལ་འཁོར་འདིར་འོང་བར་འདོད་པའི་སྣང་བ་ཡིན་ནོ། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེ་ཉིད་དུ་འཁོར་འདུས་པའི་དཀྱིལ་འཁོར་དེར་ཕྱིན་པར་གྱུར་ཏོ། །ཕྱིན་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་ལན་ གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་ནས་མཁྱེན་བཞིན་དུ་དགྱེས་ཤིང་རངས་པས་ཡོངས་སུ་དྲིས་པ། ལག་ན་རྡོ་རྗེ་གལ་ཏེ་ངའི་ཐད་ དུ་ཅུང་ཟད་གླེང་བར་འདོད་ན་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པས་གདོན་མི་ཟ་བར་རྟོགས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ ལག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་བལྟས་ནས། དེ་ནས་ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས་ངོ་ཕབ་སྟེ། ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ཅང་མི་ སྨྲ་བར་འཁོད་པར་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་པའི་རྒྱལ་པོ་དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པའི་རྡོ་རྗེ་འཛིན་པ་ཆེན་པོ་འཁོར་ཐམས་ཅད་སྤྲོ་བའི་སེམས་སུ་གྱུར་པས་ཅང་མི་སྨྲ་བར་འཁོད་ ཀྱིས་སྨྲོས་ཤིག་སྨྲོས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་ཞེས་བྱ་བས་ཉེ་བར་ བོས་ཏེ། ལྷ་མ་ཡིན་གྱི་འཁོར་ཆེན་པོས་ཡོངས་སུ་བསྐོར་ནས་རང་གི་གནས་སུ་མཆིས་སོ། །བཅོམ་ལྡན་འདས་གནས་དེར་བདག་གིས་སྔོན་མ་འཚལ་བའི་ཁང་པ་དང་། སྒོ་དང་། རྟ་བབས་དང་། ཡང་ཐོག་དང་། གྱི་ར་དང་། 101-1-3a མཚོ་དང་། མཚེའུ་དང་། རྫིང་དང་། ཁྲོན་པ་དང་། སྒོ་དང་། སྒོ་གསེང་རྣམས་མཐོང་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་གང་གིས་ཀྱང་སྔོན་མ་འཚལ་ཏེ། བདག་གིས་དེའི་རྣམ་པར་རྣལ་འབྱོར་ པས་བསམ་གཏན་མཆོག་ལ་མཉམ་པར་བཞག་ལགས་སོ། །དེར་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བདག་ལ་བཅོམ་ལྡན་འདས་གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་སྟོབས་དང་རྣམ་པར་རོལ་བས་ནམ་ མཁའ་ཁྱབ་པའི་སྐུ་མངའ་བ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་འཇོག་པར་གྱུར། བཅོམ་ལྡན་འདས་བདག་གི་གནས་ཁང་ན་ཉམས་མི་ དགའ་བ་ཅུང་ཟད་ཀྱང་མ་མཆིས་ན། གང་གི་དོན་དུ་བསམ་གཏན་ལ་མཉམ་པར་འཇོག་པ་ལགས་པར་བཀའ་སྩལ་དུ་གསོལ་ཞེས་མཆིའོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་དེས་སྒྱུ་མ་ཐམས་ཅད་དང་། འཁྲུལ་འཁོར་དང་། སྒོ་གླེགས་ལ་སོགས་པ་གླེང་ལགས་སོ། །བཅོམ་ལྡན་འདས་བདག་གིས་དེ་ཟིལ་གྱིས་མནན་པའི་ཕྱིར་སྣང་བ་ཆེན་པོ་འཛིན་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་ཅེས་བགྱི་བ་འཕྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མར་ གྱུར་བ། འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམས་པར་བྱེད་པ། ཉེ་བར་ཞི་བར་བྱེད་པ། ལྟུང་བར་བྱེད་པ། ངེས་པར་འཇོམས་པར་བྱེད་པ་བཤད་ལགས་སོ། །བཅོམ་ལྡན་འདས་ཀྱིས་འདི་རྗེས་སུ་མཁྱེན་ནོ། ། བདག་གིས་དགའ་བའི་བཞིན་གྱིས་བཤད་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བར་འགྱུར་བར་བཅོམ་ལྡན་འདས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སེམས་ཅན་སྐྱབས་མེད་པ་རྣམས་ཞི་བ་དང་། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམས་པའི་རྡོ་རྗེ་ས་འོག་ཅེས་བྱ་བ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མ་བདག་གིས་བཤད་པར་བགྱིའོ། །དེ་ནས་བཅོམ་ 101-1-3b ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་སྨྲས་པ་འདི་སྲོག་ཆགས་རྣམས་ཀྱིས་བསྒྲུབ་པར་དཀའོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བརྗོད་པ་འདི་བསྒྲུབ་པར་དཀའ་བ་མ་ ལགས་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཛད་དུ་གསོལ། བདེ་བར་གཤེགས་པས་རྗེས་སུ་གནང་བ་མཛད་དུ་གསོལ། བཅོམ་ལྡན་འདས་བདག་གིས་བསྒྲུབ་པར་དཀའ་བ་བརྗོད་པར་མི་བགྱིའོ། །ལྷ་མ་ཡིན་གྱི་ དབང་པོ་གཞན་ལེན་གྱི་འཁྲུལ་འཁོར་བདེ་བླག་ཏུ་སྒྲུབ་པར་བྱེད་པ་དེ་བདག་གིས་རྗེས་སུ་དྲན་ཏེ། བཤད་པར་བགྱི་ལགས་ན། བཅོམ་ལྡན་འདས་ཀྱིས་དེ་བདག་ལ་རྗེས་སུ་གནང་བ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་རྗེས་སུ་གནང་གིས་ཁྱོད་ཀྱིས་རྗེས་སུ་ཤོད་ཅིག །ལག་ན་རྡོ་རྗེ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ཐབས་ལ་ མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་བླ་མ་རྟོག་པ་དང་བཅས་པའི་གསང་བ་ཆེན་པོ་སྟོན་ཅིག ། དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས་ཅ་ཅོའི་ སྒྲ་ཡང་དང་ཡང་དུ་ཕྱུང་ནས་རྡོ་རྗེ་གྱེན་དུ་གསོར་ཞིང་རྡོ་རྗེ་འབར་བའི་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ས་འོག་གི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་ སེ་ནཱ་པ་ཏ་ཡེ་ཨོཾ་ཧྲཱིཿ པོ་ཏྲི་བཛྲ་པཱ་ཏཱ་ལ་ཧ་ན་མ་ཐ་བཉྫ་པཱ་ཏ་ཡ་མཱ་ཙི་ར་མ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཁྲོ་བོ་ཆེན་པོས་ཀུན་འོད་ཟེར་གྱིས་སྣང་བར་བྱས་ཏེ། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་མ་ཡིན་དང་ལྷ་མ་ ཡིན་གྱི་བུ་མོ་རྣམས་རྡོ་རྗེ་ཁྲོ་བོས་གཟིར་བས་སྐྱབས་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་སྨྲ་ཞིང་འདུད་པར་བྱེད་དོ། །བཅོམ་ལྡན་ 101-1-4a འདས་བདག་བསྲུང་དུ་གསོལ་བདེ་བར་གཤེགས་པ་ཡོངས་སུ་བསྐྱང་དུ་གསོལ། རྡོ་རྗེ་ཁྲོ་བོས་བདག་ཅག་ཡོངས་སུ་གཟིར་ཏོ། །བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་འདི་བཤད་པས་བདག་ཅག་གི་ཁང་པ་རྣམས་ཀྱི་འཁྲུལ་འཁོར་རྣམས་ མེད་པར་གྱུར། སྒོ་གཏན་རྣམས་མེད་པར་གྱུར། སྒོ་རྣམས་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས་མ་བྱུང་བའི་སེམས་ཅན་རྣམས་ཀྱང་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་འདིར་ཇི་ལྟར་གནས་པར་བགྱི་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག །ལག་ན་རྡོ་རྗེའི་དམ་ཚིག་ལ་གནོས་ཤིག །དེ་ལྟ་ན་བདེ་བ་ལ་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་ གཟིགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ལྷ་མ་ཡིན་གྱི་དབང་པོ་ལ་སོགས་པ་ལ་རྨད་དུ་བྱུང་བའི་དམ་ཚིག་སྟོན་ལ་བདེ་བར་གྱིས་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེས་ལྷ་མ་ ཡིན་དང་ལྷ་མ་ཡིན་གྱི་ཆུང་མ་དག་ལ་བཀལ་སྩལ་པ། འདིར་ཐོག་མར་རྡོ་རྗེ་ས་འོག་གི་ཁྲོ་བོ་ཆེན་པོའི་ས་འོག་གི་དཀྱིལ་འཁོར་གྱི་དམ་ཚིག་ལ་གང་འཇུག་པ་དེ་དག་འདིར་འཁྲུལ་འཁོར་ཆེན་པོའི་བླ་མའི་རྩི་སྨན་དང་། ཕྱེ་མ་དང་། རྩ་བ་དང་། སྦྱར་སྨན་དང་། གྲུབ་པའི་རྫས་དང་། དངུལ་ཆུ་དང་། བཅུད་ལེན་དང་། གཞོན་ནུ་མ་དང་། ལྷ་མ་ཡིན་གྱི་བུ་ག་དང་སྒོར་འཇུག་པ་དང་། འཁྲུལ་འཁོར་ཐམས་ཅད་འཇོམས་པ་དང་། སྐེམས་པར་བྱེད་པ་དེ་དག་ནི་འཇུག་ངོགས་བདེ་བར་འགྱུར་ རོ། །གཞན་དུ་ན་དེ་དག་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་ས་འོག་གི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལྷ་མ་ཡིན་རྣམས་ལ་བཀའ་སྩལ་པ། བུ་གར་འཇུག་ནུས་པ་དང་། བྱ་བའི་རྒྱུད་ཀྱི་ཁམས་དང་། གསེར་འགྱུར་དང་། དུག་ སྨན་དང་། ས་འོག་དང་། ཞིང་གི་དངོས་གྲུབ་དག་རང་ཉིད་ཀྱི་ཁང་པར་འཇུག་པ་ལྟར་རྡོ་རྗེའི་བྱེ་བྲག་གིས་འགྲུབ་པར་འགྱུར་རོ་ཞེས་ང་སྨྲའོ། །གཞན་དུ་ན་དཀྱིལ་འཁོར་མ་མཐོང་ན་ཉམས་པར་འགྱུར་རོ། །རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདིའི་ 101-1-4b རང་ཉིད་ཀྱི་རྟོག་པ་དང་། རྒྱུད་གཞན་དུ་གསུངས་པའི་སྒྲུབ་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་མི་བྱ་ལ། རྟོག་པ་གཞན་གྱི་ཆོ་ག་འདོད་པས་བསྒྲུབ་པར་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་མ་ཡིན་དང་། ལྷ་མ་ཡིན་གྱི་དབང་པོ་དགའ་ ཞིང་རངས་ཏེ་རབ་ཏུ་ཚིམ་པ་དང་མགུ་བ་སྐྱེས་ནས་རང་ཉིད་ཀྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་མཐོང་ནས་ངེས་པར་བྱུང་བར་བྱས་ཏེ། བཅོམ་ལྡན་འདས་ཐམས་ཅད་ཀྱི་བྲན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷའི་མིག་གིས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་དམ་ཚིག་གི་དཀྱིལ་འཁོར་བཀའ་སྩལ་པ། གྲོང་ངམ་གྲོང་ཁྱེར་གྱི་སའི་ཕྱོགས་ལེགས་པར་བརྟགས་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ ཏེ། རྡོ་དང་། གསེག་མ་དང་། རུས་པ་དོར་ནས་རྒྱུ་སྐར་དགེ་བ་ལ་རྗེས་སུ་འཐུན་པའི་ཚོན་རྩི་ལྔའི་ཕྱེ་མས་དཀྱིལ་འཁོར་གྲུ་བཞི་པ། ཁྲུ་བཞི་པ། སྒོ་བཞི་པ། འདོད་པ་དྲུག་པ་ཅན་ཡང་དག་པར་བྲི་བར་བྱའོ། །སྒོ་དང་སྒོའི་མཚམས་ རྣམས་སུ་རྡོ་རྗེ་དང་ཡུངས་ཀར་གཞག་པར་བྱའོ། །ཤར་ཕྱོགས་ཀྱི་ཆར་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །བྱང་དུ་འཇིག་རྟེན་དབང་ཕྱུག །ལྷོར་རྡོ་རྗེ་འཆང་། ནུབ་དུ་ཆུང་མ་དང་བཅས་པའི་ཁྱུ་མཆོག་གི་རྒྱལ་མཚན་ཅན་ ནོ། །དབང་ལྡན་དུ་དྲི་མ་མེད་པའི་བློ་གྲོས་ལག་པར་རྔ་ཡབ་འཛིན་པའོ། །མེར་སྙིང་པོའོ། །ལུས་ངན་དུ་རྗེས་སུ་སྤྱོད་པའོ། །རླུང་དུ་ལས་ཐམས་ཅད་པའོ། །དབུས་སུ་རྡོ་རྗེ་ས་འོག་ལག་པར་རྡོ་རྗེ་དང་དགྲ་སྟ་འཛིན་པ་བྲི་བར་བྱའོ། ། སྙིང་པོ་དང་རྗེས་སུ་སྤྱོད་པ་ལ་དབྱུག་གུ་དང་ཐོ་བ་བྲི་བར་བྱའོ། །ལས་ཐམས་ཅད་པ་ལ་རྡོ་རྗེའོ། །ཤར་གྱི་སྒོར་སྨན་ཐམས་ཅད་དང་། རྒྱན་ཐམས་ཅད་དང་། དངུལ་ཆུ་དང་བཅུད་ལེན་དང་ལྷ་མ་ཡིན་གྱི་བུ་མོ་དང་གྲུབ་པའི་རྫས་ལ་སོགས་ པ་དང་། མིག་སྨན་དང་ལྡོང་རོས་དང་རལ་གྲི་དང་། རིན་པོ་ཆེ་སྔོན་དུ་འགྲོ་བ་གཞག་པར་བྱའོ། །ལྷོའི་སྒོར་ལྷ་མ་ཡིན་བརྒྱད་ནི་སྟོབས་ཅན་དང་། སྟོབས་ཅན་གྱི་བུ་དང་། བདེ་མཆོག་དང་། ཐགས་ཟངས་རིས་དང་། བདེ་ལྡན་དང་། 101-1-5a དུས་ཀྱི་མུ་ཁྱུད་དང་། གཞན་ལེན་དང་། དབྱིག་ཟའོ། །ནུབ་ཀྱི་སྒོར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་གཞག་པར་བྱའོ། །དེ་ཡང་བརྒྱད་རྣམ་པ་བཅས་པ་བྲི་སྟེ། སྲད་བུ་དང་། གྲི་གུག་དང་། བུད་མེད་དང་སེང་གེ་དང་ལུག་དང་། མདའ་དང་ བཅས་པའི་གཞུ་དང་། ཆུ་རྒྱུན་དང་སྦྱིན་དང་། འདོ་ལི་དང་། བདག་ཉིད་ཀྱི་འཁྲུལ་འཁོར་རྣམས་སོ། །བྱང་གི་སྒོར་བུ་ག་བརྒྱད་རྣམ་པ་དང་བཅས་པ་བྲིས་སྟེ་དེ་ཡང་ལུག་གི་རྣམ་པ་དང་། ཆུ་སྲིན་གྱི་རྣམ་པ་དང་། གླང་པོའི་གདོང་གི་རྣམ་པ་དང་། ལོ་འཕྱེའི་རྣམ་པ་དང་། བྱི་བའི་རྣམ་པ་དང་མིའི་གདོང་གི་རྣམ་པ་དང་། དཀྱིལ་འཁོར་གྱི་རྣམ་པ་དང་། མ་བྱས་པའི་གདོང་གི་རྣམ་པའོ། །སྟེགས་བུའི་མཚམས་རྣམས་སུ་སྒོ་བྲལ་བཞི་བྲི་བར་བྱའོ། །མེའི་ཕྱོགས་སུ་མེའི་ཐབ་ཁུང་ངོ་། ། བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ་། །རླུང་གི་མཚམས་རྣམས་སུ་ཆུའི་ཐབ་ཁུང་ངོ་། །དབང་ལྡན་དུ་རུས་སྦལ་གཞག་པར་བྱའོ། །དེ་ནས་དྲི་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་བདུག་པ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་པའི་ གཏོར་མ་དང་མཆོད་པ་སྦྱིན་པར་བྱའོ། །དེ་ནས་སྐྱེས་བུ་དཔའ་བོ་དག་གིས་དྲི་ཞིམ་པོས་ཡན་ལག་བྱུགས་ལ་ཤིན་ཏུ་ཕྲ་བའི་རས་ཀྱིས་གདོང་གཡོག་ཏུ་བསྲུང་བ་བྱས་ལ་འཁྲུལ་འཁོར་གྱི་བླ་མའི་བྱ་བ་བྱས་ལ་འཇུག་པར་བྱའོ། ། སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་ལ་སོགས་པའི་སྒོ་ནས་སོ། །འདིར་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་མཐོང་བའི་སྐྱེས་བུ་དཔའ་བོ་དེ་ལ་བླ་མས་རྗེས་སུ་གནང་བ་བྱིན་ལ་དམ་ ཚིག་ཤེས་པས་འཁྲུལ་འཁོར་གྱི་བླ་མའི་ཕྱག་རྒྱའམ། ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་པས་དབང་དུ་བྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་ཆུང་མ་དང་ཁྱིམ་རྣམས་སུ་འཇུག་པར་འགྱུར་རོ། །གཞན་ལེན་གྱིས་བྱས་པའི་འཁྲུལ་ འཁོར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རྫས་རྣམས་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གི་དམ་ཚིག་གི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །། 101-1-5b དེ་ནས་གཞན་ཡང་ཕྱག་རྒྱ་དང་སྔགས་སུ་གྱུར་པ་ནི་སོར་མོ་ཕན་ཚུན་ཁུ་ཚུར་དུ་བྱས་ལ་མཐེ་བོ་སྦྲུལ་མགོའི་རྣམ་པ་ལྟར་བྱས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའོ། །སྔགས་ནི་ཛི་ན་ཛིཀ་གཉེན་གྱི་ཕྱོགས་སུ་པད་མའི་རིགས་ཀྱི་ སྙིང་པོའི་ཕྱག་རྒྱ་དང་སྔགས་ནི་ཨཱ་རོ་ལིཀ །ལྷོ་ཕྱོགས་སུ་རད་ན་དྷྲྀཀ །བྱང་ཕྱོགས་སུ་པད་མ་དྷྲྀཀ་རྡོ་རྗེའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི་བཛྲ་དྷྲཱིཀ །མཐེ་ཆུང་དང་མིང་མེད་སྦྱར་ལ་རྩེ་གཅིག་ཏུ་བྱས་པ་ལ་སྡིག་མཛུབ་བཞག་པ་ནི་རྡོ་ རྗེ་ས་འོག་གི་རྩ་བའི་ཕྱག་རྒྱའོ། །སྔགས་ནི་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧྲཱིཿཔོ་ཏྲི་བཛྲ་པཱ་ཏཱ་ལ་ཧ་ན་མ་ཐ་བཉྫ་པྲ་ཏ་ཡ། མཱ་ཙི་རྃ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། རྩ་བའི་སྔགས་དང་ཕྱག་རྒྱས་ལུས་ ཐམས་ཅད་བྱིན་གྱིས་བརླབ་བོ། །ཕྱག་འཚལ་བའི་ཐལ་མོ་ལས་མིང་མེད་ཀྱི་རྩེ་མོ་སྦྱར་ལ་མཐེ་ཆུང་སྦས་ཏེ་གུང་མོ་དང་མཐེ་བོའི་རྩེ་སྦྱར་ལ་གཡོན་པའི་མཛུབ་མོས་ཕྱི་ནས་བཀུག་སྟེ། གཡས་པའི་མཛུབ་མོ་རྡོ་རྗེའི་རྣམ་པ་ལྟར་ བསྐུམ་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །གཡས་པའི་ལག་པ་དང་གཡོན་པའི་ལག་པ་མཉམ་པར་བཞག་ལ་མཐེ་བོང་མཛུབ་མོ་སྦྱར་ཏེ། གཡས་པའི་མཐེ་བོས་སོར་མོ་གསུམ་གྱི་སེན་མོ་བཀབ་ལ་མཉམ་པར་མཛུབ་མོ་གཡོན་ པའི་མཐེ་བོའི་རྩ་བར་སྦྱར་བ་ནི་ཞགས་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་ལའོ། །ཨོཾ་བི་བིནྡྷ་བི་བིནྡྷ་ན་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་གར་རོ། །ཨོཾ་བཛྲ་པཱ་ཏཱ་ལ་ཧཱུྃ་ཕཊ། སྤྱི་བོར་རོ། །ཨོཾ་ཧཿབཛྲ་ཧཱུྃ་ཕཊ་སྤྱི་གཙུག་གོ། ཨོཾ་ཧྲཱིཿ་ བནྡྷ་བནྡྷ་སྭཱ་ཧཱ། གོ་ཆའོ། །ཨོཾ་བཛྲ་བཛྲ་ས་ཧཱ་ཤྲི་ཤི་ར་སེ་ཛྭ་ལི་ཏ་ཨ་ན་ལ་ཧ་ན་བཉྫ་ཨུ་ཙ་ཊ་ཡ་ཧཱུྃ་ཕཊ། མཚམས་བཅིང་བའི་སྔགས་སོ། །འདི་དག་དང་རྩ་བའི་ཕྱག་རྒྱ་སྦྱར་བར་བྱའོ། །ལག་མཐིལ་མཉམ་པོར་བྱས་ཏེ་མཐེ་ བོང་དང་མཐེ་ཆུང་སྦྱར་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི་ལས་ཐམས་ཅད་པ་ས་གསུམ་གྱི་ཕྱག་རྒྱའོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧི་རི་ 101-1-6a མི་རི་བྷི་རི་རི་ནི་སྭཱ་ཧཱ། སོ་སོར་སྦྱར་བར་བྱའོ། །སོར་མོ་ཕན་ཚུན་སྦྱར་ལ་ཁུ་ཚུར་དུ་བྱས་ཏེ་གུང་མོ་བརྐྱང་ལ་སྦྱར་ནས་དེའི་ཕྱི་རོལ་ཏུ་མཛུབ་མོ་ཅུང་ཟད་བསྐུམས་ལ་མཐེ་བོང་གཉིས་དབུས་སུ་བཞག་པ་ནི་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ། ། སྔགས་ནི། ན་མཿ ས་མནྟ་བུདྷཱ་ནཱྃ་ཏུ་ཧྲཱ་ཡ་སྭཱ་ཧཱ། དབང་ཕྱུག་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་འདི་ནི་ལྷ་མོ་ཆུ་ལོན་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བུདྷཱ་ནཱྃ་ཨུ་མ་ཡེ་སྭཱ་ཧཱ། ཐལ་མོ་ཕྱེ་བ་ལས་མཐེ་ཆུང་རྩེ་ མོ་སྦྱར་ལ་དེའི་རྒྱབ་ཏུ་སྲིན་ལག་སྦྱར་ནས་དེའི་ཚེ་ཚིགས་གསུམ་པར་གུང་མོ་གཉིས་སྦྱར་ལ་དེའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ། །གཉིས་ཀ་ཡང་རྡོ་རྗེ་མཚན་ཉིད་དང་ གཅིག་ཏུ་སྦྱར་བར་བྱའོ། །ལྷ་མ་ཡིན་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་ཤིང་འབྱེད་པའི་ཕྱག་རྒྱ་ནི་འདིར་སོར་མོ་རྣམས་རྣམ་པར་བཟློག་ལ་རུ་སྦལ་གྱི་རྣམ་པར་བྱ་བ་ནི་རུས་སྦལ་གྱི་ཕྱག་རྒྱའོ། །སྤྱི་བོར་བཞག་པ་ནི་ལྷ་མ་ཡིན་ ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ། །ལག་པ་གཡོན་པ་འོག་ཏུ་བཞག་ལ་དེའི་སྟེང་དུ་ལག་པ་གཡས་པ་སྦྱར་ལ་མཐེ་བོང་སོ་སོར་བྱ་བ་འདི་ནི་རུ་སྦལ་དབང་བསྐུར་བའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་ བཞག་པ་ལག་པ་གཡས་པ་རྡོ་རྗེ་ཐུར་དུ་བཞག་ལ་ཐད་ཀར་སྦྱར་བར་བྱས་པ་འདི་ནི་རུ་སྦལ་གྱི་ཕྱག་རྒྱ་གཞན་ནོ། །བླ་འོག་གི་ལག་པ་རྣམ་པར་བཟློག་ལ་སྙིང་གར་སོར་མོ་གྱེན་དུ་བྱས་ལ་མཐེ་བོང་མཉམ་པར་གཤིབས་པ་ནི་ རུ་སྦལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ས་འོག་གི་མཛུབ་མོ་སྟེང་དུ་མཉམ་དུ་གཤིབས་པ་ནི་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ། །ཁུ་ཚུར་བྱས་པའི་ནི་མཛུབ་མོ་བརྐྱང་ལ་གུང་མོ་དང་སྲིན་ལག་གི་སྟེང་དུ་མཐེ་བོང་སྦྱར་བ་ནི་དབྱུག་གུའི་ཕྱག་རྒྱའོ། །དེ་ཉིད་ ལས་མཐེ་བོང་མཛུབ་མོའི་རྩ་བར་སྦྱར་བ་ནི་ཐོ་བའི་ཕྱག་རྒྱའོ། །ཁུ་ཚུར་དུ་བྱས་ལ་གུང་མོ་དང་མཐེ་བོང་མཉམ་པོར་སྦྱར་བ་ནི་བྱ་རོག་གི་མཆུའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་བྱས་ལ་སྙིང་གའི་ཕྱོགས་སུ་སྦྱར་ལ་ 101-1-6b ལག་པ་གཡས་པ་རྡོ་རྗེ་སྟེང་དུ་ཕྱར་ནས་རྐང་པ་བརྐྱང་བསྐུམ་དུ་གནས་པ་ནི་རྡོ་རྗེ་སྨོད་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེ་རྩེ་གཅིག་པ་སྙིང་གའི་ཕྱོགས་སུ་བཞག་ལ། ལག་པ་གཡས་པའི་སོར་མོ་གསུམ་གྱིས་རྒྱས་ བཏབ་ནས་བརྐྱང་བསྐུམ་དུ་གནས་པ་འདི་ནི་རྡོ་རྗེ་གཞན་ལ་སྨོད་པའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་བི་བིནྡྷ་བི་བིནྡྷ་ཧཱུྃ་ཕཊ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཅི་སྙེད་པ་ལས་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གཉིས་པའོ།། །། གང་གི་ཚེ་སྐྱེས་བུ་དཔའ་བོ་དཔལ་གྱི་སྒོར་འཇུག་པར་འདོད་པར་གྱུར་ན། དེས་རྡོ་རྗེ་ཁྲོ་བོའི་བསྙེན་པ་སྔོན་དུ་བྱས་ལ་ཕྱིས་འཇུག་པར་བྱའོ། །དེ་ལ་སྔོན་དུ་བསྙེན་པ་ནི་འབུམ་ཕྲག་བརྒྱད་སློངས་མོ་ཟ་ཞིང་སྨྲ་བ་བཅད་ལ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་དེ་བཞིན་གཤེགས་པ་མཆོད་པ་ལ་དགའ་བས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་མཆོད་རྟེན་བྱས་ལ། དེའི་མདུན་དུ་རི་བོའམ་ཆུ་བོ་འདུས་པའམ། ཤིང་གཅིག་ པའམ། བ་གླང་གི་ལྷས་སམ། བས་མཐའ་འམ། མཆོད་རྟེན་གང་ཡང་རུང་བའི་གནས་སུ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས། སྡིག་པ་བཤགས་ཏེ། བླ་ན་མེད་པར་བསྔོས་ ལ་དམ་པའི་ཆོས་སྟོན་ཏེ་རྗེས་སུ་དྲན་པར་བྱས་ལ། མཆོད་རྟེན་གྱི་ལས་ལ་རྗེས་སུ་གནས་ནས་ལུས་དང་སྲོག་ལ་དགའ་བ་དོར་ཏེ། དུས་གསུམ་དུ་ཕྱག་རྒྱ་དང་། དབང་བསྐུར་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། དེ་ལྟ་བུའི་ཚུལ་གྱིས་བསྙེན་ པ་བྱའོ། །གང་དག་རྨི་ལམ་འམ། མངོན་སུམ་མཚན་མ་མཐོང་ན་རེ་ཤིག་མི་འཇུག་སྟེ། དེ་ཡང་རྨི་ལམ་ནི་གླང་པོ་ཆེ་ཆེན་པོ་ཟིལ་གྱིས་མནན་པའམ། གཟིར་བའམ། བྲོས་པའམ། འགྱེལ་བའམ། གང་དག་ ཤི་བ་དེ་ལྟ་བུ་མཐོང་ན་དེ་ནས་འཇུག་པར་བྱའོ། །ཡང་ན་མངོན་སུམ་སྟེ་སྒོ་འཕར་གྱི་མཚམས་བཅོམ་པའམ། རྡོ་ཆེན་པོ་ལྟུང་བའམ། ཁྲོས་ནས་གཟའ་ཆེན་པོ་འགུགས་པའམ། གདུག་པ་རྣམས་དང་། གཏུམ་པོ་དང་། 101-1-7a འཇིགས་བྱེད་དང་། ཀླུ་དང་གླང་པོ་ཆེ་ཆེན་པོ་དང་། སེང་གེ་དང་། སྟག་དང་མ་ཧེ་དང་། དགྲའི་དབུས་སུ་ཕྱིན་ཡང་བལྟ་དཀའ་བར་འགྱུར་བ་དང་། དེ་དག་ཐམས་ཅད་བྱམས་པའི་སེམས་སུ་གྱུར་ན་དེ་ནས་འཇུག་པར་བྱའོ། ། ལྷ་ཐམས་ཅད་མངག་གཞུག་དུ་འགྱུར་རོ། །འདི་ནི་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གི་སྔོན་དུ་བསྙེན་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། ༑ །། བུ་གའི་མཚན་ཉིད་ཤེས་བྱ་བ། ། ཆུ་འབབ་གང་དག་རྩེ་མོ་མེད། །ས་ཡི་སྒྲ་ནི་སྒྲོགས་པ་དང་། །ལྟོས་འཕྱེའི་གནས་ཁང་ཇི་ལྟ་བར། །རྡོ་རྗེ་ས་འོག་མཚན་ཉིད་ནི། །མཁས་པ་ཡིས་ནི་མཚོན་པར་བྱ། །རྣམ་པ་གང་གི་ཚུལ་གྱིས་ནི། །བུ་ག་རྣམས་ སུ་བརྗོད་པ་ཡི། །འཇུག་པ་ན་ནི་དོག་གྱུར་ལ། །བུ་ག་དེར་ནི་ཕྱིན་པ་ན། །ཀུན་ནས་ས་གཞི་མཉམ་པ་ནི། །དཔལ་གྱི་སྒོར་ནི་རྣམ་པར་བསྟན། །གླ་རྩི་མཆོག་གི་དྲི་ལྡན་ཞིང་། །འཁྲིལ་ཤིང་ལྕུག་མས་ཁྱབ་པ་ དང་། །དྲི་སྣུམ་ལྡན་པའི་ཁ་དོག་ཅན། །དཔལ་གྱི་སྒོར་ནི་དེ་བཤད་དོ། །དྲི་དང་ལྡན་ཞིང་ངོས་བརླན་པ། །དྲོ་བ་ཡིས་ནི་འཁྲུགས་འགྱུར་བ། །ཞུགས་པ་ཙམ་གྱིས་ཡང་དང་ཡང་། །འཁྲུག་པ་ཉིད་དུ་འགྱུར་བ་ནི། །དཔལ་གྱི་ སྒོར་ནི་དེ་ཤེས་བྱ། །དེ་ན་དངུལ་ཆུ་ཡོད་པར་བསྟན། །བུ་ག་ཡི་ནི་སྒོར་ཞུགས་པས། །དེ་ཡི་སེམས་ནི་འདོད་ལྡན་འགྱུར། །ཁྲོ་བོའི་སེམས་སུ་གྱུར་པ་ན། །བུ་གར་མཛེས་མ་གནས་པ་ཡིན། །འཇིགས་པ་མེད་ ཅིང་ང་རྒྱལ་དང་། །རློམ་པའི་སེམས་དང་ལྡན་པ་ཡིས། །དེར་ནི་ཞུགས་པས་ཚིམ་འགྱུར་ན། །བུ་གར་དཀར་རྫས་ལྡན་པས་ཁྱབ། །བུ་ག་དག་ནི་གང་དག་ཏུ། །ཚུལ་མེད་ང་རྒྱལ་ཅན་ཁྲོ་བ། །བརྩེ་མེད་སེར་སྣ་དང་ལྡན་ ཞིང་། །ཕན་ཚུན་དུ་ནི་སྨོད་བྱེད་པ། །ཡང་ན་བུ་གའི་སྒོ་ན་ནི། །སྲིན་བུ་རྣམས་ནི་བརྟེན་གྱུར་པ། །དེར་ནི་ལྟོས་འཕྱེ་ཤེས་བྱ་སྟེ། །བུ་ག་དེར་ནི་རྙེད་དཀའོ། །གང་དག་དཀར་པོའི་བྱ་བ་ནི། །བུག་སྒོར་ཡང་དག་གནས་མཐོང་ན། ། 101-1-7b དེ་ན་བུད་མེད་སྟོང་ཕྲག་གནས། །གསེར་ནི་རྣམ་པ་དུ་མ་གནས། །ནོར་བུ་མུ་ཏིག་བྱི་རུ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །བཅུད་ལེན་དུ་མའི་རྫས་རྣམས་ནི། །བུ་ག་མཆོག་དེར་གནས་པ་ཡིན། །བུ་ག་གང་གི་སྒོ་ལ་ནི། །རྐང་ གདུབ་སྒྲ་ནི་གྲག་གྱུར་ན། །བུ་ག་དེ་ནི་རིན་ཆེན་གང་། །བུད་མེད་སྟོང་ཕྲག་དེ་ན་གནས། །བུ་ག་གང་གི་སྒོ་ན་ནི། །ཚད་བྱེའུ་གར་བྱེད་གནས་གྱུར་ན། །བུ་ག་དེ་ནི་འབྲས་མེད་ཤེས། །དེར་ནི་བློ་ལྡན་འཇུག་མི་བྱ། །གང་གི་ནང་ན་ རྐང་གཉིས་ནི། །ཡང་དག་བརྟེན་པར་མཐོང་གྱུར་ན། །དེར་ནི་རབ་ཏུ་སྤྲོ་བ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །མི་གང་འཐུངས་པས་འཆི་མེད་པའི། །མཆོག་གི་བཅུད་ལེན་དེ་ན་གནས། །གང་དག་བུ་གའི་སྒོ་ལ་ ནི། །གླང་པོ་ཡང་དག་བརྟེན་མཐོང་ནས། །མཐོང་ནས་མ་མཐོང་གྱུར་ན་ནི། །བུ་ག་དེས་ནི་ལས་ཀུན་བྱེད། །གང་དག་བུ་ག་དེར་འཇུག་པའི། །ལྟོས་འཕྱེའི་དབང་ཕྱུག་རྣམ་མཐོང་ན། །དཔའ་བོས་དེར་ནི་འཇུག་མི་བྱ། ། དེ་མ་ཐག་ཏུ་སྲོག་འཕྲོག་བྱེད། །བུ་གའི་དྲུང་ན་འཇིགས་བྱེད་པའི། །ལྕེ་སྤྱང་མོ་ཡི་སྒྲ་གྲག་ན། །དེར་ནི་བག་མེད་མི་བྱ་སྟེ། །འཁོར་དང་བཅས་པ་སྐྲག་པར་འགྱུར། །གང་ན་ཁྲུང་ཁྲུང་སྒྲ་སྒྲོགས་པ། །བུ་གའི་ནང་ན་གནས་ གྱུར་ན། །བུ་ག་དེ་ནི་ཀུན་གྱིས་གང་། །འདོད་པ་རྣམས་ཀྱིས་རྣམ་པར་བརྒྱན། །གང་དག་བུ་གའི་སྒོར་བརྟེན་པའི། །ཉ་ནི་ཡང་དག་མཐོང་གྱུར་ན། །དེར་ནི་བརྩོན་པས་འཇུག་པར་བྱ། །བུད་མེད་སྟོང་གི་བདག་པོར་ འགྱུར། །བུད་མེད་གཞོན་ནུ་བུམ་པའི་ལག །བུ་གའི་སྒོར་ནི་ཡང་དག་མཐོང་། །གདོན་མི་ཟ་བར་བུ་གའི་ལས། །དེར་ནི་གྲུབ་པར་ཤེས་པར་བྱ། །བུ་གའི་ལས་ལ་འཇུག་པ་ན། །སྒྲ་སྐད་ཆེན་པོ་བྱུང་གྱུར་ན། ། བུ་ག་དེ་ནི་མཐའ་མེད་ཤེས། །དེར་ནི་གྲུབ་པར་རྗེས་སུ་བསྟན། །བུ་ག་ཡི་ནི་སྒོ་རུ་ཡང་། །བྱི་བ་ཀ་ཀ་རུ་དཀར་པོ། །གང་དག་ལྷན་ཅིག་གནས་མཐོང་ན། །བུ་ག་དེ་ནི་ལས་ཀུན་བྱེད། །བུ་གའི་སྒོ་རུ་ཁྱད་པར་དུ། ། 101-1-8a དེར་ནི་རས་ཀྱི་དྲི་བྱུང་ན། །བུ་མོ་རྣམས་ནི་སྟོང་ཕྲག་དག །དགུ་དང་བདུན་བརྒྱ་རྣམས་དང་ནི། །བཅུད་ཀྱིས་ལེན་དང་གསེར་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་གནས། །གང་དུ་བཞུགས་པའི་འབྱུང་ འགྱུར་བ། །ཀ་ར་བཱི་རའི་མེ་ཏོག་རྒྱས། །དེ་ན་དངུལ་ཆུ་གནས་པ་ན། །མཁས་པ་ཡིས་ནི་བླང་བར་བྱ། །བུ་ག་གང་ན་སྒྲེ་མོ་ནི། །གནས་པར་མཐོང་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་བྱས་ལ། །དེར་ནི་ བརྟག་དཔྱད་མི་བྱའོ། །བུད་མེད་དག་ནི་ཚིག་སྟོང་དང་། །བརྒྱ་ཕྲག་དག་ནི་བཅུ་གཉིས་ནི། །པད་མའི་སྙིང་པོ་ལྟར་འཇམ་ཞིང་། །རྟག་ཏུ་རོལ་པས་སྤྱོད་པར་བྱེད། །ཐམས་ཅད་ཀྱང་ནི་ཚུལ་གཅིག་ཅིང་། །ཀུན་ གྱིས་མཐོང་ན་དགའ་བའོ། །དེ་ལ་རིན་ཆེན་དུ་མ་དང་། །གོས་དག་དང་ནི་རྒྱན་དག་དང་། །བཅུད་ཀྱིས་ལེན་གྱི་གཙོ་བོ་དང་། །རྣམ་པ་སྣ་ཚོགས་མཛེས་པའོ། །དེ་ནས་ལྡོང་རོས་དག་དང་ནི། །མིག་སྨན་དང་ནི་དངུལ་ཆུ་དང་། ། མཛེས་པའི་མཚོན་ཆ་སྣ་ཚོགས་རྣམས། །བུ་གའི་གྲོང་གི་མཆོག་ནའོ། །བུ་ག་དེ་ཡི་ནང་འགྲམ་ན། །དུ་བ་འཐུལ་བ་མཐོང་གྱུར་ན། །གསེར་ནི་རྣམ་པ་མང་པོ་དང་། །དེར་ནི་དངུལ་ཆུར་ཤེས་པར་བྱ། །བུ་ག་དེ་ཡི་ ལོགས་ལ་ནི། །ཚངས་པ་ཁ་དོག་སྣ་ཚོགས་པའམ། །རང་བཞིན་དཀར་པོ་བརྟེན་གྱུར་ན། །བུ་ག་དེ་ཡང་ལས་ཀུན་བྱེད། །དབུས་ནས་མཆི་མ་འཛག་པ་ཡི། །བྱ་རོག་འཐོན་པ་གང་ཡིན་པ། །དེ་ནི་བཟའ་བ་སྣ་ ཚོགས་པའི། །བུ་ག་རུ་ནི་རྣམ་པར་བསྟན། །གང་ན་མ་ཧེ་མཐོང་བ་ན། །ཁྱད་པར་དུ་ནི་སྤྲིན་གྱི་མདོག །བུ་ག་དེར་ནི་འབད་པ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །མ་མྱོས་པ་དང་ལྷན་ཅིག་ཏུ། །ལག་ན་ རལ་གྲིས་རྒྱུན་ཏུ་ནི། །བུ་ག་དེར་ནི་དོར་བར་བྱ། །ཐམས་ཅད་དུ་ནི་བྱང་གི་ཆར། །ཟབ་མོ་སྤྲིན་གྱི་མདོག་འདྲ་བའི། །དངུལ་ཆུ་དེར་ནི་ཤེས་པར་བྱ། །གང་ན་མེ་ཏོག་དྲི་ཡོད་ཅིང་། །ཁྱད་པར་དུ་ནི་སྤང་སྤོས་དྲི། །བུ་ག་ 101-1-8b དེ་ཡི་ནང་ན་ནི། །བུད་མེད་གནས་པར་རྣམ་པར་བསྟན། །འཇུག་པ་པོས་ནི་ཁྱད་པར་དུ། །དེར་ནི་ཐེ་ཚོམ་མི་བྱའོ། །དེ་ནས་ར་བ་རྣམ་ལྔ་དང་། །རྒྱལ་པོའི་སྒོ་དང་རྟ་བབས་དང་། །གསེར་གྱི་རང་བཞིན་ཀ་བ་ནི། །བུད་མེད་ རིན་ཆེན་རྣམས་ཀྱིས་སྤྲས། །བཅུད་ལེན་རྣམས་དང་རིན་ཆེན་རྣམས། །གདོན་མི་ཟ་བར་དེ་ན་གནས། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་པད་མའི་དྲི་ཡོད་པ། །གཞན་ལེན་བུ་གར་དེར་ཤེས་བྱ། །འདོད་པ་ཀུན་ གྱིས་རྣམ་པར་བརྒྱན། །བརྟུལ་ཤུགས་ཅན་གྱིས་དེར་འཇུག་གོ། །བརྟུལ་ཤུགས་མེད་པས་ནམ་ཡང་མིན། །དེ་ན་རྣམ་པ་དུ་མ་གནས། །གང་འདོད་དེ་ནི་བརྟག་པ་བྱ། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་ སྦྲང་རྩིའི་དྲི་ཡོད་ན། །བུ་གའི་ལོགས་ནི་ཐམས་ཅད་ལ། །དེ་ན་བུང་བ་ཡོད་པ་སྟེ། །དེ་ལ་ཐེ་ཚོམ་མི་བྱའོ། །དེ་ན་གནས་པའི་བུང་བ་སོགས། །རིག་པ་འཛིན་པ་ཁྱད་པར་དུ། །སྔགས་གྲུབ་པ་ལ་རྩེད་མི་འགྱུར། ། བུ་གའི་སྒོ་ནི་ཐམས་ཅད་དུ། །གང་ན་ས་ཡི་དྲི་ཡོད་པ། །ས་ལ་རིན་ཆེན་ཇི་སྙེད་པ། །རྒྱ་མཚོ་ཡང་ནི་ཁྱད་པར་དུའོ། །ལྷ་མ་ཡིན་རྣམས་ཀུན་གྱི་དང་། །མི་ཡི་གཙོ་བོ་རྣམས་ཀྱི་དང་། །གནོད་སྦྱིན་དག་ནི་རྣམས་ཀྱི་ཡང་། །བུ་གའི་ མཆོག་དེར་ཐམས་ཅད་གནས། །རིག་པ་འཛིན་པས་དེར་བཞུགས་པས། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །བུ་གའི་ནང་ན་ལུག་གི་དྲི། །གང་དག་ཡོད་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་པར་བྱ། །འདོད་པ་ ཀུན་གྱིས་རྣམ་པར་བརྒྱན། །ཆུ་སྐྱར་དང་ནི་ཆུ་སྐྱར་མོ། །མཉམ་དུ་སྤྱོད་ཅིང་ལྷན་ཅིག་ཏུ། །བུ་གའི་ནང་ན་གནས་ན་ནི། །བུ་ག་དེ་ཡི་འཁྲུལ་འཁོར་མེད། །དེ་ན་དངུལ་ཆུ་བཅུ་གཅིག་ཡོད། །དེ་ནི་བུ་གའི་དམ་པའོ། །བུ་ག་དག་ ནི་བརྐོས་པ་ན། །གང་དུ་ལུགས་བཀོང་མཐོང་གྱུར་ན། །བུ་ག་དེ་ནི་རིན་ཆེན་གང་། །མཁས་པ་ཡིས་ནི་འཇུག་པར་བྱ། །ཞུགས་པ་ཙམ་ན་མཐོང་འགྱུར་བ། །དཀྱུས་སུ་དཔག་ཚད་ཕྱེད་པ་ཡི། །དེ་ན་ཐང་ནི་ལེགས་པར་ཡོད། ། 101-1-9a འཛམ་བུ་ཆུ་བོ་འདྲ་བའི་འོད། །དེར་ནི་མི་ཡིས་འབྲས་ཐོབ་སྟེ། །ལོ་ནི་ཁྲི་ཕྲག་བརྒྱར་འཚོའོ། །གང་ན་མི་མོ་སྒྲོན་མའི་ལག །བུ་གའི་ནང་ན་གནས་པ་ན། །འདི་ནི་དེ་ཡི་བུ་གར་ཤེས། །གདོན་མི་ཟ་བར་དངུལ་ ཆུས་གང་། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་ཤའི་དྲི་ཡོད་པ། །སྲིན་པོ་རྣམས་ཀྱི་བུ་གར་ཤེས། །བློ་དང་ལྡན་པས་དེར་མི་འཇུག །བུ་གའི་དྲུང་ན་གར་བྱེད་པའི། །རྨ་བྱ་མཐོང་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་ པར་བྱ། །འདོད་པ་ཀུན་གྱིས་རྣམ་པར་བརྒྱན། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་ཁྲག་ནི་མཐོང་བ་ན། །གཅིག་པུ་ཉིད་དུ་དེར་འཇུག་སྟེ། །རང་གི་ཁྱིམ་བཞིན་འཇིགས་པ་མེད། །གང་ན་ཉ་ཡི་དྲི་ཡོད་ཅིང་། །ཁྱད་པར་དུ་ཡང་ ཞག་དྲི་ཡོད། །དེ་དང་དེར་ནི་བརྩོན་པ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །ཞུགས་པས་ཆུ་རྒྱུན་མཐོང་གྱུར་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེར། །དེ་ཡི་འགྲམ་དུ་བཟང་ལྡན་པའི། །ཁང་པ་རབ་ཏུ་སྦྱངས་གྱུར་པ། ། ལྷ་ཁང་དང་ནི་ཤིང་ཁང་ལ། །བ་དན་རྣམས་ཀྱིས་མངོན་བར་སྤྲས། །དེ་ན་རིན་ཆེན་བཟང་པོ་དང་། །དགའ་མ་འདྲ་བའི་བུད་མེད་དང་། །དེ་ན་དངུལ་ཆུ་མང་ཡོད་པར། །ཐམས་ཅད་དུ་ནི་ཐེ་ཚོམ་མེད། །བུ་ག་གང་དག་བརྐོས་ པ་ན། །ཁྲག་གི་ཆར་པ་བབ་གྱུར་ན། །དེར་ནི་འཇུག་པར་མི་བྱ་སྟེ། །དེ་མ་ཐག་ཏུ་སྲོག་འཕྲོག་བྱེད། །བུ་ག་བརྟགས་ཤིང་དཔྱད་པ་ན། །གང་ན་མུན་པ་ཡོད་གྱུར་ན། །དེར་ནི་འཇིགས་པ་མེད་པར་འཇུག །བུ་ག་དེ་ནི་ རང་ཁྱིམ་མཚུངས། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་རས་ཀྱི་དྲི་ཡོད་པ། །དེ་ན་རིན་ཆེན་དུ་མ་དང་། །དངུལ་ཆུ་ལྡོང་རོས་དེ་བཞིན་དུ། །མིག་སྨན་བཟང་པོ་རྣམས་དང་ནི། །རིན་ཆེན་རྣམས་ཀྱི་རྒྱན་དག་ནི། །དུ་མ་ རྣམ་པ་སྣ་ཚོགས་དང་། །གསེར་ནི་རྣམ་པ་དུ་མ་ཡོད། །བུ་གའི་ནང་ནི་གང་དག་ན། །སྒྲོན་མ་ཡི་ནི་དྲི་ཡོད་པ། །དེ་རུ་ཡང་ནི་འཇུག་པར་བྱ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །བུ་ག་ཡི་ནི་འགྲམ་ 101-1-9b ལོགས་ན། །གང་ན་གདུག་པ་གནས་གྱུར་ན། །དེ་ནི་ཤ་ཟའི་གནས་ཡིན་ཞིང་། །འདབ་བཟངས་གནས་པར་གདོན་མི་ཟ། །གང་ན་ཧ་ཧའི་སྒྲ་སྒྲོགས་པ། །དབང་ལྡན་གྱི་ནི་ཕྱོགས་ལ་བརྟེན། །བུ་ག་དེ་ནི་འཇིགས་ཤེས་ བྱ། །དེ་བས་མྱུར་བར་འབྲོས་པར་བྱ། །གང་ན་སྒྲ་དག་གིས་གང་བར། །ཤར་གྱི་ཕྱོགས་ལ་ཡང་དག་བརྟེན། །དེར་ནི་འབད་པར་བྱས་ན་ནི། །བུ་ག་དེ་ཡང་ལས་ཀུན་བྱེད། །བུ་ག་དེ་ཡི་ཐོན་འཁོར་དུ། །གང་ན་རྡོ་རྗེའི་ ཆར་འབབ་ན། །དེར་ནི་དངུལ་ཆུར་ཤེས་བྱ་སྟེ། །སེམས་ཅན་ཐམས་ཅད་གྲུབ་པར་བྱེད། །བུ་ག་དེ་ཡི་ཐོན་འཁོར་དུ། །མེ་ཏོག་དྲི་ལྡན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་པར་བྱ། །འདོད་པ་ཐམས་ཅད་སྒྲུབ་ པར་བྱེད། །བུ་ག་དེ་ཡི་ནང་ན་ནི། །གང་ན་རྒྱལ་བའི་སྒྲ་ཡོད་པ། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །དེར་ནི་མཁས་པས་འཇུག་པར་བྱ། །བུ་ག་ཡི་ནི་ཐོན་འཁོར་དུ། །གང་ན་ཁྱུ་མཆོག་མཐོང་བ་ན། ། དེར་ཡང་དཔའ་བོས་འཇུག་པར་བྱ། །བུ་ག་དེ་ཡི་རིན་ཆེན་གང་། །གང་ན་སྐྱེས་བུ་གཅེར་བུ་ནི། །ནག་པོ་ཤ་ཁྱིམ་ཆེན་པོ་དག །མཐོང་ནས་ཡང་ནི་མ་མཐོང་ན། །བུ་ག་དེ་ཡང་ལས་ཀུན་བྱེད། །གང་ན་དགེ་ སྦྱོང་གཅེར་བུ་དང་། །སྤྱི་གཅེར་དང་ནི་སྣ་རིང་པོའམ། །གང་དག་ཏུ་ནི་ཁྱི་མཐོང་ན། །དེར་ནི་གྲུབ་པར་བསྟན་པའོ། །བུ་ག་གང་གི་ཐོན་འཁོར་དུ། །རྔ་མོ་ཡི་ནི་དྲི་ཡོད་པ། །བུ་ག་དེ་ཡི་ལམ་གྱི་རྒྱུས། །དཔག་ཚད་བརྒྱ་ རུ་ཤེས་པར་བྱ། །གང་ན་རྩེ་གསུམ་མཚན་ཉིད་ནི། །ཐམས་ཅད་དུ་ནི་མཐོང་བ་ན། །མི་རྣམས་ཀྱིས་ནི་ཁྱད་པར་དུ། །བུ་ག་དེར་འཇུག་ནུས་མ་ཡིན། །གང་དུ་མེ་ཏོག་དྲིས་བརྒྱན་པའི། །བྲམ་ཟེ་མཐོང་ན་བུ་ག་དེ། ། འཁྲུལ་འཁོར་མེད་པར་ཤེས་བྱ་སྟེ། །འདོད་པ་ཀུན་གྱི་འབྲས་བུ་འགྲུབ། །བུ་གའི་སྒོ་རུ་ཡང་དག་བརྟེན། །གང་ན་དཀར་པོའི་སྦྲུལ་ཡོད་ན། །དེར་ཡང་བརྩོན་པར་བྱས་ནས་སུ། །མཁས་པ་ཡིས་ནི་འཇུག་ 101-1-10a པར་བྱ། །བུ་གའི་སྒོ་ཡི་ཐོན་འཁོར་ནི། །གང་དུ་དོམ་ནི་མཐོང་བ་ན། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །འདོད་པ་ཀུན་གྱི་དོན་གྲུབ་བྱེད། །བུ་གའི་ལས་ནི་བྱེད་པ་ན། །གང་དུ་ཕག་ནི་མཐོང་གྱུར་ན། །བུ་ ག་འཁྲུལ་འཁོར་མེད་ཤེས་བྱ། །གདོན་མི་ཟ་བར་རིན་ཆེན་གང་། །བུ་གའི་སྒོ་ཡི་ཐོན་འཁོར་ན། །གང་ན་ཆུ་ཡི་དྲི་ཡོད་པ། །དེར་ནི་དངུལ་ཆུར་ཤེས་བྱ་སྟེ། །སེམས་ཅན་ཀུན་ལ་ཕན་པར་བྱེད། །བུ་ག་དེ་ཡི་ ཐོན་འཁོར་ན། །གང་ལ་བདུག་པའི་དྲི་ཡོད་པ། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །གདོན་མི་ཟ་བར་རིན་ཆེན་གང་། །བུ་གའི་སྒོ་ལ་གནས་པ་ཡི། །གང་ན་བུར་ཆང་དྲི་ཡོད་ན། །བུད་མེད་རིན་ཆེན་གཟུགས་མཛེས་ དང་། །བཟའ་དང་བཏུང་བར་ཤེས་པར་བྱ། །བུ་ག་ཡི་ནི་ཐོན་འཁོར་ན། །གང་ན་ར་ཡི་དྲི་ཡོད་པ། །དེར་ཡང་དཔའ་བོས་འཇུག་བྱ་སྟེ། །འགའ་ཞིག་དང་ནི་འཇུག་མ་ཡིན། །མ་མྱོས་པར་ནི་ཞུགས་ནས་སུ། ། དེར་ནི་ཇི་ལྟར་འདོད་པར་བསྡད། །དད་ལྡན་གཙང་ཞིང་མཁས་པ་དང་། །བྱ་བ་བྱས་པས་ཁྱད་པར་དུ། །དཀོན་མཆོག་གསུམ་ལ་ཕྱག་བྱའོ། །དེ་བཞིན་རིག་པའི་བདག་པོ་དང་། །རིག་པའི་རྒྱལ་པོ་ལྷ་མོ་དང་། ། རིག་པའི་ཚོགས་ལའང་ཁྱད་པར་དུའོ། །ཨོཾ་བ་ར་བཛྲ་ཧཱུྃ། འཕགས་པ་རྡོ་རྗེ་ས་འོག་གི་སྙིང་པོའོ། །ལས་ཐམས་ཅད་པའི་ཉེ་བའི་དབང་པོའང་དེ་ཉིད་དོ། །ༀ་ཧྲཱིཿཧཱུྃ་ཕཊ། ༀ་བི་བིནྡྷ་བི་བིནྡྷ་ཧཱུྃ་ཕཊ། འདིས་སྒོ་དང་འཁྲུལ་འཁོར་གྱི་ཕྱོགས་སམ་མཆོད་པའི་དུས་སུ་བསྲུང་བར་བྱའོ། །འདི་ནི་རྡོ་རྗེ་ས་འོག་གི་རྒྱུད་ལས་བུ་གའི་མཚན་ཉིད་མཚོན་པའི་ལེའུ་སྟེ་བཞི་པའོ།། ༑ །། སྔགས་པས་དཔལ་གྱི་སྒོར་འཇུག་པར་འདོད་ན་དེས་བརྗོད་པ་དང་སྦྱང་བ་བྱས་ལ་འཇུག་པར་བྱའོ། །དེ་ལ་བརྗོད་པ་ནི་གང་། སྦྱང་བ་ནི་གང་ཞེ་ན། དེ་ལ་ཐོག་མར་ས་རྙིང་པ་དང་། ཆུ་དང་སྨན་གྱིས་ལུས་ཉེ་བར་ 101-1-10b བྱུགས་ལ། ཀུ་མུ་ད་དང་ཨུཏ་པ་ལ་དང་རུ་རྟ་དང་། ནིར་གུཎ་ཌི་དང་། ལྡོང་རོས་མཉམ་པོར་སྦྱར་བའི་སྨན་གྱི་དམ་པ་འདིས་སྲིན་པོ་འཇོམས་པ་དང་། དུག་འཇོམས་ཤིང་གཞོན་ནུ་རྣམས་བསྐྱེད་འཕེལ་བ་དང་། མཆོད་ སྦྱིན་གྱི་བགེགས་སེལ་བ་དང་། ཚངས་པའི་སྲིན་པོ་བསྲུང་བ་དང་། དྲག་པོ་དང་། སྐེམ་བྱེད་ཀྱིས་བཟུང་བ་དང་། གང་དག་ལུས་སྲུལ་པོས་བཟུང་བ་དང་། བུད་མེད་མངལ་ཉམས་པ་རྣམས་ཀྱི་ཉེར་གནས་ལ་ བྱུགས་པས་བཟང་པོར་འགྱུར་བ་དང་། དེ་དག་གིས་ཡན་ལག་བྱུགས་པ་གང་ཡིན་པས་ནི་དུག་ཧ་ལ་ཧ་ལ་ཡང་འཐུང་བར་བྱེད་དོ། །དེ་དག་གིས་འདིར་ཡན་ལག་བྱུགས་ནས་ཞུགས་པས་སྒོ་གྲོལ་བར་འགྱུར་ལ། སྒོ་བསྒྲིབས་པ་དེ་གྲོལ་ནས་གང་དག་མཚམས་རིང་དུ་སྦྱར་བའི་རླུང་ཡང་འབྱུང་བར་འགྱུར་རོ། །དེ་དག་ནི་བརྗོད་པའོ། །སྦྱོར་བ་ཡང་མ་ཧུ་ལུང་ཀ་དང་། ཀ་རཉྫ་དང་། ནྱ་གྲོ་དྷའི་ཡལ་ག་ལ་སོགས་པའི་ཤིང་རྣམས་ ཀྱིས་བུ་གའི་སྒོ་བཀག་ལ་མཚམས་མེད་པར་བྱས་ཏེ། སྒོ་འཕར་གྱིས་ཀུན་ནས་བསྒྲིབས་བར་བྱའོ། །གང་དག་ནང་ན་གནས་པའི་མེ་རབ་ཏུ་ཞི་བ་ནི་སྦྱོར་བའོ། །དེ་ནས་སྐྱེས་བུ་དཔའ་བོས་བ་སེར་སྐྱའི་ལྕི་བ་ས་ ལ་མ་ལྷུང་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ་བུ་གའི་སྒོར་མཆོད་པ་དང་གཏོར་མའི་ཆོ་ག་བྱས་ཏེ། ཨ་པ་མཱརྒའི་ཡམ་ཤིང་ལ་མེ་རབ་ཏུ་སྦར་ལ། ཨ་པ་མཱརྒའི་འབྲས་བུ་དང་མར་དང་། སྦྲང་རྩི་བཏགས་ཏེ། བསྲེག་བླུགས་བརྒྱ་རྩ་བརྒྱད་ཁྲོ་བོ་འཁྲུལ་འཁོར་གྱི་བླ་མས་དབུལ་བར་བྱའོ། །འདིས་འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང་བརླག་པར་འགྱུར་རོ། །དེ་ནས་རའི་ལྤགས་པའི་རལ་གུ་གྱོན་ལ་ཉི་མ་ཤར་བ་ན་འཁོར་ དང་བཅས་པ་ཐམས་ཅད་སྨན་གྱིས་ལུས་བྱུགས་ཏེ། བྱ་བ་བྱས་ལ་གྲོགས་བཟང་པོ་དང་འཇུག་པར་བྱའོ། །ཤིང་མངར་དང་ཀོ་པི་དྷ་ར་དཀར་པོ་དང་། ཀ་ཌུ་ཀ་བླུགས་པའི་ཡུང་བ་གཉིས་ཀྱིས་སྦྲུལ་གྱི་དཔའ་འཇོམས་པ་ 101-1-11a དང་། མངོན་བར་འདོད་པའི་དོན་སྒྲུབ་པ་དང་། སྐྱེས་བུ་གཞོན་ནུ་བསྲུང་བ་དང་། བུད་མེད་སྐལ་བ་བཟང་པོར་བྱེད་པ་དང་། འདོད་པའི་གདུང་བ་ཐམས་ཅད་སེལ་བ་དང་། རྩོད་པ་ཞི་བར་བྱེད་པ་དང་། སའི་བདག་པོ་ རྒྱས་པ་སྟེར་བ་དང་། དགྲ་ཐམས་ཅད་རྟག་ཏུ་འཇོམས་པ་དང་། ཉི་མ་ཤར་བ་ན་དབང་དུ་བྱེད་པར་བརྗོད་དོ། །འདིར་འདི་དག་གིས་ལུས་བྱུགས་ལ་རའི་ལྤགས་པའི་རལ་གུ་གྱོན་ཏེ། ཆུ་གྲི་བཟུང་ལ་མུན་པའི་ཕྱིར་སྒྲོལ་མ་ཤལ་མ་ ལིའི་དོག་པ་ལས་སྡོང་བུ་བྱས་ཏེ། འཁྲུལ་འཁོར་གྱི་བླ་མ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་རབ་ཏུ་སྦར་ཏེ། བྱི་བའི་རྣམ་པ་ཡིན་ན་བྱི་བའི་ཞག་དང་། ཆུ་སྲིན་གྱི་ཞག་སྔ་མ་བཞིན་ནོ། །ཇི་ལྟར་གླང་པོ་ འི་གདོང་གི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་གླང་པོའི་ཞག་གིས་སོ། །ཇི་ལྟར་ལྟོས་འཕྱེའི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་ལྟོས་འཕྱེའི་ཞག་གིས་སོ། །མིའི་གདོང་གི་རྣམ་པ་ཡིན་ན་མིའི་ཞག་གིས་ཤལ་མ་ལིའི་དོག་པའི་ སྡོང་བུ་སྟེང་དུ་བཞག་ལ་མུན་པའི་ཕྱོགས་སུ་གཟུང་བར་བྱ། གང་གི་གདོང་གི་རྣམ་པར་འདུག་པ་དེའི་ཞག་གིས་བསྐུས་ལ་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་མེ་སྦར་རོ། །མུན་པ་མུན་ནག་ཐམས་ཅད་ འཇོམས་པར་འགྱུར་རོ། །འཇུག་པ་ན་ལྷན་ཅིག་པ་རྣམས་ལ་ཡང་ཉེ་བར་བྱུག་གོ། །ཏ་ཀ་རའི་མེ་ཏོག་དང་། རུ་རྟ་དང་། སྤང་སྤོས་དང་། སུག་སྨེལ་དང་། ཨུཏ་པ་ལ་ཝ་ཏི་དང་། སིང་གྲི་དང་། བྱཱ་གྲི་དང་ན་མ་སྐཱ་རི་དང་། ཨ་ནན་ཏཱ་ན་དང་། ཛ་ཡན་ཏི་དང་། རྨ་བྱའི་གཙུག་ཕུད་དང་། དུང་གི་མེ་ཏོག་སྟེ་དེ་དག་གི་ཕྱེ་མས་སྒྱུ་མ་ཐམས་ཅད་འཇོམས་པ་དང་། འབྱེད་པ་དང་བསྲེག་པར་བརྗོད་དོ། །ཆུ་དང་སྦྱིན་དང་དེ་བཞིན་དུ་བཅུད་དང་། བཅུད་ ལེན་དང་། རྔའི་ཁང་བུ་དང་དུག་གི་གདུག་པ་དང་། པད་མའི་མཚོ་དང་། ལྷ་མ་ཡིན་གྱི་བུ་མོ་འགུགས་པ་དང་། དབང་དུ་བྱེད་པ་དང་བུད་མེད་འབེབས་པ་དང་། དེ་དག་གི་གནས་རྣམས་སམ། གཞན་དུ་ཡང་སྐྱེས་བུ་ 101-1-11b དཔའ་བོས་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་བསྣུན་པར་བྱའོ། །ཆུར་འཇུག་པ་དང་། དུག་གི་དུ་བ་དང་། དུག་གི་རླུང་གི་རང་གི་རྐང་མཐིལ་དང་སྤྱི་གཙུག་གི་བར་དུ་ཡོངས་སུ་བྱུགས་ལ་འཇུག་གོ། །དེ་དག་ ཐམས་ཅད་ལས་བསྲུང་བ་བྱས་པར་འགྱུར་རོ། །འཁྲུག་པ་ན་འཁྲུལ་འཁོར་གྱི་བླ་མ་བཟླའོ། །ཟློས་ཤིང་འཇུག་པར་བྱའོ། །རྡོ་རྗེ་འཛིན་པའི་གཟི་བརྗིད་ལྟ་བུར་ཐམས་ཅད་ཀྱིས་ཚུགས་པར་མི་ནུས་ཏེ་རང་གི་ཁྱིམ་དུ་ འཇུག་པ་བཞིན་ནོ། །རའི་འོ་མ་དང་ཀ་ར་ལྷན་ཅིག་ཏུ་བཛྲ་ཏན་ཏུ་ལ་དང་བསླགས་ལ་ཁྲོ་བོ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཟོས་ལ་འཇུག་གོ། །གང་གི་ཚེ་ལྷ་ཆེན་པོའི་ཁང་པའི་ལྷ་བཤོས་ཡོད་པ་ལས་འཕྱོགས་ཏེ། གཡས་ཕྱོགས་ནས་བསྐོར་ལ་འཁྲུལ་འཁོར་གྱི་བླ་མ་ཟློས་ཤིང་འཇུག་པར་བྱའོ། །ཞུགས་པ་དང་རྔའི་དབྱུག་གུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་བརྡུང་བར་བྱའོ། །གང་གི་ཚེ་རྔའི་སྒྲ་གྲག་པ་ལ་བུད་མེད་ཀྱི་ཚོགས་ མ་འོངས་ན་དེ་ནས་ལྷ་ཆེན་པོའི་ལྷོའི་ས་ལ་བསྡད་ལ་འཁྲུལ་འཁོར་གྱི་བླ་མ་བཟླའོ། །དེའི་སྐད་ཅིག་ལ་བུད་མེད་ཀྱི་ཚོགས་ཐམས་ཅད་ཐད་དུ་འོངས་ཏེ། མཆོད་ཡོན་སྦྲེངས་ནས་སྐྱེས་བུ་དཔའ་བོ་རྣམས་འཇུག་པར་བྱེད་དོ། ། ཞུགས་པ་དང་ཇི་སྲིད་འཚོའི་བར་དུ་བཞུགས་ཤིག་ཅེས་ཕྲིན་ཡིག་གདས་པར་བྱེད་དོ། །དཀོན་མཆོག་གསུམ་དང་འཕགས་པ་ཕྱག་ན་རྡོ་རྗེ་རྟག་ཏུ་རྗེས་སུ་དྲན་པས་བཟླས་པར་བྱའོ། །འདི་ལྟར་བུད་མེད་ཀྱི་དབུས་སུ་ཉི་མ་དང་ ཟླ་བ་དང་སྐར་མ་གནས་ཀྱི་བར་དུ་སྡོད་དོ། །ཇི་སྲིད་འགྲོ་བར་འདོད་ན་དེས་སྦྱར་སྨན་གྱིས་བསྐུ་བ་བྱུགས་ལ། དངུལ་ཆུ་དང་བཅུད་ལེན་དང་། གྲུབ་པའི་རྫས་གང་འདོད་པ་དེ་གཟུང་བར་བྱའོ། །གཞུའི་འཁྲུལ་འཁོར་ལས་ བྱོལ་ལ་ཡུངས་ཀར་ལ་ལན་བདུན་བཟླས་ལ་བསྣུན་པར་བྱའོ། །དེ་ལྟ་ན་ཡང་མི་ལྟུང་ན་དེ་ནས་འཁྲུལ་འཁོར་དེ་ལ་ལྷོའི་རྩ་བསྣུན་པར་བྱའོ། །དེ་ནས་ལྷུང་ངོ་ཐོག་མར་འཁོར་རྣམས་སྔོན་དུ་བཏང་ལ་བདག་ཉིད་ཕྱི་ནས་ 101-1-12a འཇུག་པར་བྱའོ། །མར་མེའི་མཆོད་སྡོང་ལ་སྦྱིན་སྲེག་གི་ཐབ་ནས་མེ་སྦར་ལ་འཇུག་གོ། །ཁྲོན་པ་རྣམས་སུ་འཁྲུལ་འཁོར་གྱི་བླ་མ་སྟོང་ཕྲག་བརྒྱད་བཟླས་པས་སྒོ་འབྱུང་ངོ་། །ཁྲོན་པ་དེ་ན་ཡང་ཏ་ལའི་ཤིང་ སྦྲུལ་གྱི་རྣམ་པར་སྣང་བ་ལ་དྲི་མ་མེད་པའི་མིག་སྨན་དང་། རྒྱ་སྤོས་དང་རུ་རྟ་དང་བཱ་ལཱ་དང་། སྤང་སྤོས་དང་། ལྡོང་རོས་དང་འགི་ཝང་རྣམས་མཉམ་པོར་སྐར་མ་རྒྱལ་ལ་སྦྱར་བའི་རིལ་བུ་བྱས་ལ་སྨན་གྱི་མཆོག་དུག་འཇོམས་ པ་དེ་ཤེས་རབ་ཅན་གྱིས་བསྣུན་པར་བྱའོ། །དེ་ནས་ཏ་ལའི་ཤིང་ཉིད་དུ་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་ཏོ། །འཕགས་པ་ཕྱག་ན་རྡོ་རྗེས་བཀའ་སྩལ་པའི་འཁྲུལ་འཁོར་འབའ་ཞིག་ པའི་ལེའུ་སྟེ་ལྔ་པའོ།། ༑ །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་གནས་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཇི་ལྟར་ལྷ་མ་ཡིན་ཐམས་ཅད་ཀྱི་དྲེགས་པ་གཞོམ་པ་དང་། དམ་ཚིག་ལ་གནས་པར་བྱ་བའི་ཕྱིར་རྡོ་རྗེ་ཁྲོ་བོའི་དམ་ཚིག་འདི་སྒྲོགས་ ཤིག །དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་བཏུད་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་རྡོ་རྗེ་ ཁྲོ་བོས་སྨྲས་སོ། །སྨྲས་པ་ཙམ་གྱིས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་མེ་ལྕེ་གཅིག་ཏུ་འབར་ཏེ། འཇིག་རྟེན་གསུམ་བཀང་ནས་སྒྲ་ཆེན་པོ་ཕྱུང་ངོ་། །དེ་ནས་དེ་ལྟ་བུའི་མཚན་མ་ཆེན་པོ་དེས་ལྷ་མ་ཡིན་འཁོར་དང་ བཅས་པ་ཐམས་ཅད་འདིར་ལྷ་དང་ལྷ་མ་ཡིན་རྣམས་གཡུལ་འགྱེད་པར་གྱུར་ཏོ་སྙམ་དུ་སེམས་ཏེ། ལྷ་མ་ཡིན་རྣམས་ལ་ཐགས་ཟངས་རིས་དང་། སྟོབས་ཅན་དང་། རྣམ་པར་སྣང་བྱེད་དང་། རབ་བདེ་དང་། 101-1-12b བདེ་མཆོག་དང་དུས་ཀྱི་མུ་ཁྱུད་དང་དབྱིག་ཟ་དང་རུ་སྦལ་ལ་སོགས་པ་འཁོར་དང་བཅས་པ་དང་གཞན་ཡང་བགྲོད་དཀའ་ཆེན་པོ་དང་། གློག་གི་ལྕེ་དང་སྒྲ་གཅན་དང་སྣང་བའི་ཕྲེང་བ་ཅན་དང་འཕྲོག་བྱེད་སེར་སྐྱ་ལ་སོགས་པ་དང་། ཡི་དགས་དང་ལྷ་མ་ཡིན་གྱི་རྗེས་སུ་དཔྱོད་པ་དཔུང་དང་བཅས་པ་བཞོན་པ་དང་བཅས་པ་འདུས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ལྷ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་མཚན་མ་ཆེན་པོ་དེ་མཐོང་ནས་ལྷའི་ཚོགས་ གཞན་རྣམས་དང་རང་རང་གི་རྣམ་པར་རྟོག་པ་ཇི་ལྟ་དེ་ལྟར་ལྷ་རྣམས་ཀྱི་དབང་པོ་ལ་སྨྲ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་འདིར་དུས་ལ་བབ་པར་ཤེས་ན་དེང་འདིར་ས་འོག་གི་དབང་བསྐུར་བ་རྔའི་སྒྲ་དབྱངས་ཞེས་བྱ་བས་བྱིན་གྱིས་རློབས་ཤིག །སྐྱེ་བོ་མང་པོ་ལ་ཕན་ པ་དང་དོན་དང་བདེ་བར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ཐེག་པ་ཆེན་པོ་ལ་དད་པ་དང་ལྡན་པའི་རིགས་ཀྱི་བུའི་དོན་དུ་དམ་ཚིག་བསྟན་པས་བྱིན་གྱིས་བརླབས་ལགས་ཀྱིས། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་བྱིན་གྱིས་བརླབས་ལགས་སོ། །དེ་བདག་གིས་ཀྱང་བྱིན་གྱིས་བརླབ་ པར་བགྱིའོ། །དབང་ལྡན་གྱི་ཕྱོགས་སུ་བསྡད་ལ་གནས་མཆོག་དེར་མགལ་དུམ་དང་། རྡོ་བ་དོར་ཏེ། འཁྲུལ་འཁོར་དང་ཤིང་སྡོང་སྤངས་ལ་གཞན་ཡང་བསང་གཏོར་དང་ལྷའི་མཆོད་སྦྱིན་དང་། དཀྱིལ་འཁོར་དང་ དབང་བསྐུར་བ་བྱས་པ་དང་། བགེགས་དང་ལོག་འདྲེན་དང་། གནོད་སྦྱིན་མཆོད་པ་བྱས་པ་དང་། དགེ་འདུན་དབང་བསྐུར་བའི་གནས་རྣམས་དོར་ལ། དེར་ཡང་ཆུ་སྣུམ་པ་དང་། མཚོ་དང་མཚེའུ་དང་། རི་བོ་དང་སྣུམ་པའི་ 101-1-13a ཕྱོགས་མཚོན་པར་བྱས་ལ་དེ་རྣམས་སུ་སྔོན་བཞིན་དུ་བྱི་དོར་དང་ཡོངས་སུ་སྦྱང་བ་བྱས་ཏེ། ཚོན་སྣ་ལྔས་གྲུ་བཞི་པ་སྒོ་བཞི་པའི་རི་མོ་བྲིས་ལ་དཀྱིལ་འཁོར་གྱི་དབུས་ཆ་བརྒྱད་པར་བྱས་ཏེ། ཡུངས་ཀར་དཀར་པོས་ བྱིན་གྱིས་བརླབས་པའི་རྡོ་རྗེ་གྲྭ་བཞིར་བཞག་པར་བྱའོ། །དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་དྲུང་དུ་འཕགས་པ་ཕྱག་ན་རྡོ་རྗེ་འབར་བའི་ཕྱག་ཅན་བཞག་པར་བྱའོ། ། དེའི་དྲུང་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་རྡོ་རྗེ་དགྲ་སྟའི་ཕྱག་ཅན་བཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་ཀྱི་ཕྱག་ཅན་བཞག་པར་བྱའོ། །བཅོམ་ལྡན་ འདས་ཀྱི་མདུན་དུ་ལྷ་ཆེན་པོ་ཆུང་མ་དང་བཅས་པ་བཞག་པར་བྱའོ། །དེའི་མདུན་དུ་ཁྱུ་མཆོག་ཁ་འོག་ཏུ་ལྟ་བ་ནག་པོའི་གོས་ཅན་བཞག་གོ། །ཤར་གྱི་སྒོར་སྨན་ཐམས་ཅད་བཞག་པར་བྱ་སྟེ། ཨེ་ར་བ་ཏི་དང་། མེ་ཥ་བ་ཏི་ དང་། ཛྱོ་ཏི་ར་ས་དང་། བེ་ག་བ་ཏི་དང་། སུརྱ་བ་ཏི་དང་ཨ་ཛ་གནྡྷ་དང་། ཡཀྵ་ཀ་ནྱ་སྟེ། སྨན་ཆེན་པོ་འདི་བརྒྱད་བཞག་པར་བྱའོ། །དེའི་གཟུགས་ནི་སེང་གེ་དང་། ཁྱུ་མཆོག་དང་། བྱ་རྒོད་དང་རུས་སྦལ་དང་། སྦལ་པ་ དང་། རྩངས་པ་དང་། མེ་འབར་བ་དང་། དངུལ་ཆུ་རྣམས་གནས་རྣམས་སུ་གོ་རིམས་བཞིན་དུ་བྲི་བར་བྱའོ། །སྨན་རྣམས་དངུལ་ཆུ་དང་བཅུད་ལེན་དང་། རིགས་ཀྱི་བུད་མེད་ཀྱི་དབྱིབས་སུ་བཞག་པར་བྱའོ། །རྒྱན་རྣམས་ དང་། གྲུབ་པའི་རྫས་རྣམས་དང་། ལྡོང་རོས་དང་། མིག་སྨན་དང་། འགི་ཝང་དང་བུམ་པ་བཟང་པོ་དང་རྐང་བྱུག་དང་། མཆོད་ཕྱིར་ཐོགས་དང་། འཁོར་ལོ་དང་རལ་གྲི་དང་དབྱུག་གུ་དང་། རྩེ་གསུམ་དང་། ཞགས་པ་ལ་ སོགས་པ་བྲི་བར་བྱའོ། །དེའི་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་བྲི་སྟེ། སྟོབས་ཅན་དང་། སྟོབས་ཅན་གྱི་བུ་དང་བདེ་མཆོག་དང་། དུས་ཀྱི་མུ་ཁྱུད་དང་། ཐགས་ཟངས་རིས་དང་རབ་བདེ་དང་། གཞན་ལེན་དང་དབྱིག་ཟའོ། །ནུབ་ཀྱི་ 101-1-13b སྒོར་འཁྲུལ་འཁོར་སུམ་བཅུ་ལྷག་པའི་སྟོང་བཞག་པར་བྱའོ། །དེ་ལ་འཁྲུལ་འཁོར་ཆེན་པོ་བརྒྱད་རྣམ་པ་དང་བཅས་པ་བཞག་པར་བྱ་སྟེ། དེ་ལ་སྲད་བུ་དང་གྲི་གུག་དང་བུད་མེད་དང་། གཞིའི་འཁྲུལ་འཁོར་དང་འཕང་ འཛིན་པའི་ལག་པ་དང་། འོག་ཏུ་ལྟ་བའི་ཚུལ་དང་། གཞིའི་འཁྲུལ་འཁོར་ལ་ལྟ་བ་བྲི་བར་བྱའོ། །དེ་ནས་སེང་གེ་དང་ལུག་དང་། ཆུ་སྲིན་དང་། གླང་པོ་ཆེ་དང་ལྟོ་འཕྱེའི་རྣམ་པ་དང་། དཀྱིལ་འཁོར་གྱི་རྣམ་པ་དང་མ་བྱས་ པའི་གདོང་དང་། དཔལ་གྱི་སྒོ་འདི་བརྒྱད་རྣམ་པ་དང་བཅས་པ་བྲི་བར་བྱའོ། །གདོང་གི་འཁྲུལ་འཁོར་མཆུ་བཙུམས་པ་བྲི་བར་བྱའོ། །ལུག་གི་སྤྱི་བོར་ཕུར་བུའི་འཁྲུལ་འཁོར་བྲི་བར་བྱའོ། །མདའ་དང་བཅས་པའི་ གཞུ་དང་། ཆུ་རྒྱུན་གྱི་ལྟེ་བར་ཕུར་བུ་གཞག་པར་བྱའོ། །སྦྱིན་དང་འདོ་ལི་གྲུ་བཞི་པ་དང་། བསྐོར་བའི་འཁྲུལ་འཁོར་བྲིའོ། །གཉིད་དང་། འོད་འཕྲོ་བའི་རྣམ་པ་བྲི་བར་བྱའོ། །དེ་ཡང་གོ་རིམ་བཞིན་དུ་རྣམ་པ་དང་ བཅས་པའི་འཁྲུལ་འཁོར་ལ་ཕུར་བུས་བསྣུན་པ་བྲི་བར་བྱའོ། །དེ་ནས་བྱང་གི་སྒོར་བུ་ག་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། སེང་གེ་དང་། ལུག་དང་ཆུ་སྲིན་དང་། གླང་པོ་ཆེའི་གདོང་དང་། ལྟོས་འཕྱེའི་གདོང་དང་། བ་གླང་གི་གདོང་དང་དཀྱིལ་འཁོར་དང་། མ་བྱས་པའི་གདོང་གི་རྣམ་པ་སྟེ། དཔལ་གྱི་སྒོ་བརྒྱད་ཕུར་བུས་བསྣུན་པའི་རྣམ་པ་དང་བཅས་པ་བྲི་བར་བྱའོ། །དེའི་དབུས་སུ་ཆུ་རྒྱུན་དབྱུག་གུ་དང་བཅས་པ་བྲི་བར་བྱའོ། ། གྲྭ་བཞིར་སྒོ་བྲལ་བཞི་བྲི་བར་བྱའོ། །མེར་མེའི་ཐབ་ཁུང་ངོ་། །བདེན་བྲལ་དུ་དུ་བའི་ཐབ་ཁུང་ངོ་། །རླུང་དུ་ཆུའི་ཐབ་ཁུང་ངོ་། །དབང་ལྡན་དུ་སྦྲུལ་བཞག་པར་བྱའོ། །དེ་ནས་རས་དཀར་པོ་ཕྲ་བ་དྲི་ཞིམ་པའི་གདུགས་བཞི་ དང་། དབྱིགས་དང་བཅས་པའི་ནོར་བུས་བྱིན་གྱིས་བརླབས་ལ་ཤིན་ཏུ་དྲི་ཞིམ་པའི་ཆུ་གཙང་མས་ཡོངས་སུ་བཀང་བའི་བུམ་པ་རྩ་བ་ནག་པོ་མེད་ཅིང་དྲི་ཞིམ་པོས་ཡོངས་སུ་བྱུགས་པ་བཞག་གོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་ 101-1-14a གྲྭ་བཞི་པའི་ཤར་གྱི་སྒོར་གནས་གཅིག་ཏུ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་སྟོབས་ཅན་དང་། བགྲོད་དཀའ་ཆེན་པོ་བྲི་བར་བྱའོ། །དེའི་ལྷོར་རྣམ་པར་སྣང་བྱེད་དང་ཧ་རི་ཏའི་པི་གི་ལ་ཞེས་བྱ་བ་བྲི་བར་བྱའོ། །དེའི་ནུབ་ཀྱི་སྒོར་ སྣང་བའི་ཕྲེང་བ་ཅན་དང་རྔ་བོ་ཆེ་སྟེ། ལྷ་མ་ཡིན་གྱི་དབང་པོ་དེ་དག་བྲི་བར་བྱའོ། །དེ་ནས་མཆོད་པ་ཤ་མེད་པའི་ལྷ་བཤོས་བཞི་བྱ་སྟེ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ལའོ། །གཉིས་པ་ནི་དྲི་མ་མེད་པའི་བློ་གྲོས་ལའོ། ། གསུམ་པ་ནི་རྡོ་རྗེ་འཛིན་པ་ལའོ། །བཞི་པ་ནི་ཁྲོ་བོའི་རྒྱལ་པོ་ལའོ། །ལྔ་པ་ནི་ལྷ་ཆེན་པོ་ལའོ། །དེ་ནས་ཇི་ལྟར་འབྱོར་བས་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གཏོར་མ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ དྲི་ཐམས་ཅད་དང་མེ་ཏོག་དང་ཕྱེ་མ་ལ་སོགས་པའི་ལྷ་བཤོས་སྦྱིན་ནོ། །དེ་ནས་ལྷ་རྣམས་འཆིང་བར་བྱེད་པའི་སྔགས་ནི། ༀ་བཛྲ་གརྦྷེ་བཛྲ་གརྦྷེ་ཕཊ་ཧཱ་དྷི་ཀི་རི་ཎི་སྭཱ་ཧཱ། དེ་ནས་མཚམས་བཞི་རུ་ལག་པ་ཕྱག་ རྒྱས་བྱིན་གྱིས་བརླབས་པས་ལོག་འདྲེན་བཅིང་བར་བྱའོ། །དེའི་སྔགས་ནི་ན་མཿས་མན་ཏ་བཛྲཱ་ཎཱྃ། ༀ་བཛྲ་པཱ་ལ་ཡེ་སྭཱ་ཧཱ་ཞེས་ལན་གསུམ་དུ་བརྗོད་དོ། །རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བ་དང་དགུག་པར་ བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷ་ཐམས་ཅད་མེ་ཏོག་གིས་དགུག་པར་བྱའོ། །ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱྃ་སརྦ་ཏ་ཐཱ་ག་ཏཱ་ནཱྃ་ཨ་ན་ལ་བྷཱ་ཀཱ་ནཱི་ན་མཿསྭཱ་ཧཱ། དེ་ནས་སྐྱེས་བུ་དཔའ་བོས་སྔགས་ འདིས་བསྲུང་བར་བྱ་སྟེ། ༀ་དཱུརྦཱ་རེ་ཛྭ་ལ་ཛྭ་ལ་ན་མོ་བཛྲ་སཱ་ག་ར་ཡེ་སྭཱ་ཧཱ། འདིས་བསྲུངས་ནས་རས་དཀར་པོ་ཕྲ་བ་དྲི་ཞིམ་པོས་གདོང་གཡོགས་ཏེ་འཁྲུལ་འཁོར་གྱི་བླ་མ་བཟླས་ལ་སྐྱེས་བུ་དཔའ་བོས་ཆོས་ ཀྱི་གྲུ་ལྟ་བུའི་ཤིང་ལྷམ་བསྐོན་ཏེ། ལག་པ་གཡས་པ་རུ་སྦལ་གྱི་ཕྱག་རྒྱའམ། ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་ལ། རྩ་བ་ནག་པོ་མེད་པའི་བུམ་པ་ལོ་མ་བཟང་པོ་དང་ལྡན་པའི་ཆུས་ཤར་གྱི་སྒོར་འཁྲུལ་འཁོར་ 101-1-14b གྱི་བླ་མ་ཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བ་དེའི་རྗེས་སུ་ལག་པ་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་དོར་རོ། །མེ་ཏོག་གང་ལ་ལྟུང་བ་དེའི་ལྷའི་རིགས་འགྲུབ་བོ། །དེ་ནས་གདོང་བཅིངས་པ་བཀྲོལ་ལ་དབང་བསྐུར་བ་དེ་ལ་ སྐྱེས་བུ་དཔའ་བོས་དཀྱིལ་འཁོར་བསྟན་པར་བྱའོ། །ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གནས་དང་། མཚོན་ཆ་དང་། དངུལ་ཆུ་དང་། བཅུད་ལེན་དང་བུད་མེད་ཀྱི་ཚོགས་དང་། གྲུབ་པའི་རྫས་དང་དེ་དག་གི་དཀྱིལ་འཁོར་མཐོང་ན། ལྷ་དང་ལྷ་མ་ཡིན་གྱི་དམ་ཚིག་གི་ཚོགས་སུ་འགྲོ་བར་འགྱུར་རོ། །སྔོན་དུ་བསྙེན་པ་མ་བྱས་ཀྱང་འཁྲུལ་འཁོར་འཇིག་པར་འགྱུར་རོ། །དེ་དག་གིས་ཉེ་བར་མི་རྩེད་དོ། །ལྷ་མ་ཡིན་ཐམས་ཅད་ཀྱི་ཁང་པ་དང་། དངུལ་ཆུ་དང་། བཅུད་ལེན་དང་བུད་མེད་དང་། མཚོན་ཆ་དང་རྒྱན་དང་། སྒྱུ་མ་ལ་སོགས་པའི་འཁྲུལ་འཁོར་རྣམ་པ་སྣ་ཚོགས་པ་དེས་དབང་དུ་འགྱུར་རོ། །སྒྱུ་མས་སྤྲུལ་པའམ་ལྷ་མ་ཡིན་གྱི་སྤྲུལ་པ་རྣམས་སམ་གཞན་ཡང་དྲང་སྲོང་ དང་། གྲུབ་པས་རབ་ཏུ་སྦྱར་བའི་འཁྲུལ་འཁོར་ལ་སོགས་པ་ལྟུང་བ་དང་དབང་དུ་བྱེད་ནུས་པར་འགྱུར་རོ། །གང་དག་དཔལ་གྱི་སྒོར་འཇུག་པར་འདོད་ན་སྔོན་དུ་རྡོ་རྗེ་ཁྲོ་བོ་བཟླས་ལ་དཔལ་གྱི་སྒོར་བརྗོད་པ་དང་སྦྱོང་བས་བསྲེག་ པ་ལ་སོགས་པ་བྱས་ཏེ། བ་སེར་སྐྱའི་ལྕི་བས་དཀྱིལ་འཁོར་བྱུགས་ལ་གཏོར་མའི་ཆོ་ག་བྱས་ནས་ཁའི་རྣམ་པའི་ཐབ་ཁུང་གི་སྟེང་དུ་ཨ་པ་མཱརྒའི་ཡམ་ཤིང་ལ་མེ་སྦར་ལ། ཨ་པ་མཱརྒའི་འབྲས་བུ་སྟོང་ཕྲག་བརྒྱད་ སྦྱིན་སྲེག་བྱའོ། །དེས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །དེ་ནས་རའི་ལྤགས་པའི་རལ་གུ་གྱོན་ལ་ལག་ཏུ་མཚོན་ཆ་ཐོགས་ཏེ་མར་མེའི་མཆོད་སྡོང་བ་གླང་གི་རྔ་མའི་ལྤགས་པ་བཅིངས་ལ་ཤལ་མ་ལིའི་ དོག་པས་བཀང་སྟེ་ཛོ་ཏི་སྨ་ཏིའི་འབྲུ་མར་ལ་སྔགས་འདིས་མེ་སྦར་རོ། །ༀ་དཱུ་པི་དཱུ་པི་པྲ་ཛྭ་ལི་ནི་སྭཱ་ཧཱ། ཡང་ན་བུ་ག་གང་གི་རྣམ་པར་གྱུར་པ་དེའི་ཞག་ལ་སྔགས་འདིས་མ་སྦར་ཏེ། འཁྲུལ་འཁོར་གྱི་བླ་མ་བཟླའོ། ། 101-1-15a མུན་པ་མུན་ནག་ཐམས་ཅད་འཇོམས་པར་འགྱུར་རོ། །བདག་དང་ལྷན་ཅིག་སྤྱོད་པ་ཐམས་ཅད་སྨན་གྱིས་ལུས་བྱུག་གོ། །སྨན་ནི་འདི་དག་སྟེ་རྒྱ་སྤོས་དང་གུར་ཀུམ་དང་། རུ་རྟ་དང་སྤང་སྤོས་དང་སུག་སྨེལ་དང་། མུ་ལི་ཀ་དང་། དཎྜ་ཨུཏྤལ་དང་། སིང་གྲི་དང་བྱ་གྲི་དང་ན་མ་སྐ་རི་དང་། ཨ་ནན་ཏ་དང་ཛ་ཡན་ཏི་དང་རྨ་བྱའི་གཙུག་ཕུད་དག་སྟེ། འདི་རྣམས་ཀྱི་ཕྱེ་མ་སྒྱུ་མ་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་སྟེ། ཆུའི་འཁྲུལ་ འཁོར་དང་། སྤྱིན་དང་དངུལ་ཆུ་དང་བཅུད་ལེན་དང་། བུད་མེད་ཀྱི་དབུས་སུ་འཇུག་པ་དང་། ལྷ་མ་ཡིན་གྱི་བུ་མོ་འགུགས་པ་ན་ཆོ་ག་ཕྲ་མོ་བྱས་ཏེ། འཁྲུལ་འཁོར་གྱི་བླ་མ་བཟླས་ནས་དེའི་རྐང་པ་ལེགས་པར་བྱུགས་པས་ སྤྱིན་ལ་སོགས་པའི་འཁྲུལ་འཁོར་ཐམས་ཅད་འབྱུང་བར་འགྱུར་རོ། །དེར་འཇུག་པ་ན་སྔོན་དུ་བཛྲ་ཏན་དྷུ་ལི་བསླགས་ལ་ཀ་ར་དང་ལྷན་ཅིག་ཏུ་ཟོས་ལ་འཇུག་གོ། །ལྷའི་ཁང་པའི་ལྷ་བཤོས་མི་བྱའོ། །ལྷའི་གྲོང་ལ་ གཡས་ཕྱོགས་ནས་བསྐོར་ལ་འགྲོའོ། །རྔའི་ཁང་པར་འཇུག་གོ། །རྔའི་འོག་ཏུ་རུ་སྦལ་གྱི་ཕྱག་རྒྱ་བྲིའོ། །དབྱུག་གུ་ལ་འཁྲུལ་འཁོར་གྱི་བླ་མ་བརྒྱ་རྩ་བརྒྱད་བཟླས་ཏེ་རྐང་པ་གཡོན་པས་མནན་ལ་ཁྲོ་བོའི་རྒྱལ་པོ་ ཟློས་ཤིང་བརྡུང་ངོ་། །འཇུག་པའི་སྔོན་དུ་མཆོད་ཡོན་དང་། ཞབས་བསིལ་དང་། འཐོར་འཐུང་བཟུང་ནས་མ་འོངས་ན་ཐམས་ཅད་དེར་འཆི་བར་འགྱུར་རོ། །ཅི་ནས་ཀྱང་འོང་བར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་ཉིད་ཀྱིས་གསུངས་སོ། །ཡང་ན་ཕྱག་རྒྱའི་སྟེང་དུ་རྐང་པས་རྐང་པ་མནན་ལ་ཁ་བྱང་དུ་ཕྱོགས་ཏེ། ཕྱག་རྒྱ་བཅིངས་ལ་ཅུང་ཟད་ཅིག་བཟླའོ། །རྐང་འོག་གི་ནང་ན་གནས་པ་ཐམས་ཅད་དང་། ལྷ་མ་ཡིན་གྱི་བུ་ མོ་ངེས་པར་འོང་བར་འགྱུར་རོ། །ཇི་ལྟར་འདོད་པའི་དངུལ་ཆུ་དང་། བཅུད་ལེན་དང་། གྲུབ་པའི་རྫས་རྣམས་སྟེར་རོ། །དེ་ནས་ཇི་ལྟར་འདོད་པའི་དུས་དེ་སྲིད་དུ་དེ་རྣམས་དང་ལྷན་ཅིག་ཏུ་གནས་སོ། །དེ་ནས་འོང་བར་འདོད་ན་ 101-1-15b སེམས་ཅན་ལ་ཕན་པར་བྱེད་པའི་རྫས་མཛེས་པ་ཇི་ལྟར་འདོད་པ་བཟུང་ལ་གང་འདོད་པ་དེར་གདོན་མི་ཟ་བར་དོང་བར་བྱའོ། །དེ་ནས་འཁྲུལ་འཁོར་གྱི་དབྱིབས་ཀྱི་རྣམ་པ་སེམས་ལ་བྲིས་ལ་ལྷ་མ་ཡིན་གྱི་ཕྱག་རྒྱའམ་གཞན་ གྱི་ཕྱག་རྒྱ་བཅིངས་ལ་བཟླའོ། །དེའི་སྐད་ཅིག་ལ་སྣང་བ་ཆེན་པོ་བྱུང་ནས་སྒོ་གྲོལ་བར་འགྱུར་རོ། །དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། །ཡིད་ལྟར་མགྱོགས་པ་དང་། ཇི་ལྟར་འདོད་པའི་རྒྱལ་པོ་ གདུལ་དཀའ་བ་འདུལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །རྡོ་རྗེ་རྔ་བོ་ཆེ་ས་འོག་གི་དཀྱིལ་འཁོར་ཞེས་བྱ་བ་དོན་ཡོད་པ་ལྷ་མ་ཡིན་གྱི་གཙོ་བོ་སྐྱེས་བུ་དཔའ་བོ་རྣམས་དབང་བསྐུར་བ་ འདི་ལས་གཞན་པ་མེད་དོ། །རྡོ་རྗེ་རྔ་བོ་ཆེ་ས་འོག་གི་ཕྱག་རྒྱ་དང་དཀྱིལ་འཁོར་ཞེས་བྱ་བ་ལས་དོན་ཡོད་པའི་ལེའུ་སྟེ་དྲུག་པའོ།། ༑ །། དེ་ནས་རྡོ་རྗེ་ས་འོག་ལས། །གསུངས་པའི་དབང་བསྐུར་རབ་ བཤད་བྱ། །ས་འོག་དཀྱིལ་འཁོར་གསང་བ་ཡི། །རྔ་ཡི་སྒྲ་དབྱངས་བྲི་བར་བྱ། །དེ་ནས་རུ་སྦལ་ཕྱག་རྒྱ་བཞག །ཡུངས་ཀར་དཀར་པོའི་སྟེང་དུའོ། །མཆོད་པའི་ཆོ་ག་བྱས་ནས་སུ། །ཕྲ་བའི་རས་ཀྱིས་བརྒྱན་པ་ཡི། ། བུམ་པ་རྩ་བ་མི་གནག་པ། །རིན་ཆེན་སྨན་གྱིས་ཡོངས་བཀང་ལ། །གཏོར་མ་གཡས་བསྐོར་བྱིན་ནས་སུ། །ཕྱག་རྒྱའི་སྟེང་དུ་བཞག་པར་བྱ། །སྔོན་དུ་བཤད་པའི་ཆོ་ག་ཡིས། །དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ། ། ལྷ་དག་སྤྱན་དྲངས་བྱས་ནས་སུ། །ཇི་ལྟར་རིགས་པའི་མཆོད་པ་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །སྡིག་པ་ཡང་ནི་བཤགས་པར་བྱ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིང་། །གསང་བའི་དཀྱིལ་འཁོར་ཕྱི་རོལ་ཏུ། ། གྲུབ་པའི་རྡོ་རྗེའི་ཆུ་ཡིས་སུ། །དེ་ནས་དབང་བསྐུར་བ་ནི་བྱ། །ཇི་ལྟ་བ་ཡི་དབང་བསྐུར་ལ། །དེ་ལྟ་བུ་ཡི་བུམ་པ་དགོད། །གང་གི་དཀྱིལ་འཁོར་ཆོ་ག་ལ། །ཕྱག་རྒྱའི་གཏོར་མའི་ཆོ་གར་བཤད། །དབང་བསྐུར་ཕྱིར་ནི་འབད་པ་ 101-1-16a ཡིས། །ཕྱག་རྒྱ་བཅིངས་ལ་གནས་པར་བྱ། །སྔོན་དུ་བསྙེན་པ་བྱས་ནས་སུ། །དངུལ་ཆུའི་བྱ་བ་སྤང་བར་བྱ། །མདོ་སྡེའི་རྗེས་འབྲང་ཆོ་ག་ཡིས། །མཆོད་རྟེན་གྱི་ནི་ལས་བྱའོ། །གྲོགས་རྣམས་ཀུན་དང་ རྣམ་གྲོལ་ཏེ། །སློངས་མོ་ཟ་ཞིང་མཉམ་གཞག་པས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཕྱག་ན་རྡོ་རྗེས་བྱིན་གྱིས་རློབ། །འཕགས་པ་རྡོ་རྗེ་ས་འོག་གི་སྒྲུབ་པར་བྱེད་པའི་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འདིར་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱིས་ཞབས་ལ་རྗེད་པ། ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་གི་བྲི་སྐུའི་ཆོ་ག་བརྗོད་པར་བྱའོ། །གཞོན་ནུ་མས་བཀལ་བའི་སྲད་བུ་བ་གླང་གི་ཆུས་བཀྲུས་ཏེ། ཡན་ལག་བརྒྱད་པའི་ གསོ་སྦྱོང་ལ་གནས་པའི་ཐགས་མཁན་གྱིས་བཏག་པར་བྱའོ། །རས་སུ་གྱུར་པ་དང་སྔགས་པའི་ཁྲུ་དོ་པའི་སྲིད་ལ་ཞེང་དུ་ཁྲུ་གང་དང་སོར་བརྒྱད་པ་ལ་རི་མོ་མཁན་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ལྡན་པ་ལ་བསྲུང་བ་ བྱས་ཏེ། མཆོད་ཡོན་ཕུལ་ལ་བཅོམ་ལྡན་འདས་ཨུཏྤ་ལ་སྔོན་པོའི་ཁ་དོག་ཅན་ཁྲོ་བོ་སྤྱན་དམར་པོ་ཡ་སོས་མ་མཆུ་མནན་པ། གནས་གསུམ་ཡོ་བ། ཁྲོ་གཉེར་བསྡུས་པ། གདུ་བུ་དང་སྐ་རགས་དང་། རྐང་གདུབ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཅོད་པན་གྱིས་སྤྲས་པའི་རལ་པའི་ཐོར་ཚུགས་ཅན་མི་མགོ་རློན་པའི་ཕྲེང་བས་བརྒྱན་པའི་མཆོད་ཕྱིར་ཐོགས་འཆང་བ་གདུ་བུ་དང་། འཁྱིལ་པས་རྣ་བ་བརྒྱན་པ་རལ་པའི་ཐོར་ཚུགས་ཀྱི་སྟེང་དུ་ པད་མའི་དཀྱིལ་དཀྲུང་གིས་བཞུགས་པ་ཆོས་འཆད་པའི་ཚུལ་ཅན་བཅོམ་ལྡན་འདས་མི་འཁྲུགས་པ་བྲི་བར་བྱའོ། །ལག་པ་གཡས་པར་རབ་ཏུ་འབར་བའི་རྡོ་རྗེའོ། །གཉིས་པར་ལྕགས་ཀྱུའོ། །གཡོན་པར་པད་མའི་ མཛོད་ཀྱི་ནང་དུ་ཡིད་བཞིན་གྱི་ནོར་བུས་གང་བ་འཛིན་པའོ། །གཡོན་པའི་གཉིས་པ་ལྷ་མ་ཡིན་སྡིགས་པའི་མཛུབ་མོའོ། །རྒྱ་མཚོ་ཆེན་པོའི་ནང་དུ་པད་མ་ཆེན་པོའི་སྟེང་ན་བཞུགས་པ་འགྲན་ཟླ་དང་བྲལ་བ་གཅིག་པུའོ། ། 101-1-16b གཡས་པའི་ལག་པའི་འོག་ཏུ་སྒྲུབ་བྱེད་པད་མའི་སྟེང་དུ་པུས་མོ་བཙུགས་པ་པད་མའི་སྡོང་བུས་བརྒྱན་པའི་ལག་པའོ། ། གཉིས་པ་ཕྱག་འཚལ་བའི་ལག་བ་ཅན་བྲི་བར་བྱའོ། །དེ་ནས་སྔར་བཤད་པའི་གནས་རྣམས་ སུ་རྗེས་སུ་འཐུན་པའི་རབ་ཏུ་གནས་པ་དང་མཆོད་པ་བྱས་ལ་རིང་བསྲེལ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་འབུམ་ཕྲག་བཅུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དཔལ་གྱི་སྒོར་བྲིས་སྐུ་བཞག་ པར་བྱའོ། །ཇི་ལྟར་འདོད་པར་རོ། །དཔལ་དང་ལྡན་པས་བ་གླང་གི་ལྤགས་པའི་སྟན་ལ་གོས་དམར་པོ་གྱོན་ཏེ། དུག་དང་ཁྲག་བསྲེས་ལ་མིའི་རུས་པའི་ལག་པས་བཅུས་ཤིང་བརྒྱ་ཕྲག་བརྒྱད་བསྲེག་བླུགས་ བྱའོ། །བུ་གའི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །བཅོམ་པ་དང་། དངུལ་ཆུ་དང་བཅུད་ལེན་དང་། བུད་མེད་ཀྱི་གྲོང་དུ་འཇུག་པར་འགྱུར་རོ། །འཁྲུལ་འཁོར་རྣམས་བཀའ་བཞིན་དུ་སྒྲུབ་པར་འགྱུར་རོ། ། ཕྱག་རྒྱས་ལྷ་ཐམས་ཅད་འགུགས་པར་བྱེད་དོ། །འདི་ལྟ་བུས་གང་ཇི་ལྟར་སེམས་པའི་བསམ་པ་དང་གང་ཇི་ལྟར་སེམས་པའི་ལས་དང་། གང་ཇི་ལྟར་སེམས་པའི་ཆོ་ག་ཐམས་ཅད་བཀའ་བཞིན་དུ་བྱེད་པར་འགྱུར་རོ། ། བསྒོ་བ་ཉན་པར་འགྱུར་རོ། །གང་ཞིག་ཀླུའི་རྒྱལ་པོ་བྲིས་ནས་དེའི་མདུན་དུ་བྲིས་སྐུ་བཀྲམ་སྟེ། རྐང་པ་གཡོན་པས་མནན་ལ། སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །ཀླུའི་རྒྱལ་པོ་དེ་འོངས་ནས་ཅི་བགྱི་ཞེས་སྨྲ་བར་འགྱུར་ རོ། །དེས་སྨྲས་པ། ངའི་བཀའ་བཞིན་དུ་གྱིས་ཤིག་ཅེས་བརྗོད་དོ། །དེས་ཅི་བསྒོ་བ་ཉན་པར་འགྱུར་རོ། །ཀླུ་ཐམས་ཅད་ཀྱི་ཁང་པ་རྣམས་སུ་འཇུག་པར་འགྱུར་རོ། །དེ་དག་ལ་འདི་དག་ཐམས་ཅད་གྱིས་ཤིག་ཅེས་བཀའ་བསྒོ་བ་ ཉན་ནོ། །དེ་བཞིན་དུ་ལུས་ངན་རྣམས་དང་། གནོད་སྦྱིན་རྣམས་དང་། འབྱུང་པོ་རྣམས་དང་། སྲིན་པོ་རྣམས་དང་། བྱར་འདབས་རྣམས་ཀྱི་གནོད་སྦྱིན་མོ་ལ་སོགས་པ་ཐམས་ཅད་བཀའ་བཞིན་བྱེད་པར་འགྱུར་རོ། །ཅི་བསྒོ་ 101-1-17a བ་ཉན་ནོ། །གྲོག་མཁར་བདུན་གྱི་རྩེ་མོའི་ས་བསྡུས་ཏེ་དེ་ལས་ནམ་མཁའ་ལྡིང་བྱས་ལ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་དྲུང་དུ་བྲིས་སྐུ་བཀྲམ་སྟེ། དགོན་པ་འམ་གཞན་གང་ཡང་རུང་བར་དེའི་སྟེང་དུ་བསྡད་ལ་ སྟོང་ཕྲག་བརྒྱ་བཟླའོ། །དེའི་སྟེང་དུ་འགྲོའོ། །སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་སུ་འགྱུར་རོ། །སྤྲུལ་པ་ཆེན་པོ་བྱེད་དོ། །ཐམས་ཅད་གྲུབ་པའི་རིག་པ་འཛིན་པ་རྣམས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །ལས་ ཐམས་ཅད་པ་ལྟ་བུར་ཚེ་དཔག་ཏུ་མེད་པ་དང་། འཆི་བ་ལ་དབང་ཐོབ་པ་དང་། འདོད་ན་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བ་དང་དེ་ནས་ཡང་ཤི་འཕོས་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་ གཉེན་གྱིས་རྗེས་སུ་འཛིན་པར་འགྱུར་རོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་སྤྲིན་ཆེན་པོ་འབེབས་པར་བྱེད་ཅིང་རྐང་འོག་ཐམས་ཅད་ཀྱི་ནང་དུ་རིག་པ་དང་སྤྱོད་པ་དང་། རིན་པོ་ཆེའི་འབྱུང་ཁུངས་ཐམས་ཅད་ཀྱི་གཙོ་བོ་དང་། མཆོག་སྟེར་བ་དང་། འཁོར་ལོ་འཛིན་པ་ལྟར་གཅིག་ཏུ་དཔའ་བའི་རྒྱལ་པོ་ཆེན་པོར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཐམས་ཅད་སྒྲུབ་པར་བྱེད་ པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་མཆོད་པ་མཆོག་ཏུ་གསང་བའི་བྲིས་སྐུ་བཤད་པར་བྱའོ། །གཞོན་ནུ་མས་བཀལ་བའི་ཁ་ཚར་མ་བཅད་ཅིང་སྐྲ་མེད་པའི་རས་ལ་རི་ མོ་མཁན་གསོ་སྦྱོང་དང་ལྡན་པས་ཁ་དོག་མ་འདྲེས་པ་སྣོད་གསར་པར་བཞག་ལ་ཁ་དོག་དམར་པོ་ཕྱག་བཞི་པ། སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་སྤྲིན་གསར་པ་ལྟ་བུ་མཆུ་སྦྱར་བ་ དཔྲལ་བར་ཁྲོ་གཉེར་བསྡུས་པ་རྡོ་རྗེ་དང་བཅས་པའི་མགོ་བོའི་ཕྲེང་བ་ཅན་གཡས་པར་དགྲ་སྟ་དང་། ཡང་རྡོ་རྗེའོ། །གཡོན་པའི་སྡིགས་མཛུབ་ཀྱིས་དཔལ་གྱི་སྒོའི་བུ་ག་གསལ་བར་བྱེད་པ་གཡོན་པའི་གཉིས་པར་ལྟོས་འགྲོ་ 101-1-17b ཆེན་པོ་བསྐྱིལ་བའི་ཞགས་པ་འཆང་བའོ། །འོག་ཏུ་གཟིགས་པ། ཞལ་མཆེ་བ་གཙིགས་པ་དྲག་པོའི་གཟུགས་ཅན་མ་མོས་པར་གྱུར་པས་བྲི་བར་བྱའོ། །རྣམ་པར་བྲལ་བའམ་སྟོང་པའི་ཕྱོགས་མེ་ཏོག་དང་ འབྲས་བུ་ལྡན་པའམ་བུ་གའི་སྒོར་འབུམ་ཕྲག་དྲུག་བཟླའོ། །དེའི་སྔོན་དུ་ཇི་ལྟར་བྲིས་སྐུ་དེ་གདུག་པ་ཅན་འགའ་ཡིས་ཀྱང་མ་མཐོང་བ་དེ་ལྟར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་གིས་ས་བསྲེགས་ལ་ཕྱོགས་དེར་ ཡུངས་ཀར་དཀར་པོ་ལ་རྡོ་རྗེ་ཁྲོ་བོས་ཡོངས་སུ་བསྔགས་ཏེ་གདབ་པར་བྱའོ། །དེ་ནས་སྐྱེས་པའི་ས་བོན་དེ་བཟུང་བར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་སྦར་ཏེ། རྡོ་རྗེའི་རྣམ་པའི་ཐབ་ཁུང་དུ་ཡུང་ཀར་དེ་དང་ཙན་དན་ དམར་པོ་བསྲེས་ལ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །ཉི་མ་བཞི་པ་ལ་ལྷ་མ་ཡིན་གྱི་གྲོང་ན་གནས་པའི་བུད་མེད་ལས་དྲོ་བ་དང་ལྡན་པས་ངེས་པར་འོངས་ནས་སྟོན་པར་འགྱུར་རོ། །དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་ མི་བྱའོ། །དེ་རྣམས་དང་སྨྲ་བར་མི་བྱའོ། །ཉི་མ་ལྔ་པ་ལ་སྲེག་བླུགས་བྱས་པའི་མཐར་འཁྲུལ་འཁོར་ཐམས་ཅད་ལ་དུ་བ་འབྱུང་བར་འགྱུར་རོ། །དེ་ནས་བུད་མེད་དེ་དག་འོངས་ཏེ། སྐྱེས་བུ་དཔའ་བོ་བྱོན་པར་ཞུ་ཞེས་ སྨྲ་བར་འགྱུར་རོ། །དེར་ཡང་འཇུག་པར་མི་བྱའོ། །སྲེག་བླུགས་བྱས་པ་དང་ཉི་མ་དྲུག་པ་ལ་ཁང་པ་ཐམས་ཅད་ལ་དུ་བ་འཐུལ་བར་འགྱུར་རོ། །འཁྲུལ་འཁོར་གྱི་གནས་སུ་ཀི་ཊི་ཀི་ཊ་ཞེས་སྒྲོག་པར་འགྱུར་རོ། ། དེ་ནས་བུད་མེད་དེ་རྣམས་མིག་མཆི་མས་གང་བཞིན་དུ་གྲུབ་པའི་རྫས་དང་། རིན་པོ་ཆེ་ཐམས་ཅད་བཟུང་ནས་འོང་བར་འགྱུར་རོ། །རང་གི་ཕྱག་རྒྱ་བསྟན་ལ་བླང་བར་བྱའོ། །གལ་ཏེ་མི་འདོད་ན་ཡང་ཉི་མ་བདུན་པ་ལ་སྦྱིན་ སྲེག་བྱའོ། །གང་སྔོན་དུ་ཞུགས་པ་དེ་ཐམས་ཅད་འཆི་བར་འགྱུར་རོ། །འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང་འཇོམས་པར་འགྱུར་རོ། །ཆོ་ངེས་འདེབས་ཤིང་ངེས་པར་འོང་བར་འགྱུར་རོ། །དེ་དག་ལ་མི་འཇིགས་པ་ 101-1-18a བྱིན་ལ་ཕྱི་ནས་འཇུག་པར་བྱའོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ལྷ་མ་ཡིན་གྱི་བུ་མོ་ལ་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་དགུ་པའོ།། ༑ །། དེ་ནས་གཞན་ཡང་རིམ་པར་ཕྱེ་བར་གྱུར་པ་ནི་ བཅོམ་ལྡན་འདས་དེ་ཉིད་རྣམ་པར་འགྱུར་བ་སྟག་གི་ལྤགས་པའི་ཤམ་ཐབས་ཅན་ཕྱག་བཞི་པ། ལྷ་མ་ཡིན་ཆེན་པོ་གཞན་ལེན་གྱི་མགོ་ལ་ཕྱག་གཉིས་ཀྱིས་རྡོ་རྗེས་བསྣུན་ནས་གསོད་པར་མཛད་དོ། །ཕྱག་གཡས་ པར་ཆུ་སྲིན་གྱི་མཆེ་བའི་རྣམ་པའི་སོར་མོའི་རྩེ་མོ་ལྕགས་ཀྱུས་མེ་ཏོག་འདོན་པ་ལྟར་བསྣུན་པའོ། །གཡོན་པ་སྡིགས་མཛུབ་མཛད་པའོ། །དེའི་མདུན་དུ་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་རབ་ཏུ་འབར་ལ། མེ་ཏོག་དང་འབྲས་ བུ་ལྡན་པར་རྡོ་རྗེ་རྩེ་མོ་དྲུག་པ་ཉི་མ་གཅིག་ཏུ་ཕཊ་ཀྱི་ཡི་གེ་དང་ལྡན་པར་བསྲེག་པར་བྱའོ། །དེ་བསྲེགས་པས་ལྷ་མ་ཡིན་ཐམས་ཅད་ཀྱི་རིགས་ཀྱི་བུད་མེད་ཆོ་ངེས་འདེབས་ཤིང་སྐྱབས་མེད་པར་འོང་བར་འགྱུར་རོ། །དེ་རྣམས་ དང་ལྷན་ཅིག་ཏུ་འཇུག་པར་འགྱུར་རོ། །དེ་ན་ལྷ་མོ་གཡོན་ཕྱོགས་པ་ཞེས་འཇིག་རྟེན་དུ་གྲགས་པའི་རྣམ་པ་སྤྲ་ཚིལ་དང་། ཚ་བ་གསུམ་དང་ལུགས་ཕྱེ་བསྲེས་པ་ལས་གཟུགས་བརྙན་བྱས་ལ་རྡོ་རྗེས་བསྣུན་པའི་ཤིང་ ལ་མེ་སྦར་ཏེ། རྡོ་རྗེས་སྙིང་གར་གཟེར་ལ་ཇི་སྲིད་ལངས་ཀྱི་བར་དེ་སྲིད་དུ་བསྲོ་བར་བྱའོ། །གལ་ཏེ་མི་ལྡང་ན་རྡོ་རྗེའི་རྣམ་པའི་ཐབ་ཁུང་དུ་ཤིང་དེ་ཉིད་ལ་མེ་སྦར་ལ་དུམ་བུར་གཏུབས་ཏེ་སྦྱིན་སྲེག་བྱའོ། །འཁྲུལ་འཁོར་ ཐམས་ཅད་ལ་དུ་བ་དེས་རེག་པ་ཙམ་གྱིས་ལྟུང་སྟེ། སླར་འབྱུང་བའི་མཐུ་མེད་པར་འགྱུར་རོ། །གསང་བ་ཆེན་པོ་འདི་དཀྱིལ་འཁོར་མ་མཐོང་བ་དང་། ཆོ་ག་མི་ཤེས་པ་དང་། ལས་ཀྱི་སྒྲིབ་པ་མ་སྦྱངས་པ་དང་། དམ་ཚིག་ མེད་པ་ལ་སྦྱིན་པར་མི་བྱའོ། །བསོད་ནམས་བྱས་པ་དང་། བུ་གའི་འཁྲུལ་འཁོར་འཇོམས་པ་དང་། སྤྲོ་བའི་སེམས་དང་ལྡན་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཡིད་དང་། ཕ་དང་མ་ལ་གུས་པ་དང་། བྱང་ཆུབ་ཀྱི་ 101-1-18b སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསམ་པ་མི་ཕྱེད་པ་དག་ལ་སྦྱིན་པར་བྱའོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་གཙུག་ཏུ་བྲི་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་གཞན་ཡང་རིམ་པས་ཕྱེ་བར་གྱུར་པ་ནི་ཧཱ་ཡང་རྩའི་དབུས་སུ་ཡུངས་ཀར་སྐྱ་བོས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ནས་བུད་མེད་རྣམས་འོང་བར་འགྱུར་རོ། །ལག་པ་ཡོངས་སུ་ བཟུང་ནས་འཇུག་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་སྟེར་རོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རི་བོ་དང་བགེགས་རྣམ་པ་སྣ་ཚོགས་པ་རྣམ་པར་འཇོམས་པར་བྱེད་དོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་ པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རྡོ་རྗེ་ཉིང་ཁུའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདིར་རྟོག་པ་གཞན་ཡང་བཤད་པར་བྱ་སྟེ། ལོ་མ་དང་ནས་ཀྱི་བཟའ་བ་དང་། སློངས་མོའི་ཟས་ཟ་ཞིང་སྔར་བཤད་པའི་ཚུལ་གྱིས་འབུམ་ཕྲག་གསུམ་བཟླ་བར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་དང་། རྡོ་རྗེས་བསྣུན་པའི་ཤིང་ལ་རྡོ་རྗེ་ཁྲོ་བོ་ཚོན་གང་ཁྲོ་གཉེར་བསྙེར་ཞིང་མཆུ་ བསྡམས་པ་འཇིགས་པར་བྱེད་པ། རྡོ་རྗེ་འཕྱར་བའི་ལག་པ་ཅན། གཡོན་པའི་མཛུབ་མོ་སྡིགས་མཛུབ་དུ་བྱས་པ་དེ་ནས་ཟླ་བ་ཆེར་གཟས་བཟུང་ནས་མི་མཐོང་བ་ན་དུར་ཁྲོད་དུ་ཙན་དན་དམར་པོའི་སྟན་ནམ། ཆུ་བོའི་འགྲམ་གྱི་འཇིམ་པ་ལ་གཞུག་པར་བྱའོ། །དེ་ལ་རྒྱ་ཆེན་པོའི་མཆོད་པ་བྱས་ནས་དེའི་མདུན་དུ་རྡོ་རྗེས་བསྣུན་པའི་ཤིང་ལ་སོར་དྲུག་པའི་རྡོ་རྗེ་རྩེ་མོ་ལྔ་པ་བྱས་ཏེ་དྲི་དང་། མེ་ཏོག་གིས་མཆོད་ལ་ཇི་ལྟར་ འབྱོར་པའི་མཆོད་པ་དང་། གཏོར་མ་བྱས་ཏེ་ཨ་ཤྭད་ཐའི་འདབ་མ་བཞིའི་སྟེང་དུ་བཞག་ལ། ལོ་མ་གསུམ་གྱིས་དགབ་པར་བྱའོ། །ལག་པ་གཡོན་པའི་མཐིལ་དུ་དུར་ཁྲོད་ཀྱི་སོལ་བས་རྡོ་རྗེ་བྲིས་ལ་ལག་པ་དེས་ 101-1-19a བཀབ་སྟེ། དེ་ཉིད་ཇི་སྲིད་ས་མི་འགུལ་བ་དེ་སྲིད་ཀྱི་བར་དུ་བཟླས་པས་དེ་ནས་འགྲུབ་པར་འགྱུར་རོ། །རྡོ་རྗེ་དེ་ཉིད་ལག་པར་བཟུང་བས་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་པར་བྱེད་དོ། །འདི་ནི་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །དེ་ནས་བུད་མེད་རྣམས་ཕྱི་རོལ་ཏུ་དགུག་པར་འདོད་ན་དཔལ་གྱི་བུ་གའི་སྒོར་རྡོ་རྗེ་ཁྲོ་བོ་དེ་ཉིད་བཞག་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ཏེ། རྡོ་རྗེ་དེ་ལག་པ་གཡོན་ པར་བཟུང་ལ་གཡས་པ་མ་ཡིན་པའི་ལག་པས་ཡུངས་ཀར་སྐྱ་བོ་རྣམས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་བུད་མེད་རྣམས་འོང་བར་འགྱུར་རོ། །ལག་པ་ནས་བཟུང་སྟེ་འཇུག་པར་བྱེད་དོ། །ཡང་ན་གང་ འདོད་པ་དེ་སྟེར་བར་འགྱུར་རོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་ཏུ་བཟླས་པས་རི་མོ་མཁྲང་པོ་རྣམ་པ་སྣ་ཚོགས་འཇོམས་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་ རྡོ་རྗེ་ས་འོག་གི་རྒྱུད་ལས་རྡོ་རྗེ་སྒྲུབ་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། སྨན་འདི་སྒྲུབ་པ་པོས་ཅི་ནས་ཀྱང་བསྒྲུབ་པར་བྱའོ། །བགེགས་རྣམས་དང་ལོག་པར་འདྲེན་པ་མེད་པར་བྱེད་དོ། ། ཟླ་བ་ཤར་བ་དང་། དབང་པོ་ལག་པ་དང་སིང་གྲི་དང་། བྱཱ་གྲི་དང་ལག་པ་བཞི་པ་དང་བྷ་ར་ཧ་ཀརྣི་ཀ་དང་། ག་ཛཱད་ཀ་དང་ར་ཙ་ནི་དང་རུ་རྟ་དང་གུར་གུམ་དང་། དུང་གི་ཕྱེ་མ་རྣམས་གླང་པོའི་གཅིན་གྱིས་སྦྲུས་ལ་ཇི་ལྟར་ འདོད་པའི་རིལ་བུ་བྱའོ། །དྲི་དང་མེ་ཏོག་དང་གཏོར་མ་དང་བདུག་པ་རྣམས་གནས་རྣམས་སུ་བཞག་ལ་ཆུ་འཆག་པ་དང་། དྲི་མ་འདོར་བ་ན་རས་ཀྱིས་བཅིང་བར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ པར་བྱའོ། །གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་ཏེ་མ་རུང་བར་བྱེད་པར་འགྱུར་རོ། །བཤད་མ་ཐག་པའི་སྨན་གྱིས་ལོག་པར་འདྲེན་པ་ལ་སོགས་པ་ཐམས་ཅད་རྣམ་པར་ཉམས་ནས་ཕན་ཚུན་ལྟ་ཞིང་འདི་སྐད་ 101-1-19b ཅེས་འདི་ནི་ཇི་སྲིད་སྨན་ཡོད་པ་དེ་སྲིད་འགྲོ་བར་མི་བྱའོ་ཞེས་སྨྲ་ཞིང་ཕྱོགས་དང་ཉེ་བའི་ཕྱོགས་རྣམས་སུ་འབྱེར་བར་འགྱུར་རོ། །དཔག་ཚད་གཅིག་གི་ཁོངས་སུ་བགེགས་ལྡང་བར་མི་འགྱུར་རོ། །ལས་ཐམས་ཅད་ཀྱང་འགྲུབ་ པར་འགྱུར་རོ། །གང་ཡང་རིག་པ་འཛིན་པས་དུས་གསུམ་དུ་ཉེ་བར་བྱུགས་ན་དེ་ལ་འགའ་ཞིག་གིས་ཀྱང་འཇུག་པར་མི་ནུས་སོ། །བཱ་ལ་ཀ་དང་སཱ་རི་བ་དང་ལོ་དྲ་མ་དང་ལཱང་ག་ལི་དང་། སྒྲོག་པ་དང་། བྱི་བའི་སྤུ་རྣམས་ སྦྱར་བའི་བདུག་པ་འབད་པས་བྱས་ན་བུ་གའི་སྒོར་འགྲོ་བ་ན་ཐིགས་པ་ཞི་བར་བྱེད་དོ། །ཨུཏྤལ་སྔོན་པོ་དང་། དྲི་ཞིམ་པོའི་མར་དང་རུ་རྟ་དང་། ས་ར་བི་དང་ཙན་དན་དང་བོ་ལ་ཀ་དང་། བ་གླང་གི་གཅིན་གྱིས་སྦྲུས་པའི་སྨན་ གྱིས་དུག་འཇོམས་པར་བྱེད་ཅིང་དཔལ་གྱི་སྒོའི་དྲོད་གཤེར་ལས་སྐྱེས་པ་འཇོམས་པར་བྱེད་དོ། །ཆུ་ཤིང་དང་གླ་སྒང་དང་། བཱ་ཎ་དང་ཀོཥྛ་དང་། ཨུ་དུམ་བ་ར་དང་། བ་ལ་དང་ཨ་ཤྭ་གན་དྷ་དང་ཤུ་དག་དང་། གེ་རི་ ཀ་ཀ་དཀར་པོ་སྟེ་འདི་རྣམས་སྦྱར་བས་ཐམས་ཅད་ཀྱི་གཉིད་དང་འཁྲུལ་འཁོར་དང་། མུན་པ་འཇོམས་པར་བྱེད་དོ། །ཤི་བྷ་ཨན་ཛ་བའི་ས་བོན་དང་། ཨུཏྤལ་དང་། ནཱ་ག་གེ་སར་དང་། ག་བུར་རྣམས་མཉམ་པོར་ སྦྱར་བའི་མིག་སྨན་གྱིས་གཉིད་མེད་པར་བྱེད་དོ། །ཀ་ར་དང་རྟའི་ཁ་ཆུ་དང་། ནཱ་ག་གེ་སར་དང་། ས་རི་པས་མིག་སྨན་བྱས་ལ་ཁྲོ་བོ་བཟླས་པས་ཉིད་ཀྱི་འཁྲུལ་འཁོར་བཟློག་པར་བྱེད་དོ། །རྨ་བྱའི་གཙུག་ཕུད་ དང་མཉམ་པོར་སྦྱར་ལ། ན་ལེ་ཤམ་དཀར་པོ་དང་བཏགས་ཏེ་ལན་བདུན་བཟླས་པས་རྩོད་པ་བཟློག་པར་བྱེད་དོ། །སེམས་རྣམ་པར་གཡེང་བ་མེད་པ་དང་། བརྩེ་བ་དང་ལྡན་པ་དང་ཆོས་ཤེས་པ་དང་། རིང་དུ་མཐོང་བ་ གང་གི་ཁྱིམ་དུ་ཆོ་ག་དང་ལྡན་པས་སྨན་བཞག་ནས་ཁྲོ་བོ་རྡོ་རྗེ་ས་འོག་ལ་མཆོག་ཏུ་གུས་པར་གྱུར་ན། དེས་རྐང་འོག་གི་དཔལ་གྱི་སྒོ་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །ཡ་བའི་མེ་ཏོག་དང་རྒྱ་སྲན་གྱི་ཕྱེ་ 101-1-20a མ་དང་། ཡུངས་ཀར་དང་། བཱི་ལ་དང་ཨིང་གུ་རྣམས་སྲང་རེ་རེ་སི་ཏ་དང་ལྷན་ཅིག་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་བཀྲེས་པའི་འཁྲུལ་འཁོར་བཟློག་པར་བྱེད་དོ། །ཨ་པ་མཱརྒའི་ས་བོན་དང་། བི་ཛ་ཨཀྵའི་ཨུ་དུམ་བ་རའི་རིལ་བུ་ལ་ལན་བདུན་བཟླས་ན་བཀྲེས་པ་སེལ་བར་བྱེད་དོ། །གླང་པོའི་རྣ་བའི་པ་ལ་ཤའི་ཁུ་བ་བླངས་ལ་རྡོ་རྗེའི་སྡོང་སྐྱེས་དང་། རྡོ་རྗེའི་འོ་མ་དང་མཉམ་པོར་སྦྱར་ལ་ཏིལ་མར་དང་བསྐོལ་ཏེ་ སྤྱིན་རྣམས་ཐམས་ཅད་ལ་མར་ཁུའི་མཆོག་དེས་བྱུག་པར་བྱའོ། །རྡོ་རྗེ་ལྗོན་པའི་ཁྲག་དང་ནི། །དེ་བཞིན་རྡོ་རྗེ་སྡོང་བུའི་བཅུད། །སེ་བ་ལ་ཡི་བཅུད་དང་སྦྱར། །གསེར་གྱི་མར་དང་བཙོ་བར་བྱ། །ཐོག་མར་དེ་དག་ བཅངས་ནས་སུ། །མཁས་པ་ཡིས་ནི་འབད་པས་བསྡད། །འབྲུ་མར་གྱིས་ནི་ལུས་བྱུགས་ནས། །སྦྱིན་གྱི་སྟེང་ནས་འགྲོ་བར་བྱ། །ཨིང་གུ་བི་ལའི་མར་ཁུ་དང་། །ཁ་བ་ཡི་ནི་ནས་དག་ནི། །རྟ་ཡི་དྲི་དང་ མཉམ་བསྲེས་ནས། །རྟ་ཡི་གཅིན་དང་བསྐོལ་བར་བྱ། །འདི་དག་གིས་ནི་ལུས་བྱུགས་ན། །སྤྱིན་གྱིས་གོས་པར་མི་འགྱུར་རོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་སྨན་དང་རྩིའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་སེང་གེའི་ལྟ་སྟངས་ཀྱིས་བུ་གར་འཇུག་པར་བྱའོ། །མཁས་པས་མཚན་མ་མཚོན་པར་བྱ་སྟེ། དཔལ་གྱི་སྒོར་རྐང་བཞི་པ་དང་། དངུལ་ཆུ་དང་བཅུད་ལེན་དང་། བུད་མེད་དང་། གྲུབ་ པའི་རྫས་ཀྱིས་ཡང་དག་པར་ཁྱབ་པ་དང་། བུ་ག་གང་དག་ཤང་ཤོང་ཅན། །ལ་ལ་རྡོ་བས་ཁྱབ་པ་ནི། །དེ་ནི་རད་རོད་ཅན་ཤེས་བྱ། །ས་ནི་འབར་བས་ཆུ་སྐེམས་ཤིང་། །ཕྱི་རོལ་བཤང་བའི་དྲི་མནམ་ཞིང་། །ཀེང་རུས་ཀྱི་ནི་ རུས་པས་ཁྱབ། །གདུག་པའི་རྡོ་བ་དག་གིས་གང་། །དེ་ནི་རད་རོད་ཅན་དུ་བསྟན། །འགའ་ཞིག་འཇིམ་པ་དག་གིས་ཁྱབ། །ལ་ལ་རྡོ་དང་ཆུ་ཡིས་གང་། །དྲི་མི་ཞིམ་པའི་ཤིང་མང་བ། །རད་རོད་འཇིགས་པ་ཉིད་དུ་འགྱུར། ། 101-1-20b བཤང་དང་ལྗན་ལྗིན་དྲི་མནམ་ཞིང་། །ཁ་ཅིག་ན་ནི་སྦྲུལ་གྱི་དྲི། །ལྤགས་པ་དང་ནི་བྱ་ཡིས་ཁྱབ། །དེ་ནི་ངེས་པར་ལྕེ་སྤྱང་གནས། །ཡང་ན་རྡོ་རྗེ་ས་འོག་ལས་བསྟན་པའི་ཇི་ལྟ་བུས་རྣམ་པའི་སྒོ་མཁས་པས་ཕྱི་རོལ་ཏུ་ བརྟགས་ནས་འཇུག་པར་བྱའོ། །ཡོ་བྱད་ཐམས་ཅད་དང་ལྡན་པས། །ཁྲོ་བོའི་དམ་པ་ལེགས་པར་བཟླས། །དབང་བསྐུར་བས་ནི་དབང་བསྐུར་ལ། །བློ་དང་ལྡན་པས་བསྲུང་བར་བྱ། །འདི་ཡི་ཚུལ་གྱིས་དཔའ་བོ་ཡིས། ། ས་འོག་མཐོ་རིས་དཔལ་གྱི་སྒོ། །དེར་ནི་སོམ་ཉི་མེད་པར་འཇུག །དེ་ཡིས་འདོད་འབྲས་ཐོབ་པར་འགྱུར། །དཔའ་བོ་དེ་ཡིས་ཆེར་སྤྲོ་བས། །གཏོང་དང་བརྩེ་ལྡན་གཙང་བ་དང་། །དྲེགས་མེད་མངོན་པའི་ང་རྒྱལ་བྲལ། ། འཇིགས་བྲལ་ཁྱད་པར་འཕགས་པའི་ཡིད། །མེ་འོད་དང་ནི་ལྟས་ཆེན་པོ། །མཐོང་ནས་ཟུག་རྔུ་མེད་པའི་སེམས། །རྡོ་རྗེ་ལྟ་བུར་བརྟན་པ་ཡིས། །བསྒྲུབ་པར་དཀའ་ཡང་བསྒྲུབ་པར་བྱ། །འཕགས་པ་རྡོ་རྗེ་ས་ འོག་གི་རྒྱུད་ལས་འཁྲུལ་འཁོར་བརྟག་པའི་ལེའུ་སྟེ་བཅུ་བཞི་པའོ།། ༑ །། དེ་ནས་གཞན་ཡང་དཔལ་གྱི་སྒོར་འཇུག་པའི་རིམ་པར་ཕྱེ་བར་གྱུར་པ་ནི་འཁྲུལ་འཁོར་གྱི་ནི་དྲུང་འགྲོ་བ། ། ཤིན་ཏུ་མྱུར་དང་བུལ་མིན་པར། །རྐང་པ་འཇོག་ཅིང་འབད་པ་ཡིས། །ཀུན་ནས་འཁྲུལ་འཁོར་བལྟ་བར་བྱ། །གང་ཚེ་འཁྲུལ་འཁོར་གཡོ་བ་དང་། །འགུལ་བ་དང་ནི་ལྡེག་པ་འམ། །ཡང་ན་མཚོན་ཆ་ ཐོགས་པ་སྟེ། །མདའ་དང་ཤག་ཏི་དབྱུག་གུ་དང་། །རལ་གྲི་འཁོར་ལོ་མཚོན་ཆ་ཡི། །འཁྲུལ་འཁོར་གྱིས་ནི་གང་མཐོང་ཞིང་། །གྲི་གུག་སྤུ་གྲིའི་སོ་དག་དང་། །དེ་བཞིན་ལུག་ལས་སོགས་འགྲོ་བ། །དེ་ལྟ་ འི་རྣམ་པ་མཐོང་ན་ནི། །ཕྱག་རྒྱ་ལེགས་པར་བཅིང་བར་བྱ། །ཡུངས་ཀར་སྐྱ་བོ་ཉིད་དམ་ནི། །ཐལ་བ་ལ་ཡང་ཁྲོས་པ་ཡིས། །ཁྲོ་བོ་ལན་བདུན་བཟླས་ནས་སུ། །འཁྲུལ་འཁོར་ལ་ནི་མཁས་པས་བསྣུན། ། 101-1-21a གདོན་མི་ཟ་བར་དེ་ལྟུང་ངོ་། །ལྷ་ཡི་ཁང་པར་འཇུག་པར་བྱ། །གང་དག་ལྷ་ཆེན་པོར་གྱུར་པ། །དེར་ནི་ཡི་དགས་གཏོར་མ་མཐོང་། །ཇི་ལྟར་བཀྲེས་ཀྱང་མི་བཟའོ། །དེ་ཉིད་དུ་ནི་ངེས་མཐོང་བ། །སྐད་ཅིག་ ཙམ་ཡང་མི་འགུལ་ཞིང་། །དེ་ཚེ་དེ་ནི་མི་སྨྲ་སྟེ། །ལྷ་མིན་སྟོང་གིས་རྒྱས་བཏབ་པས། །དེ་མཐོང་ནས་ནི་རུ་སྦལ་གྱི། །རྒྱ་ལྡན་ལན་བདུན་བཟླས་པས་གཡོ། །དེ་ནི་རང་བཞིན་དང་བ་ཡིས། །གུས་དང་བཅས་ པས་ཕྱག་འཚལ་ཏེ། །ལེགས་པར་བྱོན་ཏམ་དཔའ་བོ་རྣམས། །ཅི་བདེ་བར་ཡང་འཇུག་པར་མཛོད། །གྲུབ་པའི་ཆོ་གའི་སྦྱོར་བ་རྣམས། །རིན་ཆེན་རྣམ་པ་དུ་མ་དང་། །དངུལ་ཆུ་དང་ནི་བཅུད་ལེན་དང་། །ནོར་བུ་ རྣམས་དང་བུད་མེད་དང་། །གཞན་ཡང་ནང་ན་གང་བ་ཡི། །རལ་གྲི་དང་ནི་མཚོན་ཆ་རྣམས། །དེ་དག་གི་ནི་ལག་པ་ནས། །བཟུང་ནས་ཇི་ལྟར་བདེ་བར་སྟོན། །ཕྱག་ན་རྡོ་རྗེའི་བྱིན་བརླབས་ཀྱིས། །དེར་ནི་ཇི་ལྟར་འདོད་ པར་བྱ། །དེར་ནི་ཇི་ཙམ་སྡོད་ཀྱི་བར། །ལྷ་མིན་བུ་མོ་རྣམས་དང་རྩེ། །དེ་རྣམས་ཀྱིས་བསྟན་ལམ་ནས་ནི། །ཅི་བདེ་བར་ནི་ངེས་པར་འདོང་། །ལྷ་མིན་གྲོང་དུ་བདེ་བར་འགྲོ། །ཇི་ལྟར་བདེ་བར་སླར་ཡང་འོང་། །གང་དག་ དེར་ནི་སྔོན་སོང་བ། །རྡོ་རྗེ་ས་འོག་གིས་གཟིར་བས། །གལ་ཏེ་འོངས་པར་མ་གྱུར་ན། །དེར་ནི་རྨོངས་ནས་འཆི་བར་འགྱུར། །དེས་ན་སྔོན་རྒྱུ་ཞུགས་རྣམས་ལ། །བློ་གྲོས་ལྡན་པས་གཟིར་མི་བྱ། ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་དཔལ་གྱི་སྒོར་འཇུག་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །། དེ་ནས་དཔལ་གྱི་སྒོའི་རྟོགས་པ་བརྗོད་པའི་རིམ་པར་ཕྱེ་བར་གྱུར་པ་ནི། དཔལ་གྱི་སྒོ་ཡི་ ཕྱིར་གནས་པའི། །མཚན་ཉིད་མཐོང་ནས་ཤེས་པ་ཡིས། །སྨྲ་སྤངས་སློང་བ་ཟ་བ་དང་། །འཁྲུག་པ་མེད་པའི་སེམས་ལྡན་པས། །བློ་གྲོས་ཅན་གྱིས་འབུམ་ཕྲག་གསུམ། །དཔལ་གྱི་སྒོ་ལ་བརྟེན་ཏེ་བཟླས། ། 101-1-21b འབུམ་ཕྲག་དང་པོ་བཟླས་པ་ཡིས། །འཁྲུལ་འཁོར་རྣམས་ནི་ལྟུང་བར་འགྱུར། །གཉིས་པ་ཡིས་ནི་ས་གཡོ་ཞིང་། །དུ་བ་ཆེན་པོ་འཁྲུག་པར་འགྱུར། །གསུམ་པ་ཡིས་ནི་དྲོ་ལྡན་པའི། །རྒྱན་དང་སྐེ་རགས་ གྲོལ་བ་ཡིས། །ལྷ་མིན་བུ་མོ་ངེས་པར་འོང་། །ཁྲོ་བོ་མེ་ཡིས་བསྲོས་པ་ན། །བསྐལ་པའི་མེ་སྙམ་སེམས་པ་ཡིས། །ཅ་ཅོ་འདོན་ཞིང་རྣམ་པར་འབྲོས། །དེར་ནི་ཞི་བར་བྱ་དོན་དུ། །ཙན་དན་ལྡན་མར་སྦྱིན་སྲེག་ གིས། །དེ་ཡི་ལུས་ནི་རྣལ་མར་གནས། །བསམ་པ་ཐག་པས་འདུད་པར་འགྱུར། །དཔལ་གྱི་སྒོ་དེར་ནོར་རྣམས་དང་། །རལ་གྲི་ལྡོང་རོས་མིག་ལ་སོགས། །དངུལ་ཆུ་བཅུད་ལེན་བཟང་པོ་དང་། །བུད་མེད་སྟོང་ཕྲག་ བརྒྱ་རྣམས་གནས། །བདག་གི་བདག་པོ་ཁྱོད་ཀྱིས་མཛོད། །མཐོ་རིས་ས་འོག་བཟང་པོ་སྟེ། །གལ་ཏེ་དེར་ནི་མི་འཇུག་ནའང་། །ཇི་ལྟར་བཞེད་པ་དེ་བཞིན་མཛོད། །རལ་གྲི་གྲུབ་པའི་མིག་སྨན་སོགས། །དེ་ཡི་ མདུན་དུ་བཞག་ནས་ཀྱང་། །རྡོ་རྗེ་ཁྲོ་བོས་གཟིར་བས་ན། །ཡིད་ལ་གཅགས་བཞིན་སྟེར་བར་འགྱུར། །ཇི་ལྟར་འདོད་པ་དེ་བཟུང་སྟེ། །དེ་ནི་བཏང་བ་ཉིད་དུ་བྱ། །དེར་ནི་དཀྱིལ་འཁོར་བསྡུ་བྱས་ཏེ། །ལྷ་དག་ མཉེས་པར་བྱས་ནས་སུ། །ཁྲོ་བོ་དེ་ཡང་གཤེགས་སུ་གསོལ། །བརྒྱ་རྩ་བརྒྱད་བཟླས་ཅི་བདེར་འགྲོ། །གོ་ཆ་ཆེན་པོ་གྱོན་པ་ཡིས། །བློ་དང་ལྡན་པས་དབང་བླངས་ཏེ། །སེར་སྣ་ཁྲོ་དང་འགྱོད་པ་དང་། །ཕྲག་ དོག་ལ་སོགས་དོར་ནས་སུ། །རྟག་ཏུ་སྤྲོ་བར་འགྱུར་བ་ཡིས། །བྱ་བ་བྱས་ན་ལེགས་པར་འགྲུབ། །འདི་ནི་བཅོམ་ལྡན་རྡོར་འཛིན་གསུང་། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་དཔལ་གྱི་སྒོར་དྲག་ཤུལ་ སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་མཚན་ཉིད་གཞན་གྱིས་རིམ་པར་ཕྱེ་བར་གྱུར་པ་ནི། སྔོན་དུ་འབུམ་ཕྲག་གསུམ་བཟླས་ལ། དེ་ནས་བུ་གའི་སྒོར་ལུས་དྲི་ཞིམ་ 101-1-22a པོས་འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླའོ། །དེ་ནས་བུ་གའི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །དེ་ནས་ཐེ་ཚོམ་མེད་པར་གྱུར་པའི་ཡིད་ཀྱིས་སྒོ་དྲུང་དུ་བསྲེག་བླུགས་བརྒྱ་ རྩ་བརྒྱད་བྱས་ལ་འཇུག་པར་བྱ་སྟེ་རང་གི་ཁྱིམ་བཞིན་ནོ། །ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བསྒྲགས་པའི་གསང་བ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ས་འོག་གི་ གསང་བ་ཆེན་པོའི་དཔལ་གྱི་སྒོ་བཀའ་སྩལ་པ། རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །རྩེ་གསུམ་ཀུ་མུད་པད་མ་དང་། །བཀྲ་ཤིས་དང་ནི་དུང་ཉིད་དང་། །ཆུ་སྲིན་དུ་ནི་མཚོན་པར་བྱ། །རྡོ་རྗེས་གནོད་སྦྱིན་རྣམས་སུ་འགྲོ། ། འཁོར་ལོས་སྲིན་པོ་རྣམས་འགྲོ་སྟེ། །ཀླུ་ཡི་ཁང་པར་རྩེ་གསུམ་གྱིས། །རྐང་འོག་ཏུ་ནི་ཀུ་མུ་དས། །ལམ་པོ་ཆེར་ནི་པད་མས་འགྲོ། །བཀྲ་ཤིས་ཁྱིམ་གྱིས་མཛོད་ཁྱིམ་དོང་། །ཆུ་སྲིན་གྱིས་ནི་བུད་ མེད་ཁྱིམ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་རིག་པ་འཛིན་པའི་རྣལ་འབྱོར་གྱི་རིམ་པར་ཕྱེ་བར་གྱུར་པ་ནི། མུན་པ་ལས་ནི་འདས་པ་ན། །གང་ཚེ་སྒྲོན་མའི་འོད་གསལ་བ། །དེ་ནི་འཁྲུལ་འཁོར་གནས་ཤེས་བྱ། །གནས་དེར་བློ་ལྡན་འགྲོ་མི་བྱ། །འཁྲུལ་འཁོར་གཞོམ་པར་བྱ་བའི་ཕྱིར། །རྡོ་རྗེ་འཕྱར་བ་སྦྱར་ བར་བྱ། །རྐང་པ་གཡས་པ་བཏེག་ནས་སུ། །གཡོན་པའི་སྟེང་དུ་སྦྱར་བར་བྱ། །ལྟེ་བའི་གནས་སུ་ཁུ་ཚུར་གྱིས། །གར་གྱི་སྦྱོར་བས་བསྐོར་བར་བྱ། །ལག་པ་གཡས་པ་བསྒྲེང་ནས་སུ། །གཡོན་པ་ལ་ནི་ བསྣུན་པར་བྱ། །སྟེང་དུ་ལག་པ་འོག་ཏུ་བལྟ། །ཕྱི་རུ་འདི་ཡིས་བསྣུན་པར་བྱ། །ཡུངས་ཀར་དང་ནི་ཐལ་བ་ཡིས། །བསྣུན་པས་ས་ནི་གཡོ་འགྱུར་ཏེ། །འཁྲུལ་འཁོར་ལྷོད་པ་ཉིད་དུ་འགྱུར། །སླར་ཡང་དེ་ཡིས་ 101-1-22b བསྣུན་པ་ཡིས། །གདོན་མི་ཟ་བར་ལྟུང་བར་འགྱུར། །རྐང་པ་མཉམ་པར་གནས་བྱས་ནས། །ལག་པ་གཡོན་པ་སྙིང་གར་བཞག །གནས་དེ་ཕྱི་རུ་གར་བྱས་ཏེ། །གང་ཡང་རུང་བས་བསྣུན་པར་བྱ། །ཧཱུྃ་དང་ལྡན་ པའི་ཁྲོ་བོ་ཡིས། །ཕྱེ་མར་གྱུར་ནས་ས་ལ་ལྟུང་། །རྡོ་རྗེ་འཕྱར་བའི་ཆོ་ག་ཡིས། །ས་ལ་ལྟུང་བའི་འཁྲུལ་འཁོར་རྣམས། །སླན་ཆད་དེར་ནི་འབྱུང་མི་འགྱུར། །འཁྲུལ་འཁོར་མེད་པའི་བུ་གར་ཤེས། །ནམ་ མཁའི་འཁྲུལ་འཁོར་གང་བཤད་དང་། །གང་ཡང་དུག་གི་རླུང་འབྱུང་བ། །དེ་ཡང་ཆོ་ག་འདི་ཡིས་སུ། །མཐོང་བ་ཙམ་གྱིས་ལྟུང་བར་འགྱུར། །དམ་ཚིག་ཤེས་པ་བློ་ལྡན་དེས། །ཡང་ན་ལྷའི་གནས་མཐོང་ ན། །འཕྱར་བའི་ཕྱག་རྒྱས་ལེགས་བསྣུན་ཞིང་། །བསྐོར་ཞིང་རབ་ཏུ་འཕེན་པ་ཡིས། །འབྱུང་པོ་རྣམས་ནི་དགུག་པར་བྱ། །དེ་བཞིན་དམ་ཚིག་ཉིད་ཀྱང་བསྟན། །སྒྲུབ་པ་དབང་བསྐུར་ལྡན་པ་དང་། ། ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་ཉིད་འདི་ནི་བསྟན་པར་བྱ། །གཞན་དུ་ན་ནི་འཆི་བར་འགྱུར། །དཔལ་གྱི་སྒོ་ཡི་སྨན་རྣམས་དང་། །དངུལ་ཆུ་གྲུབ་པའི་མིག་སྨན་སོགས། །དེ་བཞིན་བུད་མེད་ རྣམས་དང་ནི། །དེ་ཉིད་དུ་ནི་མི་སྣང་འགྱུར། །གཏེར་དང་གསེར་འགྱུར་བུ་གའི་སྒོར། །དབང་དུ་བྱེད་པའང་དེ་བཞིན་དུ། །དབང་བསྐུར་མེད་པའི་བློ་ལྡན་གྱིས། །མཐོང་ཡང་ཐོབ་པར་མི་འགྱུར་རོ། ། ལྷ་མ་ཡིན་གྱི་ཆོ་ག་དང་། །རྡོ་རྗེ་ས་འོག་དཀྱིལ་འཁོར་དུ། །ཇི་ལྟར་ཞུགས་པར་གྱུར་པ་ཡི། །དཀྱིལ་འཁོར་བསྲུང་བ་བྱས་ནས་སུ། །བླ་མ་ལ་ནི་ཡོན་ཕུལ་ཏེ། །དྲི་དང་མེ་ཏོག་མཆོད་པ་བྱ། །རྡོ་རྗེ་ཆུ་ཡིས་ ཆུས་བཀང་ནས། །ཕྲ་བའི་རས་ཀྱིས་མགྲིན་བཅིངས་པའི། །བུམ་པ་ལྡན་པའི་གཞན་དག་གིས། །མཚན་ཉིད་དེ་ཡིས་དབང་བསྐུར་བྱ། །དེ་ནས་རུ་སྦལ་ཕྱག་རྒྱ་བཅིང་། །བྱིན་བརླབས་ཕྱག་རྒྱའམ་ 101-1-23a དེ་བཞིན་དུ། །ལྷ་མིན་ཕྱག་རྒྱས་རྗེས་གནང་ནི། །བླ་མས་བྱིན་པས་དོན་ཀུན་འགྲུབ། །ལྷ་མིན་རྣམས་དང་འཁྲུལ་འཁོར་རྣམས། །སྒྱུ་མ་ཡིས་ནི་བརྒྱན་པ་རྣམས། །འབྱེད་དང་རབ་ཏུ་འབྱེད་པ་ ནི། །རིག་པ་འཛིན་པ་དེ་ཡིས་འགྲུབ། །འཁྲུལ་འཁོར་གྱིས་མིན་དུག་གིས་མིན། །ཆུ་ཡིས་མ་ཡིན་མེས་ཀྱང་མིན། །གླང་པོ་སོགས་མིན་ལྟོས་འཕྱེས་མིན། །དེ་ལ་འཁྲུལ་འཁོར་བཞིས་ཀྱང་མིན། ། རལ་གྲི་དབྱུག་གུ་མུ་སཎ་ཌ། །ཆུ་བོ་ཨན་ཛ་ག་སྤྲུལ་མིན། །གཞན་ཡང་འཁྲུལ་འཁོར་སྣ་ཚོགས་པ། །གསང་བའི་མཚམས་ན་རྟེན་རྣམས་ཀྱང་། །དབང་བསྐུར་དམ་ཚིག་དག་གིས་ནི། །བྱིན་བརླབས་ དེ་ལ་བསྣུན་མི་འགྱུར། །དེ་ཡི་མཐུ་ཡིས་ཅུང་ཟད་ཅིག །བཟླས་པས་འཁྲུལ་འཁོར་ཐམས་ཅད་འཇོམས། །དེ་ནི་རིག་པ་འཛིན་པ་ཡིས། །རིགས་ཀྱིས་བྱིན་གྱིས་བརླབས་པར་འགྱུར། །དེས་ན་ འབད་པ་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་སྦྱར་བར་བྱ། །དོན་ཀུན་གྲུབ་པ་ཐོབ་འགྱུར་ཞིང་། །དེ་ལ་ལྷས་ཀྱང་བྱིན་གྱིས་རློབ། །དམན་པའི་བྱ་བ་དོར་བར་བྱ། །མངོན་སྤྱོད་ཀྱི་ནི་ལས་ཀྱང་སྤངས། ། འབེབས་དང་དབང་དུ་བྱ་བ་དང་། །གདོན་གྱི་ལས་ཀྱང་དོར་བར་བྱ། །བློ་དང་ལྡན་པས་རྒྱུན་ཏུ་བཟླས། །ཉོན་མོངས་བྲལ་བའི་སྙོམས་འཇུག་གིས། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རིག་པ་འཛིན་ པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །། དེ་ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གིས་བྱིན་གྱིས་བརླབས་པ་མཆོག་ཏུ་གསང་བའི་དཀྱིལ་འཁོར་བཤད་པར་བྱའོ། །དབང་ལྡན་གྱིས་ ཕྱོགས་སུ་བལྟས་ཏེ་འཁོད་ལ་གྲོང་གི་མཐའ་མ། གྲོང་ཁྱེར་གྱི་ཕྱོགས་ཀྱི་མཐར་རྡོ་དང་། རུས་པ་དང་གསེག་མ་དང་། དམན་པའི་སོལ་བ་དང་། ཐལ་བ་དང་། གྱོ་མོ་དང་སོ་ཕག་དང་། གནོད་སྦྱིན་ལ་ 101-1-23b བཙུགས་པའི་ཤིང་དང་། མགལ་དུམ་རྙིང་པ་དང་། ཆུ་འཛག་པ་དང་། ཁམ་ཕོར་གྱི་ཕུང་པོ་དོར་ཏེ། བཀྲ་ཤིས་ཀྱི་ཉིན་པར་བསྲུང་བ་བྱས་ལ་ཁ་དོག་ལྔས་ཁྲུ་བཞི་པ། གྲྭ་བཞི་པ་སྒོའི་མཚམས་སུ་སྒོ་ཁང་དང་། དཀྱིལ་འཁོར་དབུས་ཟླུམ་པོར་གནས་པ། གནས་གཡས་བསྐོར་དུའོ། །ཕྱོགས་བྲལ་གྱི་མཚམས་སུ་ཟླུམ་པོ་མ་ཡིན་པའི་དཀྱིལ་འཁོར་རོ། །ཆེར་བརྟགས་ཏེ། རི་མོ་རྡོ་རྗེས་བྱིན་གྱིས་བརླབ་བོ། །གོ་རིམས་ བཞིན་དུ་ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་ཀྱིས་གནས་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ། །བློ་གྲོས་དང་ལྡན་པས་དཔལ་གྱི་སྒོ་བྲི་བར་བྱའོ། །རིན་པོ་ཆེའི་རྣམ་པ་མཚན་ཉིད་དང་ལྡན་པ་དང་། འཁྲུལ་འཁོར་གྱི་གནས་ དང་། སྨན་དང་། དངུལ་ཆུ་དང་། བཅུད་ལེན་དང་། གྲུབ་པའི་རྫས་དང་། ཉེ་བར་སྤྱོད་པ་དང་། གཏོར་མ་དང་། བུམ་པ་གང་བ་སྟེ། དེ་རྣམས་ཀྱི་གནས་རྣམས་ཐིག་གིས་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་ དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བཞག་པར་བྱའོ། །དེའི་གཡས་སུ་ལག་ན་རྡོ་རྗེའོ། །དེ་དང་ཉེ་བར་ཁྲོ་བོ་རྡོ་རྗེ་ས་འོག་ལག་པར་རྡོ་རྗེ་དགྲ་སྟ་ཅན་བཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་ དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་འཛིན་པ་བཞག་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་འོག་ཏུ་ཆུང་མ་དང་བཅས་པའི་དབང་ཕྱུག་གི་མདུན་དུ་ཁྱུ་མཆོག་དང་ལྡན་པ་བཞག་པར་བྱའོ། ། དེ་ནས་ཤར་གྱི་སྒོར་འཕར་མ་དང་པོ་ལ་སྨན་ཐམས་ཅད་དང་། དངུལ་ཆུ་དང་། བཅུད་ལེན་དང་། རྒྱན་དང་གཞོན་ནུ་མ་ལ་སོགས་པ་བཞག་པར་བྱའོ། །དེ་ནས་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་བཞག་པར་བྱ་སྟེ། སྟོབས་ ཅན་དང་སྟོབས་ཅན་གྱི་བུ་དང་། བདེ་མཆོག་དང་གཞན་ལེན་དང་། དུས་ཀྱི་མུ་ཁྱུད་དང་། ཐགས་ཟངས་རིས་དང་། རབ་སིམ་དང་། དབྱིག་ཟའོ། །དེ་ནས་ནུབ་ཀྱི་སྒོར་འཁྲུལ་འཁོར་སྟོང་སུམ་བཅུ་བཞག་ 101-1-24a པར་བྱ་སྟེ། དེ་ལ་འཁྲུལ་འཁོར་བརྒྱད་རྣམ་པ་དང་བཅས་པ་བྲིའོ། །སྲད་བུ་དང་། གྲི་གུག་དང་བུད་མེད་དང་སེང་གེ་དང་ལུག་དང་། མདའ་དང་བཅས་པའི་གཞུ་དང་། ཆུ་རྒྱུན་དང་སྤྱིན་དང་། གཉིད་ཀྱིས་ འཁྲུལ་འཁོར་རྣམས་སོ། །དེ་ནས་བྱང་གི་སྒོའི་འཕར་མར་བུ་ག་བརྒྱད་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། ལུག་གི་གདོང་དང་ཆུ་སྲིན་གྱི་གདོང་དང་། གླང་པོ་ཆེའི་གདོང་དང་། ལྟོ་འཕྱེའི་གདོང་དང་། བྱི་བའི་ གདོང་དང་། སྐྱེས་བུའི་གདོང་དང་། དཀྱིལ་འཁོར་གྱི་རྣམ་པ་དང་། མ་བྱས་པའི་གདོང་གི་རྣམ་པ་རྣམས་སོ། །དེ་ནས་མཚམས་རྡོ་རྗེས་བྱིན་གྱིས་བརླབས་པའི་འོག་ཏུ་སྒོ་བྲལ་བཞི་བཞག་པར་བྱའོ། ། མེའི་མཚམས་སུ་མེའི་ཐབ་ཁུང་ངོ་། །རླུང་དུ་ཆུའི་ཐབ་ཁུང་ངོ་། །བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ་། །དབང་ལྡན་དུ་སྦྲུལ་གྱི་རྣམ་པ་བཞག་པར་བྱའོ། །དེ་ནས་དེ་རྣམས་སྤྱན་དྲངས་ལ། རྡོ་རྗེ་ཁྲོ་བོ་ འབེབས་པ་ཆེན་པོས་བྱིན་གྱིས་བརླབ་པར་བྱའོ། །བུམ་པ་རྩ་བ་ནག་པོ་མེད་པ་བཞི་ལྗོན་པ་ལྔ་དང་། སྨན་ལྔ་དང་། རིན་པོ་ཆེ་ལྔ་དང་ལྡན་པ་ལ་རས་ཕྲ་བ་དྲི་ཞིམ་པ་སྐྲ་མེད་པས་མགུལ་པ་བཅིངས་ཏེ་མཚམས་བཞི་ པོ་རྣམས་སུ་རྡོ་རྗེས་བྱིན་གྱིས་བརླབས་པ་ལ། ཡུངས་ཀར་གྱིས་བྱིན་གྱིས་བརླབས་ཏེ་བཞག་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་དང་། ཕྱག་རྒྱས་བྱིན་གྱིས་བརླབས་པའི་མེ་ཏོག་དང་བདུག་པ་དང་མར་མེ་དང་། དྲི་ལ་ སོགས་པ་དང་ལྷ་བཤོས་དབུལ་བར་བྱའོ། །དེ་ནས་སྣ་ཚོགས་པའི་རོ་དང་། འབྲས་བུ་དང་། འབྲས་ཀྱི་རྒྱལ་པོའི་འབྲས་བུ་ལེགས་པར་སྦྱར་བ་ཆང་དང་ཤ་མེད་པའི་ལྷ་བཤོས་དང་གཏོར་མ་ཡིད་དུ་འོང་བ་དམ་པ་ རྒྱ་ཆེན་པོས་འབྱུང་པོ་ཐམས་ཅད་ལ་ཕྱོགས་དང་འཚམས་རྣམས་སུ་བྱིན་ལ་ཉེ་རེག་བྱའོ། །ཆོ་ག་བཞིན་དུ་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་བྱ་བ་བྱས་ལ། ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེ་ས་འོག་རྗེས་སུ་ 101-1-24b དྲན་པས་བཟླས་པར་བྱའོ། །སྐྱེས་བུ་དཔའ་བོས་བྱིན་གྱིས་བརླབ་པའི་དོན་གྱི་ཕྱིར་ལྷ་མ་ཡིན་གྱི་ཕྱག་རྒྱའི་འོག་ཏུ་སོན་པར་རྐང་མཐིལ་ནས་སྤྱི་གཙུག་གི་བར་དུ་གོ་ཆས་བྱིན་གྱིས་བརླབ་བོ། །ཇི་ལྟར་མི་འབབ་ན་དེ་ ནས་དྲི་བཟང་པོ་དང་། བདུག་སྤོས་ཀྱིས་བདུགས་ལ་རས་དཀར་པོ་ཕྲ་བས་གདོང་གཡོགས་ཏེ། ལག་པ་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་སྦྱར་ལ་ལས་ཀྱི་གྲུ་ལ་རྐང་པ་གཉིས་བཞག་ཏེ་ཡོན་ཕུལ་ལ། རྣ་བ་དམ་ཚིག་གིས་ བྱིན་གྱིས་བརླབས་པས་སངས་རྒྱས་དང་ཆོས་དང་། དགེ་འདུན་དང་བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་དམ་ཚིག་ཕྱེ་བ་རྣམས་དང་། དམ་ཚིག་མཚུངས་པར་འགྱུར་རོ། །འདི་ལྟ་བུའི་དམ་ཚིག་ཐོས་ནས་མེ་ ཏོག་དོར་བར་བྱའོ། །གང་གི་སྟེང་དུ་ལྷུང་བ་དེའི་ལྷའི་རིགས་སོ། །ཐོག་མར་ཕྱག་རྒྱ་བཅིངས་པས་བྱིན་གྱིས་བརླབས་ནས་དེ་ལ་ཡོན་འབུལ་བར་བྱའོ། །དེ་ནས་རྡོ་རྗེ་ཞགས་པའི་ཕྱག་རྒྱས་དཀྱིལ་འཁོར་བསྡུས་ཏེ། ཆོ་ག་བཞིན་དུ་ཕྱག་རྒྱ་དང་སྔགས་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་མཐོང་ནས་དམ་ཚིག་དམ་པས་བྱིན་གྱིས་བརླབས་པ་དང་། གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་ བརླབས་པ་དང་། ལེགས་པར་བགྲོད་པ་དང་། འདོད་པའི་དོན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པ་དང་། འདུལ་བ་རྣམས་ལ་རབ་ཏུ་སྦྱོར་བ་དང་། རྒྱུད་རྣམས་ཀྱི་འགོག་པ་དང་། འཆིང་བ་དང་སྟོན་པ་དང་། བྱེད་པ་དང་བསྐྱོད་པ་དང་། ཕུར་བུས་བསྣུན་པ་དང་། འབྱེད་པ་དང་རྒྱུད་ཐམས་ཅད་ཀྱི་དོན་ཐོབ་པ་དང་སྒྲོགས་པ་དང་། དཔྱོད་པ་དང་ཟློས་པ་དང་། བསྒོམ་པ་དང་རྣལ་འབྱོར་དུ་བྱེད་པ་དང་། གདུག་པ་ཐམས་ཅད་ ལ་དྲག་ཤུལ་སྤྱོད་པ་དང་། གཞོན་ནུ་མ་རྣམས་དང་། འཁྲུལ་འཁོར་རྣམས་འབྱེད་པ་དང་། གཅོད་པ་དང་སྒྲུབ་པ་དང་། རྣམ་པ་ཐམས་ཅད་དུ་དོན་ཐམས་ཅད་གྲུབ་པ་རྙེད་པ་འདི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ 101-1-25a བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་གྲུབ་པའི་དཀྱིལ་འཁོར་གྱི་བྱ་བ་ས་འོག་གི་རྡོ་རྗེ་དཔའ་བོ་གཅིག་པའི་ལེའུ་སྟེ་བཅུ་དགུ་པའོ།། ༑ །། དེ་ནས་གཞན་ཡང་ལས་རྒྱས་པའི་རིམ་པར་ཕྱེ་བ་ནི་རྡོ་རྗེས་བསྣུན་པའི་ཤིང་ལས་རྡོ་རྗེ་བྱས་ལ་འབུམ་ཕྲག་གསུམ་བཟླ་བར་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་མཆོད་པ་བྱ་སྟེ། ལག་མཐིལ་དུ་བཟུང་ལ་ཇི་སྲིད་ཙི་ ཊི་ཙི་ཊི་ཞེས་སྒྲོགས་ཀྱི་བར་དུ་བཟླ་བར་བྱའོ། །དེ་ནས་འགྲུབ་པར་འགྱུར་རོ། །འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །བསྲེག་པར་འགྱུར་རོ། །དེ་ནས་བུད་མེད་རྣམས་མཆོད་ཡོན་བཟུང་ ནས་འོང་བར་འགྱུར་རོ། །དེ་ནས་འཁྲུལ་འཁོར་མེད་པར་འཇུག་པར་བྱེད་དོ། །གང་འདོད་པའི་རྫས་དེ་ལ་སྟེར་རོ། །བཅོམ་ལྡན་འདས་ལྷའི་ལྷ་ལྷ་ཡིས་ཕྱག་བྱས་ཤིང་མཆོད་པ་རིག་པའི་རྒྱལ་པོ་ཆེན་པོའི་ བདག་པོ་དཔལ་དང་ལྡན་པའི་ཁྲོ་བོའི་རྒྱལ་པོ་འདི་མ་བསྒྲུབས་ཀྱང་ལས་རྣམས་བྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་ལ་དམིགས་ཏེ། བུ་གའི་སྒོར་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །ལྷ་མ་ཡིན་ གྱི་བུ་མོ་བསྐྱོད་པར་འགྱུར་རོ། །ནད་མི་བཟད་པས་བཟུང་ནས་སྟོང་ཕྲག་བརྒྱ་པོ་ཡོངས་སུ་རྫོགས་པར་འོང་བར་འགྱུར་རོ། །གལ་ཏེ་མི་འོང་ན་དུག་དང་བསྲེས་པ་ལ་ཡུངས་ཀར་སྐྱ་བོས་སྦྱར་བའི་སྲེག་བླུགས་ སྟོང་ཕྲག་བརྒྱད་སེང་ལྡེང་གི་སོལ་བ་ལ་བྱའོ། །འོང་བར་འགྱུར་རོ། །གལ་ཏེ་མི་འོང་ན་ཀ་ར་བཱི་རའི་མེ་ཏོག་དམར་པོས་བསྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་རྡོ་རྗེ་ལ་བསྣུན་པས་ཅི་ནས་ཀྱང་འོང་བར་ འགྱུར་རོ། །དེ་ནས་སྐྱེས་བུ་དཔའ་བོའི་ལག་པ་ནས་བཟུང་ནས་འཇུག་པར་བྱེད་དོ། །རྡོ་རྗེ་ལག་པར་བཅངས་ལ་འཇུག་པར་བྱའོ། །ཡང་ན་རྡོ་རྗེས་བསྣུན་པའི་ཤིང་ལ་འཁོར་ལོ་བྱས་ལ་དུར་ཁྲོད་དུ་ནིམ་པའི་ 101-1-25b སོལ་བ་ལ་ཚ་བའི་མར་ཁུ་དང་བསྲེས་ཏེ། སྭཱ་ཧཱའི་ཡི་གེ་དང་ལྡན་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ཉིད་དུ་འགྲུབ་པར་འགྱུར་རོ། །དུག་དང་ཁྲག་དང་ཡུངས་ཀར་སྐྱ་བོ་བསྲེས་ཏེ། སྟོང་ཕྲག་ བརྒྱད་སྲེག་བླུགས་བྱས་པས་བུ་གའི་སྒོ་འབྱེ་བར་འགྱུར་རོ། །དེ་ནས་བུ་གའི་སྒོར་བ་གླང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ་སྟེང་དུ་དྲིས་བྱུགས་ཏེ། དེ་ནས་རྡོ་རྗེས་དེ་ས་དེའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ། ། དེ་ནས་རྡོ་རྗེ་དེ་ལག་པ་གཡས་པར་བཟུང་ལ་ཡུངས་ཀར་ལ་ཅུང་ཟད་ཅིག་བསྔགས་ཏེ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །ཅི་བདེ་བར་བཟུང་ནས་འོང་བར་འགྱུར་རོ། །དེ་བཟུང་བར་བྱའོ། །གལ་ཏེ་མི་འདོད་ན་དེ་རྣམས་ དང་ལྷན་ཅིག་ཏུ་འཇུག་པར་བྱའོ། །ཡང་ན་གཏེར་འདོན་པར་འདོད་པས་ལྕགས་ལས་བྱས་པའི་ཕུར་བུ་བཞི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར་བཏབ་ལ་གསང་སྔགས་བཟླས་པར་བྱའོ། ། དེ་ནས་དེར་གཏེར་འབྱུང་བར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཛྲེ་ བཛྲི་ཎི། བཛྲོཏྟ་རེ། བཛྲ་བི་ཛ་ཡེ། བཛྲཱ་པ་ར་ཛི་ཏི། བཛྲ་པཱ་ཏཱ་ལི་ཎི། ཧཱུྃ་ཕཊ་ཧཱུྃ་ཕཊ་སྭཱ་ཧཱ། ༈ །རྡོ་རྗེས་བསྣུན་པའི་ཤིང་ལ་སོར་བརྒྱད་པའི་རྡོ་རྗེ་རྩེ་གཅིག་པ་བྱས་ཏེ། ཙན་དན་དམར་པོ་ལས་ བྱས་པའི་རྡོ་རྗེའི་རྣམ་པ་སོར་བཅུ་དྲུག་པའི་སྟན་བྱས་ལ་དེའི་སྟེང་དུ་རྡོ་རྗེ་བཞག་ལ་གསོ་སྦྱོང་དང་ལྡན་པས་ཐམས་ཅད་ལ་ཙན་དན་གྱི་རང་བཞིན་དུ་བྱས་ཏེ། དཔལ་གྱི་སྒོར་བཞག་པར་བྱའོ། །ལོ་མ་དང་ནས་ ཟན་དང་སློང་བ་ཟ་ཞིང་འབུམ་ཕྲག་གསུམ་བཟླ་བར་བྱའོ། །དེ་ནས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །དེ་རྣམས་རང་ཉིད་འོངས་ནས་འཇུག་པར་བྱེད་དོ། །གལ་ཏེ་དེ་རྣམས་མ་འོངས་ན་ 101-1-26a ལས་གཞན་ཡང་བཤད་པར་བྱ་སྟེ། ཡུངས་ཀར་སྐྱ་བོ་དང་དུག་དང་ཁྲག་བསྲེས་པས་སྟོང་ཕྲག་བརྒྱད་བཟུང་ལ་རེ་རེ་ལ་ཡོངས་སུ་བཟླས་ཏེ་རྡོ་རྗེ་ལ་བསྣུན་པས་དེ་ནས་འོངས་ཏེ། ལག་ནས་ བཟུང་ནས་འཇུག་པར་བྱེད་དོ། །སྐྱེས་བུ་དཔའ་བོས་ལས་སུ་གྱུར་པ་གཞན་ཡང་དུག་དང་ཁྲག་བསྲེས་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་པས་དེ་ནས་འོང་བར་འགྱུར་རོ། །རྡོ་རྗེ་བཟུང་ལ་འཇུག་པར་ བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །དེ་ནས་ལས་གཞན་ཡང་བཤད་པར་བྱ་སྟེ། ལོ་མ་ལ་སོགས་པ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་འབུམ་ ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་མཐེ་བོང་ཙམ་གྱི་རྡོ་རྗེ་ཆ་ཤས་བཅུ་དྲུག་པ་རྩེ་མོ་གསུམ་པ་བྱས་ཏེ་ཙན་དན་དམར་པོའི་ཁྲི་ལ་རྡོ་རྗེ་དེ་བཞག་པར་བྱའོ། །མེ་ཏོག་དམར་པོ་ དང་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ། གཏོར་མ་བྱིན་ལ་ཉིན་མཚན་དུ་གསོ་སྦྱོང་དང་ལྡན་པས་ཀ་ར་བཱི་རའི་མེ་ཏོག་གིས་རྡོ་རྗེ་ལ་བརྒྱད་བརྒྱར་བསྣུན་པར་བྱའོ། །དེ་ནས་རྣམ་པ་གསུམ་འགྲུབ་པར་འགྱུར་ ཏེ། རྡོ་རྗེ་ལ་ཙི་ཊི་ཙི་ཊི་འབྱུང་བ་དང་། བུ་གར་དུ་བའི་སྡོང་བུ་འབྱུང་བ་དང་གཞོན་ནུ་མ་རྣམས་འོང་བར་འགྱུར་རོ། །གང་གི་ཚེ་ཞུགས་ཤིག་ཅེས་སྨྲ་ན། དེ་ནས་འཇུག་པའི་དུས་སུ་ཉིན་མཚན་དུ་གསོ་སྦྱོང་ལ་གནས་ པས་ལྟས་བརྟག་པར་བྱ་སྟེ། གང་གི་ཚེ་རྡོ་རྗེ་ལ་ཙི་ཊི་ཙི་ཊི་ཞེས་སྒྲོགས་ན་འཁྲུལ་འཁོར་རྣམས་འབྱེད་པ་ཡིན་ནོ། །གང་གི་ཚེ་དུ་བ་འབྱུང་བར་མཐོང་ན་དེ་ནས་འཁྲུལ་འཁོར་ཐམས་ཅད་འཇིག་པ་ཡིན་ནོ། །དེ་ནས་ རང་གི་ཁང་པ་བཞིན་དུ་འཇུག་པར་བྱའོ། །གང་འདོད་པའི་རྫས་དེས་སྟེར་བར་འགྱུར་རོ། །གལ་ཏེ་མི་འདོད་ན་བུ་གའི་སྒོ་དེ་ཉིད་དུ་ཨརྒའི་ཡམ་ཤིང་ངམ། སེང་ལྡེང་གི་ཡམ་ཤིང་ལ་མེ་རབ་ཏུ་སྦར་ཏེ་ཡུངས་ཀར་སྐྱ་བོ་ 101-1-26b རྣམས་དང་རང་གི་ཁྲག་བསྲེས་ལ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ནས་གཞོན་ནུ་མ་རྣམས་འོང་ངོ་འོངས་ནས་ཀྱང་ལག་ནས་བཟུང་སྟེ་འཇུག་པར་བྱེད་དོ། །ཇི་ལྟར་འདོད་པའི་རྫས་རྣམས་སྟེར་རོ། ། གཞན་དུ་ན་བུད་མེད་དེ་རྣམས་འཆི་བར་འགྱུར་རོ། །ཚོན་སྣ་ལྔའི་སྲད་བུས་དཀྱིལ་འཁོར་གདབ་པར་བྱའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་རྒྱས་པའི་ལེའུ་སྟེ་ཉི་ཤུ་པའོ།། ༈ །། དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེས་ས་འོག་ཆེན་པོའི་ཆོ་གར་གྱུར་པ་ནི་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བ་གླང་གི་གཅིན་གྱིས་བཀྲུས་ཏེ་གསོ་སྦྱོང་དང་ལྡན་པའི་ཐགས་མཁན་གྱིས་ནག་ པོའི་ཕྱོགས་ཀྱི་བཅུ་བཞི་པའམ་བརྒྱད་པའམ་ཡང་ན་ཉ་ལ་རྣམ་པར་བྲལ་བའི་ཕྱོགས་སུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་སྟེ། དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ། རྒྱ་ཆེན་པོའི་གཏོར་མ་དང་ལྷ་བཤོས་བྱས་ཏེ། བདེ་བར་གཤེགས་པའི་མཐོ་གང་ལས་ལྷག་པ་ཇི་ཙམ་འདོད་པའི་ཚད་ཀྱི་བྲིས་སྐུ་འཚམ་པར་བྱས་ལ། དེ་ལ་རིན་ཆེན་དང་སྨན་དང་། འབྲུས་བྱིན་གྱིས་བརླབས་ པའི་བུམ་པས་མཆོད་ཡོན་སྦྲེངས་ལ་གཏོར་མ་དང་ལྷ་བཤོས་རྒྱ་ཆེན་པོ་བྱས་ཏེ། ཇི་ལྟར་འབྱོར་པའི་དགེ་སློང་ལ་གྱ་ནོམ་པའི་བཟའ་བས་ཚིམ་པར་བྱས་ནས་ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་སྨོན་ཏེ་ཡན་ལག་ བརྒྱད་པའི་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་ལ་བསྲུང་བ་བྱས་ལ་དཔའ་བོས་རིན་ཐང་ངེས་པ་མི་བཟུང་བར་ཡོན་བྱིན་ཏེ། ཁ་དོག་མ་འདྲེས་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེ་ས་འོག་ ཆེན་པོ་བྲི་བར་བྱའོ། །བཻ་དཱུརྱ་སྔོན་པོ་དང་སྤྲིན་ཆེན་པོ་འདྲ་བ་སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྐ་རགས་བྱས་པ་དགའ་བོ་དང་སྟོབས་ཀྱིས་རྒྱུས་རྣ་བ་བརྒྱན་པ་ཨ་ཤི་བི་ཤས་ལག་པ་དང་ 101-1-27a རྐང་པ་བརྒྱན་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྤྱན་གསུམ་པ་འཇིགས་བྱེད་ཆེན་པོ་ཊ་ཊས་བཞད་པ་མཆེ་བ་གཙིགས་ཤིང་འབར་བས་འཁྲུགས་པ་ཐམས་ཅད་རབ་ཏུ་འབར་བའི་འོད་ཀྱི་ཚོགས་ ཅན་ཕྱག་བཞི་པ་ཕྱག་གཡས་པར་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཅན་གྱི་རྡོ་རྗེ་རྩེ་གསུམ་པའོ། །གཞན་པར་ཆུ་སྲིན་གྱི་གདོང་གི་རྣམ་པའི་ལྕགས་ཀྱུའི་སོར་མོས་མེ་ཏོག་གི་སྡོང་བུ་ལྟར་འགུགས་པའོ། ། གཡོན་པར་ལྟོས་འཕྱེ་ཆེན་པོ་བསྐྱིལ་བའི་ཞགས་པའོ། །གཉིས་པའི་འོག་ཏུ་སོན་པར་བགེགས་རྣམས་དང་། ལྷ་མ་ཡིན་རྣམས་དང་། ཀླུ་དང་གནོད་སྦྱིན་ལ་སོགས་པ་རྣམས་ལ་བསྡིགས་པའོ། །འོག་ཏུ་ རྒྱ་མཚོ་ཆེན་པོ་བྲི་བར་བྱའོ། །དེའི་དབུས་སུ་རི་བོ་ཆེན་པོའི་སྟེང་དུ་པད་མ་ཆེན་པོ་ལ་བཞུགས་པའི་ནི་བཅོམ་ལྡན་འདས་སོ། །རྒྱ་མཚོ་ཆེན་པོ་དེའི་ནང་དུ་ལུས་ཕྱེད་ནུབ་པའི་འོག་ཏུ་ལྟ་བའི་ལྷ་མ་ཡིན་ཆེན་པོ་བརྒྱད་བྲི་ བར་བྱའོ། །བཅོམ་ལྡན་འདས་ཀྱི་སྟེང་དུ་འོད་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་པད་མའི་གདན་ལ་བཞུགས་པ་དང་། ཁྲོ་བོའི་གདན་ལ་བཞུགས་པ་སྟེང་དུ་ཕྱག་བརྐྱང་ནས་ཁྲོ་བོ་ཆེན་པོ་དབུགས་འབྱིན་པར་མཛད་པ་དེ་བཞིན་ གཤེགས་པའི་སྐུ་འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པ་དག་བྲི་བར་བྱའོ། །དེ་ལྟ་བུའི་བྲིས་སྐུ་ཡོངས་སུ་རྫོགས་པ་དང་། རིག་པ་འཛིན་པ་གཅིག་པུས་མི་སྨྲ་བའམ། གྲོགས་བཟང་པོ་དང་བཅས་ཏེ། རི་བོའམ་སྒྲ་ མེད་པའི་ཕུག་རྙིང་པའམ། ཤིང་གཅིག་པའི་གནས་ཇི་ལྟར་རྙེད་པར་ལོ་མ་དང་། འབྲས་བུ་དང་འོ་མ་དང་སློང་བ་ཟ་ཞིང་སྡིག་པ་བཤགས་ལ་བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་ཆོས་ལ་དགའ་བས་བྲིས་སྐུ་རབ་ཏུ་ གནས་པ་བྱ་སྟེ་འབུམ་ཕྲག་བཅུ་བཟླའོ། །ཆོ་ག་འདིས་ཧཱུྃ་ཞེས་བརྗོད་པས་རི་རབ་ཀྱང་ཕྱེ་མར་རློག་ཅིང་རྒྱ་མཚོ་ཡང་སྐེམས་སོ། །ལྷའི་གནས་རྣམས་ལྟུང་བར་བྱེད་དོ། །དེ་ལྟ་བུས་སྔོན་དུ་བསྙེན་པ་བྱ་སྟེ། དཔལ་གྱི་སྒོའི་སྒོར་ 101-1-27b བྲིས་སྐུ་བཞག་ལ་སྟོང་ཕྲག་བཅུ་བཟླའོ། གང་དེའི་ཉེ་བར་གནས་པ་རྣམས་དེར་འོང་ངོ་། །ཐམས་ཅད་ལ་བཀའ་བསྒོ་བར་བྱའོ། །དངུལ་ཆུ་དང་བཅུད་ལེན་དང་མིག་སྨན་དང་གྲུབ་པའི་རྫས་ལ་སོགས་པ་སྟེར་རོ། །སྒོ་ འབྱེད་པར་འགྱུར་རོ། །སྤྱིན་ཐམས་ཅད་ཀྱིས་གོས་པར་མི་འགྱུར་རོ། །སྒྲ་མེད་པར་བྱེད་དོ། །ཆུ་རྒྱུན་སྐེམས་པར་འགྱུར་རོ། །འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །སྡིག་པ་ཐམས་ཅད་བྲལ་བར་ འགྱུར་རོ། །མར་དང་འབྲས་ཡོས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱེད་དོ། །མར་དང་འོ་མའི་སྦྱིན་སྲེག་གིས་སྟོབས་འཕེལ་བར་བྱེད་དོ། །མར་དང་ཏན་ཏུ་ལེའི་སྦྱིན་སྲེག་གིས་ནད་ཆེན་པོ་ཞི་བར་བྱེད་དོ། །དུག་དང་ ཁྲག་གི་སྦྱིན་སྲེག་གིས་ལོག་པར་འདྲེན་པ་རྣམས་གསོད་པར་བྱེད་དོ། །ནིམ་པའི་ལོ་མའི་སྦྱིན་སྲེག་གིས་སྐྲོད་པར་བྱེད་དོ། །བྱི་བའི་སྤུ་དང་རང་གི་ཁྲག་བསྲེས་པའི་སྦྱིན་སྲེག་གིས་ལྷ་མ་ཡིན་ཆེན་པོའི་བུ་མོ་ འགུགས་པར་བྱེད་དོ། །སྲེ་མོའི་སྤུའི་སྦྱིན་སྲེག་གིས་ཀླུ་རྣམས་འགུགས་པར་བྱེད་དོ། །འདིའི་ཆོ་གས་རྟོག་པ་གཞན་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་འཁྲུལ་འཁོར་འཇོམས་པར་བྱེད་པ་རྒྱལ་བའི་རིམ་པར་ཕྱེ་ བར་གྱུར་པ་ནི་སེང་གེ་དང་སྟག་དང་། གླང་པོའི་དབང་པོ་དང་རྟ་དང་ཁྱུ་མཆོག་དང་ལུག་དང་བསེ་རུ་དང་དོམ་དང་། སྤྲེའུ་དང་ཕག་དང་མ་ཧེ་དང་རི་དགས་སྟེ་འཁྲུལ་འཁོར་བཅུ་གཅིག་སྤྲུལ་པ་ལེགས་པར་སྦྱངས་པ། ས་འོག་གི་སྒོ་གཏན་གྱི་འཁྲུལ་འཁོར་བསྡམས་པ་ལ་ཁུ་ཚུར་འཕྱར་བས་བསྣུན་པར་བྱའོ། །རྡོ་རྗེས་བསྣུན་པ་ལྟར་འཇིག་པར་འགྱུར་རོ། །འུག་པ་བྱ་རོག་བྱ་རྒོད་དང་། །ཁྲ་དང་ལོ་མ་བརྒྱ་པ་དང་། །མཁའ་ 101-1-28a ལྡིང་བཞད་དང་གཙུག་ཕུད་ཅན། །འཁྲུལ་འཁོར་འདི་དག་རབ་གྲགས་པ། །ས་ཆེན་པོ་ལ་བསྡིགས་པ་ཡིས། །ཐེ་ཙོམ་མེད་པར་བསྣུན་པར་བྱ། །རལ་གྲི་མུ་སཎ་ཌི་སྒོ་གླེགས། །འཁོར་ལོ་སྦྲུལ་ དང་དབྱུག་གུ་དང་། །སྐྱེས་བུ་གཞུ་ཡིས་ལག་པ་དང་། །སྤུ་གྲི་ཞགས་པ་འཛིན་པ་ལ། །མདའ་ཆེན་བློ་གྲོས་ལྡན་པས་བསྣུན། །རླུང་གི་འཁྲུལ་འཁོར་མེའི་འཁྲུལ་འཁོར། །བཀྲེས་དང་གཉིད་དང་འདར་བ་དང་། ། མགོ་ནད་དང་ནི་མིག་ནད་ལ། །འཁོར་ལོའི་གུར་གྱིས་བསྣུན་པར་བྱ། །བཞི་པའི་འདོ་ལི་ཆུ་བོའི་རྒྱུན། །དུག་གི་རླུང་དང་མུན་ནག་དང་། །ཆུ་སྲིན་རུ་སྦལ་བྱི་བ་དང་། །སྦལ་པ་སྡིག་པ་དེ་བཞིན་དུ། །ཀ་ཀ་རུ་ཡིས་ གཅོད་པ་ལ། །རྫ་རྔ་བརྡུང་བའི་སྐྱེས་བུ་ཡིས། །རྡོ་རྗེ་བསྡིགས་པས་བསྣུན་པར་བྱ། །གར་གྱི་སྦྱོར་བའི་དེ་ཉིད་ཀྱིས། །གཞན་ཡང་འཁྲུལ་འཁོར་དུ་མ་ནི། །རླུང་དང་མེ་རུ་རབ་གྲགས་པ། །ས་དང་ཆུ་ཡི་ཟུག་ རྔུ་དང་། །ནམ་མཁའ་དུག་དང་ལྷན་ཅིག་པ། །ཐམས་ཅད་རྐང་འོག་རྡོ་རྗེ་ཡིས། །གར་གྱི་སྦྱོར་བས་བསྣུན་པར་བྱ། །རྡོ་རྗེ་བསྡིགས་པའི་སྦྱོར་བ་ཡིས། །རྡོ་རྗེ་ཁུ་ཚུར་གྱིས་ནི་བསྣུན། །བསྣུན་པས་འཁྲུལ་ འཁོར་ཐམས་ཅད་ནི། །གདོན་མི་ཟ་བར་ལྟུང་བར་འགྱུར། །ཉི་མ་དང་ནི་རྡོར་འཛིན་ཡང་། །དཔལ་ལྡན་གྱིས་བསྣུན་གཡོ་འགྱུར་ན། །ཕལ་པའི་འཁྲུལ་འཁོར་སྨོས་ཅི་དགོས། །ལྷ་མིན་བུ་མོ་རྙེད་དཀའ་མིན། ། རལ་གྲི་འཁོར་ལོ་དབྱུག་གུ་སོགས། །འདོ་ལི་ཨ་ཛ་ག་ར་དང་། །གསང་བའི་མཚམས་ཀྱི་སྒོ་གླེགས་དང་། །བུང་བའི་ཕྲེང་བ་དེ་བཞིན་དུ། །དྲག་པོའི་སྒྲ་དང་གད་རྒྱངས་ཆེ། །ཚར་གཅོད་པ་རུ་གང་གྱུར་པ། ། ཕྱི་རོལ་དུ་ནི་ཆོ་ག་དེས། །ཇི་ལྟར་འཇོམས་པ་དེ་བཞིན་བསྣུན། །ཁྲོས་པས་མཆེ་བས་མཆུ་མནན་ཏེ། །ས་འོག་བཟླས་པས་བསྣུན་པར་བྱ། །ཁྲོན་པར་འཇུག་པའི་འཁྲུལ་འཁོར་ནི། །དེ་ནི་འོག་གི་འཁྲུལ་འཁོར་ 101-1-28b བཤད། །དཔལ་གྱི་སྒོ་ནི་གང་ཚེ་མཐོང་། །བཟང་ཡང་མཚན་ཉིད་ཉམས་པ་དང་། །སྲ་བའི་མཚམས་དང་སྦས་པ་དང་། །རི་མོ་ཡིས་ནི་ཡོངས་བྲེས་པ། །དེ་ལ་ས་གའི་ཆོ་ག་ཡིས། །ལག་པ་སྟེང་དུ་བྱས་ནས་སུ། ། རྡོ་ལ་བརྒྱད་བརྒྱ་བཟླས་ནས་ཀྱང་། །མཚམས་ལ་དྲག་ཏུ་རྡེག་པར་བྱ། །བསྣུན་པ་ཙམ་གྱིས་འཁྲུལ་འཁོར་དེ། །གདོན་མི་ཟ་བར་མཐོང་བར་འགྱུར། །བྱ་རོག་མཆུ་དང་དབྱུག་གུ་དང་། །ཐོ་བ་འཆིང་བའང་དེ་ བཞིན་ཏེ། །རུ་སྦལ་ཕྱག་རྒྱའི་ཆོ་ག་ཡིས། །གཡས་ལས་གཞན་པས་རེག་པར་བྱ། །ཕུར་བུ་བཅིང་བར་བྱས་ནས་སུ། །བྱ་རོག་མཆུ་ལ་གཟེར་བར་བྱ། །གཡོན་བརྐྱང་པ་འམ་མཉམ་པ་ཡིས། །གཡས་ པ་ཡིས་ནི་དེ་བསྐོར་རོ། །འཁྲུལ་འཁོར་གྱི་ནི་མཚམས་རྙེད་འགྱུར། །དེ་ནི་མྱུར་བས་གདོན་པར་བྱ། །དེ་ནས་པུས་མོ་གཡས་བསྐུམས་ཏེ། །རྐང་པ་གཡོན་པ་བརྐྱང་བར་བྱ། །ཐོ་བས་ཕུར་བུ་ལ་བསྣུན་པས། ། མཚམས་ཀྱི་འཁྲུལ་འཁོར་བསྐྱོད་པར་འགྱུར། །རྡོ་རྗེ་ཁྲོ་བོ་དེ་མ་ཐག །གསང་སྔགས་བཟླས་པས་གདོན་པར་བྱ། །དེར་ནི་དུ་བ་འབྱུང་བ་ན། །རླུང་གི་འཁྲུལ་འཁོར་གྱིས་བྱས་ཡིན། །གེ་སར་རྒྱ་སྤོས་ རུ་རྟ་དང་། །པུ་ནར་ན་བ་ཁྱབ་འཇུག་གནོན། །དེ་དག་རྣམས་ལས་བདུག་པ་བྱ། །རླུང་གི་འཁྲུལ་འཁོར་བཟློག་པར་འགྱུར། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ ས་འོག་གི་རྒྱུད་ལས་འཁྲུལ་འཁོར་འཇོམས་པ་རྒྱལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཁྲོ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཉིད་ཀྱིས་རྣམ་པར་རྒྱལ་བ་རྡོ་རྗེའི་རྒྱུད་ཆེན་པོ་བཀའ་སྩལ་ལགས་ན། བདག་ཀྱང་རིག་པ་འཛིན་པ་རྣམས་ལ་སྨན་པའི་སླད་དུ་བཤད་པས་བཅོམ་ལྡན་འདས་ལ་ཞུའོ། །བཅོམ་ལྡན་འདས་རིག་པ་འཛིན་པ་ཇི་ལྟར་གནས་ 101-1-29a པར་བགྱི། ཇི་ལྟར་རིག་པ་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་པའི་བདག་པོས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཁྲོ་བོ་ཁྱོད་ཀྱིས་སེམས་ ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་འཛིན་པ་འགྲུབ་པའི་རྒྱུ་དྲིས་པ་ལེགས་སོ་ལེགས་སོ། །རིག་པ་འཛིན་པས་ཇི་ལྟར་རིག་པ་བསྒྲུབ་པ་རྡོ་རྗེ་ཁྲོ་བོ་ཉོན་ཅིག །དེ་ལ་རེ་ཤིག་དང་པོར་རིག་པ་འཛིན་པས་བསླབ་པའི་ གནས་ལྔ་ཡོངས་སུ་བཟུང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་ལ་གནས་པ་དེའི་རིག་པ་འཛིན་པའི་འདུལ་བ་ངས་བཤད་པར་བྱའོ། །དང་པོ་ རེ་ཤིག་བཟླས་པའི་ཕྲེང་བ་ཡོངས་སུ་བཟུང་སྟེ། ནོར་བུ་དང་། བུ་ཡིས་འཚོ་བ་དང་། དྲག་པོའི་རི་ལུ་དང་། ཙན་དན་དམར་པོ་དང་། རྡོ་རྗེའི་མིག་རྣམས་ལས་དྲག་པོའི་མིག་ཁྱད་པར་དུ་འཕགས་པས་དེ་བརྒྱུ་བའི་སྔགས་སུ་ གྱུར་པ་ནི། ན་མོ་བཛྲ་པཱ་ཎ་ཡེ་ཨོཾ་ཀཾ་རི་ཀི་རི་རཽ་ཏྲི་ཎི་སྭཱ་ཧཱ། སྔགས་འདིས་ཕྲེང་བ་བརྒྱུ་བར་བྱའོ། །དེ་ནས་སློབ་དཔོན་ལས་གནང་བ་ནོད་དེ། སློབ་དཔོན་ལ་ཕུལ་དུ་བྱུང་བའི་ཡོན་ཕུལ་ལ་སྔགས་བཟླ་བར་བྱའོ། ། དེ་ལྟ་བུའི་བྱ་བ་དང་ལྡན་པས་སྔགས་བསྒྲུབས་པས་ངེས་པར་འགྲུབ་པར་འགྱུར་རོ། །བགེགས་རྣམས་ཀྱིས་བར་དུ་གཅོད་པར་མི་འགྱུར་རོ། །དཀྱིལ་འཁོར་དུ་མ་ཞུགས་ན་ཚིག་ཙམ་ཡང་སྦྱིན་པར་མི་བྱ་ན། སྔགས་ འགྲུབ་པ་ལྟ་ཅི་སྨོས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་སྔགས་འགྲུབ་པ་གསང་བ་བཤད་པར་བྱའོ། །རིག་པ་འཛིན་པས་ཞི་བ་དང་རྒྱས་པ་དང་། མངོན་སྤྱོད་དང་། དབང་དུ་བྱ་བ་དང་། གསོད་པ་དང་། བསྐྲད་པ་རྣམས་ བསྒྲུབ་པའི་དོན་དུ་གནས་ཡོངས་སུ་གཟུང་བར་བྱའོ། །དེ་ལ་རེ་ཤིག་གནས་སུ་གྱུར་པ་ནི་རིའི་རྩེ་མོ་དང་། ཤིང་གཅིག་པ་དང་། དུར་ཁྲོད་དང་རིང་བསྲེལ་ཅན་གྱི་མཆོད་རྟེན་རྣམས་སུ་བུམ་པ་རྩ་བ་ནག་པོ་མེད་པར་ནོར་བུ་དང་། འབྲུ་དང་། 101-1-29b སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་ལ་བཅོམ་ལྡན་འདས་ཀྱི་མདུན་དུ་བརྒྱད་བརྒྱ་བཟླའོ། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་འཁྲུལ་འཁོར་གྱི་གནས་སུ་སྔགས་འདིས་བཟླ་བར་བྱའོ། །དེ་ནས་སའི་ཕྱོགས་སུ་བུམ་པ་ལ་ཁྲོ་བོས་བསྔགས་ ཏེ་ཐམས་ཅད་ལ་བསང་གཏོར་བྱའོ། །ཆུའི་རྒྱུན་མ་ཆད་པས་ཐམས་ཅད་ལ་བསྐོར་བར་བྱའོ། །དུག་དང་ཁྲག་དང་ཡུངས་ཀར་བསྲེས་པས་ཨརྒའི་ཤིང་ལ་མེ་སྦྱར་ལ་སྟོང་ཕྲག་བརྒྱད་བསྲེགས་ལ་འདི་སྐད་ཅེས་ཁོ་བོས་གནས་ འདི་ཡོངས་སུ་བཟུང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་རིག་པ་འཛིན་པ་དེའི་རིག་པ་རྣམས་དང་གཞན་ཡང་གླགས་བལྟ་བ་འཇུག་པའི་གོ་སྐབས་རྙེད་པར་མི་འགྱུར་རོ། །ཇི་ལྟར་འདོད་པར་སེམས་པ་བསྒྲུབ་པར་བྱའོ། །ཆོ་ག་ གང་བསྒྲུབ་ན་དེ་ནས་རིག་པ་འཛིན་པས་བ་གླང་གི་འོ་མ་དང་། ནས་དང་ལོ་མ་དང་། སློང་བ་ཟ་ཞིང་དེ་བཞིན་གཤེགས་པ་ལ་ཕྱོགས་པས་འབུམ་ཕྲག་གཅིག་བཟླ་བར་བྱའོ། །སྔགས་ཀྱི་མཐར་གསོལ་བ་གདབ་པར་བྱ་སྟེ། གང་གི་ཚེ་བཅོམ་ལྡན་འདས་བདག་གིས་བསྒྲུབ་པ་འདི་གདོན་མི་ཟ་བར་འགྲུབ་པར་འགྱུར་བ་དེ་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བརྗོད་ལ། དེ་ནས་རྗེ་བཙུན་སངས་རྒྱས་ཀྱི་མདུན་དུ་ནག་པོའི་བརྒྱད་པའི་ཉིན་མཚན་ གསོ་སྦྱོང་དང་ལྡན་པས་དགོངས་ཀའི་དུས་སུ་ཇི་ལྟར་ནུས་པས་མཆོད་པ་བྱ་སྟེ། ཀུ་ཤའི་ཆུན་པོའི་སྟེང་དུ་བསྡད་ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཏེ་རིག་པ་ཁོར་མོར་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་བཟླ་བར་ བྱའོ། །དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏོ་གཉིད་ཀྱི་མཚན་མོའི་ཐུན་ཚོད་ཕྱི་མ་ལ་ལྷ་དེ་ཉིད་གྲུབ་པ་ཡང་བཀའ་སྩོལ་བར་འགྱུར་རོ། །གལ་ཏེ་མི་གསུང་ན་ཉི་མ་ཕྱི་མ་ལ་དེ་བཞིན་དུ་མཆོད་པའི་ཆོ་གས་བཅོམ་ལྡན་ འདས་སྤྱན་དང་ལྷན་ཅིག་པ་མཆོད་དེ། སྣ་མའི་མེ་ཏོག་ལ་བརྒྱད་བརྒྱ་ཡོངས་སུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ། ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་ཀྱི་བར་དུ་བཟླ་བར་བྱའོ། །ངེས་པར་གསུང་བར་འགྱུར་རོ། །དེ་ནས་ཐེ་ཙོམ་མེད་ 101-1-30a པར་སླར་ཡང་སྔར་བཤད་པའི་ཆོ་ག་བཞིན་དུ་གསང་སྔགས་ཆེན་པོ་འབུམ་ཕྲག་གསུམ་དང་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །དེ་ནས་སྦྱིན་སྲེག་གི་ཆོ་ག་ནི་མངོན་སྤྱོད་ལ་སྟེགས་བུ་གྲུ་གསུམ་པ་བྱའོ། ། རྒྱས་པ་ལ་གྲུ་བཞིའོ། །ཞི་བ་ལ་ཟླུམ་པོའོ། །སྒྲུབ་པ་ཆེན་པོ་ལ་པད་མའི་རྣམ་པའོ། །དབང་དུ་བྱ་བ་ལ་ལྕགས་ཀྱུའི་རྣམ་པའོ། །རིག་པ་དང་ལྷན་ཅིག་ཏུ་དྲི་ཞིམ་པོའི་མེ་ཏོག་དང་ཡམ་ཤིང་བསྲེག་པར་བྱའོ། །མངོན་ སྤྱོད་ལ་དུར་ཁྲོད་ཀྱི་ཤིང་ལ་ཚ་བ་གསུམ་དང་སྐྱེ་ཚེ་དང་། ཡུངས་ཀར་དང་། ལན་ཚྭ་དང་། ཐལ་བ་དང་ཁྲག་ལ་སོགས་པས་ཁྲོ་བོ་ལ་སྲེག་བླུགས་བྱའོ། །ཞི་བ་ལ་སྨན་གྱི་ལྗོན་པའི་ཡམ་ཤིང་གིས་སོ། །རྒྱས་ པ་ལ་འོ་མ་ཅན་གྱི་ཡམ་ཤིང་གིས་སོ། །ཞི་བ་ལ་མེ་ཏོག་དང་དྲི་དཀར་པོས་སོ། །རྒྱས་པ་ལ་མེ་ཏོག་དང་དྲི་སེར་པོས་སོ། །མངོན་སྤྱོད་ལ་མེ་ཏོག་དང་དྲི་དམར་པོས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ ལྡན་པའི་སྔགས་ཀྱིས་ཐུན་གསུམ་དུ་ལས་བྱའོ། །སྒྲུབ་པ་ཆེན་པོ་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པས་ལས་བྱའོ། །ཞི་བ་ལ་དཀྱིལ་དཀྲུང་གིས་སོ། །རྒྱས་པ་ལ་ཙོག་པུས་སོ། །མངོན་ སྤྱོད་ལ་རྐང་པས་རྐང་པ་མནན་པས་སོ། །ཟས་མི་ཟ་བར་སྲེག་བླུགས་བྱའོ། །སྒྲུབ་པ་ཆེན་པོ་དང་ཞི་བ་ལ་ཧཱུྃ་གི་ཡི་གེ་བཟླའོ། །མངོན་སྤྱོད་ལ་ཕཊ་ཀྱི་ཡི་གེའོ། །ཞི་བ་ལ་སྲོད་ཀྱི་ཐུན་ལའོ། །རྒྱས་པ་སྔ་ དྲོའི་ཐུན་ལའོ། །མངོན་སྤྱོད་ཉི་མ་གུང་ངམ་ནམ་གུང་གི་དུས་སུ་ཁ་ལྷོར་བལྟས་ཏེ་ལས་བྱའོ། །སྒྲུབ་པ་ཆེན་པོ་དང་ཞི་བ་ལ་ཁ་ཤར་དུ་ཕྱོགས་པས་སོ། །རྒྱས་པ་ལ་བྱང་དུ་ཕྱོགས་པས་སོ། །དབང་དུ་བྱ་བ་ ལ་བྱང་དུ་ཕྱོགས་པས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་ལ་མཆོད་པ་བྱས་ཏེ། རྒྱས་པའི་ལས་བྱའོ། །དུར་ཁྲོད་དང་རྟགས་གཅིག་པར་དབང་དུ་བྱ་བ་དང་མངོན་སྤྱོད་དོ། །ཞི་བ་ལ་སོགས་པ་ལ་མེ་སྦར་ 101-1-30b ཏེ་བྱའོ། །གང་གི་ཚེ་དེར་མེ་བཟང་པོར་གྱུར་ན་དེ་ནས་ལས་འགྲུབ་པར་འགྱུར་རོ། །ཐོག་མ་ཁོ་ནར་སྔགས་ཀྱི་ལྷ་སྤྱན་དྲངས་ཏེ་ཕྱིས་བཅིང་བར་བྱའོ། །ཐོག་མར་དེ་ལྟར་མ་བྱས་ན་རིག་པ་འགྲུབ་པར་མི་འགྱུར་རོ། ། སྤྱན་དྲངས་ནས་དྲིའི་ཆུས་གང་བའི་སྣོད་དུ་མེ་ཏོག་དཀར་པོ་དང་ལྡན་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ཏེ། གསང་སྔགས་བརྒྱད་བརྒྱ་བགྲང་བར་བྱའོ། །སྒྲུབ་པ་ཆེན་པོ་འབྱུང་བའི་མཚན་མ་རྣམས་ འབྱུང་སྟེ་གློ་བུར་དུ་དུང་གི་སྒྲའམ། འབྲུག་གི་སྒྲ་ཐོས་པ་དང་དྲི་ཞིམ་པོ་བྱུང་ན་དེ་ནས་རིག་པའི་ལྷ་འོངས་པར་ཤེས་པར་བྱའོ། །གལ་ཏེ་མ་འོངས་ན་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་ལ་སྔར་བཞིན་དུ་མཆོད་ཡོན་ བཟུང་སྟེ་བརྒྱད་བརྒྱ་བཟླའོ། །འོང་བར་འགྱུར་རོ། །བྱོན་པ་དང་དཀྱིལ་འཁོར་བཅིང་བ་དང་། ཕྱོགས་བཅིངས་ལ་གཏོར་མ་དང་ལྷ་བཤོས་དབུལ་བར་བྱའོ། །དེ་ནས་མིག་སྨན་དང་ལྡོང་རོས་ལ་སོགས་པ་རྣམས་བསྒྲུབ་པར་ བྱའོ། །སྔོན་དུ་སྦྱངས་ཏེ་ཕྱིས་བསྒྲུབ་པར་བྱའོ། །མིག་སྨན་དང་ལྡོང་རོས་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་འོ་མས་བྲན་ཞིང་གཞག་གོ། །དེ་ནས་བཏོན་ལ་ཇི་ལྟར་ནུས་པས་དགེ་འདུན་ལ་དགའ་སྟོན་བྱའོ། །སྐར་མ་རྒྱལ་ལ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པས་མཆོད་ལ་རས་དཀར་པོ་མ་ཉམས་པས་གཡོགས་ཏེ། བསོད་ནམས་མཆོད་ལ་རྟག་པར་བྱའོ། །བརྟགས་པ་ན་སྔོན་གྱི་མཚན་མ་བྱུང་ན་ལས་འགྲུབ་པར་ཤེས་པར་ བྱའོ། །མཚན་མ་གཞན་ཡང་སིལ་སྙན་གྱི་སྒྲ་དང་། དུང་གི་སྒྲ་དང་རྒྱལ་བའི་སྒྲ་བྱུང་ན་སིལ་སྙན་གྱི་སྒྲས་རིག་པ་འཛིན་པ་ཆེན་པོ་འགྲུབ་པར་འགྱུར་རོ། །རྒྱལ་བའི་སྒྲས་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ། །དུང་གི་ སྒྲས་དབང་དུ་བྱེད་པ་འགྲུབ་པར་འགྱུར་རོ། །རྫས་བཏགས་ཏེ་མིང་མེད་ཀྱིས་རི་ལུ་ལྔ་བྱའོ། །རས་མ་ཉམས་པའི་སྟེང་དུ་བཞག་སྟེ། གྲིབ་མ་ལ་སྐམ་པར་བྱའོ། །དེ་ནས་ཨ་ཤྭད་ཐའི་ཤིང་གི་སྟེང་དུ་བཞག་ནས་ཞག་བདུན་དུ་ལྷག་ 101-1-31a པར་གནས་པར་བྱའོ། །དེ་ནས་ཐོག་མ་སྒྲུབ་པའི་ཉིན་མོ་སྔ་དྲོའི་ཚེ་ཡོངས་སུ་ལྟུང་བས་བསྣུན་པ་ལ་ལན་སྟོང་ཕྲག་གཅིག་བསྔགས་ཏེ་དེ་ནས་ཕྱེམ་རེད་སྒྲུབ་པ་ལ་འཇུག་པར་བྱ་སྟེ། ཨ་ཤྭད་ཐའི་ལོ་མ་བཞི་ གཡས་བསྐོར་དུ་བསྐོར་བ་ལ་བཞག་སྟེ་གསུམ་གྱིས་དགབ་བོ། །ཨ་ཤྭད་ཐའི་ལོ་མ་རྣམས་འདི་ལྟ་བུའི་གནས་ནས་བླང་བར་བྱ་སྟེ། ལྗོན་ཤིང་གཞན་གྱི་གྲིབ་མས་མ་ཕོག་པ་དང་། ལྷའི་ཁང་པས་མ་ཕོག་པ་དང་དུར་ ཁྲོད་དུ་སྐྱེས་པ་རྣམས་ཀྱི་ཨ་ཤྭད་ཐའི་ལོ་མ་ཡོངས་སུ་གཟུང་བར་མི་བྱའོ། །དེ་དག་ལས་གཞན་གནས་བསྔགས་པའི་ཨ་ཤྭད་ཐའི་ཤིང་གི་ལོ་མ་རྩེ་མོ་དཀར་པོ་རྣམས་ཀྱི་སྟེང་དུ་གྲུབ་པའི་རྫས་ཆ་གསུམ་དུ་བྱས་ཏེ། བླ་མ་དང་བདག་ཉིད་དང་ལྷན་ཅིག་པ་རྣམས་ཀྱིའོ། །རྡོ་རྗེ་དང་འཁོར་ལོ་དང་རལ་གྲི་རྣམས་སུ་བློས་བརྟགས་ནས་དེ་དག་ཐུན་ཚོད་ལྔར་ཡོངས་སུ་བསྐམས་ཏེ། དེ་ནས་བ་གླང་གི་ལྕི་བའི་ཚོགས་ཀྱི་དབུས་སུ་བཅུག་ལ་ ཞག་ཉི་ཤུ་རྩ་གཅིག་ཏུ་བཞག་གོ། །དེ་ནས་བཏོན་ཏེ་བའི་རྣམ་ལྔས་བཀྲུས་ལ་དེ་ཉིད་དུ་ཞག་བདུན་ལྷག་པར་གནས་པར་བྱས་ཏེ་ཡོངས་སུ་ལྟུང་བས་བསྣུན་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ལ་དེ་ནས་སྒྲུབ་པ་ལ་ འཇུག་གོ། །མིག་སྨན་དེ་དང་རུ་རྟ་དང་། རྒྱ་སྤོས་དང་། ལོ་དྲ་རྣམས་བསྲེས་ལ་བཅོམ་ལྡན་འདས་སྤྱན་མའི་སྙིང་པོ་སྟོང་ཕྲག་བརྒྱད་མངོན་བར་བསྔགས་ཏེ། སྒྲུབ་པའི་དུས་སུ་མིག་ལ་བྱུགས་པས་གཉིད་མི་འབྱུང་ངོ་། ། གཞན་ཡང་སྨན་དུ་གྱུར་པ་ནི་ཨ་པ་མཱརྒ་དཀར་པོའི་རྩ་བ་དང་། ཤུ་དག་སྐྱ་བོ་དང་། རུ་རྟ་དང་རྒྱ་སྤོས་དང་གི་ཝང་དང་གུར་གུམ་དང་ཙན་དན་དཀར་པོ་དང་ཐོག་མར་རིང་བསྲེལ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་ཞག་གསུམ་ དུ་སྨྱུང་བར་བྱས་ཏེ། རྡོ་རྗེ་གོ་ཆའི་སྔགས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་སོ། །དེ་ནས་སྒྲུབ་པའི་དུས་སུ་བ་གླང་གི་གཅིན་དང་བཏགས་ཏེ་ལུས་ལ་ཡོངས་སུ་བསྐུས་ནས་སྒྲུབ་པ་ལ་འཇུག་གོ། །ལྷ་དང་ཀླུ་དང་། 101-1-31b གནོད་སྦྱིན་དང་། རིག་པ་འཛིན་པ་དང་། ལོག་འདྲེན་ཐམས་ཅད་ཀྱིས་རྒྱང་ནས་འོད་དང་ལྡན་པའི་མེའི་ཕུང་པོ་ལྟར་འབར་བར་མཐོང་སྟེ། མཐོང་ནས་ཕྱག་འཚལ་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་ པ་ཐམས་ཅད་ཀྱི་རིགས་རྣམས་མཚུངས་པར་འགྲུབ་པར་འགྱུར་རོ། །གང་གི་ཚེ་རིག་པ་འཛིན་པས་རྫས་གྲུབ་པར་གྱུར་ན་དེ་ནས་སྔོན་བཞིན་བཅོམ་ལྡན་འདས་སྤྱན་མའི་སྔགས་ཀྱིས་མེ་ཏོག་དཀར་པོ་ལ་བརྒྱད་བརྒྱ་ བཟླས་ལ་རྫས་ཀྱི་དབུས་སུ་བཅུག་པས་རྫས་བརྟན་པར་འགྱུར་རོ། །གཞན་དུ་ན་དངོས་གྲུབ་འཕྲོག་པར་འགྱུར་རོ། །གལ་ཏེ་རིག་པ་འཛིན་པས་གསང་སྔགས་གྲུབ་པར་མ་གྱུར་ན་རིག་པ་འཛིན་པ་དེས་འདི་ལྟར་ བྱ་སྟེ། རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོའི་འགྲམ་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཁྲུ་གང་བ་བརྒྱད་བརྒྱ་བྱས་ལ་མཆོད་རྟེན་རེ་རེ་ལ་ཇི་ལྟར་ནུས་པའི་དྲི་དང་མེ་ཏོག་དང་བདུག་སྤོས་ཕུལ་ཏེ། དུས་གསུམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སྡིག་པ་བཤགས་ཏེ་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་དམ་བརྒྱད་བརྒྱ་བཟླའོ། །གལ་ཏེ་མཚན་མ་མ་བྱུང་ན་ཆོ་ག་འདིས་མཆོད་རྟེན་སྟོང་ཕྲག་གཅིག་བྱས་ཏེ་དེའི་ནུབ་ ཕྱོགས་མ་ཡིན་པའི་མཆོད་རྟེན་འབར་ན་ལས་ཀྱི་སྒྲིབ་པ་ཟད་པར་ཤེས་པར་བྱའོ། །དེ་ནས་གང་ཅི་བསྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་བརྩམས་ནས་ལས་གཞན་དབབ་པ་དང་གསོད་པ་ ལ་སོགས་པ་རྣམས་མི་བྱའོ། །གལ་ཏེ་བྱས་ན་རིག་པ་འགྲུབ་པར་མི་འགྱུར་རོ། །ལོང་བ་དང་སྒུར་པོ་དང་རླིག་རླུགས་དང་། འོན་པ་དང་སེན་མོ་ངན་པ་དང་། ཤ་བཀྲ་ཅན་དང་། ལུས་ཞ་བ་དང་། སྦོ་གནག་པ་རྣམས་ ཀྱིས་བསྒྲུབ་པ་ཆེན་པོ་འགྲུབ་པར་མི་འགྱུར་རོ། །གཞན་གཟའ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མི་གང་སངས་རྒྱས་དང་ཆོས་ལ་དད་པ་དང་ལྡན་པ་དང་། འདུད་པ་དང་ལྡན་པ་དང་སེན་མོ་ཟངས་ཀྱི་མདོག་ཅན་དང་ 101-1-32a ལྡན་པ་དང་། ཕ་མ་ལ་གུས་པ་དང་། བླ་མ་ལ་སྲི་ཞུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ། །རིག་པ་འཛིན་པས་སྔགས་སྒྲུབ་པ་སྔོན་བཞིན་སྒྲུབ་པ་དང་ལྡན་ན་ཚེའི་དུས་བྱས་ཀྱང་གང་འདོད་པ་ སེམས་ཤིང་ཤི་བས་དེ་ཤི་བ་ཙམ་གྱིས་དེ་དང་དེར་སྐྱེ་བར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཆེན་པོའམ། ཡང་ན་རིག་པ་འཛིན་པའི་རིགས་སམ། དབང་ཕྱུག་ཆེན་པོའི་རིགས་སམ་གདོལ་པའི་རིག་ པ་འཛིན་པའི་རིགས་དེ་ལྟ་བུའི་རིམ་པ་གང་འདོད་པའི་བསམ་པས་སྔགས་བསྒྲུབས་པས་དེ་ལྟ་བུའི་རིགས་སུ་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་ལ་འབད་པའི་རིག་པ་འཛིན་པས། རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་དང་། དབྱུག་གུ་དང་། ཞགས་པ་དང་། མདུང་ཐུང་དང་། དབྱུག་ཐོ་དང་། པད་མ་དང་། དུང་དང་། ལྕགས་ཀྱུ་དང་། སྤྱི་བླུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ། །ས་ལ་བྲིས་པ་ལ་ཡང་ དེ་བཞིན་དུ་བྱའོ། །འདི་ལྟར་རྡོ་རྗེ་འཆང་བའི་རྡོ་རྗེ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། ལྷ་ཆེན་པོའི་རྩེ་གསུམ་དང་། གཤིན་རྗེའི་དབྱུག་གུ་དང་། ཆུ་ལྷའི་ཞགས་པ་དང་། གཞོན་ནུའི་མདུང་ཐུང་དང་། སྟོབས་ལྷའི་དབྱུག་ ཐོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་པད་མ་དང་། རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུ་དང་། ཚངས་པའི་སྤྱི་བླུགས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཐོབ་པར་འདོད་པ་བདག་ཉིད་ཀྱིས་རྡོ་རྗེ་ལ་སོགས་པ་དེ་དང་དེ་དག་ཕྱག་ རྒྱ་ཆེན་པོའི་རྐང་པས་བརྫི་བར་མི་བྱའོ། །གང་གི་ཚེ་རིག་པ་འཛིན་པའི་གསང་སྔགས་བསྒྲུབ་པ་ན་རིག་པའི་ལྷ་དངོས་གྲུབ་མི་སྟེར་ན་དེས་ལས་འདིས་རིག་པ་མཉེས་པར་བྱ་སྟེ་དྲི་ཐམས་ཅད་ཀྱིས་རིག་པའི་ལྷའི་གཟུགས་ བརྙན་བྱས་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་སྟེ་ཞག་གསུམ་དུ་སྨྱུང་བར་གནས་ལ་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་ལ་སྤྱན་དང་ལྷན་ཅིག་པའི་རིག་སྔགས་ཀྱིས་གནའ་མའི་མེ་ 101-1-32b ཏོག་སྟོང་ཕྲག་བརྒྱད་དེའི་གཟུགས་བརྙན་གྱི་སྙིང་གར་བརྡེག་པར་བྱ་ཞིང་། མར་ནག་དང་མར་བསྲེས་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་ལ་དེ་ཉིད་དུ་འཁོད་དེ་ཇི་ལྟར་ནུས་པའི་མཆོད་པ་དང་གཏོར་མའི་ཆོ་ག་བྱའོ། ། དེ་ནས་རིག་པ་འཛིན་པ་དེ་རངས་པས་གཉིད་ལོག་པ་དང་། སྟོན་པར་འགྱུར་བའམ་རྗེས་སུ་གདམས་པ་སྟོན་པར་འགྱུར་རོ། །གལ་ཏེ་མ་འོངས་ན་ཉི་མ་ཕྱི་མ་ལ་དེ་བཞིན་དུ་གཏོར་མའི་ཆོ་ག་བྱས་ཏེ་རྡོ་རྗེ་ཁྲོ་བོ་དང་ལྷན་ཅིག་ཏུ་ སྟོང་ཕྲག་བརྒྱད་བཟླའོ། །དེ་ནས་རིག་པའི་ལྷ་དེ་ཉིད་ཁྲོ་བོ་དང་ལྷན་ཅིག་ཏུ་རྨི་ལམ་དུ་མཐོང་ནས་ཆད་པ་དང་། ལྷག་པ་དང་ཕྱི་མོ་དམན་པ་དང་། ཡི་གེ་གཞན་དུ་གྱུར་པ་ཡང་སྟོན་པར་འགྱུར་རོ། །གལ་ཏེ་ཡོངས་སུ་རྫོགས་ པར་གྱུར་ན་དེ་ནས་དངོས་གྲུབ་སྟེར་བར་འགྱུར་རོ། །བསྒྲུབ་པ་དང་པོ་ལ་ལས་འདི་མི་བྱ་ལ་ཇི་སྲིད་ལན་བདུན་བསྒྲུབས་ཀྱང་མ་གྲུབ་ན་དེ་ནས་ལས་འདི་བྱའོ། །དེ་ནས་རྫས་སྒྲུབ་པའི་དུས་སུ་གྱུར་ན་དེའི་མཐར་སྲོད་དམ་ནམ་ གུང་དང་ཉི་མ་ཤར་བ་ན་རིག་པ་འཛིན་པས་རྨི་ལམ་ལྟ་བུར་གསང་སྔགས་གང་འདོད་པ་ཡིད་ལ་སེམས་ཤིང་བཟླ་བར་བྱའོ། །གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་པར་གྱུར་ནས་རིག་པའི་ལྷ་མངོན་དུ་མི་འགྱུར་རོ། ། གཞན་གྱི་གོས་ལ་རེག་པར་མི་བྱ་ཞིང་བགོ་བ་གསུམ་བྱས་ཏེ། གཅིག་གྱོན་ལ་ཁྲུས་བྱའོ། །གཉིས་པས་བཟླ་བར་བྱའོ། །གསུམ་པས་མཚན་མོ་གྱོན་པར་བྱའོ། །དཀྱིལ་དཀྲུང་གིས་གནས་ཏེ་རིག་པའི་མཚན་མ་ མཐོང་ནས་ཏིལ་དང་མར་བསྲེས་པའི་སྲེག་བླུགས་བྱའོ། །རིག་པའི་སྟོབས་འཕེལ་བར་འགྱུར་རོ། །ཏིལ་མེད་ན་དན་དུ་ལ་དང་སྲན་མ་ཤ་དང་མུད་ག་རྣམས་ཀྱིས་བྱའོ། །ཉ་དང་ཤ་དང་ཆང་བཏུང་བར་མི་བྱ་སྟེ། ཉེས་པ་དེས་ ལོག་པར་འདྲེན་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །རྟག་ཏུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྙེན་བཀུར་བ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པར་བྱའོ། །དམ་ཚིག་ཤེས་པར་གྱུར་ 101-1-33a པས་འདི་ལྟར་བྱས་ན་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ། །རིག་པ་འཛིན་པས་སྔར་བཤད་པ་བྱའོ། །རྟག་ཏུ་ལྷ་ཐམས་ཅད་ལ་བདུག་པ་དང་། ལྷ་བཤོས་ཀྱི་འབྲས་ཆན་རང་གི་ལག་གིས་ དབུལ་བར་བྱའོ། །ཟློས་པ་ན་ཁ་ཤར་དུ་ཕྱོགས་ཏེ་བྲིས་སྐུ་བྲིས་པའི་སྔོན་དུ་བཟླས་པར་བྱའོ། །བྲིས་སྐུའི་ཚད་ཆེན་པོ་ཁྲུ་བཅུ་པའི་རས་ལའོ། །དེའི་ཕྱེད་དང་ཕྱེད་ལ་འབྲིང་དང་ཐ་མར་འགྱུར་རོ། །སྐབས་འདིར་རིག་པ་ འཛིན་པས་སྔར་བཤད་པ་རྣམས་བྱའོ། །གལ་ཏེ་བརྒྱ་ལ་རྫས་སམ་གོས་སམ་རྒྱན་སྟེར་ན་དེ་བཟུང་བར་མི་བྱ་སྟེ། འབྲས་བུ་ཙམ་བཟུང་ན་ཡང་གསང་སྔགས་འགྲུབ་པར་མི་འགྱུར་རོ། །ཆུ་ཉུང་ངུས་བཀྲུ་བར་མི་བྱ་ཞིང་རྐང་ པས་མེ་ལ་རེག་པར་མི་བྱ་ལ་སེན་མོས་ས་ལ་རི་མོ་བྲི་བར་མི་བྱ་ཞིང་ལྷའི་ཁང་པའི་གྲིབ་མ་ལ་འགོམ་པར་མི་བྱ་སྟེ་འདི་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་དེ་དག་དོར་བའི་སྔགས་པས་མྱུར་དུ་རིག་སྔགས་འགྲུབ་པར་འགྱུར་རོ། ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རིག་སྔགས་ཀྱིས་འདུལ་བ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོས་ཡོངས་སུ་ཞུས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ༈ །། དེ་རུ་འབད་པས་འཇུག་པ་ན། །ཁང་བཟངས་ དམ་པ་རྙེད་པ་ཡིས། །བསྟན་བཅོས་ལས་ནི་ངེས་བཞིན་པའི། །ཕྱོགས་ཀྱི་ཆ་ནི་རབ་བཤད་བྱ། །ཤར་ན་ནྱ་གྲོ་དྷ་ཡི་ཤིང་། །དབང་ལྡན་དུ་ནི་པ་ལཀྵ། །ལྷོ་རུ་ཡང་ནི་ཨ་ཤྭད་ཐ། །ནུབ་དུ་དེ་བཞིན་པ་ལཀྵ། །བྱང་དུ་ལྗོན་ ཤིང་མ་དུ་ཀ །གནས་རྣམས་སུ་ནི་གདོན་མི་ཟ། །གང་དག་ཏུ་ནི་ཤིང་མེད་ན། །དེ་ལ་ཡང་ནི་མཚན་བཟང་པོ། །ཤར་ན་གཞན་པའི་ལུས་གཅིག་སྟེ། །ལྷོ་རུ་ཡང་ནི་བཞི་རུ་འགྱུར། །ནུབ་དུ་གསུམ་དུ་བསྟན་པ་སྟེ། །བྱང་དུ་གཉིས་ སུ་བསྒྲགས་པའོ། །མཛེས་པའི་བུ་ག་རྟག་ཏུ་གནས། །གྲུབ་པའི་རྫས་དང་དངུལ་ཆུ་ནི། །ལྷ་ཡི་བྱང་ན་རྟག་ཏུ་ཡང་། །དངུལ་ཆུ་རུ་ནི་ཤེས་པར་བྱ། །དབང་ལྡན་དུ་ཡང་དངུལ་ཆུ་སྟེ། །དབང་པོར་རྫས་ནི་དེ་བཞིན་ནོ། །ཆུ་ལྷར་རྟག་ཏུ་ 101-1-33b རྫས་བཟང་པོ། །གྲུབ་པའི་རྫས་ནི་བླ་ན་མེད། །བདེན་བྲལ་དུ་ནི་རལ་གྲིར་འགྱུར། །གཤིན་རྗེར་དེ་བཞིན་མིག་སྨན་ཉིད། །རླུང་གི་ཕྱོགས་སུ་རྟག་གནས་པ། །ཡིད་བཞིན་ནོར་བུ་ཞེས་བྱའོ། །ལྷ་ཉིད་ཀྱི་ནི་མདུན་དུ་ཡང་། ། འབབ་སྟེགས་ཅན་གྱི་རྫིང་བུར་བསྟན། །ཁང་བཟངས་ཀྱི་ནི་ནང་ན་ཡང་། །གྲུབ་པའི་རྫས་ལ་ཐེ་ཚོམ་མེད། །ལྷོ་ཡི་སྒོ་རུ་གང་གྱུར་པ། །ལྷོ་ཡི་ཕྱོགས་སུ་མངོན་ཕྱོགས་པ། །དེ་ན་རྫས་རྣམས་ཐམས་ཅད་དེ། །ལྷ་ཡི་ ཁང་པར་རྣམ་པར་བསྟན། །དབང་པོའི་ཕྱོགས་སུ་མངོན་ཕྱོགས་པ། །དེ་ནས་རྫས་རྣམས་ཀུན་བསྡུས་པའོ། །བྱང་དུ་ཕྱོགས་ཏེ་ལེགས་གནས་པ། །བྲིས་སྐུས་བཀབ་པའི་རྫས་སུ་བཤད། །ནུབ་ཏུ་ཕྱོགས་ཏེ་ལེགས་ གནས་པ། །དེ་ན་ཡང་ནི་བསྒྲིབས་ནས་གནས། །རིག་སྔགས་བཀླགས་པས་འགྲུབ་འགྱུར་ཏེ། །འཇིག་རྟེན་གསུམ་ཤེས་བླ་ན་མེད། །རིན་ཆེན་རྣམ་པ་སྣ་ཚོགས་པའི། །ལྷ་ཡི་གནས་སུ་རྣམ་པར་བསྟན། །ཤར་ནས་ ཤར་དུ་ཕྱོགས་པའི། །འཁྲུལ་འཁོར་དུ་ནི་རྣམ་པར་བཤད། །ལྷོ་རུ་མངོན་བར་ཕྱོགས་གནས་པ། །ལྷོ་ཡི་ཕྱོགས་ཀྱིས་རྣམ་པར་བསྟན། །ནུབ་ཀྱི་ཕྱོགས་སུ་མངོན་ཕྱོགས་པ། །ནུབ་ཀྱི་ཕྱོགས་པར་རྣམ་པར་བསྟན། ། འདི་ཡིས་བྱང་དུ་བཤད་པ་དང་། །དབང་ལྡན་གྱི་འང་དེ་བཞིན་ནོ། །ཕྱོགས་རྣམས་ཀྱི་འང་མཚན་ཉིད་ནི། །བསྟན་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཤེས་པའི་མཁས་པ་ཡིས། །ཕྱོགས་ཀྱི་འཁྲུལ་འཁོར་མཚོན་པར་བྱ། ། སྔོན་བཞིན་ལེགས་པར་ཤེས་པ་ཡིས། །རྫས་རྣམས་ཀྱང་ནི་བློ་ལྡན་གྱིས། །དེ་འདྲའི་ཕྱོགས་སུ་འཁོད་ནས་ནི། །དེ་ཡིས་ལམ་ནི་བལྟ་བར་བྱ། །གཉིས་པ་ཡི་ནི་ལམ་གྱུར་པ། །འཁྲུལ་འཁོར་མེད་པས་བརྟག་མི་ དགོས། །གསུམ་པ་ཡང་ནི་ཤེས་བྱ་སྟེ། །བཞི་པ་ཡང་ནི་མཚུངས་པའོ། །ལམ་ནི་རྣམ་པ་བཞིར་བཤད་པས། །འདོད་ལྡན་ལ་ནི་འབྲས་བུ་སྟེར། །དང་པོ་རུ་ནི་མི་དཔྱད་པར། །བཟའ་བར་བྱ་བ་མ་ཡིན་ནོ། ། 101-1-34a གཉིས་པ་རུ་ནི་བཟའ་བར་བྱ། །གསུམ་པ་ལ་ཡང་དེ་བཞིན་ནོ། །བཞི་པར་ཡང་ནི་བཟའ་བར་བྱ། །དེ་དག་འཁྲུལ་འཁོར་མེད་པར་བསྟན། །ཕྱོགས་ཀྱི་ཆ་ནི་ཐམས་ཅད་དུ། །ཡོངས་སུ་གང་བར་ཤེས་པར་ བྱ། །ཕྱི་མ་ཡི་ནི་ཆོ་ག་ཡིས། །ཚོང་འདུས་ཟེ་འབྲུ་རྒྱུ་བའོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཕྱོགས་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།འཕགས་པ་རྡོ་རྗེ་ས་འོག་ཅེས་ བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་སླར་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པའི་མགོན་པོ་ལ་གུས་པས་ཕྱག་ འཚལ་ནས་ཐལ་མོ་སྦྱར་ཏེ་གསོལ་པ། སྦྱོར་བ་བཅུ་པོ་གཉིས་པོ་འདི་རྣམས་གང་ལ་གང་བྱུང་བ་དང་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་ནམ་མེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ་དབྱར་ཟླ་ཐ་ཆུངས་ཀྱི་ནག་པོའི་བཅུ་བཞི་ལ་གཟའ་ཕུར་བུའི་ཉི་མ་དང་། སྐར་མ་རྒྱལ་འཛོམ་པ་ལ་ངེས་པར་བུ་གའི་སྒོ་འབྱེད་པར་འགྱུར་རོ། །སྟོན་ཟླ་ཐ་ཆུངས་ཀྱི་གནམ་སྟོང་ལ་ཕུར་བུའི་ཉི་མ་དང་ རྒྱུ་སྐར་ས་རི་འཛོམ་པ་ལ་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར་རོ། །གཞོན་ནུ་མ་རང་ཉིད་འོངས་ནས་འཇུག་པར་བྱེད་དོ། །སྟོན་ཟླ་ཐ་ཆུངས་ཀྱི་ཉ་ལ་ཕུར་བུའི་ཉི་མ་དང་། སྐར་མ་བྲ་ཉེ་འཛོམ་པ་ལ་བུ་ག་ ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ། །དགུན་ཟླ་འབྲིང་པོ་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང་སྐར་མ་རྒྱལ་འཛོམ་པ་ལ་འཁྲུལ་འཁོར་ཐམས་ཅད་གྲོལ་བར་འགྱུར་རོ། །དགུན་ཟླ་ཐ་ཆུངས་ ཀྱི་ནག་པོའི་བཅུ་བཞི་ལ་ཕུར་བུ་དང་། སྐར་མ་གྲོ་ཞུན་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ། །དགུན་ཟླ་ཐ་ཆུངས་ཀྱི་དཀར་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང་སྐར་མ་རྒྱལ་འཛོམ་པ་ན་འཁྲུལ་འཁོར་ 101-1-34b མ་ལུས་པ་གྲོལ་བར་འགྱུར་རོ། །སྟོན་ཟླ་ར་བའི་ནག་པོའི་ཚེས་བརྒྱད་ལ་ཕུར་བུའི་ཉིན་པར་དང་། སྐར་མ་ནམ་གྲུ་འཛོམ་པ་ན་བུ་གའི་སྒོ་ཐམས་ཅད་གྲོལ་བར་འགྱུར་རོ། །དབྱར་ཟླ་འབྲིང་པོའི་ནག་པོའི་བཅུ་བཞི་ལ་ ཕུར་བུའི་ཉིན་པར་དང་སྐར་མ་རྒྱལ་ལམ་ནམ་གྲུ་འཛོམ་པ་ལ་བུ་ག་ཐམས་ཅད་ངེས་པར་གྲོལ་བར་འགྱུར་རོ། །གྲོང་གི་མི་འཁོར་དང་བཅས་པ་ཐམས་ཅད་འཇུག་པར་བྱའོ། །སྟོན་ཟླ་ར་བའི་ནག་པོའི་བཅུ་བཞི་ལ་ ཕུར་བུའི་ཉིན་པར་དང་། སྐར་མ་ཕལ་གུ་ནི་འཛོམ་པ་ན་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་རྗེ་བཙུན་འཕགས་པ་ཕྱག་ན་རྡོ་རྗེ་རབ་ཏུ་དགྱེས་པའི་དོན་དུ་ས་འོག་གི་གསང་ བ་ཆེན་པོ་སྨྲས་པའོ། །སྔགས་དང་སྦྱིན་སྲེག་རྣམ་པར་སྤང་ངོ་། །ས་འོག་གི་གསང་བ་ཆེན་པོ་ཡོངས་སུ་རྫོགས་སོ།། །།འཕགས་པ་ཕྱག་ན་རྡོ་རྗེ་ཡི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ས་འོག་ཅེས་ བྱ་བ་ཇི་སྙེད་པ་ཡོངས་སུ་རྫོགས་སྷོ།། །།རྒྱ་གར་གྱི་པཎ་ཌི་ཏ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། སྒྲ་བསྒྱུར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ། གསང་ སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར། །ལྷ་མིན་དབང་པོའི་སྒོ་གླེགས་འཇོམས་བྱེད་པ། །གསུང་རབ་དམ་པ་དཔལ་ ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ། །གང་ལགས་དེ་ལ་མཁས་རྣམས་བཟོད་པ་མཛོད། །ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར། །གསང་བདག་རྡོ་རྗེ་ འཛིན་པ་དམ་པའི་བཀའ། །གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས། །བསྒྱུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། །། 101-1-35a ༄༅། །རྒྱ་གར་སྐད་དུ། བྷཱུ་ཏ་ཌཱ་མ་ར་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་འདིར་ནི་བཤད་བྱ་བ། །འབྱུང་པོ་ འདུལ་བའི་རྒྱུད་ཆེན་རྒྱལ། །འབྱུང་པོ་འབྱུང་མོ་ཀུན་བསྒྲུབ་པའི། །ཆོ་ག་རབ་ཏུ་རྒྱས་པའོ། །རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་གསུམ་གྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཆུ་བོའི་འགྲམ་དང་། དུར་ཁྲོད་དང་ཤིང་གཅིག་པ་དང་། ལྷ་གནས་པའི་ཁང་པ་དང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དང་། རིགས་ཀྱི་གནས་རྣམས་སུ་བསྒྲུབ་པར་བྱ་སྟེ། སྐད་ཅིག་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་འབྱུང་པོ་དང་འབྱུང་མོ་རིགས་དང་རྒྱུད་དུ་བཅས་པ་མ་ལུས་པ་ ཕུང་བར་འགྱུར་རོ། །དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཁྲོ་བོའི་བདག་པོ་ཆེན་པོ་གདུག་པ་དང་མ་རུངས་པ་རྣམས་ གསོད་པར་བྱེད་པ་བཤད་དུ་གསོལ། དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས་འབྱུང་པོ་ཐམས་ཅད་གསོད་པའི་སྔགས་ཀྱི་ཚིག་གསུངས་པ། ཨོཾ་བཛྲ་ཛྭ་ལི་ཧ་ན་ཧ་ན་སརྦ་བྷཱུ་ཏཱ་ན་ཧཱུྃ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི་བུ་ག་རྣམས་ནས་རྡོ་རྗེ་འབར་བ་དུ་མ་བྱུང་བར་གྱུར་ཏེ། འབྱུང་པོ་དང་འབྱུང་མོ་ཐམས་ཅད་ཀྱི་ལུས་སྐམས་ཤིང་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་ པ་ལྷ་ཐམས་ཅད་བསད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་བ་དང་བཅས་པས་འདི་སྐད་ཅེས་གསུངས་སོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན་འབྱུང་ པོ་དང་། འབྱུང་མོ་ཚར་གཅོད་པར་བྱེད་པ་ནི་ལེགས་སོ། །དེ་ནས་ཡང་སླར་རོའི་རྣམ་པར་ཤེས་པ་འགུགས་པའི་སྔགས་གསུངས་པ། ༀ་བཛྲ་ཨཱ་ཡུ༔ ཥེ་ས་ར་སཱ་རཱ་སྨིན། དེ་ནས་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་ 101-1-35b ཤངས་ཀྱི་བུ་ག་ནས་རླུང་ཆེན་པོ་རོ་འཚོ་བར་བྱེད་པ་བྱུང་བར་གྱུར་ཏེ། དེ་བྱུང་བ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣམས་ཀྱི་ལུས་ལ་ཞུགས་སོ། །ཞུགས་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣམས་ལངས་ཏེ་ཆེར་འཇིགས་ཤིང་རབ་ཏུ་འདར་ བར་གྱུར་པས་བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་བགྱིད་དོ་ཞེས་སྨྲས་སོ། །དེ་ནས་འབྱུང་པོའི་བདག་པོ་བཞན་གྱིས་མི་ཐུབ་པ་འཁོར་གྱི་དཀྱིལ་ འཁོར་དེར་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཁྲོ་བོའི་བདག་པོ་ཆེན་པོ་དཔལ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བདེ་བར་གཤེགས་པ་བསྐྱབ་དུ་གསོལ། བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱུང་པོའི་བདག་པོ་གླིང་བཞི་པ་ཐམས་ཅད་ཀྱི་མི་རྣམས་ལ་དངོས་གྲུབ་རྫོགས་པར་བྱིན་ཅིག །འཛམ་བུའི་གླིང་པའི་མི་རྣམས་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་པའི་ རྫས་རྣམས་སྒྲུབ་ཅིང་བདེ་བར་བྱིན་ཅིག །དབྱིག་དང་གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། པདྨ་རཱ་ག་དང་། མེ་དང་ཆུ་ཡི་ཤེལ་དང་། སྤོས་དང་ལྷའི་ན་བཟའ་རྣམས་བྱིན་ཅིག ། འདི་ཟློས་པའི་འབྲས་བུ་འགྲུབ་པར་གྱིས་ཤིག །བསྙེན་བཀུར་གྱིས་ཤིག་དེ་བཞིན་གཤེགས་པ་ཐམས་ཅད་ཟློས་པའི་རིན་པོ་ཆེའི་ཅོད་པན་དང་། གོས་དང་དྲི་དང་། བདུག་པ་དང་། མེ་ཏོག་ལ་སོགས་པ་དང་ཡོ་བྱད་དང་། རྫས་ཐམས་ཅད་བགེགས་མེད་པར་བྱིན་ཅིག །རྒྱལ་པོའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། སེང་གེའི་འཇིགས་པ་དང་། སྟག་གི་འཇིགས་པ་ཐམས་ཅད་ཟློག་ཅིག །ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པ་འབྱུང་པོའི་ དབང་ཕྱུག་ཆེན་པོ་མྱུར་དུ་མྱུར་དུ་ཉོན་ཅིག་ཉོན་ཅིག །ལེ་ལོ་ཅན་དང་ཚུལ་ཁྲིམས་འཆལ་བ་དང་། སྡིག་པ་བྱེད་པ་དང་བརྫུན་སྨྲ་བ་རྣམས་ལ་ངེས་པར་དངོས་གྲུབ་བྱིན་ཅིག །གལ་ཏེ་རིག་སྔགས་འཆང་ལ་དངོས་གྲུབ་མི་ 101-1-36a སྦྱིན་ན་ཀླུ་མོ་དང་གནོད་སྦྱིན་མོ་དང་ས་ལ་འཇོམས་མ་དང་། ལྷ་མ་ཡིན་མོ་དང་། མི་འམ་ཅི་མོ་དང་ནམ་མཁའ་ལྡིང་མོ་དང་། ལྟོ་འཕྱེ་ཆེན་མོ་དང་། ཤ་ཟ་མོ་དང་འབྱུང་མོ་དང་། དྲི་ཟ་མོ་རྣམས་ཀྱི་སྤྱི་བོ་མི་ཕྱེད་པའི་ རྡོ་རྗེས་དགས་པར་བྱ་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་ལེགས་པར་བཤད་དོ། །མི་རྣམས་ལ་ཕན་པའི་ཕྱིར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དང་སྟོབས་དང་ཕ་རོལ་གནོན་པ་མི་ཕྱེད་པར་གྲགས་པ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་གྲུབ་པར་བྱེད་པ་ཆོས་ཀྱི་འཁོར་ལོ་ཐམས་ཅད་སྐོར་བར་བྱེད་པ། སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པའི་བསྒྲུབ་པའི་ཐབས་རྒྱ་ཆེན་པོ་ཆོ་ག་སྣ་ཚོགས་པ་ཕྱག་རྒྱ་དང་། སྔགས་ཀྱི་ཚིག་གིས་བསྒྲུབ་པའི་ཐབས་ ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོས་ཤོད་ཅིག་ཅེས་གསུངས་སོ། །དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་རོ་འཚོ་བར་བྱེད་པའི་སྔགས་གསུངས་པ། ཨོཾ་ཀརྡྷ་ཀརྡྷ་མི་ཏྲ་སྃ་ཛཱི་བ་ཡ་ཏི་ དྷཱ་ཡ། དེ་ནས་འདི་གསུངས་པ་ཙམ་གྱིས་ལྷ་ཐམས་ཅད་མྱོས་ཏེ་བརྒྱལ་ཞིང་འགྱེལ་ནས་ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་ཏེ་གནས་སོ། །དེ་ནས་ལྷ་ཆེན་པོས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ སྐྱོབས་ཤིག་སྐྱོབས་ཤིག །དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །མ་འཇིགས་ཤིག་མ་འཇིགས་ཤིག །ཀྱེ་འབྱུང་པོའི་བདག་པོ་ཁྱེད་རྣམས་གཞན་ལས་རྒྱལ་བར་བྱ་བའི་ཕྱིར་ ལྷ་ཐམས་ཅད་དབང་དུ་བསྡུ་ཞིང་འབྱུང་པོ་ཐམས་ཅད་ཚར་གཅད་པར་བྱའོ། །དེ་ནས་རིག་སྔགས་འཆང་གི་དབང་པོ་དང་། ལྷའི་བུད་མེད་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐྱབ་དུ་གསོལ། 101-1-36b དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོས་བསྐྱབ་དུ་གསོལ། དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཆེན་པོ་རྡོ་རྗེ་འཆང་གིས་འདི་སྐད་ཅེས་གསུངས་སོ། །ཀྱེ་བུད་མེད་རྣམས་གོ་བར་གྱིས་ཤིག །དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་ བསྙེན་བཀུར་བྱོས་ཤིག །དབྱིག་དང་གསེར་དང་མུ་ཏིག་དང་རིན་པོ་ཆེ་དང་། བཻ་དཱུརྱ་དང་། པད་མ་རཱ་ག་དང་རྫས་ཐམས་ཅད་ཕུལ་ཅིག །དེ་ནས་ལྷའི་བུད་མེད་ལ་སོགས་པ་ལྷའི་བུ་མོ་དང་གནོད་སྦྱིན་མོ་ཐམས་ཅད་ཀྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་འགུམ་མོ་འགུམ་མོ། །དཔལ་རྡོ་རྗེ་ཁྲོ་བོ་བཟླས་པ་རྣམས་ཀྱི་བྲན་མོ་བགྱིད་དོ། །བསྙེན་བཀུར་བགྱིད་དོ། །གལ་ཏེ་ཁྲོ་བོ་ཟློས་པའི་བསྙེན་བཀུར་མ་བགྱིས་ན་རིགས་དང་རྒྱུད་དུ་བཅས་པ་བརླག་ པར་གྱུར་ཅིག །དམ་པའི་ཆོས་སྤོང་བར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ལ་སྨད་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་རྡོ་རྗེས་སྤྱི་བོ་ཁོས་ཤིག །ལན་བརྒྱད་རྣམ་པར་གཤེགས་ཤིང་ཤི་ནས་མྱུར་ བ་ཉིད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷའི་བུད་མེད་ཐམས་ཅད་དང་། ཀླུ་མོ་དང་གནོད་སྦྱིན་མོ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་མོ་དང་ཀླུ་མོ་དང་། གནོད་སྦྱིན་མོ་རྣམས་ལེགས་སོ་ལེགས་སོ། །མ་འོངས་པའི་ཚེ་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཟློས་པའི་མི་རྣམས་ཀྱི་བསྙེན་བཀུར་གྱིས་ཤིག །དེ་ནས་འབྱུང་པོའི་བྲན་རྣམས་ཀྱིས་འབྱུང་ པོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་འཁོར་དང་བཅས་པ་ལངས་ཏེ། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་མགོ་བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུནྡ་ཧཱུྃ། ཨོཾ་ཤྲཱི་བི་ཛ་ཡ་ སུནྡ་རི་ཧྲཱིཿ། ཨོཾ་ཤྲཱི་བི་མ་ལ་སུནྡ་རི་ཨ། ཨོཾ་ཤྲཱི་ར་ཏི་སུནྡ་རི་དྷུ། ཨོཾ་ཤྲཱི་མ་ནོ་ཧ་ར་སུནྡ་རི་ཨི། ཨོཾ་ཤྲཱི་བྷཱུ་ཥ་ཎ་སུནྡ་རི་མཾ། ཨོཾ་ཤྲཱི་ད་བ་ལ་སུནྡ་རི་མྃ། ཨོཾ་ཤྲཱི་ཙཀྵུརྨ་དྷུ་མ་སུནྡ་རི་ཏི། ཞེས་པ་འདི་རྣམས་ནི་འབྱུང་པོའི་ 101-1-37a རྒྱལ་མོ་ཆེན་མོ་སྟེ། དཔལ་གྱི་སྒྲ་ཡིས་རབ་ཏུ་གྲགས་པའོ། །དེ་ནས་དཔལ་གྱི་བསྒྲུབ་པའི་ཐབས་བཀླགས་པ་ཙམ་གྱིས་དངོས་གྲུབ་སྟེར་བ་སྟེ། དཔལ་རྡོ་རྗེ་འཆང་གི་མཚན་བརྗོད་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་ཐམས་ ཅད་མངག་གཞུག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་དམ་ཚིག་ལས་འདས་ན་འཕྲལ་དུ་འབྱུང་པོ་དང་འབྱུང་མོ་ཐམས་ཅད་རིགས་དང་རྒྱུད་དུ་བཅས་ཏེ་ཕུང་བར་བྱའོ། །དེ་ནས་འབྱུང་པོ་ཆེན་པོ་གཞན་ གྱིས་མི་ཐུབ་པས་འདི་སྐད་ཅེས་གསོལ་ཏོ། །ལྷ་ཆེན་པོའི་དམ་ཚིག་ལ་གནས་ཤིང་འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་སྩལ་བར་བགྱིའོ། །དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐམས་ ཅད་འགྲུབ་པར་འགྱུར་ཏེ། གལ་ཏེ་མ་གྲུབ་ན་རིགས་དང་རྒྱུད་དུ་བཅས་པ་བརླག་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཁྲོ་བོའི་ རྡོ་རྗེས་སྤྱི་བོ་དགས་པར་གྱུར་ཅིག །མྱུར་བ་ཉིད་དུ་ཤི་སྟེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག །དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པ་པོ་ཡི་གནས་མཆོག་སྟེ། །ཆུ་བོའི་འགྲམ་དང་དུར་ཁྲོད་དང་། ། ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ། །དེར་ནི་འབྱུང་པོ་འབྱུང་མོ་ཀུན། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །འབྱུང་པོའི་རྒྱལ་མོ་ཆེན་པོ་བརྒྱད་ཀྱི་བསྒྲུབ་པའི་གནས་སོ། །དེ་ནས་ཕྱག་རྒྱ་བཤད་བྱ་བ། །འབྱུང་མོ་བརྒྱད་ ཀྱི་སྒྲུབ་པ་སྟེ། །ལག་གཡོན་ཁུ་ཚུར་དམ་བཅངས་ནས། །གུང་མོ་རབ་ཏུ་བརྐྱང་བྱས་པ། །སྤྱན་དྲང་མཆོད་པའི་ཕྱག་རྒྱ་སྟེ། །རིགས་ཀྱི་མཆོག་ནི་བསྒྲུབ་བྱེད་པའོ། །ཁུ་ཚུར་ཕན་ཚུན་བཅངས་ནས་ནི། །མཛུབ་མོ་རབ་ ཏུ་བརྐྱང་བྱས་པ། །རང་གི་དམ་ཚིག་བསྲུང་བ་ཡི། །འབྱུང་མོ་སྐད་ཅིག་དེ་ལ་བསྒྲུབ། །ལག་གཡོན་ཁུ་ཚུར་དམ་བཅངས་ནས། །མཐེ་ཆུང་རབ་ཏུ་བརྐྱང་བྱས་པ། །ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ། །འབྱུང་པོ་ཐམས་ཅད་ 101-1-37b རྗེས་འབྲང་བའོ། །ལག་པ་གཡོན་པ་བརྐྱང་ནས་ནི། །མཛུབ་མོ་བསྐྱིལ་བ་བྱས་ནས་སུ། །མཐེ་བོང་གཡས་ནི་མནན་བྱས་པ། །འབྱུང་ཀུན་དབང་དུ་བྱེད་པའོ། །ལག་གཡོན་ཁུ་ཚུར་བཅངས་པ་ལས། །སྲིན་ལག་རབ་ ཏུ་བརྐྱང་བ་ནི། །འབྱུང་མོ་ཐམས་ཅད་འགུགས་པ་སྟེ། །བགེགས་ཀུན་བཟློག་པར་བྱེད་པའོ། །ལག་གཡོན་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་རབ་ཏུ་བརྐྱང་བྱས་པ། །འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ། །གདུག་པ་ཐམས་ ཅད་ཟ་བྱེད་པའོ། །ལག་པ་གཡོན་པས་ཁུ་ཚུར་བཅངས་ཏེ། ཐེ་ཆུང་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ། །ལག་པ་གཉིས་ཀའི་སོར་མོ་རྣམས་གཅིག་གི་སྟེང་དུ་གཅིག་ བསྐྱོན་པ་བྱས་པ་ལ་ལག་པ་གཡས་པ་རྐེད་པ་གཡས་པར་བཞག་ལ། ལག་པ་གཡོན་པས་གཡས་མནན་པའི་སྟེང་དུ་བཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་དག་བཅིངས་པ་ཙམ་ གྱིས་འབྱུང་མོ་རྣམས་མྱུར་དུ་འོང་སྟེ། གལ་ཏེ་མི་འོང་ན་མིག་དང་སྤྱི་བོ་འགས་ཤིང་སྐམས་ཏེ་འཆི་བར་གྱུར་ཅིག །དེ་ནས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །གལ་ཏེ་འབྱུང་མོ་ རྣམས་དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བཅས་པས་དགུག་པའི་ཕྱིར་བཟླ་སྟེ། ༀ་ཀ་ཊྱ་ཀ་ཊྱ་སྲུྃ་ཧྲཱིཿཆེ་གེ་མོ་བྷཱུ་ཏི་ནི་ཧཱུྃ་ཕཊ། ཁྲོ་བོ་འདི་དང་བཅས་པས་བརྒྱ་ཕྲག་བརྒྱད་བཟླས་ན་མྱུར་བར་འོང་བར་ འགྱུར་རོ། །གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་པ་འམ་བསྐམས་ཏེ་འཆིའོ། །དེ་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ། ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱི་དཀྱིལ་འཁོར་ བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ། གུ་གུལ་གྱི་དུད་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །མཚན་མོ་ཡང་སྟོང་བཟླས་ན་འོང་སྟེ། འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ 101-1-38a ཆུང་མར་འགྱུར་རོ། །གསེར་སྲང་བརྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད་དོ། །ཉི་མ་རེ་རེ་འདི་ལྟར་བྱས་ན་ཟླ་བ་གཅིག་གི་བར་དུ་ངེས་པར་འགྲུབ་བོ། །ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱིས་དཀྱིལ་ འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ངེས་པར་འོང་ངོ་། །འོངས་ནས་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་གྱུར་ཏེ། སྡུག་པ་ངས་ཅི་བྱ་ཟེར་ཏེ་སྒྲུབ་པ་པོ་ཡིས་རྒྱལ་སྲིད་སླང་ཅིག་ཅེས་སྨྲ་ འོ། །དེ་ནས་ཡུལ་འཁོར་ཡང་ཡོངས་སུ་སྐྱོང་བར་བྱེད་དོ། །གོས་དང་རྒྱན་དང་བཟའ་བ་ལ་སོགས་པ་མཐུན་པར་སྦྱིན་པར་བྱེད་དོ། །དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ཀ་ར་བི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་བདུག་ པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་ཏེ། མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་། །འོངས་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་ཆུང་མར་འགྱུར་ཏེ། ལྷའི་དངུལ་ཆུ་དང་ བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དགྲ་ཐམས་ཅད་འཇོམས་པར་བྱེད་དོ། །རྒྱབ་དུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་བར་བྱེད་དོ། །ལོ་སྟོང་ཕྲག་བཅུར་འཚོའོ། །ཆུ་བོའི་འགྲམ་དུ་སོང་སྟེ་སྤོས་དཀར་ པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་བྱིན་ཏེ། དུ་རུ་ཀས་བདུགས་ལ་སྟོང་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་། །འོངས་པ་ལ་མེ་ཏོག་གི་ཆུའི་ཡོན་ཆབ་ བྱིན་ནས་བསྒོ་ན་སྲིང་མོར་འགྱུར་རོ། །དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དཔག་ཚད་སྟོང་དུ་སོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་བར་བྱེད་ཅིང་མཚན་མོ་སླར་འཁྱེར་རོ། །ལྷ་ཁང་ སྟོང་པར་སོང་ནས་ཇི་ལྟར་གསུངས་པའི་གཏོར་མ་དང་མཆོད་པ་བྱས་སྟེ་སྟོང་ཕྲག་བརྒྱད་དུ་བཟླས་ན་འགྲུབ་པར་འགྱུར་རོ། །མཚན་མོ་ཡང་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་ངེས་པར་འོང་ངོ་། །འོངས་པ་ལ་འདོད་པ་ 101-1-38b བྱས་ན་ཆུང་མར་འགྱུར་ཏེ། ཉི་མ་རེ་རེ་དོང་ཙེ་སྟོང་སྟོང་སྟེར་ཞིང་རྒྱབ་དུ་ཞོན་ན་རི་རབ་ལ་ཡང་ཁྱེར་བར་བྱེད་དོ། །གཞན་ཡང་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་རྒྱལ་པོའི་བུ་མོ་བཀུག་ནས་སྟེར་ཏེ། ལོ་སྟོང་ཕྲག་ལྔ་འཚོ་ཞིང་ཤི་ནས་ ཀྱང་རྒྱལ་རིགས་སུ་སྐྱེའོ། །ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། ཤའི་བཟའ་བ་དང་ཀ་ར་བཱི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་དུད་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །མཚན་མོ་ཡང་མཆོད་པ་ རྒྱས་པར་བྱས་ཏེ་མར་གྱི་མར་མེ་རབ་ཏུ་སྤར་ནས་སྟོང་ཕྲག་བརྒྱད་བཟླས་ན་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ནས་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་། །འོངས་པ་ལ་མི་སྨྲ་བར་གྱུར་པས་འདོད་པར་བྱ་སྟེ་ཆུང་མར་ འགྱུར་རོ། །གལ་ཏེ་སྤང་བར་བྱས་ན་འཆི་བར་འགྱུར་རོ། །རྒྱབ་དུ་ཞོན་ན་ཉི་མ་རེ་རེ་མཐོ་རིས་སུ་ཡང་ཁྱེར་བར་བྱེད་དོ། །གཞན་ཡང་རྒྱལ་སྲིད་སྟེར་ཞིང་ལོ་སྟོང་ཕྲག་ལྔ་འཚོ་ལ་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ། ། ཆུ་བོའི་འགྲམ་དུ་སོང་སྟེ། གུ་གུལ་གྱིས་དཀྱིལ་འཁོར་བྱས་ནས་ཨ་ཀ་རུའི་བདུག་པ་སྦྱིན་ཞིང་ཇི་ལྟར་གསུངས་པའི་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །མཚན་མོ་ཡང་མཆོད་པ་རྒྱས་པར་བྱས་ ཏེ་སྟོང་བཟླས་ན་རང་ཉིད་འོང་སྟེ་སྣང་བ་ཆེན་པོ་བྱས་ནས་ཙན་དན་གྱི་ཆུས་མཆོད་ཡོན་བྱིན་ན་དགའ་བར་འགྱུར་རོ། །སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་མ་གྱིས་ཤིག་ཅེས་སྨྲ་བར་བྱ་སྟེ། མ་བཞིན་དུ་ཡོངས་སུ་ སྐྱོང་བར་བྱེད་དོ། །འཁོར་ལྔ་བརྒྱའི་འབྲས་ཆན་དང་། རྒྱན་དང་གོས་རྣམས་ཉི་མ་རེ་རེ་ཞིང་སྟེར་ཞིང་ལོ་ཁྲི་འཚོ་ལ་གང་གི་ཚེ་འཆི་བ་ན་བྲམ་ཟེའི་རིགས་སུ་སྐྱེའོ། །ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། མཆོད་པ་རྒྱས་པ་ བྱས་ནས་མར་གྱི་མར་མེ་རབ་ཏུ་སྤར་ཏེ་མཚན་ཐོག་ཐག་བཟླས་སྟེ། དེ་ནས་ནམ་ཕྱེད་ཀྱི་དུས་སུ་འབྱུང་མོ་སྣང་བ་ཆེན་པོ་བྱས་ནས་འོང་སྟེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དེ། དེ་ནས་རྒྱལ་སྲིད་བྱིན་ 101-1-39a ཅིག་ཅེས་སྨྲས་ན་ཉི་མ་རེ་རེ་ཞིང་དོང་ཚེ་འབུམ་འབུམ་སྟེར་རོ། །ལོ་ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ་ན་སའི་བདག་གི་རྒྱལ་པོ་བྱེད་དོ། །འབྱུང་མོའི་རྒྱལ་མོ་ཆེན་མོ་བརྒྱད་ཀྱི་བརྟག་པ་རྫོགས་སྷོ།། །། དེ་ནས་འབྱུང་མོ་ཆེན་མོ་དུར་ཁྲོད་དུ་འཇུག་པ་རྣམས་ལངས་ཏེ་དཔལ་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཧྲཱིཿཧཱུྃ་ཧ་མཆོག་གི་སྙིང་པོའོ། །ཨོཾ་ཧཱུྃ་ཀཊྚ་ཀཊྚ་སརྦ་བྷཱུ་ཏཱ་ནཱྃ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧ་ར་ཧ་ར་བནྡྷ་ བནྡྷ། ཨཱ་ཀྲ་མ། ཨཱ་ཀྲ་མ། བྷོ་བྷོ་མ་ཧཱ་རཽ་དྲི་ཤྨ་ཤཱ་ན་བ་སི་ནི་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲྃ་དྷུྃ་ཧ་ཧཱུྃ་ཕཊ། འབྱུང་མོ་དུར་ཁྲོད་ན་གནས་པ་རྣམས་དགུག་པའི་སྔགས་སོ། །ཨོཾ་བནྡྷ་བནྡྷ་དྷུ་ན་དྷུ་ན། ཙ་ལ་ཙ་ལ། ཙ་ལ་ཡ་ཙ་ལ་ཡ། ཕྲེ་པཱ་ཤ་ཕྲེ་པཱ་ཤ །ཏུ་ར་ཏུ་ར། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ས་མ་ཡ་མ་ནུ་པཱ་ལ་ཡ་བྷོཤྨ་ཤཱ་ན་པྲ་བེ་ཤ་ནི་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྱུང་མོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་སོ། །ཨོཾ་ཙ་ལ་ཙ་ལ། དྷ་ཀ་དྷ་ཀ །མ་ཧཱ་བྷཱུ་ཏི་ནི་སཱ་ དྷ་ཀ་ན་པྲི་ཡེ་ས་ར་ས་ར་བི་ས་ར་བི་ས་ར་ཀཊྚ་ཀཊྚ་ཙ་ལ་ཡ་ཙ་ལ་ཡ། བྷཉྫ་བྷཉྫ། རྃ་ག་རྃ་ག །གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ་ཧྲཱིཿསྭཱ་ཧཱ། མཆེ་བ་གཙིགས་མའིའོ། །ཨོཾ་གོ་ར་མུ་ཁི་ཤྨ་ཤཱ་ན་བ་སི་ནི་སཱ་དྷ་ཀ་ཨ་ནུ་ཀུ་ལེ། ཨ་པྲ་ཏི་ཧ་ཏ་སིདྷི་དྷ་བ་ཏི་ཀེ་ཨོཾ་ཨོཾ་ཨོཾ་ཨོཾ་ན་མཿསྭཱ་ཧཱ། གདོང་དྲག་མོའིའོ། །ཨོཾ་ཛརྫ་རི་མུ་ཁི། ཙི་ར་ཙི་ར། ཙིནྟ་ཨཱ་བེ་ཤ་སརྦ་ཤ་ཏྲཱུྃ་བྷ་ཡྃ་ཀ་རི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། མ་མ་ཨ་ཀཱ་ལ་ མྲྀ་ཏྱུ་ཀྵ་ཡྃ་ཀ་རི་སརྦ་ནཱ་ག་བྷ་ཡྃ་ཀ་རི་ཨཊྚ་ཏ་སི་ནི་ས་བྷཱུ་ཏེ་ཤྭ་རི། ཐཱ་ཐཱ་ཐཱ་ཐཱ། དྷ་དྷ་དྷ་དྷ། ཨོཾ་ཨོཾ་ཨོཾ་ཨོཾ་སྭཱ་ཧཱ། རྒན་མོ་གདོང་གིའོ། །ཨོཾ་ཀ་མ་ལ་ལོ་ཙ་ནི་མ་ནུ་ཥུ་པཉྩ་ལི་སརྦ་དུཿ ཁ་ནི་ནས་ ནི་སཱ་དྷ་ཀ་པྲི་ཡེ་ཛ་ཡ་ཛ་ཡ། དི་བྱ་རཱུ་པི་ཎི་ཧྲཱིཿགྲྀཧྞ་གྲྀཧྞ་ཛྃ་ཛྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ན་མཿསྭཱ་ཧཱ། པད་མའི་མིག་ཅན་མའིའོ། །ཨོཾ་བི་ཀ་ཊ་དུ་དུཿཁི་དྃཥྚ་ཀ་རཱ་ལོ་ཛྭ་ལི་ཏ་ལོ་ཙ་ནི་སརྦ་ཡཀྵ་བྷ་ཡྃ་ཀ་རི་དྷ་བ་ 101-1-39b དྷ་བ་གཙྪ་གཙྪ་བྷོ་བྷོ་སཱ་དྷ་ཀཱ་ནྃ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། མི་སྡུག་གདོང་མའིའོ། །ཨོཾ་དྷུ་དྷུ་རི་ཀརྞ་པི་ཤཱ་ཙི་ནི་ཀ་ཊྱ་ཀ་ཊྱ། དྷུ་ན་དྷུ་ན་མ་ཧཱ་སཱུརྱ་པཱུ་ཛི་ཏེ་ཚིནྡ་ཚིནྡ་མ་ཧཱ་ཀརྞ་པི་ཤཱ་ཙི་ནི་བྷོ་བྷོ་སཱ་དྷ་ཀ་ཀི་ཀ་དོ་མི་ཊི། ཧཱུྃ་ཧཱུྃ་ཕཊ་ཕཊ་ སྭཱ་ཧཱ། སྤྱོད་ངན་མའིའོ། །ཨོཾ་ས་ར་ས་ར་ཀཊྚ་ཀཊྚ་བྷཉྫ་ཡ་བྷཉྫ་ཡ་སྟྃ་བྷ་ཡ་སྟྃ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ་བིཏྤུད་ཀ་ར་ལི་ཨ་པྲ་ཏི་ཧ་ཏ་བ་རི་སིདྡྷི་ཡ་གེ་ཧ་ཧ་ཧ་ཧཱུྃ་ཕཊ་སྭཱ་ཧཱ། གློག་ལྟར་འཇིགས་མའིའོ། ། ཨོཾ་སཽ་མྱ་མུ་ཁི་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སརྦ་བྷཱུ་ཏ་ན་ཛ་ཡ་ཛ་ཡ་བྷོ་བྷོ་མ་ཧཱ་སཏྭ་ཀ་ནི་ཏིཥྛ་ཏིཥྛ་ས་མ་ཡ་མ་ནུ་པཱ་ལ་ཡ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བཞིན་མཛེས་མའིའོ། །དུར་ཁྲོད་དུ་འཇུག་མ་ཆེན་མོ་བརྒྱད་ཀྱི་སྔགས་ཀྱི་ཚིག་གོ། ། དེ་ནས་འདིར་དུར་ཁྲོད་དུ་འཇུག་མ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་རྣམ་པར་བཤད་པ་ཁུ་ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་ཕྱག་རྒྱ་སྟེ། ཕྱག་རྒྱ་འདི་ཉིད་ཀྱིས་དགུག་པ་ཡང་བྱའོ། ། དུར་ཁྲོད་དུ་འཇུག་པའི་ཤ་ཟ་མོ་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ། གཡོན་པའི་མཛུབ་མོ་བརྐྱང་བ་ནི་གདོང་དྲག་མའི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ནས་མཐེ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་ བརྐྱང་ནས་ཁའི་ཕྱོགས་སུ་སྦྱར་བ་ནི་མཆེ་བ་བརྩེགས་མའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བརྐྱང་བ་ནི་རྒན་མོ་གདོང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་བཀུག་ཅིང་སྲིན་ལག་བརྐྱང་ བ་ནི་པད་མའི་མིག་ཅན་མའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་བཀུག་ནས་མཐེ་ཆུང་བརྐྱང་བ་ནི་མི་སྡུག་གདོང་མའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ནས་མཛུབ་མོ་བརྐྱང་བ་ནི་སྤྱོད་ངན་མའི་ ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བཀུག་ཅིང་གུང་མོ་བརྐྱང་བ་ནི་གློག་ལྟར་འཇིགས་མའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་བཞིན་མཛེས་མའི་ཕྱག་རྒྱའོ། །དུར་ཁྲོད་དུ་ 101-1-40a འཇུག་མའི་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་ནི་བཤད་བྱ་བ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ། །དུར་ཁྲོད་འཇུག་པའི་འབྱུང་ཆེན་མོ་ འོ། །བརྒྱད་པོ་སྒྲུབ་པའི་ཆོ་ག་སྟེ། །དབུལ་པོ་རྣམས་ལ་ཕན་དོན་དུ། །བྲན་མོའི་སྒྲུབ་ཐབས་དམ་པའོ། །དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་སྒྲུབ་པ་བརྩམ་ པར་བྱ་སྟེ། མཚན་མོ་དུར་ཁྲོད་དུ་སོང་ནས་སེང་ལྡེང་གི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བྱུག་པས་སྦྱིན་སྲེག་བརྒྱ་བྱས་ན་དེ་ནས་འབྱུང་མོ་དུར་ཁྲོད་དུ་འཇུག་མ་མྱུར་དུ་འོང་སྟེ། ངས་ཅི་བྱ་ཞེས་མངག་གཞུག་བྱེད་ པར་འགྱུར་རོ། །དེ་ནས་ཞིང་བསྐྱེད་པའི་ཞིང་གི་ལས་བྱེད་ཅིང་ཉི་མ་རེ་རེ་ཞིང་དོང་ཙེ་རེ་རེ་སྟེར་རོ། །མཚན་མོའི་ཞིང་གི་གསེབ་དུ་སོང་སྟེ་ཉ་དང་ཤས་ཇི་ལྟར་གསུངས་པའི་གཏོར་མ་སྦྱིན་ཞིང་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ན་ལས་ཀྱི་ ཤ་ཟ་མོ་ཇི་ལྟར་བསྟན་པའི་ལས་ཐམས་ཅད་བྱེད་དོ། །མཚན་མོ་དུར་ཁྲོད་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣམ་མྱུར་དུ་བཟང་མོའི་གཟུགས་ཀྱིས་འོང་སྟེ་མངག་གཞུག་མར་འགྱུར་རོ། །ཁྱིམ་གྱི་ལས་དང་བྱ་བ་དང་ཤགས་དང་ དྲག་པོའི་ལས་ལ་སོགས་པ་བྱེད་དོ། །མཚན་མོ་དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱ་བཟླས་ན་ཤ་ཟ་མོ་ཉན་རྣམ་འབྱུང་མོའི་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མྱུར་དུ་འོང་ངོ་། །འོངས་པ་ལ་ཉ་དང་ཤ་ལས་བྱས་པའི་གཏོར་ མ་དམར་པོ་བྱིན་ན་དགའ་བར་འགྱུར་རོ། །བྲན་གྱི་ལས་བྱེད་ཅིང་རས་ཟུང་གཅིག་དང་དོང་རྩེ་གཅིག་དང་འབྲས་ཆན་དང་རྒྱན་ལ་སོགས་པ་སྒྲུབ་པ་པོ་དང་འགྲོ་བ་ལྔ་ལ་ཉི་མ་རེ་རེ་ཞིང་སྟེར་རོ། །དཔག་ཚད་བརྒྱ་ནས་ཀྱང་བུད་མེད་བཟང་མོ་ བླངས་ནས་སྟེར་རོ། །མདོར་ན་བྲན་དང་བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་བྱེད་དོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཀྱི་ཤ་ཟ་མོའི་ཆོ་ག་རྒྱས་པའི་ལེའུའོ།། །། 101-1-40b དེ་ནས་འབྱུང་མོ་གཏུམ་མོ་ཆེན་མོ་ཀ་ཏ་ཡ་ན་གཏུམ་མོ་ཆེན་མོ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་དཔལ་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀ་ཏ་ཡ་ན་ཞི་བ་མ་ཡིའོ། ། ཨོཾ་བྷཱུར་ཛཱ་ལ་ཧཱུྃ་ཕཊ་ཀ་ཏ་ཡ་ན་ཆེན་མོའིའོ། །ཨོཾ་ཨོཾ་ཧྲཱིཿཧྲཱིཿཧཱུཾ་ཧཱུྃ་ཧེ་ཧེ་ཕཊ་ཕཊ་སྭཱ་ཧཱ། དྲག་མོ་ཀ་ཏ་ཡ་ནའིའོ། །ཨོཾ་ཨོཾ་རཽ་ཏྲི་བྷ་ཡྃ་ཀ་རི་ཨཊྚ་ཧ་སི་ནི་སཱ་དྷ་ཀ་པྲི་ཡེ་མ་ཧཱ་པི་ཙི་ཏ་རཱུ་པེ་རཏྣ་ཀ་རི་སུ་བརྞ་ཧ་ཏེ་ཡ་མ་ནི་ཀྲྀནྟ་ནི་སརྦ་དུཿཁོ་པྲ་ཤ་མ་ ནི་ཨོཾ་ཨོཾ་ཨོཾ་ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཤཱི་གྷྲྃ་སིདྡྷི་པྲ་ཡཙྪ་ཧྲཱིཿཛཿསྭཱ་ཧཱ། འབྱུང་པོའི་དབང་ཕྱུག་མ་གཏུམ་མོ་ཀ་ཏ་ཡ་ནའིའོ། །ཨོཾ་ཨོཾ་ཡ་མ་ནི་ཀྲྀནྟ་ནི་ཨ་ཀཱ་ལ་མྲྀ་ཏྱུ་ནི་བ་ར་ཎི་ཁཌྒ་ཤཱུ་ལ་ཧསྟེ་ཤཱི་གྷྲྃ་པྲ་སིདྡྷི་ད་དྷཱ་ཏུ་སཱ་དྷ་ཀ་མཱཛྙཱ་པ་ཡ་ཏི་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་དྲེགས་མའིའོ། །ༀ་ཧེ་མ་ཀུཎྜ་ལི་དྷ་ཀ་དྷ་ཀ་ཛྭ་ལ་ཛྭ་ལ་བི་དྱ་ཀུཎྜ་ལི་བྷཱུ་ཥི་ཏེ་ད་མ་ནི་མ་ཐ་ནི་བྷ་ག་བཱན་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཀ་ཏ་ཡ་ན་རྣ་ཆ་ཅན་གྱིའོ། །ཨོཾ་བྷྲྀ་ཀུ་ཊི་མུ་ཁི་ཀ་ཧ་ཀ་ཧ་དྷ་བ་དྷ་བ་ཛྭ་ལ་ཛྭ་ལ། ཧུ་ཏ་ཨཱ་ས་ན་མུ་ཁི་ཨཱ་གཙྪ་ཨཱ་གཙྪ་བེ་ཏ་ཧོད་ཐ་བ་ནི། ཨཱ་བི་ཤ་ཨཱ་བི་ཤ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་བྷ་ག་བཱན་ཨཱ་ཛྙཱ་པ་ཡ་ཏི་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་རྒྱལ་བའི་བཞིན་ཅན་མའིའོ། །ཨོཾ་བི་ཀུ་མ་ཐཱ་ནི་ཀ་ཧ་ཀ་ཧ། ཛ་ཡ་ཛ་ཡ་སརྦ་ཨ་སུ་ར་པ་ཙ་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཀ་ཏ་ཡ་ན་མཛེས་མའིའོ། །སུ་ར་ཏ་པྲི་ཡེ་དི་བྱ་ལོ་ཙ་ནི་ཀཱ་མེ་ཤྭ་རི་ཛ་ག་ཏ་མོ་ཧ་ནི་སུ་བྷ་གེ་ཀཉྫ་ན་ཨ་མ་ལ་བྷཱུ་ཥ་ཎེ་ནུ་པཱུ་ར་ཤབྡེ་ཨཱ་བེ་ཤ་ཨཱ་བེ་ཤ་བི་པུ་ར་པུ་ ར་སཱ་དྷ་ཀ་པྲི་ཡེ་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་དེས་མའིའོ། །ཀ་ཏ་ཡ་ན་ནི་འབྱུང་མོ་བརྒྱད་ཀྱི་རིག་སྔགས་བཀླགས་པ་ཙམ་གྱིས་འགྲུབ་པའོ། །དེ་ནས་མཆོག་ཏུ་གསང་བའི་འབྱུང་མོ་ཆེན་པོ་གདུལ་བའི་ རྒྱུད་ཆེན་པོ་ལས་ཀ་ཏ་ཡ་ན་བརྒྱད་པོའི་ཕྱག་རྒྱའི་མཚན་ཉིད་འབྱུང་མོ་ཐམས་ཅད་སྒྲུབ་པར་བྱེད་པ་བཤད་པར་བྱ་སྟེ། སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ནས་མཛུབ་མོ་བརྐྱང་སྟེ་བཀུག་པ་ནི་ཀ་ཏ་ཡ་ན་ཞིབ་མའི་ 101-1-41a །ཕྱག་རྒྱའོ། །སོར་མོ་རྣམས་ནང་དུ་བཀུག་ནས་མཛུབ་མོ་གཉིས་བསྐྱིལ་བ་ནི་ཀ་ཏ་ཡ་ན་ཆེན་མོའི་ཕྱག་རྒྱ་སྟེ་འབྱུང་མོ་མ་ལུས་པ་འགུགས་པའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་ཁར་གཏད་ནས་མཐེའུ་ ཆུང་གཉིས་བཀུག་པ་ནི་འབྱུང་མོ་ཐམས་ཅད་གསོད་པ་སྟེ། རིགས་འཇོམས་པར་བྱེད་པ་སྒྲུབ་པ་པོ་ཆེན་པོ་དགའ་བའི་འབྱུང་པོའི་དབང་ཕྱུག་མའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་དོ། ། ཁུ་ཚུར་གཉིས་སོ་སོར་བཅངས་ནས་མཛུབ་མོ་གཉིས་བརྐྱང་བ་ནི་ཀ་ཏ་ཡ་ན་དྲེགས་མའི་ཕྱག་རྒྱ་སྟེ་དྲི་དང་སྤོས་དང་དེ་བཞིན་དུ་མེ་ཏོག་གིས་མཆོད་ཅིང་ཉ་དང་ཤའི་གཏོར་མ་ཡང་བྱིན་ན་འབྱུང་མོ་ཐམས་ཅད་སྐད་ཅིག་དེ་ལ་ བྲན་མོར་འགྱུར་རོ། །ཁུ་ཚུར་གཉིས་དམ་དུ་བཅིངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོའི་ཕྱག་རྒྱ་སྟེ། དེ་ཉིད་ཀ་ཏ་ཡ་ན་གཏུྃ་མོ་རྣ་ཆ་ཅན་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མོ་ཐམས་ཅད་ སྒྲུབ་ཅིང་འབྱུང་མོ་རྣམས་བསྒྱེལ་ཞིང་གསོད་པའི་ཕྱག་རྒྱ་སྟེ། རིགས་དང་རྒྱུད་དུ་བཅས་པ་སྒྲུབ་པ་རྒྱལ་བའི་བཞིན་ཅན་མའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ་དབང་དུ་བྱེད་པའོ། །ཁུ་ཚུར་སོ་སོར་བཅངས་ནས་མཐེའུ་ ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་ནི་འཇིག་རྟེན་གསུམ་འགུགས་པར་བྱེད་པའི་ཕྱག་རྒྱ་སྟེ་དྲག་པོ་དང་ཚངས་པ་དང་བརྒྱ་བྱིན་དུ་བཅས་པ་ཡང་འགུགས་ན་འབྱུང་མོ་དང་ཕྲན་ཚེགས་རྣམས་ལྟ་ཅི་སྨོས་ཏེ་དེ་ནི་ ཀ་ཏ་ཡ་ན་མཛེས་མའི་ཕྱག་རྒྱའོ། །འབྱུང་མོ་ཆེན་མོ་ཀ་ཏ་ཡ་ན་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་མཆོག་ཏུ་གསང་བ་གསང་ཆེན་འབྱུང་པོ་གདུལ་ བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འབྱུང་མོ་ཀ་ཏ་ཡ་ན་རྣམས་ཀྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ་འབྱུང་མོ་ཀ་ཏ་ཡ་ན་རྣམས་ཀྱི་སྒྲུབ་པའི་ཐབས་ནི། དུར་ཁྲོད་དུ་སོང་ནས་བརྒྱ་ཕྲག་བརྒྱད་བཟླས་ན་ཉི་མ་གསུམ་ན་ 101-1-41b འབྱུང་མོ་ཐམས་ཅད་མྱུར་དུ་འོངས་ཏེ། འོངས་པ་ལ་ཐོད་པ་ཁྲག་གིས་ཡོངས་སུ་བཀང་སྟེ་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་སྟེ། སྒྲུབ་པ་པོས་མ་གྱིས་ཤིག་ཅེས་སྨྲས་ན་མ་དང་འདྲ་བར་ ཡོངས་སུ་སྐྱོང་བར་བྱེད་དོ། །རྒྱལ་སྲིད་སྟེར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་སྒྲུབ་པ་པོ་རྣམས་ཀྱི་བདག་པོར་འགྱུར་རོ། །ལོ་བརྒྱ་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ། ། དེ་ནས་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཚན་མོ་ཡང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་བཟླས་ན་བུད་མེད་བཟང་མོའི་གཟུགས་ཀྱིས་འདུག་ནས་མཆོག་སྟེར་རོ། ། མཚན་མོ་ལིང་ག་གཅིག་པར་སོང་སྟེ་སྟོང་ཕྲག་གཅིག་བཟླས་ན་ཉི་མ་གཅིག་ན་རྐང་གདུབ་ཀྱི་སྒྲ་ཐོས་སོ། །ཉི་མ་གཉིས་ན་བུད་མེད་བཟང་མོ་མདུན་དུ་འདུག་སྟེ། སེམས་སུན་མི་དབྱུང་ཞིང་སྨྲ་བར་ཡང་མི་བྱའོ། །ཉི་མ་ གསུམ་པ་ལ་ཚིག་སྨྲ་བར་བྱེད་དེ། ཀྱེ་བསྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲ་སྟེ། སྒྲུབ་པ་པོས་ཀྱེ་ལྷ་མོ་ཆེན་མོ་བསྙེན་བཀུར་གྱིས་ཤིག་ཅེས་སྨྲས་ན་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་མར་འགྱུར་རོ། །རྒྱབ་དུ་ཞོན་ན་རི་རབ་དང་ རྒྱ་མཚོ་ལ་སོགས་པར་འཁྱེར་རོ། །གཞན་ཡང་ངལ་སོ་བའི་ཁྱིམ་དུ་སོང་སྟེ་འདུག་ན་རྫས་བླངས་ནས་སྟེར་བར་བྱེད་དོ། །འཛམ་བུའི་གླིང་གི་ཁོངས་སུ་གཏོགས་པ་ན་གཟུགས་མཆོག་དང་ལྡན་པའི་བུ་མོ་བླངས་ནས་ སྟེར་རོ། །དེ་ནས་འདོད་པར་བྱས་ན་ལོ་ལྔ་བརྒྱ་འཚོ་ཞིང་ཤི་བ་ན་རྒྱལ་ཕྲན་གྱི་རིགས་སུ་སྐྱེའོ། །མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོ་བུད་མེད་བཟང་མོའི་གཟུགས་ཅན་དུ་ འཁོར་དང་བཅས་ནས་འོང་སྟེ། འོངས་པ་ལ་བོད་པར་མི་བྱ་ཞིང་སུན་འབྱུང་བར་མི་བྱ་སྟེ། མི་སྨྲ་བར་གྱུར་པས་ཆགས་པ་སྤྱད་ན་ཉི་མ་རེ་རེ་ཞིང་རྟག་ཏུ་གནས་པར་འགྱུར་རོ། །དོང་ཙེ་ལྔ་དང་རས་ཕྲུགས་གཅིག་ 101-1-42a སྟེར་རོ། །མཚན་མོ་བསྐྱེད་མོས་ཚལ་དུ་སོང་སྟེ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་རྐང་གདུབ་ཀྱི་སྒྲ་ཐོས་སོ། །ཉི་མ་བཞི་ན་འབྱུང་མོ་འོང་བ་མཐོང་ངོ་། །ཉི་མ་ལྔ་ན་མདུན་ན་འདུག་གོ། ཉི་མ་དྲུག་ན་དོང་ཚེ་ལྔ་སྟེར་རོ། ། ཉི་མ་བདུན་ན་ཡང་འོང་སྟེ་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །དེ་བཞིན་དུ་ཉི་མ་བརྒྱད་པ་ལ་སྔས་སུ་མཎྜལ་བྱས་ལ་གུ་གུལ་གྱི་བདུག་པ་བྱིན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོའི་གཟུགས་ ཀྱིས་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །ལྷའི་མུ་ཏིག་གི་དོ་ཤལ་མལ་དུ་བོར་ནས་ཐོ་རངས་ཀྱིས་འགྲོ་སྟེ་དེས་ཀྱང་མུ་ཏིག་གི་དོ་ཤལ་བླང་བར་བྱའོ། །བླངས་པ་ཙམ་གྱིས་དོང་ཙེ་ཉི་ཤུ་རྩ་ལྔ་དང་ རས་ཟུང་གཅིག་སྟེར་རོ། །དགྲ་ཐམས་ཅད་འཇོམས་པར་བྱེད་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ། ཤི་ནས་རྒྱལ་རིགས་སུ་སྐྱེའོ། །ལྷ་ཁང་སྟོང་པར་སོང་ནས་མཚན་མོ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་རང་ཉིད་སྣང་བ་ ཆེན་པོ་བྱས་ནས་འཁོར་བརྒྱད་བརྒྱས་ཡོངས་སུ་བསྐོར་ཏེ་ངེས་པར་འོང་ངོ་། །འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ་ཆུང་མར་འགྱུར་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། རྫས་ཀྱི་གྲུབ་པ་སྟེར་རོ། ། འཁོར་བརྒྱད་བརྒྱས་གོས་དང་རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ། །ལོ་ལྔ་སྟོང་འཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ། །མཚན་མོ་རྒྱལ་པོའི་ཁབ་དུ་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་ བསྙེན་པ་བྱས་པར་འགྱུར་རོ། །ནུབ་ལྔར་ཀ་ར་བཱི་རའི་ཤིང་གིས་མེ་རབ་ཏུ་སྦར་ཏེ། མ་ལ་ཏིའི་མེ་ཏོག་ཞོ་དང་མར་གྱིས་བྱུགས་ཏེ། བརྒྱད་བརྒྱ་བསྲེགས་ན་འབྱུང་མོའི་རྒྱལ་མོ་དབང་ཕྱུག་ཆེན་མོ་འཁོར་ལྔ་བརྒྱའི་རྐང་ གདུབ་ཀྱི་སྒྲ་ཆེན་པོས་མྱུར་དུ་འོང་ངོ་། །འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་མ་དང་སྲིང་མོ་དང་ཆུང་མར་འགྱུར་རོ། །གལ་ཏེ་མར་གྱུར་ན་སེམས་སུན་དབྱུང་བར་མི་བྱ་སྟེ། ལྟས་འདོད་པའི་བཟའ་ 101-1-42b བ་སྟེར་ཞིང་གསེར་སྲང་འབུམ་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་རྒྱལ་སྲིད་སྟེར་ཞིང་དཔག་ཚད་སྟོང་ནས་ཀྱང་བུད་མེད་བླངས་ནས་སྟེར་རོ། །གལ་ཏེ་ཆུང་མར་གྱུར་ན་ནི་བུད་མེད་མཛེས་མ་ལྟ་བུས་ལུས་ཀྱི་ ལོངས་སྤྱོད་སྟེར་ཞིང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལོ་ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེ་བར་བྱེད་དོ། །དེ་ནས་ཟླ་བ་ཉ་བ་ལ་ཁྲི་བཟླས་པ་བྱས་ནས་མཚན་མོ་ལྷ་ཁང་དུ་སོང་སྟེ། མཆོད་པ་ རྒྱས་པར་བྱས་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཞིང་མངག་གཞུག་མར་འགྱུར་རོ། །ཉི་མ་རེ་རེ་ཞིང་དོང་ཙེ་ལྔ་ལྔ་སྟེར་ཞིང་ལྷའི་འདོད་པའི་ བཟའ་བ་སྟེར་རོ། །ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། །འདི་ནི་ཀ་ཏ་ཡ་ན་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་རྣམ་པར་བཤད་བྱ་བ། །འབྱུང་པོ་འདུལ་བའི་ རྒྱུད་ཆེན་གྱི། །བྲན་པོ་དང་ནི་བྲན་མོ་དག །སྒྲུབ་པར་བྱེད་པའི་ཆོ་གའོ། །ཨོཾ་རཱ་ཧུ་རཱ་ཧུ། མ་ཧཱ་ཙེ་དུ་ཀ་ནན་ད་རི་དྷ་ནན་ཧི་ཏ་ཧ་ར་ཐཱ་ཡཱ། ཨོཾ་ཧྲ་ཧྲ་ཧྲ་ཧྲ་ཧྲ། གྲྀཧྞ་གྲྀཧྞ། མྃ་ས་སིདྡྷིཾ་མེ་པྲ་ཡཙྪ་སྭཱ་ཧཱ། ར་སྐྱེས་ནག་པོའི་ཤ་བཙོང་ བའི་སྔགས་ཏེ་མཚན་མོ་དུར་ཁྲོད་དུ་སོང་ནས་བརྒྱ་རྩ་བརྒྱད་བཟླས་ན་ཤ་ཐམས་ཅད་བཙོང་བའི་ལས་འགྲུབ་པར་འགྱུར་རོ། །མཚན་མོ་དུར་ཁྲོད་དུ་སོང་ནས་ཤ་སྲང་བརྒྱད་ཁྱེར་ནས་ཕྱོགས་བཞིར་རྣམ་པར་བལྟས་ཏེ། ཀྱེ་ཀྱེ་ དུར་ཁྲོད་ན་གནས་པའི་འབྱུང་མོ་རྣམས་ཤ་ཉོའམ་ཞེས་བོས་ནས། བྲམ་ཟེའི་གཟུགས་ཀྱིས་མདུན་དུ་འདུག་སྟེ། ཀྱེ་སྐྱེས་བུ་ཆེན་པོ་ཅི་བཞེད་ཅེས་སྨྲ་ན། སྒྲུབ་པ་པོ་ཡིས་གསེར་འདོད་དོ་ཞེས་སྨྲ་སྟེ། གསེར་སྲང་ བརྒྱ་སྟེར་བར་བྱེད་དོ། །དེ་ནས་ཤ་སྦྱིན་ཏེ་གལ་ཏེ་མི་འདོད་ན་མིག་དང་སྤྱི་བོ་འགས་པའམ་འཆི་བར་འགྱུར་རོ། །དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་རིག་འཛིན་བྱེ་བ་དུ་མས་ཡོངསུ་བསྐོར་ཏེ། ལྷའི་བུ་མོ་དུ་མ་ 101-1-43a དང་། གནོད་སྦྱིན་དང་། ཀླུ་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་ལ་ལན་གསུམ་བསྐོར་བ་ བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མི་ཕྱེད་པར་བསྟན་པ། ཁམས་གསུམ་པའི་རྒྱལ་པོ་ཆེན་པོ་ འབྱུང་པོ་དང་། ཀླུ་དང་གནོད་སྦྱིན་དང་། རིག་འཛིན་རྣམས་འཇིག་པར་བྱེད་པ། བགེགས་ཐམས་ཅད་འཇོམས་པ། སྡུག་བསྔལ་བ་དང་། ཉོན་མོངས་པ་ཐམས་ཅད་སེལ་བ། གདོན་ཐམས་ཅད་དང་། རོ་ལངས་དང་ལུས་སྲུལ་པོ་རྣམས་གསོད་པ། དཀྱིལ་འཁོར་གསང་ཆེན་ཐམས་ཅད་གྲུབ་པར་བྱེད་པ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འཇམ་དཔལ་གཞོན་ནུར་གྱུར་པས་འབྱུང་པོའི་དབང་ཕྱུག་ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །ལྷ་ཆེན་པོ་མ་འོངས་པའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ལ་ཕན་པའི་དོན་དུ་འབྱུང་པོ་ ཐམས་ཅད་དང་། ཀླུ་དང་གནོད་སྦྱིན་དང་། མི་འམ་ཅི་རྣམས་བྲན་མོར་སྒྲུབ་པའི་ཐབས་ཁྲོ་བོའི་བདག་པོ་ཆེན་པོས་གསུངས་ཤིག །དེ་ནས་འདིར་ནི་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་དག་ནི་བཞིས་བརྒྱན་ཅིང་། །ཆ་རྣམས་བཅུ་དྲུག་དག་དང་ལྡན། །རྡོ་རྗེ་ར་བས་མཛེས་བྱས་པ། །དེའི་དབུས་དགོད་བྱ་དྲག་པོ་སྟེ། །འབར་བའི་ཕྲེང་བ་ཡང་དག་འཁྲུག །ཁྲོ་བོ་ཆེན་པོ་ཕྱག་བཞི་པ། ། མིག་སྨན་སྦྱངས་པའི་འོད་འདྲ་ཞིང་། །ཕྱག་གཡས་ཀྱིས་ནི་རྡོ་རྗེ་གསོར། །གཡོན་པའི་ཕྱག་གིས་བསྡིགས་མཛུབ་མཛད། །ཞལ་གྱི་མཆེ་བ་གཙིགས་པ་སྟེ། །སྦྲུལ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། ། 101-1-43b ཐོད་པའི་ཕྲེང་བའི་ཅོད་པན་ཅན། །འཇིག་རྟེན་གསུམ་ཡང་འཇིགས་བྱེད་ཅིང་། །སྒྲ་ཆེར་དྲག་ཏུ་བཞད་མཛད་ལ། །འཇིག་རྟེན་གསུམ་པོའི་བདག་པོ་སྟེ། །གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས། ། ཉི་མ་བྱེ་བའི་གཟི་ལྡན་ལ། །གཞན་གྱིས་མི་ཐུབ་ཞབས་ཀྱིས་མནན། །ཕྱག་རྒྱ་འཆིང་བས་བཞུགས་པ་སྟེ། །སྲིན་ལག་གཉིས་ནི་འཁྱུད་ནས་སུ། །མཛུབ་མོ་གཉིས་ནི་བཀུག་བྱས་ཏེ། །མཐེའུ་ ཆུང་དང་ནི་གུང་མོ་དག །མཐེ་བོ་ཡིས་ནི་མནན་བྱས་པ། །དཔལ་ལྡན་འདི་འདྲའི་རྒྱ་འཛིན་ཅིང་། །འཇིག་རྟེན་གསུམ་གྱི་འབྱོར་འགྲུབ་པའོ། །ཁྲོ་བོའི་མདུན་དུ་ཨུ་མ་ཡི། །བདག་པོ་ཡང་དག་བྲི་བར་བྱ། ། ལྷོ་རུ་ཁྱབ་འཇུག་བྲི་བྱ་སྟེ། །ནུབ་དུ་ཚངས་པ་ལྷ་ཉིད་དོ། །བྱང་དུ་བདག་པོ་སྨིན་དྲུག་གོ། །དབང་ལྡན་དུ་ནི་ཚོགས་བདག་པོ། །འོད་ཟེར་སྟོང་གིས་མཛེས་པ་ནི། །མེའི་གྲྭར་ནི་བྲི་བར་བྱ། །སྒྲ་གཅན་བདེན་ བྲལ་གྲྭ་རུ་བྲི། །དགའ་བའི་དབང་ཕྱུག་རླུང་གི་གྲྭར། །གསེར་གྱི་ཁ་དོག་ལྟ་བུའི་ལུས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཅུང་ཟད་རྒོད་ཅིང་ཆགས་པ་ཡིས། །བཅོམ་ལྡན་འདས་ལ་བལྟ་བ་ཡི། ། མཆོད་པའི་ལྷ་མོ་གནས་པ་རྣམས། །དཀྱིལ་འཁོར་ཕྱི་རོལ་བྲི་བྱ་སྟེ། །ཁྲོ་བོ་ཡི་ནི་གཡོན་ལོགས་སུ། །ལྷ་མོ་ཨུ་མ་བྲི་བར་བྱ། །ཁྲོ་བོ་ཡི་ནི་མདུན་ཉིད་དུ། །དཔལ་གྱི་ལྷ་མོ་བྲི་བར་བྱ། ། ལག་པ་མེ་ཏོག་ཐོགས་པའོ། །ཁྲོ་བོ་ཡི་ནི་གཡས་ལོགས་སུ། །རྒྱན་ཀུན་གྱིས་ནི་བརྒྱན་བྱས་ཤིང་། །ལག་པ་ན་ནི་སྤོས་ཐོགས་པའི། །ཐིག་ལེ་མཆོག་ནི་ལེགས་པར་བྲི། །ཁྲོ་བོ་ཡི་ནི་རྒྱབ་ཀྱི་ཆར། ། ལྷ་ཡི་རྣ་ཆས་བརྒྱན་པ་ཡི། །ལག་ན་མར་མེ་ཐོགས་པར་ནི། །ཟླ་བའི་ལྷ་མོ་བྲི་བར་བྱ། །ལྷ་ཡི་རྣ་ཆས་བརྒྱན་པ་ཡི། །ལག་ན་དྲི་ཡི་སྣོད་ཐོགས་པ། །རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི། །ལྷ་མོ་མེ་ཡི་གྲྭ་རུ་བྲི། ། 101-1-44a གླུ་དང་སྙན་དངགས་མང་སྨྲ་བའི། །ཚིག་དབང་ལྷ་མོ་སྲིན་པོར་བྲི། །གནོད་སྦྱིན་ཀུན་གྱི་དབང་ཕྱུག་མ། །སྡུ་གུ་མཛེས་མ་ཞེས་གྲགས་པ། །ལག་ན་རིན་ཆེན་ཕྲེང་ཐོགས་པ། །རླུང་གི་གྲྭར་ནི་བྲི་བར་བྱ། ། འབྱུང་པོ་ཀུན་གྱི་དབང་ཕྱུག་རྒྱལ། །མི་འབྱུང་ཞེས་བྱའི་འབྱུང་མོ་ནི། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་རུ། །དབང་ལྡན་གྲྭ་རུ་བྲི་བར་བྱ། །བཞིན་བཟངས་མིག་གིས་དཀྱུས་རིང་ཞིང་། །གཟུགས་དང་ལང་ ཚོས་བརྒྱན་པ་ལ། །མདོག་ནི་གསེར་དང་འདྲ་བ་སྟེ། །སྐྲ་ནི་མཐོན་མཐིང་འཁྱིལ་བ་ལ། །ཡན་ལག་ཀུན་མཛེས་ལྷ་མོ་ནི། །སྒྲུབ་པའི་རིགས་ལ་དགའ་རྣམས་སོ། །བརྒྱ་བྱིན་ཤར་དུ་བྲི་བྱ་སྟེ། །མེ་ནི་མེ་རུ་ ལེགས་པར་བྲིས། །ལྷོར་ནི་གཤིན་རྗེའི་རྒྱལ་པོ་སྟེ། །སྲིན་པོའི་བདག་པོ་བདེན་བྲལ་དུ། །ནུབ་དུ་ཆུ་ཡི་རྒྱལ་པོའོ། །རླུང་དུ་རླུང་གི་ལྷ་ཉིད་དོ། །བྱང་དུ་ལུས་ངན་རྒྱལ་པོ་བདག །དབང་ལྡན་ཟླ་བ་བྲི་བྱ་སྟེ། །རང་ རང་གནས་སུ་དགོད་པར་བྱ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་བདག་ཉིད་གཙུག་ཏོར་སྔོན་པོ་བཅིངས་ཏེ། རས་སྔོན་པོ་ཟུང་ཅིག་བགོས་ནས། རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ། ། སེམས་ཅན་ཀུན་ལ་ཕན་དོན་དུ། །མྱུར་དུ་དངོས་གྲུབ་སྦྱིན་མཛད་པ། །གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ། །ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག །དེ་ནས་དཔལ་ཁྲོ་བོ་ཆེན་པོ་ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག་ཅེས་བརྗོད་དོ། ། དེའི་འོག་ཏུ་དཔལ་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་གཞུག་ཅིང་འདི་སྐད་ཅེས་བརྗོད་དོ། །ཧཱུྃ་བཛྲ་ཕཊ། འདི་སྐད་བརྗོད་པ་ཙམ་གྱིས་བདག་ཉིད་ཁྲོ་བོ་འཇུག་གོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། རས་སྔོན་པོས་གདོང་གཡོགས་ ནས་ཁྲོ་བོའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། རྡོ་རྗེའི་ཆུ་ཁར་སྦྱིན་པར་བྱའོ། །ཨོཾ་ཏིཥྛ་ཏིཥྛ་སིདྡྷི་ཧཱུྃ་འདིས་སྦྱིན་པར་བྱའོ། །ཨོཾ་པྲ་བེ་ཤ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཨ། འདི་དང་ཁྲོ་བོ་དབབ་པའི་ཕྱག་རྒྱས་དབབ་པར་བྱ་སྟེ། ཡི་གེ་ཧཱུྃ་གིས་རི་རབ་ཀྱི་སྟེང་ན་ 101-1-44b འདུག་པ་ཡང་འབེབས་ཤིང་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ཡང་སྨྲ་བར་བྱེད་དོ། །དེ་ནས་མེ་ཏོག་དོར་བར་བྱས་ནས་དེའི་འོག་ཏུ་གདོང་གཡོགས་བཀྲོལ་ཏེ་ལྷའི་རིགས་བསྟན་ཅིང་མིང་གི་དབང་བསྐུར་ ཏེ། མཆོད་པ་བྱ་ཞིང་ཕྱག་རྒྱ་དང་སྔགས་ཀྱང་བསླབ་པར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་ལེའུ་རྫོགས་སྷོ།། །། དེ་ནས་འདིར་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས་པར་ བཤད་པ། དང་པོ་རེ་ཤིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུྃ་འབར་བའི་ཕྲེང་བ་འཁྲུག་པར་བསམས་ཏེ། སྔགས་འདི་བཟླས་པར་བྱའོ། །ཨོཾ་སིདྡྷི་བཛྲ་ཧཱུྃ། དེ་ནས་སྡིག་པ་ ཐམས་ཅད་འཇོམས་པའི་སྔགས་བཟླས་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ཐིག་ལེ་དང་བཅས་པའི་འབར་བའི་ཕྲེང་བ་འཁྲུགས་པར་བསམས་ནས་སྡིག་པ་ཐམས་ཅད་ འཇོམས་པའི་སྔགས་འདི་བཟླས་སོ། །ཨོཾ་ཧ་ན་བི་དྷྭཱན་ས་ཡ་བི་དྷྭཱན་ས་ཡ། ནཱ་ཤཱ་ཡ་སཱ་བམ་ཧཱུྃ་ཕཊ། འདིའི་རྗེས་ཐོགས་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། མདུན་དུ་མེ་ཏོག་ཀུནྡ་དང་། ཤེལ་ལྟ་བུར་བལྟས་ནས་དེའི་དབུས་ སུ་ཡི་གེ་ཧཱུྃ་དང་། པད་མ་འདབ་མ་བརྒྱད་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཧཱུྃ་འབར་བའི་ཕྲེང་བ་ཀུན་ནས་འཁྲུགས་པ་རྣམ་པར་བསམས་ལ། ཁྲོ་བོ་དབབ་པའི་སྔགས་འདིས་དབབ་པར་བྱའོ། །ཨོཾ་ཀྲོ་དྷ་ ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཨ། དེ་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་བཟླས་པར་བྱའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་པཱ་ཏ་ཡ་ཧཱུྃ། དེ་ནས་རང་ལྷའི་སྐུར་བསམ་མོ། །དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་ རྒྱལ་པོའི་ཕྱག་རྒྱས་ཡན་ལག་དྲུག་ཏུ་དགོད་པར་བྱ་སྟེ། ཨོཾ་ཧ་ན་བཛྲ་ཧཱུྃ། སྤྱི་བོར་རོ། །ཨོཾ་དྷ་ར་བཛྲ་ཧཱུྃ། སྤྱི་གཙུག་ཏུའོ། །ཨོཾ་དཱིཔྟ་བཛྲ་ཧཱུྃ། མིག་ཏུའོ། །ཨོཾ་བཛྲ་རོ་ཥ་ཎ་ཧཱུྃ། སྙིང་གར་རོ། །ཨོཾ་བཛྲ་དྲྀ་ཌྷ་བཛྲ་ཧཱུྃ། 101-1-45a གོ་ཆའོ། །ཨོཾ་ཧ་ན་ད་ཧ་པ་ཙ། ཀྲོ་དྷ་བཛྲ་སརྦ་དུཥྚན། མཱ་ར་ཡ་ཧཱུྃ་ཕཊ། མཚོན་ཆའོ། །ཁྲོ་བོའི་རྒྱལ་པོ་འདི་དག་ཡན་ལག་དྲུག་ལ་དགོད་པར་གསུངས་སོ། །དེ་ནས་དཀྱིལ་འཁོར་གྱི་ལྷའི་སྙིང་པོས་སྤྱན་དྲངས་ཏེ། སོར་མོ་ཕན་ཚུན་དུ་བཀུག་ནས་འཛུབ་མོ་གཉིས་རྩེ་མོ་བཀུག་པའི་ཕྱག་རྒྱས་འདི་ལ་སྔགས་སྦྱར་བར་བྱའོ། །ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ས་མ་ཡ། མ་ནུ་པཱ་ལ་ཡ་ཤཱི་གྷྲྃ་ཨཱ་གཙྪ་ཧྲཱིཿཛཿཧཱུཾ་ཕཊ་སྭཱ་ཧཱ། འདིས་ལྷ་ཐམས་ཅད་སྤྱན་དྲང་ བར་བྱའོ། །ཨོཾ་སརྦ་དེ་བི་ཏཱ་པྲ་སིདྡྷ་ཧཱུྃ་ཨ། །ཨོཾ་ནཱ་ཤ་ཡ་དུཥྚཱ་ན་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྟངས་སྟབས་ཀྱིའོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཙཎྜ། བནྡྷ་བནྡྷ་ཤ་དི་ཤ་ཧཱུྃ་ཕཊ་ཕྱོགས་བཅིང་བའོ། །ཨོཾ་བྷཱུར་བྷུ་བ་སྭཱ་ཧཱ་ལྷ་ཆེན་པོ་ འིའོ། །ཨོཾ་ཨཱ་ཤྲཱི་བཛྲ་ཧ་ན་ཡེ་སྭཱ་ཧཱ། ཁྱབ་འཇུག་གིའོ། །དེ་བ་ཀུ་རུ་དྷེ་དྷ་རཱ་ཡ་སྭཱ་ཧཱ། སྐྱེ་དགུའི་བདག་པོའིའོ། །ཨོཾ་ཧྲཱིཿཀྲོཉྩ་ཤཀྟི་དྷཱ་ར་ཎི་ཕཊ་ཕཊ། གཞོན་ནུའི་སྔགས་སོ། །ཨོཾ་གྲུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཚོགས་བདག་གི་ འོ། །ཨོཾ་ཤྲཱི་ཙ་ཡ་ཨ་སྲ་ཀི་ནི་སྭཱ་ཧཱ། ཉི་མའིའོ། །ཨོཾ་ནནྡེ་ཤྭ་རཱ་ཡ། ནཱུ་ཏ་ནཱ་ཏ་ཧྲཱིཿསྭཱ་ཧཱ། དགའ་བའི་དབང་ཕྱུག་གིའོ། །ཨོཾ་ཙཎྜ་ཤ་ཀྲ་པ་ར་ཀྲཱ་མ་ཡེ་ཧཱུྃ་ཕཊ། སྒྲ་གཅན་གྱིའོ། །ཨོཾ་ཙནྡྲཱ་ཡ་ཤྲཱི་སྭཱ་ཧཱ། སྟེང་གི་ཟླ་བའིའོ། །དེ་ནས་ མཆོད་པའི་ལྷ་མོ་རྣམས་ཀྱི་སྙིང་པོ་བཤད་པ། ཨོཾ་བྲུྃ་ན་མ། ལྷ་མོ་ཨུ་མའིའོ། །ཨོཾ་ཤྲཱི་ན་མ་དཔལ་གྱི་ལྷ་མོའིའོ། །ཨོཾ་ཤྲཱི་ཡ་ན་མཿཐིག་ལེ་མཆོག་མའིའོ། །ཨོཾ་ས་ར་སྭཏྱ་ག་ཏཱ་ཡ་སརྦྦ་སྭཱ་ཧཱ། དབྱངས་ཅན་མའིའོ། །ཨོཾ་ཤྲཱི་ཙྃ་མ། རྩོམ་མ་མའིའོ། །ཨོཾ་ཤྲཱི་ན་མ། ཟླ་བ་མའིའོ། །ཨོཾ་ཡཀྵ་ཤཱ་རི་ཀྵྼི་སྭཱ་ཧཱ། སྡུག་གུ་མཛེས་མའིའོ། །ཨོཾ་ཨ་བྷཱུ་ཏི་རི་ཧྲཱིཿ། མི་འབྱུང་བའིའོ། །དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱིའོ། །ཨོཾ་ཨ་ཤྲཱི་མྃ་སྭཱ་ཧཱ། འབྱུང་པོ་བརྒྱད་ ཀྱི་སྙིང་པོ་སྟེ་སྔ་མ་བཞིན་ནོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དངོས་གྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུ་རྫོགས་སྷོ།། །། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་ཕྱག་རྒྱའི་ 101-1-45b མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བཤད་པ། སོར་མོ་ཕན་ཚུན་བསྣོལ་ནས་མཛུབ་མོ་གཉིས་བཀབ་པ་ལྟར་བརྐྱང་བ་བྱས་པ་ནི་སྡིག་པ་འཇོམས་པའི་ཕྱག་རྒྱའོ། །ཁུ་ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་ཁྲོ་བོ་ དབབ་པའི་ཕྱག་རྒྱ་སྟེ། འཇིག་རྟེན་གསུམ་སྐད་ཅིག་གིས་འབེབས་པའི་ཕྱག་རྒྱ་ཆེན་པོའོ། །དེ་ནས་ཡན་ལག་དྲུག་གི་ཕྱག་རྒྱ་བཤད་པ་ཁུ་ཚུར་ཕན་ཚུན་བཅངས་ཏེ། གུང་མོའི་སོར་མོ་བརྐྱང་བ་ནི་སྤྱི་བོའི་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་ནང་དུ་བཅུགས་ནས་མཛུབ་མོ་ཁབ་ལྟར་བྱས་པ་ནི་སྤྱི་གཙུག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོའི་རྩར་མཐེ་བོ་བཞག་སྟེ། མཐེ་བོང་གཡས་པ་མིག་གཡས་པར་བཞག་སྟེ། མཐེ་བོང་ གཡོན་པ་མིག་གཡོན་པར་བཞག་པ་ནི་མིག་གི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་པ་ལ་འཛུབ་མོ་གཉིས་བརྐྱང་བ་ནི་སྙིང་གའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བསྐྱིལ་བ་བྱས་པ་ནི་གོ་ཆའི་ ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ། །སྙིམ་པ་མཉམ་པར་བྱས་ནས་མཐེ་བོ་གཉིས་མཛུབ་མོ་ལ་བཅངས་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ལ་མཐེ་བོ་བརྐྱང་ བ་ནི་སྟངས་སྟབས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ། མཛུབ་མོ་གཡོན་པ་བརྐྱང་ནས་དཔུང་པ་གཡས་པའི་རྩ་བར་བཞག་གོ། །གཡས་པའི་མཐེ་བོས་མཐེའུ་ཆུང་གི་སོར་མོ་མནན་ཏེ། སོར་མོ་ལྷག་མ་ བརྐྱང་ནས་ཕྱོགས་བཅུར་བསྐོར་བ་ནི་བཅིང་བའི་ཕྱག་རྒྱའོ། །དེ་ནས་ལྷ་ཆེན་པོའི་ཕྱག་རྒྱ་བཤད་པ། ཐལ་མོ་མཉམ་པར་སྦྱར་ཏེ། མཐེའུ་ཆུང་དང་སྲིན་ལག་བཀུག་པ་ནི་དྲག་པོའི་ཕྱག་རྒྱའོ། །ཐལ་མོ་མཉམ་ པར་སྦྱར་ནས་མཛུབ་མོ་གཉིས་འཁྱུད་དེ་བཀུག་པ་ནི་སྲེད་མེད་ཀྱི་བུའི་དུང་གི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་བསྣོལ་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་སྐྱེ་དགུའི་བདག་པོའི་སྤྱི་བླུགས་ཀྱི་ཕྱག་རྒྱའོ། །ལག་པ་ 101-1-46a གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་མོ་བརྐྱང་བ་ནི་ཁྲུང་ཁྲུང་འཇོམས་པའི་མདུང་གི་ཕྱག་རྒྱའོ། །གུང་མོའི་སོར་མོའི་ཚིགས་བཀུག་པ་ནི་ཚོགས་ཀྱི་བདག་པོའི་དགྲ་སྟའི་ཕྱག་རྒྱའོ། ། ཐལ་མོ་མཉམ་པར་སྦྱར་ནས་བཀྲ་ཤིས་ཀྱི་ལག་པར་བྱས་ཏེ། གཡོན་པའི་མཐེའུ་ཆུང་གིས་སྙིང་པོ་བྱས་ནས་གཡོན་པའི་མཐེ་བོའི་རྩེ་མོར་བཞག་ཅིང་། །གཡས་པའི་མཐེ་བོང་དེའི་སྟེང་དུ་བཞག་པ་ནི་ཉི་མའི་ཤིང་ རྟའི་ཕྱག་རྒྱའོ། །ལག་པ་གཡས་པ་བརྐྱང་ནས་མཛུབ་མོ་དང་། སྲིན་ལག་བཀུག་པ་ནི་སྒྲ་གཅན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་གར་གྱི་ཚུལ་གྱིས་གཡོན་པའི་སྟེང་དུ་བཞག་ཅིང་ལག་པ་གཡོན་པ་ ཁུ་ཚུར་བཅངས་ཏེ། མཛུབ་མོ་དང་གུང་མོ་བརྐྱང་ནས་མཐེ་བོང་གིས་མཐེའུ་ཆུང་དང་། སྲིན་ལག་གི་སེན་མོ་མནན་པ་ནི་དགའ་བའི་དབང་ཕྱུག་གི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ་མཐེའུ་ཆུང་ འཁྱུད་པ་ནི་ལྷ་མོ་དཀའ་བཟློགས་མའི་ཕྱག་རྒྱའོ། །ལག་པ་གཉིས་ཀ་གདེངས་ཀ་ལྟར་བསྟན་ཏེ། སྤྱི་བོར་བཞག་པ་ནི་དཔལ་ལྷ་མོའི་ཕྱག་རྒྱའི་མཚན་ཉིད་དོ། །ཐལ་མོ་སྦྱར་ནས་ནམ་མཁའ་ལ་བསྐྱོད་པ་ ནི་ཟླ་བའི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ལ་མཐེའུ་ཆུང་དང་མཛུབ་མོ་འཁྱུད་པ་ནི་ལྷ་མོ་ཟླ་བའི་ཕྱག་རྒྱའོ། །དེ་ནས་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་ གཉིས་བརྐྱང་ནས་རིན་པོ་ཆེའི་རྣམ་པས་དཔྲལ་བའི་ཕྱོགས་སུ་ཕྲེང་བ་བཅིངས་ཏེ་བཞག་པ་ནི་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་རཏྣ་ཤྲཱི་སྭཱ་ཧཱ། དེ་ནས་དབྱངས་ཅན་མའི་ཕྱག་རྒྱ་ བཤད་པ། སོར་མོ་ཕན་ཚུན་འཁྱུད་དེ། མཛུབ་མོ་གཉིས་བརྐྱང་ནས་ཁར་བཞག་པའོ། །ཐིག་ལེ་མཆོག་མའི་ཕྱག་རྒྱ་བཤད་པ། སོར་མོ་ཕན་ཚུན་དུ་པད་མ་འཁོར་བའི་སྦྱོར་བས་བསྐོར་ཏེ། སྤྱི་བོར་ 101-1-46b བཞག་པ་ནི་ཐིག་ལེ་མཆོག་མའི་ཕྱག་རྒྱའོ། །དེ་ནས་རྩོམ་པ་མོའི་ཕྱག་རྒྱ་བཤད་པ། ལག་པ་སོ་སོར་སོར་མོ་གཅིག་ལ་གཅིག་བསྐོར་བའི་སྦྱོར་བས་སྙིང་གར་བཞག་པ་ནི་རྩོམ་པ་མོའི་ཕྱག་རྒྱའོ། །དེ་ནས་ཕྱིའི་ དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་ཤ་ཀྲཱ་ཡ་སྭཱ་ཧཱ། ཤར་དུ་བརྒྱ་བྱིན་ནོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མེར་མེའི་ལྷའོ། །ཨོཾ་ཡ་མཱ་ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ། །ཨོཾ་རཱཀྵ་ས་ཨ་དྷི་པ་ཏ་ཡེ་ ཛ་ཡ་ཛ་ཡ་སྭཱ་ཧཱ། བདེན་བྲལ་དུ་སྲིན་པོའི་བདག་པོའོ། །ཨོཾ་བ་རུ་ཎ་ནཱ་ག་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ནུབ་ཏུ་ཆུ་ལྷའོ། །ཨོཾ་བཱ་ཡ་བེ་ཙ་ལ་ཙ་ལ་སྭཱ་ཧཱ། རླུང་དུ་རླུང་གི་ལྷའིའོ། །ཨོཾ་ཀུ་བཻ་རཱ་ཡ་ཡཀྵ་ཨ་དྷི་པ་ཏ་ཡེ་ སྭཱ་ཧཱ། བྱང་དུ་ལུས་ངན་པོའིའོ། །ཨོཾ་ཙནྡྲཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་ཟླ་བའོ། །ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་དབང་ལྡན་ཉིད་དོ། །དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དབང་ཕྱུག་མ་སྡུག་ གུ་མཛེས་མའི་ཕྱག་རྒྱ་བཤད་ཁུ་ཚུར་སོ་སོར་བཅིངས་ཏེ་མཐེའུ་ཆུང་རབ་ཏུ་བརྐྱང་བའོ། །དེ་ནས་འབྱུང་མོའི་ཕྱག་རྒྱ་བཤད་པ་ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་བསྡིགས་མཛུབ་བྱས་ཏེ་འཛིན་པ་ནི་ འབྱུང་པོའི་དབང་ཕྱུག་འབྱུང་མོ་ཐམས་ཅད་ཀྱི་རྒྱལ་མོའི་ཕྱག་རྒྱའོ། །དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱིའི་ དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་ནི་ལག་པ་གཡས་པའི་ཐལ་མོ་མཉམ་པར་བྱས་ཏེ། མཐེ་བོས་མཐེའུ་ཆུང་གི་སོར་མོ་མནན་ནས་སོར་མོ་ལྷག་མ་བཀྲམ་པ་ནི་བརྒྱ་བྱིན་གྱི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཐལ་མོ་ མཉམ་པར་བྱས་ཏེ། ཅུང་ཟད་བསྐྱོད་པ་ནི་མེའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་བ་ནི་གཤིན་རྗེའི་དབྱུག་ཏོའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་སྲིན་ 101-1-47a པོ་རལ་གྲིའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ། མཛུབ་མོ་བརྐྱང་ནས་བསྐྱིལ་བ་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་། གུང་མོ་བརྐྱང་བ་ནི་ རླུང་ལྷའི་བ་དན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། མཐེ་བོ་བརྐྱང་བ་ནི་རྣམ་ཐོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། མཐེའུ་ཆུང་གིས་སོར་མོ་མནན་ནས་སོར་མོ་ལྷག་མ་བརྐྱང་ བ་ནི་དབང་ལྡན་གྱི་ཏྲི་ཤཱུ་ལའི་ཕྱག་རྒྱའོ། །དེ་ནས་རྫོགས་པར་བྱེད་པའི་ཕྱག་རྒྱ་བཤད་པ། ཐལ་མོ་སྦྱར་བ་ནི་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །སྔགས་བཤད་པ། ཨོཾ་སིདྡྷི་བཛྲ། ཨ་སུ་རཱ་ཡ་ཨཱ་ཨ་སུ་རཱ་ཡ་ཧཱུྃ། རྫོགས་ པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་དངོས་གྲུབ་དགུག་པའི་སྔགས་དང་ཕྱག་རྒྱ་བཤད་པ་ཁུ་ཚུར་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་ནས་བསྐྱིལ་བ་ནི་དངོས་གྲུབ་དགུག་པའི་ཕྱག་རྒྱའོ། ། སྔགས་ནི་ཨོཾ་བཛྲ་རོ་ཥ་མ་ཧཱ་ཀྲོ་དྷ་སིདྡྷ་ཨཱ་ཀཪྵ་ཡེ་ཧཱུྃ་ཛ་དངོས་གྲུབ་དགུག་པའི་སྔགས་སོ། །རྒྱལ་པོ་ཆེན་པོའི་དངོས་གྲུབ་ནི། །ཁྲོ་བོའི་བསྟན་པའི་དངོས་གྲུབ་སྟེ། །ལྷ་རྣམས་ཀུན་གྱི་དངོས་གྲུབ་མཆོག །བདག་ལ་མྱུར་དུ་བསྒྲུབ་དུ་ གསོལ། །རྡོ་རྗེ་གསོར་ཞིང་སྔགས་དེ་དང་འདི་བརྗོད་པར་བྱའོ། །དེ་ནས་འབྱུང་མོའི་གདོན་གྱི་ཕྱག་རྒྱ་བཤད་པ་ལག་པ་གཡོན་པའི་ཐལ་མོ་མཉམ་པར་བྱས་ནས། མཐེ་བོ་བསྒྲེང་ཏེ་ལག་པ་གཡས་པའི་ཁུ་ཚུར་གྱིས་ལག་པ་ གཡོན་པའི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་བཅིངས་ཏེ་གཡས་པའི་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་འཆང་གི་འབྱུང་པོ་གདོན་གྱི་ཕྱག་རྒྱའོ། །ཨོཾ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་དྷ། ཨ་དྷི་པ་ཏི་ཀྲོ་དྷ་རཱ་ཛ། ཨི་མྃ་བྷཱུ་ཏ་ཨཱ་ས་ནྃ། དཪྴ་ཡ་རཀྵ་སྭཱ་ཧཱ། གདན་གྱི་སྔགས་སོ། །དེ་ནས་ལྷའི་གདན་གྱི་ཕྱག་རྒྱ་བཤད་པ། ཐལ་མོ་སྦྱར་བ་བྱས་ཏེ་སོར་མོ་ཐམས་ཅད་བཀྲམ་པ་ནི་པདྨའི་ཕྱག་རྒྱར་བརྗོད་པ་སྟེ། འདི་ནི་ཕྱག་རྒྱའོ། །སྔགས་ནི་ཨོཾ་པདྨོ་བྷ་པ་ནི་ཥ་ཎ་ཎ་སརྦ་དེ་བ་ཏཱྃ་སྭཱ་ཧཱ། 101-1-47b ལྷ་ཐམས་ཅད་ཀྱི་གདན་གྱི་པདྨའི་ཕྱག་རྒྱ་དང་སྔགས་སོ། །པད་མའི་ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡོན་པ་བསྒྲུལ་བས་ལྷ་ཐམས་ཅད་སྤྱན་དྲངས་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ་སྔགས་ནི་ཨོཾ་ས་ར་ས་ར་བི་ས་ར་བི་ས་ར། གཙྪ་གཙྪ་སརྦ་དེ་བ་ཏཱ་ནི། ཤྲཱི་བཛྲ་དྷ་ར། ས་མ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཁྲོ་ཆེན་ཐམས་ཅད་གྲུབ་མཛད་པ། །མཐུ་ཆེན་དངོས་གྲུབ་བདེ་བར་སྦྱིན་མཛད་པ། །མཐུ་ཆེན་བླ་ན་མེད་པ་ནི། །བདག་ལ་ སྩལ་ཏེ་གཤེགས་སུ་གསོལ། །བསྟོད་པ་འདིས་བསྟོད་པར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་དཀྱིལ་འཁོར་གྱི་སྒྲུབ་པ་རྫོགས་སྷོ།། །། དེ་ནས་ཁྲོ་བོའི་བདག་པོ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་ སྐད་ཅེས་གསུངས་སོ། །དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་ཙམ་གྱིས་ཁམས་གསུམ་པའི་རྒྱལ་སྲིད་འཐོབ་ཅིང་འདིའི་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་ཡང་གླིང་བཞི་པའི་ འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ། །གལ་ཏེ་སྔགས་པ་ཁྲོས་ན་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་དུམ་བུ་ བརྒྱར་ཞིག་པར་འགྱུར་རོ། །ཀླུ་དང་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པའི་ལྷ་ཐམས་ཅད་ཧཱུྃ་གི་སྒྲ་ཙམ་གྱིས་འབྲོས་པར་བྱེད་དོ། །དེ་ནས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་སྔོན་དུ་བསྙེན་པར་ བྱ་བ་བཤད་པ། བདག་ཉིད་བསྲུང་བའི་སྔགས་འབུམ་བཟླས་ན་མྱུར་དུ་འགྲུབ་པར་བྱེད་པའོ། །དེ་ནས་དཔལ་རྡོ་རྗེ་འཆང་བསྒྲུབ་པར་འདོད་ན་ཟླ་བ་གཅིག་ཏུ་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ནས། དེ་ནས་ཟླ་བ་ཉ་ལ་ཅི་ལྟར་ འབྱོར་པའི་མཆོད་པ་བྱས་ནས། ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ་མཚན་ཐོག་ཐག་བཟླས་སོ། །དེ་ནས་ཐོ་རངས་ས་གཡོ་བ་དང་། ཕྱག་རྒྱ་འབར་བར་འགྱུར་ཏེ་འབར་བ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་ཞིང་རྒ་བ་དང་། 101-1-48a འཆི་བ་མེད་ལ་ལྷའི་གཟུགས་སུ་འགྱུར་རོ། །དེ་ནས་ལྷ་མོ་བསྒྲུབ་པར་འདོད་ན་ལྷ་མོ་དཀའ་བཟློག་རྐང་པ་གཡོན་པས་མནན་ནས་ཁྲི་བཟླས་ནས་ལྷ་མོ་རང་ཉིད་འོང་ཞིང་དངོས་གྲུབ་ཀྱི་རྫས་དང་དངུལ་ཆུ་དང་བཅུད་ཀྱིས་ལེན་གྱི་གྲུབ་ པ་སྟེར་ཞིང་ཆུང་མར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དུག་དང་ལན་ཚྭས་བྱུག་ཏེ། རྐང་པ་གཡས་པས་མནན་ནས་ཁྲོ་བོའི་སྔགས་འདི་བཟླས་པར་བྱ་སྟེ། ཨོཾ་ཧ་ན་ཧ་ན་བཛྲ་མཱ་ར་ཡ་ཆེ་གེ་མོ་ཧཱུྃ་ཕཊ། ཁྲོ་བོ་འདི་དང་བཅས་པས་མནན་སྟེ། སྟོང་ཕྲག་ བརྒྱད་བཟླས་ན་བཟླས་པ་ཙམ་གྱིས་སྤྱི་བོ་འགས་པའམ་སྐམས་ནས་འཆིའོ། །དེ་བཞིན་དུ་ཁྲོ་བོའི་སྔགས་ཀྱིས་གསད་པ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་དཔལ་ལྷ་མོ་བསྒྲུབ་པར་འདོད་ན། དཔལ་ལྷ་མོ་རྐང་པ་གཡོན་པས་མནན་ ཏེ་ཁྲི་བཟླས་ན་དཔལ་ལྷ་མོ་འོང་སྟེ་མེ་ཏོག་གི་སྟན་བྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ལ་ཆུང་མ་གྱིས་ཤིག་ཅེས་བསྒོ་ནས་ཇི་ལྟར་འདོད་པ་ལྟར་སྤྱད་ན་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་ནས་འཇིགས་བྱེད་མ་རྐང་པ་གཡོན་པས་མནན་ཏེ་ ཁྲི་བཟླས་ན། འཇིགས་བྱེད་མ་རང་གི་གཟུགས་ཀྱིས་འོང་སྟེ། བྲན་མོའི་ལས་རྣམས་བྱེད་དོ། །ཙ་མུཎྜི་རྐང་པ་གཡོན་པས་མནན་ཏེ། ཁྲི་བཟླས་ན་ཙ་མུཎྜི་རང་གི་གཟུགས་ཀྱིས་འོང་སྟེ། ཙ་མུཎྜི་བྲན་མོར་འགྱུར་རོ། །དེ་བཞིན་དུ་མ་མོའི་བསྒྲུབ་ པ་ཐམས་ཅད་ལ་མནན་ཏེ་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་དང་པོ་རྫོགས་སོ།། །། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། ། དེ་ནས་འདིར་ནི་ཤིན་ཏུ་འདའ་བར་དཀའ་བ་མཆོག་ཏུ་དྲག་པོ་ཆེན་པོའི་སྒྲུབ་པའི་ཐབས་ཤིན་ཏུ་དྲག་པོ་ལས་ཐམས་ཅད་སྒྲུབ་པར་བྱེད་པ་གསུངས་པ་ལིང་ཀ་གཅིག་པ་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་ལྷ་ཆེན་ པོ་དེ་མྱུར་དུ་འོང་ངོ་། །གལ་ཏེ་མ་འོངས་ན་དེའི་མོད་ལ་འཆིའོ། །སྲེད་མེད་ཀྱི་བུ་མནན་ཏེ་ཉི་མ་བདུན་སྟོང་ཕྲག་བདུན་བཟླས་ན་ཉི་མ་བདུན་པ་ལ་ངེས་པར་འོང་ངོ་། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་པའམ་སྐམས་པར་འགྱུར་རོ། ། 101-1-48b ངེས་པར་སྲེད་མེད་ཀྱི་བུ་འཁོར་དང་བཅས་པ་མངག་གཞུག་པར་འགྱུར་རོ། །ཚངས་པ་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་བར་འོང་སྟེ་གལ་ཏེ་མ་འོངས་ན་སྐམས་ཏེ་འཆིའོ། །མངག་གཞུག་པར་འགྱུར་རོ། །བརྒྱ་བྱིན་ རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་ཏུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་ངེས་པར་འོང་སྟེ། གལ་ཏེ་མ་འོངས་ན་ངེས་པར་འཆི་བར་འགྱུར་རོ། །འདིས་བརྒྱ་བྱིན་མངག་གཞུག་པར་འགྱུར་ཞིང་པང་ན་གནས་པ་བླངས་ཏེ་ སྟེར་བར་བྱེད་དོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་དུམ་བུ་བརྒྱར་འཇིག་ལ་རང་གི་རིགས་རྒྱུད་རྣམས་བརླག་པར་འགྱུར་རོ། །གཞོན་ནུ་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ། གཞོན་ནུ་མངག་གཞུག་ པར་འགྱུར་རོ། །གཞོན་ནུའི་གདོན་ཐམས་ཅད་བྲན་དུ་འགྱུར་ཞིང་ཆེ་གེ་མོ་འཚོ་བར་གྱིས་ཤིག །ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ། །ཚོགས་ཀྱི་བདག་པོ་མནན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་ བདུན་ན་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ན་རིགས་རྒྱུད་བརླག་ཅིང་འཆི་བར་འགྱུར་རོ། །ལོག་འདྲེན་ཐམས་ཅད་མངག་གཞུག་མར་འགྱུར་རོ། །ཉི་མ་རྐང་པ་གཡོན་པས་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ་རྒྱལ་ སྲིད་སྟེར་རོ། །གལ་ཏེ་མ་འོངས་ན་འཆི་བ་འམ་རང་གི་བརྒྱུད་བརླག་པར་འགྱུར་རོ། །ཟླ་བ་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་ཞིང་མངག་གཞུག་པར་འགྱུར་ལ་གསེར་སྲང་བརྒྱ་སྟེར་རོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ ཤིང་སྐམས་ཏེ་འཆི་བར་འགྱུར་རོ། །རང་གི་རིགས་དང་རྒྱུད་ཕུང་བར་ཡང་འགྱུར་རོ། །འདི་ནི་ཟླ་བ་འཁོར་དུ་བསྒྲུབ་པར་བཤད་པའོ། །འཇིག་བྱེད་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ནས་ཡང་ མཚན་མོ་མཆོད་པ་ཆེན་པོ་བྱས་ཏེ། ཤ་ཆེན་པོས་མཆོད་པ་བྱས་ནས་ཤ་ཆེན་པོའི་གཏོར་མ་བྱས་ཏེ་ཤ་ཆེན་པོ་ཉིད་དང་ཏིལ་གྱིས་མར་མེ་རབ་ཏུ་སྦྱར་ཏེ། ནམ་ཕྱེད་ན་སྒྲ་ཆེན་པོ་བྱུང་སྟེ་དྲག་དུ་རྒོད་ཅིང་བསྡད་ནས་ཀྱེ་སྐྱེས་བུ་ཆེན་པོ་ 101-1-49a འདི་བཟའ་ཡིས་སླང་ཅིག་ཅེས་ཟེར་རོ། །དེས་སྐྲག་པར་མི་བྱའོ་སྟེ། གལ་ཏེ་སྐྲག་པར་གྱུར་ན་ཡི་གེ་ཧཱུྃ་བཟླས་ན་བདེ་བར་གནས་པར་འགྱུར་རོ། །འཇིགས་བྱེད་འཁོར་དང་བཅས་པ་བྲན་དུ་འགྱུར་རོ། །ཁམས་ གསུམ་པའི་རྒྱལ་སྲིད་སྟེར་ཞིང་ཡི་གེ་ཧཱུྃ་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་འཇོམས་སོ། །གར་གྱི་དབང་ཕྱུག་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་བརྒྱད་སྟོང་བཟླས་ན་སྐད་ཅིག་དེ་ལ་འོང་ཞིང་མངག་གཞུག་པར་འགྱུར་ རོ། །གལ་ཏེ་མ་འོངས་ན་སྐམས་པའམ་འཆི་བར་འགྱུར་རོ། །ནག་པོ་ཆེན་པོ་རྐང་པ་གཡོན་པས་མནན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་། །གལ་ཏེ་མ་འོངས་ན་སྐད་ཅིག་ དེ་ཉིད་ལ་འཆི་ཞིང་རང་གི་རིགས་རྒྱུད་ཕུང་བར་འགྱུར་རོ། །ལྷ་ནག་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་མངག་གཞུག་པར་འགྱུར་རོ། །གདོང་བཞི་པ་ཕྱུག་པོའི་ཁང་པར་སོང་སྟེ། རྐང་པ་གཡོན་པས་མནན་ནས་ཁྲི་ ཕྲག་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་། །གལ་ཏེ་མ་འོངས་ན་རིགས་དང་རྒྱུད་བརླག་པར་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱིས་གཡོག་འཁོར་དུ་འགྱུར་ལ། རྒྱབ་དུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་ རོ། །པང་པ་ན་གནས་པ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་བཟང་པོ་སྟེར་རོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་ པོ་ལས་མངག་གཞུག་བསྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་སྷོ།། །། དེ་ནས་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་འཇིག་རྟེན་གསུམ་གྱིས་ཕྱག་བྱས་པའི་བྲན་མོ་སྒྲུབ་ པའི་ཐབས་ཁྲོ་བོ་ཉིད་ཀྱིས་མི་རྣམས་ལ་ཕན་པའི་དོན་དུ་གསུངས་པ་དངོས་གྲུབ་ཀྱི་མཆོག་བཤད་པར་བྱ་སྟེ། ལེ་ལོ་ཅན་དང་སྡིག་པ་བྱེད་པ་དང་བརྫུན་དུ་སྨྲ་བས་ཀྱང་འགྲུབ་པར་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་། ཟང་ཟིང་སྤངས་ 101-1-49b པ་དང་ཚངས་པར་སྤྱོད་པ་ལ་རྟག་ཏུ་གནས་པ་དང་། རྟག་ཏུ་ཁྲོ་བོའི་བཟླས་པ་ལ་གནས་པས་འབྱུང་མོ་དང་། ཀླུ་མོ་དང་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན་སྔགས་ཀྱི་ཚོགས་ཀྱིས་དགུག་པ་ལ་སྦྱར་བར་བྱའོ། །ལྷ་མོ་ཨུ་མ་སྒྲུབ་ པར་བྱེད་པ་རྣམས་ལ་ཕན་པའི་དོན་དུ་བསྙེན་བཀུར་དུ་མར་བྱ་བར་བཤད་པའོ། །དང་པོར་བསྒྲུབ་པར་བྱ་ཞིང་དེའི་འོག་ཏུ་དངོས་གྲུབ་ཀྱི་མཆོག་བཟང་པོ་རིག་འཛིན་དང་། ཕྱོགས་ཀྱི་བདག་པོ་དང་ནོར་གྱི་ཆར་དང་། གཏེར་ཆེན་པོ་དང་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་དང་གནོད་སྦྱིན་མོའི་བསྒྲུབ་པ་དང་། ཤ་ཟ་མོ་དང་ས་ལ་འཇོམས་མ་ལ་སོགས་པ་གསུངས་པ་རྣམས་འགྲུབ་སྟེ། སངས་རྒྱས་ཉིད་ཀྱང་ འགྲུབ་ན། ཐ་མལ་པ་འབྱུང་མོ་བྲན་དུ་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མོད་ལ་འགྲུབ་པར་འགྱུར་རོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ཆེན་པོ་ལ་ནི་བསྒྲུབ་པ་པོ་རྟག་ཏུ་ཁྲོ་བོའི་བཟླས་པ་ལ་གནས་ན་ སློབ་དཔོན་ལ་སྨོད་པ་དང་། ལྷ་ཐམས་ཅད་ལ་སྨོད་པ་དང་། དམ་པའི་ཆོས་སྤོང་བ་དང་། ཐམས་ཅད་དུ་དམ་ཚིག་ཉམས་པ་དང་མེད་པ་དང་སྔགས་དང་རྒྱུད་སྤངས་པས་ཀྱང་གལ་ཏེ་འདོད་ན་ངེས་པར་དེའི་མོད་ལ་མྱུར་དུ་འགྲུབ་ པར་འགྱུར་བར་ཁྲོ་བོ་ཉིད་ཀྱིས་གསུངས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོས་འདི་སྐད་ཅེས་གསུངས་སོ། །དེ་ནས་འདིར་མཆོག་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོའི་སྒྲུབ་པའི་ ཐབས་གསུངས་པ། དང་པོར་རེ་ཤིག་བཀླགས་པ་ཙམ་གྱིས་འགྲུབ་པར་བྱེད་པ་བྲན་པོ་དང་། བྲན་མོ་ཐམས་ཅད་སྒྲུབ་པར་བྱེད་པ། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་པ། དོན་ཡོད་ཅིང་བགེགས་འཇོམས་ལ་གྲུབ་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་སོ། །ཨོཾ་ཧྲཱིཿཧཱུྃ་ཀ་ཊྱ་ཀ་ཊྱ་ཆེ་གེ་མོ་ཧཱུྃ་ཧཱུྃ་ཧཱུྃ་ཛཿ ཁྲོ་བོ་འདི་དང་བཅས་པས་བརྒྱད་བརྒྱ་བཟླས་པ་ཙམ་གྱིས་མྱུར་དུ་འོང་སྟེ་ཐམས་ཅད་བྲན་དང་བྲན་མོར་ 101-1-50a འགྱུར་རོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་སྐམས་ཏེ་འཆི་ལ། རིགས་དང་རང་གི་རིགས་རྒྱུད་བརླག་པར་འགྱུར་རོ། །འབྱུང་མོའི་གཟུགས་བ་ལང་གི་གིའུ་ཝང་གིས་བྲིས་ཏེ། རྐང་པ་གཡོན་པས་ མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་སྐད་ཅིག་དེ་ལ་ཀྱེ་མ་ཀྱེ་མ་ཞེས་ཟེར་ཞིང་འོང་སྟེ། འགུམ་མོ་འགུམ་མོ། །ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་ཟེར་རོ། །སྒྲུབ་པ་པོས་ཀྱེ་འབྱུང་མོ་བདག་གི་ཁོལ་མོ་གྱིས་ཤིག་ཅེས་སྨྲས་ན་དེ་ ཁོལ་མོའི་ལས་ཐམས་ཅད་བྱེད་དོ། །གྲོ་བའི་ཤུན་པ་ལ་བ་ལང་གི་གིའུ་ཝང་གིས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་དེའི་མོད་ལ་འོང་ངོ་། །གལ་ཏེ་དེའི་མོད་ལ་མ་འོངས་ན་ཡུངས་ ཀར་གྱིས་ཁ་ལ་བསྣུན་ཅིང་སྒྲ་ཆེན་པོས་བསྐུལ་ན་འབྱུང་མོ་དེ་རིམས་དྲག་པོས་འཆིའོ། །ཕྱིར་གསོ་བ་ནི་མར་དང་། སྦྲང་རྩི་ཁར་བཅུག་ན་སླར་འཚོའོ། །འབྱུང་མོ་འདིས་བྲན་མོའི་ལས་བྱེད་ཅིང་སྒྲུབ་པ་པོ་བདག་ཉིད་དང་ གསུམ་ལ་གོས་དང་། རྒྱན་དང་བཟའ་བ་ཉི་མ་རེ་རེ་སྟེར་རོ། །གཙུག་ལག་ཁང་གི་སྒོར་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་འདིས་བ་ལང་མོའི་བློ་གྲོས་ཞེས་བྱ་བའི་འབྱུང་མོ་འོང་སྟེ། འོངས་པ་ལ་གཏོར་མ་བྱིན་ན་སྡུག་པ་ ངས་ཅི་བྱ་ཞེས་སྨྲའོ། །མ་གྱིས་ཤིག་ཅེས་བསྒོ་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་ཞིང་བདག་ཉིད་དང་ལྔ་ལ་གོས་དང་། རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བྲན་མོ་བསྒྲུབ་ པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་སྷོ།། །། དེ་ནས་མཆོག་ཏུ་གསང་བ་ཤིན་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། དབུལ་པོ་རྣམས་ལ་ཕན་པའི་དོན་དུ་དངོས་གྲུབ་ཀྱི་སྒྲུབ་པའི་ཐབས། ཁྲོ་བོ་ཉིད་ཀྱི་གསུངས་པའོ། །དེ་ལ་འབྱུང་མོ་རྣམས་ཀྱི་མིང་བཤད་པ། རྒྱན་ཅན་མ་དང་རྣ་ཅན་མ་དང་། དོ་ཤལ་ཅན་མ་དང་། 101-1-50b སེང་གེ་མ་དང་། རྒོད་བྱེད་མ་དང་གར་བྱེད་མ་དང་། དགའ་བ་མ་དང་འདོད་པའི་དབང་ཕྱུག་མ་དང་། ལྷ་མོ་རྣམས་སོ། །འབྱུང་མོ་བརྒྱད་པོ་རྣམས་ཆུང་མར་དོན་དུ་གཉེར་རམ། མར་གཉེར་རམ། ཡང་ན་སྲིང་མོར་གཉེར་ ན་སྒྲུབ་པ་པོ་ཤིང་གཅིག་པར་སོང་སྟེ། མཚན་མོ་དང་ཉིན་མོ་དུས་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་ནས་བཟླས་པའི་མཐར་མཆོད་པ་ཆེན་པོ་བྱས་ནས། གུ་གུལ་གྱི་བདུག་པ་བྱིན་ཏེ་བཟླས་ན། དེ་ནས་ནམ་ ཕྱེད་ཀྱི་དུས་སུ་རྒྱན་ཅན་མ་ངེས་པར་འོང་ངོ་། །འོངས་པ་ལ་ཙན་དན་གྱི་ཆུའི་ཡོན་ཆབ་བྱིན་ན་དགའ་བར་འགྱུར་རོ། །མ་དང་སྲིང་མོ་དང་ཆུང་མར་འགྱུར་ཏེ། གང་མངོན་པར་འདོད་པ་དེ་སྨྲ་བར་བྱའོ། །གལ་ཏེ་ མར་གྱུར་ན་ནི་འཁོར་བརྒྱད་བརྒྱའི་གོས་དང་། རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ། །གལ་ཏེ་ཆུང་མར་གྱུར་ན་ནི་དོང་ཚེ་སྟོང་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་ དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ལ་ལྷའི་གཏེར་སྟེར་རོ། །མཚན་མོ་དུར་ཁྲོད་དུ་སོང་སྟེ་ཁྲི་བཟླས་ན། བཟླས་པའི་མཐར་རྣ་ཆ་དང་། དོ་ཤལ་ཅན་ གྱི་འབྱུང་མོ་ངེས་པར་འོང་ངོ་། །འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་རོ། །མ་གྱིས་ཤིག་ཅེས་སྒོ་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་བར་བྱེད་དོ། །མཚན་མོ་ལྷ་ཁང་སྟོང་པར་སོང་ སྟེ་ཁྲི་བཟླས་ན་འབྱུང་མོ་དོ་ཤལ་ཅན་མྱུར་དུ་འོངས་སོ། །འོངས་པ་ལ་ཆགས་པ་སྤྱད་ན་ཆུང་མར་འགྱུར་རོ། །འགྲོ་བ་བཅུ་གཉིས་ཡོངས་སུ་སྐྱོང་བར་བྱེད་ཅིང་དོང་ཙེ་ཉི་ཤུ་རྩ་ལྔ་དང་རས་ཟུང་གཅིག་ སྟེར་རོ། །དེ་ནས་སེང་གེ་མའི་སྒྲུབ་ཐབས་བཤད་པ་མཚན་མོ་ལིང་ཀ་གཅིག་པར་སོང་སྟེ་ཁྲི་བཟླས་ན་རང་ཉིད་འོངས་ཤིང་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲ་ཞིང་སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ 101-1-51a ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་དོང་ཙེ་བརྒྱད་དང་རས་ཟུང་གཅིག་སྟེར་རོ། །དེ་ནས་རྒོད་བྱེད་མའི་སྒྲུབ་ཐབས་བཤད་པ། ཕྱག་ན་རྡོ་རྗེའི་ཁང་པར་སོང་སྟེ། ཕྱག་ན་རྡོ་རྗེ་དང་ཉེ་བར་འདབ་མ་ལ་ བྲིས་ལ། ཀ་ར་བཱི་རའི་མེ་ཏོག་བྱིན་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན་རང་ཉིད་རྡོ་རྗེ་འཆང་གི་ཁྱིམ་དུ་རིངས་པར་འོང་ངོ་། །འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲའོ། །སྒྲུབ་པ་ པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བརྗོད་ན་རྟག་ཏུ་རྗེས་སུ་འབྲང་ཞིང་རས་དང་རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ། །དེ་མ་ལུས་པ་ཟད་པ་བྱས་ཏེ་གལ་ཏེ་ཅུང་ཟད་བཞག་ན་ཕྱིས་འབྱུང་བར་མི་འགྱུར་རོ། ། མཚན་མོ་གཞལ་ཡས་ཁང་སྐྱེད་པར་བྱེད་དོ། །དེ་ནས་གར་བྱེད་མའི་སྒྲུབ་པའི་ཐབས་བཤད་པ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། བརྒྱད་སྟོང་བཟླས་ནས་ཉི་མ་བདུན་ན་མཆོད་པ་ཆེན་པོ་བྱས་ལ་ཉི་མ་ཤར་བ་ཙམ་ གྱིས་བཟླས་པ་རྫོགས་པར་བྱ་སྟེ། ཙན་དན་གྱི་བདུག་པ་བྱིན་ནས་ཡང་བཟླས་ན་ནམ་ཕྱེད་ཀྱི་དུས་ན་ངེས་པར་འོང་ངོ་། །འོངས་པ་ལ་འདོད་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ། །ལྷའི་གསེར་སྲང་བརྒྱ་མལ་དུ་དོར་ནས་ ཐོ་རངས་ཀྱིས་འགྲོའོ། །དེ་བཞིན་དུ་ཉི་མ་རེ་རེ་རྟག་ཏུ་གནས་པར་འགྱུར་རོ། །དེ་ཡང་མ་ལུས་པ་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་ལུས་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ། །དེ་ནས་བྲན་མོ་ཆེན་མོ་སྒྲུབ་པའི་ཐབས་ཀྱི་ ཆོ་ག་རྒྱས་པ་དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ་བཟླས་པ་ཙམ་གྱིས་རྟག་ཏུ་འགྲུབ་ཅིང་སྦྱིན་བསྲེག་ཀྱི་ལས་མི་དགོས་ལ་སྔོན་དུ་བསྙེན་པ་བྱས་པས་ཕྱག་ན་རྡོ་རྗེས་ཇི་ལྟར་གསུངས་པ་ལྟར་སྐད་ཅིག་དེ་ལ་འགྲུབ་པའི་དགའ་བྱེད་ མའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་རང་གི་ཁྱིམ་སྒོར་བཟླས་ན་ཉི་མ་གསུམ་ན་ངེས་པར་འོང་ངོ་། །བྲན་མོའི་ལས་བྱེད་ཅིང་ས་བོན་ཐམས་ཅད་དང་ཞིང་གི་ལས་དང་ཁྱིམ་གྱི་བྱ་བ་ལ་སོགས་པ་སྒྲུབ་པར་ 101-1-51b བྱེད་དོ། །དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབས་པའི་ཐབས་བཤད་པ། ཤའི་ཟས་ཁྱེར་ཏེ་མ་མོའི་གནས་སུ་སོང་ནས་མཚན་མོ་ཉ་དང་ཤས་བྱ་བ་བྱས་ཏེ། ལན་སྟོང་བཟླས་ན་ཉི་མ་བདུན་ན་ངེས་པར་འོང་ངོ་། །འོངས་པ་ལ་ ཁྲག་གི་མཆོད་ཡོན་བྱིན་ན་བདག་པོ་བཀའ་ཅི་སྩལ་ཞེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་ལྷ་མོ་ཆུང་མར་གྱུར་ཅིག་ཅེས་སྨྲས་ན་ཆུང་མར་འགྱུར་ཞིང་རེ་བ་ཐམས་ཅད་སྐོང་ལ་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་ནས་ལྷ་མོའི་ སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལྷ་མོའི་ཁང་པར་སོང་སྟེ། སྟན་བཤམས་ལ་ཙན་དན་དཀར་པོ་དང་སྣ་མའི་མེ་ཏོག་གིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ངེས་པར་ འོང་ངོ་། །འོངས་པ་ལ་འཁྱུད་པ་དང་། འོ་བྱས་པ་དང་། ཇི་ལྟར་དགའ་བ་འདོད་པ་བྱས་ན་ལྷ་མོ་གསེར་གྱི་མདོག་ཅན་གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆུང་མར་འགྱུར་རོ། །དོང་ཙེ་བརྒྱད་དང་། རས་ ཟུང་གཅིག་དང་། གནས་རྣམས་དང་། བཟའ་བ་མང་པོ་རྣམས་འཁོར་དང་བཅས་པ་ལ་སྟེར་རོ། །འདི་ཉིད་ཀྱིས་རྣམ་ཐོས་སྲས་ཀྱི་ཁང་པར་འདུག་ན་གསང་བའི་མཐའ་དང་བཟླས་པའི་མཐའ་ལ་ཤིན་དུ་མྱུར་བར་རྫས་ བླངས་ནས་སྟེར་བར་བྱེད་དོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ནས་ཤིན་ཏུ་འདའ་བར་དཀའ་བའི་སྒྲུབ་པའི་ཐབས་ལྷ་ཆེན་པོ་ཐམས་ཅད་གསོད་པར་བྱེད་པའི་སྔགས་ཀྱི་ཚིག་གསུངས་པ། ཨོཾ་ཧ་ན་ཧ་ན་སརྦ་ མཱ་ར་ཡ་བཛྲ་ཛྭ་ལེ་ཧཱུྃ་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྣོན་པོ་འབར་བའི་ཕྲེང་བ་འཁྲུགས་པས་གང་བར་གྱུར་ཏོ། །ཧཱུྃ་ཧ་ན་ཕཊ། 101-1-52a དེ་ནས་འདི་བཤད་པ་ཙམ་གྱིས་ཚངས་པ་དང་། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པའྀ་ལྷ་ཐམས་ཅད་དང་རིག་འཛིན་དུ་མ་དང་། ཀླུ་དང་གནོད་སྦྱིན་དང་། འབྱུང་པོ་དང་ཡི་དགས་དང་ལྷའི་ བུ་མོ་དང་། ཤ་ཟ་དང་དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་རྣམས་དུམ་བུ་བརྒྱར་བྱས་ཏེ་དགུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཡང་འཁོར་དེར་འདུས་པ་རྣམས་ངོ་མཚར་དུ་གྱུར་ཏེ། འདི་སྐད་ཅེས་སྨྲས་སོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན་གདུག་པ་ དང་། ལྷ་ཐམས་ཅད་ཚར་གཅོད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་ལྷའི་བུ་མོ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཤྲཱི་ཟླ་བའི་ལྷ་མོའིའོ། །ཨོཾ་ཤྲཱི་ཐིག་ལེ་མཆོག་མའིའོ། ཨོཾ་ཤྲཱི་གསེར་གྱི་ཕྲེང་བ་མའིའོ། །ཨོཾ་ཤྲཱི་འཁྱིལ་པའི་ཕྲེང་བ་མའིའོ། །ཨོཾ་ཧཱུྃ་རིན་ཆེན་ཕྲེང་བ་མའིའོ། །ཨོཾ་ས། རྩོམ་པ་མོའིའོ། །ཨོཾ་སྲུ། བྲང་ ན་གནས་པ་མའིའོ། །ཨོཾ་བྃ་དཔལ་རྒྱན་ཅན་མའིའོ། །དེ་ནས་ལྷའི་བུ་མོ་བརྒྱད་ཀྱི་དངོས་གྲུབ་ཀྱི་བསྒྲུབ་པ་ཐམས་ཅད་ཀྱི་ཆོ་ག་བཤད་པ། རིའི་རྩེ་མོ་ལ་སོང་སྟེ་འབུམ་བཟླས་ན་འགྲུབ་པར་འགྱུར་རོ། ། དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྤར་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་ལྷ་མོ་རང་ཉིད་འོང་ངོ་། །འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་ཚིག་སྨྲ་བར་ བྱེད་དོ། །སྒྲུབ་པ་པོས་བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ན་དངོས་གྲུབ་ཀྱི་རྫས་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་ལ་སོགས་པ་སྟེར་རོ། །དེའི་བཅུད་ཀྱིས་ལེན་གྱིས་ནི་ལོ་སྟོང་འཚོའོ། །དེ་ནས་ཐིག་ལེ་ 101-1-52b མཆོག་མའི་སྒྲུབ་ཐབས་བཤད་པ་ཙན་དན་དང་། འོ་མའི་ཟས་ལ་ཁྲི་བཟླས་ནས་ཉི་མ་བདུན་ན་མཆོད་པ་རྒྱས་པར་བྱས་ཏེ། ཡར་གྱི་ངོའི་ཚེས་བརྒྱད་ལ་རིའི་རྩེ་མོར་སོང་ལ་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་ འོང་སྟེ། ཅུང་ཟད་རྒོད་པས་ཆགས་པ་བྱས་ནས་མདུན་དུ་སྡོད་དོ། །འཁྱུད་པ་དང་འོ་བྱས་ཤིང་དགའ་བས་ཆགས་པར་བྱས་ནས་འདི་ལྟར་འགྲུབ་པར་འགྱུར་ཏེ། གང་འདོད་པ་དེ་སྟེར་ཞིང་རྒྱབ་དུ་ཞོན་ན་མཐོ་རིས་སུ་ཡང་ འཁྱེར་བར་བྱེད་དོ། །གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་ནས་གསེར་གྱི་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ ལ་མཆོད་པ་རྒྱས་པར་བྱས་ཏེ། གུ་གུལ་གྱི་བདུག་པ་བྱིན་ནས་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་སྟེ། འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །དེ་ནས་འཁྱིལ་བའི་ཕྲེང་བ་མའི་སྒྲུབ་པའི་ཐབས་ ཀྱི་ཆོ་ག་རྒྱས་པར་བཤད་པ། ཚེས་གྲངས་མི་དགོས་ཤིང་རྒྱུ་སྐར་ཡང་མི་དགོས་ལ། སྨྱུང་བ་ཡང་མི་དགོས་པར་འགྲུབ་པར་བྱེད་པ་སྟེ། རིའི་རྩེ་མོར་སོང་སྟེ་ཁྲི་བཟླས་ན་དེ་ནམ་ཕྱེད་ན་ངེས་པར་འོང་ངོ་། །ཆུང་ མར་འགྱུར་ལ་དོང་ཙེ་སྟོང་སྟེར་ཞིང་། དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་རོ། །དེ་ནས་རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ་ཟླ་བ་གཅིག་ཏུ་སྟོང་ཕྲག་བརྒྱད་བརྒྱད་ བཟླས་ནས་ཟླ་བ་དེའི་ཐ་མ་ལ་ཟླ་བ་ཉའི་བར་དུ་བཟླས་ན་ནམ་ཕྱེད་ན་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་། །འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ནས་ལྷ་མོ་ལེགས་པར་འོངས་སམ་ཞེས་སྨྲས་ན་བདག་པོ་བདག་ གིས་ཅི་བྱ་ཞེས་ཟེར་ཏེ་སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཆུང་མའི་ལས་བྱེད་ཅིང་ལྷ་མོས་འདོད་པ་སྦྱིན་པར་བྱེད་དོ། །ལོ་སྟོང་འཚོ་བར་བྱེད་དོ། །དེ་ནས་རྩོམ་པ་མོའི་སྒྲུབ་པའི་ཐབས་བཤད་པ། ཚེས་ 101-1-53a གཅིག་ལ་བརྩམས་ཏེ་མཆོད་པ་བྱས་ནས་ཙན་དན་གྱི་ཆུས་དཀྱིལ་འཁོར་བྱས་ཏེ་གུ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཤིང་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་ཐོག་ ཐག་བཟླས་ན་ངེས་པར་འོང་ངོ་། །གལ་ཏེ་མྱུར་དུ་མ་འོངས་ན་འཆི་བར་འགྱུར་རོ། །འོངས་པ་ན་ཆུང་མར་འགྱུར་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ཅི་ལྟར་འདོད་པས་ཆགས་པར་བྱེད་ལ་ལོ་ཁྲི་འཚོའོ། །གང་གི་ ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ། །དེ་ནས་བྲང་ན་གནས་པའི་སྒྲུབ་པའི་ཐབས་བཤད་པ་མཚན་མོ་ལྷའི་ཁང་པར་སོང་སྟེ། ཙན་དན་གྱི་བདུག་པ་སྦྱིན་ཞིང་ཁྲི་ཁྲི་བཟླས་ནས་ཟླ་བ་དེ་འདས་པ་དང་། ཅི་ལྟར་འབྱོར་པའི་ མཆོད་པ་བྱས་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་མྱུར་དུ་འོང་འོངས་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་ཟེར་རོ། །སྒྲུབ་པ་པོས་ཆུང་མར་གྱིས་ ཤིག་ཅེས་སྨྲས་ནས། དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། དངོས་གྲུབ་ཀྱི་རྫས་སྟེར་རོ། །གཞན་གྱི་བུད་མེད་ལ་མངོན་བར་བགྲོད་པ་སྤང་བར་བྱ་སྟེ། ལོ་སྟོང་ཕྲག་ལྔ་འཚོའོ། །མཚན་མོ་གཅིག་གཙང་སྦྲ་བྱས་ ཏེ། གྲོ་བའི་འདབ་མ་ལ་གུར་གུམ་གྱིས་དཔལ་གྱི་རྒྱན་ཅན་བྲིས་ཏེ། ཙན་དན་གྱི་བདུག་པ་བསྲེག་ཅིང་བཟླས་ལ་ཟླ་བ་དེའི་ཐ་མ་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། རེ་ཞིག་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་ མྱུར་དུ་ཆགས་པར་བྱས་ན་དགའ་བར་འགྱུར་ཏེ། དབྱིག་དང་གསེར་དང་མུ་ཏིག་ལ་སོགས་པ་སྟེར་རོ། །ཉི་མ་རེ་རེ་ཞིང་ཟས་བཟང་པོ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ གསུངས་སོ། །ལྷའི་བུ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གལ་ཏེ་ལྷའི་བུ་མོ་རྣམས་མ་གྲུབ་ན་དེའི་ཚེ་ཁྲོ་བོ་འདི་ 101-1-53b དང་བཅས་ཏེ་བཟླས་པར་བྱའོ། །ཨོཾ་ཧྲཱིཿཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ་ཆེ་གེ་མོ་ཧཱུྃ་ཛ་ཕཊ། ཁྲོ་བོ་འདི་དང་བཅས་ཏེ། བཟླས་པ་ཙམ་གྱིས་སྤྱི་བོ་འགས་ཤིང་དུམ་བུ་བརྒྱད་དུ་འཇིག་གོ། །སྔགས་འདིས་བཅིང་བར་བྱའོ། །ཨོཾ་ བནྡྷ་བནྡྷ་ཧ་ན་ཧ་ན་ཆེ་གེ་མོ་ཧཱུྃ་ཕཊ་སྔགས་འདིས་དབང་དུ་བྱའོ། །ཨོཾ་ཙ་ལ་ཙ་ལ་ཆེ་གེ་མོ་ས་མ་ན་ཡེ་ཧཱུྃ་ཕཊ། ལྷ་མོ་ཐམས་ཅད་བསྒྲུབ་པའོ། །དེ་ནས་འདིར་ནི་མི་རྣམས་ལ་ཕན་པའི་དོན་དུ་ལྷ་མོ་བརྒྱད་ཀྱི་ཕྱག་ རྒྱ་རབ་ཏུ་བཤད་པར་བྱ་སྟེ། དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། དཀོན་མཆོག་གསུམ་གནས་པར་བྱེད་པ། སྔགས་བཟླས་པ་བདེ་བར་གྲུབ་པའི་ཕྱག་རྒྱ་ཁྲོ་བོ་ཉིད་ཀྱིས་བཤད་པ་རྒྱུད་རྣམས་ཀྱི་ནང་ནས་ མཆོག་ཏུ་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱིས་གསུངས་པ་འདི་ཉིད་ལ་མྱུར་དུ་བདེ་བ་སྦྱིན་པའི་ལྷ་མོ་རྣམས་གྲུབ་པར་བྱེད་པ་བཟླས་པ་ཙམ་གྱིས་འབྱུང་མོ་རྣམས་མ་དང་། སྲིང་མོ་དང་དེ་བཞིན་དུ་ཆུང་མ་དང་། བྲན་མོ་སྒྲུབ་པར་ བྱེད་པ་ཁྲོ་བོ་ཟློས་པ་རྣམས་ལ་འཇིག་རྟེན་འདིའི་བདེ་བ་སྦྱིན་པའི་བསྙེན་བཀུར་མར་སྒྲུབ་པའི་ཐབས་སོ། །ཁུ་ཚུར་སོ་སོར་བཅངས་ཏེ་ལག་པ་གཉིས་ཀ་པད་མ་འཁོར་བའི་ཚུལ་དུ་བྱས་ནས་གུང་མོ་སོར་མོ་ཁབ་ལྟར་བྱས་པ་བརྐྱང་ བ་ནི་ལྷ་མོ་བརྒྱད་པོ་སྤྱིའི་བདེ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ། །ལག་པ་གཉིས་ཀ་སོར་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བས་བཟུང་བ་ནི་ལྷའི་བུ་མོ་ཐམས་ཅད་དབང་དུ་བྱེད་པའི་ཕྱག་རྒྱ་སྟེ། ཉེ་བར་བྱེད་ཅིང་མངོན་ དུ་ཕྱོགས་པར་བྱེད་ལ་ཐམས་ཅད་དུ་འདོད་པ་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀ་པད་མ་འཁོར་བའི་སྦྱོར་བས་བཟུང་བ་ནི་ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་ཕྱག་རྒྱ་སྟེ། བཅིངས་པ་ཙམ་གྱིས་སྐད་ཅིག་ དེ་ཉིད་ལ་བྲན་མོར་འགྱུར་རོ། །ཨོཾ་སརྦ་ཨ་བ་ས་ར་ས་ར་ཨོཾ་ཨཱ་གཙྪ་ཧཱུྃ་ཛཿཛཿསྔགས་འདིས་ལྷའི་བུ་མོ་ཐམས་ཅད་བོད་པར་བྱའོ། །ཨོཾ་སརྦ་སིདྡྷི་བྷོ་གེ་ཤྭ་རི་སྭཱ་ཧཱ། ཉེ་བར་བྱེད་པའི་སྔགས་སོ། །ཨོཾ་ཀཱ་མ་པྲི་ཡེ་ 101-1-54a སྭཱ་ཧཱ། མངོན་དུ་བྱེད་པའི་སྔགས་སོ། །ཨོཾ་བྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཛཿ། ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་སྔགས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ལྷའི་བུ་མོ་རྣམས་བསྒྲུབ་པའི་ཆོ་ག་རྒྱས་ པའི་ལེའུའོ།། །། དེ་ནས་གནོད་སྦྱིན་མོ་ཐམས་ཅད་ལངས་ཏེ། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨཱ་གཙྪ་སུ་ར་སུན་དྷ་རི་སྭཱ་ཧཱ་སྡུག་གུ་མཛེས་མའིའོ། ། ཨོཾ་མ་ནོ་ཧ་རི་ན་མཿསྭཱ་ཧཱ། ཡིད་འཕྲོག་མའིའོ། །ཨོཾ་ཀ་ན་ཀ་མཻ་ཐུ་ན་པྲི་ཡེ་སྭཱ་ཧཱ་གསེར་ལྡན་མའིའོ། །ཨོཾ་ཨཱ་གཙྪ་ཀཱ་མེ་ཤྭ་རི་སྭཱ་ཧཱ། འདོད་པའི་དབང་ཕྱུག་མའིའོ། །ཨོཾ་ར་ཏི་པྲི་ཡེ་སྭཱ་ཧཱ་རྒན་མོའིའོ། །ཨོཾ་པད་མི་ནི་ཡེ་སྭཱ་ཧཱ། པད་མ་མའིའོ། །ཨོཾ་ནི་ཏི་མ་ཧཱ་ནི་ཏི་སུ་རུ་པ་མ་ཏི་སྭཱ་ཧཱ། གར་བྱེད་མའིའོ། །ཨོཾ་ཨཱ་ནུ་རཱ་གི་ནི་མཻ་ཐུ་ནི་སྭཱ་ཧཱ། རྗེས་སུ་ཆགས་མའིའོ། །དེ་ནས་གནོད་སྦྱིན་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་གུ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ན་ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་ངོ་། །འོངས་པ་ལ་ཙན་དན་གྱི་ཆུས་མཆོད་ཡོན་བྱིན་ན་མ་དང་། སྲིང་མོ་དང་ཆུང་མའི་ལས་ བྱེད་དོ། །གལ་ཏེ་མར་གྱུར་ན་སེམས་སུན་དབྱུང་བར་མི་བྱ་སྟེ། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། ཉི་མ་རེ་རེ་ཞིང་དོང་ཙེ་སྟོང་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་གྲུབ་པའི་རྫས་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ ཞིང་ལྷའི་བུ་མོ་བཟང་མོ་བླངས་ནས་སྟེར་ལ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲ་བར་བྱེད་དོ། །གལ་ཏེ་ཆུང་མར་གྱུར་ན་བསམ་པ་ཐམས་ཅད་རྫོགས་པར་བྱེད་ཅིང་ནོར་གྱི་བདག་པོ་ཆེན་པོ་བྱེད་དོ། །དེ་ནས་ཡིད་འཕྲོག་ མའི་སྒྲུབ་པའི་ཐབས་བཤད་པ་ཆུ་བོའི་འགྲམ་དུ་སོང་སྟེ། ཙན་དན་གྱིས་མཎྜལ་ཉེ་བར་བྱུགས་ཏེ། མཆོད་པ་ཤིན་ཏུ་ཆེན་པོ་བྱས་ནས་ཨ་ཀ་རུའི་བདུག་པ་སྦྱིན་ཞིང་ཉི་མ་བདུན་དུ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་ 101-1-54b བྱས་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན་དེ་ནི་ངེས་པར་འོང་ངོ་། །གལ་ཏེ་མ་འོངས་ན་འཆི་བར་འགྱུར་རོ། །བཀའ་སྩལ་ཅིག་ཅེས་སྨྲ་བར་བྱེད་ཅིང་དེས་བདག་གི་བྲན་མོ་གྱིས་ཤིག་ཅེས་བསྒོ་ན་འཁོར་བརྒྱད་བརྒྱའི་ཞལ་ཏ་ བྱེད་ཅིང་དོང་ཚེ་བརྒྱ་ཉི་མ་རེ་རེ་ལ་སྟེར་ཏེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ། །གལ་ཏེ་ཅུང་ཟད་འཇོག་ན་ཕྱིན་ཅད་འབྱུང་བར་མི་འགྱུར་རོ། །དེ་ནས་གསེར་ལྡན་མའི་སྒྲུབ་པའི་ཐབས་བཤད་པ། བ་རུ་རའི་ཤིང་གནས་ པར་སོང་སྟེ་ཉ་དང་ཤས་བསྒྲུབ་ཅིང་ཆང་ཡང་བྱིན་ནས་བདག་ཉིད་ཀྱང་བཏུང་ཞིང་སྦགས་པར་གནས་པར་བཟླས་པ་བྱ་སྟེ། སྟོང་ཕྲག་རེ་རེ་བཟླས་སོ། །དེ་བཞིན་དུ་ཉི་མ་བདུན་པའི་མཚན་མོ་བསྒྲུབ་པར་བྱ་སྟེ། ཅི་སྲིད་ནམ་ ཕྱེད་ཀྱི་བར་དུ་བཟླས་ན། ནམ་ཕྱེད་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་འཁོར་བརྒྱད་བརྒྱས་བསྐོར་ནས་རང་ཉིད་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །འཁོར་བཅུ་གཉིས་ཀྱི་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་རྣམས་ཉིན་གཅིག་བཞིན་དུ་སྟེར་ཞིང་དོང་ཙེ་བརྒྱད་སྟེར་རོ། །དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབ་པའི་ཐབས་བཤད་པ་གྲོ་བའི་འདབ་མ་ལ་བ་གླང་གི་གིའུ་ཝང་གིས་གཟུགས་བརྙན་བྲིས་ཏེ། གཅིག་ པུ་སྟན་ལ་འདུག་ལ་སྟོང་ཕྲག་རེ་རེ་བཟླས་སོ། །དེ་ནས་ཟླ་བའི་ཐ་མ་ལ་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མི་སྨྲ་བར་གྱུར་པས་བཟླས་ན་མཚན་མོ་དེའི་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་ ཆགས་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ། །ལྷའི་རྒྱན་མལ་དུ་དོར་ཏེ་ཐོ་རངས་ཀྱིས་འགྲོ་བར་འགྱུར་རོ། །གཞན་གྱི་ཆུང་མ་ལ་མི་བགྲོད་པར་ཡང་བྱ་སྟེ། གལ་ཏེ་བགྲོད་ན་རྣམ་པར་འཇོམས་པར་བྱེད་དོ། །དེ་ནས་ རྒན་མོའི་སྒྲུབ་ཐབས་བཤད་པ། གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་མ། ལག་ན་ཨུཏྤ་ལ་ཐོགས་པ་གཞོན་ནུ་མ་རས་ལ་རི་མོ་བྲིས་ཏེ། སྣ་མའི་མེ་ཏོག་གིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ 101-1-55a ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཏེ། ཟླ་བ་ཐ་མ་ལ་ཅྀ་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྤར་ཏེ་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་དགའ་ བས་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །སྒྲུབ་པ་པོ་འཁོར་དང་བཅས་པ་ཡོངས་སུ་སྐྱོང་བར་བྱེད་ཅིང་ལྷས་འདོད་པར་བྱ་བའི་ཟས་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དོང་ཚེ་ཉི་ཤུ་རྩ་ལྔ་སྟེར་བར་བྱེད་དོ། ། དེ་ནས་པདྨ་མའི་སྒྲུབ་ཐབས་བཤད་པ། རང་གི་ཁྱིམ་དུ་མགོའི་གནས་སུ་ཙན་དན་གྱི་དཀྱིལ་འཁོར་བྱས་ཏེ་གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཟླ་བ་ཕྱེད་དུ་བཟླས་པ་བྱའོ། །དེ་ནས་ཟླ་བ་ཉ་ལ་ཅི་འབྱོར་པའི་མཆོད་པ་ བྱས་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། ལྷ་མོས་འདོད་པ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེད་དོ། །དེ་ནས་ གར་བྱེད་མའི་སྒྲུབ་པའི་ཐབས་བཤད་པ་ཨ་ཤོ་ཀའི་ཤིང་གི་རྩར་སོང་སྟེ་བསྒྲུབ་པར་བྱའོ། །ཤའི་བཟའ་བ་དང་སྤོས་དང་དྲི་དང་། མེ་ཏོག་སྦྱིན་ཞིང་སྟོང་ཕྲག་བརྒྱད་བཟླས་ན། ཟླ་བ་གཅིག་གི་ནང་དུ་ངེས་པར་ འོང་ངོ་། །མདོར་བསྡུས་ན་འོངས་ན་མ་དང་། སྲིང་མོ་དང་ཆུང་མར་འགྱུར་རོ། །གལ་ཏེ་ཆུང་མར་གྱུར་ན་བཟའ་བ་དང་། རས་ཟུང་རེ་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་དོང་ཚེ་བརྒྱད་སྟེར་བར་བྱེད་དོ། །གལ་ ཏེ་མར་གྱུར་ན་བཟའ་བ་བཟང་པོ་དང་། །རས་ཟུང་རེ་སྟེར་ཞིང་གསེར་སྲང་བརྒྱ་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་གོས་དང་རྒྱན་དང་། བཟའ་བ་བཟང་པོ་སྟེར་ རོ། །དངུལ་ཆུ་དང་བཅུད་ཀྱིས་ལེན་ཡང་སྟེར་བར་བྱེད་དོ། །དེ་ནས་སྲིང་མོ་སྒྲུབ་པའི་ཐབས་བཤད་པ། གུར་གུམ་གྱིས་གྲོ་བའི་འདབ་མ་ལ་གནོད་སྦྱིན་མོའི་གཟུགས་བྲིས་ཏེ། དེ་ནས་ཚེས་གཅིག་ནས་བརྩམས་ནས། 101-1-55b སྤོས་དང་། མེ་ཏོག་དང་མར་མེ་སྦྱིན་ཞིང་དུས་གསུམ་དུ་བཟླས་པ་བྱས་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་བའི་མཆོད་པ་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་ངོ་། ། འོངས་པ་ལ་འདོད་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ། །ལྷའི་དོང་ཚེ་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ལོ་སྟོང་འཚོའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མོའི་སྒྲུབ་པའི་ ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གལ་ཏེ་དམ་ཚིག་ལ་མི་གནས་ན་ཁྲོ་བོ་འདི་དང་བཅས་ཏེ། དགུག་པའི་ཕྱིར་ བཟླས་པར་བྱའོ། །ཨོཾ་དྷྲུྃ། ཀ་ཊྱ་ཀ་ཊྱ་ཆེ་གེ་མོ་ཡཀྵི་ནི་ཧྲཱིཿཛ་ཛ། ཁྲོ་བོ་འདི་དང་བཅས་ཏེ། སྔགས་སྟོང་བཟླས་ན་མྱུར་དུ་འོང་ངོ་། །གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་དེའི་མོད་ལ་འཆི་སྟེ། དམྱལ་ བ་ཆེན་པོ་བརྒྱད་དུ་ལྟུང་ངོ་། །དེ་ནས་ཁྲོ་བོའི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་འདི་ནི་ཁྲོ་བོའི་མི་ཕྱེད་པའི་ལྕགས་ཀྱུའི་ཕྱག་རྒྱ་ འོ། །ཕྱག་རྒྱ་འདིས་འཇིག་རྟེན་གསུམ་ཡང་འགུགས་པར་བྱེད་དོ། །དེ་ནས་གནོད་སྦྱིན་མོའི་ཕྱག་རྒྱ་བཤད་པ། གུང་མོའི་སོར་མོ་གཉིས་མི་མཉམ་པར་བྱས་ཏེ། སྲིན་ལག་གཉིས་རྣམ་པར་བརྐྱང་ཞིང་མཛུབ་མོ་གཉིས་ སྦྱར་བར་བྱས་ནས་མཐེའུ་ཆུང་གཉིས་སྙིང་པོར་བྱས་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་རྩ་བའི་ཕྱག་རྒྱ་དམ་པ་སྟེ། འདི་བཅངས་པ་ཙམ་གྱིས་གནོད་སྦྱིན་མོ་ཐམས་ཅད་འོང་ངོ་། །ཕྱག་རྒྱ་འདི་ཉིད་ལ་མཐེ་བོ་གཉིས་པས་ བོད་པར་བྱའོ། །ཨོཾ་ཧྲཱིཿཨཱ་གཙྪ་ཨཱ་གཙྪ། །སརྦ་ཡཀྵི་ནི་སྭཱ་ཧཱ། བོད་པའི་སྔགས་སོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཡོན་པས་སླར་གཏང་བར་བྱའོ། །ཨོཾ་ཤྲཱི་གཙྪ། གཙྪ་ཆེ་གེ་མོ་ཡཀྵི་ཎི་ཤཱི་གྷྲྃ་པུ་ན་རཱ་ག་ནཱ་ 101-1-56a མ་ཡ་སྭཱ་ཧཱ། ཁུ་ཚུར་སོ་སོར་བཅངས་ཏེ་གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་གནོད་སྦྱིན་མོ་ཐམས་ཅད་མངོན་དུ་ཕྱོགས་པར་བྱེད་པའི་ཕྱག་རྒྱའོ། །ཨོཾ་མ་ཧཱ་ཡཀྵི་བི་མེ་ཐུ་ན་པྲྀ་ཡེ་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་ བཅངས་ལ་མཐེའུ་ཆུང་བརྐྱང་སྟེ། བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཉེ་བར་བྱེད་པའི་ཕྱག་རྒྱའོ། །ཨོཾ་ཀཱ་མ་བྷོ་གེ་ཤྭ་རི་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བསྣོལ་ཏེ་ལག་པ་གཉིས་མཛུབ་མོ་གཅིག་གི་སྟེང་དུ་གཅིག་ བསྐྱོན་པའི་སྦྱོར་བ་བཞག་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཀྵྼི་སྙིང་པོའོ། །ཁུ་ཚུར་ཕན་ཚུན་བཅངས་ཏེ་མཛུབ་མོ་དང་། གུང་མོ་བརྐྱང་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་བདུག་པ་དང་། མེ་ཏོག་དང་། དྲི་དང་མར་མེའི་ཕྱག་རྒྱའོ། །ཨོཾ་སརྦ་མ་ནོ་ཧ་ར་པྲི་སྭཱ་ཧཱ། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་ཀླུའི་རྒྱལ་མོ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་མངོན་བར་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨཱ། ཨོཾ་ཕུཿ། ཨ་ནནྟ་མུ་ཁི་ཕུཿཤྲཱི་ཕུཿབཱ་སུ་ཁ་ མུ་ཁི་ཕུཿ། ཨི་ཕུཿཔད་མ་མི་ནི་ཕུཿ། ཨ་ཕུཿམ་ཧཱ་པད་མ་མི་ནི་ཕུཿདྷི་ཕུཿཀརྐོ་ཊེ་མུ་ཁི་ཕུཿ ས་ཕུཿཤངྑི་ནི་ཕུཿཛུ་ཕུ་ཛ་ལ་མུ་ཁི་ཕུཿཏྲུྃ་ཕུཿ དྲུ་མ་མུ་ཁི་ཕུཿ ཀླུ་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་ བཤད་པ་ཀླུའི་ཁང་པར་སོང་སྟེ། འབུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཀླུ་མོ་རྣམས་དགའ་བར་འགྱུར་ཞིང་ཀླུ་མོ་ཐམས་ཅད་ཚིམ་པར་འགྱུར་རོ། །ཡར་ངོའི་ཚེས་བཅུ་ལ་ཀླུའི་ཁང་པར་ ཆུ་འབོགས་ཏེ། བདུག་པ་དང་། དྲི་དང་མེ་ཏོག་དང་འོ་མ་རྣམས་ཀྱིས་ཇི་ལྟར་བརྗོད་པའི་མཆོད་པ་བྱས་ཏེ། དེ་ནས་ཀླུ་མོ་བརྒྱད་སྟོང་ཕྲག་རེ་རེ་བཟླས་ན་མྱུར་དུ་ཀླུའི་བུ་མོ་རྣམས་རང་གི་ཁྱིམ་ནས་འོང་ངོ་། །འོངས་ 101-1-56b པ་ལ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་ཞིང་དོང་ཚེ་བརྒྱད་བརྒྱད་སོ་སོར་སྟེར་བར་བྱེད་དོ། །ཆེ་གེ་མོ་འཚོ་བར་ཤོག་ཤིག་ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་ ཐམས་ཅད་འགྲུབ་པར་བྱེད་དེ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་འོ་མའི་བཟའ་བས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ཀླུའི་བུ་མོ་བཟང་མོ་འོང་ངོ་། །འོངས་པ་ལ་སྤྱི་བོར་མེ་ཏོག་སྦྱིན་ཞིང་ཆུང་མར་གྱིས་ཤིག་ ཅེས་བསྒོ་བར་བྱའོ། །ལྷའི་བཟའ་བ་བཟང་པོ་དང་། དོང་ཚེ་ལྔ་ལྔ་ཉི་མ་རེ་རེ་ཞིང་སྟེར་བར་བྱེད་དོ། །ཀླུའི་གནས་སུ་མཚན་མོ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་སྐད་ཅིག་དེ་ཉིད་ལ་ཀླུ་མོ་སྤྱི་བོའི་ནད་ ཆེན་པོ་དང་ཚ་བར་གྱུར་པས་འོང་ཤིང་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །ཆུང་མར་གྱུར་ཅིག་ཅེས་སྨྲས་ན། བདག་ཉིད་དང་ལྔ་ལ་རས་དང་རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་ཞིང་དོང་ཚེ་ལྔ་ལྔ་སྟེར་རོ། །མཚན་ མོ་པད་མའི་ཚལ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཀླུའི་བུ་མོ་རྣམས་མྱུར་དུ་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །དོང་ཚེ་བརྒྱད་བརྒྱད་སྟེར་ཏེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ། །གལ་ཏེ་ ཅུང་ཟད་འཇོག་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ། །མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ་ལ་ཀླུའི་བུ་མོ་ངེས་པར་འོང་ངོ་། །འོངས་པ་ལ་གསེར་གྱི་པད་མའི་གདན་བྱིན་ ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་གསེར་སྲང་རེ་རེ་སྦྱིན་པར་བྱེད་དོ། །མཚན་མོ་རྒྱ་མཚོ་ཆེན་པོར་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནམ་བཟླས་པའི་མཐའ་ ལ་ཀླུའི་བུ་མོ་འོང་ངོ་། །འོངས་པ་ལ་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་དོང་ཚེ་གཅིག་དང་རས་ཟུང་གཅིག་སྟེར་བར་བྱེད་དོ། །ཀླུའི་ཁང་པར་སོང་སྟེ་ལྟེ་བ་ནུབ་ཙམ་དུ་ཆུར་ཞུགས་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ 101-1-57a དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་འོང་ངོ་། །འོངས་པ་ལ་སྤྱི་བོར་མེ་ཏོག་བྱིན་ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་དོང་ཚེ་བརྒྱད་དང་ལྷའི་ཟས་བཟང་པོ་སྟེར་བར་བྱེད་དོ། ། མཚན་མོ་ཀླུའི་ཁང་པར་སོང་སྟེ་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཀླུའི་བུ་མོ་སྐད་ཅིག་དེ་ལ་འོང་ངོ་། །འོངས་པ་ལ་མེ་ཏོག་དང་ཙན་དན་གྱི་མཆོད་ཡོན་བྱིན་ཏེ་ལེགས་པར་འོངས་སོ་ ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་རྒྱལ་སྲིད་སྟེར་བར་བྱེད་དོ། །མཚན་མོ་ཀླུའི་ གནས་སུ་སོང་སྟེ་ཁྲི་བཟླས་ན་ཀླུའི་བུ་མོ་ངེས་པར་འོང་ངོ་། །ཀླུ་འོངས་པ་ལ་མྱུར་དུ་ཆགས་པར་བྱས་ནས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་དོང་ཚེ་བརྒྱད་དང་། ལྷའི་བཟའ་བ་བཟང་པོ་དང་གོས་རྣམས་སྟེར་བར་ བྱེད་དོ། །མཚན་མོ་ཀླུའི་ཁང་པར་སོང་ལ་སྟོང་ཕྲག་བརྒྱད་བཟླས་ན། དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་རིངས་པར་འོང་ངོ་། །འོངས་པ་ལ་ཀླུའི་མེ་ཏོག་སྤྱི་བོར་བྱིན་ན་ཆུང་མར་འགྱུར་ཞིང་ལྷའི་རས་དང་རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ། །དེ་ནས་ཀླུ་མོའི་དམ་ཚིག་གི་སྔགས་བཤད་པ། ཨོཾ་ཕུཿཨཱ་གཙྪ་ནཱ་ག་ནི་ཕུ༔ བོད་པའི་སྔགས་སོ། །ཨོཾ་ཨི་ཕུ༔ སྤོས་དང་མེ་ཏོག་གི་སྔགས་སོ། །ཨོཾ་ཕུཿཨ་ཕུཿདྲི་དང་མཆོད་ཡོན་ གྱི་སྔགས་སོ། །ཨ་ཕུཿཨི་ཕུཿཧྃ་ཕུཿབྃ་ཕུཿཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་སོ། །ཕུཿཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྲྃ་པུ་ནཱ་ན་ར་ག་མ་ན་ཡ་སྭཱ་ཧཱ། སླར་གཏང་བའི་སྔགས་སོ། །དེ་ནས་ཀླུ་མོ་རྣམས་ ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ་ཐལ་མོ་མཉམ་པར་བྱས་ཏེ། སོར་མོ་རྣམས་མགོ་བོའི་ཚུལ་དུ་སྦྱར་ལ་མཛུབ་མོ་ཁ་བསྒྱུར་བས་མཐེ་བོའི་སོར་མོ་བརྐྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ལས་ 101-1-57b ཐམས་ཅད་བྱེད་ཅིང་གྲུབ་པའོ། །དགུག་པའི་ཕྱག་རྒྱ་དང་། སླར་བཏང་བ་དང་། མཆོད་པའི་ཕྱག་རྒྱ་ནི་ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ནས་སོར་མོ་ལྷག་མ་བརྐྱང་བ་ནི་ཀླུ་མོ་ཐམས་ ཅད་ཀྱི་ཕྱག་རྒྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀླུ་མོ་རྣམས་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་ཞིང་ གསོར་ཏེ། ཁྲོ་བོ་འདི་དང་བཅས་ནས་གསུངས་པ། ཨོཾ་བྷ་ན་ཎ་བཛྲ་ཧཱུྃ་ཆེ་གེ་མོ་ནཱ་གི་ནི་ཨཱ་ཀཪྵ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་དེ་ནས་འདི་བཤད་པ་ཙམ་གྱིས་ཀླུ་ཐམས་ཅད་བརྒྱལ་ཞིང་འགྱེལ་ཏེ་སྤྱི་བོའི་ནད་ཆེན་པོས་ཤིའོ། ། གལ་ཏེ་དམ་ཚིག་ལས་འདས་ན་ཁྲོ་བོ་འདི་དང་བཅས་ཏེ། བཟླས་པས་མྱུར་དུ་འཆི་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་འགྱུར་རོ་ཞེས་དཔལ་རྡོ་རྗེ་འཆང་གིས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་ པོ་ཆེན་པོ་ལས་ཀླུ་མོ་རྣམས་སྒྲུབ་པར་བྱེད་པའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་མི་འམ་ཅི་མོ་དྲུག་ལངས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་ བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་མ་ནོ་ཧ་རི་སྭཱ་ཧཱ་ཨོཾ་སུ་བ་གེ་སྭཱ་ཧཱ། ཨོཾ་བི་ཤཱ་ལ་ནེ་ཏྲི་སྭཱ་ཧཱ། ཨོཾ་སུ་ར་བི་ཕྲེ་ཡེ་སྭཱ་ཧཱ། ཨོཾ་ཨ་ཤ་མུ་ཁི་སྭཱ་ཧཱ། ཨོཾ་བི་ཐ་ཀ་ར་མུ་ཁི་སྭཱ་ཧཱ། དེ་ནས་མི་འམ་ཅི་ མོ་དྲུག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། རིའི་རྩེ་མོ་ལ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་མི་འམ་ཅི་མོ་དྲུག་གི་བཟླས་པ་རྫོགས་པ་དང་། མཆོད་པ་ཤིན་ཏུ་ཆེན་པོ་བྱས་ཏེ། བ་གླང་གི་ཤ་དང་། གུ་གུལ་དང་ལྡན་པའི་བདུག་པས་བདུག་ཅིང་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན། ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ཅེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་ཀྱང་ཀྱེ་བཟང་ 101-1-58a མོ་བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ནས་རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་འཁྱེར་བར་བྱེད་ཅིང་བཟའ་བ་བཟང་པོ་སྟེར་བར་བྱེད་དོ། །དེ་ནས་སྒྲུབ་པའི་ཐབས་ཕྱི་མ་བཤད་པ་རིའི་དྲུང་ངམ་གཙུག་ལག་ཁང་དུ་ ཁྲི་བཟླས་ན་བཟླས་པའི་མཐའ་ལ་རང་ཉིད་འོང་ཞིང་ལྷ་མོའི་ལག་པ་འཇམ་པོས་རྐང་པ་ལ་ཉུག་པར་བྱེད་ཅིང་མྱུར་དུ་ཆགས་པ་བྱས་ན་ཆུང་མར་འགྱུར་ཞིང་དོང་ཚེ་བརྒྱད་དང་གོས་ཟུང་གཅིག་སྟེར་བར་བྱེད་དོ། །ཆུ་བོའི་ འགྲམ་དུ་སོང་ནས་ཁྲི་བཟླས་ནས། ཡང་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །འོངས་ནས་ཆུང་མར་འགྱུར་ཞིང་ཉི་མ་རེ་རེ་ཞིང་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ། །མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་ སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ་ལ་ངེས་པར་འོང་ཞིང་བལྟ་བར་བྱེད་དོ། །ཉི་མ་གཉིས་པ་ལ་མདུན་དུ་འདུག་ཅིང་གཏམ་སྨྲ་བར་བྱེད་དོ། །ཉི་མ་གསུམ་པ་ལ་ཆགས་པ་སྤྱད་ན་ངེས་པར་འགྲུབ་ཅིང་ཆུང་ མའི་ལས་ཐམས་ཅད་བྱེད་ལ། དོང་ཚེ་བརྒྱད་དང་རས་ཕྲུགས་གཅིག་སྟེར་བར་བྱེད་དོ། །ཉིན་གཅིག་བཞིན་དུ་རིའི་རྩེ་མོར་ཤ་ཟ་ཞིང་ཁྲི་ཁྲི་བཟླས་ན། ལྷ་མོའི་གཟུགས་ཀྱིས་མྱུར་དུ་འོངས་ཤིང་མདུན་དུ་སྡོད་དོ། ། འཁྱུད་ཅིང་འོ་བྱས་ཏེ་མི་སྨྲ་བས་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། དོང་ཚེ་བརྒྱད་སྟོང་སྟེར་ཞིང་ལྷས་མངོན་བར་འདོད་པའི་བཟའ་བ་སྟེར་བར་བྱེད་དོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མི་འམ་ ཅིའི་བུ་མོ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། །དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྱོད་ཉོན་ཅིག་འཇིག་རྟེན་ གསུམ་གྱི་བདག་པོ་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་མངག་གཞུག་མ་ལུས་པ་སྒྲུབ་པར་བྱེད་པ་མ་རུངས་པ་རྣམས་དང་ལྷ་རྣམས་ལ་བསྟན་པར་བྱའོ། །དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོས་འདི་སྐད་ 101-1-58b ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་ཕྱེད་པ་བསྟན་པ། འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུ་དང་ཕྱག་རྒྱ་དང་སྔགས་ཀྱི་རིམ་པར་ཕྱེ་བ་བཤད་ དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པ་རྣམས་ཀྱིས་ལྷ་ཆེན་པོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བར་བྱེད་པ་གསོལ་བ་བཏབ་པ་ནི་ལེགས་སོ་ལེགས་སོ། ། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཁྲོ་བོའི་དཀྱིལ་འཁོར་དམ་པ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཆ་རྣམས་བཅུ་དྲུག་དག་དང་ལྡན། ། རྡོ་རྗེ་ར་བས་མཛེས་པའོ། །དེ་ཡི་དབུས་སུ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་རྒོད་བྱ་བ། །འབར་བའི་ཕྲེང་བ་འཁྲུག་ཅིང་གསལ། །བསྐལ་པ་ཐ་མའི་མེ་འོད་འདྲ། །ལྷ་ཆེན་མིག་སྨན་སྦྱར་འདྲ་ཞིང་། །ཐོད་པའི་ཕྲེང་བས་ རྒྱན་དུ་བྱས། །དྲག་ཤུལ་བཞད་ཅིང་ཆེར་འཇིགས་པ། །འཇིག་རྟེན་གསུམ་པོ་འཇིགས་མཛད་པའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ། །ལྷ་ཆེན་པོ་ནི་བྲི་བྱ་སྟེ། །བ་ཞོ་མུ་ཏིག་ལྟར་དཀར་ཞིང་། ། དེ་བཞིན་དཀར་པོ་དུང་འདྲ་ཞིང་། །མིག་གསུམ་ལག་པ་བཞི་པ་སྟེ། །ཞི་ཞིང་ལག་པ་གཡོན་པ་ན། །མདུང་རྩེ་གསུམ་པ་ཐོགས་པའོ། །གཡོན་པའི་ཕྱོགས་ཀྱི་ཆ་རུ་ནི། །སྲེད་མེད་བུ་ནི་བྲི་བྱ་སྟེ། །གཡས་ པ་ན་ནི་རྔ་ཡབ་དུང་། །གཡོན་ན་འཁོར་ལོ་གསལ་ཤིང་ངོ་། །རྒྱབ་ཏུ་བརྒྱ་བྱིན་རྒྱལ་པོ་སྟེ། །དེ་བཞིན་སྨིན་དྲུག་མདུན་དུའོ། །ཚངས་པ་ལག་ན་གདུགས་འཛིན་པ། །ཁ་བ་མེ་ཏོག་ཀུན་དྷ་དང་། །ཟླ་འདྲ་བརྒྱ་བྱིན་ མདུན་བྲི་སྟེ། །རང་གི་སྟན་ལ་འཁོད་པར་རོ། །ཡང་ན་སྔགས་པས་མུ་ཏིག་དང་། །བ་ཡི་ཞོ་འདྲ་དཀར་པོ་ནི། །རྔ་ཡབ་ཐོགས་པར་སྨིན་དྲུག་བྲི། །ཚངས་པ་ཁ་དོག་དམར་པོ་བྲི། །བརྒྱ་བྱིན་ཁ་དོག་སེར་པོ་བྲི། ། 101-1-59a རྒྱན་ཀུན་གྱིས་ནི་རྣམ་སྤྲས་ཤིང་། །རྔ་ཡབ་ཐོགས་པར་ཁྱབ་འཇུག་བྲི། །དེ་བཞིན་ཁྱུ་མཆོག་ལ་ཞོན་པར། །ལྷ་ཆེན་པོ་ནི་བྲི་བྱ་སྟེ། །ཀུན་བགེད་ལག་ན་འཁོར་ལོ་ཅན། །ངང་པ་ལ་ཞོན་བྲི་བར་ བྱ། །བརྒྱ་བྱིན་གླང་ཆེན་ཞོན་པ་སྟེ། །སྨིན་དྲུག་རྨ་བྱ་ལ་ཞོན་པའོ། །ཕྱི་རོལ་དང་ནི་གྲྭ་རྣམས་སུ། །འབྱུང་མོ་བརྒྱད་ནི་བྲི་བར་བྱ། །པད་མ་ཅན་དང་པད་ཆེན་དང་། །རྣམ་འབྱུང་མ་དང་ལྷ་འཇོམས་མ། །འཕྲོག་ མ་མཆོག་དང་རིན་པོ་ཆེ། །བརྒྱན་མ་འགྲོ་བ་སྐྱོང་མ་རྣམས། །དཔལ་གྱི་སྒྲ་ཡིས་རབ་གྲགས་པའི། །འབྱུང་མོ་ཆེན་མོ་བརྒྱད་པོ་སྟེ། །པད་མ་ཅན་དང་པད་ཆེན་མ། །པད་མ་དཀར་པོ་ལྟ་བུར་བྲི། །རྣམ་འབྱུང་མ་དང་ལྷ་ འཇོམས་མ། །ཁ་དོག་དམར་པོ་བྲི་བར་བྱ། །འབྱུང་མོ་བཞི་རྣམས་མཚུངས་པར་ནི། །གསེར་གྱི་མདོག་དུ་བྲི་བར་བྱ། །རྫུ་འཕྲུལ་ཆེ་ལྡན་འབྱུང་མོ་བརྒྱད། །ཇི་ལྟར་བསྟན་བཞིན་དེ་ལེགས་བྲི། །དེ་ནས་འདིར་དཀྱིལ་ འཁོར་གྱི་ཆོ་ག་བཤད་པ། རྡོ་རྗེ་སློབ་དཔོན་བདག་ཉིད་མེ་ཏོག་སྔོན་པོའི་ཕྲེང་བས་བརྒྱན་ཅིང་གཙུག་ཏོར་སྔོན་པོ་བཅིངས་ནས་རས་སྔོན་པོ་ཟུང་གཅིག་བགོས་ཏེ་སྔོན་བཞིན་དུ་ཁྲོ་བོའི་སྙིང་པོ་འདི་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་ ལ་ཕན་དོན་དུ། །མྱུར་དུ་དངོས་གྲུབ་སྦྱིན་མཛད་པ། །གྲུབ་པའི་རྡོ་རྗེ་ཁྲོ་བོ་སྟེ། །ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག །ཨོཾ་ཧཱུཾ་བཛྲ་ཕཊ་ས། འདི་བརྗོད་པ་ཙམ་གྱིས་ལྷ་ཐམས་ཅད་གྲུབ་པར་བྱེད་དོ། །དེ་ནས་འདིར་ རྡོ་རྗེ་གསོར་བ་བཤད་པ། །འདི་ལྟར་ཡི་གེ་ཧཱུྃ་ཟློས་ཤིང་ཕྱག་ན་རྡོ་རྗེས་གསུངས་པ་ལྟར། ལྷ་ཐམས་ཅད་གཞོམ་ཞིང་ལྷའི་བུ་མོ་ཐམས་ཅད་དང་། གནོད་སྦྱིན་མོ་དང་། ཀླུ་མོ་དང་འབྱུང་མོ་རྫུ་འཕྲུལ་ཆེན་མོ་ཅན་རྣམས་ སྐད་ཅིག་དེ་ཉིད་ལ་གཞོམ་པར་བྱ་སྟེ། རྡོ་རྗེ་གསོར་བའི་སྦྱོར་བ་དང་ལྡན་པས། ཨོཾ་བཛྲ་དཱིཔྟ་མ་ཧཱ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བརྒྱ་རྩ་བརྒྱད་བཟླས་ཏེ། སྐད་ཅིག་དེ་ཉིད་ལ་ལྷ་ཐམས་ཅད་གསོད་ཅིང་ 101-1-59b འཁྲུག་པར་བྱེད་དོ། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྦྱོར་བ་འདིས་ཀྱང་ངེས་པར་སངས་རྒྱས་རྣམས་ཀྱང་ཞིག་པར་བྱེད་དོ། །དེ་ནས་སློབ་མ་བཞུག་པར་བྱ་སྟེ། ཁྲོ་བོའི་ཕྱག་རྒྱ་གོ་ཆ་བྱས་ལ་སྔགས་འདིས་དབབ་པར་བྱའོ། །ༀ་བི་ཤྱ་ཀྲོ་དྷ་ ཧཱུྃ་ཧཱུྃ་ཨ་ཛྭ་ལ་མ་ལ་ཨ་ཀུ་ལ། བྷཱི་ཥ་ཎ་བཛྲ་ཨ། འདི་བརྗོད་པ་ཙམ་གྱིས་ཕྱི་རོལ་གྱི་དབབ་པ་དང་དགུག་པ་དང་ལྷུང་བར་བྱ་བ་རྣམས་ནུས་པར་འགྱུར་རོ། །དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཁྲོ་བོའི་དཀྱིལ་ འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་བྷཱུ་ཤྲཱིྃ་སིད་ཧཱ་དྷྭ་ཛ་དྷི་རི་ཧྲཱིཿཁྲོ་བོའི་མདུན་དུའོ། །ཨོཾ་ཧཱུཾ་བྷྲྃ་མ་ཧཱ་པད་མ་བ་ཏི་དྷ་ནུར་བན་དྷ་རི་ཧཱུྃ། རྒྱབ་ཏུའོ། །ཨོཾ་ཧཱུཾ་བི་ཧཱུྃ་ཏི། ཨོཾ་ཀུ་ཤོ་དྷཱ་རི་ཎི་ཧཱུྃ་ཛ། ལྷོ་རུའོ། །ཧཱུྃ་བྷཱུ་སུ་ ར་ཧ་རི་ཎི་ཙིནྟཱ་མ་ཎི་དྷྭ་ཛ་དྷཱ་ར་ནི་སྲུྃ་གཡོན་དུའོ། །ཨོཾ་ཤྲཱི་བ་ར་ཧ་རི་ཎི་པུཥྤེ་ཧསྟེ་ཧཱུྃ། མེ་ཏོག་དབང་ལྡན་གྱི་གྲྭར་ཨོཾ་ཤྲཱི་རཏྣེ་ཤྭ་རི་དྷུ་པ་ཧསྟེ་ཧཱུྃ། སྤོས་མེའི་གྲྭ་རུའོ། །ཨོཾ་ཤྲཱི་བྷཱུ་ཥི་ཎི་གནྡྷ་ཧསྟེ་ཧཱུྃ། དྲི་བདེན་བྲལ་དུའོ། །ཨོཾ་ཤྲཱི་ ཛ་ག་ཏ་པཱ་ལི་ནི་ཨ་དྷི་པ་ཏི་ཧཱུྃ། མར་མེ་རླུང་དུའོ། །དེ་ནས་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པར་བཤད་པ་ཁུ་ཚུར་ཕན་ཚུན་བཅངས་ཏེ། མཛུབ་མོ་གཉིས་བརྐྱང་བ་ནི་སེང་གེའི་རྒྱལ་མཚན་མའི་ཕྱག་རྒྱའོ། ། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོ་བརྐྱང་བ་ནྀ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་རྐེད་པའི་ཕྱོགས་སུ་བཞག་པ་ནི་གཞུ་དང་མདའི་ཕྱག་རྒྱའོ། །ལག་པ་གཡས་པ་ ཁུ་ཚུར་བཅངས་ཏེ། མཛུབ་མོ་བརྐྱང་བ་ནས་བསྐྱིལ་བ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །ཐལ་མོ་མཉམ་པར་བྱས་ཏེ། མཛུབ་མོ་གཉིས་བཀུག་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །སོར་མོ་རྣམས་ཕན་ཚུན་དུ་འཁྱུད་དེ་ མཛུབ་མོ་གཉིས་བརྐྱང་བ་ནི་སྤོས་ཀྱི་ཕྱག་རྒྱའོ། །ལག་པ་སོ་སོར་བརྐྱང་སྟེ། དཔུང་པའི་རྩ་བ་གཉིས་སུ་བཞག་པ་ནི་དྲིའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་ 101-1-60a མར་མེའི་ཕྱག་རྒྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ ཆོ་ག་རྒྱས་པར་བཤད་པ། ཨོཾ་ཧྲཱིཿཛཿགཞན་གྱིས་མི་ཐུབ་པའིའོ། །ཨོཾ་ཧཱུྃ་ཛཿ རྒྱལ་བའིའོ། །ཨོཾ་ཧྲཱི་ཛཿ རྫོགས་བྱེད་ཀྱིའོ། །ཨོཾ་བྷྲུྃ་ཛཿ ཀུན་ཏུ་རྫོགས་བྱེད་ཀྱིའོ། །ཨོཾ་སྲུྃ་ཛཿ། དུར་ཁྲོད་ཀྱི་བདག་ པོའིའོ། །ཨོཾ་རུྃ་ཛཿ། རིག་སྔགས་ཀྱི་དབང་ཕྱུག་གིའོ། །ཨོཾ་ཧྲཱི་ཧཱུྃ་ཛཿའབྱུང་པོའི་དབང་ཕྱུག་གིའོ། །ཨོཾ་ཨྃ་ཛཿམངག་གཞུག་མཆོག་གིའོ། །འབྱུང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་པའི་ཐབས་ བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ། སྔོན་དུ་འབུམ་བཟླས་ཏེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཅི་ལྟར་གསུངས་པའི་འབྲས་ཆན་དཀར་པོ་དང་། སྦྲང་རྩི་དང་ཞོ་དང་། བུ་རམ་དང་འོ་མ་དང་། ཤ་རྣམས་ཀྱིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས། མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །གལ་ཏེ་ངེས་པར་མ་འོངས་ན་སྐད་ཅིག་དེ་ལ་ འཆིའོ། །འོངས་ན་བསྒོ་བ་དོན་མེད་པར་མི་བྱེད་དོ། །སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་བྱེད་ལ་རིག་པ་འཛིན་པའི་རྒྱལ་སྲིད་སྟེར་བར་བྱེད་ཅིང་དགྲ་ཐམས་ ཅད་ཚར་གཅོད་པར་བྱེད་དོ། །ཟླ་བའི་ལྷ་མོ་བླངས་ནས་སྟེར་ཞིང་རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་ཡང་འཁྱེར་བར་བྱེད་དོ། །བརྒྱ་བྱིན་ཉིད་ཀྱང་སྟེར་བར་བྱེད་ཅིང་བསྐལ་པ་བདུན་འཚོའོ། །དེ་ནས་རྒྱལ་བའི་ སྒྲུབ་པའི་ཐབས་བཤད་པ། མཚན་མོ་སྦྱིན་བྱེད་མའི་མདུན་དུ་སོང་སྟེ། ཉི་མ་རེ་རེ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུ་གུལ་གྱི་བདུག་པ་བྱིན་ནས་ 101-1-60b བཟླས་ན་བཟླས་པའི་མཐའ་ལ་ངེས་པར་འོང་སྟེ། ཀྱེ་སྒྲུབ་པ་པོས་བཀའ་ཅི་སྩལ་ཞེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ནས་རྒྱབ་དུ་ཞོན་ན་གླིང་བཞི་པ་རྣམས་སུ་ཡང་ཁྱེར་ བར་བྱེད་ཅིང་གཞན་ཡང་རྒྱལ་སྲིད་སྟེར་ལ་ལོ་ལྔ་སྟོང་འཚོའོ། །དེ་ནས་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཕོ་བྲང་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཉི་མ་བདུན་པ་ ལ་མཆོད་པ་རྒྱས་པར་བྱས་ཏེ། འབྲས་ཆེན་དཀར་པོ་དང་། ཞོས་ཅི་ལྟར་གསུངས་པ་ལྟར་བྱིན་ནས་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རང་ཉིད་འོང་ངོ་། །འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་དགའ་ བར་འགྱུར་ཏེ། རྒྱལ་སྲིད་སྟེར་བར་བྱེད་དོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ལོ་སྟོང་འཚོའོ། །ཇི་སྲིད་འཚོ་བ་དེ་སྲིད་དུ་མངག་གཞུག་གི་ལས་བྱེད་དོ། །ཆེ་གེ་མོ་འཚོ་བར་གྱིས་ཤིག ། ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ། །ཀུན་ཏུ་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། ། དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་ཆེན་པོ་བྱས་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རིངས་པར་འོངས་ནས་མདུན་དུ་སྡོད་དོ། །ཀྱེ་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་ མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་ཐམས་ཅད་བྱེད་དོ། །གནོད་སྦྱིན་གྱི་བུ་མོ་བཟང་མོ་བླངས་ནས་སྟེར་ཞིང་གཏེར་ཐམས་ཅད་སྟེར་ལ་ལྷས་འདོད་པའི་བཟའ་བ་སྟེར་རོ། ། ཉིན་གཅིག་བཞིན་དུ་རས་དམར་པོ་ཟུང་རེ་སྟེར་ཞིང་དོང་ཚེ་ལྔ་ལྔ་སྟེར་ལ་ལོ་ལྔ་བརྒྱ་འཚོའོ། །དེ་ནས་དུར་ཁྲོད་ཀྱི་བདག་པོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། མཚན་མོ་དུར་ཁྲོད་དུ་སོང་སྟེ་ཉི་མ་བདུན་དུ་ 101-1-61a སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་འབྱུང་པོ་ལ་ཤ་དང་། ཉ་དང་ཏིལ་དང་། འཛམ་བུ་ཏི་དང་། མངར་གསུམ་ཟན་གྱིས་དྲིལ་བའི་རིལ་བུ་དང་། རྟ་ཤ་ཁམ་ཚད་དུ་གཏུབས་པ་བསྲེགས་ནས་མར་ལ་ རྔོས་ལ་འཛམ་བུ་ཏི་ཀ་དང་། འབྲས་ཆན་དང་། ཞོ་དང་བུ་རམ་དང་། འོ་ཐུག་དང་། སྲན་ཚོད་དང་། སྣུམ་ཁུར་རྣམས་ཀྱི་ཅི་ལྟར་གསུངས་པ་བྱིན་ནས་གུ་གུལ་གྱི་བདུག་པ་ཡང་བྱིན་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་ བཟླས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་བྱེད་དེ། འཇིགས་པར་མ་བྱས་ན་རང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འོང་ངོ་། །འོངས་པ་ལ་གཏོར་མ་བྱིན་ན་དགའ་བར་འགྱུར་ཏེ། འབྱུང་པོའི་མངག་གཞུག་ཐམས་ཅད་ བྱེད་དོ། །ཉི་མ་རེ་རེ་དོང་ཚེ་བརྒྱད་བརྒྱད་སྟེར་ཞིང་དགྲ་ཐམས་ཅད་འཇོམས་ཏེ་ལོ་ལྔ་སྟོང་འཚོའོ། །དེ་ནས་རིགས་ཀྱི་དབང་ཕྱུག་གི་སྒྲུབ་པའི་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ། སྤོས་དམར་པོ་དང་མེ་ཏོག་ དམར་པོ་དང་། གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཚན་མོ་ནག་པོའི་ཚེས་བཅུ་བཞི་ལ་ཉ་དང་། ཤ་དང་ཏིལ་དང་འཛམ་བུ་ཏི་དང་། འབྲས་ཆེན་དམར་པོས་ཇི་ལྟ་བར་བསྒྲུབ་ ཅིང་དུ་རུ་སྐ་དང་། མེ་ཏོག་སྦྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་སྣང་བ་ཆེན་པོ་དང་། འཇིགས་པར་བྱེད་པའི་གཟུགས་ཀྱིས་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་ དོ། །སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན། ཉི་མ་རེ་དུས་གསུམ་དུ་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ། །ལྷས་མངོན་བར་འདོད་པའི་བཟའ་བ་སྟེར་བར་བྱེད་ཅིང་ལོ་ལྔ་སྟོང་འཚོའོ། །དེ་ནས་འབྱུང་པོའི་དབང་ཕྱུག་ གི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལིང་ཀ་གཅིག་པར་སོང་སྟེ། གཅིག་པུ་ནུབ་གསུམ་དུ་འབྲས་ཆན་དམར་པོ་དང་ཉ་དང་ཤས་གཏོར་མ་སྦྱིན་ཞིང་ར་སྐྱེས་ཀྱི་ཤ་དང་། གུ་གུལ་དང་། སྦྲང་རྩི་དང་ལྡན་པའི་བདུག་པས་བདུག་ 101-1-61b ཅིང་སྟོང་ཕྲག་བརྒྱད་བཟླས་ན། ཉི་མ་དང་པོ་ལ་རྨི་ལམ་དུ་མཐོང་བར་བྱེད་དོ། །ཉི་མ་གཉིས་པ་ལ་རང་ཉིད་མཐོང་བར་བྱེད་དོ། །ཉི་མ་གསུམ་པ་ལ་རིངས་པར་འོངས་ཞིང་མདུན་དུ་འདུག་ནས་འདི་སྐད་སྨྲ་བར་བྱེད་དོ། ། བཀའ་ཅི་སྩོལ་དེ་ནས་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བརྗོད་པར་བྱའོ། །རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་རང་ཉིད་སོང་ནས་མི་ཟད་པའི་གཏེར་སྟེར་ཞིང་འདས་པ་དང་མ་འོངས་པ་དང་། ད་ལྟར་ བྱུང་བ་རྣམས་སྨྲ་བར་བྱེད་དོ། །གོས་དང་རྒྱན་དང་། བཟའ་བ་བཟང་པོ་རྣམས་སྟེར་བར་བྱེད་ཅིང་ལོ་ཉིས་སྟོང་འཚོ་བར་བྱེད་དོ། །དེ་ནས་ཕོ་ཉ་མཆོག་གི་སྒྲུབ་པའི་ཐབས་བཤད་པ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ནག་པོའི་ཚེས་བཅུ་བཞི་ལ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་བསྒྲུབ་པ་བརྩམ་པར་བྱ་སྟེ། ཙན་དན་གྱི་དཀྱིལ་འཁོར་བསྒྲུབ་པར་བྱས་ནས་གུ་གུལ་གྱི་བདུག་པ་སྦྱིན་ཞིང་མེ་ཏོག་དཀར་པོ་དང་འབྲས་ཅན་དཀར་པོ་ དང་། མར་དང་འོ་ཐུག་སྦྱིན་ཞིང་ཀུ་ཤའི་ཁྲི་ལ་འདུག་སྟེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་མོ་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་མངག་གཞུག་མཆོག་རང་ཉིད་འོང་སྟེ། འོངས་པ་ལ་ཙན་དན་གྱི་མཆོད་ ཡོན་བྱིན་ན། ཀྱེ་སྒྲུབ་པ་པོ་བདག་གིས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །དེ་ནས་སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་པར་འགྱུར་ཞིང་ལྷས་མངོན་བར་འདོད་པའི་ བཟའ་བ་སྟེར་རོ། །དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་གཏེར་རྙེད་པར་བྱེད་ལ་རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་བར་བྱེད་ཅིང་གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་ རྒྱལ་པོ་ཆེན་པོ་ལས། མངག་གཞུག་བསྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་ཡང་དག་པར་བཤད་པ་ནི་དངོས་གྲུབ་སྣ་ཚོགས་སྒྲུབ་པར་བྱེད་པ་སློབ་དཔོན་རྣམས་ལ་ཕན་པའི་དོན་དུ་ཇི་ལྟར་ 101-1-62a གསུངས་པ་མངག་གཞུག་པའི་ཐབས་ཏེ། བསྟེན་པར་བྱ་བ་མ་ཡིན་པའི་ལེ་ལོ་ཅན་དང་སྡིག་པ་བྱེད་པ་དང་། བརྫུན་དུ་སྨྲ་བ་དང་། ཚུལ་འཆོས་ཅན་དང་། དབུལ་པོ་དང་། ནད་ཀྱིས་གདུངས་པ་དང་། ཚེ་ཐུང་བ་དང་སེམས་མི་བརྟན་པའི་མི་རྣམས་ཀྱང་སྤང་བར་མི་བྱ་སྟེ་གལ་ཏེ་ལོངས་སྤྱོད་དང་ནོར་དང་གྲགས་པ་འདོད་ན་ཡང་སྐད་ཅིག་གིས་ཕུན་སུམ་ཚོགས་པར་སྟེར་རོ། །སྔགས་འདིས་དངུལ་ཆུ་དང་། བཅུད་ཀྱིས་ ལེན་པའི་དངོས་གྲུབ་དང་། ལྷའི་རྒྱལ་སྲིད་ཀྱི་དངོས་གྲུབ་ཀྱང་གྲུབ་པར་བྱེད་ན་མི་རྣམས་ཀྱི་རྒྱལ་སྲིད་གྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་དུ་འདི་ལྷའི་བུ་མོ་ཐམས་ཅད་སྐད་ཅིག་ཙམ་གྱིས་གྲུབ་ པར་བྱེད་དོ། །གསང་སྔགས་འདི་ནི་བཀླགས་པས་གྲུབ་པར་བྱེད་ཅིང་ཤིན་ཏུ་བརྩོན་འགྲུས་དམན་པ་རྣམས་ལ་ཡང་ཅི་ལྟར་བདེ་བ་ལྟར་མྱུར་དུ་གྲུབ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་ཡི་གེ་ བཞི་པོ་ཆེར་གསང་བ། དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་བཀླགས་པ་ཙམ་གྱིས་མངོན་པར་གྲུབ་པར་བྱེད་པ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་བསྒྲུབ་ པའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། སོར་མོ་རྣམས་ཕན་ཚུན་འཁྱུད་དེ། གུང་མོ་བརྐྱང་ནས་ཁབ་ ལྟར་བཟུང་བ་ནི་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་གུང་མོ་བཀུག་ཅིང་མཛུབ་མོ་བརྐྱང་ནས་བཀུག་པ་ནི་རྒྱལ་བའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་ བསྐྱིལ་ཞིང་མཐེའུ་ཆུང་བརྐྱང་སྟེ། སོ་སོར་བཟུང་བ་ནི་རྫོགས་བྱེད་ཀྱི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་འཁྱུད་དེ་བཟུང་བ་ནི་ཀུན་དུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་དང་མཐེ་བོ་ 101-1-62b ནང་དུ་བཀུག་ཏེ་བཟུང་བ་ནི་དུར་ཁྲོད་ཀྱི་བདག་པོའི་ཕྱག་རྒྱའོ། །མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་བཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ། །ཐལ་མོ་སྦྱར་ཏེ་མཛུབ་མོ་གཉིས་བཀུག་པ་ནི་ཕོ་ཉ་མཆོག་གི་ཕྱག་ རྒྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འབྱུང་པོའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགས་སོ།། །། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་ འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ་བསྙེན་བསྐུར་མའི་སྒྲུབ་པའི་ཐབས་དཔལ་ཆེན་པོ་ཞེས་བྱ་བའི་འབྱུང་མོ་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས་ ཀྱིས་ནི་ཡིད་ལ་དགའ་བ་བསྐྱེད་ཅིང་ཕན་ཚུན་ཚིམ་པར་བྱེད་པའོ། །དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་དཔལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། དཔལ་ཁྲོ་བོའི་ བདག་པོ་བཅོམ་ལྡན་འདས་ཀྱི་མདུན་དུ་འབུམ་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་མཚན་ཐོག་ཐག་ བཟླས་སོ། །དེ་ནས་ཐོ་རངས་ངེས་པར་འོང་ངོ་། །འོངས་པ་ལ་ཙན་དན་གྱི་མཆོད་ཡོན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ཅེས་སྨྲའོ། །སྒྲུབ་པ་པོས་བདག་གི་ཆུང་མ་ གྱིས་ཤིག་ཅེས་བརྗོད་ན་ལྷའི་དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དངོས་གྲུབ་ཀྱི་རྫས་དང་གཏེར་དང་། རྒྱལ་སྲིད་རྣམས་སྟེར་བར་བྱེད་དོ། །ཞི་བའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པ་དང་པོའོ།། །། དེ་ནས་ གཞན་ཡང་ནན་ཏུར་གྱིས་སྒྲུབ་པའི་ཐབས་བཤད་པ། གྲོ་བའི་འདབ་མ་ལ་འབྱུང་མོ་དཔལ་ཆེན་མོ་བྲིས་ཏེ། མཚན་མོ་གཅེར་བུར་གྱུར་པས། དཔལ་རྡོ་རྗེ་འཆང་གི་ 101-1-63a མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་མྱུར་དུ་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་དགའ་བར་འགྱུར་རོ། །འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱང་སྟེར་བར་བྱེད་དོ། །བརྒྱ་བྱིན་ཉིད་ཀྱང་སྟེར་རོ། ། རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་ཞིང་ལོ་ཁྲི་འཚོའོ། །གལ་ཏེ་མ་གྲུབ་ན་མིག་དང་སྤྱི་བོ་འགས་ཤིང་སྐམས་ཏེ་སྐད་ཅིག་དེ་ཉིད་ལ་འཆིའོ། །ཞེས་ཁྲོ་བོ་ཉིད་ཀྱིས་གསུངས་སོ། །གུར་གུམ་གྱིས་མིང་བྲིས་ ཏེ་རྐང་པ་གཡོན་པས་མནན་ནས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ལན་བདུན་བརྗོད་ན་བརྗོད་པར་གྱུར་པས་ངེས་པར་སྐད་ཅིག་གིས་འཆི་བར་བྱེད་དོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས། སྒྲུབ་པའི་ཐབས་ ཀྱི་ཆོ་ག་རྒྱས་པའོ།། །། གུ་གུལ་གྱི་བདུག་པ་སྦྱིན་ཞིང་གཏོར་མ་བཤམས་ཏེ་རས་དཀར་པོས་བཀབ་ལ། སྔགས་འདི་ལན་གསུམ་བརྗོད་དོ། །དེ་བ་སྃ་བྷཱུ་ཏ་མ་ཧི་ཏ། པྲ་ཎི་པ་ཏཱ་ཡ་བི་བ་ཛ་ཡེད་ཕྲྀ་ཐག་ མ་ཧཱ་བྷཱུ་ཏ་སྭ་སྠཱ་ན་མ་ཏ་ཏྲ་གཙྪ་ཏིཤྨ་ཤཱ་ནི་དེ་བ་ཨ་ལ་ཡ་ཥུ་ན་དཱི་ཏ་ཏེ། ཙ་ཏུ་ཥུ་ཐེ་ཨེ་ཀ་ལིང་གེ་ཝ་དེ་བ་ཨཱ་ཡ་ཏ་ནཻ་ཝ། ཤྲཱི་གྷྲྃ་གཙྪ་ཏུ། བྷཱུ་ཏཱ་ནཱ་མ་ས་མ་ཡ་པྲ་ཏི་པཱ་ལ་ནུ་ཡ། ཡ་ཏི་ས་ཨི་བན་གཙྪ་ཏི་ཏ་ཀྵེ་ཎ་ མུར་དྷ་ནི། སྤ་ལ་ཡེད། བྷཱུ་ཏ་ནཱྃ་རཻ་ར་ཝྃ་ན་ར་ཀྃ་པ་ཏེད། ཡ་ཐ་ཡ་ཐ། སྭ་སྠཱ་ནེ་གཙྪ་ཏུ་ཡ་ཐཱ་སུ་ཁཱི་སྭཱ་ཧཱ། རྡོ་རྗེ་སློབ་དཔོན་གྱིས་ལྷ་རྣམས་ཉེ་བར་བསྡུ་བར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རིམ་ པར་ཕྱེ་བ་གཉིས་པ་རྫོགས་ཏེ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བུདྡྷ་ཨཱ་ཀ་ར་བར་མ་དང་། ལོ་ཙྪ་བ་ དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 101-1-63b ༄༅། །འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་ གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས་པ། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས། བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ། ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི། ཁྱོད་ གཏུམ་པ་ཡིན་བསྟེན་པར་དཀའ་བ་ཡིན་ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་དག་ཐམས་ ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ་དེ་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བླག་དུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པ་གསང་བ་གསང་ སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ན་འཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་བར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་ འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱད་པར་འགྱུར་བ་དང་། ཐུབ་པར་ 101-1-64a མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་། བསྨྱུང་བར་མ་བྱས་པ་ཡང་བསྨྱུང་བ་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སྲུང་བར་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བར་འགྱུར་བ་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་ རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ། ཁྱོད་ནི་གླང་པོ་ཆེའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་རིན་པོ་ཆེའི་འབྱུང་གནས་ཡིན། ཁྱོད་ནི་བདེན་པ་ཉིད་ ཡིན། ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན་ནོ། །ཁྱོད་ཀྱི་མིང་འདི་དག་མཁས་པ་དག་གིས་ཐོས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་ བསྟན་པ་དེས་ན་དེ་དག་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། །ན་མོ་བུདྡྷ་སྱ། ན་མོ་དྷརྨ་སྱ། ན་མཿ སྃ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨཊྚེ། མཊྚེ། ཁ་རཊྚེ། སོ་མེ་སོ་མཱ་སུ་ཁི། ཧི་རི་ཧི་རི། མི་རི་ཀི་རྀ། བྷི་རི་བི་ས་ནི་སིདྡྷྱན་དུ། སརྦ་ཀཱ་རྱཱ་ཎི། སཱ་དྷ་ཡ་མནྟྲ་པ་ད་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ 101-1-64b སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །འདི་ལྟར་གསང་བ་ཆེན་པོ་བཀའ་སྩལ་པ་གང་ལགས་པ་དེ་ནི་ལེགས་ཏེ། བཅོམ་ལྡན་ འདས་དེ་དེ་ལགས་སོ། །དེ་དེ་ལགས་ཏེ། བཅོམ་ལྡན་འདས་རིག་པ་མཆོག་སྒྲུབ་པ་ནི་བཟླས་བརྗོད་བགྱིད་པ་དང་། སྒྲུབ་པའི་ཚེ་མཆོད་པ་བགྱིས་ལ་མིང་བརྒྱད་པ་བཀླག་པར་བགྱིའོ། །བཀླགས་ནས་བདག་བསྟོད་ པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་བར་མི་འགྱུར་ལ། ལྷ་རྣམས་ཀྱང་དགའ་ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་ མཐོང་བར་མི་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་དུ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལྔ་བགྱིད་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་ སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ། །ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ་རྫོགས་སྷོ།། ༈ །། ༄༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་ སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་བརླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། མི་ཐུབ་པ། མི་ཆོད་པ། མི་ཤིགས་པ། བདེན་པ། 101-1-65a སྲ་བ་བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་ པོ་ཐམས་ཅད་འགུགས་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་ཏུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་ སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་སྥོ་ཊ་ཡ། གྷཱུརྞྞ་གྷཱུརྞྞ། གྷཱུརྞྞ་པ་ཡ་གྷཱུརྞྞ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སྃ་བོ་དྷཱ་ཡ་སྃ་བོ་དྷཱ་ཡ། བྷྲ་མ་བྷྲ་མ། སྃ་བྷྲཱ་མ་ཡ་སྃ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུ་ཊ་ཀུ་ཊ། སྃ་ཀུ་ཊ་ཡ་སྃ་ཀུ་ཊ་ཡ། སརྦ་ཤ་ཏྲཱུྃ་ན། གྷ་ཊ་གྷ་ཊ། སྃ་གྷ་ཊ་ཡ་སྃ་གྷ་ཊ་ཡ། སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ། སུ་བཛྲཱ་ཡ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། ནི་གྲྀཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་རཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བན་དྷ་བན་དྷ། ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ 101-1-65b སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ལ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏི་སྠི་ར་བཛྲ། སུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་ བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱི་གྷྲྃ་བཛྲཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཱྃ་བརྟྟ་ཡ་སྭཱ་ཧཱ། ཨ་མུ་ཀྃ་མཱ་ར་ཡ་ཕཊ། ན་མསྶ་མནྟ་བཛྲཱ་ཎྃ། སརྦ་བ་ལྃ་ཨཱ་བརྟྟ་ཡ། མ་ཧཱ་ བ་ལེ། ཀ་ཏ་བ་ལེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲཱྃ་ཀུ་ཤ་ཛྭ་ལ་ཡ་སྭཱ་ ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་ བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་ བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་ པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་གཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་ དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ 101-1-66a ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། ། མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ནོར་བུ་ཡུངས་ཀར་དུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། ། ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་ འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེས་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་ སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་བཛྲ་མེ་རུ་ཤི་ཁ་ར་ཀཱུ་ཊཱ་གཱ་ར་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་ གནས་རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེའི་པད་མའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་ བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་ཆེན་པོའི་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་། ཆོ་འཕྲུལ་ཅན། སངས་རྒྱས་ 101-1-66b ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་ བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ ཞིང་རྣམ་པར་འཕྲུལ་བ་དང་ཆོ་འཕྲུལ་ཆེན་པོ་ཀུན་དུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་ སྙན་ཅིང་རྒྱ་ཆེ་ལ་ཟབ་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་ འཛིན་དང་། དབང་དང་། མངོན་བར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་སྙིང་རྗེ་ དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང་། དབེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་ བྱ་བ་དང་། རྡོ་རྗེའི་མིག་དང་། རྡོ་རྗེའི་ལུས་དང་། རྡོ་རྗེ་བློ་གྲོས་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་བ་དང་། རྡོ་རྗེ་བརྩེགས་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་ང་རོ་དང་། རྡོ་རྗེ་བཟང་ པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཏོག་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་དང་། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ 101-1-67a ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས། རྣམ་པར་འཕྲུལ་བའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ངེས་པར་བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་ ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་ རིས་ཀྱི་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་གཞལ་དུ་མེད་པ་དག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་ཚངས་པ་བཟང་པོ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་རབ་འཐབ་བྲལ་གཡོག་འཐབ་ བྲལ་གྱི་ལྷའི་རིས་ཀྱི་ལྷའི་བུ་དང་བཅས་པ་དང་། ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་ཐམས་ཅད་ཀྱི་འཁོར་ཅན་དང་། ལྷ་མ་ཡིན་གྱི་དབང་པོ་ ཐགས་ཟངས་རིས་དང་། སྟོབས་ཅན་དང་། རབ་སིམ་དང་། སྒྲ་གཅན་དང་། རྣམ་པར་སྣང་བྱེད་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མ་དྲོས་པ་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་དང་། སྟོབས་ཀྱི་རྒྱུ་དང་། པད་མ་དང་། པད་མ་ཆེན་པོ་དང་། མཐའ་ཡས་དང་། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་དང་། མི་འམ་ཅིའི་རྒྱལ་པོ་ 101-1-67b ལྗོན་པ་མི་འམ་ཅིའི་རྒྱལ་པོའི་གཡོག་དུ་མ་ཅན་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དྲི་ཟའི་རྒྱལ་པོའི་གཡོག་དུ་མ་ཅན་དང་། རིག་སྔགས་འཆང་གི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་རིག་སྔགས་འཆང་གི་རྒྱལ་ པོའི་གཡོག་དུ་མ་ཅན་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ནམ་མཁའ་ལྡིང་གི་རྒྱལ་པོའི་གཡོག་དུ་མ་ཅན་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་དང་། གང་བ་བཟང་དང་། གནོད་སྦྱིན་གྱི་རྒྱལ་པོ་ལྔས་རྩེན་གནོད་སྦྱིན་གྱི་རྒྱལ་པོའི་གཡོག་དུ་མ་ཅན་དང་། འཕྲོག་མ་བུ་ལྔ་བརྒྱའི་གཡོག་ཅན་དང་། འཇིག་རྟེན་གྱི་མ་བདུན་དང་། སྲིང་མོ་ཆེན་མོ་བདུན་དང་། དྲང་སྲོང་ཆེན་པོ་བདུན་དང་། བར་སྣང་ ལ་རྒྱུ་བའི་རྒྱུ་སྐར་དང་། གཟའི་ལྷ་ཐམས་ཅད་དང་། ཕྱོགས་ཀྱི་ལྷ་རྣམས་དང་། ཕྱོགས་མཚམས་ཀྱི་ལྷ་རྣམས་དང་། སའི་ལྷ་དང་། དབྱངས་ཅན་དང་། འབྱུང་པོ་རྣམས་དང་། བགེགས་རྣམས་དང་། ལོག་འདྲེན་ རྣམས་དང་། ཡི་དགས་དང་། འབྱུང་པོ་རྫུ་འཕྲུལ་ཆེན་པོ་རྣམས་དང་། རིའི་རྒྱལ་པོ་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་ཆུ་ལྷ་གཡོག་རྒྱ་མཚོའི་ལྷ་ཐམས་ཅད་དང་བཅས་པ་དང་། འཕགས་སྐྱེས་པོ་དང་། མིག་མི་ བཟང་དང་། ལག་ན་བེ་ཅོན་དང་། བདེན་བྲལ་དང་། མེའི་ལྷ་དང་། རླུང་གི་ལྷ་ཆེན་པོ་བདུན་དང་། དབང་བདག་ཆུང་མ་དང་བཅས་པ་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་འཁོར་ཅན་དང་། སྲེད་མེད་ཀྱི་བུ་གཡོག་དང་ བཅས་པ་དང་། བྱིན་པ་པོ་དང་། ཕྲེང་བ་ཅན་དང་། ལྕགས་ཅན་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། སྤྲིན་ཏ་ལ་དང་། ལོག་འདྲེན་དབང་པོ་བགེགས་ལོག་འདྲེན་གྱི་གཡོག་དུ་མ་ཅན་དང་། ཤིང་གསེབ་ཀྱི་ལྷ་དྲུག་བཅུ་དང་། སྲིང་མོ་བཞི་མིང་པོ་དང་བཅས་པ་དང་། མ་བདུན་དང་། རྡོ་རྗེ་ལྕགས་ཀྱུ་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་དང་། རྡོ་རྗེ་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་དང་། རྡོ་རྗེའི་སྡེ་དང་། ལག་བཟངས་དང་། གཙུག་གིས་འགྲོ་དང་རྡོ་རྗེའི་རིགས་ཀྱི་འཁོར་དུ་མ་ 101-1-68a དང་བཅས་པ་དང་། དེ་མ་ཡིན་པ་གཞན་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་ འཕྱེ་ཆེན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་ཚད་མེད་དཔག་ཏུ་མེད་གྲངས་མེད་པ་རྣམས་དང་། ལྷའི་བུ་ཉི་མ་དང་། ལྷའི་བུ་ཟླ་བ་དང་། དུས་ཚིགས་ཀྱི་ལྷ་དང་། ནུབ་ཀའི་ལྷ་དང་། དུས་ཀྱི་ལྷ་ཐམས་ཅད་དང་། གནམ་སའི་ལྷ་ཐམས་ཅད་དང་ཡང་ཐབས་གཅིག་གོ། །དེ་ལྟར་ཡང་བཅོམ་ལྡན་འདས་དེ་ཆོས་ཀྱི་འཁོར་ལོ་ནི་ཤིན་དུ་བསྐོར། སངས་རྒྱས་ཀྱི་ མཛད་པ་ནི་ཤིན་དུ་ཡོངས་སུ་མཐར་ཕྱིན། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ནི་ཤིན་དུ་ཡོངས་སུ་རྫོགས་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་ནི་བརྙེས་པས་ནི་ཤིན་དུ་ཡོངས་ སུ་གཟུང་། སྐྱེས་བུ་ཆེན་པོའི་མཚན་མངའ་བ་སུམ་བཅུ་རྩ་གཉིས་ཀྱིས་ནི་སྐུ་བརྒྱན། དཔེ་བྱད་བཟང་པོ་བརྒྱད་བཅུས་ནི་ཡན་ལག་དང་། ཉིང་ལག་ཐམས་ཅད་རྣམ་པར་སྤྲས། སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་ ལྷར་མི་མཐོང་། བདུད་ཀྱི་ཚེར་མ་ཐམས་ཅད་ནི་དཀྲུགས། དེ་ཁོ་ན་ཉིད་མཁྱེན་པ་ཉིད་ནི་རིམ་པར་ཐུགས་སུ་ཆུད། སྤྱན་རྣམ་པ་ལྔ་ནི་མངའ། རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱིས་རྒོལ་བ་དང་། ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་ནི་བཅོམ། བརྗོད་པའི་སྒྲ་དང་། ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་། སེང་གེའི་སྒྲ་ནི་སྒྲོག །མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་ 101-1-68b རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྤྱད་པས་མངོན་བར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་བརྒྱན་པས་ནི་ མཛེས་ཤིང་རིན་པོ་ཆེ་རྡོ་རྗེའི་པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་ནི་བཞུགས་ཏེ། གདན་རིན་པོ་ཆེ་དང་། རྡོ་རྗེའི་པད་མའི་སེང་གེའི་ཁྲི་རི་རབ་ཙམ་རྡོ་རྗེ་དང་། རིན་པོ་ཆེ་དང་། མུ་ཏིག་དང་ལྡན་པའི་དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སིལ་སིལ་ སྒྲ་འབྱུང་བ། རྡོ་རྗེ་དང་རིན་པོ་ཆེ་དུ་མའི་སྟེགས་བུ་ལ་རྩ་བ་ལེགས་པར་བརྟེན་པ། རྡོ་རྗེ་དང་རིན་པོ་ཆེ་དུ་མའི་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང་ལྡན་པའི་སྣམ་བརྟེན་དང་བཅས་པ། རིན་པོ་ཆེ་དུ་མའི་པད་མའི་ སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། དུན་ལས་དུ་མའི་འོད་ཟེར་འབར་བས་སྣང་བར་གྱུར་པས་ཀུན་དུ་མཛེས་པ། རིན་པོ་ཆེ་དང་། རྡོ་རྗེའི་ཐུར་མས་བརྒྱན་པའི་གདུགས་ ཡུ་བས་བསྟོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གྲིབ་མར་བསྒྲིབས་ཤིང་བསྐྱབས་པ། དཔག་བསམས་གྱི་ཤིང་དུ་མས་མཛེས་པར་བྱས་པ་རྒྱ་ཆེ་བ་ལ་བཞུགས་ཏེ། གསེར་གྱི་རི་བོ་ལྟར་དཔལ་གྱིས་འབར་བ། ཉི་མ་སྟོང་བས་ལྷག་ པའི་འོད་ཀྱི་དཀྱིལ་འཁོར་འབྱོར་པས་ས་ཕྱོགས་མཛེས་པར་གྱུར་པ། ཟླ་བ་ཉ་ལྟར་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བ། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཡང་དག་པར་རྒྱས་པ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་དང་། ཡོངས་སུ་དཀར་བ་ཡང་དག་པར་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱི་ གཙུག་གི་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་སྟོན་པ་ཞེས་བྱ་བའི་འོད་ཟེར་གྱི་དྲ་བ་ཆེན་པོ་བྱུང་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་གསལ་བར་བྱས་པར་ 101-1-69a གྱུར་ཏོ། །གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་སྣང་བ་དེས་གསལ་བར་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ གང་དག་བཞུགས་པ་དེ་དག་ཀྱང་སེང་གེའི་ཁྲི་དུ་མ་བཀོད་པའི་ཁང་པ་བརྩེགས་པའི་གཞལ་མེད་ཁང་རྣམས་ན་ཆོས་སྟོན་ཏོ། །ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་ཐབས་ གཅིག་གོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་ཡང་ཐབས་གཅིག་ གོ། དེ་དག་ཐམས་ཅད་ཀྱང་རྡོ་རྗེའི་ལྷུན་པོ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཐམས་ཅད་ཀྱང་ཀུན་དུ་སྣང་ངོ་། །སྐད་ཅིག་དེ་ལ་སེམས་ཅན་དེ་དག་ཐམས་ཅད་བདེ་བ་ཐམས་ཅད་ཀྱིས་ ཚིམ་པར་གྱུར་ཏོ། །འོན་པ་རྣམས་ནི་སྒྲ་ཐོས་སོ། །ལོང་བ་རྣམས་ནི་མིག་ཐོབ་བོ། །སྨྱོན་པ་རྣམས་ནི་དྲན་པ་རྙེད་དོ། །ནད་པ་རྣམས་ནི་སོས་པར་གྱུར་ཏོ། །སྦྲུམ་མ་རྣམས་ནི་བདེ་བར་བཙས་སོ། །སེམས་ཅན་དམྱལ་བ་ཐམས་ཅད་ ཀྱི་སྡུག་བསྔལ་རྣམས་ནི་མེད་པར་གྱུར་ཏོ། །ཡུད་ཙམ་དེ་ལ་དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་ཀྱི་མིང་ཡང་མི་གྲག་པར་གྱུར་ཏོ། །འཇིག་རྟེན་གྱི་བར་གང་དག་མུན་པ་མུན་ནག་དང་། མུན་པ་མུན་ནག་ཆེན་པོར་འདུག་པ་དེ་དག་ཐམས་ཅད་ཀྱང་གསལ་བར་སྣང་བར་གྱུར་ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཐམས་ཅད་དང་། སེམས་ཅན་གཞན་འདིར་སྐྱེས་པ་རྣམས་ཀྱང་གཅིག་གིས་གཅིག་ཤེས་སོ། །དེ་ནས་ སེམས་ཅན་དེ་དག་ཐམས་ཅད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་དགའ་བ་ཐོབ་སྟེ་བདེ་བ་མཆོག་གིས་ཚིམ་པར་གྱུར་ནས་ཀུན་དུ་བལྟས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་སྟེ། 101-1-69b དེ་དག་གིས་གསེར་གྱི་མཆོད་སྡོང་ལྟར་དཔལ་གྱིས་འབར་ཞིང་རང་གི་གཟི་བརྗིད་ཀྱིས་མངོན་བར་འཕགས་པ་དེ་མཐོང་ནས་དེ་ཉིད་ལ་སྐྱབས་སུ་དོང་ངོ་། །སྐྱབས་སུ་དོང་མ་ཐག་ཏུ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་བདག་ཏུ་སོན་པ་སྙམ་དུ་ཤེས་སོ། །སྣང་བ་དེས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་དུ་འབར་རབ་ཏུ་འབར་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པར་ཀུན་དུ་སྣང་ངོ་། །བདུད་ཀྱི་རིས་ ཀྱི་ལྷ་དེ་དག་ཀྱང་སྐད་ཅིག་དེ་ལ་ཉམ་ཐག་པའི་སྒྲར་ངུ་ཞིང་སྐྲག་ནས་བྱེར་རོ། །བདུད་སྡིག་ཅན་ཡང་བཞིན་བཟང་པོ་རྙི་རྙི་པོར་གྱུར་ཅིང་ལུས་རྡུལ་ནས་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བདུད་ ཀྱི་ཁྱིམ་ཐམས་ཅད་ཀུན་དུ་འབར་རབ་ཏུ་འབར་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་བ་དང་། དགེ་སྦྱོང་གཽ་ཏ་མ་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་ཆོས་བསྟན་པ་འདི་ལ་ལྟོས། དེས་བདག་ཅག་ཕུང་ངོ་། ། མཐོ་བརྩམས་སོ། །ཕྱོགས་གང་ན་གནས་སུ་གཏོལ་མེད་དོ། །ལོངས་ལ་དགེ་སྦྱོང་གཽ་ཏ་མ་དེའི་གན་དུ་དོང་སྟེ། བདུད་ཀྱི་ཡུལ་འདི་ཐལ་བར་བྱས་པར་མ་གྱུར་གྱི་བར་དུ་གཞོམ་མོ། །དེ་སྐད་ཅེས་སྨྲས་པ་དང་། བདུད་ཀྱི་རིས་ ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་རྗེ་བཀའ་བཞིན་འཚལ་ཞེས་སྨྲས་ནས། རང་རང་གི་གནས་སུ་དོང་སྟེ། ལག་ན་མཚོན་ཅ་སྣ་ཚོགས་ཅན། ལུས་ལ་གོ་ཅ་སྣ་ཚོགས་པ། ཆ་བྱད་དང་། རྒྱན་སྣ་ཚོགས་ཅན། མཆེ་བ་མི་ བཟད་པར་འཇིགས་སུ་རུང་བ། བཞིན་མི་སྡུག་པར་བསྒྱུར་བ། མིག་དང་། བཞིན་དང་། སྐྲ་ཀུན་དུ་འབར་ཞིང་རབ་ཏུ་འབར་བ་དག་སྐད་ཅིག་དེ་ཉིད་ལ་གཅིག་ཏུ་འདུས་ནས་བདུད་སྡིག་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བདུད་སྡིག་ ཅན་ལ་འདི་སྐད་ཅེས་སྨྲས་སོ། །བཞེངས་བཞེངས་ཐོག་མར་བཞུད་ལ་ཇི་ཙམ་དུ་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ཅི་ནས་ཀྱང་ཕྱིས་བདག་ཅག་གི་ཡུལ་དུ་གནོད་པ་ཅུང་ཟད་ཀྱང་མི་ 101-1-70a བསྐྱེད་པ་དང་། བདག་ཅག་གི་ཡུལ་གནོད་པར་མི་འགྱུར་བར་དེང་ཉིད་དུ་ཕྱེ་མར་བརླག་གོ། །རྣམ་པར་གཞོམ་མོ། །དེ་ནས་བདུད་སྡིག་ཅན་དགའ་ཞིང་མགུ་སྟེ་ཤིན་དུ་དགའ་བས་སྤུའི་ཁུང་བུ་ཁྱབ་ནས་སྐད་ཅིག་དེ་ ཉིད་ལ་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་དང་། བདུད་ཀྱི་སྡེ་ཆེན་པོས་བར་སྣང་དཔག་ཚད་སྟོང་ཕྲག་བརྒྱད་བཅུ་རྩ་བཞིར་ཁྱབ་པར་བྱས་ཏེ། དུང་དང་། རྔ་དང་། རྫ་རྔ་དང་། འཁར་རྔ་ དང་། རྒྱུད་གཅིག་པ་དང་། ལྕགས་ཀྱི་སིལ་དཀྲོལ་དང་། རྔ་བོ་ཆེ་རྡུང་ཞིང་ཧུ་ཧུ་ཞེས་བྱ་བ་དང་། བི་རྩི་ཞེས་བྱ་བ་དང་། ཟུང་ཤིག་ཟུང་ཤིག །སོད་ཅིག་སོད་ཅིག་ཅེས་བྱ་བའི་སྒྲ་འབྱིན་ཅིང་གཤོལ་དང་། གཏུན་ཤིང་དང་། གཏུན་རྐེད་ཉག་པ་ དང་། ཕུར་བུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་བོ་ཆེ་དང་། མདུང་ཐུང་དང་། རྩེ་གསུམ་པ་དང་། རལ་གྲི་དང་། འཁོར་ལོ་དང་། གཞུ་དང་། མདའ་ལ་སོགས་པའི་མཚོན་ཆ་ལག་ན་ཐོགས་ཤིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། སྐད་ཅིག་དེ་ཉིད་ལ་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་ནས། བཅོམ་ལྡན་འདས་ལ་མཚོན་ཆ་ཐམས་ཅད་ཀྱི་ཆར་ཕབ་པ་དང་། སངས་རྒྱས་ཀྱི་མཐུས་མཚོན་ཆ་དེ་དག་ཐམས་ཅད་མེ་ཏོག་གི་གདུགས་ཀྱི་སྤྲིན་ཆེན་པོར་གྱུར་པར་སྣང་ངོ་། ། བདུད་ཀྱི་སྒྲ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། ཡང་དག་པར་འགྲོ་བའི་སྒྲ་རྣམས་སུ་གྲག་གོ། བདུད་སྡིག་ཅན་ནི་ཞགས་པ་ལྔའི་བཅིངས་པས་བདག་ཉིད་བཅིངས་པར་མཐོང་ ངོ་། །དེ་ནས་བདུད་ཀྱི་རིས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་ཆེན་པོ་དེ་མཐོང་ནས་ངོ་མཚར་དུ་གྱུར་ཅིང་དགའ་བ་ཐོབ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་སྐྱབས་སུ་དོང་ངོ་། ། བདུད་སྡིག་ཅན་ནི་བདག་ཉིད་དགྲོལ་བར་འདོད་ན་འགྲོལ་མ་ནུས་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྡོ་རྗེ་འཁོར་གྱི་ཁྱམས་ཆེན་པོར་འགྱེལ་ཏོ། ། 101-1-70b དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱམས་པ་ཆེན་པོའི་ཐུགས་དང་། ཐུགས་རྗེ་ཆེན་པོས་བརླན་པའི་སྤྱན་གྱིས་དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་ཐམས་ཅད་དུ་གཟིགས་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བདུད་སྡིག་ཅན་འདི་འཁོར་གྱི་ཁྱམས་འདི་ནས་སློང་ལ་སྟན་ལ་ཞོག་སྟེ། རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བའི་བྱིན་གྱིས་ བརླབས་བསམ་གྱིས་མི་ཁྱབ་པར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་པ་གང་གིས་བདུད་ཀྱི་རིས་ཀྱི་ལྷའི་བུ་འདི་དག་དང་། བདུད་སྡིག་ཅན་འདི་སངས་རྒྱས་ལ་སྐྱབས་སུ་འདོང་བ་དང་། གཞན་ཡང་གང་དག་ སྡང་བ་བགེགས་དང་། ལོག་འདྲེན་དང་། ཡི་དགས་དང་། བརྗེད་བྱེད་དང་། འབྱུང་པོ་དང་། གདོན་དང་། མཁའ་འགྲོ་མ་དང་། བསྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་དང་། ཟས་སུ་བཙས་པ་ཟ་བ་ལ་སོགས་པ་སྡང་བའི་སེམས་ དང་ལྡན་པ། རབ་ཏུ་སྡང་བའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པའི་བསྟན་པ་ལ་མ་གུས་པ་དང་། དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པ་དེ་དག་ཐམས་ཅད་གང་གིས་འཛུད་པ་དང་། དཀོན་མཆོག་གསུམ་ ལ་སྐྱབས་སུ་འགྲོ་བར་བྱེད་པ་ཡང་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། དེས་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བཀའ་ མཉན་ནས། རིན་པོ་ཆེའི་པད་མའི་རྡོ་རྗེའི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་རིན་པོ་ཆེའི་པད་མའི་སྙིང་པོ་ལ་བཞུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་ནས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་བར་བསྟོད་དོ། །སེམས་ཅན་ཀུན་གྱི་ཉོན་མོངས་པ། །གཞིག་པའི་སླད་དུ་འདྲེན་པར་བྱུང་། །ཁྱོད་ནི་བདུད་རྣམས་ཀུན་ལས་རྒྱལ། །འཇིག་ 101-1-71a རྟེན་རྩ་ལག་གཅིག་པུ་ཁྱོད། །ཐར་པའི་གྲོང་ཁྱེར་འཇུག་པའི་ལམ། །ཡེ་ཤེས་མ་ལུས་ཁྱོད་གཅིག་པུས། །ཡང་དག་བརྙེས་ནས་ཐུགས་རྗེ་ཡིས། །བརྙན་པའི་ཐུགས་ཀྱིས་བསྟན་པ་མཛད། །ཁྱོད་སྔོན་སྦྱིན་ དང་ཚུལ་ཁྲིམས་དང་། །བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་གྱིས། །བདག་མཛད་སླད་ཀྱིས་སེམས་ཅན་བཙུད། །ཁྱོད་ཀྱིས་ཆོས་རྣམས་སྐྱེ་མེད་པར། །བཤད་ཅིང་དེ་བཞིན་རྣམ་ཕྱེ་ཡང་། ། འབྲས་བུར་དོགས་པ་མ་མཆིས་པ། །ཀྱེ་མ་མགོན་པོ་ཁྱོད་ཀྱིས་བཤད། །འཁོར་ལོ་ཡན་ལག་བཅུ་གཉིས་པ། །ཁྱོད་ཉིད་མཁྱེན་ནས་རབ་ཏུ་བསྐོར། །མུ་སྟེགས་ཅན་དང་བདུད་བཏུལ་ཏེ། །ཆོས་ཀྱི་སྣང་བ་གསལ་བར་མཛད། ། ཉོན་མོངས་བྲག་ཆེན་རྣམ་ཀུན་དུ། །ཡེ་ཤེས་རྡོ་རྗེས་རབ་བཅོམ་ནས། །སུས་ཀྱང་ཐོབ་པར་མ་གྱུར་པའི། །བྱང་ཆུབ་བླ་ན་མེད་པ་བརྙེས། །གང་གི་མཚན་ཡང་རྫོགས་པ་ཡི། །བྱང་ཆུབ་ས་བོན་ཉིད་འགྱུར་བ། །ཁྱོད་ནི་འཇིག་རྟེན་མཆོག་ གཅིག་པུ། །དམ་པ་རབ་སྦྱིན་བདག་པོ་ལགས། །ཁྱོད་ནི་མགོན་པོ་ཁྱོད་ཀྱི་ཕ། །ཁྱོད་སྐྱབས་ཁྱོད་ནི་དཔུང་གཉེན་ལགས། །ཐུགས་རྗེ་ཆེན་པོ་ཡེ་ཤེས་ཉིད། །མྱ་ངན་འདས་ནས་གཅིག་པུ་ཁྱོད། །ཁྱོད་ཉིད་གཤེགས་ནས་ སེམས་ཅན་རྣམས། །སེམས་ཅན་དམྱལ་ལས་རྣམ་པར་བཀྲོལ། །རང་གི་སྐུ་ཡང་ཡོངས་བཏང་ནས། །ཁྱོད་ཀྱིས་སྲོག་ཆགས་རྣམས་ཀྱང་བསྲུངས། །ལུས་ཅན་ཀུན་གྱིས་མ་ཐོབ་པའི། །ཡེ་ཤེས་ཁྱོད་ཀྱིས་བརྙེས་གྱུར་ནས། །གྲོལ་ ཏེ་འཇིག་རྟེན་རྣམས་ཀྱང་གྲོལ། །ཀྱེ་མ་ཁྱོད་ནི་རྩ་ལག་བཟང་། །མགོན་པོ་ཁྱོད་ཀྱི་འོད་ཟེར་གྱི། །དྲ་བས་འཇིག་རྟེན་ཁམས་ཁྱབ་སྟེ། །མྱ་ངན་འདས་ལས་ལྷག་པ་བདེ། །ལུས་ཅན་ཀུན་གྱིས་ཐོབ་པར་མཛད། །ཁྱོད་ཀྱི་འོད་ཀྱི་ གཟིས་བཅོམ་པ། །གཟའ་རྣམས་ཀུན་དང་དགུང་ཟླ་དང་། །གདུགས་རྣམས་དང་ནི་ཞུགས་རྣམས་དང་། །ནོར་བུ་ལམ་མེར་མ་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་ 101-1-71b བཅོམ་ལྡན་འདས་ལ་མངོན་བར་བསྟོད་ནས་ཡང་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་སྟེ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ འཇོམས་པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་འདི་ལ་སྙོམས་པར་ཞུགས་ མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། སྟེང་མཐོ་ན་འོག་དམའ། འོག་མཐོ་ན་སྟེང་དམའ་བར་གྱུར་ཏོ། ཕྱོགས་ཐམས་ཅད་དང་། ཕྱོགས་མཚམས་ཐམས་ཅད་ཀྱང་དགའ་བ་དང་ཡིད་བདེ་བ་སྐྱེས་པར་གྱུར་ནས། ལྷམ་མེ། ལྷན་ནེ། ལྷང་ངེའོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ཡན་ལག་དང་ཉིང་ལག་གི་མཚམས་ཐམས་ཅད་ནས་རྡོ་རྗེ་ཀུན་དུ་འབར་བ། རབ་ཏུ་འབར་བ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པ་དག་བྱུང་བར་ཀུན་དུ་སྣང་ངོ་། ། རྡོ་རྗེ་འབར་བའི་སྣང་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཇི་སྙེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་ སེམས་དཔའི་དགེ་འདུན་དང་བཅས་པ་དེ་དག་གི་འཁོར་གྱི་ཁྱམས་རྒྱ་ཆེ་ཞིང་རྒྱ་ཆེ་བ་དག་ན་ཀུན་དུ་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེ་དག་གི་སྤྱན་སྔ་ན་རྡོ་རྗེ་འབར་བའི་སྣང་བ་རྒྱ་ཆེན་པོ་དེས་ 101-1-72a སྣང་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་སོ་སོར་ཞུས་པ། བཅོམ་ལྡན་འདས་སྣང་བ་རྒྱ་ཆེན་པོ་ཀུན་དུ་གདའ་བ་འདི་སུའི་ལགས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སོ་སོའི་བྱང་ཆུབ་སེམས་ དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་རི་རབ་ཀྱི་སྟེང་ན་ཆོས་ སྟོན་ཏེ། བཅོམ་ལྡན་འདས་དེས་བདུད་སྡིག་ཅན་ཞགས་པའི་བཅིང་བ་ལྔས་བཅིངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྱེལ་བ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ ལག་ན་རྡོ་རྗེ་ཞེས་བྱ་བ་ལ་འདི་སྐད་དུ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་རང་གི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྟོན་ཅིག་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འདི་ནི་རྡོ་རྗེའི་རྣམ་པར་ཐར་ པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་རྡོ་རྗེའི་རྣམ་པར་འཕྲུལ་པ་ཆེན་པོའི་བྱིན་གྱིས་བརླབས་སོ། །དེ་སྐད་ཅེས་བཀའ་སྩལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་དག་གིས་གནང་ནས། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་པའི་སྤྲིན་དང་། གདུགས་ཀྱི་སྤྲིན་དང་། རྒྱན་ཕྲེང་གི་སྤྲིན་དང་། དབུ་རྒྱན་གྱི་སྤྲིན་དང་། མེ་ཏོག་གི་སྤྲིན་དང་། ན་བཟའི་སྤྲིན་ཆེན་པོས་མཆོད་པ་ཆེན་ 101-1-72b པོ་བྱས་ནས། ནམ་མཁའི་དཀྱིལ་ན་འཁོད་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་བདུན་བསྐོར་བ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་རིན་པོ་ཆེའི་པད་མའི་རྡོ་རྗེའི་སྟན་ལ་བཙུགས་ནས། བཅོམ་ལྡན་འདས་ ལ་ལོགས་སུ་ལྟ་ཞིང་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པས་གནང་ནས་རང་རང་གི་རིན་པོ་ཆེའི་པད་མའི་རྡོ་རྗེའི་སྟན་དེ་དག་ལ་འཁོད་པར་གྱུར་ཏོ། །དེའི་ཚེ་ཤར་ཕྱོགས་ལོགས་ན་འཇིག་ རྟེན་གྱི་ཁམས་རྡོ་རྗེ་ཏོག་ཅེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ཏེ། འདི་ལྟར་རྡོ་རྗེའི་རི་རབ་ ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་འདི་ཉིད་ལས་བརྩམས་ཏེ་ཆོས་ཀྱང་སྟོན་ཏོ། །རྡོ་རྗེ་འབར་བའི་སྣང་བ་དེས་ཀྱང་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་ཐམས་ཅད་ཀུན་ནས་སྣང་བར་གྱུར་ཏོ། །དེ་ནས་འཇིག་རྟེན་གྱི་ ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དེའི་འཁོར་གྱི་ཁྱམས་སུ་འདུས་ཏེ་འདུག་པར་གྱུར་པ་དེས་ངོ་མཚར་དེ་མཐོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ཞེས་བྱ་བ་དེ་ལ་ཞུས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འབར་བའི་སྣང་བ་འདི་ལྟ་བུ་གང་གིས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བར་གྱུར་ཏེ། སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་མི་གདའ་བར་གྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་རྫུ་འཕྲུལ་ཆེ་ཞིང་དབང་ཆེ་བར་གྲགས་པ་ཐམས་ཅད་ཀྱང་ཀུན་ནས་མཆོད་པའི་སྤྲིན་ཆེན་པོས་དགའ་ 101-1-73a བ་དང་། ཡིད་བདེ་བ་སྐྱེས་ཏེ། ནུབ་ཕྱོགས་སུ་མཆི་བར་གདའ་བ་འདི་སུའི་ལགས། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམ་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ནུབ་ཕྱོགས་ཀྱི་ལོགས་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རྡོ་རྗེ་ཆེན་པོའི་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་རྡོ་རྗེ་ཆེན་པོའི་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ཤེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏོ། །བཅོམ་ལྡན་འདས་དེས་སྤྱི་ གཙུག་གི་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་ཆེན་པོ་ཕྱུང་སྟེ། འོད་ཟེར་གྱི་དྲ་བ་ཆེན་པོ་དེས་འཇིག་རྟེན་གྱི་ཁམས་དེར་བདུད་སྡིག་ཅན་བསྐུལ་མ་ཐོག་ཏུ་ཀུན་དུ་ཁྲོས་ནས་ལྷའི་བུ་ཐམས་ཅད་དང་། གཞན་ཡང་བདུད་ཀྱི་རིས་ ཀྱི་ལྷའི་བུ་རྣམས་དང་། དཔུང་གི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་ལ་བརྩེ་བའི་ཕྱིར་ལྷགས་པ་དང་། དེ་ཡང་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་དེ་ཉིད་དུ་ཞགས་པ་ལྔའི་བཅིང་བས་ བཅིངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྱེལ་ཏེ། དེ་ལ་ཐུགས་བརྩེ་བའི་ཕྱིར་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་སྟོན་ཅིག་པར་བཀའ་ལུང་བྱིན་ནས་ གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡན་ལག་དང་ཉིང་ལག་གི་མཚམས་ཐམས་ཅད་ནས་རྡོ་རྗེ་རྣམས་བསྟན་ཏེ། འདི་ནི་རྡོ་རྗེ་དེ་དག་ ཉིད་ཀྱི་རྡོ་རྗེ་འབར་བའི་སྣང་བའོ། །རིགས་ཀྱི་བུ་རྡོ་རྗེ་འབར་བའི་སྣང་བ་དེས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་ 101-1-73b པ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་བསྐུལ། བྱང་ཆུབ་སེམས་དཔའ་དེ་དག་གི་འཁོར་གྱི་དཀྱིལ་འཁོར་དེ་དག་ཀྱང་བསྐུལ་བས་ངོ་མཚར་ཐོབ་ པར་གྱུར་པ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་སོ་སོར་ཞུགས་སོ། །རིགས་ཀྱི་བུ་དེ་ཉིད་ཀྱི་མཐུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་སྤྱན་སྔ་ན་འདུག་ཅིང་བསྙེན་བཀུར་བྱེད་པ་ཡང་མཐོང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་ པོས་རབ་ཏུ་འཇོམས་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དེ་ཡང་བལྟ་བར་བགྱི་བའི་སླད་དུ་མཆིའོ། །དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་དུས་ལ་ བབ་པར་ཤེས་ན་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་བཅོམ་ལྡན་འདས་དེས་གནང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དེ་ལ་ལན་བདུན་བསྐོར་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། ནམ་མཁའི་དཀྱིལ་གྱི་ལམ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་ 101-1-74a དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་ལྷན་ཅིག་སྨྲ་བ་ན། བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལས་གྲུབ་པས་བྱིན་པའི་རིན་པོ་ཆེ་དེ་དག་ལས་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་སྔོན་དང་། ལྗང་སེར་དང་། བཙོད་ཀ་དང་། ཤེལ་ དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། གསེར་དང་། པད་མ་རཱ་ག་དང་། རྡོའི་སྙིང་པོ་དང་། ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། དུན་ལས་དང་། གོ་མུ་ཏ་ར་ག་དང་། མུ་ཏིག་དམར་པོའི་ཁ་དོག་ལྟ་ བུ་རྣམས་བྱུང་སྟེ། དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ། སྟེང་གི་བར་སྣང་ཁྱབ་པར་བྱས་ནས། ལྷའི་སྣང་བས་སྣང་བར་བྱས་ཏེ། འདུས་ནས་འཇའ་ལྟ་བུར་ གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་མཚན་ཐམས་ཅད་ཕུན་སུམ་ཚོགས་པ། འཇམ་པ། མཉེན་པ། རབ་ཏུ་གཞོན་པ། ཤ་རྒྱས་པ། སྣུམ་ པ། ལོང་བུ་གཉིས་ཀྱི་རྩ་མི་མངོན་པ། པད་མ་གསར་དུ་ཁ་བྱེ་བ་ལྟ་བུ། དུང་དང་། ཉ་དང་། རྡོ་རྗེ་དང་། རྒྱལ་མཚན་དང་། ལྕགས་ཀྱུ་དང་། པད་མ་དང་། ཆུ་སྲིན་མ་ཀ་རའི་མཚན་དང་ལྡན་པ་གཉིས་ལ་ལན་འབུམ་ཕྲག་དུ་མར་བསྐོར་ བ་བྱས་ནས་ནུབ་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ན་འོད་ཟེར་རེ་རེའི་རྩེ་མོ་ལས་པད་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ། ཚད་ཤིང་རྟའི་ཕང་ལོ་ཙམ་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་བྱུང་བ་འདི་ལྟ་སྟེ། གསེར་གྱི་རྒྱུ་ལས་ བྱུང་བ་དང་། ཨན་ད་རྙིལ་དང་། དངུལ་དང་། བྱི་རུ་དང་། ཤེལ་དང་། ཀེ་ཀེ་རུ་དང་། དུན་ལས་ཀྱི་རྒྱུ་ལས་བྱུང་བ་དག་འཐོན་ཏོ། །དེ་ལ་གསེར་གྱི་རྒྱུ་ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་ཨན་ད་རྙིལ་གྱི་རྒྱུ་ལས་བྱུང་བ་དག་གོ། ། 101-1-74b སྙིང་པོ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། །ཆུ་བ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། །ཨན་ད་རྙིལ་གྱི་རྒྱུ་ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་དངུལ་ གྱི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། །ཆུ་བ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། །དངུལ་གྱི་རྒྱུ་ལས་བྱུང་བའི་པད་མ་ རྣམས་ཀྱི་འདབ་མ་ནི་བྱི་རུའི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། །ཆུ་བ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། །བྱི་རུའི་རྒྱུ་ ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་ཤེལ་གྱི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། །ཆུ་བ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་ཨན་ད་རྙིལ་ གྱི་རྒྱུ་ལས་བྱུང་བའོ། །ཤེལ་གྱི་རྒྱུ་ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་ཀེ་ཀེ་རུའི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། །ཆུ་བ་ནི་ཨན་ད་རྙིལ་གྱི་རྒྱུ་ལས་ བྱུང་བའོ། །ཟེ་འབྲུ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། །ཀེ་ཀེ་རུའི་རྒྱུ་ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་དུན་ལས་ཀྱི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་གསེར་གྱི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་ཨན་ད་རྙིལ་གྱི་རྒྱུ་ལས་བྱུང་བའོ། ། ཆུ་བ་ནི་དངུལ་གྱི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། །དུན་ལས་ཀྱི་རྒྱུ་ལས་བྱུང་བའི་པད་མ་རྣམས་ཀྱི་འདབ་མ་ནི་གསེར་གྱི་རྒྱུ་ལས་བྱུང་བ་དག་གོ། །སྙིང་པོ་ནི་ཨན་ད་རྙིལ་གྱི་རྒྱུ་ལས་བྱུང་བའོ། །ཟེ་བ་ནི་དངུལ་གྱི་ རྒྱུ་ལས་བྱུང་བའོ། །ཆུ་བ་ནི་བྱི་རུའི་རྒྱུ་ལས་བྱུང་བའོ། །ཟེ་འབྲུ་ནི་ཤེལ་གྱི་རྒྱུ་ལས་བྱུང་བའོ། །དེ་བཞིན་དུ་སྦྱར་ཏེ་དེ་ལྟར་རིན་པོ་ཆེ་རྣམ་པ་དུ་མའི་རྒྱུ་ལས་བྱུང་བའི་པད་མ་དག་གོ། །རིན་པོ་ཆེའི་པད་མ་རེ་རེ་ལ་ཡང་ས་བཅུ་ལ་རབ་ཏུ་ 101-1-75a གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་མཛེས་པའི་སྤྱོད་ལམ་ཕུན་སུམ་ཚོགས་པ་དག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་ལྟེ་བ་ནས་ཀྱང་འོད་ཟེར་འབུམ་ འབུམ་བྱུང་ངོ་། །འོད་ཟེར་གྱི་རྩེ་མོ་རེ་རེ་ལས་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ལས་བྱུང་བའི་ཁང་པ་བརྩེགས་པ་ནོར་བུ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྟེགས་བུས་བསྐོར་བ། ཤེལ་གྱི་རྒྱུ་ལས་བྱུང་བའི་ཟླ་བས་སྤྲས་པའི་ ཁང་བྲན་གྱི་རྩེ་མོ་ལ་སེང་གེའི་རྣ་བའི་སྟེང་ན་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དཔྱངས་པས་ནམ་མཁའ་ཀུན་དུ་ཁེབས་པ། པད་མ་རཱ་ག་དང་། ཨན་ད་རྙིལ་དང་། མར་གད་དང་། བཻ་དཱུརྱ་དང་། རྡོའི་སྙིང་པོ་དང་། སྤུག་དང་། ཀེ་ཀེ་རུ་ལས་བྱས་པའི་ཀ་བ་ཆེན་པོའི་ཀླད་ལ་འཛམ་བུ་ཆུ་བོའི་གསེར་གྱི་ཤིང་ས་ལ་གཅོད་པ་ལྟ་བུའི་ཚོགས་བཀོད་པས་རྣམ་པར་སྤྲས་ཏེ། མཛེས་པར་བྱས་པ། དངུལ་ལས་བྱས་པའི་ཕུག་ ནོར་གྱི་ཕྲེང་གི་མཐའ་མུ་ཏིག་དམར་པོ་དང་ལྡན་པའི་དྲིལ་བུ་གཡེར་ཀའི་དྲ་བ་དཔྱངས་པའི་སྒྲས་སད་པར་གྱུར་ནས། རབ་ཏུ་དགའ་ཞིང་དྲེགས་པའི་ཕུག་རོན་དང་། བྱ་བང་དང་། ནེ་ཙོ་དང་། རི་སྐེགས་དང་། རྨ་བྱའི་ང་རོ་དག་གིས་ཉམས་ དགའ་བ་ཁྱམས་དང་། འདུན་ཁང་ཆེན་པོའི་ཉེན་ཀོར་སྟེགས་བུས་བསྐོར་བས་མཛེས་པར་བྱས་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་བྱས་པའི་སྒོ་ཁང་ཅན། ཤེལ་གྱི་རྒྱུ་ལས་བྱས་པའི་སྟེགས་བུ་དང་ལྡན་པ། བཀྲ་ཤིས་ ཀྱི་གསེར་གྱི་བུམ་པ་དུ་མ་ནས་སྤོས་ཆུ་དྲི་ཞིམ་པོས་ཆག་ཆག་བཏབ་པ། རྫིང་ཆེན་པོ་འགྲམ་གྱི་ནེའུ་བསིང་མར་གད་ཀྱི་རྒྱུ་ལས་བྱུང་བ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བས་མཛེས་པའི་ཕྱོགས་ན་བདེ་བར་ཉལ་བའི་ངང་པ་དང་། ཁྲུང་ཁྲུང་ དང་། ངུར་པ་དང་། ཀ་ལན་ད་ཀའི་ཁྱུ་གནས་པ། གསེར་གྱི་བྱེ་མ་བདལ་བའི་གཏོས་ཆེན་པོ་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་ཀྱིས་ཕྲེང་བས་བརྒྱན་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་གྲངས་འབུམ་ཕྲག་དུ་མས་ཀུན་ནས་ 101-1-75b ཡོངས་སུ་བསྐོར་བ་དག་བྱུང་ངོ་། །རྫིང་བུ་རེ་རེ་ནས་ཀྱང་རིན་པོ་ཆེའི་པད་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་བྱུང་ངོ་། །རིན་པོ་ཆེའི་པད་མ་རེ་རེའི་སྙིང་པོ་ལ་ཡང་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱི་སྒྲ་ བྱུང་བས་ལྷའི་བུ་མོ་དག་གླུ་ལེན་གར་བྱེད་ཅིང་ཡོངས་སུ་སྤྱོད་དོ། །སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཀྱི་སྒྲ་བྱུང་བ་དེ་དག་ལས་ཀྱང་ཚིགས་སུ་བཅད་པ་འདི་ལྟ་བུ་འདི་དག་བྱུང་ངོ་། །སྦྱིན་དང་ཚུལ་ཁྲིམས་ཀྱིས་ནི་གང་ཞིག་ དཔག་མེད་ཅིང་། །དེ་བཞིན་བཟོད་དང་བརྩོན་འགྲུས་དག་གི་སྟོབས་ལྡན་ལ། །བསམ་གཏན་གྱིས་ནི་ཞི་ཞིང་དབང་གི་ཀུན་འབྱོར་པ། །ཡེ་ཤེས་སྒྲོལ་མ་དེ་ལ་སྐྱབས་སུ་འདོང་བར་གྱིས། །བསམ་གྱིས་མི་ཁྱབ་སྟོབས་དང་སྨོན་ལམ་ རྣམས་དང་ལྡན། །ཐབས་དང་བྱང་ཆུབ་ཡན་ལག་ཏིང་འཛིན་རྣམས་ཀྱི་བདག །རྣམ་པར་གྲོལ་བའི་ལམ་དང་སྟོབས་བཅུ་ལྡན་པ་ཡི། །ཐུབ་པ་གང་ཡིན་དེ་ལ་མཆོད་ཕྱིར་འདོང་བར་གྱིས། །འདམ་རྫབ་ནས་ནི་པད་མ་རྒྱས་པ་ཇི་བཞིན་ དུ། །གང་ཞིག་ཉོན་མོངས་འདམ་གྱིས་རྟག་པར་མི་གོས་པ། །ཚེ་དང་སྐྱེ་བའི་སྡུག་བསྔལ་རྣམ་པར་བསལ་བ་ཡི། །རྒྱལ་བ་འཇིག་རྟེན་མགོན་པོ་དེ་ལ་བལྟ་ཕྱིར་དང་། །གཅིག་ཀྱང་མི་ལྡན་མིན་པར་གྱུར་པ་གང་ཞིག་གིས། ། སྐྱེ་དགུ་རྣམས་ཀྱི་གཏི་མུག་སྒོ་གླེགས་རྣམས་བཤིག་ཅིང་། །སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་རབ་ཞི་བ། །ཤཱཀྱའི་ཏོག་ལྡན་དེ་ལ་སྐྱབས་སུ་འདོང་བར་གྱིས། །དེ་ལྟར་ཁང་པ་བརྩེགས་པ་དཔག་བསམ་གྱི་ཤིང་ལྗོན་པས་ ལེགས་པར་བརྒྱན་པ། རྣམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ནམ་མཁའི་དཀྱིལ་ན་ཀུན་དུ་སྣང་སྟེ། ཁ་ཅིག་ཏུ་ནི་རིན་པོ་ཆེའི་སྤྲིན་གྱི་ཆར་འབབ་པར་ཀུན་དུ་སྣང་ངོ་། །ཁ་ཅིག་ཏུ་ནི་མེ་ཏོག་གི་གདུགས་ཀྱི་སྤྲིན་ གྱི་ཆར། ཁ་ཅིག་ཏུ་ནི་གོར་ཤིར་ཤའི་ཙན་དན་དང་། སྤོས་དང་། བྱུག་པ་དང་། ཕྱེ་མའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་གོས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་ཀ་ཤི་ཀའི་རས་དང་། དུ་ཀུ་ལའི་རས་དང་། ཟ་འུག་གི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ 101-1-76a ནི་དཔག་བསམ་གྱི་ཤིང་ལྗོན་པའི་སྤྲིན་གྱི་ཆར། ཁ་ཅིག་ཏུ་ནི་མེ་ཏོག་པད་མ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་དང་། ཨ་དི་མུག་ཏ་ཀ་དང་། ཀ་ཙ་ལིན་ད་དང་། མ་ཧཱ་ཀ་ཙ་ལིན་ད་དང་། བཏང་ བཟུང་དང་། བཏང་བཟུང་ཆེན་པོ་དང་། མཉྫུ་ཤ་ཀ་དང་། མཉྫུ་ཤ་ཀ་ཆེན་པོ་དང་། མཱན་དཱ་ར་བ་དང་། མཱན་དཱ་ར་བ་ཆེན་པོའི་སྤྲིན་གྱི་ཆར་མངོན་བར་བབ་བོ། །མེ་ཏོག་གྱི་ཆར་དེ་དག་ལས་དྲི་གང་བྱུང་བ་དེས་སངས་རྒྱས་ཀྱི་ཞིང་ཚད་མེད་ གྲངས་མེད་པ་དག་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་རྒྱས་པར་ཁྱབ་བོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་དག་འགྲོ་བ་དྲུག་ཏུ་སྐྱེས་པ་དེ་དག་ཐམས་ཅད་དྲི་དེས་ མཆོག་ཏུ་བདེ་བས་ཚིམ་ཞིང་སེམས་དགའ་བར་གྱུར་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་ཕན་ཚུན་འདྲི་བ་དང་། འཇིག་རྟེན་གྱི་ཁམས་མི་མཇེད་དེ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་ སྣ་ཚོགས་སྟོན་པ་རྒྱང་རིང་པོ་ནས་མཐོང་ངོ་། །དེ་དག་གིས་དེ་མཐོང་ནས་ཀྱང་ཕྱག་འཚལ་ཏོ། །སྐྱེས་བུ་དམ་པ་དེ་ན་ཕྱག་བཙལ་མ་ཐག་ཏུ་སེམས་ཅན་གང་དག་ངན་འགྲོ་ལོག་པར་ལྟུང་བར་དོང་བ་དེ་དག་ཀྱང་མཆོག་ཏུ་བདེ་བ་དང་། དགའ་བ་ དང་། རངས་པ་དང་། དད་པ་ཐོབ་ནས་སྐད་ཅིག་དེ་ཉིད་ལ་ངན་འགྲོ་ལོག་པར་ལྟུང་བ་ལས་གྲོལ་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བར་སྣང་ལ་འཁོད་དེ། དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད་ནས་ལན་འབུམ་ཕྲག་དུ་མ་ མཐའ་ཡས་མུ་མེད་པར་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པའི་རྡོ་རྗེ་འཁོར་གྱི་ཁྱམས་ཆེན་པོ་ཐམས་ཅད་དང་ལྡན་པ་ལ་ལན་བདུན་བསྐོར་བ་བྱས་ནས་ལྷ་རྣམས་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་རིན་པོ་ 101-1-76b ཆེའི་གཞལ་མེད་ཁང་གི་ཁང་པ་བརྩེགས་པ་དག་ན། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཀྱི་སྒྲ་འབྱིན་ཅིང་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་ བཅོམ་ལྡན་འདས་ལ་མངོན་བར་བསྟོད་དོ། །གང་སླད་ངན་འགྲོ་མཆོག་ཏུ་སྡུག་བསྔལ་འཁྲུགས་པ་ཡི། །མིང་ཡང་བདེ་གཤེགས་སྟོབས་ཀྱིས་དེང་དུ་མེད་མཛད་དང་། །བསོད་ནམས་མི་ལྡན་སེམས་ཅན་རྣམས་ལ་འང་རྒྱལ་བ་ མཆོག །བྱམས་པར་མཛད་པ་ཀྱེ་མ་ངོ་མཚར་རྨད་དུ་བྱུང་། །བདག་ཅག་རྣམས་ཀྱི་རྨོངས་པའི་སྙིང་གིས་བསྒྲུབས་པ་ཡི། །སྡིག་པའི་ལས་གང་ཤིན་དུ་བགྱིད་དཀའ་སྣ་ཚོགས་པ། །དེ་དག་ཐུབ་པའི་བྱ་དགའས་དེ་རིང་གློ་བུར་དུ། ། སྐད་ཅིག་ཏུ་ནི་ཇི་ལྟར་རྣམ་པར་ཞིག་པར་གྱུར། །ཇི་ལྟར་གདུགས་ཀྱིས་མུན་པ་མུན་ནག་ཀུན་བཅོམ་དང་། །ཇི་ལྟར་ཞུགས་འབར་བས་ནི་རས་རྣམས་བསྲེག་པ་དང་། །གསེར་མས་ཤིང་བལ་ལྟར་ཡང་སྤྲིན་འཐོར་ཇི་བཞིན་དུ། །དེ་ ལྟར་འགྲོ་བའི་སྡིག་པ་བདེ་བར་གཤེགས་ཀྱིས་བཅོམ། །བདེ་གཤེགས་སྲས་པོ་མཐོང་ངམ་ཐོས་སམ་དྲན་གྱུར་ན། །ལྷན་ཅིག་སྐྱེས་དབང་འོད་ཟེར་དྲ་བས་སྡིག་འཕྲོག་པ། །འགྲོ་བ་ཡོངས་ཀྱི་སྲིད་པའི་སྤྲོས་པ་ཞིག་པ་ཡི། །ཐུགས་ དང་རྟག་ཏུ་ལྡན་ཞིང་སྐྱོ་བར་འགྱུར་མི་མངའ། །མིག་དང་མགོ་དང་སྙིང་དང་ཤ་ཁྲག་ཚིལ་རྣམས་དང་། །སྲོག་དང་སྡུག་དང་བུ་རྣམས་རྩ་ལྟར་བོར་ནས་ནི། །མི་མཚུངས་སེམས་ཅན་དོན་ཕྱིར་ཐུགས་རྗེས་ཐུགས་བརླན་པ། །འཇིག་ རྟེན་མགོན་སྲས་དེ་དག་རྣམས་ལ་ཕྱག་འཚལ་ལོ། །ཡི་དགས་ལྟོགས་ལ་ཆུ་དང་རོ་བརྒྱའི་ཟས་རྣམས་དང་། །དེ་བཞིན་སྐྱེ་བོ་ནོར་འདོད་སྙིང་དང་ལྡན་པ་ལ། །ཐུགས་རྗེ་སྤྱོད་ཅིང་རྣམ་པ་སྣ་ཚོགས་ཚིམ་མཛད་པ། །བྱང་ཆུབ་སེམས་ དཔའ་ཁྱུ་མཆོག་དེ་ལ་སྐྱབས་སུ་མཆི། །གང་དག་མནར་མེད་པ་ཡང་རབ་ཏུ་བསིལ་མཛད་པས། །མཆོག་ཏུ་ཚ་བའི་སེམས་ཅན་དམྱལ་བའང་བསིལ་བར་འགྱུར། །རང་བདེ་མི་གཟིགས་སེམས་ཅན་དོན་བརྩོན་ཐུགས་ལྡན་པ། ། 101-1-77a འཇིག་རྟེན་མགོན་སྲས་མཉམ་མེད་དེ་ལ་ཕྱག་འཚལ་ལོ། །གང་དག་སྲིད་པར་འཁོར་བའི་སྲིད་པའི་སྐྱོན་ལས་གྲོལ། །སྟོང་པ་གསུམ་ཡང་ལས་ཀྱི་འབྲས་བུ་མི་འདོར་ཞིང་། །ཡེ་ཤེས་མེ་ཡིས་རྙོག་པ་བསྲེགས་ ཀྱང་ཐུགས་རྗེས་བརླན། །སྤྱོད་པ་རྟག་མེད་དབང་ལྡན་དེ་ལ་ཕྱག་འཚལ་ལོ། །ཀྱེ་མ་དཔལ་ལྡན་རྡོ་རྗེ་སྙིང་པོ་བདེ་གཤེགས་སྲས། །མཚན་གྱིས་མཚན་བཏབ་སྐུ་ལས་འོད་སྟོང་མང་བྱུང་བའི། །དྲི་བ་རྣམས་དང་སྣ་ཚོགས་གླུ་ཡིས་ བདག་ཅག་སིམ། །སྐད་ཅིག་གིས་ནི་དམྱལ་ལས་སུམ་བཅུའི་ལྷ་དབང་གྱུར། །བདག་ཅག་རྣམས་ཀྱིས་རྒྱལ་དང་རྒྱལ་སྲས་རྣམས་དང་ནི། །དེ་དག་རྣམས་ཀྱིས་གསུངས་པ་མཆོག་ཏུ་ཞི་ཆོས་ལ། །གུས་བསྟོད་དགེ་བ་རྒྱ་ཆེན་དེ་ རིང་གང་ཐོབ་པ། །དེས་མྱུར་འཇིག་རྟེན་ཐམས་ཅད་བདེ་གཤེགས་ཐོབ་པར་ཤོག །དེ་ལྟར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ། དེ་དག་རང་རང་ གི་རིན་པོ་ཆེའི་གཞལ་མེད་ཁང་པ་བརྩེགས་པ་རྣམས་སུ་འཁོད་དེ་ཆོས་ཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་འདི་བསྟན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ འི་རྡོ་རྗེའི་འཁོར་གྱི་ཁྱམས་ཆེན་པོ་དང་ལྡན་པ་ལ་མཆོད་པའི་སྤྲིན་ཆེན་པོ་རྣམས་ཀྱིས་མཆོད་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་བར་སྣང་ལས་བབས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་ ལན་འབུམ་ཕྲག་དུ་མ་མཐའ་ཡས་མུ་མེད་པར་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་ང་རིན་པོ་ཆེའི་པད་མའི་སྙིང་པོ་ལ་བཙུགས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་བལྟའོ། །རིགས་ཀྱི་བུ་དེ་དག་ཐམས་ 101-1-77b ཅད་ཀྱང་དགའ་བ་དང་མགུ་བ་སྐྱེས་ནས་དེ་བཞིན་དུ་བཅོམ་ལྡན་འདས་ལ་བལྟའོ། །བལྟས་ནས་ཀྱང་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་བར་བསྟོད་དོ། །དྲན་པའི་གཞུས་ འཕངས་པ་ཡི་ཤེས་རབ་མདའ་མང་གིས། །མ་འཕངས་མཐུར་ལྡན་བདུད་བཞི་ཕམ་མཛད་ཅིང་། །འཇིག་རྟེན་ཉོན་མོངས་མུན་པ་བསལ་མཛད་ནས། །བླ་མ་སྤྲིན་མེད་ཟླ་བ་བཞིན་དུ་ལྷང་ངེའོ། །དམ་ཆོས་འོད་མང་གཏི་མུག་བཅོམ་པའི་དྲ་བ་ཡིས། ། འདུལ་བའི་པད་མའི་གནས་རྣམས་ཁ་ཕྱེ་ནས། །ཡེ་ཤེས་ནམ་མཁའ་ཆེ་ལ་དྲི་མེད་འབར་བའི་གཟུགས། །ཉི་མ་ཇི་བཞིན་གདུང་བར་བགྱི་བའི་བདུད་སྡེ་གདུངས། །མུ་སྟེགས་ཅན་གྱི་ང་རྒྱལ་མཐའ་དག་ཕམ་མཛད་ཅིང་། །འགྲོ་བའི་འདོད་ཆགས་རབ་གདུང་ མ་ལུས་རབ་ཞི་མཛད། །དགེ་བའི་ལོ་ཏོག་རྩི་ཆེན་ཡང་དག་འཕེལ་མཛད་པ། །དགེ་བའི་ཆར་པ་ཕབ་ཅིང་འབྲུག་ལྟར་བསྒྲག་ཏུ་གསོལ། །མགོན་པོ་མུ་སྟེགས་ཅན་གྱི་ཝ་བརྒྱ་ཕམ་མཛད་ཅིང་། །བདུད་རྣམས་བཅོམ་སྟེ་བྱང་ཆུབ་དམ་པར་ རབ་བརྙེས་ནས། །མ་འདྲེས་བསགས་པའི་བདེན་པའི་སྟོབས་ཀྱི་མཐུ་མངའ་བ། །སྐྱེ་བའི་འཇིགས་ལམ་རབ་གྲོལ་སེང་གེ་ཇི་བཞིན་སྒྲོགས། །སྤྱོད་པ་ཟབ་ཅིང་བརྟན་ལ་རྟག་པས་མི་དཔོགས་པ། །སེམས་ཅན་གནས་གྱུར་ སྟོབས་དང་ཏིང་འཛིན་ནོར་བུ་བཀྲམ། །དྲི་མེད་ཆོས་ལྷུན་འདུལ་བའི་རི་བོ་རྣམ་འཛིན་པ། །ཡེ་ཤེས་རྒྱ་མཚོ་མཆོག་ཁྱོད་སྐྱེ་དགུ་མཆོག་གཙོ་བོ། །ཚུལ་ཁྲིམས་བཟང་པོའི་རྩ་བ་སྦྱིན་པའི་ཆུས་བཏབ་འཕེལ། །བྱམས་དང་བཟོད་པའི་ མེ་ཏོག་ཡལ་ག་འཁྲུངས་པས་མཛེས། །བྱང་ཆུབ་ལམ་གྱི་ཡན་ལག་འབྲུ་ཆགས་འདོད་བྱས་བསྟེན། །བསོད་ནམས་དཔག་བསམ་ཤིང་ཁྱོད་དེ་རིང་ག་ལས་བྱུང་། །སུམ་བཅུ་རྩ་གཉིས་འབར་བའི་མཚན་གྱིས་ཡན་ལག་ བརྒྱན། །དཔེ་བྱད་བཟང་མཆོག་རིན་ཆེན་མན་ཤེལ་གྱིས་བསྐོར་ཅིང་། །ས་དང་དབང་དང་དམ་ཆོས་ཕུར་པ་བརྟན་བཏབ་པ། །ལྷུན་པོ་བཞིན་དུ་མི་གཡོ་ཁྱོད་ནི་འགྲོ་ལ་མཛེས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 101-1-78a རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་བར་བསྟོད་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ། རིན་པོ་ཆེའི་པད་ མའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་གོ། །རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་དོ། །དེ་བཞིན་དུ་སྦྱར་ཏེ་དེ་ལྟར་ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དཔལ་འབྱུང་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་ཅེས་བྱ་བ་ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིགས་ཀྱི་བུ་དེ་དག་དང་ལྷན་ཅིག་ཏུ་རིན་པོ་ཆེའི་པད་ མའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་པའི་བར་དུའོ། །དེ་བཞིན་དུ་ནུབ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། །དེ་བཞིན་དུ་བྱང་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མཆོག་རང་བཞིན་གྱིས་ 101-1-78b རྣམ་པར་ངེས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་འབྱུང་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་ སུ་བསྐོར་ཏེ་མདུན་དུ་བདར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་ པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། །དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་རབ་གསལ་དབང་ཕྱུག་རྒྱལ་པོའི་སངས་ རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དཔལ་བརྩེགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་ པའི་བར་དུའོ། །དེ་བཞིན་དུ་ཤར་ལྷོའི་མཚམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐེ་ཙོམ་ དང་བྲལ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་འདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། །དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་ན་ 101-1-79a བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྩལ་གྱིས་རྣམ་པར་གནོན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བརྩེགས་པ་ནས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རིན་ཆེན་བློ་གྲོས་ཤེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་ ཆོས་ཉན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་ བར་དུའོ། དེ་བཞིན་དུ་ནུབ་བྱང་གི་མཚམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་ཆོས་ཉན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་རིགས་ཀྱི་བུ་དེ་དག་ཀྱང་ཆོས་ཉན་པའི་ཕྱིར། དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ།། དེ་བཞིན་དུ་འོག་གི་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་པད་མ་ལ་རབ་ཏུ་གནས་པའི་རི་དབང་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ པད་མ་བཀོད་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་བློ་གྲོས་ཤེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས། འཇིག་རྟེན་གྱི་ཁམས་མི་མཇེད་ འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར། དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། །དེ་བཞིན་དུ་སྟེང་གི་ ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདུད་ཀྱི་ཚེར་མ་དཀྲུགས་པ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྒྲིབ་པ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་བ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བཅོམ་ 101-1-79b ལྡན་འདས་ཀྱིས་གནང་ནས་རིན་པོ་ཆེའི་པད་མའི་སྙིང་པོ་ལ་འདུག་ཅིང་། རིགས་ཀྱི་བུ་དེ་དག་ཐམས་ཅད་ཀྱང་ཆོས་ཉན་པའི་ཕྱིར་དེ་བཞིན་དུ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་འཁོད་པའི་བར་དུའོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དུ་མ་བསྟན་པས་གཞལ་མེད་ཁང་དང་། མེ་ཏོག་གི་སྤྲིན་དང་། རིན་པོ་ཆེའི་སྤྲིན་དང་། ཕྱེ་མའི་སྤྲིན་དང་། སྤྲོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་གྱི་སྤྲིན་དང་། རིན་པོ་ཆེ་སྤུག་དང་། རྡོའི་སྙིང་པོ་དང་། བཻ་དཱུརྱ་དང་། ཨན་ད་རྙིལ་དང་། བྱི་རུ་དང་། མར་གད་དང་། མུ་ཏིག་དམར་པོ་དང་། འཛམ་བུའི་ཆུ་བོའི་གསེར་གྱི་སྤྲིན་དང་། དཔག་ བསམ་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེའི་པད་མ་དུ་མས་ཁེབས་པའི་རྫིང་གིས་ལེགས་པར་བརྒྱན་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་འདི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་ ཅིང་དཔག་ཏུ་མེད་པ་གཞལ་དུ་མེད་ཅིང་བརྗོད་དུ་མེད་པར་གཏོགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཤིན་དུ་འདས་པའི་འཇིག་རྟེན་གྱི་ཁམས་དག་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་རྣམ་ པར་འཕྲུལ་པའི་བྱིན་གྱི་བརླབས་ཀྱིས་དེ་བཞིན་དུ་ལེགས་པར་བརྒྱན་པར་ཀུན་དུ་སྣང་ངོ་། །འཇིག་རྟེན་གྱི་ཁམས་དེ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ པ་དེ་དག་ཐམས་ཅད་དེ་ན་བཞུགས་བཞིན་དུ་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ་འཇམ་ཞིང་མཉེན་ལ་རབ་ཏུ་གཞོན་ཞིང་པད་མ་དང་། ཡལ་ག་གཞོན་ཤ་ཆགས་ཤིང་འཇམ་པའི་སོར་མོའི་ངོས་ཅན་གདུགས་དང་། རྒྱལ་མཚན་དང་། ལྕགས་ཀྱུ་དང་། བུམ་པ་དང་། ཉ་དང་། སྒོ་གང་དང་། གཞལ་མེད་ཁང་དང་། དུང་དང་། རྡོ་རྗེ་དང་། པད་མ་དང་། དཔལ་བེའུ་དང་། འཁོར་ལོའི་མཚན་གྱིས་བརྒྱན་པ། ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ 101-1-80a ཡོངས་སུ་རྫོགས་པར་མཛད་པའི་རྒྱུ་འཐུན་པས་མངོན་བར་གྲུབ་པའི་དཔེ་བྱད་བཟང་པོས་རྣམ་པར་སྤྲས་པ། སེན་མོ་ཟངས་འདྲ་ཞིང་རྒྱས་ལ་སྣུམ་ཞིང་སྲབ་པའི་ནོར་བུའི་མདོངས་ཀྱི་མེ་ཏོག་གི་འོད་ཟེར་གྱིས་ཁྲིག་མ་མཛེས་པར་ གྱུར་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། ཡང་དག་པར་འཐུན་པའི་ཕྱག་རྣམས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱ་བའི་ཕྱིར་སྤྱི་བོ་ལ་བྱུགས་ ནས་དུས་གཅིག་ཏུ་སྒྲ་སྐད་ཀྱི་ང་རོ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གོ་བར་མཛད་ཅིང་འདི་སྐད་ཅེས་ཀྱེ་རིགས་ཀྱི་བུ་གང་གི་ཕྱིར་བདུད་སྡིག་ཅན་དང་། གཞན་ཡང་དེ་བཞིན་གཤེགས་པའི་བསྟན་པ་ལ་མ་དད་ཅིང་སྡང་བའི་ བགེགས་དང་ལོག་འདྲེན་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཅོད་པའི་ཕྱིར་ཞུགས་པ་ཐམས་ཅད་ཚར་གཅད་པ་དང་། རྣམ་པར་གཞིག་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་སེམས་ཞུམ་པ་བརྩོན་འགྲུས་བརྟན་པོ་མ་ཡིན་པའི་གོ་ཆ་བགོས་པ་རྣམས་ཀྱང་ཡང་དག་པར་གཟེང་བསྟོད་པ་དང་། རབ་ཏུ་དགའ་བར་བྱ་བ་ནས་ཁམས་གསུམ་པར་གཏོགས་པའི་ སེམས་ཅན་ཐམས་ཅད་ཀྱི་བར་དག་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རིགས་མི་གཅོད་པའི་ཕྱིར། ཁྱོད་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བསོད་ནམས་དང་། ཡེ་ཤེས་ ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་བསགས་པ་ཡོངས་སུ་རྫོགས་པས་གྲུབ་པའི་མཚན་དང་དཔེ་བྱད་བཟང་པོས་སྤྲས་པ། ཏིང་ངེ་འཛིན་དང་། དབང་དང་། གཟུངས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་ བརྒྱད་པའི་མཐུ་གྲུབ་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་། ཉོན་མོངས་པའི་སྒྲིབ་པ་ཉེ་བར་ཞི་བ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བའི་འཇིགས་པའི་ 101-1-80b དུས་ཀྱི་ཚེར་མ་མ་ལུས་པར་འདོན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་ སོགས་པའི་འཁོར་མངོན་བར་དགའ་བ་ཅན་དག་ལ་ངོ་མཚར་རྨད་དུ་བྱུང་བའི་དགའ་བ་དུ་མ་ཀུན་ཏུ་སྐྱེད་པ་ལ་སྙོམས་པར་ཞུགས་པ་ནི་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ཏོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཟེང་བསྟོད་དེ་རབ་ཏུ་དགའ་བར་མཛད་ནས་རང་རང་གི་ཕྱག་བསྐུམ་སྟེ། རང་རང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཉན་དུ་གཟུད་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ བཀྱེའོ། །དེ་དག་གིས་གནང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཕྱག་འཚལ་ནས། བྱང་ཆུབ་སེམས་ དཔའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་ཇི་ཙམ་དུ་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་དང་། བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྐད་ཅིག་ཐང་ཅིག་ཡུད་ ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ་རིན་པོ་ཆེའི་པད་མའི་སྙིང་པོ་དག་ལ་ཕྱོགས་གཅིག་ཏུ་འཁོད་པའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ཚེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བདུད་སྡིག་ཅན་འདི་རྡོ་རྗེའི་ཞགས་པས་བཅིངས་པ་འདི་ལས་ཁྲོལ་ལ་ཇི་ནས་ཀྱང་ སངས་རྒྱས་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དང་། ཆོས་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དང་། གཞན་ཡང་གང་དག་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ 101-1-81a དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་གང་དག་ཇི་ཙམ་དུ་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ནས་ཀྱང་ཇི་ནས་ཁོང་དུ་ཆུད་པར་འགྱུར་བ་དེ་ ལྟར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ནས། ཡང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་ པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏེ། འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འཇིགས་སུ་རུང་བའི་ མཆེ་བ་རྣོན་པོ་དྲག་པོ་གཟངས་ཅན་འཇིགས་པ་ཆེན་པོ་སྐྱེད་པ་བརྩིགས་ཏེ། མཆེ་བ་མནན་ནས་མེ་ལྕེ་ཆེན་པོ་ལྟར་སྨ་ར་སེར་ཞིང་། འཇིགས་འཇིགས་ལྟར་འདུག་སྟེ། མི་བཟད་པ་རྣ་བ་ལས་འཕྱང་བའི་སྦྲུལ་དུག་འཐོར་བ་དང་། བ་ལང་སྣ་ལྟ་ བུ་དང་། གཟར་བུ་ལྟ་བུ་དང་། སྦྲུལ་ཆེན་པོ་ཁ་གདངས་པའི་ཁ་ནས་བྱུང་བའི་མཆེ་བའི་རྩེ་མོ་ནས་དུག་དྲག་པོ་འབར་བ་འབྱུང་བའི་ཚོགས་ཀྱི་ཕྲེང་བ་བཞིན་དུ་མེ་འབར་བ། ལག་པ་སྟོང་ཕྲག་དུ་མ་ལ་རྡོ་རྗེ་དང་། ཞགས་པ་དང་། གཏུན་ཤིང་དང་། གཏུན་ཤིང་རྐེད་ཉག་དང་། རལ་གྲི་དང་། འཁོར་ལོ་དང་། ལྕགས་སྒྲོག་ལ་སོགས་པ་ཐོགས་པའི་མཚོན་ཆའི་རྩེ་མོ་ལ་མེ་སྟག་རབ་ཏུ་འཕྲོ་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་གནོད་ 101-1-81b སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། མ་མོ་དང་། འབྱུང་པོའི་གདོན་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་སྡང་བ་རབ་ཏུ་སྡང་བའི་སེམས་ཅན་སྐྲག་པར་བྱེད་པ་རི་དགས་ཀྱི་དབང་པོའི་ལྤགས་པ་ཁྲག་དང་བཅས་པ་ཤམ་ ཐབས་སུ་བསྒོས་པ། སྦྲུལ་ཆེན་པོའི་ལུས་ཀྱིས་རྒྱ་གྲམ་དུ་དམ་དུ་བཅིངས་པ། འཇིགས་པ་བས་ཀྱང་འཇིགས་པར་བྱེད་པ། འཆི་བདག་ཀྱང་སྐྲག་པར་བྱེད་པ། ཁམས་གསུམ་པ་ཐམས་ཅད་ཀྱིས་བསྡུས་པ་ལྟ་བུའི་ལུས་དང་ལྡན་པའི་ཁྲོ་ བོར་གྱུར་ནས་ལུས་ཀྱི་ཚིགས་ཐམས་ཅད་ལས་ཀྱང་ཁྲོ་བོ་ཁ་དོག་དུ་མ་འདི་ལྟ་སྟེ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནག་པོ་སྟེ་ཐམས་ཅད་ཀྱང་རྡོ་རྗེའི་རང་བཞིན་ཅན་ཁྲོ་གཉེར་མི་མཉམ་པས་རྣམ་པར་སྤྲས་པའི་གཉེར་ མའི་ཁྲོམ་གཉེར་ཅན་གྱི་དཔྲལ་བའི་དབྱེས་ནས་མེ་སྟག་ལྟ་བུའི་རྡུལ་གྱིས་ཐིགས་པ་རྩབ་པོ་འཛག་པ་ལས། དུག་འཆང་རྣམ་པ་སྣ་ཚོགས་ཀུན་དུ་བྱུང་བས་ཡན་ལག་དང་། ཉིད་ལག་ཀུན་དུ་དཀྲིས་པའི་མངོན་རྟགས་ཅན་དུ་གྱུར་ཅིང་རྡོ་རྗེ་དྲག་ ཤུལ་ཅན་དུ་སྣང་སྟེ། མཆེ་བ་མི་བཟད་པར་འདུག་པའི་ཁ་གདངས་པ་ལས་ཧ་ཧ་ཞེས་གད་མོ་རྟ་གད་འབྱུང་ཞིང་། འཇིག་པའི་དུས་ཀྱི་རླུང་གིས་ཆར་པ་དང་བཅས་པའི་སྤྲིན་དཀྲུགས་པ་ལས་ཆར་གྱི་རྒྱུན་རགས་པ་འབབ་པས་ཡོངས་སུ་གང་བས་ རྒྱ་མཚོ་དཀྲུགས་ནས་རླབས་ཆེན་པོ་གཡོ་བ་དང་། རྟ་རྒོད་མའི་ཁ་ནས་མེ་བྱུང་བ་ལྟ་བུའི་ཧཱུྃ་ཞེས་བྱ་བ་ཟབ་ཅིང་བརྟན་པས་རྒྱུ་བའི་འབྱུང་པོའི་ཚོགས་འཇིགས་སྐྲག་སྟེ་འབྱེར་ཞིང་འཐོར་ནས་དངངས་ཏེ་སྐྱབས་སུ་འདོང་ཞིང་འདུད་པས། ཉི་མ་སྟོང་བས་ འབར་བའི་ལུས་རྣམས་མཐོང་བ་ན། སྣ་སྒར་སྒུར་ཅན་ཞོམ་པ་ལྟ་བུ་བུ་ག་ཟབ་མོའི་སྦུབས་ཀྱི་ནང་ནས་སྦྲུལ་སྣ་ཚོགས་འཁྱིལ་པའི་གཙུག་གི་ནོར་བུའི་འོད་ཀྱིས་འགྲམ་པ་རྣམ་པར་མཛེས་པ། གློག་སྟོང་འདུས་པ་ལྟར་སེར་ཞིང་དམར་བའི་མིག་ གི་འབྲས་བུའི་འོད་ཟེར་གྱིས་སྐྲའི་ཚོགས་རྩུབ་ཅིང་གཤོར་ལ་གྱེན་དུ་འགྲེང་བའི་རྩེ་མོ་བརྒྱན་ཅིང་འདྲེས་ཏེ་གསལ་བར་གྱུར་པ། སྦྲུལ་གྱི་གདེངས་ཀ་སྟོང་གིས་གདུགས་བྱས་ཤིང་། སྦྲུལ་རྣམ་པ་སྣ་ཚོགས་ཀྱི་དོ་ཤལ་དང་། སྐ་རགས་དང་། དཔུང་ 101-1-82a རྒྱན་དང་། གདུ་བུ་དང་། རྣ་ཆས་ལུས་བརྒྱན་པ། རྡོ་རྗེ་འབར་བ་དྲི་མ་མེད་ཅིང་དྲག་ཤུལ་ཅན་མི་བཟད་པ་ལག་ན་ཐོགས་པ། མཛུབ་མོ་རྣམས་ལས། ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲ་ཆེན་པོ་དག་གིས་བགེགས་དང་། ལོག་འདྲེན་ཐམས་ཅད་ཀུན་དུ་ བསྡིགས་པ་དག་འཐོན་ཏེ། གང་དེ་དག་གི་མིག་དང་། ཁ་རྣམས་ནས་གནམ་གྲུམ་པ་ལྟ་བུའི་སྒྲ་ཆེན་པོའི་ཚོགས་ལས་མེ་ལྕེ་ཆེན་པོ་འབར་བའི་ཚོགས་ཀྱི་སྣང་བ་བྱུང་སྟེ། དེས་སྡང་བའི་བགེགས་དང་། ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ ཤུལ་གྱི་སེམས་དང་ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ཅན་སྡང་བའི་སེམས་དང་ལྡན་པ་རྣམས་ཚིག་པར་བྱེད་དོ། །རྨོངས་པར་བྱེད། འཚོག་པར་བྱེད་དེ་མི་བཟད་པ་དྲག་པ་རྩུབ་པ་སྡུག་བསྔལ་བ། ཡིད་དུ་མི་འོང་བའི་ ཚོར་བ་མྱོང་བར་བྱེད་དོ། །དེ་དག་ཚོར་བས་ཉེན་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་ངོ་། །དེའི་ཚེ་བདུད་སྡིག་ཅན་གྱིས་བགེགས་དང་། ལོག་འདྲེན་དེ་དག་ཚོར་བ་ཆེན་པོས་ཉེན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་བ་མཐོང་ནས་ འཇིགས་དངངས་སྐྲག་སྟེ་སྐྱབས་མ་རྙེད་ནས་རླུང་དྲག་པོས་བསྐྱོད་པའི་ཤིང་བཞིན་དུ་འདར། རབ་ཏུ་འདར་ཏེ། ངུ་བར་འདོད་ན་ཡང་ངུ་མ་ནུས་ནས་རི་མོ་བཞིན་དུ་ལུས་ཐམས་ཅད་གཡོ་བ་མེད་པར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུས་བདུད་སྡིག་ཅན་འདུལ་བར་བྱེད་དེ་སྡང་བ་གདོན་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ། རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ལྟ་བུའི་གཟུགས་སུ་འདུག་པའི་རྐང་པ་གཉིས་ལས་ཁྲོ་བོ་འབར་ཞིང་འཇིགས་འཇིགས་ལྟར་འདུག་པ། དྲག་ཤུལ་གྱི་གཟུགས་ཅན། སེང་གེའི་སྒྲ་ཆེན་པོ་ཧཱུྃ་ཞེས་བྱ་བ་འདི་གཉིས་ཕྱུང་སྟེ། དེ་གཉིས་ སྐར་མདའ་བཞིན་དུ་ནམ་མཁའི་དཀྱིལ་དུ་རྒྱང་རིང་དུ་འཕུར་ཏེ། ནམ་མཁའ་ལ་གནས་པའི་ཤུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་འབུམ་ཕྲག་དུ་མ་ 101-1-82b མཐའ་ཡས་མུ་མེད་པར་བསྐོར་བ་བྱས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲསོ། །རིགས་ཀྱི་བུ་ཅི་བགྱི་བཀའ་སྩོལ་ཅིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཅང་མི་སྨྲ་བར་འདུག་སྟེ། ཡང་དཔྲལ་བའི་དཀྱིལ་ནས་ རྡོ་རྗེ་ཁྲོ་བོ་འཇིགས་པ་ཆེན་པོའི་གཟུགས་ཅན་མཆེ་བ་མི་བཟད་པ་དྲག་པོས་འཇིགས་སུ་རུང་བའི་ཁ་གདངས་ཏེ། མཆུ་མ་རུངས་པར་སྒྱུར་བའི་ཁ་ནས་དུས་ཀྱི་ཐ་མ་འཇིག་པའི་ཚེ་རྣམ་པར་འཐོར་བའི་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ སྤྲིན་ནག་པོའི་ཚོགས་རབ་ཏུ་སྒྲོག་པས་རྣམ་པར་དཀྲུགས་པའི་རྒྱ་མཚོ་ཆེན་པོའི་སྒྲ་དྲག་པོ་ལྟ་བུའི་ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲས་གང་བ། བགེགས་དང་ལོག་འདྲེན་ཐམས་ཅད་འཇིགས་ནས་འབྲོས་ཤིང་སྒྱིད་ལུག་ནས་ཕྱོགས་བསླད་པར་བྱེད་པ། ལག་པ་དང་། རྐང་པ་དང་། སེན་མོ་དང་། མིག་དང་། ཨག་ཙོམ་དང་། སྐྲ་ཐམས་ཅད་རྡོ་རྗེ་འབར་བར་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་གཟི་བརྗིད་ཐམས་ཅད་ཀྱི་གཟི་བརྗིད་རྣམས་རང་གི་ གཟི་བརྗིད་ཀྱིས་ཟིལ་ཏུ་བརླག་པར་བྱེད་ཅིང་། རྒྱང་རིང་དུ་བྱེད་པའི་རྡོ་རྗེ་འབར་བའི་སྣང་བ་དེས་རྒྱུ་སྐར་དང་། གཟའ་དང་། སྐར་མ་དང་། ནོར་བུ་རྣམས་ཀྱི་འོད་ལྷམ་མེར་མ་ཡིན། །ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པར་བྱེད་པ། གང་ཉི་མ་དང་ཟླ་བ་རྫུ་འཕྲུལ་ ཆེ་བ། དབང་ཆེ་བར་གྲགས་པ་མཐུ་ཆེ་བ་ཡང་ལྷམ་མེར་མ་ཡིན། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པར་བྱེད་པ། དེ་བཞིན་གཤེགས་པའི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་རབ་ཏུ་གནས་པ་རྣམས་ཀྱི་འོད་མ་གཏོགས་ པར་འོད་གཞན་ཐམས་ཅད་འོད་མོག་མོག་པོར་བྱེད་པ་གཞན་ཕྱུང་ངོ་། །དེ་ནས་རྡོ་རྗེ་ཁྲོ་བོ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་འབུམ་ཕྲག་དུ་མ་མཐའ་ཡས་མུ་ མེད་པར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཅི་བགྱིད་བཀའ་སྩོལ་ཅིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ 101-1-83a ཁྲོ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དག་དེང་ལ་བདུད་སྡིག་ཅན་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་དུ་ཆུག་ཤིག །འདི་དམ་ཚིག་ལ་གནས་པར་གྱིས་ཤིག །གཞན་ཡང་གང་དག་སྡང་བ་གདོན་དང་། བགེགས་ དང་། ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ཅན་སྡང་བའི་སེམས་དང་ལྡན་པ་དག་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་མི་འཇུག་པ་དང་། མི་ རྟོགས་པ་དང་། ཡིད་མི་ཆེས་པ་ཐམས་ཅད་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་གྱིས་ཤིག་དང་། དེས་སེམས་ཅན་ཐམས་ཅད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་ བོ་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ཚིག་མཉན་ནས་དེ་བཞིན་གཤེགས་པའི་བསྟན་པ་ཡང་གཟུང་སྟེ། དུས་གཅིག་ཏུ་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་སེང་གེའི་སྒྲ་ཆེན་པོ་ཧཱུྃ་ཞེས་བྱ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་རྒྱས་པར་འགེངས་ཤིང་། གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེའི་ལྕགས་ཀྱུ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུ་གུ་རྒྱུད་ ལ་ཕྱག་འཚལ་ལོ། །རྡོ་རྗེ་གནམ་ལྕགས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ཤུགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་བེ་ཅོན་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡན་ལག་དམར་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །རྡོ་རྗེས་རྣམ་པར་འཇོམས་ པ་ལ་ཕྱག་འཚལ་ལོ། །འགྲོ་ལྡིང་བ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ཁྲོ་བོ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། སྥོ་ཊ་ 101-1-83b ཡ་སྥོ་ཊ་ཡ། མོ་ཊ་མོ་ཊ། མོ་ཊ་ཡ་མོ་ཊ་ཡ། གྷཱུརྞྞཱ་གྷཱུརྞྞཱ། གྷཱུརྞྞཱ་པ་ཡ་གྷཱུརྞྞཱ་པ་ཡ། སརྦ་སཏྭཱ་ནི། ཏྲ་ས་ཏྲ་ས། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་བྷྲ་མ། སྃ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊ་ཡ་ཀུཊ་ཡ། སྃ་ཀུཊ་ཡ་སྃ་ཀུཊ་ཡ། སརྦ་ཤ་ཏྲཱུྃ་ཎྃ། གྷ་ཊ་ གྷ་ཊ། སྃ་གྷ་ཊ་ཡ་སྃ་གྷ་ཊ་ཡ། སརྦ་བིདྱ་བཛྲ་བཛྲ། སོ་སྥ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། ཨུཙྪ་ཊ་ཡ་བཛྲ་བཛྲ། ཧ་ན་བཛྲ་བཛྲ། ད་ཧ་བཛྲ་བཛྲ། པ་ཙ་བཛྲ་བཛྲ། མཱ་ཐ་བཛྲ་བཛྲ། ཨུད་སཱ་ད་ཡ་མ་ཧཱ་བཛྲ་བཛྲ། དྷཱ་ར་བཛྲ་པཱ་ཎི་པྲི་ ཡ། ཀ་ཧ་ཀ་ཧ། ཧ་ས་ཧ་ས། མ་ཧཱཊྚཱཊྚ་ཧ་ས། ཁ་ཅིག་ཏུ་རྒྱ་མཚོའི་རླབས་འཁྲུགས་པར་བྱེད་པ་ལྟ་བུར་ཟབ་ཅིང་འཇིགས་སུ་རུང་བའི་ཧཱུྃ་ཞེས་བྱ་བའི་སེང་གེའི་སྒྲས་སྡང་བ་རབ་ཏུ་སྡང་བ་བགེགས་དང་ལོག་འདྲེན་ཀུན་དུ་སྐྲག་པར་བྱེད་པ་དང་། སྡང་བ་ཐམས་ཅད་གཞོམ་དུ་གསོལ། འཇོམས་སུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། བཛྲ་པ་ར་པྲ་ད་སྥོ་ཊ། བསྒྲུབ་པར་བྱ་བ་ལྷ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། མ་མོ་དང་། འབྱུང་ པོ་དང་། གདོན་གྱི་ཚོགས་མཐར་འབྱིན་པ། འབྱེར་བར་མཛད་པ། ཧཱུྃ་ཧཱུྃ་ཕཊ། ཧེ་ཧེ་ཕཊ། ཨ་མོ་གྷ་ཕཊ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པར་གཡོ་བར་བགྱིད་ཏུ་ སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འབྱེར་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། སུམ་བཅུ་རྩ་གསུམ་གྱི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པར་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འབྱེར་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། ལྷའི་དབང་པོ་བརྒྱ་བྱིན་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པར་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འཐབ་ འབྲལ་གྱི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པ་གཡོ་བར་བགྱིད་དུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། དགའ་ལྡན་གྱི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། 101-1-84a རྩ་ལག་དང་བཅས་པ་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འཕྲུལ་དགའི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པ་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པ་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་འོད་གསལ་དང་། ཚངས་རིས་ནས་གནས་གཙང་མའི་རིས་ འོག་མིན་གྱི་བར་གྱི་ལྷའི་ཁང་ཁྱིམ་དང་བཅས་པ། བུ་དང་། ཆུང་མ་དང་། ཕྱུགས་དང་། རྩ་ལག་དང་བཅས་པ་གཡོ་བར་བགྱིད་ཏུ་སྩལ་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། འབྱེར་བར་བགྱིད་ཏུ་སྩལ་དུ་གསོལ། རིག་སྔགས་འཆང་གྲུབ་པ་རྣམས་ རེངས་པར་མཛད་དུ་གསོལ། རྨུགས་པར་མཛད་དུ་གསོལ། རྨོངས་པར་མཛད་དུ་གསོལ། གཅུ་བར་གསོལ། བཅད་ཏུ་གསོལ། གཞིག་ཏུ་གསོལ། རྣམ་པར་གཞིག་ཏུ་གསོལ། མནན་དུ་གསོལ། ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁྲོ་བོ་ཁྲོ་བོ་ ཆེན་པོ་རྣམ་པར་བཀྲ་བ་སེར་སྐྱའོ། །ནག་པོ། དམར་པོ། སེར་པོ། མི་ཕམ་པ། རྟག་ཏུ་འབར་བའི་ཁྲོ་བོ། སུ་རུ་སུ་རུ། མུ་རུ་མུ་རུ་མུ་རུ། ཏུ་རུ་ཏུ་རུ་ཏུ་རུ། གྷུ་རུ་གྷུ་རུ་གྷུ་རུ། དྷུ་རུ་དྷུ་རུ་དྷུ་རུ། ཐ་ར་ཐ་ར་ཐ་ར། བྷ་ར་བྷ་ར། ཧ་ར་ཧ་ར། ཡ་ར་ཡ་ར། མ་ར་མ་ར། ཀུ་ཧུ་ཀུ་ཧུ། ཙི་ལི་ཙི་ལི། མི་ལི་མི་ལི། ལུ་ཊུ་ལུ་ཊུ། སརྦ་ཊཱ་ལཱ་མ་མ་ཧཱུྃ། པུ་ལུ་པུ་ལུ་ལེན་ཏ་མ་ལོ་ཧ་སི་ལེན་ཏྃ། མུ་ལུ་ལང་ཁཱ་སེ། ཙུ་ལུ་ཙུ་ལེན་ཏམ། མ་ལུ་པུ་ལེན་ཏམ། མ་ལུ་རུ་བི། ཀུ་བི་པུརྦ། ལེ་ཎྱུ་ སྤྱུ་ར་གྷཎྱུ་སྤུ་བི་རི་ཙུ། སུ་རུ་སུ་རུ། མུ་རུ་མུ་རུ། སུ་མུ་སུ་མུ་རུ། ཊ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊ་བི་ཀ་ཊེ། ནི་ཀ་ཊ། ཀ་ཊ་བི་ཀ་ཊེ། ནི་ཀ་ཊ། ཀ་ཊང་ཀ་ཊེ། ཛ་ཡེ་བི་ཛ་ཡེ། ཛ་ཡནྟི། བི་ཛ་ཡནྟི། ཏི་མིང་གི་སི། མ་ཧཱ་ཏི་མིང་གི་སི། གྷུ་ཏངྒ་མེ་མེ་ གྷུ་ཏ་བ་རཱ་ཡ་ནེ། སྡང་བ་རྣམས་ལ་རྗེས་སུ་འདོམས་པ། མ་དུལ་བ་རྣམས་འདུལ་བ། དྲག་ཤུལ་ཅན་རྣམས་འབྱེར་བར་མཛད་པ། དཔའ་བོ་རྣམས་ཀྱི་ནང་ན་དཔའ་བ། དེས་པ་རྣམས་ཀྱི་ནང་ན་དེས་པ། མ་གྲུབ་པ་རྣམས་གྲུབ་པར་མཛད་པ། གྲུབ་ 101-1-84b པ་རྣམས་ཆུད་མི་ཟ་བར་མཛད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མནས་བསྒགས་པ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་མཛད་པ། རྡོ་རྗེའི་རིགས་ཀྱི་རིག་སྔགས་ཐམས་ཅད་ཀྱིས་ བྱིན་གྱིས་བརླབས་པ། ཚུར་གཤེགས་ཚུར་གཤེགས། རྡོ་རྗེའི་རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་དམ་ཚིག་གང་བཅས་པ་དེ་རྗེས་སུ་བསྐྱང་དུ་གསོལ། རྗེས་སུ་བསྐྱང་དུ་གསོལ། གཤེགས་སུ་གསོལ། མྱུར་དུ་གཤེགས་སུ་གསོལ། བདག་གི་ལས་རྣམས་མྱུར་བ་མྱུར་བར་བསྒྲུབ་ཏུ་གསོལ། སྐྲག་པར་བྱེད་པ། རྡོ་རྗེ་འཛིན་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧུ་རུ་ཧུ་རུ། གྲུབ་པ་དྲག་པོ་ལག་ན་རྡོ་རྗེ་བཀའ་སྩོལ་ཅིག་སྭཱ་ཧཱ། ཤིན་དུ་གྲུབ་པར་བྱེད་པ་ལ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ལ་སྭཱ་ཧཱ། རྡོ་རྗེ་ཕུར་བུ་ལ་སྭཱ་ཧཱ། རྡོ་རྗེ་འཇོམས་པ་ལ་སྭཱ་ཧཱ། རྡོ་རྗེས་བྱིན་གྱིས་བརླབས་པ་ལ་སྭཱ་ཧཱ། རྡོ་རྗེ་ཀི་ལི་ཀི་ལི་ལ་སྭཱ་ཧཱ། དྲག་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། དམར་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། བྱིས་པ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལ་སྭཱ་ཧཱ། བདག་གི་ གནོད་པ་དང་། ནད་འགོ་བ་ཐམས་ཅད་དང་། རིམས་ཐམས་ཅད་མེད་པར་མཛོད་ཅིག་སྭཱ་ཧཱ། དེ་ནས་རྡོ་རྗེ་ཁྲོ་བོ་ཆེན་པོས་འདི་སྐད་སྨྲས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ཕྱོགས་དང་ ཕྱོགས་མཚམས་ཐམས་ཅད་དང་དེ་བཞིན་དུ་བར་སྣང་ལ་རྡོ་རྗེའི་སྐར་མདའ་ཆེན་པོའི་བེ་ཅོན་འབབ་པར་སྣང་ངོ་། །གནམ་གྲུམ་པའི་སྒྲ་ཆེན་པོ་ཡང་གྲག་གོ། །ཀུན་ནས་ས་ཆེན་པོ་འདི་གྲུམ་པར་ཀུན་དུ་སྣང་ངོ་། །ས་ཆེན་པོའི་སེར་ཀ་དེ་དག་ནས་ ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྒྱུན་གྱེན་དུ་བྱུང་ངོ་། །ཆུའི་རྒྱུན་དེ་དག་གིས་རྣམ་པར་འཇིག་པའི་དུས་ཀྱི་ཆུ་བཞིན་དུ་ས་ཆེན་པོ་ཐམས་ཅད་ཀུན་དུ་གང་བར་སྣང་ངོ་། །གང་དག་སའི་འོག་ནས་གནས་པའི་ཀླུ་ཆེན་པོ་དང་། ལྷ་ཆེན་པོ་དང་། ལྷ་མ་ 101-1-85a ཡིན་ཆེན་པོ་དང་། དེ་དག་ཐམས་ཅད་ཀྱང་སའི་འོག་ནས་འཐོན་ཅིང་། རི་རབ་ཀྱི་དྲུང་དུ་འཐོན་ཏེ་གྱེན་དུ་བྱུང་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་དོང་ངོ་། །དེ་ནས་དྲག་ཤུལ་ཅན་དྲག་ཤུལ་ཅན་གྱི་སེམས་དང་ལྡན་པ། སྡང་བ་སྡང་བའི་ སེམས་དང་ལྡན་པའི་འབྱུང་པོ་དང་། བགེགས་དང་། ལོག་འདྲེན་གང་དག་འཁོད་པ་དེ་དག་ཀྱང་ཀུན་དུ་འབར་རབ་ཏུ་འབར་ཞིང་། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་དག་གིས་རང་རང་གི་ལུས་ཀུན་དུ་རྣམ་པར་འཇོམས་པར་ཤེས་ཏེ། དེ་དག་སྡུག་བསྔལ་མི་བཟད་ཅིང་དྲག་ལ་རྩུབ་པས་ཉེན་ནས་ཧ་ཧ་ཞེས་བྱ་བའི་ངུ་སྐད་འཐོན་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་བདག་ཅག་སྐད་ཅིག་གིས་སྲོག་ཀྱང་མ་མཆིས་པར་འགྱུར་དུ་བགྱིད་ན་འཇིགས་པ་ཆེན་ པོར་ལྟུང་བ་འདི་ལས་ཡོངས་སུ་བསྐྱབ་ཏུ་གསོལ། བགེགས་དང་ལོག་འདྲེན་རྣམས་ཇི་ལྟ་བ་དེ་བཞིན་དུ་གཞན་འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ན་གནས་པ་དང་། རི་དང་། ཆུ་བོ་དང་། ལྟེང་ཀ་དང་། རྫིང་དང་། དུར་ཁྲོད་དང་། ཤིང་དང་། ཐིབས་ པོ་དང་། ཁྲོན་པ་རྙིང་པ་དང་། བཏུང་ཆུ་དང་། ལམ་གྱི་གཞི་མདོ་དང་། སུམ་མདོ་དང་། གཙུག་ལག་ཁང་ཞིག་པ་དང་། གནས་དང་། ལྷ་ཁང་ན་གནས་པ་དག་ཐམས་ཅད་ཀྱིས་ཀྱང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཇིགས་པ་ཆེན་པོ་ལྷུང་བ་ འདི་ལས་ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་ཆེད་ཏུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་བཞིན་དུ་ལྷའི་ཁང་པ་ཐམས་ཅད་གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་ཏེ། མོག་མོག་པོར་གྱུར་ཅིང་འོད་མེད་པར་ཀུན་དུ་སྣང་ ངོ་། །བདུད་ཀྱི་ཁྱིམ་ཐམས་ཅད་ཀྱང་ཀུན་དུ་འབར། རབ་ཏུ་འབར་ཞིང་། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པར་སྣང་ངོ་། །གང་དག་བདུད་ཀྱི་རིས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་ཁྲོ་བོ་ཆེན་པོས་དངངས་སྐྲག་སྟེ་རང་རང་གི་མགོ་ རྡོ་རྗེ་རྣམས་ཀྱིས་རྣམ་པར་འཇོམས་པ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །བདུད་སྡིག་ཅན་ཡང་ཤིན་དུ་སྡུག་ 101-1-85b བསྔལ་བའི་ཚོར་བས་ཉམ་ཐག་ཅིང་སྐྲག་ལ་ཞུམ་སྟེ་གནོད་པས་དངངས་ནས་སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་ལ་སྐྱབས་སུ་སོང་། དགེ་འདུན་ལ་སྐྱབས་སུ་སོང་ངོ་། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་ དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཡོངས་སུ་སྐྱོབས་ཤིག །ཡོངས་སུ་སྐྱོབས་ཤིག །བདག་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །ཆོས་ལ་སྐྱབས་སུ་འགྲོའོ། །དགེ་འདུན་ལ་སྐྱབས་སུ་ འགྲོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕ་ལྟ་བུ་དང་། མ་ལྟ་བུ་དང་། སྤུན་ལྟ་བུ་དང་། གཉེན་ལྟ་བུ་དང་། སྣག་གི་གཉེན་མཚམས་ལྟ་བུར་འགྱུར་བར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདག་དེང་ཕྱིན་ཅད་སེམས་ཅན་ཐམས་ཅད་ཀྱི་ཕ་དང་། མ་དང་། སྤུན་དང་། གཉེན་དང་། སྣག་གི་གཉེན་མཚམས་སུ་འགྱུར་བར་བྱའོ། །ལུས་དང་། ངག་དང་། ཡིད་ཀྱིས་ཅུང་ཟད་གང་ཅི་བྱེད་པ་དེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བདག་དབུགས་ཕྱུང་ནས་ གཞན་ཡང་དབུགས་དབྱུང་ངོ་། །བདག་གྲོལ་ནས་གཞན་ཡང་དགྲོལ་ལོ། །བདག་མྱ་ངན་ལས་འདས་ནས་གཞན་ཡང་མྱ་ངན་ལས་བཟླའོ། །རུས་པ་དང་། རྐང་དང་། ཁྲག་དང་། ཤ་དང་། ཉམས་མཐུ་དང་། སྲོག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ རིམ་གྲོར་བྱའོ། །མཆོད་པར་བྱའོ། །རྗེད་པར་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། སློབ་དཔོན་དང་། བླ་མའི་གནས་ཐམས་ཅད་ལ་ཡང་བསྙེན་བཀུར་བྱའོ། །བསྟི་སྟང་དུ་བྱའོ། །རིམ་གྲོར་ བྱའོ། །མཆོད་པར་བྱའོ། །དེ་ནས་བདུད་སྡིག་ཅན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གཟུང་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། དགའ་བ་ཐོབ་ནས་སྒྲ་སྐད་ཀྱི་ང་རོ་གཅིག་ཏུ་འདི་ སྐད་ཅེས་སྨྲས་སོ། །གང་གི་ཕྱིར་ན་བདུད་ཁྱོད་ཀྱིས། །སེམས་ཅན་ཀུན་ལ་བདེ་བའི་ཕྱིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་པ། །བདག་ཅག་རྗེས་སུ་ཡི་རང་ངོ་། །རིན་ཆེན་སེམས་འདིས་མི་རིང་བར། །རྣམ་འདྲེན་སངས་རྒྱས་གྱུར་ནས་ 101-1-86a ནི། །སེམས་ཅན་ཤིན་དུ་སྡུག་བསྔལ་ཀུན། །མྱ་ངན་ལས་ནི་བཟླ་བར་གྱིས། །རྒྱལ་བའི་མཆོག་འདི་ཇི་བཞིན་དུ། །སྐྱེ་དགུ་ཐམས་ཅད་གདུལ་བར་བྱོས། །སྟོབས་པོ་ཆེ་དང་ལྡན་པ་ཡི། །བདུད་བཞི་པོ་དག་གདུལ་བར་གྱིས། །དེ་སྐད་ ཅེས་སྨྲས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་སངས་རྒྱས་ཀྱི་མཐུས་རང་རང་གི་ལག་གི་སྙིམ་པ་ནས་མེ་ཏོག་གི་ཕུར་མ་ཐོགས་པར་ཤེས་ཏེ། མེ་ཏོག་གི་ཕུར་མ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེའི་ཁྲོ་བོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གཏོར་བ་དང་། དེ་ཡང་སངས་རྒྱས་ཀྱི་མཐུས་མེ་ཏོག་གི་གཞལ་མེད་ཁང་ཆེན་པོར་གྱུར་ཏོ། །བདུད་སྡིག་ཅན་ནི་མཆོག་ཏུ་བདེ་བས་ཚིམ་པར་གྱུར་ནས་སངས་རྒྱས་རྗེས་སུ་ དྲན་པ་བསྒོམ་ཞིང་རང་གི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་གྱི་མཐུ་དང་། དེ་བཞིན་གཤེགས་པ་རྗེས་སུ་སེམས་པས་མདུན་དུ་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་དཔག་བསམ་གྱི་ཤིང་དུ་མས་མིག་མངས་རིས་བརྒྱད་ཏུ་བྲེས་པ། རིན་པོ་ཆེ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། མར་གད་དང་། བཻ་ཌཱུརྱ་དང་། ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། རྡོ་རྗེ་དང་། རྡོ་རྗེ་ཆེན་པོ་དང་། དུན་ལས་དང་། དུན་ལས་ཆེན་པོ་དང་། འཛམ་བུའི་ ཆུ་བོའི་གསེར་གྱི་དྲ་བས་རྣམ་པར་སྤྲས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་བསྒྲེང་བས་ལེགས་པར་བརྒྱན་པ། མེ་ཏོག་གི་ཕྲེང་བས་ཀླུབས་པ། པོག་སྣོད་དུ་མ་ནས་བདུག་པ་དྲི་ཞིམ་པོའི་ངད་ཀྱི་ དྲི་ཞིམ་པར་བྱས་པ། ཕྱེ་མའི་དྲི་ཞིམ་པོའི་བསྒོ་བས་བསྒོས་པ། ལྷའི་བུ་མོ་འབུམ་ཕྲག་དུ་མ་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་ལེན་ཅིང་གར་བྱེད་པ། རྫིང་བུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཅན་འབུམ་ཕྲག་དུ་མའི་དབུས་ནས་ 101-1-86b རིན་པོ་ཆེ་སྣ་ཚོགས་ཀྱི་པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨུཏྤ་ལ་དང་། དྲི་མཆོག་བྱུང་བས་མཛེས་པར་བྱས་པའི་ཕྱོགས་དང་ལྡན་པ་བྱུང་ནས། དེ་མཆོག་ཏུ་དགའ་བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ཏེ་གུས་པ་ ཐམས་ཅད་ཀྱིས་དེ་བླངས་ནས་བདུད་ཀྱི་མཐུ་ཆེན་པོ་དང་། བདུད་ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་དང་། བདུད་ཀྱི་རྫུ་འཕྲུལ་ཆེན་པོས་ལག་པ་གཉིས་ཀ་སྤྱི་བོ་ལ་བླངས་ཏེ། དགེ་བའི་བཤེས་གཉེན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ དགབ་པ་དང་། མཆོད་པའི་ཕྱིར་ཕུལ་ཏེ། ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་བར་བསྟོད་དོ། །འཇིག་རྟེན་དག་ལ་དབང་བྱེད་དབང་གིས་འབྱོར་གྱུར་པ། །སྟོབས་བཅུའི་སྲས་རབ་མཆོག་ལྡན་ཁྱོད་ལ་བརྟེན་ནས་སུ། ། བྱང་ཆུབ་ཕྱིར་ནི་ཆགས་བྲལ་དྲི་མེད་བྱང་ཆུབ་སེམས། །སེམས་ཅན་བདེ་སྒྲུབ་གཏེར་དང་འདྲ་བ་བདག་གིས་ཐོབ། །བདག་མིག་གཏི་མུག་མུན་པས་དྲི་ཅན་དྲི་མེད་གྱུར། །སྲིད་པའི་འདོད་ཆགས་རབ་ཏུ་ཞི་ཞིང་སྤྲོས་དང་བྲལ། །མྱ་ངན་ འདས་པའི་དྲང་པོའི་ལམ་ནི་བདག་ལ་བསྟན། །སེམས་དམྱལ་མི་བཟད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། །སྡིག་བྲལ་འཇིག་རྟེན་མགོན་ལ་སྐྱབས་སུ་མ་སོང་བ། །ཀྱེ་མ་དམན་པ་ཡུན་རིང་ཇི་ལྟ་བསླུས་ཤིག་གུ། །དེ་རིང་ཐུབ་ དབང་སྲས་པོ་རྣམས་ལ་བསོད་ནམས་དང་། །དད་དང་སྙིང་རྗེ་ཏིང་འཛིན་ཐོབ་ནས་ངོ་མཚར་གྱུར། །ས་མདོག་གཅིག་པུར་སངས་རྒྱས་མྱུར་དུ་གྲུབ་པར་ཤོག །གཅིག་པུས་འགྲོ་བ་མ་ལུས་མྱ་ངན་བཟླ་བར་བྱ། །སྲིད་པ་གཞན་ན་ ཀུན་དུ་རྒྱུ་ཚེ་བདག་གི་ཡིད། །རང་ཕན་འཇུག་དང་དགེ་བཤེས་བྲལ་བར་མ་གྱུར་ཅིག །དེ་ནས་བདུད་སྡིག་ཅན་གྱིས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མངོན་བར་ བསྟོད་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་སྡང་བ་དང་། གདོན་དང་། བགེགས་དང་། ལོག་འདྲེན་ 101-1-87a དེ་དག་ཐམས་ཅད་གང་གིས་སེམས་ཅན་ཐམས་ཅད་ལས་རྣམ་པར་རྩོམ་པ་ལས་རྣམ་པར་མི་འཚེ་བ་དང་། བགེགས་མི་བྱེད་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འགྱུར་བར་དེ་བཞིན་གཤེགས་པའི་དམ་ཚིག་ འཛིན་དུ་ཆུག་ཤིག །རིགས་ཀྱི་བུ་དག་འདི་དག་ལ་མི་འཇིགས་པ་ཡང་བྱིན་ཅིག་དང་། དེ་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། མྱ་ངན་ལས་འདས་པ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་ཏེ་ཚིག་ལ་མངོན་བར་དགའ་ནས་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་དང་། སྡང་བ་བགེགས་དང་། ལོག་འདྲེན་དང་། མ་མོ་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། གདོན་དང་། བརྗེད་བྱེད་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། རོ་ལངས་དང་། མཁའ་འགྲོ་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་པ་ལ་སོགས་པ་དེ་དག་ཐམས་ཅད་དང་། གདོན་གྱི་ཚོགས་དེ་དག་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོ་མང་པོ་འབབ་པས་དཀྲུགས་པའི་མཚོ་ཆེན་པོ་ཟབ་མོ་ཀློང་འཁྱིལ་པ། འུར་འུར་སྒྲ་འབྱུང་བ་ལྟ་བུར་དྲག་ཅིང་རྒྱུན་ རིང་བའི་སྐད་གསང་མཐོན་པོས་འདི་སྐད་ཅེས་སྨྲས་སོ། །སྡང་བ་འབྱུང་པོ་དང་། གདོན་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། སྡིག་པ་ཅན་སྡིག་པའི་སེམས་དང་ལྡན་པ། སྡང་བ་ཅན་ སྡང་བའི་སེམས་དང་ལྡན་པ་ཁྱེད་ཐམས་ཅད་ཉོན་ཅིག །ཁྱེད་ཀྱིས་དེང་ཕན་ཆད་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་དག་དང་། དེ་ལ་སོགས་པ་གང་དག་གསང་སྔགས་སྒྲུབ་བམ། གློག་པ་དེ་དག་ལ་བགེགས་འབྱུང་ བར་མི་བྱ་ཞིང་འཚེ་བར་མི་བྱ་སྟེ། སྒྲུབ་པ་དང་རྗེས་སུ་མཐུན་པར་སྟོབས་སྦྱིན་པར་བྱའོ། །སེམས་ཅན་གང་དག་དམ་ཚིག་ལ་ཞུགས་པ་དེ་དག་ལ་བསྲུང་བར་བྱ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། དུག་གཞིལ་བ་དང་། 101-1-87b དུག་གསད་པ་དང་། རིག་སྔགས་འགྲུབ་པ་སྦྱིན་པར་བྱའོ། །སྦྲང་རྩི་དང་། ཚིགས་མ་དང་། སྒོག་པ་དང་། ཀིའུ་དང་། གཏོར་མ་དང་། འབྱུང་པོ་དང་། མི་བགྲུངས་པ་རྣམས་ཀྱི་ཤ་དང་ཟས་ཟོས་ཀྱང་སྐྱོན་དུ་མི་གཟུང་ཞིང་ཉེས་པར་མི་བརྩིའོ། །དེ་ནས་སྡང་བ་ འབྱུང་པོ་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ནས་སྒྲ་སྐད་ཀྱི་ང་རོ་གཅིག་གིས་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དུ་སྦྱར་རོ། །རིགས་ཀྱི་བུ་དག་བཀའ་ལུང་ཅི་སྩལ་བ་དེ་བཞིན་དུ་སྦྱར་བར་བགྱིའོ། །དེང་སླན་ ཆད་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲོ་བོ་ཆེན་པོ་དེ་དག་དང་། སྡང་བ་བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གདོན་གྱི་ཚོགས་དེ་དག་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིག་སྔགས་ཀྱི་ལས་དང་། དམ་ཚིག་དང་། ཕྱག་རྒྱ་ཐམས་ཅད་འཛིན་ དུ་བཅུག་གོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་དེ་ལས་ལངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་ བུ་གང་ལ་གནས་ནས་ཁྱེད་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་འདི་བསྟན་པ་དང་། བདུད་སྡིག་ཅན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གཞན་ཡང་སྡང་བ་གདོན་དང་། འབྱུང་པོ་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་དམ་ཚིག་ལ་ བཀོད་ཅིང་བྱང་ཆུབ་ཀྱི་སེམས་འཛིན་དུ་བཅུག་པའི་ཏིང་ངེ་འཛིན་འདིའི་མིང་ཅི་ཞེས་བྱ། དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཏིང་ངེ་ འཛིན་འདི་ནི་མིང་དང་ཡི་གེ་དང་། སྒྲ་སྐད་ཀྱིས་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་མིང་ངམ། གཟུགས་སམ། དབྱིབས་སམ། གནས་སམ། མཉམ་པར་གཞག་པ་འམ། གཡེངས་པ་ཡང་རུང་སྟེ། ཏིང་ངེ་ 101-1-88a འཛིན་ཅེས་བྱ་བའི་ཆོས་དེ་གང་ཡང་མེད་དོ། །གང་ལ་མིང་མེད་པ་དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དང་། གནས་མེད་པ་དང་། མཉམ་པར་གཞག་པ་མེད་པ་དང་། གཡེང་བ་མེད་པ་འདི་བཙུན་པ་ཤཱ་ར་དྭ་ཏིའི་བུ་ཏིང་ངེ་ འཛིན་འདིའི་མིང་ཅི་ཞེས་བྱ་ཞེས་དེ་ལ་ཇི་སྙམ་དུ་སེམས། ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་གསལ་བར་བྱེད་པ་འདི་ནི་བདག་ལ་གསལ་བར་བྱེད་པ་མ་ཡིན། གཞན་ལ་གསལ་བར་བྱེད་པ་མ་ཡིན། གཉིས་ཀ་ལ་གསལ་བར་བྱེད་པ་མ་ཡིན་ནོ། ། འོན་ཀྱང་གསལ་བར་བྱེད་པར་བཏགས་པ་ཡོད་དོ། །དེ་ལ་གསལ་བར་བྱེད་པ་ནི་གསལ་བར་བྱེད་པའི་བདག་ཉིད་ཀྱིས་སྟོང་། བདག་ནི་བདག་གིས་སྟོང་། གཞན་ཡང་གཞན་གྱི་བདག་ཉིད་ཀྱིས་སྟོང་། གཉིས་ཀ་ཡང་གཉིས་ཀའི་བདག་ ཉིད་ཀྱིས་སྟོང་སྟེ། ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པའི་ཕྱིར་རོ། །འདི་ཅི་ཞེས་བྱ་བའི་ཡི་གེ་གཉིས་ཀྱི་ཚིག་གི་བདག་ཉིད་ཀྱིས་སྟོང་སྟེ་ཡི་གེ་ཡང་ཡི་གེ་མ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པར་བྱེད་ པ་ཡིན་ནོ། །དོན་དེ་བརྗོད་པ་ན་ཡང་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་མོད་ཀྱི། གཞན་གྱི་དབང་ལ་བརྟེན་པའི་ཕྱིར་ཡི་གེར་བཏགས་པ་ཡང་ཡོད་དོ། །ཡོངས་སུ་བཏགས་པ་ཡིན་པའི་ཕྱིར་བཏགས་པ་ཡང་སྟོང་པའོ། ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཞན་གྱི་དབང་ཉིད་སྟོང་པའོ། །རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་སྟོང་པའོ། །གློ་བུར་དུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་འབྱུང་ཡང་འབྱུང་བའི་བདག་ཉིད་ཀྱིས་ སྟོང་ངོ་། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པ་གང་ཡིན་པ་དེ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གང་ཡིན་ པ་དེ་མ་ནོར་བ་དེ་བཞིན་ཉིད་དོ། །མ་ནོར་བ་དེ་བཞིན་ཉིད་གང་ཡིན་པ་དེ་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གཞན་མ་ཡིན་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གང་ཡིན་པ་དེ་རྟོགས་པའོ། ། 101-1-88b རྟོགས་པ་གང་ཡིན་པ་དེ་སྟོང་པ་ཉིད་དོ། །སྟོང་པ་ཉིད་གང་ཡིན་པ་དེ་ལྷག་མཐོང་ངོ་། །ལྷག་མཐོང་གང་ཡིན་པ་དེ་ཞི་གནས་སོ། །ཞི་གནས་གང་ཡིན་པ་དེ་རྣམ་པར་ཐར་པའོ། །རྣམ་པར་ཐར་པ་གང་ཡིན་པ་དེ་དབུ་མའི་ལམ་ཡིན་ ནོ། །དབུ་མའི་ལམ་གང་ཡིན་པ་དེ་ལ་མཐའ་གཅིག་མེད། མཐའ་གཉིས་མེད། གཟུང་བ་མེད། འཛིན་པ་པོ་མེད། འཛིན་པ་མེད། ཆད་པ་མེད། རྟག་པ་མེད། སྐྱེ་བ་མེད། འགག་པ་མེད། རྟོག་པ་མེད། རྣམ་པར་རྟོག་པ་མེད། རང་དབང་ མེད། གཞན་གྱི་དབང་མེད། འགྲོ་བ་མེད། འོང་བ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད། འདུ་བ་མེད། འབྲལ་བ་མེད་དེ། དེ་ནི་ལྷག་མཐོང་ཡིན་ནོ། །ལྷག་མཐོང་གང་ཡིན་པ་དེ་ལ་ཕུང་པོ་རྣམས་མེད། ཁམས་རྣམས་ མེད། དབང་པོ་རྣམས་མེད། སྐྱེ་མཆེད་རྣམས་མེད། ཡུལ་རྣམས་མེད། ཡུལ་དུ་གདགས་པ་མེད། ལས་མེད། ལས་ཀྱི་འབྲས་བུ་མེད་དོ། །གང་ལ་ལས་མེད་ཅིང་ལས་ཀྱི་འབྲས་བུ་མེད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཡིན་པ་དེ་ཆོས་སོ། །ཆོས་གང་ཡིན་པ་དེ་མི་སྐྱེ་མི་འཆི་ འོ། །མི་སྐྱེ་མི་འཆི་བ་གང་ཡིན་པ་དེ་ནམ་མཁའ་དང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྟན་པ་བཤད་པ་འདི་ནི་ཤིན་དུ་ཟབ་སྟེ། འདི་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་ཡང་མེད་ན། འཇིག་རྟེན་པའི་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས། ཆོས་ཀྱི་རྣམ་གྲངས་འདི་ནི་དགེ་བའི་རྩ་བ་མ་བསྐྱེད་པ་དང་། མོས་པ་རྐྱང་བ་ཐམས་ཅད་ ཀྱིས་ཤེས་པ་དགའ་བ་སྟེ་གཞན་དུ་ན་འདི་དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་དུ་གྱུར་པ་ནི་མ་གཏོགས་སོ། །དེ་ལ་དེ་བཞིན་གཤེགས་པའི་སྤྱན་ནི་དམིགས་པ་མེད་པ་གནས་པ་མེད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་ 101-1-89a བ་པའི་བདག་པོ་ལག་ན་རྡོ་རྗེས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ ཡིན་པ་དེ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་མེད་དོ། །དེ་བཞིན་གཤེགས་པའི་མཚན་ཉིད་མེད་དོ། །ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པ་མཚན་ཉིད་མེད་པ་མིན། དེ་ལ་ཇི་ལྟར་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ཞིང་དེ་བཞིན་གཤེགས་པ་ཞེས་བསྟན་ཅིང་དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་ལེགས་པར་བརྒྱན། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གསུམ་རྣམ་པར་གཞག་པར་བལྟ། ཇི་ལྟར་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་ རྩ་གཉིས་ཤེས་བྱ་བ་དེ་ནི་ཀུན་རྫོབ་ཀྱི་བརྡའི་ཚིག་གོ། །བརྒྱན་ཅེས་བྱ་བ་དེ་ནི་སྤྲོས་པའི་ཡི་གེ་དང་སྒྲའོ། །དཔེ་བྱད་བཟང་པོ་ཞེས་བྱ་བ་དེ་ནི་སྒྱུ་མ་དང་། རྨི་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་ བ་དེ་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །སྐུ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ་དེ་ནི་ཚོགས་གཉིས་ཀྱིས་སྤྲུལ་པའི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཡང་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའི་ཡུལ་ ཏེ། དེ་ལ་སྐུའི་གསང་བ་ཞེས་བྱ་བ་དེ་ནི་བསོད་ནམས་ཆེན་པོའི་རྒྱུ་མཐུན་པའི་མཚན་ཉིད་དོ། །བསོད་ནམས་ཀྱི་རྒྱུ་མཐུན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་རྫོགས་པར་ལོངས་སྤྱོད་པའི་སྐུ་སྟེ། འདི་ཡང་དེ་བཞིན་གཤེགས་ པའི་སྐུའི་ཕྲིན་ལས་དང་སྐུའི་གསང་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གསུང་ཞེས་བྱ་བ་དེ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་མཚན་ཉིད་དོ། །ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་མཚན་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་ 101-1-89b པའི་སྤྲུལ་པའི་སྐུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པར་འཇུག་པ་ཐུགས་སུ་ཆུད་པ་ཡིད་ཀྱི་རྣམ་པར་ཤེས་པའི་ལམ་གྱིས་འཇུག་པ། བསམ་གཏན་གོམས་པར་བྱས་པས་ཤེས་པར་བྱ་བ་སྟེ། དམིགས་ པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བས་སྟོང་པ། ལུས་ཀྱི་ཡུལ་མ་ཡིན་པ། ངག་གི་སྤྱོད་ཡུལ་མ་ཡིན་པ། ཡིད་ཀྱི་རང་གི་ངོ་བོའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནམ་མཁའི་ ཁམས་སུ་ཡང་དག་པར་འདུ་བའོ། །དེ་བཞིན་གཤེགས་པའི་སྐུ་གསུམ་རྣམ་པར་གཞག་པ་དེ་ལྟར་བལྟ་བར་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །ཆོས་ ཀྱི་སྐུ་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་དུ་བལྟའོ། །དབུ་མའི་ལམ་གང་ཡིན་པ་དེ་ནི་མི་སྐྱེ་མི་འཆི་བ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཀྱི་སྐུ་འདི་ནི་གནས་པ་ཉིད་དོ། །བཙུན་པ་ ཤཱ་ར་དྭ་ཏིའི་བུ་བསོད་ནམས་ཀྱི་རྒྱུ་མཐུན་པ་ཞེས་བྱ་བ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དག་གི་རྣམ་གྲངས་སུ་གཏོགས་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཡང་བསོད་ནམས་ཀྱི་རྒྱུ་མཐུན་པ་ཉིད་ཏུ་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་ར་དྭ་ ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཕྱི་ནང་གི་དངོས་པོ་རྣམ་པ་གཉིས་ཡོངས་སུ་བཏང་བར་བྱ་བའོ། །དེ་ལ་ཕྱི་ཞེས་བྱ་བ་དེ་ནི་ཀུན་རྫོབ་ཀྱི་ཚིག་གོ། །ནང་ཞེས་བྱ་བ་དེ་ནི་དོན་དམ་པའི་ཚིག་གོ། དེ་ལ་ཕྱི་ཞེས་བྱ་བ་དེ་ནི་གང་ཟས་ འདོད་པ་རྣམས་ལ་ཟས་དང་། སྐོམ་འདོད་པ་རྣམས་ལ་སྐོམ་དང་། དེ་བཞིན་དུ་བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། ས་དང་། མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། རྐང་དང་། ཚིལ་དང་། རུས་པའི་བར་དུ་སྦྱིན་པ་སྟེ། དེ་ཡང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པས་ཡོངས་སུ་བསྔོས་པ་རྣམ་པར་སྨིན་པ་ལ་མི་རེ་བ་དང་། གྱ་ནོམ་པ་དང་། 101-1-90a རྒྱ་ཆེ་བ་དང་། རང་གི་བསྟི་སྟང་དུ་བྱས་ཏེ་རྣམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་པ་འདི་ནི་ཕྱིའི་འོ། །ནང་གིས་ནི་ཆོས་སྦྱིན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་ཡང་དག་པར་ གཞོལ་བ་དང་། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བཟོད་པའི་གཏམ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་གཏམ་དང་། སྙིང་རྗེས་ཡོངས་སུ་ཟིན་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འདུ་བའོ། །གཞན་ཡང་ནང་གི་སྦྱིན་པ་ནི་གང་འདི་མཐར་འཛིན་པ་དང་། སྐྱེ་བ་དང་། འགག་པར་ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཤེས་པ་དང་། ཤེས་བྱ་རྣམ་པར་སྤངས་པ་དགའ་བས་ཡོངས་སུ་ཟིན་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འདུ་བ་སྟེ་འདི་ནི་ཆོས་ཀྱི་སྦྱིན་པའོ། །གང་འདི་ཉིད་ལ་ལུས་དང་། ངག་དང་། ཡིད་རྒོད་པ་མེད་པ་དང་། ཁེངས་པ་མེད་པ་དང་། ལུས་ རྣམ་པར་གཡེང་བ་མེད་པ་དང་། ངག་རྣམ་པར་གཡེང་བ་མེད་པ་དང་། ཡིད་རྣམ་པར་གཡེང་བ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ། གཅིག་ཏུ་ཉོན་མོངས་པ་མེད་པར་གནས་པ། བཏང་སྙོམས་ཀྱིས་ཡོངས་སུ་ཟིན་ པ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་འདི་ཉིད་ལ་རང་གི་ལུས་དང་སྲོག་ལ་མི་ལྟ་བར་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། ཆོས་དང་། ཆོས་མ་ཡིན་ པ་དང་། བདེན་པ་དང་། བདེན་པ་མ་ཡིན་པ་དང་། གཡོ་བ་དང་། མི་གཡོ་བའི་དངོས་པོ་རྣམ་པར་སྤོང་ཞིང་བྱམས་པས་ཡོངས་སུ་ཟིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་འདིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་སྦྱིན་པ་ དང་། ཚུལ་ཁྲིམས་དང་། བཟོད་པ་དང་། ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་སེམས་སྤྲོ་ཞིང་རྩོམ་པ་དང་། ཡོངས་སུ་མི་སྐྱོ་བར་རྟག་ཏུ་གནས་པ་མེད་པ་དང་། དེ་དམིགས་པ་མེད་པ་དང་། བྱམས་པས་ཡོངས་སུ་ཟིན་པ་ཡེ་ཤེས་ཀྱི་ཕ་ 101-1-90b རོལ་ཏུ་ཕྱིན་པ་ཡང་དག་པར་འདུ་བ་འདི་ནི་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་བཞིན་གཤེགས་པའི་རྫོགས་པར་ལོངས་སྤྱོད་པའི་སྐུའི་གསང་བ་གྲུབ་པར་བྱེད་ པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་དག་ཉིད་རྟོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་འབྱེད་པ་དང་། འགྲེལ་བ་དང་། གསལ་བར་བྱེད་པ་དང་། དེ་ལ་གཞོལ་ཞིང་མི་རྟག་པ་ དང་། བདག་མེད་པ་དང་། སྟོང་པ་དང་། གསོབ་དང་། གསོག་དང་། དངོས་པོ་མེད་པ་དང་། དངོས་པོ་ཐམས་ཅད་དངོས་པོ་མེད་པར་ཡང་དག་པར་སྟོན་ཏོ། །མདོར་བསྡུ་བ་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་ པ་དང་། ཉེ་བའི་ཉོན་མོངས་པ་སེལ་ཅིང་ཆོས་ཀྱི་དབྱིངས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་མཉམ་པར་ཡང་དག་པར་སྟོན་ཏེ། དམིགས་པ་བྲལ་བ་འདི་ནི་འདིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཕྱི་མའི་མཐའ་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཉིད་གང་ཡིན་པ་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་ཡེ་ཤེས་ཀྱི་ཚོགས་སོ། ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། ཚོགས་འདི་གཉིས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། ཤེས་པ་དང་། ཤེས་བྱ་མཐའ་དག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ རྟོགས་པར་བྱེད་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བ་དག་གི་མདོར་བསྡུས་ཏེ་བསྟན་པའོ། །རྒྱ་ཆེར་རྣམ་པར་དབྱེ་བ་ནི་གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་སྐུ་ཚེའི་ཚད་བསྐལ་པར་ བཞུགས་ཏེ་བསྟན་ཅིང་བཤད་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །སྐུའི་གསང་བ་ཇི་ལྟ་བ་བཞིན་དུ་གསུང་གི་གསང་བ་ཡང་དེ་བཞིན་ནོ། །ཐུགས་ཀྱི་གསང་བ་ནི་དེ་བཞིན་གཤེགས་པས་རྣམ་པ་དང་། སོ་སོའི་རྣམ་པ་དང་། ཁ་དོག་དང་། 101-1-91a རྟགས་དང་། དབྱིབས་དང་། ངག་གི་རྣམ་པར་རྟོག་པའི་སྤྱོད་ཡུལ་དང་། བྱ་བ་ཐ་དད་པའི་སྦྱོར་བ་རྣམས་ཀྱིས་ཀྱང་བསྟན་པར་མི་སྤྱོད་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པའི་ཐུགས་ཀྱི་གསང་ བ་ཡིན་པར་ཤེས་པར་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ནི་དེའི་ཕྱིར་རྣམ་གྲངས་འདིས་ཀྱང་དེ་ལྟར་རིག་པར་བྱ་སྟེ། བདག་ཅག་ལྟ་བུ་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་ཀྱིས་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པའི་བསམ་པ་དང་། ལྷག་པའི་བསམ་པ་དང་། མོས་པ་དང་། བློ་གྲོས་དང་། བློ་དང་། རྟོགས་པ་དང་། མངོན་བར་འདོད་པ་མཐའ་ ཡས་མུ་མེད་པ་དང་། སེམས་ཀྱི་རྒྱུན་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་རྗེས་སུ་འགྲོ་བའི་སྤྱོད་ཡུལ་དང་། སྐྱེ་གནས་སྣ་ཚོགས་དང་། ལྷན་ཅིག་སྐྱེས་པའི་ལས་སྣ་ཚོགས་དང་། མི་ཤེས་པ་དང་། མ་རིག་པའི་མུན་པ་དང་། མི་སྣང་ བ་དང་། མུན་ནག་དང་། འགྲོ་བ་ལྔ་དང་། འགྲོ་བ་དྲུག་དང་། ཁམས་གསུམ་པ་ཐོག་མ་དང་། དབུས་དང་། འཇིག་པར་གནས་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་མ་ཆད་པར་གནས་པར་དུས་གསུམ་དང་། ཕྱོགས་ ལ་མགོ་རྨོངས་པ་སྐྱེ་བ་དང་། རྒ་བ་ལ་སོགས་པ་ན་བ་དང་། ནད་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པས་ཉིན་གཅིག་བཞིན་དུ་བཅོམ་པའི་སེམས་ ཅན་རྣམས་ཀྱི་སེམས་ཅན་གྱི་ཁམས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཆོས་ཀྱི་ རྣམ་གྲངས་འདི་ལ་གཟུད་པ་དང་། གནས་པ་ཐམས་ཅད་གྱུར་པའི་ལམ་ལ་དགོད་པ་དང་། མྱ་ངན་ལས་འདས་པ་ཤིན་དུ་བདེ་བ། དོན་དམ་པ། ཞི་བ། འཁྲུག་པ་མེད་པ། དགེ་བ། ནད་མེད་པ་དང་། སངས་རྒྱས་ 101-1-91b བཅོམ་ལྡན་འདས་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མི་མཉམ་པ་དང་མཉམ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྦྱར་བ་དང་། ཡང་དག་པར་ འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། དགའ་བ་དང་། དང་བ་དང་། མགུ་བའི་ས་ལ་ཡང་དག་པར་གཟུད་པ་དང་། ཆོས་རྟོགས་པའི་ཁྱད་པར་བརྗོད་པ་དང་། རྒྱ་མཚོ་ ཆེན་པོ་ལྟར་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་དང་། ཚོད་ལས་མི་འདའ་བར་བྱ་བ་དང་། དེ་དག་ལ་རྒྱུ་དེའི་དབང་དུ་བྱས་ཏེ་སྐྱེ་བོའི་ཚོགས་ཆེན་པོའི་དོན་དང་། ཕན་པ་དང་། བདེ་བ་དང་། ལྷ་དང་། མི་རྣམས་ ཀྱི་དོན་དང་། ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་ཀྱི་ཚུལ་གཅིག་ནས་གཅིག་ཏུ་བརྒྱུད་དེ་གནས་པར་བྱ་བ་དང་། གཅིག་ནས་གཅིག་ཏུ་ལུང་བྱིན་པས་ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་དང་། ཡེ་ ཤེས་གོམས་པ་རྣལ་འབྱོར་དུ་གྱུར་པའི་རྒྱུད་ཀྱི་རྒྱུན་མི་གཅད་པ་དང་། སྐལ་བ་ཡོད་ལ་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱ་བའི་འོས་སུ་གྱུར་པའི་དོན་གྱི་ཕྱིར་ཕྱོགས་ཙམ་གྱི་སྒོ་གཅིག་མདུན་དུ་བྱས་ཏེ་འཇུག་པར་བྱེད་ པ་ཆུང་ཟད་ཅིག་བཤད་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བར་གྱུར་ཏེ་དགའ་བ་ཐོབ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །གང་གི་ཕྱིར་ཁོ་བོ་ཅག་ལྟ་བུ་ཉི་ཚེ་བའི་ཤེས་པ་དང་ལྡན་པ་གཞན་གྱིས་སྒྲ་བསྒྲགས་པའི་རྗེས་སུ་འགྲོ་བའི་ཉན་ཐོས་རྣམས་ལ་ཆོས་ཟབ་མོའི་ཚིག་དོན་འདི་ལྟ་བུ་གསལ་བར་བྱས་པ་ ནི་རིགས་ཀྱི་བུ་ཁྱོད་ཡང་ལེགས་སོ། །ལག་ན་རྡོ་རྗེས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདིའི་མིང་ཅི་ཞེས་བྱ་ཞེས་དེ་སྐད་ཟེར་བ་ནི་ཏིང་ 101-1-92a ངེ་འཛིན་འདིའི་མིང་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ། ཕྱག་གཡས་པ་འཇམ་ཞིང་མཉེན་ལ་ཤིན་ཏུ་གཞོན་ཤ་ཆགས་ པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་མགོ་ལ་གཞག་སྟེ། ཆེད་དུ་བཀའ་བསྩལ་པ་འདི་དག་ཀྱང་ཆེད་དུ་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་གང་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་དག་གསང་བ་པའི་ ཚིག་གི་དོན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ལུང་བསྟན་ཅིང་བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་བ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པས་ལག་ན་རྡོ་རྗེ་ལ་ཇི་ལྟར་ལེགས་སོ་ཞེས་བྱ་བ་བྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ མགོ་ལ་ཕྱག་གཞག་སྟེ། ཆེད་དུ་བཀའ་སྩལ་པ་འདི་དག་ཀྱང་ཆེད་དུ་བཀའ་སྩལ་ཅིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་མང་པོ་དག་ན་མིང་འཛིན་པ་ཡང་དཀོན་ན་ རབ་ཏུ་གསལ་བར་བྱེད་པ་ལྟ་ཅི་སྨོས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷའི་བུ་གང་གཱའི་ཀླུང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཤིན་དུ་འདས་པ་ སྙེད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རབ་ཏུ་མང་པོ་དག་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པ་ཉིད་དུ་བྱ་བའི་ཕྱིར་བླ་ན་ 101-1-92b མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་གཞན་དཔག་ཏུ་མེད་ཅིང་གྲངས་མེད་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་ པ་དག་ཀྱང་རྣམ་པ་དྲུག་དུ་གཡོས་སོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཡང་ཆོས་ཀྱི་དགབ་པ་དང་། མཆོད་པའི་ཕྱིར་ནམ་མཁའི་དཀྱིལ་ན་རྔ་རྣམས་མ་བརྡུངས་པར་ཀུན་ནས་སྒྲ་བྱུང་ངོ་། །བྱང་ཆུབ་སེམས་དཔའི་ རྫུ་འཕྲུལ་གྱི་གཞལ་མེད་ཁང་གི་ཁང་པ་བརྩེགས་པ་རྣམས་སུ་ཀུན་ནས་སིལ་སྙན་དང་ཕེག་རྡོབ་པ་དང་གླུ་དབྱངས་བླངས་པས་ལྷའི་བུ་མོ་རྣམས་གར་བྱེད་དོ། །སྤོས་དང་། བྱུག་པ་དང་། བདུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དཔག་བསམ་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། མེ་ཏོག་པད་མ་དང་། ཀུ་མུ་ད་དང་། ཨུཏྤ་ལ་དང་། དྲི་མཆོག་དང་། སྣ་མའི་མེ་ཏོག་ དང་། པ་རི་ཤ་ཀ་དང་། པ་རི་ཤ ཀ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། མཱན་དཱ་ར་བ་དང་། མཱན་དཱ་ར་བ་ཆེན་པོ་དང་། མཉྫུ་ཤ་ཀ་དང་། མཉྫུ་ཤ་ཀ་ཆེན་པོ་དང་། ཀུན་ནས་སྐྱེས་དང་། ཀུན་ནས་སྐྱེས་ཆེན་ པོའི་མེ་ཏོག་གི་ཆར་གྱི་སྤྲིན་ཀུན་ནས་མངོན་པར་བབ་བོ། །སྤོས་ཆུའི་ཆར་གྱི་སྤྲིན་ཡང་མངོན་པར་བབ་པོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། གནོད་ སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མ་མོའི་གདོན་གྱི་ཚོགས་དང་། འབྱུང་པོ་དང་། བརྗེད་བྱེད་དང་། སྐེམ་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་དང་། མ་མོ་དང་། ཡི་དགས་དང་། ཤ་ཟ་དང་། བྲམ་ཟེའི་སྲིན་པོ་དང་། མཁའ་འགྲོ་མ་དང་། ཕྱོགས་དང་། ཕྱོགས་མཚམས་དང་། མཁར་དང་། རི་དང་། སའི་ལྷ་ལ་སོགས་པ་སྡང་བ་གདོན་དགེགས་དང་། 101-1-93a ལོག་འདྲེན་ཐམས་ཅད་དང་། དེ་མ་ཡིན་པ་གཞན་ཡང་ལྷ་དང་། མི་དང་། མི་མ་ཡིན་པ་དག་བླ་གོས་རྣམས་ཕྲག་པ་གཅིག་ཏུ་བཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་བདག་ཅག་གཟིར་ཅིང་ཉེ་བར་གཟིར་བས་རིག་སྔགས་འཆང་ཐམས་ཅད་ལ་དངོས་གྲུབ་སྩོལ་བ་དང་། དམ་ཚིག་ཐམས་ ཅད་འཛིན་དུ་འཇུག་པ་ལ་ཡང་དག་པར་སྣང་བར་བགྱིད་པར་འགྱུར་བ་རང་གི་སྙིང་པོ་འདི་བདག་ཅག་ལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ལ་སོགས་པ་ལྷའི་ཚོགས་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་གང་གི་ཕྱིར་ཁྱེད་ཅག་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱེད་རང་གི་སྙིང་པོ་བསྟན་པར་བྱའོ། ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷའི་རྔ་བོ་ཆེ་དང་། རྒྱ་མཚོ་དང་། སྤྲིན་ཆེན་པོའི་སྒྲ་ལྟ་བུའི་གསུང་ཚངས་པ་ཆེན་པོའི་སྒྲ་བས་ལྷག་པ་སྣ་ཚོགས་པ་ སྙན་ཅིང་རྒྱ་ཆེ་ལ་ཟབ་པ། ཐོག་མ་དང་། བར་དང་། ཐ་མར་དགེ་བ། སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་འཐད་པ། གསལ་བ། འཇེབས་པ། དག་པ། མཉེན་པ། སྙན་པ་བརྗོད་པའི་ཚིག་ཁམས་གསུམ་པ་ཐམས་ཅད་ལ་ གོ་བར་བྱེད་པ། དེ་བཞིན་གཤེགས་པའི་སེང་གེའི་སྒྲ་བླ་ན་མེད་པ་དེས་གྲུབ་པའི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ། ཛ་ཡ་བ་ཧ། ཙི་ལི་ཙི་ལི། མི་ལི་མི་ལི། ལུ་ཊུ་ལུ་ཊུ། ཛ་ཡེ་བི་ཛ་ཡེ། ཛ་ཡནྟི། བི་ཛ་ཡནྟི། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཏདྱི་ཏེ། སརྦ་དུཥྚ་པྲ་དུཥྚ་སྟམ་ 101-1-93b བྷ་ནི། ཛམ་བྷ་ནི། མོ་ཧ་ནི། ཤྭེ་ཏེ་ཀ་རཱ་ལེ། ཀེ་ཡཱུ་རེ། སརྦ་བུདྡྷ་ཨ་དྷི་ཏེ་བནྡྷ་རཱ་བཱ་སི་ནི། བརྞ་ཤ་བ་རི། ཤྲི་ཡེ་མ་ཧཱ་ཤྲི་ཡེ་སརྦ་ཨདྦྷཱུ་ཏཱ་ཡ་ཤྲི་ཡེ། པད་མ་བ་ཧེ། པད་མ་མཱ་ལི་ནི། བཛྲ་ཨང་ཀུ་ཤི། བཛྲ་མ་ཏེ། བཛྲ་པཱ་ཏཱ་ལི། ཤཱུ་ལི་ནི། བཛྲ་དྷ་རེ། ཧི་ཧི་ཧི་ཧི། བཛྲ་པཱ་ཎི། ཧེ་ཧེ་ཧེ་ཧེ། བཛྲ་པ་ཎི། བཛྲ་ཤཱུ་ལི་ནི། ཙཀྲ་དྷ་རེ། ཧི་ཧི། བཛྲ་པཱ་ཎི། ཧེ་ཧེ་བཛྲ་པཱ་ཎི། ཧི་ཧི་ཧི་ཧི། ཧེ་ཧེ་ཧེ་ཧེ། བཛྲ་པཱ་ཎི། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ། དྷ་མ་ དྷ་མ། ས་ར་ས་ར། ཧཱ་ཧཱ་ཧཱ་ཧཱ་ཧཱ། ཙི་ལི་མི་ལི། ཚི་ལེ། དི་ལེ། དི་དི་ལ། དི་མི་ལེ། ཛ་ལེ། མ་ཧཱ་ཛྭ་ལེ། ཛ་ལི་ཏི། པྲ་ཛྭ་ལི་ཏི། ཋ་ར་ཐག་གེ་ཐ་རེ། མུ་གུ་ཏི། ཀྵ་མེ། ཀྵ་མ་མེ། གྲུབ་པའི་ཚོགས་ཀྱིས་ཕྱག་བྱས་མ། ལྷ་ཐམས་ ཅད་ཀྱི་སྙིང་ཀུན་དུ་འཇུག་པར་བྱེད་མ། སེམས་ཅན་ཐམས་ཅད་ཀྱི་སྙིང་འབིགས་མ། སྡང་བ་རབ་ཏུ་སྡང་བ་ཐམས་ཅད་ཀྱི་སྙིང་འཇོམས་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྗེས་སུ་སྐྱོང་མ། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་སྙིང་པོ་ལ་འཇུག་མ་ཚུར་ཤོག །དམ་ཚིག་རྗེས་སུ་སྐྱོངས་ཤིག །སེམས་ཅན་ཐམས་ཅད་ཀྱི་སྙིང་རྣམས་ཁུག་ལ་དམ་ཚིག་ལ་ཁོད་ཅིག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་སྭཱ་ཧཱ། འཇིག་རྟེན་མཁྱེན་པ་ ཐམས་ཅད་ལ་ཕྱག་འཚལ་ལོ་སྭཱ་ཧཱ། ཏྲ་ཊ་ཏྲ་ཊ། སྥོ་ཊ་ཡ་སྭཱ་ཧཱ། གྱེན་དུ་ལྟ་ལ་སྭཱ་ཧཱ། རྣམ་པར་ལྟ་ལ་སྭཱ་ཧཱ། ཆུ་སྲིན་ལ་སྭཱ་ཧཱ། མེ་ལ་སྭཱ་ཧཱ། ཚངས་པ་ལ་སྭཱ་ཧཱ། ཁྱབ་འཇུག་ལ་སྭཱ་ཧཱ། དྲག་པོ་རྣམས་ལ་སྭཱ་ཧཱ། བརྒྱ་བྱིན་ལ་ སྭཱ་ཧཱ། འཇིག་རྟེན་སྐྱོང་བ་རྣམས་ལ་སྭཱ་ཧཱ། ཐམས་ཅད་ལ་སྭཱ་ཧཱ། ལྷ་རྣམས་ལ་སྭཱ་ཧཱ། ནོར་རྣམས་ལ་སྭཱ་ཧཱ། མ་མོ་རྣམས་ལ་སྭཱ་ཧཱ། མཚུན་རྣམས་ལ་སྭཱ་ཧཱ། བགེགས་དང་ལོག་འདྲེན་རྣམས་ལ་སྭཱ་ཧཱ། ས་ལ་སྭཱ་ཧཱ། དབྱངས་ཅན་ལ་སྭཱ་ཧཱ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། སྲིན་པོ་ལ་སོགས་པ་ཁམས་གསུམ་ཐམས་ཅད་དུ་ 101-1-94a གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྭཱ་ཧཱ། ཚུར་ཤོག་ཚུར་ཤོག །དམ་ཚིག་རྗེས་སུ་སྐྱོངས་ཤིག །ཀུ་རུ་ཀུ་རུ། ས་ར་ས་ར། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཧཱུྃ་ཡཱུྃ་པཱུྃ། ཙཎྜ་ལི། མ་ཏང་གི་བྲཧྨ་ཎི། པུཀྐ་ སི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། དེ་བཞིན་གཤེགས་པས་རང་གི་སྙིང་པོ་དང་། ལྷ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་པ་ན་ཐམས་ཅད་དང་ ལྡན་པའི་ལྷའི་འཁོར་དེ་འཇིགས་སྔངས་སྐྲག་པར་གྱུར་ནས། ཆུ་ཤིང་གི་ཚུལ་རླུང་དྲག་པོ་ཆེན་པོས་བསྐྱོད་དེ་རྩ་བ་བཅད་པ་བཞིན་དུ་གཡོ་ཞིང་འགུལ་ལ་སྙིང་ཚིག་སྟེ། རྡོ་རྗེའི་ཕུར་བུས་བཏབ་པ་བཞིན་དུ་གཟུགས་ཤིང་ཞིག་ལ་འགྲེ་ ཞིང་སྐྱབས་བཙལ་བའི་ཕྱིར་འདུ་ཤེས་ཙམ་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་འབོད་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལྷའི་འཁོར་འདི་སློང་ཤིག ། ངས་དམ་ཚིག་འདི་ཡོངས་སུ་འཛིན་དུ་གཞུག་གོ། །རིག་སྔགས་གྲུབ་པ་འབྱོར་པར་བྱེད་པའི་སྙིང་པོ་ལ་གཞོལ་བ་བསྒྲོགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསང་བ་པའི་སྙིང་པོ་འདིས་ ལྷའི་འཁོར་དེ་དག་ཐམས་ཅད་བསླང་ངོ་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ༀ་ཀི་ལི་ཀི་ལི། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བཅོམ་ ལྡན་འདས་འདི་ནི་བདག་གི་སྙིང་པོ་མཆོག་ཏུ་གསང་བ་ལགས་ཏེ། རིག་སྔགས་ཐམས་ཅད་འགྲུབ་པར་བགྱིད་པ་ལགས་སོ། །དེས་ནི་བདག་ཀྱང་དྲངས་ནས་གཞན་གྱིས་མ་བཏང་བར་མཆིའོ། །དབང་དུ་མཆིའོ། ། དངོས་གྲུབ་སྩལ་བར་བགྱིའོ། །ལུང་བཞིན་བགྱིའོ། །བསྲུང་བར་བགྱིའོ། །དཔལ་བསྐྱེད་པར་བགྱིའོ། །བགེགས་དང་ལོག་འདྲེན་ཐམས་ཅད་རྣམ་པར་གཤིག་གོ། །སེམས་ཅན་ཐམས་ཅད་ 101-1-94b གདུལ་བར་བགྱིའོ། །འབྱུང་པོ་ཐམས་ཅད་རྣམ་པར་གཤིག་པར་བགྱིའོ། །ནད་ཐམས་ཅད་བསལ་བར་བགྱིའོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །བཅོམ་ལྡན་འདས་བདག་གི་སྙིང་པོ་མཆོག་ཏུ་ གསང་བ་འདི་ནི་འདི་ནས་བསྐལ་པ་གྲངས་མ་མཆིས་པ་གསུམ་དུ་དཀའ་བ་སྤྱོད་པ་ཆེན་པོ་བགྱིད་པ་ན་གནོད་པ་བགྱིད་པ་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་རྣམ་པར་གཙེས་པའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཛིན་མོ་ལྟར་བློས་རྣམ་པར་བསྒྱིངས་ཤིང་རྣམ་པར་རོལ་པ་མངོན་ཤེས་དྲི་ཞིམ་སྣང་དཔལ་གྱིས་བདག་ལ་བསྲུང་བའི་སླད་དུ་སྩལ་ཏོ། །གསང་བ་པའི་ བདག་པོ་ལག་ན་རྡོ་རྗེས་སྙིང་པོ་མཆོག་ཏུ་གསང་བ་འདི་སྨྲས་མ་ཐག་ཏུ་འཁོར་དེ་ཐམས་ཅད་བསམ་གཏན་གྱི་དགའ་བ་དང་བདེ་བས་ཚིམ་པར་གྱུར་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་དམ་ཚིག་གི་བསྟན་པ་ལ་ གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །འཛིན་དུ་ཆུག་ཤིག །ཀུན་ཆུབ་ པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེས་སེམས་ཅན་མང་པོ་ལ་ཡུན་རིང་པོར་ཕན་པ་དང་། བདེ་བ་དང་། ཐ་མར་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པ་ཆགས་ པ་མེད་པ་སྒྲིབ་པ་མེད་པ་ཐོབ་ཅིང་རྟོགས་པར་འགྱུར་རོ། །སུ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། འཛིན་དུ་འཇུག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་ རབ་ཏུ་སྟོན་པ་དང་། མཆོད་པ་དང་། ཡི་གེར་འབྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཁ་ཏོན་བྱེད་པ་དང་། ཉན་པ་དང་། སེམས་པ་དེ་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ 101-1-95a པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །རིགས་དམའ་བ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །དབུལ་པོའི་ རིགས་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། ཤེས་རབ་མེད་པར་ཡང་མ་ཡིན། མ་དུལ་བར་མ་ཡིན། ཚེ་ཐུང་བར་མ་ཡིན་ཞིང་ཚེ་རབས་ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་རོ། །ཐོས་པ་ འཛིན་པར་འགྱུར་རོ། །རབ་ཏུ་དབེན་པ་ལ་མངོན་པར་དགའ་བར་འགྱུར་རོ། །འཁོར་ངན་པ་ཅན་མ་ཡིན་པར་འགྱུར་རོ། །ཚིག་གཟུང་བར་འོས་ཤིང་སྙན་པར་འགྱུར་རོ། །སྐལ་བ་བཟང་ཞིང་གཟུགས་བཟང་བར་འགྱུར་རོ། ། ཤེས་རབ་ཆེན་པོ་དང་། སྤོབས་པ་ཆེན་པོ་དང་དབང་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ལ་མཁས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། །སྡིག་ པའི་གྲོགས་པོ་ཡོངས་སུ་སྤོང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ ཆེ་ཞིང་མཐའ་ཡས་པ་ལ་རྫུ་འཕྲུལ་དང་ལྡན་པར་འགྱུར་རོ། །ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། །ཚེ་འདི་ཉིད་ལ་བགེགས་དང་། ལོག་འདྲེན་དང་། རིག་སྔགས་འཆང་གྲུབ་པ་ དང་། འབྱུང་པོ་དག་དང་། གདོན་གྱི་ཚོགས་དང་། མ་མོ་དང་། ཡི་དགས་དང་། ཤ་ཟ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་ སོགས་པ་ཐམས་ཅད་ཀྱིས་མི་ཐུལ་བར་འགྱུར་རོ། །དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་འཆི་བའི་དུས་བྱེད་ 101-1-95b པར་མི་འགྱུར་རོ། །དེ་ལ་རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་ཀྱང་བསྲུང་ཞིང་སྦེད་པ་དང་། ཡོངས་སུ་སྐྱོབ་པར་འགྱུར་རོ། །དེའི་རྩོམ་པ་ཐམས་ཅད་ཀྱང་སླ་བར་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་ལ་ཞུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་ མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་དུ་བསྟན་པ་ཞེས་བྱ་བར་ཟུང་ཤིག ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྲིབ་པ་མེད་པ་བསྐོར་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ལ་མཁས་པ་ཞེས་བྱ་བར་ཡང་ཟུང་ཤིག །བདུད་ཀྱི་དཀྱིལ་འཁོར་ཐམས་ ཅད་འཇོམས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག །བདུད་ཀྱི་ཕྱོགས་འདུལ་བ་ཞེས་བྱ་བར་ཡང་ཟུང་ཤིག །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་རབ་ཏུ་རྟོགས་པ་ཞེས་ བྱ་བར་ཡང་ཟུང་ཤིག །དམ་པའི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བར་ཡང་ཟུང་ཤིག །རིག་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། དམ་ཚིག་ཐམས་ཅད་ལ་རབ་ཏུ་འཇོག་པ་ཞེས་བྱ་བར་ཡང་ཟུང་ཤིག །ལག་ན་ རྡོ་རྗེའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག །རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ཤེས་བྱ་བར་ཡང་ཟུང་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་ལེགས་སོ་ཞེས་གསོལ་ཏེ་མངོན་པར་དགའ་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། 101-1-96a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །༄༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཨ་ཛི་ཏི་ཨ་ན་ལ་པྲ་མོ་ཧ་ནཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་འཕམ་པ་མེ་ལྟར་ རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རིན་པོ་ཆེའི་ཁང་པ་བརྩེགས་པ་ཅན་ གྱི་རིའི་གངས་རི་སུལ་གྱི་མཆོག །རི་རབ་ཀྱི་སྨད་དང་རྐེད་ལྟར་གསེར་གྱི་རྡོ་སྣ་ཚོགས་ཀྱི་གང་ཞིང་རེ་འུར་བྲེས་པ་འབར་བ། རིན་པོ་ཆེའི་རྡོ་དུ་མའི་འོད་སྣ་ཚོགས་འཇའ་ལྟ་བུ་བྱུང་བའི་རྡོ་ལེབ་ཡངས་པ། མེ་ཏོག་དྲི་ཞིམ་པོ་བཀྲམ་ཞིང་ ཕྱེ་མ་དང་། བདུག་པ་དྲི་ཞིམ་པ་མང་པོས་ཕུག་གི་ནང་དང་ནགས་བསྒོས་པ། གདུགས་དང་། ཨ་ག་རུ་དང་། ཕྱེ་མ་དང་། དྲིལ་བུ་དང་། བླ་རེས་མཛེས་པར་བྱས་པའི་རི་བོ་མཆོག་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ལྷ་རྣམས་ དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་ 101-1-96b དང་། སྲིན་པོ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་ཁྱབ་པར་བྱེད་པ་རྒྱ་ཆེན་པོ་ དག་གིས་དཔག་ཚད་ལྔ་བརྒྱར་འཁོར་གྱི་དཀྱིལ་འཁོར་དུ་གྱུར་པར་འདུས་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང་། དགེ་སློང་ཁྲི་ཉི་སྟོང་ལྔ་བརྒྱ་དང་ཐབས་གཅིག་གོ། །བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་བདེ་བ། འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ། །དེ་ན་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མིའམ་ཅི་རྣམས་དང་། སྲིན་པོ་རྣམས་དང་། སྲིན་པོའི་བུ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་ དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་རྣམས་རྣམ་པར་རྒྱུ་ཞིང་ཀུ་ཅོ་དང་། འཇིགས་པ་དང་ཉམ་ ཐག་པའི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་དག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་བཞིན་བཟངས་དག་ཅིའི་ ཕྱིར་ཀུ་ཅོ་དང་། འཇིགས་པ་དང་། ཉམ་ཐག་པ་དང་། འཁྲུག་པའི་སྒྲ་འབྱིན། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གི་དབང་དུ་བགྱིས་ཏེ། གནོད་པ་དང་དྲང་བས་བཀུག་ཅིང་དྲངས་ཏེ་ཐོ་བརྩམས་ ན། བཅོམ་ལྡན་འདས་བསྐྱབ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར་ཡངས་པ་སྟོན་པའི་མཆོག་གི་བློ་གྲོས་དང་། བློ་དང་། ལས་དང་། 101-1-97a ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་ས་གཞན་ཐོབ་པ་རྒྱལ་ཚབ་དུ་ཉེ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་དགོངས་པར་མཛད་པ་ཙམ་གྱིས་འོངས་ ཏེ། རྡོ་རྗེའི་ཟོམ་ལྟར་དཔུང་མགོ་ཡངས་པ། རྡོ་རྗེ་ལྟར་མཁྲེགས་པའི་ཅོད་པན་འོད་ཟེར་འཚེར་བ་ཅན། རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་སྲ་བ་དང་། ལག་ན་རྡོ་རྗེ་དང་། ཞགས་པ་དང་། ལག་ན་བརྟན་པོ་ འབར་བ་ཐོགས་པ། རྡོ་རྗེ་ཕུར་བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་དུ་སྣང་བར་བྱེད་ཅིང་རྡོ་རྗེའི་རིགས་ཀྱི་གཞོན་ནུ་དང་། རྡོ་རྗེའི་བེ་ཅོན་དང་། རྡོ་ རྗེའི་སྙིང་པོ་དང་། རྡོ་རྗེའི་ཏོག་དང་། རྡོ་རྗེའི་སྣང་བ་དང་། རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེའི་རྡོ་རྗེ་དང་། གསང་བའི་རྡོ་རྗེ་དང་། འཁོར་ལོ་རྡོ་རྗེ་ལ་སོགས་པ་དང་། རྡོ་རྗེའི་དམག་དཔོན་ཆེན་པོ་རྣམས་དང་། དམག་སྐྱོང་རྣམས་དང་། ས་སྐྱོང་རྣམས་དང་། རྡོ་རྗེ་རིག་པའི་རྒྱལ་པོ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང་། རྡོ་རྗེའི་ཡུལ་རྣམས་དང་། རྡོ་རྗེ་རྣམ་པར་འདྲེན་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེ་གཞོན་ནུའི་གདོན་ རྣམས་དང་། རྡོ་རྗེ་གནོན་པོ་རྣམས་དང་། རྡོ་རྗེ་རྨི་ལམ་ངན་བྱེད་རྣམས་ཡང་དག་པར་སྐུལ། རྣམ་པར་སྐུལ་ཞིང་འཁོར་གྱི་ཁྱམས་ཆེན་པོར་འདུས་པ་ཐམས་ཅད་ལ་ཀུན་དུ་སྣང་བར་བྱེད། རྣམ་པར་སྣང་བར་ བྱེད། གསལ་བར་བྱེད། རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་སྐུལ། སོ་སོར་སྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་ཕུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་འཆང་ཁྱོད་སོང་ལ་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། 101-1-97b ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ནམ་མཁའ་ལྡིང་གི་བུ་རྣམས་དང་། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་ཉམ་ཐག་པ་མྱོང་བ་རྣམས་ཀྱི་བསམ་ པ་རྫོགས་པར་གྱིས་ཤིག །དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། འབྱུང་པོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་རྡོ་རྗེའི་མཚོན་ཆའི་མེ་ སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང་། མེ་སྟག་རྣམ་པར་འཕྲོ་བ་དང་། ལྕེ་འབེབས་ པའི་གློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏོ། དེ་ནས་བསྐལ་པ་ཆེན་པོ་ལྔར་རྨི་ལམ་དང་། ཆུ་དང་། གང་གཱའི་ཀླུང་གི་བྱེ་མའི་གྲངས་ཀྱི་ཚད་ཙམ་དག་གིས་མདངས་དང་། གཟི་བརྗིད་དང་། ཚངས་པར་ སྤྱོད་པ་དང་། གཙང་མ་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། རང་གི་ལོངས་སྤྱོད་ཐམས་ཅད་ལས་བྱུང་བའི་ལས་གྲུབ་པའི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེའི་ལག་ཏུ་བྱིན་ཏོ། ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབ་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། སྙིང་རྗེ་བྱེད་པ། རང་གི་རྡོ་རྗེ་དང་། རིགས་ཀྱི་རིག་པ་དང་། དཀྱིལ་འཁོར་དང་། བཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང་། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་གདུལ་དཀའ་རྣམས་འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྱུ་དང་ལྡན་པ་རྣམས་རྨུགས་པར་བྱེད་པ་དང་། 101-1-98a སྡང་བ་རྣམས་སྐྱོད་པ། རྨོངས་པ་རྣམས་འཇིག་པ། དམ་པོ་རྣམས་རྩད་ནས་འདོན་པ། རྒྱས་པ་རྣམས་སྦུར་མར་གློག་པ། ཡོན་པོ་རྣམས་སྲོང་བ། གཅོད་པ་རྣམས་སྙིང་རྗེས་བྱེད་པ། འབྱུང་པོ་རྣམས་ སྐྲག་པར་བྱེད་པ། སྲིན་པོ་རྣམས་སྔངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུས་པ་རྣམས་སྟོན་པར་བྱེད་པ། གསོད་པར་བྱེད་པ་གསོད་ པ། གནོད་པར་བྱེད་པ་ཕུང་བར་བྱེད་པ། དེ་དེར་སོང་ནས་ལྷ་རྣམས་དང་། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་བ་དྲག་པོ་གྲུབ་པ་དང་། ཁྱབ་འཇུག་པ་ཁྱབ་འཇུག་གྲུབ་པ་དང་། ལྷ་མ་ཡིན་པ་ལྷ་ མ་ཡིན་གྲུབ་པ་དང་། དེ་དག་སྤྱིར་སྐུལ་ཞིང་དཀྱིལ་འཁོར་དུ་འཇུག །བསྐྱོད་པར་བྱེད། མཐུ་སྟོན་པར་བྱེད། རྗེད་པར་བྱེད། རྣམ་པར་སྐྲག་པར་བྱེད་དོ། །སྟོབས་བཅུས་དགོངས་པ་བཀའ་སྩལ་པའི་ རྡོ་རྗེ་འཆང་གིས་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གསུང་བ་དང་། གཟུངས་འདིའི་སྟོབས་དང་། བདེན་པའི་བྱིན་གྱི་རླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོ་ལས་བྱུང་བའི་འོད་ཟེར་ རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས། འོད་དེས་དེ་རབ་ཏུ་དགའ་སྟེ་རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་ས་གསུམ་གྱི་སྟོན་གྱི་སྐར་མ་དང་། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས་སྣང་བ་གཅིག་ པུར་བྱེད་ཅིང་རྒྱ་མཚོ་ཆེན་པོ་ནི་སྐེམས། རིའི་རྒྱལ་པོ་རི་རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང་། ལྕེ་འབེབས་པའི་འབྲུག་ནི་བསྒྲགས། སྒྲ་དྲག་པོ་ནི་ཕྱུང་། བསྒྱིངས་པའི་སྒྲ་ནི་བསྒྲགས། སྐྲག་ པར་བྱས་སོ། །དེ་ན་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུགས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་ན་འདུག་པ། སྐྲ་ཚོགས་གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་བ་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ 101-1-98b ལྡན་འདས་མ་དེས་ལན་གསུམ་བསྐོར་བ་བྱས་ནས། ཡིད་ལས་ཆེས་མགྱོགས་པའི་ཤུགས་འོད་འཕྲོ་ཞིང་འབར་བ་ལྟ་བུར་དྲག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབས་སུ་ སོང་ངོ་། །དེ་འོངས་པ་དང་། འཕགས་པ་རྡོ་རྗེ་འཆང་གིས་སྨྲས་པ། སྐལ་པ་ཆེན་པོ་དགེ་མ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་དང་ལྡན་མ། འདི་དག་ལ་ལག་ཆ་དང་འཐུན་པར་བྱ་བའི་སྟོབས་ བྱིན་ཅིག །དེ་ནས་གཟུངས་ཀྱིས་སྨྲས་པ། འདི་དག་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་ཚིག་ཏུ་སྨྲས་སོ། །ཐོར་ཚུགས་གསུམ་མ། ས་གསུམ་དང་། དུས་གསུམ་དང་། དྲག་ པོའི་རྩེ་གསུམ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། གཤིན་རྗེའི་བེ་ཅོན་དང་། ལུས་ངན་གྱི་དབྱུག་ཐོ་དང་། དབང་པོའི་རྡོ་རྗེ་དང་། ཆུ་ལྷའི་ཞགས་པ་དང་། ལོག་འདྲེན་རྣམས་ཀྱི་བགེགས་དང་། ལྷ་མ་ཡིན་ རྣམས་ཀྱི་སྒྱུ་དང་། རླུང་ལྷ་རྣམས་ཀྱི་གཟི་དང་། ཤུགས་དང་། གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང་། མ་མོའི་ཚོགས་རྣམས་ཀྱི་གཅོད་པ་དང་། ཀླུ་རྣམས་ཀྱི་དམ་ཚིག་དང་། དུག་དང་། ཁྲོ་བོ་དང་། གནོད་ སྦྱིན་དང་། སྲིན་པོ་དང་། མི་འམ་ཅི་དང་། ཤ་ཟ་དང་། འབྱུང་པོ་དང་། ཚངས་པའི་སྲིན་པོ་དང་། གྲུལ་བུམ་དང་། བདེན་བྲལ་དང་གནོན་པོ་དང་། རོ་ལངས་ཀྱི་སྐབས་སུ་རྒོལ་བ་རྣམས་དང་། དེ་བཞིན་དུ་ཐམས་ ཅད་ཀྱང་སྐྱོངས་ཤིག །མིག་གི་འཛུམས་པ་ཙམ་གྱིས་ཡུད་ཙམ་ལ་ཐམས་ཅད་མཆོད་ནས་ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་ པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷི་དྷཱ་ར་ཎི། མ་ཧཱ་ཨ་བར་ཏ་ཡི་ཥྱཱ་མི། ཨ་ཧི་བཛྲེ། ཀུ་ཊི་ལེ། ཀུ་ཊི་པཱ་བ་ཀཱ་ཀུ་ལ་ཤི་ཁི། ཀ་བི་ལ་ཀེ་ཤི། ཏ་ཊི་ཙི་ཊི་མ་ཊ་ནི། ཀརྐ་ཌ་ 101-1-99a མུ་ཊི་བཊྚི་བཛྲེ། མ་ཧཱ་བི་དྷུལློ་ལོ་ལེ། བུ་གུ་པུ་ལུ། སུ་མུ་སུ་མུ། ས་ར་ས་ར། ཕཊ་ཕཊ། སུ་དྱོ་ཏེ། པིཾ་ག་ལེ་ཙི་ཏེ། བི་ཙ་ཊི། ཛྭ་ལ་པིཾ་ག་ལེ། སརྦ་དེ་བ་ག་ཎ། པྲ་ཧ་ར་ཎ་མཱ་ཡཱ། སིདྡྷ་དཱ་ཡི་གེ་ སུ་རུ་ཀེ། སུ་རུ་ཀེ། བཛྲ་གོ་ཎེ། བཛྲ་ཌི་ཌྷ། སཱ་ར་པྲ་ཧ་ཎེ། རཏྣ་ཏྲ་ཡ། དེ་ཀྲ་ལ་བུདྡྷེ་ཏེ། བཛྲ་དྷ་ར་བི་ཤྭ་ས་ནི་ཀ །ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་ཀློག་གམ། སྒོམ་འམ། འཛིན་པ་དེ་ཐོས་ན་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དམ་ཚིག་དང་ཕྱག་རྒྱ་ལ་ཞུགས་པར་ འགྱུར་རོ། །བསམ་པ་དང་རྗེས་སུ་ཡི་རང་བས་འགུགས་པར་བྱེད་དོ། །དུག་དང་། གསང་སྔགས་དང་། མདུད་པ་དང་། རྡེག་པ་དང་། འཆིང་བའི་འཇིགས་པ་ལ་སོགས་རྣམ་པར་སྐྲག་པར་བྱེད་དོ། །དེ་ནས་ལྷ་དང་། ལྷའི་བུ་ དེ་དག་གི་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་བ་ནས་སྟེང་གི་གནས་གཙང་མ་དང་། འོག་མིན་གྱི་ལྷ་དང་། འཇིག་རྟེན་གྱི་ཁམས་ གཞན་ན་གནས་པ་དག་གིས་འོད་དང་ལྡན་པའི་མེ་ཏོག་དང་། བདུག་པའི་སྤྲིན་དང་རིན་པོ་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་བསྟོད་པ་སྙན་པས་བསྟོད་དེ། སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང་། བསིལ་བ་དང་། བསོད་ ནམས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ 101-1-99b ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། ༄༅། ། རྒྱ་གར་སྐད་དུ། བཛྲ་སཱུཀྵྨ་ཨ་པྲ་ཏི་ཧ་ཏ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་ ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཁྲོ་བོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་རིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སངས་རྒྱས་ཀྱི་མཐུས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བས་བཞིན་རབ་ཏུ་འབར་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་འདུག་ གོ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་ལས་བྲམ་ཟེའི་ཁྱེའུ་ཅིག་བྱུང་སྟེ། གསང་བ་པའི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ། རིག་པའི་བདག་པོ། གཟུངས་ཀྱི་བདག་པོ། ལྷའི་ གནས་གསུམ་པོ་དག་ན་ལྷ་ཉམ་ཆུང་བ་དང་། ཀླུ་ཉམ་ཆུང་བ་ལ་ཟིལ་གྱིས་གནོན་པ་དྲག་པོས་རབ་ཏུ་གཞོམ་པའི་གསང་སྔགས་དང་། རིག་སྔགས། གཟུངས་སྔགས་རྣམས་རབ་ཏུ་བརྗོད་དུ་གསོལ། ལག་ན་རྡོ་རྗེས་ སྨྲས་པ། བྲམ་ཟེའི་ཁྱེའུ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ང་ཡིས་བདེ་གཤེགས་ཁྲོ་བོ་ཐམས་ཅད་ཀྱིས་རྟག་ཏུ་བརྗོད་པའི་ཡང་སྙིང་འདི་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དཱ་ར་ཡ་དཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་ བཛྲ། ཧཱུྃ་ཕཊ་ཐཱ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ་ཐཱ། བྲམ་ཟེའི་ཁྱེའུ་གང་ལ་ལ་ཞིག་གིས་བདེ་གཤེགས་བདུད་རྩི་འཁྱིལ་པའི་ཆ་བཟུང་སྟེ། ཁྲོ་བོ་ 101-1-100a ཐམས་ཅད་ཀྱི་རྡོ་རྗེའི་ཚིག་འདི་རབ་ཏུ་སྨྲ་ཞིང་། བ་སྤུའི་བུ་ག་ཐམས་ཅད་ནས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་སྤྲུལ་ཏེ་ཕྱོགས་བཅུར་སྤྲོས་ན། སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ངན་པ་བྱང་། ཚེ་དང་བསོད་ ནམས་རབ་ཏུ་རྒྱས་ཏེ། དགྲ་དང་། དུག་དང་། དུས་མ་ཡིན་པར་འཆི་བ་ལས་རྣམ་པར་ཐར་ནས། གང་ཞིག་གིས་དམིགས་པའི་རྒོལ་བ་ངན་པ་ལ་ཙིམ་ག་དྷ་སྤྲིན་གྱིས་བཤིག་པའམ། སྐྱུ་རུ་ར་རློན་པ་གསེར་གྱིས་ གཞིབས་པ་བཞིན་དུ་དམིགས་ཏེ། རྡོ་རྗེའི་ཚིག་འདི་སྨྲ་ཞིང་། རྡོ་རྗེ་ཕྲ་མོ་སྤྲོས་པས་དེ་དག་གི་ཕུང་པོ་ལྔ་དབང་པོ་ལྔ་མྱུར་དུ་བརླག་པར་འགྱུར་རོ། །ལྷས་སྨྲས་ན་ལྷའི་ཟླ་བ་གཅིག་གམ། ལོ་ལྔ་ན་ལྷ་མ་ཡིན་མགོ་ འགས་པར་འགྱུར་རོ། །དགེ་སློང་གིས་སྨྲས་ན། བདུད་ཀྱི་མཚོན་ཆ་རྣམས་མྱུར་དུ་བཏུལ་བར་འགྱུར་རོ། །མིས་བརྗོད་ན་གང་ལ་དམིགས་པ་དེ་མིའི་ཟླ་བ་གཅིག་གམ། མིའི་ལོ་ལྔ་ན་ངེས་པར་བརླག་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་དང་། བྲམ་ཟེའི་ཁྱེའུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་ཚངས་པའི་སྐད་ཕྱུང་སྟེ། རྡོ་རྗེའི་ཚིག་འདི་ལྷ་གནས་གསུམ་པོར་ བསྒྲགས་སོ། །རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། རྫོགས་སྷོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ད་ཤ་བཛྲ་པཱ་ཎི་ཧྲྀ་ད་ཡ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་ བཅུའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གནོད་སྦྱིན་གྱི་སྡེ་ 101-1-100b དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུའི་མིང་ཤེས་སམ། རུས་ཤེས་སམ། གསང་སྔགས་ཤེས་པ་དེ་ལ་བྱད་ཀྱིས་མི་ཚུགས་སོ། །གནོད་སྦྱིན་དག་རྣམ་པར་འཚེ་བར་མི་འགྱུར་རོ། །སྲིན་པོ་རྣམས་དང་། ལྷག་མ་ཟ་བ་རྣམས་དང་། གདུག་པ་ཟ་བ་རྣམས་འཚེ་བར་མི་འགྱུར་རོ། །ཕྱིས་འཇོག་པ་རྣམས་ཀྱང་གནོད་པར་མི་འགྱུར་རོ། །ཏདྱ་ཐཱ། ཨུ་ཀི་རི་མ་ཀི་རི། མི་རཱི་ཙ་པ་ཤ་པ་རི། ཨུ་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལི་མེ། ཨི་ལི་མ་ལི་མེ། ཧེཀྐེ། དྷེཀྐེ། ཧུཀྐེ། དྷུ་དྷུ་རེ། པྲ་དྷ་རེ། ཨ་ལམ་ཕ་ལེ། ཕཱ་ལམ་ཕ་ལེ། ཁུ་ཁུ་མེ་ཏི་ཀུ་མེ་ཏུ་མེ། ཁི་རི་ཁི་རི། སཱ་དྷ་སཱ་དྷ། སརྦ་བཀྐྭ་ལེ། བན་དྷ་མ་བཀྐྭ་ལེ། ཀུན་དགའ་བོ་གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས་བདག་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ཡང་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་ བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་བ་ཐོབ་ཤིག །འདི་ལྟ་སྟེ་རྒྱལ་བ་ཁྱུ་མཆོག་དང་། འབྲོག་གནས་དང་། གངས་གནས་ དང་། ལྔས་རྩེན་དང་། ནོར་བུ་བཟང་པོ་དང་། གྲགས་པ་བཟང་པོ་དང་། ལུས་ངན་གྱི་བུ་ས་མཛེས་བྱེད་དང་། ཕྲེང་བ་མཛེས་དང་། རྒྱལ་པོ་ཆེན་པོ་ཆོས་སྐྱོང་རྣམ་ཐོས་ཀྱི་བུ་སྟེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་ རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་འབྲང་བར་གྱུར་ནས་བདག་གཉིད་ཀྱིས་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ན་ཡང་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་ བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱིས་བཀས་གསོལ་བ་ཐོབ་ཤིག །གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། ཏད་ཡ་ཐཱ། 101-1-101a ས་ར་ས་ར་ཎེ་སྭཱ་ཧཱ། དེ་ལ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་རྣམས་ནི་འདི་དག་ཡིན་ཏེ། ཏད་ཡ་ཐཱ། ཨུ་གེ་ཏེ། ཀེ་ཏེ། སང་ཀ་ཏེ། ཨུདྡུ་ལེ། དྷ་དྷེ། ཏ་ཏེ། ཏ་པཏྟེ་སྭཱ་ཧཱ། ཙི་ཙེ་ཙི་ཙེ། ཙི་ཁེ་ ལོ་ཚེ་ན་ནེ། བྷེ་ད་ནི། སརྦྦ་བི་དྱཱ་ཙྪེ་ད་ནི། སརྦ་ཀྲྀ་ཏ། ཀཱ་ཁོརྡོ། པ་ར་ཀྲྀ་ཏ་ནཱ་ཤ་ནི། དེ་ལ་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་དམ་པ་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨ་ལེ་ལཀྵེ་། ཨ་ཀེ། བ་ཀེ། ལཀྵེ་སྭཱ་ཧཱ། ཏདྱ་ཐཱ། ཧུ་ཏུ་ཧུ་ཏུ། ཧུ་ཏུ་ཏུ། བི་ཏུ་བི་ཏུ། བི་ཏུ་ཏུ། གཙྪ་གཙྪ། སབྟ། པ་ཏ་ཧ་ཏ་ཡེ་སྭཱ་ཧཱ། ན་མོ་བྷ་ག་བ་ཏོ་བུདྡྷྱ་སྱ་སིདྡྷྱ་ནྟུ་མནྟྲ་པ་དཱ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་ སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པ། ། ༄༅། །རྒྱ་གར་སྐད་དུ། བཛྲ་ཏུཎྜ་ནཱ་མ་ནཱ་ག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག་གོ ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ ལྡན་འདས་གྲོང་ཁྱེར་ཆེན་པོ་གཡོག་འདོར་ན་བཞུགས་ཏེ། འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས་པ་ཀླུའི་འཁོར་དང་། ལྷ་དང་མིའི་ཚོགས་ཀྱི་འཁོར་ཆེན་པོ་ལ་སེམས་ཅན་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཏེ། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་བདེ་བར་བྱེད་པའི་ཆོས་སྟོན་ཏོ། །ཏིལ་དང་འབྲས་སྐོང་བ་དགེ་བར་བྱེད་པའི་ཆོས་སྟོན་ཏོ། དེ་ནས་གྲོང་ཁྱེར་དེ་ནས་བྲམ་ཟེའི་ཁྱེའུ་ཁྱབ་མ་སྤྱན་ཞེས་བྱ་བ་ཕྱུག་པ་ནོར་ཆེ་བ། 101-1-101b ལོངས་སྤྱོད་ཆེ་བ། རྫས་དང་ཡོ་བྱད་མང་པོ་ཕུན་སུམ་ཚོགས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ། སྔགས་ལ་འཇུག་པ། སྔགས་གྲུབ་པ་ཞིག་འདུག་སྟེ་དེ་ཡང་ཡང་དང་ཡང་དུ་ཀླུ་འགུགས་ཞིང་ མེའི་སྦྱིན་བསྲེག་བྱེད་དོ། །བྲམ་ཟེ་དེའི་ལོ་ཏོག་སྨིན་ཀར་ཆར་ཆད་པར་གྱུར་ནས། དེས་ང་རྒྱལ་གྱི་སྒྲས་སྔགས་བརྗོད་པ་དང་འཐུན་པས་འདི་སྐད་ཅེས་བདག་གིས་ཆར་པའི་རྒྱུན་དབབ་ཅིང་ཀླུ་དགུག་པར་བྱའོ་ཞེས་སྨྲས་ཏེ། དེས་མེའི་སྦྱིན་བསྲེག་བྱ་བར་བཤམས་ནས་ཏིལ་དང་། འབྲས་དང་། ཡུངས་ཀར་རྣམས་འབྲུ་མར་ཚ་བ་དང་བསྲེགས་ཏེ་སྦྱིན་བསྲེག་བྱེད་དོ། །དེ་ནས་ཀླུ་མི་བསྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྕགས་ཀྱི་ཕུར་ བུ་ལ་བསྔགས་ནས་ཀླུའི་སྤྱི་བོར་བཏབ་པ་དང་། ཀླུའི་སྤྱི་བོ་གས་ནས་སྡུག་བསྔལ་གྱི་ཚོར་བ་ཆེན་པོར་གྱུར་ཏོ། །ཀླུ་དེ་ཡང་ཆེར་འཁྲུགས་ཏེ་ཁྲོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀླུས་ཁྱབ་པར་བྱེད་པའི་ཤུགས་ ཀྱིས་ཆེར་གནོད་ཅིང་རྡུལ་འབྱུང་བའི་འོད་ཟེར་ཚ་བ་རང་གི་ལུས་ལས་བཀྱེ་སྟེ་གནོད་པ་ཆེན་པོས་ཁེབས་པར་བྱས་ནས་བྲམ་ཟེ་དེའི་ཞིང་ཚིག་པར་བྱས་སོ། །དེ་ཡང་ལྕེ་འབབ་པའི་ཆར་གྱི་རྒྱུན་ཆེན་པོ་བྲམ་ཟེའི་ལུས་ལ་ཕབ་ ནས་བྲམ་ཟེ་དེ་མགོན་མེད། སྐྱབས་མེད། དཔུང་གཉེན་མེད་དེ། མེའི་སྦྱིན་བསྲེག་བྱེད་པ་བཏང་ནས་དེ་བཅོམ་ལྡན་འདས་ལ་མགོན་དང་སྐྱབས་དང་དཔུང་གཉེན་བཙལ་ཏེ་འབྲོས་པར་བསམས་ནས་བཅོམ་ལྡན་ འདས་ཀྱི་དྲུང་དུ་བརྒྱུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུ་ཁྲོ་བོ་དག་གིས་སྲོག་མ་རུངས་པར་བགྱིད་ པར་འཚལ་ཏེ་སྐྱབས་སུ་ཡང་མ་མཆིས་ན། བཅོམ་ལྡན་འདས་བསྐྱབ་དུ་གསོལ། །བདེ་བར་གཤེགས་པ་བསྐྱབ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེན་པོ་དེ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་ 101-1-102a སྩལ་ཏོ། །བྲམ་ཟེ་ཆེན་པོ་མ་འཇིགས་ཤིག །ངས་ཁྱོད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་བྱའོ་ཞེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་ དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟིགས་སུ་གསོལ། མངོན་སུམ་དུ་གྱུར་བཞིན་དུ་ཡང་ཀླུ་མི་བགྲུངས་པས་ལོ་ཏོག་མ་རུངས་པར་བགྱིད་ན། བཅོམ་ལྡན་འདས་ཁྱོད་ཡོངས་སུ་ མྱ་ངན་ལས་འདས་ཀྱི་སླད་ན་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་རྟེན་ནི་སུ་ལགས། ཇི་ལྟར་འགྱུར། བཅོམ་ལྡན་འདས་ལོ་ཏོག་ཐམས་ཅད་ཀྱི་དོན་དུ་ལོ་ཏོག་རྣམས་ཚིམ་པར་འགྱུར་བ་དང་། ཀུན་དུ་ བསྲུང་བ་དང་། རབ་ཏུ་འཕེལ་བར་བགྱིད་པར་འགྱུར་བ་ལོ་ཏོག་ཡོངས་སུ་སྐྱོང་ཞིང་ཀླུ་བཟློག་པ་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ། །ལག་ན་རྡོ་རྗེས་ཀླུ་རབ་ཏུ་ འགྲོ་བར་བྱེད་པའི་སྙིང་པོ་སྦས་པ་རྡོ་རྗེ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡོད་དེ་ངས་བཤད་ པར་བྱའོ། །དེས་མྱུར་དུ་གནོད་པ་བཀག་པའི་ཕྱིར་ལོ་ཏོག་ཐམས་ཅད་མྱུར་དུ་བསྐྱང་བར་འགྱུར་རོ། །ལེགས་པར་བསྲུངས་པར་འགྱུརོ། །མེའི་རི་སུལ་ཆེན་པོ་སོ་སོ་ཕྱོགས་བཅུ་ཀུན་ནས་ཀླུ་ཐམས་ཅད་ཀྱི་མཚམས་ བཅད་པར་འགྱུར་རོ། །མེ་ལྕེ་འབར་བའི་རིམ་པའི་སྤྲིན་ཆེན་པོ་ནམ་མཁའ་ལྡིང་འདབ་མ་གདེངས་པའི་ཤུགས་ཞེས་བྱ་བའི་སྤྲིན་གྱི་རིམ་པས་ནམ་མཁའ་ཁེབས་པར་བྱེད་དོ། །ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ ཀུན་དུ་བསྲུང་སྟེ་གནས་པར་འགྱུར་རོ། །དེས་ཀླུ་ལ་སོགས་པ་ཐམས་ཅད་ཀུན་དུ་རབ་ཏུ་འབར་བར་འགྱུར་རོ། །ཀླུ་མི་བགྲུངས་པ་རྣམས་ཕུང་བར་འགྱུར་རོ། །འདུམ་པར་འགྱུར་རོ། དེ་ནས་བཅོམ་ལྡན་འདས་ལ་གནོད་ 101-1-102b སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་གཟུངས་ཆེན་པོ་འདིའི་སྔགས་ཀྱི་ཚིག་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ ཀྱིས་སྙིང་པོ་འདི་བཀའ་སྩལ་ཏོ། །ན་མོ་བྷ་ག་བ་ཏེ། སརྦ་བུདྡྷཱ་ནཱན། ན་མོ་བྷ་ག་བ་ཏེ་ཤཱཀྱ་རཱ་ཛཱ་ཡ། ཨོཾ་ཛྭ་ལ་ཛྭ་ལ། གི་རཱི་བ་བྷ་ནི། དིཔྟ་པེ་ག་མ་ཧཱ་བ་དེ་བྷ་ག་བ་ཏེ་མ་ཧཱ་ཙཎྜ་ཧྲི་ད་ཡ་ས་ལི་ན། ཧུ་རུ་ཧུ་རུ། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་ས་སྱ་ནཱ་ཤ་ཡ། ནཱ་ག་ཀུ་ལ་བང་ཤན་དྷ་ར་དྷ་ར་པྲ་ས་ར་ཙཎྜ་བེ་ཀ་མ་ཧཱ་བ་ལ་པ་རཱ་ཀྲ་མ་སྤུ་རི་ཏ་རཽ་དྲ་བག་དྲ། མ་ཐ་མ་ཐ། པྲ་ཛྭ་ལ་མཱ་ལ་དྷཱ་ར་ཎཱི། ཙཎྜ་བེ་ག་བ་ཏི། པྲ་པ་ར་བི་མནྡྷཱ་ར་ཎཱི། ཧཱུྃ་ ཧཱུྃ། བ་ལ་བ་ཏི། བེ་ག་བ་ཏི། ས་ར་ས་ར། བི་ས་ར་བི་ས་ར་ས་རནྟི། སརྦ་ས་དྲི་སྱན་ནཱ་མ་དྲི་བན་ཡ་དྲི། པུ་ཡ་ཕ་ལ་ཕཊ། དྲ་སནྡྷཱ་ར་ཎཱི། ཨ་པ་སརྦན་དུ་སརྦ་ནཱ་ག་ཏོ་ཥ་སརྦ་བ་བྷ་བ་བྷ་ནི། བ་ག་ཏ་བྷ་ག་བ་ཏི་སྭཱ་ཧཱ་ ཧཱུྃ་ཧཱུྃ་ཕཊ། ནཱ་ག་བི་ས་ར་ཎི་ཕཊ། ཛྭ་ལ་མཱ་ལི་ནི་ཕཊ། ཛྭ་ལ་མ་ལཱ་ནི་ཕཊ། ཕཊ་ཕཊ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་ཀླུ་ཐམས་ཅད་དང་། ཀླུ་མི་བགྲུངས་པ་ཐམས་ཅད་མ་རུངས་པར་བྱེད་པའི་རིག་པ་འདི་བཤད་ མ་ཐག་ཏུ་ཀླུ་དང་ཀླུ་ཆེན་པོ་ཐམས་ཅད་ཀླད་པ་ན་བར་གྱུར། ལུས་རུལ་ཏེ་ལུས་རྣགས་ཤིང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ནོངས་པ་བགྱིས་མི་དྲན་དུ་ལགས་ཀྱིས་ཀྱང་། བཅོམ་ལྡན་འདས་རིག་འཛིན་གནོད་པ་བགྱིད་པས་བདག་ཅག་ལ་བརྙས་པ་ དང་། རྡེག་པ་དང་། འཆིང་བ་དང་། སྐྲོད་པ་དང་། གནོད་པ་དེའི་ཚེ་བཅོམ་ལྡན་འདས་ཀླུ་མི་བགྲུངས་པ་རྣམས་འཁྲུགས་ཏེ། དེའི་ཚེ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་མ་རུངས་པར་བགྱིད། སེར་བ་འབབ་པར་ 101-1-103a བགྱིད། སད་དང་ཀླུང་གིས་འཁྲུག་པར་བགྱིད། ཧ་ཅང་ཆར་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ལགས་པར་ཆར་བབ་པར་བགྱིད་དོ། །བཅོམ་ལྡན་འདས་རིག་པ་འཛིན་པ་སྔགས་སྨས་པས་བྱམས་པ་ལ་ གནས་པར་བགྱི། བྱམས་པའི་གོ་བགོ་བར་བགྱི། བྱམས་པའི་རལ་གྲི་ལག་ན་ཐོགས་པར་བགྱི་སྟེ། བྱམས་པས་གནོད་པ་བགྱིད་པ་ཐམས་ཅད་ཞི་བར་བགྱིའོ། །བཅོམ་ལྡན་འདས་དེང་སླན་ཆད་དེ་བཞིན་གཤེགས་པའི་ སྤྱན་སྔར་བདག་ཅག་དམ་བཅའ་བར་འཚལ་ཏེ། གང་ན་རིག་པའི་རྒྱལ་མོ་འདི་རབ་ཏུ་སྤྱོད་པ་དེར་བཅོམ་ལྡན་འདས་ཀླུ་རྩེ་བར་མི་བགྱིད་དོ། །གང་ན་སྙིང་པོའི་གཟུངས་འདིས་བསྲུང་བར་བགྱིས་པ་དང་། ཡོངས་སུ་བསྐྱབ་པ་ དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བར་བགྱིས་པ་དང་། སྲད་བུ་བྲེ་བ་དང་། མཚམས་དགུམ་པ་དང་། དཀྱིལ་འཁོར་གྱི་ས་རིས་གཅད་པར་བགྱིས་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་རྒྱུན་དུ་གནོད་པ་ ཐམས་ཅད་བཟློག་པར་བགྱི་འཚལ་ལོ། །ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ཀུན་དུ་བསྲུང་བར་འཚལ་ལོ། །ཡོངས་སུ་བསྐྱང་བར་འཚལ་ལོ། །ཐ་ན་རྐུན་པོ་དང་། གཡོ་ཅན་དང་། རི་དགས་དང་། བྱ་རྣམས་ ཀྱང་ཀུན་དུ་བསྲུང་བར་འཚལ་ཏེ། སླད་ཀྱིས་ཀྱང་མ་རུངས་པར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀླུའི་བདག་པོ་དག་ལེགས་སོ་ལེགས་སོ། ། ཁྱེད་ཀྱིས་དེ་ལྟར་གྱིས་ཤིག །ཁྱེད་ཀྱིས་འཛམ་བུའི་གླིང་འདི་ལེགས་པར་བསྲུངས་བས་བསྲུང་བར་གྱིས་ཤིག །དེ་ནས་དེའི་འོག་ཏུ་ཆོ་གར་བྱ་བ་ལས་ཐམས་ཅད་བྱེད་པ་དགེ་བར་བྱ་བ་བརྗོད་པར་བྱའོ། །ལོ་ཏོག་ལ་ གནོད་པར་བྱེད་ན་དེའི་ཚེ་རིག་པ་འཛིན་པས་ཞིང་གི་དབུས་སམ། ཁང་སྟེང་ངམ། གནས་མཐོན་པོར་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཕྱོགས་བཞིར་བུམ་པ་བཀང་བ་བཞི་བཞག་གོ། །མེ་ཏོག་སིལ་མས་གཅལ་ 101-1-103b བཀྲམ་སྟེ་བཞག་གོ། །གཟུགས་འཁྱིལ་པ་བདུན་བྱའོ། །འབྲས་ལས་བྱས་པའི་འཁྱིལ་པ་བདུན་བྱས་ཏེ། གཟུགས་རེ་རེ་ཞིང་ཡང་གཟུགས་ཉི་ཤུ་རྩ་རེ་བྱའོ། །འབྲས་དང་འོ་ཐུག་བསྲེས་པ་དང་། ཞོ་དང་། འོ་མ་བཞག་ པར་བགྱིའོ། །ཕྱོགས་བཞིར་དྲིལ་བུ་བཞག་པར་བྱའོ། །པད་མ་ལྟ་བུར་ཟན་གྱི་གཏོར་མ་སྔ་མ་བཞིན་བཞག་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེན་པོ་བཞག་སྟེ་བ་ལས་བྱུང་བ་ལྔ་དང་། འོ་མ་དང་ཆུས་ དགང་ངོ་། །ཡུངས་ཀར་དང་། འབྲས་ཡོས་བླུགས་པར་བྱའོ། །སྔགས་ལན་དྲུག་བཅུར་ཡོངས་སུ་བཟླས་པར་བྱའོ། །སེང་ལྡེང་གི་ཕུར་བུ་བཞི་དང་། ལྕགས་ཀྱི་ཕུར་བུ་གཅིག་བྱ་སྟེ། ཐམས་ཅད་སོར་བརྒྱད་ཀྱི་ ཚད་དུ་བྱའོ། །བ་སེར་སྐྱའི་ལྕི་བ་འམ། བག་ཕྱེ་ལས་བྱས་པའི་ཀླུའི་གཟུགས་བཞི་བྱ་སྟེ། དཀྱིལ་འཁོར་གྱི་གྲྭ་བཞིར་བཞག་པར་བྱའོ། །སེང་ལྡེང་གི་ཕུར་བུ་དེ་དག་ཀྱང་སྙིང་གར་ནུབ་པར་གཟུགས་སོ། ། སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཤར་ཕྱོགས་སུ་ཀླུ་མགོ་བདུན་པ་བཞག་པར་བྱའོ། །ནུབ་ཕྱོགས་སུ་མགོ་བརྒྱད་པའོ། །ལྷོ་ཕྱོགས་སུ་མགོ་ལྔ་པའོ། །བྱང་ཕྱོགས་སུ་མགོ་གསུམ་པའོ། ། དཀྱིལ་འཁོར་གྱི་དབུས་སུ་མགོ་དགུ་པ་བཞག་པར་བྱའོ། །པོག་ཕོར་རེ་རེ་སྟེ་ལྔ་བཞག་པར་བྱའོ། །ཡུངས་ཀར་དང་། བྲ་ཡོས་སུ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། ཕྱོགས་བཞིར་གཏོར་རོ། ། གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲྭ་བཞིར་གཟུགས་སོ། །ཞིང་གི་དབུས་སུ་ཡང་གཟུགས་སོ། །བསྐྱེད་མོས་ཚལ་གྱི་དབུས་སུ་ཡང་གཟུགས་སོ། །དེ་བཙུགས་མ་ཐག་ཏུ་ ཕྱོགས་བཞི་ཀུན་ནས་རི་སུལ་ཆེན་པོས་མཚམས་བཅད་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ། །ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་ 101-1-104a པར་བསྲུངས་པར་འགྱུར་རོ། །ཐ་ན་འདབ་མ་གཅིག་ཀྱང་སྐམས་པར་མི་འགྱུར་ན། ཡལ་ག་དང་། གདོང་བུ་སྐམས་པར་འགྱུར་བ་ལྟ་ཅི་སྨོས། སྲོག་ཆགས་ཀྱི་རིགས་རི་དགས་དང་བྱ་ཐམས་ཅད་ཀྱང་ཁ་བཅིངས་ པར་འགྱུར་རོ། །མ་རུངས་པར་བྱེད་ཀྱང་མི་ནུས་སོ། །གནས་དེར་རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །ཀླུའི་གནོད་པ་བྱས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། ། མ་རུང་པ་ཞིག་ཏུ་གྱུར་ན་དེ་ཡང་སླར་རྟས་པར་འགྱུར་རོ། །ཡང་སྟོབས་དང་། རྟས་པ་དང་། འོངས་ཡོད་པར་འགྱུར་རོ། །བུམ་པ་ཆེན་པོ་ནང་ན་ཡོད་པ་དེ་ཡང་ཞིང་དང་ཀུན་དགའ་ར་བ་དང་། བསྐྱེད་མོས་ཚལ་གྱི་ཕྱོགས་བཞི་ཀུན་དུ་ གཏོར་བ་བྱས་ན་སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ། །སྦྲུལ་དང་། བྱི་བ་དང་། ནེའུ་ལེ་དང་། བྱི་དུར་དང་། དོམ་དང་། སྦལ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། བྱི་བ་དང་། འདབ་ཆགས་རྣམས་མེད་པར་འགྱུར་རོ། ། གྲོག་སྦུར་ཐམས་ཅད་མེད་པར་འགྱུར་རོ། །ཐ་ན་ཕྱེ་མ་ལེབ་ལ་སོགས་པ་ཡང་ནམ་ཡང་མི་འབྱུང་ངོ་། །དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པའི་བར་གྱིས་ཀྱང་མ་རུངས་པར་བྱེད་མི་ནུས་ སོ། །རླན་དང་མེ་ཏོག་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྣམ་པ་དག་ཀྱང་ཕུར་བུ་མ་ཕྱུང་གི་བར་དུ་ནམ་ཡང་མི་འབྱུང་ངོ་། །ཕུར་ཕུ་མ་བྱུང་གི་བར་དུ་ཀླུའི་ཉེས་པ་རྣམ་པ་སྣ་ཚོགས་མི་འབྱུང་ཞིང་རབ་ཏུ་འབྱུང་བར་མི་འགྱུར་རོ། ། བདེ་བ་དང་ལོ་ལེགས་པ་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །རོ་ཞིམ་པ་དང་འཇམ་པར་འགྱུར་རོ། །ཀླུ་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །ཕྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱས། ལོ་ཏོག་དང་། མེ་ཏོག་དང་། འདབ་མ་དང་། ཤིང་ལྗོན་པ་རྣམས་ལ་གཏོར་ན་སྲོག་ཆགས་ཐམས་ཅད་ལྷུང་ཞིང་མེད་པར་འགྱུར་རོ། །སྲིན་བུ་ 101-1-104b ཏྲཻ་མ་བུ་ཀ་དང་། ཏྲཻ་ལ་ཏ་དང་། སྦྲུལ་གདུག་པ་དང་། རྐང་བརྒྱད་པ་དང་། སྲོག་ཆགས་ཀྱི་རིགས་གཞན་དག་ཀྱང་ཕུར་བུ་མ་བྱུང་གི་བར་དུ་མེད་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཞིང་གི་ཕྱོགས་བཞིར་ཞི་བའི་ལས་ བྱ་སྟེ། ནས་དང་། གྲོ་དང་། ཏིལ་དང་། ཡུངས་ཀར་དང་། འབྲས་དང་མར་བསྲེས་ཏེ་སྦྱིན་བསྲེག་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དག་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། ། གཟུངས་འདི་དང་། ཆོ་གར་བྱ་བ་མཐའ་དག་བྲི་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། དྲང་སྲོང་ཆེན་པོ་ཉེས་འདོར་དང་། རྡོ་རྗེ་འཛིན་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་གཟུགས་སོ། ། གཏོར་མ་དང་། མེ་ཏོག་དང་། བདུག་པ་ཡང་དབུལ་ལོ། །སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་ལན་སྟོང་ཡོངས་སུ་བཟླས་པ་བྱས་ཏེ། ཁང་སྟེང་དུ་བཙུགས་ན་རླུང་དང་། སད་དང་། སྤྲིན་དང་། སེར་བ་ཐམས་ ཅད་ཐུབ་པར་འགྱུར་རོ། །ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུངས་པར་བྱེད་པའི་སྲོག་ཆགས་རྣམས་མེད་པར་འགྱུར་ཏེ། ཤ་སྦྲང་དང་། སྦྲང་བུ་དང་། པི་ཙི་ལི་ཀ་དང་། བྱི་བ་དང་། སྦྲང་མ་དང་། ཏྲཻ་མ་བུ་ཀ་དང་། ཏྲཻ་ལ་ཏ་དང་། བི་ཤ་ཀི་ཏ་ཀ་དང་། ཉ་ཕྱིས་ཅན་དང་། ཉ་དང་། ལོ་མི་ཀ་དང་། སྦལ་པ་དང་། ནེའུ་ལེ་དང་། ཕག་དང་། ཀན་ཏ་ཀ་དང་། སེང་གེ་དང་། རྐང་མངས་དང་། རྐང་གཅིག་པ་དང་། རུ་སྦལ་དང་། གྲོག་མོ་དང་། སྦྲང་རྩིའི་སྦྲང་མ་དང་། ཐང་གི་སྦྲང་མ་དང་། བུང་བ་དང་། ནག་པོ་དང་། ཤང་ག་ནི་ཀ་དང་། སའི་འོག་ནས་བྱུང་བ་དང་། མ་ལ་ཤི་ཀ་དང་། འུག་པ་དང་། བྱི་བ་དང་། མཆུ་རིངས་ལ་ སོགས་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་མེད་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཐམས་ཅད་ཕུང་བར་འགྱུར་རོ། །བྱ་རོག་དང་། བྱེའུ་དང་། ཁུག་རྟ་དང་། ཕུག་རོན་དང་། མུ་དུ་རི་ཀ་དང་། འུག་པ་དང་། 101-1-105a ཁ་ན་ཛ་ན་དང་། ནེའུ་ཚོ་དང་། རི་སྐེགས་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ། །སྔགས་འདིས་ཕུར་བུ་ལ་ཡོངས་སུ་བཟླས་པར་བྱ་སྟེ་ཕྱོགས་བཅིང་ངོ་། །ན་མོ་བུདྡྷཱ་ཡ། ཨོཾ་ཀི་ལི་མི་ལི་ཙཎྜེ། མེ་རེ་ལི་ ཙཎྜ་ཙཎྜེ་བནྡྷ་ཡ་སྭཱ་ཧཱ། དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་བཅོམ་ལྡན་འདས་དང་ཧ་ཅང་མི་རིང་བ་ཞིག་ན་འདུག་པས་གཟུངས་འདི་ཐོས་ནས་དེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྲོག་ཆགས་ཀྱི་རིགས་གནོད་པར་སེམས་པ། རབ་ཏུ་གནོད་པར་སེམས་པ། དུག་འཆང་བ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ དང་། འདབ་མ་དང་། སྡོང་བུ་དང་། རྩ་བ་མ་རུངས་པར་བགྱིད་པ་ཐམས་ཅད་ཀྱི་ཁ་བཅིང་བར་བགྱིའོ། །བཟློག་པར་བགྱིའོ། །བསྡིགས་པར་བགྱིའོ། །ཕྱོགས་བཞི་ཀུན་ནས་དཔག་ཚད་དུ་མཚམས་གཅད་པ་ཆེན་ པོ་བགྱིའོ། །ཀུན་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གནོད་པར་སེམས་པ། རབ་ཏུ་གནོད་པར་སེམས་པ་ཐམས་ཅད་བཟློག་པར་བགྱིའོ། །སྔགས་ཀྱི་ཚིག་རྗེས་སུ་སྩལ་བར་ བགྱིའོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། བདག་ལ་ཐུགས་བརྩེ་བའི་སླད་དུ་དེ་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་ངས་ བྱིན་གྱིས་བརླབས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། ལྡུམ་ར་ཡོངས་སུ་བསྲུང་བའི་ཕྱིར་གཟུངས་ཀྱི་སྔགས་ཀྱི་ཚིག་སྨྲོས་ཤིག །དེ་ནས་དྲང་སྲོང་ཆེན་པོ་རྣམས་ ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ། །ན་མོ་བྷ་ག་བ་ཏེ། ཤཱཀྱ་རཱ་ཛཱ་ཡ། ཏ་ཐཱ་གཾ་ཏཱ་ཡ། ན་མོ་ཨ་ཀ་ཏཱ་ཡ། མ་ཧཱ་རཱི་ཥི་ཡ། ཏདྱ་ཐཱ། ཀྵ་མི་ཙུ་ལི། ཙ་ལ་ཙ་ར་ཙ་ར། ཧོ་མི་ལི། བནྡྷ་ནི། 101-1-105b ནཱ་ཤ་ནི། ད་ཧ་ད་ཧ། སུ་མུ་རི་ཙ་རི། སརྦ་དུཥྚྃ་བནྡྷ་ནི་ཏུཎྜ་བནྡྷ་ནི་ས་ར་ས་ར་ཎི། ཀྵུ་ཀྵུ་ཀྵུ། མ་ནི་ཤུ་རི་བི་ས་ར་ས་ར། ཧ་ལི་ཧུ་ལི། ཧུ་ཏི་ཧུ་ཏི། ས་ར་མ་ཎི། ས་རནྟུ། སརྦ་པཱ་པཱ་པཱ་ན་ཀ་ཀྵུ་དྷ་ལི་སྭཱ་ཧཱ། དྲང་སྲོང་ཆེན་པོ་ཉེས་ འདོར་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་འདི་སྨྲས་མ་ཐག་ཏུ་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་གནོད་པར་སེམས་པ་དེ་དག་ཐམས་ཅད་ཁས་བུབ་ཏུ་འགྱེལ་ནས་བཅོམ་ལྡན་འདས་ལ་སྐད་ཀྱི་གསང་མཐོན་པོས་སྨྲེ་ སྔགས་འདོན་ཏེ། བཅོམ་ལྡན་འདས་བདག་ཅག་མ་རུངས་ལགས་སོ། །དྲང་སྲོང་གི་དམོད་པ་བབ་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་ཅག་དྲང་སྲོང་གི་དམོད་པའི་མེས་ཚིག་གོ། །ཀུན་ཏུ་ཚིག་གོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདག་ ཅག་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་མི་བགྱིད་དོ། །བཅོམ་ལྡན་འདས་བདག་ཅག་སླན་ཆད་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུངས་པར་མི་བགྱིད་དོ། །སྲོག་ཆགས་ཀྱིས་ རིགས་ཐམས་ཅད་བཟློག་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀླུའི་བདག་པོ་དག་ཁྱེད་ཀྱིས་དེ་ལྟར་གྱིས་ཤིག །འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ལོ་ཏོག་དང་། མེ་ཏོག་དང་འབྲས་བུ་དང་། འདབ་མ་དང་ཡལ་ག་བདེ་བར་ཀུན་ཏུ་འཕེལ་བར་གྱུར་པ་རྗེས་སུ་སྲུངས་ཤིག །དེ་ནས་དྲང་སྲོང་ཆེན་པོ་དེས་ཆོ་གར་བྱ་བ་སྨྲས་པ། བཅོམ་ལྡན་འདས་ཁ་ཤར་ཕྱོགས་སུ་བལྟས་ཏེ་མཆིས་ལ། རིག་པ་དྲང་སྲོང་ཆེན་པོའི་སྙིང་པོ་འདི་ རིལ་བ་བྲིང་གར་ཆབ་བཅུས་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱི་སྟེ། དྲང་སྲོང་གི་མི་སྨྲ་བས་ཕྱོགས་བཞིར་གཏོར་བར་བགྱིའོ། །ཨ་བ་ས་ར་ས་ར་ཤ་པ་ཏ་པ་དཱ་མ། ཧྲྀ་ད་ཡ་གྲོ་ད། ཨ་བ་མུ་ཀ་བནྡྷ་ཡ། པྲ་ན་ཙ་ར། སུ་མུ་རུ་ཙ་ལ་སྭཱ་ཧཱ། སྔགས་འདི་ལན་བདུན་སྟོང་བཟླས་པ་བགྱི་སྟེ། བཟླས་པ་ཙམ་གྱིས་ཀླུ་གནོད་པར་སེམས་པ་ཐམས་ཅད་ཚ་བས་གདུངས་པར་འགྱུར་རོ། །རྐང་གཉིས་པ་དང་། རྐང་བཞི་པའི་བར་གྱི་སྲོག་ 101-1-106a ཆགས་ཀྱི་རིགས་ཐམས་ཅད་དམོད་པས་གདུངས་པར་གྱུར་ཏེ་ཐམས་ཅད་འབྱེར་རོ། །སླར་ཡང་ཕྱོགས་དེར་ལོ་ཏོག་ལ་གནོད་པ་མི་བགྱིད་དོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་མ་མཆིས་པར་འགྱུར་རོ། །སྲོག་ ཆགས་ཀྱི་རིགས་ཐམས་ཅད་ཕྱིས་ཀྱང་མ་མཆིས་པར་འགྱུར་རོ། །ཡང་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་འདབ་མ་མ་རུངས་པར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་ སྟེ་དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ་ཁྱོད་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ལེགས་པར་བསྲུང་བར་འགྱུར་བ་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་པར་བསྲུང་བར་འགྱུར་བ་དེ་ལྟར་གྱིས་ ཤིག །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སླད་མའི་ཚེ་སླད་མའི་དུས་ན་རྗེས་སུ་སྲུང་བར་བགྱིད། ཡོངས་སུ་བསྲུང་བར་བགྱིད་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་ བརླབ་དུ་གསོལ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྲུངས་ཤིག །ལོ་ཏོག་ལ་གནོད་པར་བྱེད་པ་ཀླུའི་ཆོ་ག་རྫོགས་སྷོ།། །།དེ་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཞམ་རིང་ ཆེན་པོ་དང་། འཁོར་འདུས་པ་ཆེན་པོ་དང་། བཀོད་པ་ཆེན་པོ་དང་། ཡོན་ཡོད་པའི་མཐུ་ཆེན་པོ་དང་། ཆོ་འཕྲུལ་ཆེན་པོས་ཀུན་དུ་སྟོན་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་གནས་སུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ རྣམ་ཐོས་ཀྱི་བུའི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱོན་པ་དང་། ས་ཕྱོགས་དེ་ན་འབྲོག་གི་ནགས་ཉི་ཤུ་པ་ཞེས་བྱ་བ་ཞིག་ཡོད་དེ། ནགས་དེའི་མཐོངས་ན་རྫིང་བུ་ཞིག་ཡོད་ལ། རྫིང་བུ་དེའི་མཐུས་ལྕང་ལོ་ཅན་གྱི་ ཕོ་བྲང་འཁོར་གྱི་ཞིང་དང་། ཀུན་དགའ་དང་། ནགས་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་ཀུན་དུ་ཚིམ་པར་གྱུར་ཏོ། །སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བ་ལང་དང་། རྟ་དང་། རྟ་རྒོད་མ་ 101-1-106b དང་། མ་ཧེ་དང་། གླང་པོ་ཆེ་དང་། བོང་བུ་དང་། སྐྱེ་བོའི་ཚོགས་ཐམས་ཅད་བདེ་བས་ཚིམ་པར་གྱུར་ཏོ། །རྫིང་བུ་དེ་ཡང་ཕྱོགས་བཞི་ཀུན་དུ་རྒྱར་དཔག་ཚད་གཉིས་ཀྱི་ཚད་དོ། །རྫིང་བུ་དེ་ཡང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པུན་ད་རི་ཀ་སྣ་ཚོགས་ཀྱིས་ཀུན་ཏུ་ཁེབས་ཤིང་། ཉ་སྣ་ཚོགས་དང་། ཆུ་བྲན་དང་། ཉ་མིད་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། བུང་བ་གཟུགས་སྣ་ཚོགས་ཅན་ནོ། །དེ་ནས་དེའི་འོག་ཏུ་ཐན་པ་བྱུང་བ་དེའི་ཚེ་ ནགས་ཚལ་དང་། མེ་ཏོག་དང་འབྲས་བུ་དང་། འདབ་མ་དང་། ཡལ་ག་ཐམས་ཅད་སྐམས་ཏེ་མེ་ཏོག་དེ་དག་རྙིངས་སོ། །ཉ་དང་ཆུ་སྲིན་དང་། ཉ་མིད་དང་། ཆུ་སྲིན་བྱིས་པ་གསོད་དང་། བུང་བ་གཟུགས་སྣ་ཚོགས་པ་དེ་ དག་ཀྱང་ཆུ་བྲི་སྟེ་ཅུང་ཟད་ཅིག་ལུས་པས་ཕྱོགས་བཅུར་རྒྱུག་ཀུན་དུ་རྒྱུག་རབ་ཏུ་རྒྱུག་སྟེ། སྲོག་འགགས་ལ་ཐུག །སྲོག་ཆད་ལ་ཐུག་པས་སྙིང་འཕར་ཞིང་རྒྱུག་གོ། དེ་ནས་བཅོམ་ལྡན་འདས་ཞམ་རིང་བ་ཆེན་པོ་དང་ རྫིང་བུ་དེར་བྱོན་པ་དང་། དེ་ན་ཉ་དང་ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། བུང་བ་བརྒྱ་སྟོང་དུ་མ་སྲོག་འགགས་ལ་ཐུག །སྲོག་ཆད་ལ་ཐུག་སྟེ་ཕྱོགས་བཅུར་རྒྱུག་ཅིང་སྙིང་རྗེ་རྗེ་ལྟར་གཟིགས་ནས་བཅོམ་ལྡན་འདས་ ཀྱིས་བྱམས་པའི་དམིགས་པ་སྙིང་རྗེས་དབུགས་ཕྱུང་སྟེ་སེ་གོལ་གྱི་སྒྲས་ཀླུ་རྣམས་འབོད་ཅིང་ལན་གཉིས་ལན་གསུམ་དུ་སེ་གོལ་རྡོབ་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་གྲག་པར་མཛད་དོ། ། སྔོན་གྱི་ལས་ཀྱི་རྐྱེན་འགའ་ཞིག་གིས་སྲོག་ཆགས་དེ་དག་ཀྱང་སྲོག་མ་ཆད་དོ། །ཀླུ་ཆེན་པོ་དེ་དག་གིས་སྒྲ་དེ་ཡང་མ་ཐོས་བཅོམ་ལྡན་འདས་ཀྱང་རྗེས་སུ་མ་དྲན་ནོ། །དེ་ནས་བདུད་ཀྱི་རིས་ཀྱི་གནོད་སྦྱིན་རྣམ་པར་འཐོར་རླུང་ ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་བསྒྲགས་པ་ཞག་བདུན་གྱི་ཉིན་པར་སྲེག་པའི་བསྐལ་པ་འབྱུང་སྟེ། འདི་ནི་སྲིད་པའི་རྩེ་མོ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་མནར་མེད་པ་ལ་ཐུག་ 101-1-107a པའི་བར་དག་ལས་གང་ཚིག་པར་མ་གྱུར་པ་ཅུང་ཟད་ཀྱང་མི་སྲིད་དོ། །འཇིག་རྟེན་དུ་འཇིགས་པ་ཆེན་པོ་བྱུང་ཞེས་སྒྲ་གྲག་གོ། །དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མི་ འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་སྒྲ་དེ་ཐོས་ནས་ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་མ་རུང་བར་གྱུར་ཏོ་ཞེས་ངུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྐྱེན་གྱིས་འདི་མྱོང་བར་མཁྱེན་མོད་ ཀྱི། འོན་ཀྱང་དགོངས་པ་མཛད་དེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་ནས་འོད་ཟེར་དེས་ཀླུའི་ཁྱིམ་ཐམས་ཅད་སྣང་བར་བྱས་ནས་ཀྱང་སླར་ལོག་སྟེ་སྤྱི་བོའི་གཙུག་ཏུ་ནུབ་པར་ གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པར་བསྐོར་བ་ཞེས་བྱ་བས་ཀླུ་ཐམས་ཅད་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཅིའི་ཕྱིར་འོད་ཟེར་བྱུང་ཞིང་རྐྱེན་གང་གིས་འཇིག་ རྟེན་དུ་བྱུང་། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོས་བསམས་ན་བཅོམ་ལྡན་འདས་ཀྱི་མཐུས་འོད་ཟེར་བྱུང་བར་མཐོང་ངོ་། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེན་བཅོམ་ལྡན་ འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཟེར་རབ་ཏུ་བཀྱེ་བའི་རྒྱུ་གང་ལགས་རྐྱེན་གང་ལགས་འོད་ཟེར་རབ་ཏུ་བཀྱེ་སྟེ། ཁང་པ་ཐམས་ཅད་སྣང་བར་བགྱི་ཏེ། སླར་ལྡོག་པར་བྱེད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་དག་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་སྲོག་འགགས་ པས་འགག་པར་འགྱུར་བའོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རྫིང་བུ་ཆར་གྱི་རྒྱུན་གྱི་ཆུས་བཀང་ནས་བདེ་བས་ཚིམ་པར་བྱས་སོ། །དེ་ནས་ཕྱོགས་དེར་གོ་སྐབས་ཆེན་ 101-1-107b པོ་བྱུང་བར་གྱུར་ནས་ས་ཕྱོགས་དེར་བཅོམ་ལྡན་འདས་འཁོར་ཆེན་པོས་ཀུན་ནས་བསྐོར་ཏེ་མདུན་དུ་བདར་བའི་དབུས་ན་བཞུགས་སོ། །ཀླུའི་འཁོར་ཆེན་པོ་འདུས་པ་ནི་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སྟོང་ཕྲག་བརྒྱད་ བཅུ་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་མེ་ཏོག་དང་། བདུག་པ་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རྒྱན་དང་། ལྷ་ལྷུབ་དང་། ན་བཟའ་སྣ་ཚོགས་ཀྱིས་བཅོམ་ ལྡན་འདས་ལ་མཆོད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་འཇིགས་པ་ཆེན་པོ་མི་བཟད་པ་འཇིག་རྟེན་དུ་བྱུང་སྟེ། འདི་ལྟར་ཐན་པ་བྱུང་ཞིང་མུ་གེའི་དགོན་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་སྡུག་བསྔལ་འདིས་སེམས་ཅན་ ཐམས་ཅད་མགོན་མ་མཆིས་སྐྱབས་མ་མཆིས་དཔུང་གཉེན་མ་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུ་དང་འཐུན་པའི་སྔགས་ཀྱི་ཚིགས་བཤད་དུ་གསོལ། གང་གིས་སླད་མའི་ཚེ་སླད་མའི་ དུས་ན་སྡུག་བསྔལ་སྣ་ཚོགས་སུ་ལྟུང་བའི་འཇིག་རྟེན་ཀུན་དུ་སྒྲོལ་བ་དང་། ཧ་ཅང་ཆར་ཆེ་བ་དང་། ཆར་མ་མཆིས་པ་དང་། དུས་མ་ལགས་པའི་ཆར་དང་། སེར་བ་དང་། སད་དང་། ཚ་བ་མ་མཆིས་པར་ བགྱིད་པ་དང་། མུ་གེའི་དགོན་པ་རབ་ཏུ་མ་མཆིས་པར་བགྱིད་པ་དང་། བཟློག་པ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་སྔགས་ཀྱི་ཚིགས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ 101-1-108a ཆེན་པོ་རྣམ་ཐོས་ཀྱི་བུ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ དག་ཀླུའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བྱ་བ་ཡོད་དེ། དེ་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ཁྱིམ་དང་། ཀླུ་ཐམས་ཅད་ཀྱི་ལུས་འབར་བར་ འགྱུར་རོ། །ཀླུ་མི་བགྲུངས་པ་ཐམས་ཅད་ཀྱི་སྙིང་འཕར་བར་འགྱུར་རོ། །ཀླུ་ཐམས་ཅད་ཀྱི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །མིག་དང་མགོ་རྣམས་གས་ནས་དུམ་བུ་དུམ་བུར་ཆད་ཅིང་འབྲུལ་ བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་ཀླུ་གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་པ་རྣམས་ཀྱི་དོན་དང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཟུང་ཤིག །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུའི་སྙིང་པོའི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བགྱི་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་ལྟ་སྟངས་དང་། དེ་བཞིན་གཤེགས་པའི་གཟིགས་སྟངས་ཀྱི་རྣམ་པར་གཟིགས་ནས་ཀླུའི་འཁོར་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་ པོ་དག་ང་ལས་གཟུངས་ཀྱི་ཚིག་གི་སྔགས་ཀྱི་ཚིག་ཉོན་ཅིག །ཏདྱ་ཐཱ། ཨོཾ་བི་པུ་ལེ། པྲ་བ་རེ། ནཱ་གེ་མ་ཧཱ་ནཱ་ག་ཧྲྀ་ད་ཡ། ཨ་བ་ར་ཏེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲི་ད་ཡ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལ་བི་དྷྭན་ས་ནི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚྃ་ཧྲྀ་ད་ཡ་ནི། ཧ་ན་ཧ་ན། སརྦ་དུཥྚྃ་ནཱ་ག་བ་བ་ན་ནི། པ་ཙ་པ་ཙ་པ་ཙ་ཡ། སརྦ་དུཥྚྃ་ནཱ་གཱ་ནཱྃ། ཨ་ཀྲི་མ་ཨ་ཀྲི་མ་ས་མུ་ཏྲ་སཱ་ག་ར། བི་མ་ལེ། བི་ཀྲ་མེ་མ་ཧཱ་ནཱ་ག་ག་ཏེ། ཛ་པ་རེ་སྭཱ་ཧཱ། 101-1-108b བཅོམ་ལྡན་འདས་ཀྱི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་གསུངས་པ་ཙམ་གྱིས་ཀླུ་དེ་དག་ཐམས་ཅད་འདར་ཞིང་ལུས་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏོ། །མེ་འབར་བ་བཞིན་དུ་ལུས་ལ་དུ་བ་འཐུལ་ཞིང་འགྲེ་ལྡོག་ གོ། ཐམས་ཅད་སྐད་ཆེར་བཅོམ་ལྡན་འདས་ལ་ངུ་ཞིང་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔགས་ཀྱི་ཚིག་ཤིནྟུ་མི་བཟད་པ་དག་བཀའ་སྩལ་ཏོ། །བཅོམ་ ལྡན་འདས་བདག་ཅག་ཐམས་ཅད་ཀྱི་སྙིང་ལ་གཡོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཚིག་སྟེ་མ་རུང་བར་གྱུར་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་འཐུན་པར་བགྱིད་ དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡི་དམ་བགྱིད་དོ། །བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་ན་གནས་ཀྱི་བར་དུ་བཅོམ་ལྡན་འདས་ཡང་བདག་ཅག་འཛམ་བུའི་གླིང་དུ་འཚེ་བར་མི་བགྱིད་དོ། །མ་རུང་ བར་མི་བགྱིད་དོ། །མེ་ཏོག་དང་ཡལ་ག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པར་བགྱིད་དོ། །དུས་དུས་སུ་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། །བདེ་བ་དང་ཡིད་བདེ་བར་བགྱིད་དོ། །ལོ་ཏོག་ དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་འགྲུབ་པར་བགྱིད་དོ། །དེ་བཞིན་གཤེགས་པའི་བཀའ་རྗེས་སུ་སྐྱོང་བར་བགྱིད་དོ། །བདེན་པའི་དམ་ཚིག་ལ་གནས་པར་བགྱིད་དོ། །བུ་གཅིག་པ་ལ་བགྱི་བ་ བཞིན་དུ་སེམས་ཅན་ཐམས་ཅད་རྗེས་སུ་སྐྱོང་བར་བགྱིད་དོ། །བཅོམ་ལྡན་འདས་ཕྱོགས་གང་དང་གང་ན་རིག་པའི་རྒྱལ་མོ་འདི་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་འཐུན་པར་བགྱིད་དོ། །བཅོམ་ལྡན་འདས་ རིག་པའི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་ཀྱང་བདག་ཅག་ཐམས་ཅད་ཀྱི་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། །དྲན་པ་ཙམ་གྱིས་ཀྱང་ཧ་ཅང་ཆར་ཆེ་བ་བཟློག་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ 101-1-109a པ་ལས་ལོག་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཡང་མནས་བསྒག་པའི་སྔགས་ཀྱི་ཚིག་སྩལ་ཏོ། །དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ ནས་འདི་སྐད་ཅེས་སྨྲས་སོ། །ཏདྱ་ཐཱ། ཨོཾ་ཙ་ཏ་ཙ་ཏ་བི་ཙ་ཏ། ཤ་ཏ་ཤ་ཏ། པ་ཙ་ར་ཏི་སྭཱ་ཧཱ། བཅོམ་ལྡན་འདས་གལ་ཏེ་རིག་པ་འཛིན་པས་གདུགས་ཞག་གཅིག་ཆོ་ག་བགྱིས་ལ་བདག་ཅག་གིས་ སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བའི་དོན་དུ་འཛམ་བུའི་གླིང་ཐམས་ཅད་དུ་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁུས་པར་འགྱུར་ རོ། །བདག་ཅག་ཀླུའི་སྐྱེ་གནས་ནས་འཆི་འཕོ་བར་གྱུར་དུ་ཡང་མཆིས་ཏེ། བཅོམ་ལྡན་འདས་དེའི་ཚེ་རིག་པ་འཛིན་པས་མནས་བསྒག་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་ཐོག་མ་ཉིད་དུ་ལན་བདུན་ དུ་བརྗོད་པར་བགྱིའོ་དེའི་འོག་ཏུ་སྐྱེ་ཚེའི་ས་བོན་བརྒྱ་རྩ་བརྒྱད་ཀླུའི་ས་བོན་དུ་མཚེ་འུར་དོར་རོ། །བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་ཀྱི་ཁང་ཁྱིམ་མཐའ་དག་ཞུགས་འབར་བར་གྱུར་བདག་ཤི་ཀེང་རུས་ཀྱི་ལྷག་མ་ ཙམ་ཞིག་ལུས་ནས་ཡོངས་སུ་ཐར་བར་མ་གྱུར་གྱི་བར་དུ་དུམ་བུ་དུམ་བུར་འཆད་པར་འགྱུར་རོ། །དེའི་ཚེ་བདག་ཅག་ཐམས་ཅད་ཀྱི་མྱུར་བར་ཆར་གྱི་རྒྱུན་འབེབས་པར་བགྱིད་དོ། །གལ་ཏེ་མྱུར་དུ་ཆར་གྱི་རྒྱུན་ མ་ཕབ་ན། བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་འགུམ་པའི་དུས་ཀྱི་དབང་དུ་མཆིའོ། །བུ་དང་ཚ་བོར་བཅས་ཏེ་འགུམ་པར་མཆིའོ། །དེ་ནས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་ བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུ་མནས་བསྒག་པའི་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཤད་དོ། །སྙིང་རྗེ་མ་མཆིས་པའི་མནས་བསྒག་པ་དག་ 101-1-109b བཤད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་བགྲུངས་པ་མ་རུངས་པ་གཏུམ་པ་གནོད་པར་བྱེད་པ་དག་འབྱུང་སྟེ། དེའི་ཚེ་མནའ་ འདིས་འཇིགས་པར་འགྱུར་སྐྲག་པར་འགྱུར་དུས་དུས་སུ་ཆར་གྱི་རྒྱུན་ནི་ལེགས་པར་འབེབས་སོ། །དུས་དུས་སུ་ལོ་ཏོག་དང་། མེ་ཏོག་དང་འབྲས་བུ་རྣམས་བསྒྲུབ་བོ། །དེ་ནས་བཅོམ་ལྡན་ འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོ་ག་རྒྱ་ཆེར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ་ཆར་མི་འབབ་པའི་དུས་ ན་དེས་རི་འམ། དགོན་པའི་གནས་སམ། གཙུག་ལག་ཁང་ངམ། ཆུ་མིག་གམ་མཚེའུ་འམ་མཚོ་འམ། ལྟེང་ཀའམ། ཁྲོན་པའམ། ཀླུའི་གནས་ཀྱི་མཚེའུ་འམ། འཇིམ་པ་དང་ལྕི་བར་བསྲེས་པའི་དཀྱིལ་ འཁོར་གྲུ་གསུམ་དུ་བྱ་སྟེ། དཀྱིལ་འཁོར་དབུས་ཟབས་ཁྲུ་གང་བརྐོས་ལ་ཁ་ཁྱེར་ཡང་ཁྲུ་གང་བར་བྱའོ། །ཤིན་ཏུ་འཇམ་པ་དང་ཤིན་ཏུ་ཕྱི་བར་བྱའོ། །སྤོས་ཆུས་ཁོར་ཡུག་ཏུ་གཏོར་རོ། །དེའི་དབུས་སུ་ཀླུའི་རྒྱལ་ པོ་ཆེན་པོ་བཞི་བྱ་སྟེ། བ་སེར་སྐྱའི་ལྕི་བ་དང་འཇིམ་པར་བསྲེས་པའི་ཀླུའི་རྒྱལ་པོ་མགོ་དགུ་གདེངས་ཀ་ཅན་ལུས་དབྱིབས་དགུ་བར་བྱས་ཏེ་ཐམས་ཅད་ཀྱི་མགོ་ལ་ཡང་ཡིད་བཞིན་ནོར་བུ་བྱའོ། །ཤར་ཕྱོགས་ སུ་ཀླུའི་རྒྱལ་པོ་རྒྱ་མཚོ་བྱའོ། །ལྷོ་ཕྱོགས་སུ་ཀླུའི་རྒྱལ་པོ་གདུགས་བྱའོ། །ནུབ་ཕྱོགས་སུ་ཀླུའི་རྒྱལ་པོ་ཆུ་ལྷ་བྱའོ། །བྱང་ཕྱོགས་སུ་ཀླུའི་རྒྱལ་པོ་ལམ་བུ་ཀར་བྱའོ། །དེའི་གཡོག་འཁོར་བདུན་བདུན་ མགོ་གསུམ་པ། མགོ་གཉིས་པ་མགོ་ལྔ་པར་བྱའོ། །ལུས་དག་ལ་སྤོས་སྣ་ཚོགས་ཀྱིས་བྱུག་པར་བྱའོ། །ཙན་དན་དཀར་དམར་དང་། སུ་ར་བི་ན་ཙ་ན་དང་། ཤུག་པ་དང་། གུར་གུམ་རྣམས་ཕྱེ་མར་བྱས་ཏེ་གཏོར་ 101-1-110a བར་བྱའོ། །མེ་ཏོག་དང་མེ་ཏོག་ཕྲེང་བ་གདགས་སོ། །གནས་དེའི་དབུས་སུ་འབྲས་ཡོས་དང་ཡུངས་དཀར་གྱིས་གཏོར་བར་བྱའོ། །གྲྭ་བཞིར་རྒྱལ་པོ་ཆེན་པོ་བཞི་བཞག་པར་བྱའོ། །ཕྱོགས་ཆེན་པོ་ བཞིར་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་རིང་བསྲེལ་དང་བཅས་པ་དང་། མཆོད་རྟེན་རིང་བསྲེལ་དང་བཅས་པ་དག་བཞག་གོ། དར་དང་བ་དན་གྱིས་བརྒྱན་པར་བྱའོ། །མཆོད་པ་ལྔས་མཆོད་དོ། །ཨ་ག་རུ་དང་ ཙན་དན་དང་། དུ་རུ་སྐས་བདུག་གོ། །རྒྱ་སྤོས་དང་། ན་ལ་དང་། ཀུན་དུ་རུ་དང་། ཡུངས་ཀར་དང་། གན་དྷ་ར་ས་དང་། སྲ་རྩིའི་པོག་དང་། པོག་དཀར་པོ་རྣམས་དང་སྦྲང་རྩི་དང་བསྲེས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་ བཟླས་ཏེ་ཀླུ་རྣམས་ལ་བདུག་པར་བྱའོ། །དཀྱིལ་འཁོར་གྱི་མཐའ་ཀུན་དུ་ནས་ཕྱེས་པད་མ་བྲི་བར་བྱའོ། །སྒོ་བཞི་བསྟོད་ལ་ངོས་བཞི་རེ་རེར་ཡང་གཏོར་མས་གཞོང་པ་བཀང་བ་བདུན་བདུན་བཞག་པར་བྱ་ འོ། །གཏོར་མ་དཀར་པོ་དང་། ཅི་འབྱོར་བའི་རོ་རྣམ་པ་མང་པོ་བཞག་གོ། །མེ་ཏོག་སིལ་མས་གཏོར་བར་བྱའོ། །བུམ་པ་བཀང་བ་བཞི་བཞག་གོ། །བུམ་པ་གཏོར་མས་བཀང་བ་བཞི་བཞག་གོ། །པོག་ ཕོར་བཞི་ནས་གུ་གུལ་གྱི་བདུག་པས་བདུག་གོ། །མེ་མར་ཁ་བརྒྱད་དུ་བུད་དོ། །རིག་པ་འཛིན་པས་ཤར་གྱི་སྒོ་རུ་སྦྱིན་བསྲེག་བྱ་སྟེ། ཤིང་ཀ་ར་བི་ར་དང་། ཡུངས་ཀར་དང་ཅེ་ཙ་དམར་པོ་བསྲེས་ཏེ་ལན་བརྒྱ་རྩ་བརྒྱད་ དོར་ཏོ། །དོར་བ་བརྒྱ་རྩ་བརྒྱད་ཚང་བ་དང་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་ཏེ་འཛམ་བུའི་གླིང་ཐམས་ཅད་དུ་ཕྱོགས་བཞི་ཀུན་ནས་ཆར་གྱི་རྒྱུན་འབེབས་སོ། །ཀླུ་དེ་དག་ཐམས་ཅད་འདིར་ཆར་འབེབས་སོ། ། འདི་ནི་ཆོ་ག་དང་པོའོ།། །།ཡུངས་ཀར་གྱི་མར་དང་། སྦྲང་རྩི་དང་ཤིང་ཀ་ར་བཱི་རའི་མེ་ཏོག་དང་། ནཱ་ག་གེ་སར་དང་བཏགས་པའི་རིལ་བུ་བྱས་ལ། དེ་ནས་རིལ་བུ་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། 101-1-110b ཀླུའི་མཚོར་བོར་མ་ཐག་ཏུ་ཀླུ་ཐམས་ཅད་དགའ་བར་གྱུར་ཏེ། ཆར་གྱི་རྒྱུན་ཆེན་པོ་འབེབས་སོ། །གལ་ཏེ་དེ་མ་ཐག་མ་ཕབ་ན་ཀླུ་དེ་དག་ཐམས་ཅད་ལུས་ཞིག་པར་འགྱུར་རོ། །ཀླད་པ་ན་བར་འགྱུར་སྡུག་བསྔལ་ ཆེན་པོ་འབྱུང་བར་འགྱུར་རོ། །འདི་ནི་ཆོ་ག་གཉིས་པའོ།། །།སྦྱིན་བསྲེག་བྱས་པའི་ཐལ་བ་དང་། རྩབ་མོ་དཀྲུགས་ལ་སྔགས་ལན་དྲུག་བཅུ་བཟླས་པ་བྱ་སྟེ་ཁྱིམ་གྱི་ནང་དུ་ཕོ་ན་ཕོ་མ་ཐག་ཏུ་ཀླུ་ཐམས་ཅད་ འཁྲུགས་པར་གྱུར་ཏེ། དེའི་ཕྱིར་ཆར་གྱི་རྒྱུན་འབེབས་སོ། །གལ་ཏེ་དེ་མ་ཐག་ཏུ་མ་ཕབ་ན་ཀླུ་ཐམས་ཅད་ཀྱི་ལུས་ལ་ཤ་བཀྲ་འབྱུང་ཞིང་མཛེས་བཏབ་པར་འགྱུར་ལོང་བར་འགྱུར་རོ། །འདི་ནི་ཆོ་ག་གསུམ་པའོ།། །། ཤུག་པ་དང་ཨུད་པ་ལ་སྔོན་པོ་དང་། བ་ལ་དང་། ཟངས་ཕྱེ་དང་ཡུངས་ཀར་དང་། ཨིན་དྲ་ཧསྟ་དང་། པ་ལ་ཤ་བསྲེས་ཏེ་བུ་རམ་ཁུ་བས་སྦྲུས་པ་ཤེས་རབ་ཅན་གྱི་སྔགས་ལན་བརྒྱད་བཅུ་བཟླས་ཏེ། རིལ་བུ་རྒྱ་ཤུག་ གི་འབྲུ་ཙམ་དུ་བྱས་ལ་ཆར་མི་འབབ་པའི་དུས་རིལ་བུ་བདུན་ཀླུའི་ཁྱིམ་དུ་བོར་ན་ཉིན་མཚན་བདུན་ཆར་འབེབས་སོ། །གལ་ཏེ་འཕྲལ་དུ་མ་ཕབ་ན་དེའི་ཕྱིར་ཀླུའི་ཁྱིམ་ཆུ་ཐམས་ཅད་གཅེར་བུར་པར་འགྱུར་རོ། །ཀླུའི་ ཁྱིམ་ན་གནས་པ་ཐམས་ཅད་གཅེར་བུར་འགྱུར་རོ། །རིལ་བུ་གཅིག་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཀླུའྀ་མཚོར་གཟུགས་སོ། །བ་དན་སྔོན་པོ་གདགས་སོ། །སྔགས་འདི་བྲིས་ཏེ་དེར་གདགས་པ་བྱས་ན་ཇི་སྲིད་ དུ་རྒྱལ་མཚན་མ་བསྡུས་པ་དེ་སྲིད་དུ་ཀླུ་ཐམས་ཅད་ཆར་འབེབས་སོ། །ཡང་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཁང་ཐོག་མཐོན་པོར་གཟུགས་སོ། །སེར་བ་འབབ་པའི་དུས་ན་ཡང་ཀླུ་རྣམས་སེར་བ་འབེབས་ ཀྱང་མི་ནུས་སོ། །ཀླུ་རྣམས་ཀྱིས་གསེར་གྱི་ཁ་དོག་འདྲ་བ་དེ་འདྲ་བར་མཐོང་སྟེ། ཀླུ་ཐམས་ཅད་དངངས་སྐྲག་ཅིང་གནས་དེར་འདོད་པ་བཞིན་ཆར་འབེབས་སོ། །ཨོཾ་སུ་པྲ་ཏེ་བཛྲ་དུནྡེ་མི་མི་ལི་སྭཱ་ཧཱ། འདི་ནི་སྔགས་ 101-1-111a སོ། །བག་ཕྱེ་ལས་ཀླུ་མགོ་དགུ་པའི་གཟུགས་བྱས་ལ་ལུས་མཚལ་གྱིས་བསྐུ་བར་བྱའོ། །མགུལ་དུ་བ་དན་གདགས་སོ། །དཀྱིལ་འཁོར་གྲུ་བཞི་བྱས་ཏེ་དབུས་སུ་ཀླུའི་གཟུགས་བཞག་ལ་ མེ་ཏོག་སིལ་མས་གཏོར་རོ། །གཏོར་མ་དཀར་པོ་ཅི་འབྱོར་ཚད་སྦྱིན་ནོ། །མེ་ཏོག་དང་བདུག་སྤོས་ཀྱང་སྦྱིན་ནོ། །བལ་པོ་སེའུ་ཤིང་གྀ་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ། སྔགས་ དང་བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ཀླུའི་གཟུགས་ལ་ལན་བརྒྱ་རྩ་བརྒྱད་དུ་བྱབ་པ་བྱས་ན་ཀླུ་གང་གི་མིང་བྲིས་པའི་ཀླུ་དེ་བཀུག་པར་འགྱུར་ཏེ། ཀླུ་དེ་ཡང་རང་གི་ཁྱིམ་ལ་དགའ་བར་མི་འགྱུར་རོ། །གལ་ཏེ་ ཆར་གྱི་རྒྱུན་ལེགས་པར་མ་ཕབ་ན་འཕྲལ་དུ་སྲོག་མ་རུང་བར་འགྱུར་རོ། །ཡུངས་ཀར་ལ་ལན་སྟོང་རྩ་བརྒྱད་རེ་རེ་ལ་ཡོངས་སུ་བཟླས་པ་བྱ་སྟེ། སྟོང་རྩ་བརྒྱད་དུ་ཚང་ན་ཀླུའི་གཟུགས་ཐམས་ཅད་འགྲོ་ ཞིང་མགོ་གདེངས་ཀ་བྱེད་དོ། །དེའི་འོག་ཏུ་བལ་པོ་སེའུ་ཡི་ལྕུག་མས་བསྡིགས་ན་ལྡང་ཞིང་ལྕེ་སྟོན་པར་འགྱུར། ལུས་ཀྱི་བར་དུ་སྟོན་པར་འགྱུར་ཀླུ་ཐམས་ཅད་དབང་དུ་འགྱུར་ཏེ། གང་བསྒོ་བ་དེ་ བཞིན་བྱེད་དོ། །འོ་མ་དང་། ཡུངས་ཀར་ལ་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། གནས་ཐམས་ཅད་དུ་གཏོར་ན་ཐམས་ཅད་ལ་ཕྱིར་ལེགས་པ་བྱས་པར་འགྱུར་རོ། །འདི་ནི་ཆོ་ག་བཞི་པའོ།། །། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་ཀླུའི་རྒྱལ་པོ་བརྒྱ་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ། །ལས་བསྒྲུབ་པ་ཤིན་དུ་མི་བཟད་པ་དག་བཀའ་སྩལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དེ་དང་འདྲ་བར་བཤད་པར་བགྱིའོ། ། 101-1-111b དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །སླན་ཆད་སེམས་ཅན་དག་ལ་རྣམ་པར་འཚེ་བར་མི་བགྱིད་དོ། །བཅོམ་ལྡན་འདས་བདག་ཅག་གིས་ཀླུ་མི་བགྲུངས་པ་རྣམ་པར་འཚེ་བར་བགྱིད་པ་རྣམས་ཀྱི་དོན་ཏུ་ དམ་ཚིག་མ་མཚལ་བ་རྣམས་བཟློག་པའི་སྔགས་ཀྱི་ཚིག་བཤད་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཀླུའི་བདག་པོ་དག་ངས་དམ་ཚིག་གི་སྔགས་བྱིན་གྱིས་བརླབ་ཀྱིས་ དེ་ཤོད་ཅིག ། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛེ་བྷུ་ཛེ་ས་མ་ཡ་བྷུ་ཛེ་ཏཏྟྲ་བྷུ་ཛེ་པྲ་བྷ་ར་བྷུ་ཛེ་ས་མན་ཏ་ཨ་ཀ་ར་བྷུ་ཛེ། དུ་རུ་དུ་རུ་སྭཱ་ཧཱ། ས་མ་ཡ་བ་ལ་ནེ་སྭཱ་ཧཱ། ནཱ་ག་མ་ར་ས་བ་ཙོ་ ཏ་ནི་སྭཱ་ཧཱ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཀླུ་མི་བགྲུངས་པ་ཐམས་ཅད་སླར་བཟློག་པའི་སླད་དུ་བདག་ཅག་གིས་ཀླུའི་དམ་ཚིག་གི་སྔགས་འདི་བཤད་དོ། །ཧ་ཅང་ཆར་ཆེ་བའི་ཚེ་དང་། ཆར་དཀོན་པའི་ཚེ་དང་། སད་དང་སེར་བ་ འབབ་པའི་ཚེ་སྔགས་འདི་དྲན་པར་བྱའོ། །བརྗོད་པར་བགྱིའོ། །དེ་ནས་ཀླུ་ཐམས་ཅད་བསྐུལ་བར་བགྱིའོ། །རིག་པ་འཛིན་པ་དེས་ཤིན་ཏུ་ཁྲུས་བགྱིས་ཏེ། གཙང་མར་བགྱིས་ལ། གོས་སར་པ་བགོས་ ཏེ་ཀླུའི་གནས་སུ་མཆི་བར་བགྱིའོ། །ཀླུའི་གནས་སུ་ཅི་འབྱོར་པའི་སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་སམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་དཀྱིལ་འཁོར་ དེའི་སྟེང་དུ་བཞག་སྟེ་སྤོས་ཆབ་ཀྱིས་བཀྲུ་བར་བགྱི་མེ་ཏོག་དང་། བདུག་པས་མཆོད་པར་བགྱི། ཀླུ་ཀུན་ཡང་བཀྲུ་བར་བགྱིའོ། །སྐུ་བསིལ་བའི་ཆབ་དེ་ལ་ལན་བརྒྱད་ཡོངས་སུ་བཟླས་པ་བགྱིས་ཏེ། དེའི་ནང་དུ་ ཡུངས་ཀར་སྩལ་ནས་མཚེའུ་དེའི་ནང་དུ་དབོ་ཞིང་ཕྱོགས་བཞི་ནས་བདུག་པས་བདུགས་ན། དེ་ཕོ་མ་ཐག་ཏུ་སྐད་ཅིག་དེ་ལ་ཀླུའི་གནས་འགུལ་ཞིང་དུ་བ་ལྟ་བུ་བྱུང་ནས་སྤྲིན་གྱི་དཀྱིལ་འཁོར་ཆེན་པོར་གྱུར་ཏེ། 101-1-112a ནམ་མཁའི་དཀྱིལ་དེ་ཁེབས་པར་ཆར་གྱི་རྒྱུན་འབེབས་སོ། །སེར་བ་འབབ་པའི་དུས་སུ་ཡུངས་ཀར་དང་། ཏིལ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བགྱིས་ཏེ་ཕྱོགས་བཞིར་བཅིང་བར་བྱའོ། ། ཀླུའི་ཕྱོགས་སུ་གཏོར་བར་བགྱིའོ། །སེར་བ་མི་འབབ་པ་དང་། ཀླུ་ཐམས་ཅད་ཀྱང་གཅོད་པར་འགྱུར་རོ། །སད་དང་སེར་བ་དང་། དུས་མ་ཡིན་པའི་རླུང་རབ་ཏུ་ཞི་བར་འགྱུར་རོ། །ཀླུའི་མཚོ་འམ་ཁྲོན་པའམ། ལྟེང་ ཀའམ་རྫིང་བུའི་འགྲམ་མམ། རིའི་རྩེ་མོར་ཤིང་ཨརྒ་དང་། ཞུན་མར་དང་། ཡུངས་ཀར་དང་། ཤིང་ཀ་ར་བི་རའི་མེ་ཏོག་གིས་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །སྦྱིན་ བསྲེག་བྱས་མ་ཐག་ཏུ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ། །ཧ་ཅང་ཆར་ཆེ་བའི་དུས་ན་འབྲས་ཡོས་དང་། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ནམ་མཁའ་ལ་གཏོར་ན་ཆར་ཆེན་པོ་ཟློག་ པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དགུང་གསུམ་གྱིས་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས་དེའི་ཚེ་ཤ་བཀྲ་འབྱུང་བར་འགྱུར་ལགས་སོ། །ལོང་བ་དང་། ལུས་དྲི་མི་ཞིམ་པར་འགྱུར་རོ། ། སངས་རྒྱས་དང་། ཆོས་དང་དགེ་འདུན་སླུ་བར་བགྱིད་པ་ལགས་སོ། །འཇིག་རྟེན་གསུམ་བསླུ་བར་བགྱིད་པ་ལགས་སོ། །བདག་ཅག་ཀླུའི་སྐྱེ་གནས་འཕོ་བར་གྱུར་ཅིག །བཅོམ་ལྡན་འདས་གཞན་ཐམས་ཅད་ལ་ཡང་ སྦྱོར་བར་བགྱིད་ན་ཐམས་ཅད་རུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་དག་དབུགས་ཕྱུང་། དམ་ཚིག་ལ་བཀོད་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཡོངས་སུ་གཏད་དེ། རྗེས་སུ་གཏད་ནས་ ས་ཕྱོགས་དེ་ནས་གཤེགས་སོ། །རྣམ་ཐོས་ཀྱི་བུ་ནི་གཞི་ལ་བཞུགས་སོ། །ཀླུའི་དམ་ཚིག་ཅེས་བྱ་བ་ཆར་འབེབས་པའི་སྐབས་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་ཚངས་པའི་ཁང་པ་བརྩེགས་པར་ 101-1-112b བཞུགས་པ་དང་། ལྷའི་ཚོགས་དུ་མ་ལྷགས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་ཡང་ལྷགས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཀླུའི་དབང་པོ་མཐུ་ཆེ་ བ་ཐམས་ཅད་ཀྱང་ལྷགས། ནམ་མཁའ་ལྡིང་གི་དབང་པོ་དང་། རྒྱལ་པོ་ཆེན་པོ་གསེར་མིག་གི་འདབ་མ་ཅན། རྡོ་རྗེའི་མཆུ་ཅན་བདག་ཉིད་ཆེན་པོ་ལུས་འབར་ཞིང་ཁྲོ་བ་འཇིགས་སུ་རུང་བའི་རྩལ་ཅན་རིན་པོ་ཆེ་ཐ་ དད་པ་སྣ་ཚོགས་དང་། མུ་ཏིག་དང་། གསེར་གྱིས་སྤྲས་པའི་ཅོད་པན་མགོ་ལ་ཐོགས་པ། གསེར་གྱིས་ཀླུབས་པ་དྲག་པོའི་གཟུགས་ཅན་འགྱིང་བར་བལྟ་བ། ཀླུའི་དབང་པོ་གདན་དུ་བཏིང་བ། གཡོག་འཁོར་མང་པོ་ཐམས་ ཅད་དང་ལྷགས་སོ། །གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེ་གནོད་སྦྱིན་བྱེ་བ་དང་། རྡོ་རྗེ་འཛིན་གཡོག་འཁོར་རིག་འཛིན་སྟོང་ལྷགས་ཏེ། བཅོམ་ལྡན་འདས་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། མུ་ཏིག་ དམར་པོ་ཐ་དད་པ་མང་པོས་བརྒྱན་པའི་སེང་གེའི་ཁྲི་ལ་བཞུགས་པ། ཁང་པ་བརྩེགས་པ་ན་ཞམ་རིང་ཆེན་པོ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཆེན་པོས་བྱིན་གྱིས་བརླབས་པ་དང་ལྡན་པས་ བཞུགས་ཏེ། བཅོམ་ལྡན་འདས་ནི་འོད་ཟེར་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་སྐུ་ནི་ཤིན་ཏུ་བརྒྱན། གསེར་གྱི་མཆོད་སྡོང་ལྟར་ནི་འབར། ཉི་མ་ལྟར་ནི་སྣང་། མཚན་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་ པོ་བརྒྱད་བཅུ་མངའ་བ་འོད་འདོམ་གང་བས་ནི་སྐུ་ལེགས་པར་བརྒྱན། དེ་བཞིན་གཤེགས་པའི་སྐུ་ནི་ཤིན་དུ་རྣམ་པར་དག་ཅིང་ཤིན་དུ་དྲི་མ་དང་སྐྱོན་མེད་པའི་འོད་ནི་གསལ། དེ་ནས་བཅོམ་ལྡན་འདས་ཀྱིས་ འཁོར་ཆེན་པོ་འདུས་པར་མཁྱེན་ནས་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱུང་སྟེ་འོད་ཟེར་གྱི་སྣང་བ་དེས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་མཛད་དོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་དེ་བཞིན་ 101-1-113a གཤེགས་པའི་འོད་ཟེར་ལ་བལྟས་ནས་འཛམ་བུའི་གླིང་ན་ཀླུ་མི་བགྲུངས་པས་སད་དང་། སེར་བ་དང་། རླུང་དང་། སེར་སྤྲིན་ཕབ་སྟེ། མེ་ཏོག་དང་། འབྲས་བུ་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་དང་། ཤིང་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། སྨན་གྱི་བར་བསྲེགས་ཏེ། མ་རུང་བར་བྱས་ནས། ཡལ་ག་ཡང་འཛམ་བུའི་གླིང་ན་མེད་པར་བྱས་ཏེ་མ་རུང་བར་བྱས་ན། དེ་ན་སེམས་ཅན་ དེ་དག་སྡུག་བསྔལ་ཆེན་པོས་གཟིར་ཅིང་ཉམ་ཐག་པའི་སྐད་བྱུང་བ་ཐོས་སོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུ་གནོད་པར་སེམས་པ་གཏུམ་པོ་རྣམས་ཀྱིས་འཛམ་བུའི་གླིང་རྣམ་པར་བཤིག་སྟེ། ཐམས་ཅད་མ་རུངས་པར་བགྱིས་ནས་སེམས་ཅན་རྣམས་སྡུག་བསྔལ་མི་ བཟད་པ་ཆེན་པོ་མྱོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷའི་དབང་པོ་དག་འདི་ནི་མངོན་སུམ་དུ་གྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། སངས་རྒྱས་ཀྱི་ཡེ་ཤེས་ཟབ་ མོ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཁྱད་པར་གྱི་བྱིན་གྱིས་བརླབས་ལ་ལྟོས་ཤིག །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ལྡིང་བགྱིངས་པས་རྣམ་པར་བལྟས་པ་ཞེས་བྱ་བ་ཀུན་ནས་མེ་ལྕེ་འབར་ བའི་འཕྲེང་བ་ཅན་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུ་ཕྲག་པ་གཉིས་རབ་ཏུ་འབར་ཏེ། འབར་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རབ་ཏུ་འབར་བར་ འགྱུར་རོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་གདུགས་ཀྱིས་རྣམ་པར་བསྐོར་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིག་ལགས་སོ། ། 101-1-113b བདེ་བར་གཤེགས་པ་ཚིག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་ནས་སྟེང་དུ་རྣམ་པར་གཟིགས་ཏེ་ཕྱོགས་བཅུ་ཀུན་ནས་ཡང་གཟིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ ལ་ཕྱག་བཞེས་ཏེ་ནམ་མཁའ་ལྡིང་གི་ཤུགས་ཆེན་པོས་ཀུན་དུ་འབར་བ་ནམ་མཁའ་ལྡིང་གི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་རྗེས་སུ་དགོངས་སོ། །ཨོཾ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཧཱུྃ་ཧཱུྃ། ར་ཙི་སྲི་ ཛ་ཧཱུྃཕཊ། དེ་ནས་ཀླུ་མི་སྲུན་པ་དེ་དག་ཡུར་ཡུར་པོར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདར་ཡེད་ཡེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་མེ་ལྕེ་ འབར་བ་ཞེས་བྱ་བའི་སྙིང་པོ་ཆེན་པོ་བཀའ་སྩལ་པ། ན་མོ་བྷ་ག་བ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། ཧ་ན་ཧ་ན། སརྦ་ནཱ་ག་ཧྲྀ་ད་ཡ་དྷཱ་ར་ཎཱི། ཧ་ར་ཧ་ར། སརྦ་ཀ་ན་ནཾ་བ་ལ་བཱིརྱ་ བྲ་རཱ་ཀྲ་མཾ། ད་ཧ་ད་ཧ། སརྦ་ནཱ་ག །ཤ་རཱི་རཱ་ཎི། པ་ཙ་པ་ཙ། སརྦ་ནཱ་ག་མརྨཱ་ཎི། ག་རུ་ཌ་བེ་ག་པཀྵི་ནི་པ་ཏེ། ནཏྤ་ཏ་ཡ་པ་ཏ་ཡ། སརྦ་ནཱ་ག་བྷུ་བ་ནཱ་ནི། ཨོཾ་མ་ཏ་མ་ཏ། མ་ཧཱ་བི་ཙི་དྲ་མ་ནི་མོ་ཧུ་ལི་ད་ར་ཧ་མ་ཧཱ་ རུ་ཏ་བེ་ག་ད་ར་བི་ཙི་དྲ། ཨ་བ་ར་ཎི་བི་བུ་ཧུ་ཤི་ཏ་ཀཱ་ཡ། སརྦ་ནཱ་གཱ་ནཱཾ། ཀ་ར་ཀ་ར། སྨ་ར་སྨ་ར། བྷོ་ག་རུ་ཌེ་ན་བ་ར་ཐ་གཾ་བཾ་ཏྲ་ན་ཤཱཀྱ་མུ་ན་པྲ་ཙ་ན་མ་ནུ་པཱ་ལ་ཡ། ཏརྫ་ཡ། ནཱ་གཱ་ནཱཾ། པྲ་ག་ཤཱ་ཡ། དུཥྚཾ་པྲ་མ་ཏཱ་ཡ། བ་ཡུ་བེ་ཛ་ག་པཾ། སྥོ་ཊ་ཡ། མརྟ་ནན་ཤོ་ཥ་ཡ། བི་དུ་ཛྭ་ལ་ན། ཧཱུྃ་ཧཱུྃ། ཕཊ་ཕཊ། པྲ་མ་ཏ་སརྦ་བ་ཏ་ཨ་ཤིནྣེ་མེ་ཀཾ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་ནཱ་ག་བ་ལཾ་པ་ཧ་ར། པ་ཙ་དུནྟ་ན། ཨཱ་ག་ར་པཱ་ཡ། སུ་ཤཱ་ནཱ་གན། གརྫ་ གརྫ། མ་ཧཱ་ག་རུ་ཌ་བེ་གན། ཧཱུྃ་ཧཱུྃ། ཕཊ་ཕཊ། སྟམྦྷ་ཡ་ནི་ཤི་ཏཾ་པ་ལ་ཧ་ཀཾ། སམ་བཀྵ་ཡ་ཧཱུྃ་ཧཱུྃ། ཕཊ་ཕཊ། སྟམྦྷ་ཡ། ཤི་ཏ་བ་ཡུ་མུ་གྷ་ན། སརྦ་ནཱ་ག་བི་ཧ་རི་ཎི་ཧཱུྃ་ཧཱུྃ། ཕཊ་ཕཊ། བྷོ་ནཱ་ག་པི་ཏི་པ་ཏི། མུཉྩ་ཧྲི། 101-1-114a བཀྵ་བུ་ཡུཾ་ག་རུ་ཌ་གྲོ་ཏ་མ་ཧཱ་བྷེ་ག་བནྡྷ་ཡ། བུ་ཡུ་བ་ལ་ཧ་ཀནྟི་ཏི། ཊི་ཊི་ཊི། ཧཱུྃ་ཧཱུྃ་ཕཊ་ཕཊ། བྷ་ཤ་ཡ། བ་ཏ་ཤི་ཏ་ཨ་ཤི་ན་ནི། ནཱ་ཤ་ཡ། ཙི་ཏི་ཙི་ཏི། ཕཊ་ཕཊ། སྭཱ་ཧཱ། ཨ་ཤ་ཡ། ནཱ་གཱ་ནཱན་ བནྡྷ་ཡ། བཛྲ་བྷིནྡེ་ན་ཏ་ཐཱ་ག་ཏ་ས་མནྟ་ན། ས་ཏི་ན། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཏི་ཏི་ཏི་ཏི། ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། ཛ་ལཾ་བ་དུཿ སརྦ་ཨ་ཤནྟ་ཐཱ་ག་ཏ་ཨ་དྷིཥྛཱ་ནེ་ན་ཧཱུྃ་ཕཊ། ཨ་མྲྀ་ཏེ་མ་བྷ་བ་ཏུ་སརྦ་ཤི་ཏ་ པ་ཡུ་བེ་ག་ཨ་ཤ་ནི། ཧཱུྃ་ཧཱུྃ། ཕཊ་ཕཊ། མཱ་ཏྀ་གྲེ་མ་ཕོ་ཏ་ཡ། ནཱ་ག་མ་ཏྲི་ཀྲ་མ་མ་ཏེ་མུརྟ་ནཾ། ཡ་ཏི་ཤི་ཏི། ཧུ་རུ་ཧུ་རུ། ཧཱུྃ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། པ་ར་ཏཱ་ར་ཏཱ་སྭཱ་ཧཱ། ནཱ་ག་སྥོ་ཊ་ཡ་སྭཱ་ཧཱ། ནཱ་ག་བ་ཏི་རཱ་ཡ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། སརྦ་ སྭཱ་ཧཱ། བུ་བ་སྭཱ་ཧཱ། ཏ་ཐཱ་ག་ཏ་ས་མ་ཡ་སྭཱ་ཧཱ། ཏྲཻ་ལོ་ཀྱ་ཕཱུ་ཛ་ཏཱ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཀླུའི་བདག་པོ་དག་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་གི་འབར་བའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོ་ འདི་ཀླུ་མི་བསྲུན་པ་ཐམས་ཅད་ཟློག་པར་བྱེད་པའོ། །སྤྲིན་དང་། ལྷགས་པ་དང་། རླུང་དང་། སེར་བ་ཐམས་ཅད་འཇིག་པའོ། །བཟློག་པའོ། །ལོ་ཏོག་ཡོངས་སུ་སྐྱོང་བའོ། །མེ་ཏོག་དང་། འབྲས་བུ་དང་། ནགས་ཚལ་ ཡོངས་སུ་སྐྱོང་བའོ། །བདུད་རྩིའི་འབྲས་བུ་ཡོངས་སུ་གྲུབ་པར་བྱེད་པའོ། །དེ་བས་བསྟབས་པ་འཕེལ་བར་བྱེད་པའོ། །ཀྱེ་ཀླུའི་བདག་པོ་དག་འདི་དྲན་མ་ཐག་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར་བྱེད་པ། བུ་དང་ཆུང་མར་ བཅས་པ་དང་། བློན་པོར་བཅས་པ་དང་། མངག་ཞུགས་པར་བཅས་པ་དང་། འཁོར་དང་བཅས་པ་ལྷགས་པའི་སྟོབས་བྱེད་པ། རླུང་གི་སྟོབས་བྱེད་པ། སྡུད་པ་དང་། སྟོབས་བྱེད་པ། ཀུན་ཐམས་ཅད་འཐུན་པ་ དེ་བཞིན་གཤེགས་པའི་བཀའ་གནང་བ་དང་། དེ་བཞིན་གཤེགས་པའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱིས་ཕྱི་མའི་ཚེ་ཕྱི་མའི་དུས་ན་འཛམ་བུའི་གླིང་འདིར་ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ 101-1-114b ཅད་དང་། རྫས་དང་། ཤིང་དང་། སྨན་ཐམས་ཅད་ཀུན་དུ་བསྲུང་བ་གྱིས་ཤིག །དུས་དུས་སུ་ཆར་གྱི་རྒྱུན་ཕོབ་ཤིག །བདག་གི་སྲོག་ཅི་ལྟ་བ་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྟས་པར་བྱེད་པ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམས་ཡོངས་སུ་སྐྱོངས་ཤིག །གལ་ཏེ་གཞན་དུ་འགྱུར་ཏེ་དེ་བཞིན་གཤེགས་པའི་བཀའ་ལུང་དགེ་བ་ལྟར་མ་བྱས་ན་དེའི་ཚེ་ཀླུ་ཐམས་ཅད་ཀྱི་ཁྱིམ་ཀུན་ཏུ་འབར། རབ་ཏུ་འབར། ཀུན་ཏུ་རབ་དུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་ཅིག །ཀླུ་ལ་མུ་གེ་ཆེན་པོ་འབྱུང་བར་གྱུར་ཅིག །སྟོབས་བྲི་ཞིང་བརྩོན་འགྲུས་མ་རུང་བར་གྱུར་ཅིག །ཆུ་སྐམས་པར་གྱུར་ཅིག །ཁྱིམ་སྐམས་པར་གྱུར་ཅིག ། ལུས་རྩུབ་པར་གྱུར་ཅིག །འདབས་བཟངས་ཀྱིས་འཇིགས་པ་དང་། མེ་དང་བྱེ་མ་ཡིས་འཇིགས་པ་དང་། རྟག་ཏུ་བཀྲེས་པ་དང་སྐོམ་པ་ཡིས་འཇིགས་པ་ཅན་དུ་གྱུར་ཅིག །ཕར་རྒྱུག་ཚུར་རྒྱུག་ཅིང་ལུས་ཀུན་ དུ་ཚིག་པ་དང་། ཉི་མའི་དུགས་ཀྱིས་ཡོངས་སུ་གདུངས་པས་ལུས་ཚིག་པར་གྱུར་ཅིག །ནད་དང་། ན་བ་དང་། གནོད་པ་དང་། ནད་འགོ་བ་སྣ་ཚོགས་པ་འདུས་པར་གྱུར་ཅིག །དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་ མི་བསྲུན་པ། ཀླུ་གཏུམ་པ། རབ་ཏུ་གཏུམ་པ་རྣམས་གལ་ཏེ་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་འབར་བ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་ལས་འགལ་བར་བྱེད་ན་སྡུག་བསྔལ་འདི་ལྟ་བུ་མྱོང་བར་ འགྱུར་ཏེ། ཀླུའི་བདག་པོ་དག་དེའི་ཕྱིར་བདེན་པའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་གི་རྗེས་སུ་བསྲུང་བར་བྱའོ། །འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བྱའོ། ། བསྲུང་བར་བྱའོ། །བསྒྲུབ་པར་བྱའོ། །དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་ 101-1-115a པོ་ཆེན་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཆེན་པོ་ཧུ་ལ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་ཆེན་པོ་འབར་བ་ཀུན་དུ་འཛིན་པ་ཁ་བྱེ་རབ་ཏུ་དགའ་བའི་གཙུག་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ ཆེན་པོ་ཚངས་པའི་མགོ་དང་། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་གྲགས་པའི་རྒྱལ་མཚན་དང་། ཀླུའི་རྒྱལ་པོ་ཆེན་པོ་དབང་ཕྱུག་འོད་དང་། ཀླུའི་རྒྱལ་པོ་ཆེན་པོ་འོད་རྣམ་པར་གྲགས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྒྱལ་མཚན་གྱི་རྣམ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ནོར་བུ་མགོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་པ་ཚངས་པའི་གཙུག་དང་། ཀླུའི་རྒྱལ་པོ་ཆེན་པོ་གཙུག་གི་ནོར་བུ་ འབར་དང་། ཀླུའི་རྒྱལ་པོ་ཆེན་པོ་མཚོ་ཆེན་པོ་གནོན་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་དུ་བལྟ་བའི་མིག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཁྱབ་འཇུག་ཁོར་ཡུག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྣམ་པར་བྲལ་དང་། ཀླུའི་ རྒྱལ་པོ་ཆེན་པོ་རབ་ཏུ་དགའ་བས་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་དག་རབ་དགའ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གཏོར་བ་དང་། ཀླུའི་རྒྱལ་པོ་གློག་འབར་དང་། ཀླུའི་རྒྱལ་པོ་ཆེན་པོ་ས་སྲུང་གིས་ བུ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཆུ་འབེབས་སྣ་ཚོགས་དང་། ཀླུའི་རྒྱལ་པོ་ཆེན་པོ་བཏང་བཟུངས་སྟོབས་དང་། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་རབ་ཏུ་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་ཐོས་ ཀྱི་བུ་སྣ་ཚོགས་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཀླུའི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གཡོག་འཁོར་ཀླུའི་རིགས་སྟོང་ཕྲག་བདུན་བཅུ་རྩ་བདུན་ཡོད་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་ དེར་སོང་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། མཆོད་པ་ཆེན་པོས་མཆོད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། 101-1-115b བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚིག་ཤིན་དུ་མི་བཟད་པ་དྲག་པོ་ཆེན་པོ་བལྟ་དཀའ་བ་ཆེན་པོ་དག་བཀའ་སྩལ་པས། བཅོམ་ལྡན་འདས་བདག་ཅག་ནི་ཕུང་ངོ་། །ཚིག་གོ། ལུས་རབ་ཏུ་འདར་རོ། །སྤུ་ཟིང་ཞེས་ བགྱིད་དོ། །བཅོམ་ལྡན་འདས་བདག་ཅག་བས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མངོན་སུམ་དུ་གྱུར་པར་གནས་པ་ལགས་ཏེ། འདི་ལྟར་འཇིགས་སྐྲག་བ་སྤུའི་བུ་ག་ནས་སྐྱི་བུང་ཞེས་བགྱིད་ཅིང་། འཇིགས་པ་མི་བཟད་པ་ཆེན་པོ་སྐྱེས་ཏེ། བས་པར་ཡང་སྒྱིད་ལུག་ཅིང་མཆིས་སོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་དགེ་ སློང་དྲག་ཤུལ་བགྱིད་པ་ནོར་ལ་བརྐམ་པ་དག་མཆིས་པ་ལ། སད་དང་། རླུང་དང་། སེར་བ་བཟློག་པའི་སླད་དུ་གསོལ་བ་བཏབ་པར་གྱུར་ནས། བཅོམ་ལྡན་འདས་དེ་ལ་ཀླུ་མི་བསྲུངས་པ་དེ་དག་གིས་ཇི་ལྟར་ ནན་ཏན་དུ་བགྱི། དེ་དག་གི་སྲོག་སླར་ཞིང་ཇི་ལྟར་འགྱུར། བཅོམ་ལྡན་འདས་བདག་ཅག་གི་བུ་དང་ཚ་བོ་ཇི་ལྟ་བུ་མང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་ཆེན་པོ་དེ་དག་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱམས་པ་ལ་གནས་པར་བྱའོ། །དེ་བཞིན་གཤེགས་པའི་དམ་ཚིག་དང་འཐུན་པར་བྱའོ། །དུས་དུས་སུ་ཆར་གྱི་རྒྱུན་ཕོབ་ཅིག ། དུས་དུས་སུ་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་བསྒྲུབས་ཤིག །རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཟློག་ཤིག །ཆུད་ཟ་བར་མ་བྱེད་ཅིག །ཀླུའི་བདག་པོ་དག་དེའི་ཕྱིར་ཁྱེད་ཕྱི་མའི་ཚེ་ཕྱི་མའི་ དུས་ན་གནོད་པ་མེད་པར་གནས་པར་གྱིས་ཤིག །ཀླུའི་བདག་པོ་དག་གལ་ཏེ་ཡང་དག་པར་དམ་ཚིག་མ་བསྲུངས་ན་དེའི་ཕྱིར་ཀླུའི་བདག་པོ་དག་ཁྱེད་ལ་ཉེས་པ་ཆེན་པོར་འགྱུར་རོ། །ཞེས་སྨྲའོ། ། 101-1-116a ཐོག་མར་ཀླུ་བསྐུལ་བའི་རིག་པ་རྫོགས་སྷོ།། །།དེ་ནས་དེའི་འོག་ཏུ་རྩ་བའི་རིག་པའི་ཆོ་ག་ཀླུ་རྣམས་ཀྱི་ཁྲོས་པ་ཞི་བར་བྱེད་པ་ནམ་མཁའ་ལྡིང་འབར་བའི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་ འཁོར་འདི་བརྗོད་པར་བྱའོ། །ཐོག་མ་ཁོ་ནར་གནམ་དུ་བལྟས་ཏེ། ཡུངས་ཀར་དང་ཆུ་བསྲེས་པ་ཕྱོགས་བཞིར་གཏོར་ན། སད་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ། ། བཅིངས་པར་འགྱུར་རོ། །ཀླུ་ཐམས་ཅད་འདར་ཡེད་ཡེད་ཅིང་འཁོད་པར་འགྱུར་རོ། །ཐལ་བ་དང་ཆུར་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱས་ཏེ། དབང་བསྐུར་ན་བདག་བསྲུང་བ་བྱས་པར་ འགྱུར་རོ། །འབྲུག་ཟེར་བའི་ཚེ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་བདུན་ཡོངས་སུ་བཟླས་པར་བྱས་ལ། ཆུ་ལ་ལན་བདུན་དུ་ཡོངས་སུ་བཟླས་པ་བྱས་ཏེ་གནམ་ལ་སྤྲིན་བཅིང་བར་བྱའོ། །དེ་ནས་སྤྲིན་ལ་བལྟས་ ཏེ། ཡུངས་ཀར་གནམ་དུ་གཏོར་ན་མེ་ཏོག་དང་། འབྲས་བུ་ཐམས་ཅད་བསྡུས་ནས་སའི་སྟེང་དུ་ལྟུང་ངོ་། །སྔགས་ཀྱང་བརྗོད་ཅིང་ཁྲོས་པས་ཕཊ་ཅེས་བྱ་བ་བརྗོད་པར་བྱ་སྟེ། ཕཊ་ཅེས་བྱ་བ་ལན་གསུཾ་ གྱིས་ཀླུ་ཕྲུག་གུ་རྣམས་ཀྱང་ལྟུང་བར་འགྱུར། ཀླུ་རྣམས་ཀྱི་ལུས་ཀྱང་ཞིག་སྟེ་ཐང་ལ་ལྷུང་བར་འགྱུར་རོ། །བལ་པོ་སེའུའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་སྟེ། འཁོར་ལོའི་ཚུལ་དུ་ལན་བདུན་བསྐོར་ན། ཀླུ་མི་བགྲུངས་པ་ཐམས་ཅད་སད་དང་། སྤྲིན་དང་། རླུང་དང་། སེར་བ་ཐམས་ཅད་ས་ལ་མི་འབེབས་སོ། །མགོ་ཚལ་པ་བདུན་དུ་འགས་སོ། །མིག་འབྱུང་ངོ་། ། ཁྲོས་པས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ན། ཀླུ་རྣམས་རིགས་དང་། སྤྲིན་དང་། གཡོག་འཁོར་ཀུན་དང་བཅས་ཏེ་སའི་སྟེང་དུ་ལྟུང་ངོ་། །ཀླུའི་ཁྱིམ་དང་། གཞལ་ཡས་ཁང་མཐའ་དག་དང་། 101-1-116b ཆུ་དང་། ཤིང་དང་། ནགས་ཚལ་དུ་བཅས་པ་མེ་ལྕེ་འབར་བ་གཅིག་ཏུ་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཐམས་ཅད་ཀྱང་ཀླད་ནད་དྲག་པོས་བཏབ་པར་འགྱུར་རོ། །གལ་ཏེ་ རིག་པ་འཛིན་པས་མྱུར་དུ་མ་བསྐྱབས་ན་རིགས་ཐམས་ཅད་ཕུང་བར་འགྱུར་རོ། །བུ་དང་། ཚ་བོ་དང་། འཁོར་དུ་བཅས་པ་དང་། བཞོན་པར་བཅས་ཏེ་རྣམ་པར་མེད་པར་འགྱུར། མིག་མེད་པར་ འགྱུར་རོ། །ཆར་མེད་པའི་དུས་ན་ཡུངས་ཀར་ལ་ལན་སྟོང་བཟླས་ཏེ། ཁྱིམ་ལ་གཏོར་ན། ཀླུ་ཐམས་ཅད་འདར་ཡེད་ཡེད་ཅིང་། ཁྱིམ་དང་མཚོ་མེ་ལྕེར་འབར་བ་གཅིག་ཏུ་གྱུར་ཏེ། འདོད་པ་བཞིན་དུ་ མྱུར་དུ་ཆར་གྱི་རྒྱུན་འབེབས་སོ། །ཡང་དང་ཡང་ཆར་གྱི་རྒྱུན་འབེབས་སོ། །གང་གི་ཚེ་ཆར་དགོས་པ་དེའི་ཚེ་རིག་པ་འཛིན་པས་ཆུ་དང་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། གནས་མཐོན་པོར་སོང་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ཆུ་སྙིམ་པ་བདུན་ལ་སྔགས་ལ་ལན་བདུན་བདུན་དུ་ཡོངས་སུ་བཟླས་ཏེ། ཤར་ཕྱོགས་སུ་གཏོར་ན་ཀླུའི་རྒྱལ་པོ་ཐམས་ཅད་འཕྲལ་ དུ་གཅིག་ཏུ་འདུས་ཏེ་ཆར་གྱི་རྒྱུན་འབེབས་སོ། །སྐྱ་རེང་ཤར་བའི་དུས་ན་ཡུངས་ཀར་དང་། གུར་གུམ་དང་ཆུར་བསྲེས་ལ་ལན་བདུན་བཟླས་པ་བྱས་ཏེ་ཕྱོགས་བཞིར་གཏོར་ཞིང་སྟེང་དང་འོག་ཏུ་ཡང་ གཏོར་ན་སད་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ལ་ཀུན་ནས་དཔག་ཚད་ཚུན་ཆད་དུ་མཚམས་བཅད་པར་འགྱུར་རོ། །ཀླུ་མི་བསྲུན་པ་ཐམས་ཅད་བཅིངས་པར་འགྱུར་རོ། །ཀླུ་ཐམས་ཅད་མི་འདའ་ བར་འགྱུར་རོ། །བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བར་བླངས་པ་དང་། དེ་ཉིད་ཀྱི་མར་དང་། འོ་མ་དང་། གཅིན་བླངས་ལ་སབ་ཏ་བྱི་ས་ཀ་དང་། བག་ཕྱེ་དང་། ཐམས་ཅད་བསྲེས་ལ་ལན་དགུ་བཅུ་རྩ་གཉིས་ 101-1-117a བཟླས་པ་བྱས་ཏེ། དེ་ནས་ཀླུ་མགོ་ལྔ་པ་བྱའོ། །མགོ་གདེངས་ཀ་ཅན་གྱི་སྐྱིལ་མོ་དཀྲུང་བཅས་པ་ལུས་གཅུས་པ་བྱས་ཏེ། ཙན་དན་དཀར་པོ་དང་། གུར་གུམ་གྱིས་ལུས་བཀྲུ་བར་བྱའོ། །སྟན་གཙང་ མའི་སྟེང་དུ་བཞག་གོ། །དར་གྱི་ཅོད་པན་གྱིས་དབང་བསྐུར་རོ། །མེ་ཏོག་ཕྲེང་བ་གདགས་སོ། །དཀྱིལ་འཁོར་གྲྭ་བཞི་པ་བྱས་ཏེ། མེ་ཏོག་སིལ་མ་གཏོར། བུམ་པ་གང་བ་བཞི་བཞག་གོ། །མདའ་བཞི་བཙུགས་ ཏེ། དར་གྱི་བ་དན་དཀར་པོ་བཞི་གདགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་བཞག་གོ། །དཀྱིལ་འཁོར་གྲྭ་བཞིར་སེང་ལྡེང་གི་ཕུར་བུ་བཞི་བཙུགས་སོ། །ཚོན་སྣ་ལྔའི་སྐུད་པས་ལན་ལྔ་བསྐོར་རོ། །ཀུན་ ལ་ཡང་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ལས་བྱའོ། །བུམ་པའི་མགུལ་དར་གྱིས་བཅིང་ངོ་། །ན་ལ་དང་། སྲ་རྩི་པོག་དང་། རྒྱ་སྤོས་དང་། ཀུན་དུ་ར་དང་། སེན་མོ་དང་། ནཱ་ག་པུས་པ་དང་། ཡུངས་ཀར་དཀར་པོ་དང་། ཤ་ཀ་ར་དང་བསྲེས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་བདུག་པར་བྱའོ། །བདུག་པ་འདི་སྦྱར་ལ། དེ་ནས་རིག་པ་འཛིན་པས་ཤིན་ཏུ་ཁྲུས་བྱས་ཏེ། གོས་གཙང་མ་གོན་ལ་སྔགས་འདི་ཉིད་ཀྱིས་ཉེ་རེག་དང་། བྲག་ བཅིང་བ་དང་། མཚམས་བཅིང་བ་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། གོས་གདེགས་པ་དང་། བདག་བསྲུང་བ་དང་། ཁྲུས་བྱ་བ་རྣམས་བྱའོ། །ཀླུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ། རིག་ པ་འཛིན་པ་ཀླུ་ལ་བལྟས་ཏེ། སྐྱིལ་མོ་དཀྲུང་དུ་འདུག་ལ། སྔགས་འདི་ཉིད་ཀྱིས་དགུག་པ་དང་། གཏོར་མ་དང་། བདུག་པས་སླར་བཏང་བར་བྱའོ། །དེ་ནས་རིག་པ་འཛིན་པས་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་རེ་རེ་ལ་ བཟླས་ལ་ཀླུའི་གཟུགས་ལ་བསྣན་པར་བྱའོ། །མར་མེ་ཁ་བཞི་འབུད་དོ། །ཀླུའི་མིང་བྲིའོ། །གང་བོས་པ་དེ་འགྲང་བར་འགྱུར་རོ། །བཟླས་པ་སྟོང་རྩ་བརྒྱད་ཚང་བར་བྱས་ན་ཀླུའི་རྒྱལ་པོ་ཆེན་པོ་དབང་དུ་འགྱུར་རོ། །ཐམས་ཅད་ 101-1-117b སྟོན་པར་འགྱུར་རོ། །ཅི་བསམས་པ་དེ་ཐམས་ཅད་སྦྱིན་པར་འགྱུར་རོ། །དབང་ཐམས་ཅད་བཟློག་པར་འགྱུར་རོ། །རང་གི་སྐྱེ་བོ་དང་། འཁོར་དུ་བཅས་པ་དང་། བུ་དང་ཚ་བོར་བཅས་པ་ཐམས་ཅད་དབང་དུ་འགྱུར་རོ། །ལས་ ཐམས་ཅད་བྱེད་པར་འགྱུར་རོ། །རང་གི་ཁྱིམ་བཞིན་དུ་ཡོངས་སུ་སྐྱང་བར་འགྱུར་རོ། །ཀླུའི་གཟུགས་དེ་གནས་དབེན་པར་བཞག་ལ། །མེ་ཏོག་དང་བདུག་པ་སྦྱིན་ནོ། །ལང་ལོང་མེད་པར་བཞག་ཅིང་མི་མཐོང་བར་བྱ་སྟེ། སུ་ལ་ཡང་མི་བསྟན་ནོ། །གོས་གཙང་མས་དགབ་བོ། །ནམ་དགོས་པ་ཡོད་པ་དེའི་ཚེ་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱ་སྟེ། །བསྣུན་ན་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །གར་བཏང་བ་དེར་འགྲོ་ ཞིང་སླར་ཡང་འོང་ངོ་། །རྨི་ལམ་དུ་དགོས་པ་ཐམས་ཅད་སྟོན་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཀླུའི་མངག་གཞུག་པ་ཞེས་བྱའོ། །གང་གི་ཚེ་དུས་མ་ཡིན་པའི་སྤྲིན་དང་། རླུང་དང་། སེར་བ་དང་། སད་ བྱུང་བ་དེའི་ཚེ་སྐྱེ་ཚེའི་འབྲུ་དང་། ཡུངས་ཀར་དུ་བསྲེས་ལ་ལན་བརྒྱ་རྩ་གཅིག་བཟླས་པ་བྱས་ཏེ། ཁྲོས་པས་ཀླུའི་གཟུགས་ལ་བསྣུན་ན་སྐད་ཅིག་དེ་ལ་རླུང་དང་། སེར་བ་དང་། སྤྲིན་མེད་པར་འགྱུར་ཏེ་ཐམས་ཅད་ བཅིང་བར་འགྱུར་རོ། །ཐན་པ་བྱུང་བ་དེའི་ཚེ་ཡི་གེར་བྲིས་ལ་སྐུད་པ་དམར་པོ་དཀྲིས་ལ་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ཀླུའི་མགུལ་དུ་བཏགས་ལ་ཀླུའི་སྤྱི་བོར་ལན་ཉི་ཤུ་རྩ་གཅིག་བཟླས་པ་ བྱས་ན་སྐད་ཅིག་དེ་ལ་ཆར་གྱི་རྒྱུན་འབེབས་ཏེ། སྒྲུབ་པ་པོ་ཇི་ལྟར་འདོད་པ་བཞིན་ཆར་འབེབས་སོ། །ཧ་ཅང་ཆར་ཆེ་ན་སྐུད་པ་སྔོན་པོ་ལ་ལན་བདུན་བཟླས་པ་བྱས་ཏེ། མདུད་པ་བདུན་བོར་ན་ཆར་ཆེན་ པོ་མི་འབབ་པར་འགྱུར་རོ། །ཆོ་ག་དང་རིག་པ་བསྒྲུབ་པ་གཞན་ཐམས་ཅད་ལ་ཡང་སྔགས་འདི་ཐོག་མ་ཁོ་ནར་ལན་བདུན་བདུན་བརྗོད་དོ། །འདི་ཀུན་ཏུ་སྦྱོར་བ་སྟེ། བརྗོད་པ་བསྒྲུབ་པ་འགྲུབ་བོ། །ནམ་མཁའ་ 101-1-118a ལྡིང་ཆེན་པོ་རྡོ་རྗེ་ཤུགས་འབར་བ་ནམ་མཁའ་ལྡིང་གི་སྙིང་པོ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།དེ་ནས་དེའི་འོག་ཏུ་རྩ་བའི་སྙིང་པོའི་ཆོ་ག་སྟོན་ཏོ། །གཟུངས་བཏོན་ མ་ཐག་པ་ཙམ་གྱིས་ཀླུ་ཐམས་ཅད་འདར་ཡེད་ཡེད་དོ། །བལ་པོ་སེའུ་ཤིང་གི་ལྕུག་མ་དང་། ཤིང་ཀ་ར་བཱི་རའི་ལྕུག་མས་རླུང་དང་། སྤྲིན་བཟློག་པར་བྱའོ། །བའི་ལྕི་བ་ས་ལ་མ་ལྷུང་བས་ཁང་སྟེང་དུ་དཀྱིལ་འཁོར་ གྲྭ་བཞི་པ་ཤིན་དུ་རྣམ་པར་ཕྱེ་བ་རེའུ་ཆ་ལེགས་པར་བྱས་པ་བྱས་ཏེ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བརྒྱད་ཕྱོགས་མཚམས་སུ་གཟུགས་སོ། །མདའ་ལྔ་གཟུགས་སོ། །རྩེ་གསུམ་པ་གཟུགས་སོ། ། མདའ་བཞི་ལ་ཚོན་སྣ་ལྔའི་སྐུད་པ་བཞིས་འཁོར་བར་བསྐོར་རོ། །བུམ་པ་གང་བ་བཞི་དང་། པོག་ཕོར་དང་། གཏོར་མའི་བུམ་པ་བཞི་བཞག་གོ། །གཏོར་མ་དཀར་པོས་བཀང་བ་བཞི་དཀྱིལ་འཁོར་གྱི་དབུས་ སུ་བཞག །མེ་ཏོག་སིལ་མས་གང་བར་གཏོར། བྲ་ཡོས་དང་ཡུངས་ཀར་གྱིས་གཏོར་རོ། །ཐམས་ཅད་ལ་ལན་བདུན་བདུན་གྱིས་བཟླས་པ་བྱས་ཏེ་གཟུགས་སོ། །ཡུངས་ཀར་དང་ཆུ་བསྲེས་ལ་བཟླས་པ་ བྱས་པས་ཕྱོགས་བཞིར་མཚམས་བཅད་དོ། །དེ་ནས་དཔག་ཚད་ཚུན་ཆད་ཀུན་ཏུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། །དེར་ཀླུ་མི་བསྲུན་པ་རྣམས་འཕྲོག་མི་ནུས་སོ། །ཀླུ་ཆེན་པོ་རྣམས་ཀྱང་རྟག་ཏུ་ དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེར་བ་འབེབས་མི་ནུས་སོ། །མེ་ཏོག་དང་འབྲས་བུ་ཐམས་ཅད་འཚེ་ཡང་མི་ནུས། ལན་འགའ་ཡང་རྩྭའི་ལོ་མ་ཡང་འཚེ་མི་ནུས། བཅིང་བ་ལྔས་བསྡམས་ཏེ་ཐམས་ ཅད་བཅིངས་པར་འགྱུར་རོ། །འདི་ཟླ་བ་བརྒྱད་དུ་མཚམས་བཅིངས་པར་འགྱུར་རོ། །གནོད་སྦྱིན་དང་། འབྱུང་པོ་དང་། སྲིན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། གསང་བ་འོད་ཟེར་སྣང་པ་དེ་རྣམས་ 101-1-118b གནས་འདི་ལས་མི་འདའོ། །དེ་ནས་རིག་པ་འཛིན་པ་དཀྱིལ་འཁོར་གྱི་དབུས་སུ་འདུག་ཏེ། བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ལན་བདུན་བཟླས་པས་ཀླུ་བཟློག་པར་བྱའོ། །ཤིན་དུ་ཁྲོ་བས་བཟློག་པར་བྱ་ བ་ནི་མ་ཡིན་ནོ། །ཀླུའི་སྐྱིལ་མོ་དཀྲུང་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། མཛུབ་མོ་གཉིས་མགོ་བོ་གདེངས་ཀ་ལྟར་བྱས་ལ་མཐེའུ་ཆུང་གཉིས་བརྐྱང་ངོ་། །འདི་ནི་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ། །བརྗོད་མ་ ཐག་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་དག་ལ་གནོད་པར་འགྱུར་རོ། །གལ་ཏེ་ཀླུ་དག་ཕྱོགས་དེ་མ་རུང་བར་བྱ་བར་འདོད་ན་དེའི་ཚེ་བྱེ་ཚན་མགོ་ལ་འབབ་བོ། །མགོ་དང་། མཇུག་མ་དང་། ཁོག་པ་ཇི་ཙམ་པར་ དེ་ཙམ་དུ་ལུས་ལ་རལ་གྲིའི་ཆར་གྱི་རྒྱུན་འབབ་པར་འགྱུར་རོ། །དེ་ནས་ཀླུ་ཐམས་ཅད་དངངས་སྐྲག་པར་གནས་པར་འགྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་དུ་དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །ཀླུ་མི་ བགྲུངས་པ་ཐམས་ཅད་དབང་དུ་འགྱུར་རོ། །ཁང་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། མེ་ཏོག་སིལ་མས་གང་བར་གཏོར་ལ་བདུག་པས་བདུགས་ཏེ། བུམ་པ་ཆུས་བཀང་བ་ཐམས་ཅད་ལ་ལན་བདུན་ དུ་བཟླས་པར་བྱའོ། །གཏོར་མ་བཞག་གོ། སེང་ལྡེང་གི་ཕུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེང་ལྡེང་གི་ཕུར་བུ་དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན་རླུང་དང་། སྤྲིན་དང་། སེར་བ་དང་། སད་ཀྱི་ཉེས་ པ་ཐམས་ཅད་བཅིངས་པར་འགྱུར་ཏེ། ཕུར་བུ་མ་ཕྱུང་གི་བར་དུ་ཐུབ་པར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་བཟླས་ལ་སྤྲིན་ལ་བལྟས་ཏེ་གཏོར་ན། སེར་བ་ཐམས་ཅད་འཆད་པར་འགྱུར་རོ། །ཤིང་ཀ་ར་ བཱི་རའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གདུ་བུར་བྱས་ན་ཐམས་ཅད་དུ་སེར་བ་ཆོད་པར་འགྱུར་རོ། །ཤིང་ཀ་ར་བཱི་རའི་དམར་པོའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གློག་བྱུང་བའི་ཚེ་ན་ 101-1-119a ནམ་མཁའ་ལ་འཕངས་ན་ནམ་མཁའ་ཉིད་དུ་འདུག་སྟེ་བཅིངས་པར་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་ཏེ་གཏོར་ན་གྲོལ་བར་འགྱུར་རོ། །འབྲུག་ཟེར་བའི་ཚེ་རྩེ་གསུམ་པ་ལ་ལན་ཉི་ཤུ་ རྩ་གཅིག་བཟླས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གཙུགས་ན་རྩེ་གསུམ་པ་མ་ཕྱུང་གི་བར་དུ་འབྲུག་ཟེར་ཏེ་སྤྲིན་བཅིངས་པར་འགྱུར་རོ། །ཕྱུང་ནས་གྲོལ་བར་འགྱུར་རོ། །རལ་གྲི་ལ་ལན་བདུན་བཟླས་ ཏེ། ཀླུའི་ཕྱག་རྒྱ་སྐྱིལ་མོ་དཀྲུང་གིས་བཟུང་ལ་སྤྲིན་ལ་བལྟས་ཏེ་འདུག་ན་བཟུང་མ་ཐག་ཏུ་ཀླུ་མཐའ་དག་འབར་བར་འགྱུར་ཏེ། ཀླུ་ཐམས་ཅད་ལྐུག་པར་འགྱུར་རོ། །རལ་གྲི་ཐོགས་ལ་ལན་བརྒྱ་ རྩ་བརྒྱད་བཟླས་ཏེ། གུར་གུམ་གྱིས་དེའི་སྟེང་དུ་ནམ་མཁའ་ལྡིང་བྲིས་ནས་ཅི་ལྟ་ཇི་ལྟ་བུར་བསྐོར་བ་དེ་ལྟ་བུར་ནམ་མཁའ་ལྡིང་གི་འདབ་གཤོག་ཀླུའི་ལུས་ལ་འབབ་པར་གྱུར་ཏེ། ཀླུ་ཐམས་ཅད་ སྐྲག་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར་ཏེ། ཕྱིས་རླུང་དང་སེར་བ་འབེབས་མི་ནུས་སོ། །ཤིང་ཀ་ར་བཱི་རའི་མེ་ཏོག་དང་ཡུངས་ཀར་བསྲེས་ཏེ། དཀྱིལ་འཁོར་དུ་ལན་དྲུག་བཅུ་སྦྱིན་སྲེག་ བྱས་ན་ཀླུ་ཐམས་ཅད་གྲང་བའི་སྟོབས་བྱེད་པ་དང་། སེར་བ་དང་ཁ་བའི་བར་ལ་སོགས་པ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཆར་དགོས་པར་འགྱུར་བ་དེའི་ཚེ་ཆར་འབེབས་སོ། །སྤྲ་ཚིལ་ལས་ཀླུའི་གཟུགས་ ཚད་སོར་བཞི་པ་མགོ་ལྔ་པ་བྱས་ཏེ། གསེར་གྱིས་གཡོགས་ལ་སྟེང་གོས་དཀར་པོས་གཡོགས་ཏེ། རྩ་བའི་སྔགས་ལན་སྟོང་བཟླས་པ་བྱས་ལ། བུམ་པ་གསར་པ་མ་སྤྱད་པའི་ནང་དུ་བཅུག་སྟེ། ལུས་གོས་ཀྱིས་དཀྲིའོ། །རྒྱས་གདབ་བོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་བྲ་ཡོས་དང་ཡུངས་ཀར་གྱིས་གཏོར་ལ་བདུག་པས་བདུག་སྟེ། སྔགས་འདི་བརྗོད་པར་བྱའོ། །བལ་པོ་སེའུ་ཤིང་གི་ 101-1-119b ལྕུག་མ་ལ་ལན་བདུན་བཟླས་ཏེ། བུམ་པ་ལ་དལ་བུ་དལ་བུས་གཞུས་ན་སེར་བ་ཐམས་ཅད་བུམ་པའི་ནང་དུ་འཕོའོ། །ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །ཀླུའི་རྒྱལ་པོའི་གཟུགས་སྤྲ་ཚིལ་ལ་བྱས་པ་ལ་ ཀླུ་ཐམས་ཅད་ཀྱི་མིང་བྲིས་ན་གང་གིས་མིང་གིས་རིགས་བརྗོད་པས་ཀླུ་དེ་དབང་དུ་འགྱུར་ཏེ། འཁོར་དང་བཅས་པ་བྲམ་ཟེའི་གཟུགས་ཀྱི་མདུན་ན་འདུག་ཅིང་ཅི་བསྒོ་བ་དེ་ཐམས་ཅད་བྱེད་དོ། །ཀླུའི་རྒྱལ་པོ་ཆོས་ཅན་ མ་ཡིན་པ་ཡུལ་ཡོངས་སུ་མི་སྐྱོང་བ། ལོ་ཏོག་དང་འབྲས་བུ་ཆུད་གཟོན་པའི་ཀླུའི་ཁྱིམ་དུ་སོང་སྟེ། ཤིན་ཏུ་ཁྲུས་བྱས་ལ་གོས་དཀར་པོ་གཙང་མ་བགོས་ཏེ། རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ན། ཀླུའི་ཁྱིམ་དེ་ནས་བུད་ མེད་རྒན་མོ་དག་འབྱུང་ཞིང་། རིག་པ་འཛིན་པ་ཅི་ཚོལ་ཞེས་ཟེར་བ་དང་། ལན་མི་གདབ་པར་རྡོ་རྗེ་ས་ལ་བརྡབ་པར་བྱའོ། །ཕཊ་ཞེས་བྱ་བ་བརྗོད་པར་བྱའོ། །ཀླུ་རྒན་མོ་དེ་ངུས་ནས་ཤིའོ་ཤིའོ་ཞེས་ཟེར་ཞིང་ཁྱིམ་དུ་འཇུག་གོ། ། དེ་ནས་ཀླུ་རྣམས་འདུས་ཏེ་དངངས་སྐྲག་སྟེ། ཁྱེའུ་ཡི་གཟུགས་སུ་བསྒྱུར་ནས་རིག་པ་འཛིན་པའི་མདུན་དུ་འདུག་སྟེ། ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚོལ། རིག་པ་འཛིན་པས་སྔར་སྔགས་བརྗོད་ལ། ཁྲོས་པས་བལ་པོ་ སེའུ་ཤིང་གི་ལྕུག་མ་ས་ལ་བརྡབས་པ་དང་། ཁྱེའུ་ཡི་གཟུགས་ཅན་དེ་ས་ལ་འགྲེ་ལྡོག་ཅིང་། ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚོལ་ཞེས་སྨྲའོ། །རིག་པ་འཛིན་པས་སྙིང་རྗེ་མེད་པར་བྱ་སྟེ། བསྒྱེལ་བའི་ཚུལ་གྱིས་བསྒྱེལ་ བ་དང་། འདི་སྐད་ཅེས་ཀྱེ་རིག་པ་འཛིན་པ་བསྒོ་བ་ཐམས་ཅད་བགྱིད་དོ་ཞེས་སྨྲའོ། །དེ་ནས་རིག་པ་འཛིན་པས་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པའི་དམ་ཚིག་བསྲུངས་ཤིག །བསྲུང་ངོ་། །རིག་པ་འཛིན་ པས་ཡང་འདི་སྐད་ཅེས་བརྗོད་དོ། །དགེ་བ་བཅུ་ཟུང་ཤིག །འཛིན་ཏོ། །རིག་པ་འཛིན་པས་ཡང་གསུམ་ལ་སྐྱབས་སུ་གསོལ། གཏད་དོ་རྗེས་སུ་འཛིན་ཏོ། །རིག་པ་འཛིན་པ་ཕུར་བུ་དབྱུང་དུ་གསོལ། མི་དབྱུང་ངོ་། ། 101-1-120a འདི་སྐད་ཅེས་བརྗོད་དེ། དེ་བཞིན་གཤེགས་པའི་དམ་ཚིག་བཟླས་པ་རྗེས་སུ་བཟུང་ཤིག །གདོད་ཕུར་བུ་དབྱུང་ངོ་ཞེས་བྱའོ། །འོན་ཏང་ཀླུ་དེ་འཁོར་དང་བཅས་ཏེ་རྐང་པ་གཉིས་ལ་གཏུག་གོ། །གསུམ་ ལ་སྐྱབས་སུ་འགྲོ་བར་བྱ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྗེས་སུ་སྦྱིན་པར་བྱའོ། །དམ་ཚིག་རྗེས་སུ་འཛིན་དུ་གཞུག་གོ། །དེ་ནས་གདོད་ཕུར་བུ་ཕྱུང་ལ་དེ་ཉིད་དུ་ཁ་ཟས་ཀྱང་བྱིན་པ་དང་། ཀླུ་ཐམས་ ཅད་དབང་དུ་འགྱུར་རོ། །རང་གི་ཁྱིམ་དུ་འཇུག་པ་བཞིན་དུ་ཞུགས་ཤིང་ལས་སུ་བྱ་བ་རྣམས་ཅི་འདོད་པ་བཞིན་དུ་བྱ་བ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །གང་དུ་བཏང་བ་དེར་འགྲོའོ། བྱ་བ་ ཐམས་ཅད་བྱེད་པར་འགྱུར་རོ། །ཀླུའི་ཁྱིམ་དེར་ཕྱིས་ཀླུ་མི་བསྲུན་པ་མི་འབྱུང་ངོ་། །དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །དུས་དུས་སུ་ལོ་ཏོག་སྒྲུབ་བོ། །དེར་མེ་ཏོག་དང་། འབྲས་བུ་དང་། ལོ་མ་རྣམས་ སྒྲུབ་བོ། །ཕྱིས་གནོད་པ་བྱེད་པར་མི་འགྱུར་རོ། །བཀླགས་པས་འགྲུབ་པའི་གཟུངས་ཆེན་པོ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ལས་ཐམས་ཅད་འགྲུབ། མཆོག་འགྲུབ་པ། བླ་ན་མེད་པའོ། ། རྩ་བའི་སྔགས་ཀྱི་བྱ་བའི་ཆོ་ག་དང་བཅས་པ་རྫོགས་སྷོ།། །།དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀླུ་ཐམས་ཅད་ཀྱི་སྙིང་འབར་བར་བགྱིད་པ། དུས་མ་ལགས་པའི་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་བཟློག་པ། མེ་ཏོག་དང་། འབྲས་བུ་དང་ ལོ་ཏོག་ཐམས་ཅད་སྒྲུབ་པ། སའི་རྡུལ་དང་། སྙིང་པོ་དང་། བྱིན་འཕེལ་བར་བགྱིད་པ། རྡོ་རྗེའི་མཆུ་ཀློག་འབར་བ་ཞེས་བྱ་བའི་གཟུངས་བརྗོད་པར་བགྱིད་ན། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ 101-1-120b ཡོངས་སུ་བསྐང་བའི་སླད་དུ། བཅོམ་ལྡན་འདས་དེ་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་ལྡིང་གི་ བདག་པོ་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ དག་གིས་ཀྱང་བྱིན་གྱིས་བརླབས་ཀྱིས་ནམ་མཁའ་ལྡིང་གི་བདག་པོ་ཀླུ་མི་བསྲུན་པ་རྣམས་ཚར་བཅད་པའི་ཕྱིར་སྨྲོས་ཤིག །དེ་ནས་ནམ་མཁའ་ལྡིང་གི་བདག་པོས་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་འདི་སྨྲས་ སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་སྟྲཻ་ལོ་ཀྱ་ཨ་དྷི་པ་ཏ་ཡེ། ན་མཤྩ་ཏུརྞཱ་མ་མ་ཧཱ་རཱ་ཛཱ་ནཱ། ཨོཾ་བཛྲ་དུནྟ་དུནྟ། མ་ཧཱ་དུནྟ། དུ་ཏི་དུ་ཏི། བཛྲ་ཤི་ཁ་ར་དུནྟེ། མ་ནི་ ཀ་ཎ་ཀ་བི་ཙི་ཏ། ཨ་བྷ་ར་ཎ་བི་བྷཱུ་ཥི་ཏ་ཤ་རཱི་རེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ། ནཱ་ག་རཱ་ཛ་བི་དྲ་བ་ཎི་ཧྲྀ་ད་ཡཾ། སྥོ་ཊ་ཡ་བཛྲ་དུནྟ་ན། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛྭ་ལ་ཏི་བཛྲ་དུནྟེ་ན། ཧ་ན་ཧ་ན། ག་རུ་ཌ་པཀྵ་ནི་པ་ཏེ་ ན་བྷ་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ་དུཥྚཾ་ནཱ་གཱ་ནཱཾ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ། བྷོ་བྷོ་པནྣཱ་གེནྡྲ་སྤུ་ཏ་སྤུ་ཏ་སྤུ་དནྡུ་ནཱ་ག་ས་སྨ་ནི་ཀྲོ་དྷ་ར་ཛཱ་མ་ཧཱ་བ་ལ་བ་རཱ་ཀྲ་མ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ ཕཊ་ཕཊ་ཕཊ། བྷོ་ག་རུ་ཌ་རཱ་ཛ་བཛྲ་དུནྟེ། སུ་བ་ར་ན་པཀྵ་མ་ཧཱ་བ་ལ། མ་ཧཱ་ཀ་ན་ཀ་པི་ཙི་ཏི་མ་ཧཱུྃ་དར། བཀྵ་ཡ་དུཥྚ་ནཱ་གཾ་བི་བ་དུ་བྷོ་བ་ཡུ་བ་ལ་ཧ་ཀཾ་ཧཱུྃ་ཧཱུྃ། ཕཊ་ཕཊ། ཤོ་ཤ་ཡ་ཤི་ཏ་བ་ལ་ཧ་ག་ག་རུ་ཌ་ཨུ་སྨེ་ན། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ། བྷོ་བྷོ་བཛྲ་དུནྟ་བི་ཙུ་ཧུ་ན། བི་དྷུ་ཛྭ་ལ་ན། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཉྫ་ཡ། སརྦ་ཤ་ར་ནི་མ་ཏི་ཀྲ་མ་སི་མཾ། བྷོ་བནྣ། གེནྡྲ་མ་ཏེ། བཛྲ་དུནྟེ། ན་མཱུརྞཱཾ། སྤ་ཏ་ཡཱ་མི། ཧ་ར་ཧ་ར། 101-1-121a པྲ་ཧ་ར་ཧཱུྃ་ཕཊ། མ་ཏ་མ་ཏ། སརྦ་ནཱ་གཱ་ནཱཾ་ཧཱུྃ་ཧཱུྃ་ཕཊ། ཏ་ཐཱ་ག་ཏ་པཱ་ཙ་ན་མ་ནུ་སྨ་ར་ཧཱུྃ་ཧཱུྃ་ཕཊ། བཛྲ་པཱ་ཎི་ས་མ་ཡ། མ་ནུ་པཱ་ལ་ཡ། ཧཱུྃ་ཧཱུྃ་ཕཊ། ཏྲཻ་ལོ་ཀྱ་ཨ་ཏི་བ་དེཪྤ་ཙ་ན་མ་ནུ་པཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ས་རཱ་ས་རཱ། སྨ་ར་སྨ་ར། ས་མ་ཡ། མ་ནུ་པཱ་ལ་ཡ། ཏྲི་རཏྣ་ས་ཏྱེ་ན། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཧྲི་བཛྲ་དུནྟ་སརྦ་ནཱ་ག་བི་དྲ་བ་ན་ག་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཏྲི་རཏྣ་མ་ནུ་པཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། པྲ་མ་དནྟ་ཧ་ད་ས་ཧཱུྃ་ཧཱུྃ་ཧཱུྃ་ ཕཊ་སྭཱ་ཧཱ། བི་ནི་ཙཀྲ་ཧ་ཏ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མ་ཧེ་ཤྭ་ར་ཏྲི་ཤཱུ་ལ་ཧསྟ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ག་རུ་ཌ་བི་ཀྲ་མ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ནཱ་ག་ཀུ་ལ་ན་ཤྲ་ན་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ག་རུ་ཌ་སརྦ་ཨ་ཤ་ནི་ བ་པ་ན་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སརྦ་པཱ་པ་བ་ཡུ་སཾ་བཀྵ་ཎཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སརྦ་ཨ་ཀ་ལ་བ་ཏ་མེ་གྷ་ཨ་ཤ་ནི་བ་ར་ཎ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་བཛྲ་ཛྭ་ལ་སྭཱ་ཧཱ། སརྦ་དུཥྚ་ནཱ་ག་བི་ནཱ་ཤ་ཀ་ཡ་ སྭཱ་ཧཱ། ག་རུ་ཊ་ཧྲི་ད་ཡ་སྭཱ་ཧཱ། ག་རུ་ཌ་དུནྡ་ཡ་སྭཱ་ཧཱ། སརྦ་ནཱ་ཤཱ་ན་ཡ་སྭཱ་ཧཱ། ཨོཾ་དུ་རུ་དུ་རུ་སྭཱ་ཧཱ། མུ་རུ་མུ་རུ་སྭཱ་ཧཱ། ཏུ་རུ་ཏུ་རུ་སྭཱ་ཧཱ། དི་རི་དི་རི། དུ་རུ་རུ་རུ་རུ་རུ་རུ་རུ་རུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ ཕཊ་ཕཊ་སྭཱ་ཧཱ། ནམ་མཁའ་ལྡིང་གི་དབང་པོས་རྡོ་རྗེ་མཆུའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ཁས་བུབ་དུ་འགྱེལ་ནས་ལུས་རྔུལ་བྱུང་ཞིང་ལུས་ རབ་ཏུ་འདར་ཏེ་བརྒྱལ་ནས་ས་ལ་འགྲེ་ལྡོག་གོ། །ཀྱེ་མའོ་གཟུངས་ཆེན་པོ་སྔགས་ཀྱི་ཚིག་མི་བཟད་པ་དག་སྨྲས་སོ་ཞེས་འཛེར་ཞིང་། ཐམས་ཅད་ལུས་འདར་ཡེད་ཡེད་ནས། བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐྱབ་དུ་གསོལ། བདེ་བར་གཤེགས་པ་བསྐྱབ་དུ་གསོལ། བཅོམ་ལྡན་འདས་བདག་ཅག་སླན་ཅད་འཛམ་བུའི་ 101-1-121b གླིང་དུ་མ་རུང་བར་མི་བགྱིད་དོ། །མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་མ་རུང་བར་མི་བགྱིད་དོ། །བཅོམ་ལྡན་འདས་ས་ཕྱོགས་འདི་མཆོད་རྟེན་དང་འདྲ་བར་འཛིན་ཏེ། གང་ན་ཆོ་གའི་རྒྱལ་པོ་ཆེན་པོ་འདི་སྤྱོད་པ་དང་། གང་ན་གནས་པས་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྒྱུན་ཏུ་དེ་བཞིན་གཤེགས་པའི་མཆོད་རྟེན་དང་འདྲ་བར་འཛིན་ཏོ། །ཡུལ་ལམ། གྲོང་ཁྱེར་རམ། ལྗོངས་སམ། རི་བྲགས་སམ། གྲོང་ངམ། གཙུག་ ལག་ཁང་དེ་རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱང་བ་དང་། སྦ་བར་བགྱིའོ། །སད་དང་། རླུང་དང་། སེར་བ་དང་། དུས་མ་ལགས་པའི་སྤྲིན་ཐམས་ཅད་སྣུམ་པ་དང་། མངར་བ་དང་། ཡིད་དུ་འོང་བ་དང་། རོ་ཞིམ་པ་དང་། སྙི་བ་དང་། རོ་བྲོ་བའི་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་བསྒྲུབ་པར་བགྱིའོ། །འཐབ་པ་དང་། སྡིག་པ་ཐམས་ཅད་བྱུང་བ་དང་། ལྟས་ངན་པ་ཐམས་ཅད་བསལ་བར་བགྱིའོ། །དུས་དུས་སུ་ཆར་གྱིས་ རྒྱུན་དབབ་པར་བགྱིའོ། །མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམས་ཡང་དག་པར་འགྲུབ་པར་བགྱི། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། བྱི་བ་དང་། སྦྲུལ་དང་། སྦལ་པ་དང་། ཏྲཻ་མ་བུ་ཀ་དང་། མཀྵི་ཀ་དང་། ཏྲཻ་ལ་ ཏ་དང་། ཤ་ཏ་པ་ད་དང་། བུང་བ་དང་། ནེ་ཙོ་དང་། རི་སྐེགས་ཀྱིས་འཇིགས་པ་ཐམས་ཅད་མེད་པར་བགྱི། རྣམ་པར་འཇིག་པར་བགྱི། ཡམས་ཀྱི་ནད་དང་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བཟློག་པར་བགྱིའོ། ། བཅོམ་ལྡན་འདས་སླན་ཆད་སྡིག་པའི་ལས་ཀུན་དུ་སྤྱོད་པའི་ཚུལ་མི་སྤྱོད་པར་བགྱིའོ། །ཆར་གནོད་པ་འབབ་པ་དང་། དུས་མ་ལགས་པའི་ཆར་ཐམས་ཅད་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་རང་གི་མནའི་ཡི་དམ་གྱིས་ གནས་པར་བགྱིའོ། །བཅོམ་ལྡན་འདས་དཀོན་མཆོག་གསུམ་གྱི་དགོངས་པ་བསླབ་པའི་སྡོམ་པ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད། 101-1-122a བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བཀའ་ལུང་བཞིན་དུ་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱིའོ། །ཀུན་དུ་ འཛིན་པར་བགྱིའོ། །དགེ་བ་དང་། བདེ་བ་དང་། ལོ་ལེགས་པ་ཀུན་དུ་བསྒྲུབ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ལ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་རྒྱལ་པོ་དག་དེ་ལྟར་ གྱིས་ཤིག །ཡལ་བར་མ་བཏང་ཤིག །དེ་ནས་དེའི་འོག་ཏུ་ཆོ་ག་བྱ་བ་བརྗོད་པར་བྱ་སྟེ། སྔགས་འདི་དཔའ་བ་གཅིག་པུ་ནི། །ལས་ཀུན་བྱེད་པ་དགེ་བ་སྟེ། །ཤེས་རབ་ཅན་གྱིས་ལན་ཅིག་དྲན། །དགོས་པ་ཐམས་ཅད་ བྱེད་པར་འགྱུར། །མཐོན་པོའི་གནས་སུ་མཁས་པ་ཡིས། །སྒྲ་སྐད་ཆེན་པོ་བརྗོད་པར་བྱ། །གནས་གང་དང་གང་དུ་སྒྲ་སྒྲགས་པ་དེ་དང་དེར་དུས་མ་ཡིན་པའི་རླུང་དང་། སད་དང་། སྤྲིན་དང་། སེར་བ་དང་། གློག་ ཐམས་ཅད་ཀྱིས་མི་ཚུགས་སོ། །སུས་ཀྱང་བྱིན་འཕྲོག་པར་མི་ནུས་སོ། །གཙེ་བར་མི་ནུས་སོ། །གནས་མཐོན་པོའི་རི་འམ། དགོན་པའི་གནས་སམ། གྲོང་ངམ། གཙུག་ལག་ཁང་ངམ། གནས་ཁང་ཤིན་ དུ་མཐོ་བ་དེར་རིག་པ་འཛིན་པ་གཙང་མར་བྱས་ཏེ། གོས་གཙང་མ་དཀར་པོ་བགོས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བའི་ལྕི་བ་དང་འཇིམ་པ་བསྲེས་པས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་བྱས་ལ། དཀྱིལ་ འཁོར་གྱི་དབུས་སུ་མདའ་གང་ཙམ་པ་ཅིག་བཙུགས་ཏེ། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །དཀྱིལ་འཁོར་གྱི་གྲྭ་བཞིར་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཙུགས་ཏེ། སྔགས་ལན་ཉི་ཤུ་རྩ་གཅིག་ བཟླས་པ་བྱས་ལ་ཚོན་སྣ་ལྔ་པའི་སྐུད་པས་ལན་གསུམ་འཁྲིས་པར་བསྐོར་རོ། །དཀྱིལ་འཁོར་གྱི་དབུས་སུ་པོག་ཕོར་བཞག་ལ་ལན་བདུན་བཟླས་པའི་བདུག་པས་བདུག་གོ། །ལན་ཉི་ཤུ་རྩ་གཅིག་བཟླས་ 101-1-122b པ་བྱས་ལ་ཡུངས་ཀར་གྱིས་གཏོར་རོ། །མེ་ཏོག་སིལ་མས་གང་བར་གཏོར་རོ། །ཕྱོགས་བཞིར་གཏོར་མའི་བུམ་པ་བཞི་བཞག་གོ། །དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་བཞག་པར་བྱ་སྟེ། ཞོ་དང་། འོ་མ་དང་། འབྲས་བཙོས་པ་དང་། བུ་རམ་དང་། ཤ་ཀ་རས་གདབ་པོ། །ཆུ་དང་ཡུངས་དཀར་ལ་སྔགས་ལན་ལྔ་བརྗོད་དེ། ཕྱོགས་བཞིར་མཚམས་བཅད་པར་བགྱི། ཟླ་བ་ཉ་ལ་སྦྱོར་བར་བྱའོ། །སྐད་ཆེར་ བཀླགས་ལ་ཕྱོགས་བཞི་དང་། སྟེང་དང་འོག་ཏུ་ཡུངས་ཀར་གཏོར་ཞིང་། ཀླུ་ཐམས་ཅད་ཀྱི་སོ་སོའི་མིང་ནས་བརྗོད་ན། ཆོ་ག་འདི་བྱས་མ་ཐག་ཏུ་དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེར་བ་དང་། ཀླུ་ མི་བསྲུན་པ་ཐམས་ཅད་བཅིངས་པར་འགྱུར། ཐུབ་པར་འགྱུར་རོ། །ལྟས་ངན་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། གདོན་འབྱུང་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ ཅད་རྒྱང་རིང་དུ་སྤངས་པར་འགྱུར་རོ། །དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར་རོ། །ནད་ཐམས་ཅད་དང་། ན་བ་ཐམས་ཅད་དང་། གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་ པ་དང་། ཕྱིར་རྒོལ་བ་དང་། ཕྱིར་གནོད་པར་བྱེད་པ་ཐམས་ཅད་ཀྱི་མི་ཚུགས་པར་འགྱུར་རོ། །མེ་ཏོག་དང་། འབྲས་བུ་དང་ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་འགྲུབ་པར་འགྱུར། ལེགས་པར་ཡོངས་སུ་ སྨིན་པ་དང་། རོ་ཞིམ་པར་འགྱུར་རོ། །ས་བོན་ལེགས་པར་བཏབ་པ། ཐམས་ཅད་ལེགས་པར་འཁྲུང་བར་འགྱུར་རོ། །གཤེད་བྱེད་དང་། ལས་དང་། བྱད་སྟེམ་ཐམས་ཅད་རྣམ་པར་འཇིག་པར་འགྱུར། མི་ཚུགས་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། །དེ་སྲིད་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ། །མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ 101-1-123a ཅད་ལེགས་པར་ཡོངས་སུ་རྒྱས་པར་འགྲུབ་པར་འགྱུར་རོ། །གང་དང་གང་དུ་དགོས་པར་འགྱུར་བ་ཐམས་ཅད་ལན་གཅིག་དྲན་པར་བྱས་ན་འགྲུབ་པར་འགྱུར། སྤྲ་ཚིལ་ལས་ནམ་མཁའ་ ལྡིང་གི་གཟུགས་སོར་བརྒྱད་པ་སྐྱིལ་མོ་དཀྲུང་བཅས་པ། འདབ་མ་བསྐྱང་བ། ཀླུ་རྒྱལ་གདན་དུ་བཏིང་བ། མགོ་དགུ་པ་མགོ་རྒྱན་དུ་ཐོགས་པ། ཀླུ་མགོ་གསུམ་པ་ལག་པ་གཡས་ན་ཐོགས་པ། ནོར་བུ་ རིན་པོ་ཆེ་འབར་བ་ལག་པ་གཡོན་ན་ཐོགས་པ། གསེར་གྱིས་གཡོགས་པ་བྱས་ཏེ། ཆོ་ག་བཞིན་དུ་ཚོན་གྱིས་རི་མོ་བྲིས་ལ། སྟན་སྣ་ཚོགས་ཀྱི་སྟེང་དུ་བཞག་ལ། ཉིན་ཞག་གཅིག་ལ་སྔགས་སྟོང་བརྗོད་ དོ། །ནམ་ལུས་ཀྱིས་མི་ཐུབ་པའི་ཚེ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང་ཁྲུས་བྱས་ལ་བསྒྲུབ་པར་བྱའོ། །གུ་གུལ་གྱིས་བདུག་གོ། །མེ་ཏོག་དང་། བདུག་པ་དང་། གཏོར་མ་ཅི་འབྱོར་པ་སྦྱར་རོ། །མར་ མེ་བཏང་ལ་དེའི་མདུན་དུ་ཉལ་ན་སྟོན་པར་འགྱུར་ཞིང་ལས་ཐམས་ཅད་བརྗོད་པར་འགྱུར་རོ། །མཆོག་ཐམས་ཅད་སྦྱིན་པར་འགྱུར། ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཅི་བསྒོ་བ་བྱེད་པར་འགྱུར་རོ། ། ལང་ལོང་མེད་པའི་གནས་སུ་བཞག་ལ། ནམ་ཐན་པ་བྱུང་བའི་ཚེ་རིག་པ་འཛིན་པས་བླངས་ཏེ། ཀླུའི་གནས་སུ་བཀུར་བར་བྱ། ཀླུའི་གནས་མཚོར་བཞག་ལ། མེ་ཏོག་དང་བདུག་པ་བྱིན་ལ། ཡུངས་ཀར་ ལ་སྔགས་ལན་གསུམ་བཟླས་ཏེ་གནས་སུ་གཏོར་ན་འཕྲལ་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ། །གལ་ཏེ་འཕྲལ་དུ་ཆར་གྱི་རྒྱུན་མི་འབེབས་ན། དེའི་ཕྱིར་ཀླུའི་གནས་ཀུན་དུ་ནམ་མཁའ་ལྡིང་གིས་ གང་བར་མཐོང་བར་འགྱུར། གནས་མེ་ལྕེ་གཅིག་ཏུ་འབར་བར་འགྱུར། བྱེ་ཚན་མགོ་ལ་འབབ་པར་འགྱུར། ཆུ་སྐམས་པར་འགྱུར་རོ། །ཐན་པ་བྱུང་བའི་ཚེ་སྤྲིན་ལ་བསྟན་ན་ཆར་འབེབ་པར་འགྱུར་རོ། ། 101-1-123b རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། ཆར་སྤྲིན་ལ་བསྟན་ན་སྐད་ཅིག་ཏུ་མེད་པར་འགྱུར་རོ། །དཔག་ཚད་བདུན་གྱི་ནང་དུ་ཕྱོགས་བཞི་ཀུན་དུ་སེར་བ་མི་འབབ་ཅིང་། སད་དང་དུས་མ་ཡིན་པའི་ རླུང་གིས་མི་ཚུགས་པར་འགྱུར་ཏེ། ཐམས་ཅད་ཐུབ་པར་འགྱུར། རླུང་འཁྲུགས་པའི་ཚེ། ལམ་གྱི་བཞི་མདོར་བཞག་གོ། །ཡང་ན་གྲོང་ཁྱེར་གྱི་སྒོར་རོ། །ཡང་ན་རྒྱལ་པོའི་སྒོར་བཞག་གོ། །དེས་ རླུང་ཐམས་ཅད་ཆོད་པར་འགྱུར་རོ། །རླུང་ཆེན་པོ་རྣམ་པར་འཐོར་ཡང་ཆོད་པར་འགྱུར་རོ། །ཕྱིས་ལྡང་མི་ནུས་སོ། །བསྟན་མ་ཐག་ཏུ་ཀླུ་ཐམས་ཅད་འབྲོས་པར་འགྱུར་རོ། །རྡོ་རྗེ་མཆུའི་གཟུངས་ལས་ ཐམས་ཅད་བྱེད་པ་ནམ་མཁའ་ལྡིང་བཀླགས་པས་གྲུབ་པ་མཆོག་ཏུ་འགྲུབ་བོ། །དེ་ནས་ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཚོགས་པས་ཀྱང་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ ཞེས་བགྱི་བའི་གཟུངས་བརྗོད་པར་བྱ་སྟེ། ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པ། སྙིང་འགེམས་པ། ཀླུ་མི་བསྲུན་པའི་རིགས་ཕུང་བར་བགྱིད་པ། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་སེལ་བ། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་སྒྲུབ་པ་འབུལ་ན། སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ངས་བྱིན་གྱིས་བརླབ་ 101-1-124a ཀྱིས་བརྗོད་ཅིག །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གཟུངས་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཤཱཀྱ་ མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སམྱཀྶཾ་བུདྷཱ་ཡ། ན་མ་ཤྩཎྜ་བཛྲ་དྷ་རཱ་ཡ། མ་ཧཱ་བ་ལ་པ་རཱ་ཀྲ་མཱ་ཡ། ན་མ་སྟྲཻ་ལོ་ཀྱ་མུཪྟ་ཡེ། ན་མཤྩ་ཏུརྞཱྃ། མ་ཧཱ་རཱ་ཛཱ་ནཱཾ། ན་མོ་བཛྲ་ཤ་ནི་ཛྭ་ལི་ཏ་རཽ་ཏྭད་ཏ་ས་ཡ། ཛ་ཡ་མ་ཧཱ་བ་ལ་བཱིརྱ་པ་ར་ཀྲ་མ་ཀྲོ་དྷ་རཱ་ཛ་བྲཧྨཻ་བྲཧྨ་སྭ་ར་བྷོ་བྷོ་ནཱ་ག་ཨ་དྷི་བ་ཏི་བི་ས་ར་ད་བི་ས་ར། མ་ར་བྲཧྨ་དནྦྷ་ན་མུཪྡྷ་ནཱཾ། པྲ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ། བྷ་ར་བྷ་ར། བིཀྵུ་ཙཀྲ་ཧསྟ་ན་བི་ཤྣཱ་གེན་དུ་མ་ཏི་བིཥྚ་ཙཀྲེ་ཤྲི་ཙྪིནྡ་ མི། ཏུ་ཏི་ཏུ་ཏི། ལི་ལི་ལི་ལི། ཧཱུྃ་ཧཱུྃ་ཕཊ། མུ་ཧུ་མུ་ཧུ་ཧྱན་ཏུ་སརྦ་དུཥྚ་ནཱ་གཾ། པོ་ཊ་ཡ་ཧྲྀ་ད་ཡཾ་མ་ཧེ་ཤྭ་རི་ཛྭ་ལི་ཏ་ཏྲི་ཤཱུ་ལ་དྭ་ར། ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། མུ་ཙི་མུ་ཙི། ཏུ་ཏི་ཏུ་ཏི། བྷ་བ་བྷ་བ། ཀྵི་ཎི་ཀྵི་ཎི་ཀྵི་ཎི། ཙ་ཏུཪྞཱྃ། མ་རི་ཙ་ནཾ། ཛྭ་ལི་ཏ་ཤ་ཀ་ཏི་དྷ་ར་དྷ་ར། ཧཱུྃ་ཧཱུྃ་ཕཊ། སྤུ་ར་སྤུ་ར། བི་སྤུ་ར་བི་སྤུ་ར། ཙ་རྭ་ཙ་རྭ། ནཱ་ཤ་ཡ། དུཥྚཾ་ནཱ་ག་ཧྲྀ་ད་ཡཾ། སྥོ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ། སཾ་ཧ་ར་སཾ་ཧ་ར། དུཥྚཾ་ཡ་ཤ་ནི། བ་ཏི་ནཱ་ག་ན་ཤི་ཏ་བི་དྱུ་ཛྭ་ ལ་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར་བོ་ནཱ་ག་ཨ་དྷི་པ་ཏེ་བཛྲི་བ་ཡ་བྷོ་བྷོ་ཏུ་ཏི་ཏུ་ཏི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨ་ཤན་ནི་ནཱ་ཤ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲྀ་ད་ཡ་ནི། བི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བུདྡྷ་བི་ལོ་ ཀི་ཏཱ་ཡ་སྭཱ་ཧཱ། བྲཧྨ་ཡ་སྭཱ་ཧཱ། བིཥྞུ་མུ་རད་ཏི་སྭཱ་ཧཱ། མ་ཧེ་ཤྭ་ར་ཛྭ་ལི་ཏི་ཏྲི་ཤཱུ་ལ་ཡ་སྭཱ་ཧཱ། ཙ་ཏུཪྨ་ཧཱ་རཱ་ཛ་ས་མ་དྷ་ར་ཡ་སྭཱ་ཧཱ། བྷུ་ཙ་ག་ཡ་སྭཱ་ཧཱ། ནཱ་ག་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ༀ་དྷི་རི་དྷི་རི་སྭཱ་ཧཱ། ཛྭ་ལ་ཏེ་བགྷྲ་ཡ་སྭཱ་ཧཱ། རོ་མ་ཧཱ་ར་ནཱ་ཤ་ཡ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བྱ་བའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུ་མི་བསྲུན་པ་ཐམས་ཅད་ལུས་རུལ་ཏེ་དྲི་ 101-1-124b མི་ཞིམ་པར་གྱུར་ཏེ། ལུས་ཤིག་ཤིག་པོར་གྱུར་ཅིང་། ཤ་བཀྲས་བཏབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐྱབ་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བརླག་གོ། །བཅོམ་ལྡན་འདས་སླན་ཅད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་ བགྱིད་དོ། །གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུའི་གཟུངས་འདི་བརྗོད་པ་དེར། བཅོམ་ལྡན་འདས་ཀླུ་ཐམས་ཅད་གནོད་པར་སེམས་ཤིང་མི་མཆི་སྟེ། ཐ་ན་ལྟ་བར་ཡང་མི་བགྱིད་ ན་འཇུག་པ་ལྟ་ཅི་སྨོས་ཀྱང་ཅི་འཚལ། དེ་ནས་འདི་ཡི་ཆོ་ག་བརྗོད་དེ། གཟུངས་འདི་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་འབྲུལ་ལོ། །ལུས་དྲི་མི་ཞིམ་པར་འགྱུར་རོ། །ཡུངས་ཀར་ལ་ལན་ ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་ན་ཀླུ་ཐམས་ཅད་བཅིངས་པར་འགྱུར་རོ། །དཔག་ཚད་བདུན་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར་རོ། །རྡོ་རྗེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཀླུ་བཟློག་པར་བྱའོ། །ལན་གཅིག་བརྗོད་ན་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་བཟློག་གོ། །ཐམས་ཅད་མེད་པར་འགྱུར་རོ། །དྲན་པ་ཙམ་གྱིས་སེར་བ་ཐམས་ཅད་སྐད་ཅིག་ཏུ་མེད་པར་འགྱུར་རོ། ། གལ་ཏེ་འབབ་ན་ཡང་ཡུད་ཙམ་གྱིས་ཆུར་འགྱུར་རོ། །སེར་བ་འབབ་པའི་དུས་ན་རྡོ་རྗེ་བསྐོར་ན། ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འདྲིམ་པར་འགྱུར་ཏེ། ཕྱོགས་དེར་སེར་བ་མི་འབབ་པར་འགྱུར་རོ། ། ནང་པར་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ཏུ་ཞུགས་ལ། སྐྱིལ་མོ་དཀྲུང་གི་ཕྱག་རྒྱ་བཅིངས་ཏེ། སྔགས་ལན་སུམ་བཅུ་རྩ་གཉིས་བརྗོད་དེ་བརྗོད་མ་ཐག་ཏུ་རླུང་དང་། སྤྲིན་དང་། སེར་བ་ 101-1-125a ཐམས་ཅད་མེད་པར་འགྱུར་རོ། །རླུང་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཡུངས་ཀར་ཕྱོགས་བཞིར་གཏོར་ན་ལོ་གཅིག་ཁྱུད་ཀོར་དུ་མཚམས་བཅད་པར་ འགྱུར་རོ། །རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་བཅིངས་པར་འགྱུར་རོ། །ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །བུ་དང་ཚ་བོ་འཁོར་དང་བཅས་པ་རྒྱུན་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་འགྱུར་རོ། །ལས་ ཐམས་ཅད་བྱེད་པར་འགྱུར་རོ། །དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེར་བ་འབབ་པའི་དུས་ན་དཀྲོལ་ན་ཀླུ་མི་བསྲུན་པ་ཐམས་ཅད་ཀྱི་ཀླད་པ་འགས་པར་འགྱུར་རོ། །ནམ་མཁའ་ལས་ས་ལ་ ལྟུང་བར་འགྱུར་རོ། །ལས་ཐམས་ཅད་བྱེད་པར་འགྱུར་རོ། །གཟུངས་འདི་ནི་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་དང་། ཚངས་ པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཚངས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཀླུ་མི་བསྲུན་པ། སྙིང་རྗེ་མེད་པ། འཚེ་བ་རྣམས་ གདུལ་བ་དང་། ཚར་གཅད་པ་དང་། ཆད་པས་གཅད་པའི་ཕྱིར་ཁྱོད་ཀྱིས་རིག་པ་ཆེན་པོའི་གཟུངས་སྔགས་ཀྱི་ཚིག་འདི་བརྗོད་ནས་འཛམ་བུའི་གླིང་དུ་བཞག་པ་ལེགས་སོ་ལེགས་སོ། །དེ་ནས་ཀླུའི་རྒྱལ་ པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་པར་ཀུན་ནས་བསྐོར་བ་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དང་། གཞན་ཡང་ཀླུ་མི་བསྲུན་པ་བྱེ་བ་ཕྲག་དུ་མ་དག་བཅོམ་ ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཁོར་དང་ 101-1-125b བཅས་པས་སླད་མའི་ཚེ། སླད་མའི་དུས་ན་འཛམ་བུའི་གླིང་ཐམས་ཅད་ཀྱི་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་། ཡལ་ག་རྣམས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིད་དོ། ། རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། ཚད་པ་ཐམས་ཅད་བཟློག་པར་བགྱིད་དོ། །དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འཚལ་ལོ། །རང་གི་མནའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་ བསྐྱང་བར་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་ཤིང་བསམ་པ་གྲུབ་པར་འཚལ་ལོ། །མི་འཚེ་བར་འཚལ་ལོ། །བཅོམ་ལྡན་འདས་གལ་ཏེ་ཆོ་གའི་རྒྱལ་པོ་འདི་ལས་གོང་ དུ་སྔགས་དང་། གཟུངས་ཇི་སྐད་བཤད་པའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །འདི་ནི་བྲོ་བོར་བ་སྟེ། ཏདྱ་ཐཱ། པ་ཀི་ཙ་ཏི། ཤུ་ལི་ཤུ་མུ་ལི། ཤ་ཤ་ཤུ་ཤུ། ཏི་ཏི་བི་རི་ཏི། ཧུ་ཡུ་ཧུ་ཧུ། ཧུ་རི་ཏི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཀླུའི་མནའ་ལགས་ཏེ། སླད་མའི་ཚེ་སླད་མའི་དུས་ན་ཀླུ་མི་བསྲུན་པ་རྣམས་འཇིག་ པར་བགྱིད་དོ། །ཐན་པ་དང་། ཐན་པ་ཆེ་བ་དང་། དུས་མ་ལགས་པའི་ཆར་དང་། རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། དུས་མ་ལགས་པའི་རླུང་དང་། གློག་བྱུང་ན། རིའམ་ཁང་པ་མཐོན་པོའི་སྟེང་ དུ་རིག་པ་འཛིན་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ། མནའ་འདི་དག་གིས་བསྟོད་དེ་ལན་བདུན་བརྗོད་ལ། ཆུ་དང་ཡུངས་ཀར་བསྲེས་པས་ཕྱོགས་བཞིར་གཏོར་བར་བྱའོ། །གཏོར་ཅིང་དྲན་མ་ཐག་ཏུ་ ཀླུ་ཐམས་ཅད་ཀྱི་ལུས་རྣམས་དུམ་བུ་བརྒྱར་འཆད་པར་འགྱུར་རོ། །གྱེས་པར་འགྱུར་རོ། །འགུགས་པར་འགྱུར་ཏེ། དེའི་སླད་དུ་ཆར་གྱི་རྒྱུན་འབེབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 101-1-126a ཀླུའི་རྒྱལ་པོ་ཁྱེད་ཀྱིས་དེ་ལྟར་བྱོས་ཤིག །རྡོ་རྗེ་མཆུའི་ཆོ་ག་རྫོགས་སྷོ།། །། རྒྱ་གར་སྐད་དུ། བཛྲ་ལོ་ཧ་ཏུཎྜ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་ གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱག་འཚལ་ ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཐམས་ཅད་འདུས་ནས་ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པར་བགྱིད་པ། སྙིང་འགེམས་པར་བགྱིད་པ། ཀླུ་མ་རུངས་པ་རྣམས་ ཀྱི་རིགས་ཕུང་བར་འགྱུར་བ། རླུང་དང་། སེར་བའི་སྤྲིན་ཐམས་ཅད་བཟློག་པར་བགྱིད་པ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་འབྱོར་བར་བགྱིད་པ་རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་ གཟུངས་བརྗོད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སླད་དུ་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། འཕགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་བརླབས་ཀྱིས་ཁྱེད་ཀྱི་སྨྲོས་ཤིག་ཅེས་བཀའ་སྩལ་ པ་དང་། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞིས་གཟུངས་སྔགས་འདི་སྨྲས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དྲག་པོ་ལ་ཕྱག་འཚལ་ལོ། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་བོ་ཆེ་རྣམས་ལ་ 101-1-126b ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་བོ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནམ་ལྕགས་འབར་བ་མ་རུངས་པ། དྲག་ཏུ་རྒོད་པ་ལ་ཕྱག་འཚལ་ལོ། །མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཛྭ་ལི་ཏ། བི་ཀྲྀ་ཏ། བཛྲ་ཛ་ཡ། ཛ་ཡ། མ་ཧཱ་བ་ལ་བྷྱོ་ར་བི་ར་པ་ར་ཀྲ་མ་ཀྲོ་དྷ་རཱ་ཛ། པྲ་མ་བྷ་པུ་པུ་མ། པྲ་མ་སྭ་རེ། བྷོ་བྷོ་ནཱ་ག་དེ་བི་དི། བྷྱི་ས་ར་མ་དྷ། བྲ་མ་དྷ་ན་དྷེ་ན། མཱུཀྻུ་ནཱཾ། སྥོ་ཊ་མཾ། ཧཱུྃ་ཧཱུྃ་ཕཊ་ཕཊ། བྷ་ར་བྷ་ར། བྷརྞ་ཙཀྲ་ཧཱ་དྷ་ནི་བྷོ་བན་ནཱ་གེན་དྲ། མ་ཏི་ཀ་མ་དེ་བ་ན་ཙ་ཀྲེ་ན། ཤི་ར་ཙིནྡྷཱ་མ་ཧཱུྃ་ཏི་ཧཱུྃ་ཏི་ལི་ཧཱུྃ་ཧཱུྃ་ཕཊ་ཕཊ། མུ་དུ་མུ་དུ་མུ་ཧྱེ་ནྤུ། སརྦ་དུཥྚཾ། སྥོ་ཊ་ཡ། ཧྲྀ་ད་ཡ། མ་ཧེ་ཤྭ་ར་ཛྭ་ལ་ཏི། ཏྲི་ཤཱུ་ལ་དྷ་ར་དྷ་ར། ཧ་ན་ཧ་ན། ཧཱུྃ་ཧཱུྃ་ཕཊ། མུ་ཙི་མུ་ཙི། དུ་དི་བ་བྷ་བ་བྷ། ཀྵེ་ཎེ་ཀྵེ་ཎེ། ཙ་ཏུཪྞཱཾ། མ་ཧཱ་རཱ་ཛཱ་ནཱཾ་ཛྭ་ལ་ཏི། ཤགྟི། དྷ་ར་དྷ་ར། ཧཱུྃ་ཕཊ། སྥུ་ར་སྥུ་ར། བི་སྤུ་ར་བི་སྤུ་ར་བི་སྤུ་ར། ཙ་རརྦ་ཙ་རརྦ་ཙ་སརྦ་ནཱ་ཤ་ཡ་ དུཥྚཾ་ནཱ་ག་ཧྲི་ད་ཡ། སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཕཊ། དུཥྚ་ཨ་ཤ་ནི། བྷཏྟ་མ་ག་ཤ་བྱི་ར་ཛྭ་ལ། བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར་ཡ། བྷོ་ནཱ་གཱ་དྷི་པ་ཏི་བི་ཙིནྟུ། བྷྱེ་བོ་ཡ། བྷོ་བྷོ་ཏུ། ཏི་ཏུ་ཏི་ ཏུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨཱ་ཤཱ་ནི་ནཱ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨཱ་ཤཱ་ནི་ནཱ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི་བི་སྥོ་ཊ་ཀཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བུདྡྷ་བི་ལོ་ཀི་ཏཱ་ཡ་སྭཱ་ཧཱ། བྲཧྨ་སྭཱ་ཧཱ། བིཥྞུ་མཱ་ར་ཡ་སྭཱ་ཧཱ། མ་ཧེ་ཤྭ་ར་ཛྭ་ལི་ཏ་ཏྲི་ཤཱུ་ལ་ཡེ་སྭཱ་ཧཱ། ཙ་ཏུཪྨ་ཧཱ་རཱ་ཛ་ས་མ་དྷ་རཱ་ཡ་སྭཱ་ཧཱ། བི་ཙ་ག་ཏི་ཡ་ཕཊ་སྭཱ་ཧཱ། ཨོཾ་དི་རི་དི་རི་སྭཱ་ཧཱ། ཛྭ་ལི་ཏ་བ་གྷྲ་ཡ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཕཊ་ཕཊ། རྡོ་རྗེ་འབར་བ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་སྔགས་འདི་ཐོས་མ་ཐག་ཏུ་ཀླུ་མ་རུངས་པ་ཐམས་ཅད་ལུས་རུལ་ནས་དྲི་མི་ཞིམ་པ་མནམ་པར་འགྱུར་རོ། །ལུས་སོ་སོར་ 101-1-127a ཞིག་ཅིང་འཕོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བསྐྱབས་སུ་གསོལ། ལྷ་དང་། འཇིག་རྟེན་དུ་བཅས་ པ་ཐམས་ཅད་ཀྱིས་སྨད་པར་གྱུར། བདག་ཅག་ནི་མ་རུངས་པར་གྱུར་ཏོ། །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་གནོད་པར་མི་བགྱིད། འགུམས་པར་མི་བགྱིད། ཆུང་ངུ་ན་མིག་ཀྱང་བལྟ་བར་མི་བགྱིད་ན་སྐབས་བལྟ་བ་ལྟ་ཅི་སྨོས། རྒྱ་མཚོ་ཀླུའི་རྒྱལ་པོ་དང་། ཀླུའི་རྒྱལ་པོ་གདུགས་ལྟ་བུ་དང་། ཀླུའི་རྒྱལ་པོ་མཐུ་ཆེ་བ་དང་། མདངས་ཆེ་བ་དང་། མ་རུངས་པ་ལ་ སོགས་ཏེ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས། ཀླུ་ཐམས་ཅད་ཀྱིས་དུས་ཕྱི་མའི་ཚེ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ ཅད་ལ་གནོད་པར་མི་བགྱིད། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་ཡལ་ག་ཐམས་ཅད་སྲུང་བར་བགྱིད། རླུང་དང་། སེར་བ་ཐམས་ཅད་དགག་པར་བགྱིད། དུས་དུས་སུ་ཆར་དབབ་པར་བགྱིད་ པར་རང་གི་བློའི་ཚིག་གི་ཡི་དམ་དང་། དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བ་དང་། ཡིད་ལ་བསམ་པ་ཡོངས་སུ་རྫོགས་ པར་བགྱིད། གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཡོན་ཏན་གྱི་ཁྱད་པར་འདི་དག་ལ་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བྲོའི་ ཚིག་ཀྱང་འདི་དག་ལགས་ཏེ། ཏདྱ་ཐཱ། ཨོཾ་ཏ་གི་ཙ་གི། གྷུ་ལི་གྷུ་ལི། མུ་ལི་ཤ་ཤ །གུ་གུ། ཤི་ཏི་བི་ར་མ་ཏི། ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། ཆར་ཆེ་བའམ། ཆར་མི་འབེབ་པའམ། དུས་མ་ཡིན་པར་ཆར་བ་ 101-1-127b པའམ། རླུང་དང་། སྤྲིན་དང་། སེར་བ་དང་། གྲང་བའི་རླུང་དང་། གནམ་ལྕགས་ལྷུང་བའི་ཚེ་རིག་འཛིན་གྱི་བྲོ་ཚིག་འདི་ཁང་ཐོག་གམ། ས་མཐོན་པོའམ། རིའི་སྟེང་དུ་ཡང་རུང་། ཁ་ཤར་ཕྱོགས་སུ་ བལྟས་ཏེ། ལན་བདུན་སྐད་ཆེན་པོར་བཟླས། ཡུངས་ཀར་ལ་ལན་བདུན་བཟླས་ཏེ་གྱེན་དུ་གཏོར་ན། གཏོར་མ་ཐག་ཏུ་ཀླུ་ཐམས་ཅད་དུམ་བུར་འགྱུར་ཞིང་། ནན་ཏན་བྱས་པས་མྱུར་དུ་ཆར་འབེབས་སོ། ། གཟུངས་འདི་ཉིད་ཀྱིས་དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ནན་ཏུར་དྲག་པོ་བྱས་ཏེ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར་འགྱུར། རྡོ་རྗེ་གནམ་ལྕགས་མཆུ་ལན་བརྒྱད་དུ་བཟླས་པས་ཀླུ་དགག་པར་བྱ། ལན་ཅིག་དྲན་པས་རླུང་དང་སེར་བ་སླར་བཟློག་པར་བྱའོ། །གནམ་ལྕགས་ལྷུང་ན་ཡང་ཆུར་འགྱུར་རོ། །རྡོ་རྗེ་བསྐོར་ན་ཕྱོགས་ གང་དུ་བསྐོར་བ་དེས་སེར་བ་འབྱོལ་ལོ། །ནང་པར་སྔར་ས་དབེན་པར་འདུག་སྟེ། སྔགས་འདི་ལན་སུམ་བཅུ་རྩ་གཉིས་བཟླས་ན། རླུང་དང་སྤྲིན་དང་། སེར་བ་ཡང་འགག་པར་འགྱུར་རོ། །ཀླུས་ གནོད་པ་མི་བྱེད་ཅིང་ཕྱིས་ཀྱང་མི་ཚུགས་སོ། །ཡུངས་ཀར་ལ་བསྔགས་ཏེ། ཕྱོགས་བཞིར་གཏོར་ན་ལོ་གཅིག་གི་བར་དུ་མཚམས་བཅད་དེ། རླུང་དང་སྤྲིན་དང་སེར་བ་ཡང་མི་གཡོའོ། །ངག་ཉན་ཅིང་ ཀུན་དུ་བསྲུང་བ་དང་། ལས་བྱེད་པར་འགྱུར་རོ། །སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། དྲིལ་བུ་དཀྲོལ་ན་ཀླད་པ་འགས་ཤིང་ས་ལ་ལྟུང་བར་འགྱུར། གནོད་པ་བྱེད་པ་སེལ་ལོ། །མཆོད་པ་ཚུལ་བཞིན་ བསྔགས་པར་བྱས་ཏེ། སྐད་གསལ་བར་ཀླགས་ཏེ་ཕྱོགས་བཞི་སྟེང་འོག་དུ་ཡུངས་ཀར་གཏོར་ན། སེར་བ་དང་། རླུང་དང་། ཀླུས་གནོད་པ་བྱེད་པ་བཅིངས་པར་འགྱུར། ལྟས་ངན་པ་དང་། མི་དགེ་ 101-1-128a བ་དང་། བཀྲ་མི་ཤིས་པ་དང་། གཟའ་དང་། འབྱུང་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ཡང་ཕྱིར་བསྐྲད་པར་འགྱུར། དཔག་ཚད་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར། ནད་དང་གནོད་པར་སེམས་པ་དང་། ཕས་ཀྱི་རྒོལ་བའི་དགྲ་བགེགས་ཐམས་ཅད་བཟློགས་པར་འགྱུར་རོ། །ལོ་ཏོག་དང་། འབྲས་བུ་དང་། ཁུ་བ་རྒྱས་པ་དང་། སྨིན་པ་དང་། ཆེ་བར་འགྱུར། འབྱུང་ པོ་དང་། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ལོ་ཧ་ཏུཎྜ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱུ་ཞིང་། ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་ པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་དང་། མི་རྣམས་ནི་བསྟན་པ་ལ་གནོད་པ་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་དང་། འཁོར་དུ་མི་གཏོགས་པའི་བསྟན་པ་ལ་ཡུན་རིང་བར་གནོད་པའི་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་བས་མི་འདུལ་ན་བདག་ལ་དྲག་པོས་འདུལ་བའི་ཆོས་བསྟན་དུ་ 101-1-128b གསོལ། ཐེག་པའི་ཆོས་དགྲ་བསྲུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་ པ་སྦྱིན་པའི་ལྕགས་མཆུའི་གཟུངས་མ་རུངས་པ་འཇོམས་པ། དོན་ཐམས་ཅད་བྱེད་པ། དམ་པའི་ཆོས་བསྲུང་བ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། ཐེག་པའི་ཆོས་དགྲ་བསྲུན་པ། རྐང་མེད་དང་རྐང་གཉིས་དང་། རྐང་བཞི་ཐམས་ཅད་རེངས་པར་བྱེད་པ། རྐང་གཉིས་ཐམས་ཅད་སྐྲག་དུ་ འཇུག་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། སྦྱིན་བྱེད་མའི་བུ་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། བྲམ་ཟེ་དང་། སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་བྱའི་ གདོན་དང་། སྲུལ་པོ་དང་། ནམ་གྲུ་དང་། གནོན་པོའི་གདོན་དང་། གནོན་པོ་དང་། བརྗེད་བྱེད་ཀྱི་གདོན་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། དྲི་ཟའི་གདོན་དང་། མི་འམ་ཅིའི་གདོན་དང་། ལོག་ འདྲེན་གྱི་གདོན་དང་། མ་མོའི་གདོན་ཕུང་བར་བྱེད་པ། ཟས་ཀྱི་རིགས་མི་མཐུན་པ་ཟ་བ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང་། རླུང་ལས་གྱུར་བ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་ དང་། འདུས་པ་ལས་གྱུར་བ་དང་། འགྲོ་བ་དྲག་ཤུལ་དུ་སྤྱོད་པ་ཕུང་བར་བྱེད་པ། འཐབ་པ་དང་། བརྩོད་པ་དང་། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལྕགས་ཀྱི་མཆུའི་གཟུངས་ནམ་མཁའི་ལྡིང་ དྲག་པོའི་གཟུངས་འདི་ཟུང་ཤིག །བསྟན་པ་ལ་གནོད་པ་སྐྲག་པར་བྱེད་པ། ཆར་དྲག་པོ་དང་། སེར་བ་དྲག་པོ་འབེབས་པར་བྱེད་པའི་གཟུངས་བརྗོད་པར་བྱའོ། །ཏདྱ་ཐཱ། ཨེ་ཏེ་མེ་ཏེ། པྲ་མེ་ཏྲི་ཏྲ། གོ་ལེ་ 101-1-129a བོ་ལེ་བོས་སེ། མོད་དེ། པ་ད་ཏེ། ཁཱ་རད་ཏེ། ཁ་ར་ཎེ། གཱ་ནཱ་གཱ་ནེ། ནཱ་གཱ་མུ་ག་ནེ། མོ་ནེ་པྲ་ཏཱི་མོ་ནེ། ཀཱ་ལི་པྲ་ཀཱ་ལི་ཙནྟ། མ་ཧཱ་ཙནྟེ། པྲ་ཏི་ཙནྟེ། བེ་གོ་སོ་ན། གོ་ནཱ་མོ་ཧཱ། པྲ་མོ་ཧཱ། མ་ཧཱ་མོ་ཊཱ། པྲ་ མོ་ཊཱ། ན་ཤ་ཎི། པྲ་ནཱ་ཤཱ་ནཱ་དྷི་པ་ཏི། བལྒཱ་ཎི། པྲ་བལྒཱ་ཎི། ནི་དྱ་ཎི། པཱ་ནིད་ཋཱ་ནི། ཀྲོ་དྷ་ནི། པྲ་དི་ཀྲོ་དྷ་ཎི། ཧ་ན་ཧ་ན། བི་ཧ་ན་བི་ཧ་ན། སརྦ་དུཥྚ་བྲ་དུཥྚཾ། ནཱ་ཤ་ཡ་སརྦ་ཨ་བྷ་ཡ་པྲ་དཻ་ཧཱུྃ་ཕཊ། སྔགས་འདི་ བརྗོད་པ་ཙམ་གྱིས་ཕྱོགས་བཅུ་ཀུན་དུ་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ལོ། །གནོད་པ་ཐམས་ཅད་ཁས་བུབ་ཏུ་བརྒྱལ་ལོ། །སྐེ་ཚེ་དང་། ཡུངས་ནག་ཏུ་བསྲེས་ལ། ཆུ་བོ་དང་། རྒྱ་མཚོ་དང་། རི་བོ་ལ་གཏོར་རོ། །དེ་ཕྱིན་ཅད་ཆར་འབེབས་པར་བྱེད་དོ། །ཡང་ཆུ་བོ་དང་། རྒྱ་མཚོ་དང་། ཆུ་མིག་དང་། རྫིང་བུ། ལུ་མ། འབབ་ཆུ། གཉན་དགུར་བུ་རམ། སྦྲང་། ཤིང་མངར། ཤ་ཀ་ར། ཀླུ་སྨན་སྣ་ཚོགས་འོ་མ་ ལ། སྔགས་ལ་གཏོར་རོ། །དེའི་ཕྱིར་སེར་བ་ཆེན་པོ་འབེབས་སོ། །ཡིད་ཟློས་བགྱིས་ཏེ། སྤྲིན་ལ་བལྟས་ལ་ལྷ་ཕྱག་བྱ་ཞིང་བཟླས་ན་ཇི་ལྟར་འདོད་པའི་སེར་བ་ཆེན་པོ་འབབ་པར་འགྱུར་རོ། །ཤེས་རབ་ ཅན་གྱིས་འཕགས་པ་ལྕགས་ཀྱི་མཆུའི་གཟུངས་འདི་ཟུང་ཤིག ། ཆོངས་ཤིག །བརྗོད་ཅིག །གཞན་ལ་མ་སྤེལ་ཅིག །སྦོས་ཤིག །ཐུན་མོང་དུ་མིན་ནོ། །རྒྱ་མཚོའི་ཆུ་རྡོ་བཞིན་མི་མངོན་པར་སྦོས་ ཤིག །གཞན་གྱིས་མི་ཐུབ་པའི་དྲག་པོའི་གཟུངས་འདིས་འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུངས་ཏེ། ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོ་ལ་བྱང་ བུ་གཟུགས་སོ་སྔགས་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དང་གང་གིས་ཡིད་རྩེ་ཅིག་ཏུ་བྱའོ། །དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མའམ། དགེ་བསྙེན་ཕའམ། 101-1-129b དགེ་བསྙེན་མ་གང་ཡང་རུང་བས་བསྟན་པ་ལ་གནོད་པ་བསྙུང་བའི་ཕྱིར་ཡིད་ལ་ཟུང་ཤིག །ཆོངས་ཤིག་དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་དང་། དྲི་ཟར་ བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། སྟག་ལུང་རྒྱུད་འབུམ་ལ་གཏུག་སྟེ་ཞུས་དག ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ལོ་ཧ་ཏུཎྜེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྕགས་ཀྱི་མཆུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ནས་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགསོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་ནི་རབ་ཏུ་ལྷ་རྣམས་ཀྱི་ཡུན་རིང་པོའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་དྲན་པའི་ཆོས་བསྟན་དུ་ གསོལ། འཛམ་བུའི་གླིང་པའི་འཇིག་རྟེན་ཤཱཀྱ་ཐུབ་པའི་ཞིང་ཁམས་ན། མིར་གྱུར་པའི་སེམས་ཅན་རྣམས་ཀྱི་འཁོར་ན་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། དམ་པའི་ཆོས་འཇིག་པ་ལ་བསྲུང་བའི་ཐབས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་ 101-1-130a བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ལྕགས་ཀྱི་མཆུའི་གཟུངས། ཐམས་ཅད་སྐྲག་པར་བྱེད་པ། ལྷ་མ་ཡིན་ལ་ཐོག་སྨད་ལྔ་འབབས་པ། འཇིག་རྟེན་གྱི་རིམས་ནད་ཞི་བར་བྱེད་པ། འཇིག་རྟེན་ཐམས་ཅད་དུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། རྐང་མེད་དང་། རྐང་གཉིས་པ་དང་། རྐང་བཞི་ཐམས་ཅད་རེངས་པར་བྱེད་པ། དགྲ་ ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། སྦྱིན་བྱེད་མའི་བུ་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། འགྲོ་བ་དྲག་ཤུལ་དུ་སྤྱོད་པ་རབ་ཏུ་འཇིག་པར་བྱེད་པ། འཐབ་ པ་དང་། བརྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འཕགས་པའི་ལྕགས་ཀྱི་མཆུ་འདི་ཟུང་ཤིག །ཐམས་ཅད་མི་འཇིགས་པའི་ལྕགས་ཀྱི་མཆུའི་གཟུངས་ ཀྱི་རིག་སྔགས་བརྗོད་པར་བྱའོ། །ཏདྱ་ཐཱ། བ་ག་ཙ་ནི། ཤུ་ཏི་ཤུ་མ་ལི། ག་ཤ་ཤ་ཤ་ཏ་ཏ་བི་ར་ཏི། ཧུ་ཡུ་ཧུ་ཡུ་རི་ཏི་སྭཱ་ཧཱ། རྒྱ་མཚོ་ལ་འབར་ལི་ཏྀ་གཏོར་རོ། །ཇི་ལྟར་འདོད་པ་བཞིན་འབབ་བོ། ། ཀླུའི་གནས་སུ་ཕུར་བུ་ལ་བྱེ་བ་གྲངས་མེད་པ་བཟླས་ལ། ཀླུའི་གནས་སུ་བཏབ་ན། སེར་བ་དང་། ཐོག་ཇི་ལྟར་འདོད་པ་བཞིན་དུ་འབེབ་བོ། །སརྦ་ནཱ་ག་ན་པ་བི་རྱ་ཕོབ། ནཱ་ག་ཤར་ཕོབ། ནཱ་ག་ར་བ་ཤ་ཕོབ། རབ་ཙི་སྲི་བཛྲ་ཧུ་ཕཊ། དྲག་པོ་ཡུལ་ཁམས་ཀྱི་དགྲར་གྱུར་པ་བཟློག་པ། མིས་གཏོར་བའི་ཐོག་སྨད་ལྔ་འབེབས་པ། ལྷའི་དབང་པོ་ཐམས་ཅད་ཟིལ་གྱིས་མནན་པའི་ལྕགས་ཀྱི་མཆུའི་གཟུངས་ འདི་ཡིས་ལྷ་མ་ཡིན་རྨོངས་སུ་འཇུག་པ། འཁོར་རྣམ་བཞི་བསྲུང་བ་ཐེག་པ་ཆེན་པོའི་ཆོས་དགྲ་བསྲུང་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ 101-1-130b ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་ལྕགས་ཀྱི་མཆུའི་གཟུངས་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུག་སྟེ་ཞུས་དག་གོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ས་དྷྲི་ཤ་ཨ་ཡ་ཨཽཥྛ། བོད་སྐད་དུ། འཕགས་པ་ལྕགས་མཆུ་ནག་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འཛམ་བུའི་གླིང་གི་གནས་དེར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནོ། །དེ་ནས་བཅོམ་ལྡན་འདས་ འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར་ཀླུའི་རྒྱལ་པོ་མ་དྲོས་པ་དང་། རྒྱ་མཚོ་དང་། དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། དུང་སྐྱོངས་དང་། གཟི་ཅན་དང་། ཨེ་ལའི་ འདབ་མ་དང་། མདོངས་བུ་དང་། ཀླུའི་རྒྱལ་པོ་གློག་འབྱིན་དང་། ཀླུའི་རྒྱལ་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་སྤྲིན་བསྐུལ་དང་། ཀླུའི་རྒྱལ་པོ་མགོ་དགུ་པ་དང་། ཀླུའི་རྒྱལ་པོ་མགོ་བདུན་པ་དང་། ཀླུའི་རྒྱལ་པོ་ མགོ་ལྔ་པ་དང་། མགོ་དྲུག་པ་དང་། མགོ་གསུམ་པ་དང་། མགོ་གཉིས་པ་དང་། མགོ་སྟོང་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་མནས་བོར་ཤིག །ཨ་ན་ན་སྟེ། བི་ནན་སྟེ། བི་ཤི་ཀི་ཤི་ཨ་གུ་བི་ཡ་གུ་རེ་རེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སྟམ་བྷ་ཡ། བྷཉྫ་ཡ། བ་ས་ཤ་རཱི་ར་ནི། མ་ཏྲི་ཏྲ། མ་ཏྲ་མ་ནི་སྭཱ་ཧཱ། སྔགས་ཚན་དང་པོ་དེས་ཀླུ་རྣམས་འཁྲུགས་ནས་བརྒྱལ་ལོ། །བཅོམ་ལྡན་འདས་ལགས་ལོ་ཏོག་དང་། འབྲས་ 101-1-131a བུ་དང་། སྨན་རྣམས་དང་། རྩི་ཤིང་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་རྣམས་སྐམས་པར་རྔོ་མི་ཐོག་ལགས་སོ། །ཆར་ཆུ་དུས་སུ་འབེབས་སོ། །རྩི་ཤིང་དང་ནགས་ཚལ་བསྐྱེད་པར་བགྱིད་ལགས་ སོ། །འཛམ་བུའི་གླིང་གི་མི་རྣམས་ཀྱི་ལོངས་སྤྱོད་འཚེ་བར་རྔོ་མི་ཐོག་ལགས་སོ། །སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད་ལགས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་ན་བདག་ ཅག་ཀླུ་རྣམས་ཀྱི་ལུས་འཁུམས་པར་གྱུར་ཅིག །གནས་མེད་པར་གྱུར་ཅིག །ལུས་རྩུབ་པར་གྱུར་ཅིག །མཛེ་དང་ཤུ་བ་དང་། ཤ་བཀྲ་འབྱུང་བར་གྱུར་ཅིག །མགོ་འགས་པ་དང་། སྙིང་འདྲུལ་བར་གྱུར་ཅིག་ ཅེས་བྲོས་བོར་རོ། །བཅོམ་ལྡན་འདས་ལ་མངོན་བར་དད་པའི་འབྱུང་པོ་བརྒྱ་སྟོང་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས་ནིར་གད་ཚ་ཏ། ནིར་གད་ ཚ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལ་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། བསྲུང་བར་འདོད་པ་དེ་དག་ནི་ཁྱེད་ཅག་གི་ལུས་ལ་འཇུག་ པར་གྱིས་ཤིག་སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་སུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི་སྭཱ་ཧཱ། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། གནོད་སྦྱིན་ཕོ་མོ་རྣམས་ཀྱིས་ཇི་ལྟར་འདོད་པའི་ཆར་གྱི་རྒྱུན་མྱུར་དུ་འབེབས་སོ། །ཀླུའི་གནས་ཀུན་ནས་ཆབ་ཕུལ་དགུ་བླངས་ལ། ཆབ་སོ་སོར་ བཞག་ལ། ཡུངས་ཀར་གྱིས་བསྔག་ཅིང་ཆུ་རུ་སྩལ། སྔགས་རྫོགས་པ་དང་། ཀླུའི་གནས་སུ་བསྐྱལ་ལོ། །ཆར་ཇི་ལྟར་འདོད་པ་བཞིན་འབབ་པར་འགྱུར་རོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་སེམས་ 101-1-131b ཅན་རྣམས་ལ་ཕན་པར་ལྷག་པར་དགོངས་པ་མངའ་བ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཤིག །ཀྵི་པྲན་ནིར་གད་ཚ་ད་སྭཱ་ཧཱ་ནཱ་ག་ཡུ་ཡུ་སྭཱ་ཧཱ། སྤྲིན་པ་ལ་བལྟ་ཞིང་ཕྱོགས་བཞིར་ཁ་བལྟས་ལ་ཕྱག་བྱ་ཞིང་། ལན་ལྔ་བཅུར་བཟླས་ན། ཆར་ངེས་པར་མྱུར་དུ་འབབ་བོ། །ཆར་འབེབས་པའི་ཚེ་ཀླུ་མི་བསྲུན་པའི་གནས་སུ་སོང་ལ། ལུས་སྤོས་ཆུས་བཀྲུས་ལ་ ཟས་དཀར་གསུམ་འཚལ་ལ། ཤ་ཆང་སྒོག་བཙོང་སྤང་བར་བྱའོ། །བྱམས་པའི་སེམས་དང་ལྡན་པར་བསམས་ལ། ཁ་ཤར་ཕྱོགས་སུ་བལྟས་ནས། འཕགས་པ་རྣམས་ལ་གསོལ་བ་གདབ་བོ། །རི་པུ་ རི་པུ། པ་ལ་ཡ་ཐཱ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་བཛྲ་ཛ་ལ་ཡ་སྭཱ་ཧཱ། སརྦ་དུ་ཤཾ་ན་བི་ར་ན་ཤ་ག་སྭཱ་ཧཱ། ག་རུ་ཌ་ཧྲི་ཏི་སྭཱ་ཧཱ། ཡ་སྟགས་ལ་བླ་རེ་སྔོན་པོས་དབུབ། རྒྱལ་མཚན་སྔོན་པོ་གཟུགས། རིག་སྔགས་ འཆང་བ་སྟན་སྔོན་པོ། གོས་སྔོན་པོ། རྐང་པ་ཡང་སྔོན་པོར་བགྲད། ལྷ་བཤོས་སྔོན་པོ། བུམ་པ་ཆུས་བཀང་བ་བཞི་དཀྱིལ་འཁོར་གྱི་གྲྭ་བཞིར་བཞག །དབུས་སུ་ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་དགོད། ཤར་གྱི་པད་མ་ལ་ཀླུའི་རྒྱལ་པོ་མགོ་གསུམ་པ་དགོད། ལྷོ་ཕྱོགས་ཀྱི་པད་མ་ལ་ཀླུའི་རྒྱལ་པོ་མགོ་བདུན་པ་དགོད། ནུབ་ཕྱོགས་ཀྱི་པད་མ་ལ་ཀླུའི་རྒྱལ་པོ་མགོ་དགུ་པ་དགོད། བྱང་ཕྱོགས་ཀྱི་པད་མ་ལ་ཀླུ་ མགོ་ལྔ་པ་དགོད། ཕྲིན་ལས་ཀྱི་གཞུང་ལས་འབྱུང་བ་ཡང་དགོད། ཨོཾ་ཧེ་ཧུ་ལ་ཕཊ་ཕཊ། ཧཱུྃ་བི་ཛ་ཡ་ཕཊ་ཕཊ། ནཱ་ག་ལི་ཛྭ་ལ། ཤད་ཤད། ཛྭ་ལི་བི་ཀྲཾ་ཏ། བཛྲ་བཛྲ་ལ་མ་ཧཱ་བ་ལ་བཱིརྱ་པ་ར་ཀྲོ་དྷ་ད་ར་ཙི། བྲ་མེ་རུ། ཕཊ་ཕཊ་ཕཊ་དུ། གཟུངས་འདི་བརྗོད་མ་ཐག་ཏུ་ས་ཆེན་པོ་རྣམས་གཡོ་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་ཁས་སྦུབ་དུ་འགྱེལ་ནས། རབ་ཏུ་ 101-1-132a འདར་ཏེ་བརྒྱལ་ནས་འདྲེ་ལྡོག་ཅིང་ངུའོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་སྨྲེ་ཞིང་སྔགས་འདིས་ཀླུ་རྣམས་ཤིན་ཏུ་ཚིག་གོ། །མ་རུངས་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་རྣམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། བསྲུང་བ་དང་། བསྐྱབ་པ་དང་། ཞིང་རྣམས་ ཀྱི་མིག་ཤིན་དུ་གང་བར་གྱིས་ཤིག །ལོ་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིག །མི་རྣམས་དང་། མི་མ་ཡིན་པ་རྣམས་ལ་རྣམ་པར་འཚེ་བར་མ་བྱེད་ཅིག །ཆར་གྱི་རྒྱུན་ཕོབ་ཤིག །འོན་ཀྱང་ཁྱེད་ཀྱིས་ཡུན་ རིངས་པོའི་བདེ་བ་དང་། ཀླུའི་གནོད་པ་ཀུན་དང་བྲལ་བར་འགྱུར་རོ། །རྐང་མངས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་མེད་ཁྱེད་ ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱྀར་འོང་རྣམས་ཀྱང་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་ བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །གླིང་འདིར་ཆར་ཕོབ་དོན་རྣམས་ཀྱིས། །ས་དང་བར་སྣང་གནས་པ་རྣམས། །སྐྱེ་དགུ་ རྣམས་ལ་བྱམས་བྱེད་ཤོག །ཆར་མེད་ཐན་པ་བྱུང་བའི་ཚེ། །སྔགས་ཚན་དང་པོ་བརྒྱ་བཟླས་སོ། །བར་མ་ལྔ་བཅུ་བཟླས། །ཐ་མ་བདུན་བཟླས་པར་བྱའོ། །སྤྲིན་ལ་བལྟ་ཞིང་བར་བར་སུས་ཀྱང་མ་ ཚོར་བར་ཤིབ་བུར་བཟླས་སོ། །གྲངས་ལས་ཐལ་ན་སེར་བར་འགྱུར་བས་སྡིག་ཆེའོ། །ཀླུ་གནད་ལ་གཏད་པ་ཡིན་པས་སྡིག་ཆེའོ། །ལན་གྲངས་ཡང་ཡང་མི་གདབ་བོ། །ཞག་གཅིག་གམ། ཞག་ 101-1-132b གཉིས་སམ། ཞག་ལྔར་ཆར་གྱི་རྒྱུན་མི་འབབ་མི་སྲིད་དོ། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཀུན་གྱི་སྨོན་ལམ་མྱུར་དུ་འགྲུབ་འགྱུར་ཤོག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་ལྕགས་མཆུ་ནག་པོའི་གཟུངས་རྫོགས་སྷོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་བ་ལ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བཏང་ཟུང་ཆེན་པོ་ན་ཆོས་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། བཀུར་ནས་མངོན་པར་དགའ་བར་བྱས་པ་ཡང་དེ་ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེམས་ ཅན་རྣམས་དབུགས་འབྱིན་ཅིང་། ཤར་ཕྱོགས་ན་མེ་ལྕེ་ཀུན་དུ་འབར་བའི་ཕྲེང་བའི་པད་མའི་གདན་ལ་བཞུགས་སོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་ན་སྟོབས་པོ་ཆེ་ལག་པ་བཞི་པ་ལག་པ་གཅིག་ན་ ནི་རྔ་ཡབ་ཐོགས། ལག་པ་གཅིག་གིས་ནི་ཕྱག་འཚལ། གཡས་ན་ནི་བེ་ཅོན་ཐོགས། གཡོན་པ་ན་ནི་ཞགས་པ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིག་དམར་བའ། དེའི་འོག་ན་ནི་བཅོམ་ ལྡན་འདས་རྡོ་རྗེ་འཛིན་འཁོར་དང་བཅས་པའོ། །གཡས་ན་ནི་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་སོ། །གཡོན་ན་ནི་བདུད་རྩི་ཐབ་སྦྱོར་རོ། །དེ་ནས་སྙིང་པོ་རྣམས་ནི་ཟླ་བ་ཁམ་པ་ལྟ་བུར་ 101-1-133a བཞག་གོ། སྙིང་པོ་ནི་ཀི་ལི་ཀི་ལ་དང་། འགྲོ་ལྡིང་བའི་གཟུངས་དང་། ལུས་དམར་པོ་དང་། རྡོ་རྗེ་རྣམ་པར་འཇོམས་པ་དང་། རྡོ་རྗེ་རྒྱན་ཆེན་ཏེ་སྙིང་པོའི་མཆོག་གོ། །རིག་སྔགས་ཀྱི་རྒྱལ་པོ་དྲག་ པོ་ཆེན་པོ་དང་། ཉེ་བ་ན་ནི་འཕགས་པ་མཱ་མ་ཀཱིའོ། །འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་འོག་ན་ནི་རྡོ་རྗེའི་ལྕགས་ཀྱུ་དང་རྡོ་རྗེ་ལུ་གུ་རྒྱུད་དོ། །སྒོའི་ནང་ལོགས་སུ་ནི་ཁྲོ་བོ་རྡོ་རྗེའི་ཐོ་བ་དང་། རྡོ་རྗེའི་བེ་ཅོན་ གཉིས་མངོན་དུ་ཕྱོགས་པར་བཞག་གོ། །གཡོན་ལོགས་སུ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ ནི་གོས་དཀར་མོའོ། །དེའི་འོག་ཏུ་ནི་སྒྲོལ་མ་དང་ཁྲོ་གཉེར་ཅན་ནོ། །གཡོན་དུ་ནི་རིག་སྔགས་ཀྱིས་རྒྱལ་པོ་རྟ་མགྲིན་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་དང་ངོ་། ། དེ་བཞིན་དུ་ཤར་ཕྱོགས་སུ་ནི་ཟླ་བ་དང་། ཉི་མ་དང་ཡུལ་འཁོར་སྲུང་དང་། དབང་པོའོ། །མེའི་ཕྱོགས་ན་ནི་མེའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བསྐོར་བའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་དང་ཁྱབ་འཇུག་གོ། ། བདེན་བྲལ་གྱི་ཕྱོགསུ་ནི་སྲིན་མོའི་བདག་པོ་མ་མོ་རྣམས་ཀྱི་བསྐོར་བའོ། །ནུབ་ཕྱོགས་སུ་ནི་ཀླུའི་བདག་པོ་ཀླུ་ལ་སོགས་པས་བསྐོར་བའོ། །རླུང་གི་ཕྱོགས་སུ་ནི་རླུང་ལྷ་འཁོར་དང་བཅས་པའོ། །བྱང་ཕྱོགས་ སུ་ནི་ལུས་ངན་པོ་འཁོར་དང་བཅས་པའོ། །དབང་བདག་གི་ཕྱོགས་སུ་ནི་དབང་བདག་ཚོགས་ཀྱིས་བསྐོར་བའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཁྱབ་འཇུག་དང་། ཚངས་པ་ཆེན་པོ་དང་། དེ་ལ་སོགས་ པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་དང་ངོ་། །སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ 101-1-133b པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་མདོ་སྡེ་འདི་སྒྲུབ་པ་པོ་འདི་ལ་གསང་སྔགས་ཀྱི་གཞི་འདི་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ༀ་ཀི་ལི་ཀི་ལི་བཛྲ། ཀི་ལི་ཀི་ལ་སྭཱ་ཧཱ། སྤྱི་གཙུག་ལ་སྭཱ་ཧཱ། དཔྲལ་བ་ལ་སྭཱ་ཧཱ། མིག་ལ་སྭཱ་ཧཱ། དྲག་ཤུལ་ཅན་ལ་སྭཱ་ཧཱ། ཤིན་དུ་དྲག་ ཤུལ་ཅན་ལ་སྭཱ་ཧཱ། རྡོ་རྗེའི་ཞགས་པ་ལ་སྭཱ་ཧཱ། ལུས་དམར་པོ་ལ་སྭཱ་ཧཱ། ལག་ན་རྡོ་རྗེ་ལ་སྭཱ་ཧཱ། ལག་ན་ཞགས་པ་ལ་སྭཱ་ཧཱ། ལག་ན་རལ་གྲི་ལ་སྭཱ་ཧཱ། ལག་ན་དགྲ་སྟ་ལ་སྭཱ་ཧཱ། གཞུ་འཛིན་ལ་སྭཱ་ཧཱ། གཏུན་ཤིང་འཛིན་ལ་སྭཱ་ཧཱ། ལག་ན་འཁོར་ལོ་ལ་སྭཱ་ཧཱ། ལག་ན་མདུང་རྩེ་གསུམ་པ་ལ་སྭཱ་ཧཱ། སྙིང་པོ་ལ་སྭཱ་ཧཱ། ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། དྲག་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། བྱིས་པ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། དམར་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། སྟོབས་པོ་ཆེ་ལ་སྭཱ་ཧཱ། རལ་པ་ཅན་ལ་སྭཱ་ཧཱ། གསུས་འཕྱང་པོ་ལ་སྭཱ་ཧཱ། ཁྲོ་བོ་ཆོལ་པ་ལ་སྭཱ་ཧཱ། གཤིན་རྗེ་ལ་སྭཱ་ཧཱ། སྲིན་པོ་ལ་སྭཱ་ཧཱ། སྲིན་པོ་ཡ་མུན་ལ་སྭཱ་ཧཱ། དྲག་པོ་ ཆེན་པོ་ལ་སྭཱ་ཧཱ། སྤྲིན་ལ་སྭཱ་ཧཱ། རི་འཛིན་ལ་སྭཱ་ཧཱ། རི་བཏང་ཟུང་འཛིན་ལ་སྭཱ་ཧཱ། རྡོ་རྗེ་བེ་ཅོན་ལ་སྭཱ་ཧཱ། འཇིགས་བྱེད་ཆེན་པོ་ལ་སྭཱ་ཧཱ། ལུས་འཇིགས་བྱེད་ལ་སྭཱ་ཧཱ། སྡིག་བྱེད་ལ་སྭཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ ལ་སྭཱ་ཧཱ། རྡོ་རྗེའི་གཏན་པ་ལ་སྭཱ་ཧཱ། རྡོ་རྗེའི་ལུས་ལ་སྭཱ་ཧཱ། འགྲོ་ལྡིང་བ་ལ་སྭཱ་ཧཱ། བདུད་རྩི་ལ་སྭཱ་ཧཱ། དཀའ་ཐུབ་འཛིན་ལ་སྭཱ་ཧཱ། ལྕགས་ཀྱུ་ལ་སྭཱ་ཧཱ། དོན་ཡོད་ལ་སྭཱ་ཧཱ། གཙུག་ཏོར་རྒྱལ་པོ་ལ་སྭཱ་ཧཱ། མདོག་དཀར་པོ་ལ་སྭཱ་ཧཱ། སྔོ་བསངས་མདོག་ལ་སྭཱ་ཧཱ། འཕྱང་བོ་ལ་སྭཱ་ཧཱ། གླང་པོ་ཆེ་ལ་སྭཱ་ཧཱ། བ་གླང་འཕེལ་གྱི་ལག་པ་ལ་སྭཱ་ཧཱ། བདུད་ཀྱི་རྣམ་པར་འཕྲུལ་པ་ལ་སྭཱ་ཧཱ། སྦྲུལ་གྱི་སྐ་རགས་ཅན་ལ་ 101-1-134a སྭཱ་ཧཱ། རྡོ་རྗེ་ཕུར་པ་ལ་སྭཱ་ཧཱ། ལག་པ་གཉིས་ཀ་ལ་སྭཱ་ཧཱ། ཨཱ་རྡོ་རྗེ་ལ་སྭཱ་ཧཱ། འབར་བའི་འོད་བྱེད་ལ་སྭཱ་ཧཱ། བློ་གྲོས་བརྟན་པའི་རྡོ་རྗེ་ལ་སྭཱ་ཧཱ། མྱུ་གུ་ལ་སྭཱ་ཧཱ། འོད་བྱེད་ལ་སྭཱ་ཧཱ། རྡོ་རྗེས་རྣམ་ པར་འཇོམས་པ་ལ་སྭཱ་ཧཱ། རྡོ་རྗེའི་དྲ་བ་ལ་སྭཱ་ཧཱ། རྡོ་རྗེ་འཇིགས་བྱེད་ལ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་ལ་སྭཱ་ཧཱ། སྤྲིན་རྣམ་པར་འཐོར་བ་ལ་སྭཱ་ཧཱ། ཆར་པ་རྣམ་པར་རྟོན་པ་ལ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་ལ་སྭཱ་ཧཱ། རྡོ་རྗེ་སྙིང་པོ་ལ་སྭཱ་ཧཱ། རྡོ་རྗེ་ ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། མཐེ་བོའི་རྒྱལ་པོ་ལ་སྭཱ་ཧཱ། བེ་ཅོན་གྱི་རྒྱལ་པོ་ལ་སྭཱ་ཧཱ། གོ་ཆའི་རྒྱལ་པོ་ལ་སྭཱ་ཧཱ། ༀ་དྷི་ཨང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་ འཚལ་ལོ། །ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཡུལ་འཁོར་སྲུང་ལ་སྭཱ་ཧཱ། མིག་མི་བཟང་ལ་སྭཱ་ཧཱ། འཕགས་སྐྱེས་པོ་ལ་སྭཱ་ཧཱ། ལུས་ངན་ པོ་ལ་སྭཱ་ཧཱ། དབང་པོ་ལ་སྭཱ་ཧཱ། མེ་ལྷ་ལ་སྭཱ་ཧཱ། དྲང་སྲོང་ཆེན་པོ་ཐམས་ཅད་ལ་སྭཱ་ཧཱ། ཉི་མ་ལ་སྭཱ་ཧཱ། ཟླ་བ་ལ་སྭཱ་ཧཱ། གཤིན་རྗེ་ལ་སྭཱ་ཧཱ། ཁྱབ་འཇུག་ལ་སྭཱ་ཧཱ། སྲིན་པོའི་བདག་པོ་ལ་སྭཱ་ཧཱ། ཀླུའི་བདག་པོ་ལ་སྭཱ་ཧཱ། རླུང་ལ་སྭཱ་ཧཱ། དབང་བདག་ལ་སྭཱ་ཧཱ། དབང་བདག་གི་ཆུང་མ་ལ་སྭཱ་ཧཱ། བརྒྱ་བྱིན་ལ་སྭཱ་ཧཱ། ནོར་ལྷའི་བུ་ལ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ལ་སྭཱ་ཧཱ། ཚངས་པ་ཆེན་པོ་ལ་སྭཱ་ཧཱ། ས་ལ་སྭཱ་ཧཱ། དབྱངས་ཅན་ལ་སྭཱ་ཧཱ། ལྷ་མོ་དཔལ་ལ་སྭཱ་ཧཱ། ལྷ་མོ་དཀའ་ཐུབ་བཟློག་ལ་སྭཱ་ཧཱ། རིག་སྔགས་ཆེན་པོ་སྟོབས་པོ་ཆེའི་རིག་སྔགས་ཀྱི་རྒྱལ་པོ་འདི་དཀྱིལ་འཁོར་གྱི་གནས་སུ་འཆང་ཞིང་ཡིད་ལ་བྱེད་ན་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་པར་འགྱུར་རོ། །ལས་ ཐམས་ཅད་འགྲུབ་པར་འགྱུར་རོ། །སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །གནས་བརྟན་བློ་གྲོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་ 101-1-134b ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། ། རྡོ་རྗེ་འཛིན་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མུ་ནི་མུ་ནི། མ་ཧཱ་མུ་ནི། ཀི་ལི་ཀི་ལི། མ་ཧཱ་ཀི་ལ། དྷི་ཀེ། ཀ་ཊ་ཀ་ཊ་ཀ་ཊ། མ་ཧཱ་ཀ་ཊ། ཤ་མ་ཤ་མ་ཤ་མ། མ་ཧཱ་ཤ་མ། ཤཱ་ཏྲི་ཤཱ་ཏྲི་ཤཱ་ཏྲི། ཤཱན་ ཏ་ཤཱན་ཏ་ཤཱན་ཏ། དན་ཏ་དན་ཏ་དན་ཏ། དྷི་ར་དྷི་ར་དྷི་ར། མ་ཧཱ་མེ་གྷ་དུར་དྷ་ར། ཧ་རི་ཧ་རི་ཧ་རི། ཀུད་ཊི་ཀུད་ཊི་ཀུད་ཊི། ཙྪིན་ད་ཙྪིན་ད་ཙྪིན་ད། བྷིན་ད་བྷིན་ད་བྷིན་ད། སརྦ་དུཥྚན། གུ་མུ་གུ་མུ་གུ་མུ། ཧ་ར་ཧ་ར་ཧ་ར། པ་ཎ་ན་ ད། མ་ནི་ད་མ་ནི། ཊ་ཊ་ཊ། ཋཱ་ཋཱ་ཋཱ། དཱ་དཱ་དཱ། དཱ་དཱ་དཱ། ཙ་ཙ་ཙ། ཙ་ཙ་ཙ། པ་ཙ་པ་ཙ་པ་ཙ། ད་ཧ་ད་ཧ་ད་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཤ་བ་རི་ཤ་བ་རི་ཤ་བ་རི། མ་ཏང་གི། ཙཎྜ་ལི། ཧུ་ཧུ་ཧུ། ཛུ་ཧུ་ཛུ་ཧུ་ཛུ་ཧུ། ཧ་ ཏ་པྲ་ཏྱརྠི་ན། ཙི་ལི་ཙི་ལི་ཙི་ལི། ཕཊ་ཕཊ་ཕཊ། ཏིཥྛ་ཏིཥྛ་ཏིཥྛ། ཏིཥྛ་ཐ་ཏིཥྛ་ཐ་ཏིཥྛ་ཐ་མ་ཏི་ཀྲ་མཱ་ཐ། མ་ཏང་གི། ཧཱུྃ་ཧཱུྃ་ཧཱུྃ། ཧེ་ཧེ་ཧེ།། །། གལ་ཏེ་མི་འདུག་ན་ལག་པ་དང་། རྐང་པ་དང་། ཁ་དང་། མིད་པ་དང་། མིག་དང་། སྙིང་དང་། ངག་ཐམས་ཅད་བཅིང་ངོ་། །དབྲོག་གོ། །ཛྭ་ལ་ཛྭ་ལ་ཛྭ་ལ། དུན་དྷུ་དུན་དྷུ་དུན་དྷུ། བན་དྷུ་བན་དྷུ་བན་དྷུ། ནཱི་ལ་ནཱི་ལ་ནཱི་ལ། ནཱི་ལཱང་ག་བཛྲ་དྷ་ར། སྟོབས་པོ་ཆེ་ཞེས་བྱ་བའི་སྙིང་པོ་དྲན་པར་གྱིས་ ཤིག །ཀོ་ཏི་ཀོ་ཏི་ཀོ་ཏི་ནི། སརྦ་བཱུ་ཏཱ་ནི་བཛྲ་མ་ན། བཛྲ་དྷ་ར། ཨད་ཏ་ཏ་ས། ཙར་དུ་ནར་དུ་མར་དུ། ཀུ་རུ་ཀུ་རུ་ཀུ་རུ། ཧུ་རུ་ཧུ་རུ་ཧུ་རུ། སེམས་ཅན་ཆེན་པོ་དྲན་པར་གྱིས་ཤིག །ཧཱུྃ་ཧཱུྃ་ཧཱུྃ། ཧེ་ཧེ་ཧེ། ཕཊ་ཕཊ་ ཕཊ། ཙཎ་ཌ་ཙཎ་ཌ་ཙཎ་ཌ། མ་ཧཱ་ཙཎ་ཌ། ཧུར་ཏུ་ཧུར་ཏུ་ཧུར་ཏུ། མུ་རུ་མུ་རུ་མུ་རུ། གྲྀཧྞ་གྲྀཧྞ་གྲྀཧྞ། བཛྲ་པཱ་ཎི། ཧ་ན་ཧ་ན། མ་མ་སརྦ་ཤ་ཏྲུཾ་ཎཱན། མུ་ཧུ་ནི་ཏ་ཌ་ཡ་ཕཊ། ཀུ་རུ་ཀུ་རུ་ཀུ་རུ། ལག་ན་རྡོ་རྗེའི་ལས་དང་ 101-1-135a འགལ་བར་མ་བྱེད་ཅིག ། དམ་ཚིག་ལས་འགལ་བར་བྱས་ན་དམ་ཚིག་དྲལ་བ་དང་། དེ་བཞིན་གཤེགས་པའང་བསླུས་བར་འགྱུར་རོ། །གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཙུ་ཙུ་ཙུ། ཧ་ར་ ཧ་ར་ཧ་ར། ཕུད་ཊུ་ཕུད་ཊུ་ཕུད་ཊུ། ཏ་པ་ནི་ཏ་པ་ནི་ཏ་པ་ནི། པ་ཙ་ནི་པ་ཙ་ནི་པ་ཙ་ནི། ལག་ན་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དྲན་པར་གྱིས་ཤིག །ཙི་ལི་ཙི་ལི་ཙི་ལི། ཕུ་ལུ་ཕུ་ལུ་ ཕུ་ལུ། ཕུ་ཕུ་ཕུ། བཅོམ་ལྡན་འདས་གལ་ཏེ་བདག་གི་སྙིང་པོ་འདི་དང་འགལ་བར་བགྱིས་ན། དེ་བཞིན་གཤེགས་པས་རབ་ཏུ་གསུངས་པའི་མཚམས་མེད་པ་ལྔ་དང་ལྡན་པར་གྱུར་ཅིག །དར་ཕུ། ཙར་ཕུ། ནར་ཕུ། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། རྡོ་རྗེ་འཛིན་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ། །སྭཱ་ཧཱ། ༀ་ཧཱུྃ་ཧཱུྃ་ཕཊ་ཕཊ་ སྭཱ་ཧཱ། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་འོད་ཟེར་ཀུན་དུ་འབར་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ལས་འདས་ནས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་དུ་འབར། རབ་ཏུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་བར་ཀུན་དུ་སྣང་ངོ་། །དེ་ལྟར་གྱུར་པ་དང་། བདུད་སྡིག་ཅན་རལ་གྲི་དང་། འཁོར་ ལོ་དང་། གཞུ་དང་མདའ་ལ་སོགས་པའི་མཚོན་ཆ་རྣམས་ལག་ན་ཐོགས་ཏེ་བགེགས་ཀྱི་ཚོགས་རྣམ་པར་འཕྲུལ་པ་དུ་མ་བྱེད་དོ། །དེ་ནས་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས། བཅོམ་ལྡན་འདས་ག་ལ་བ་བཞུགས་པ་དེར་དོང་ངོ་། །དེ་ནས་དེ་ལྟར་གྱུར་བ་དང་། ཁྲོ་བོ་ཆོལ་བ་མདོག་དམར་པོ། སྦྲང་རྩི་ལྟར་མིག་དམར་སེར་པོ། མཆེ་བ་གཙིགས་ 101-1-135b པས་མི་བཟད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལག་པ་གཡས་པ་ན་བེ་ཅོན་ཐོགས་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཤར་ཕྱོགས་ སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་ཉི་ཤུ་རྩ་གཅིག་གི་བྱེ་མ་སྙེད་འདས་ཤིང་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་ཡང་ཀུན་དུ་སྣང་ངོ་། །དེ་ནས་བདུད་སྡིག་ཅན་དང་། བགེགས་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་བརྒྱ་ཁྲོ་བོ་ཆོལ་བས་འདར་བར་གྱུར་ཏོ། །བདུད་སྡིག་ཅན་མྱོས་ཤིང་གཟིར་ཏེ། ཕོངས་ནས་སྲོག་ལ་མི་ལྟ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཞགས་པ་བཅིང་བ་ལྔས་བཅིངས་སོ། །དེ་ལྟར་གྱུར་ བ་དང་། དེའི་ཚེ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་སྤོས་དང་། མེ་ཏོག་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ལ་སོགས་པས་བཅོམ་ལྡན་འདས་ ལ་ཅི་ནུས་ཀྱིས་མཆོད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། མངོན་པར་དགའ་བར་བྱས་ནས། བཅོམ་ལྡན་འདས་ཀྱི་རྗེས་སུ་ཐུགས་རངས་པ་མཛད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་རིག་སྔགས་མཆོག་ གི་རྒྱུད་ཆེན་པོའི་ནང་ནས། དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེ་སྟོབས་ཆེན་པོའི་རིག་སྔགས་ཀྱི་རྒྱལ་པོ་ཞེས་བྱ་བའི་གསང་སྔགས་ཀྱི་གཞི་ འདི་དག་སྨྲས་སོ། །གང་ལ་ལ་ཞིག་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། སྟི་སྟང་དུ་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་པར་བྱེད་ 101-1-136a ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཕ་རོལ་གྱིས་བྱས་པའི་གསང་སྔགས་ཐམས་ཅད་བཤིག་པ་དང་། བཅོམ་པ་དང་། བསྒྱེལ་བར་ཡང་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ རྡོ་རྗེ་འཛིན་གྱིས་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་འབྱུང་བ་སྨྲས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རངས་པ་མཛད་པས་དོན་འདོད་པ་ཐམས་ ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ་མ་ཐ་བིད་དྭན་ས་ཡ། ཛ་ཊི་ལམ་བོ་དྷ་ར། ཨུ་ ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཆོས་ ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། རིམ་གྲོར་བགྱིད་དམ། མཆོད་པར་བགྱིད་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་ བར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཡང་གསོལ་པ། སྟོབས་པོ་ཆེའི་སྙིང་པོ་འཛིན་པ་ལ་ནི་གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུའམ། སྲིན་པོའམ། སྲིན་པོའི་བུའམ། གྲུལ་བུམ་མམ། གྲུལ་བུམ་གྱི་བུའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་གི་བུའམ། ཀླུའམ། ཀླུའི་བུའམ། དྲི་ཟའམ། དྲི་ཟའི་བུའམ། ཤ་ཟའམ། ཤ་ཟའི་བུའམ། སྨྱོ་བྱེད་དམ། སྨྱོ་བྱེད་ཀྱི་བུའམ། མཁའ་འགྲོ་ མའམ། མཁའ་འགྲོ་མའི་བུའམ། བསྒྲུབ་པའམ། སྦྲུལ་འཛིན་བཅས་པ་ལ་སོགས་པ་དང་། བརྗེད་བྱེད་དང་། ལུས་སྲུལ་པོ་དང་། རོ་ལངས་ལ་སོགས་པ་དང་། གནོན་པོའི་གདོན་ཐམས་ཅད་དང་། བརྗེད་ 101-1-136b བྱེད་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་ རྡོ་རྗེ་ལེགས་སོ་ལེགས་སོ། །སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་དོ། །ཕྱི་མའི་མཐའ་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་དོ་དེ་བཞིན་ཉིད་སྟོང་པ་ཉིད་དོ། ། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གང་མདོ་སྡེ་འདི་རབ་ཏུ་སྟོན་པ་དེ་མཆོད་པར་བགྱི་བ་དང་། ཕྱག་བགྱི་བ་དང་། རིམ་གྲོར་བགྱི་བ་དང་། བསྐོར་བར་བགྱི་ བའི་འོས་སུ་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ་སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ལག་ན་ མདུང་རྩེ་གསུམ་ཐོགས་པ་དྲག་ཤུལ་ཅན། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏི་ར་ན་ད་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ། སྟོབས་པོ་ཆེ་ལ་སྭཱ་ཧཱ། ཨོཾ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། ཧ་ན་ད་ཧ་པ་ཙ་མ་ཐ་བི་ཀི་ར། བི་ དྷྭན་ས་ཡ་ཛ་ཊི་ལ་ལམ་བྷོ་དྷ་ར། ཨུ་ཙུ་ཤྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ། སརྦ་དུཥྚན། སྟམ་བྷ་ཡ། སྟམ་བྷ་ཡ། དུ་རཱ་ཙ་རཱན་དུཥྚན་ནི་བཱ་ར་ཡ། བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོཾ་ཨ་ནན་ཏ་བི་ཛ་ཡ། མ་ཧཱ་ཙཎྜ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དྷྲྀ་ཀ་ཧཱུྃ་ཕཊ། ཨོཾ་ཤྲི་རི་ཤི་ར་མ་ལི་ནི། སི་ནི་སི་ནི། ཤི་ཤི་ནི། ཤི་ཤི་ནི། ཨོཾ་སརྦ་ཨད་མ་ཛ། མ་ཧཱ་ཏི་ཛ་བཛྲ། ཨ་ཤ་ནི་བཛྲ། པ་ཤ་ཨ་ནུ། པྲ་བི་ཤ །སརྦ་དུཥྚན། སྟམ་ བྷ་ཡ་སྟམ་བྷ་ཡ། ཧཱུྃ་ཕཊ། ཨོཾ་ཧཱུཾ། བན་དྷ་བན་དྷ། ཨོཾ་ཨ་ནན་ཏ། བི་ཛ་ཡ། མ་ཧཱ་ཙཎ་ཌེ། ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ་ཕཊ། བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྟ་རི་ཀ་ར་ཀ་ར། ཙྪིན་ད་ཙྪིན་ད། ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ། 101-1-137a མ་ཧཱ་བ་ལ། དྷ་ཀ་དྷ་ཀ །ཛ་ལ་ཛ་ལ་ཧཱུྃ་ཕཊ། ཨོཾ་བི་པུ་ར། རཀྵ་བཛྲ། པན་ཛ་ར་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི། བཛྲ་བཛྲི་བྷུ་བན་དྷ་བན་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཨཱ་ཀར་ཥ་ཡ། ཨཱ་ཀཪྵ་ཡ། ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། ད་ཧ་ད་ཧ། ད་ར་ད་ར། དཱ་ར་ཡ། དཱ་ར་ཡ། པ་ཊ་ཡ་པ་ཊ་ཡ། མོ་ཊ་ཡ་མོ་ཊ་ཡ། ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ མ་ཧཱ་བ་ལ། ཏ་ཌ་ཏ་ཌ། ཏ་ཌ་ཡ་ཏ་ཌ་ཡ། ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། དི་པྱ་དི་པྱ། དི་པ་ཡ་དི་པ་ཡ། ཧཱུྃ་ཕཊ། ཨོཾ་ཙུ་ལུ་ཙུ་ལུ། ཨུ་ཙུཥྨ་ཀྲོ་དྷ། ཤི་ཁཱ་ར་ཧ་རཱ་ཧ་ར་ཧཱུྃ་ཕཊ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཙཎ་ཌ། ཧ་ན་ད་ཧ་པ་ཙ་མ་ཐ་བི་ཀི་ར། བི་དྷྭན་ས་ཡ། བཅོམ་ལྡན་ འདས་ཚུར་གཤེགས་ཚུར་གཤེགས། ཧ་ན་ཧ་ན། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། བིད་དྷྭན་ས་ཡ། བིད་དྷྭན་ས་ཡ། ལྷ་དང་ལྷ་མ་ཡིན་གྱིས་བདག་པོས་མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེས་པ། གཟི་བརྗིད་ཆེན་པོ། སུ་རུ་སུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ། གྷུ་རུ་གྷུ་རུ། ཀུརྦ་ཀུརྦ། མ་ཧཱ་ཀུརྦ། བི་ཀུརྦ། ཀུ་ནད་ཏི། ཀུ་ནད་ཏི། ན་ཏི་ན་ཏི། ཤི་ནི་ཤི་ནི། ཁི་ནི་ཁི་ནི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཀུ་རུ་ཀུ་རུ། ཏུ་ཊ་ ཏུ་ཊ། ཏུད་ཊ་ཏུད་ཊ། རྦད་ཊ་རྦད་ཊ། ཏུ་རུ་ཏུ་རུ། འབྱུང་པོའི་བདག་པོ། ཀླུའི་བདག་པོ། ལྷ་མ་ཡིན་གྱི་གྲོང་ཁྱེར་རྣམ་པར་འཇོམས་པར་བྱེད་པ། ཁྲོ་བོ་ཆོལ་པ་སྟོབས་པོ་ཆེ། དྷ་མ་དྷ་མ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། སུ་རུ་སུ་རུ། ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃཕཊ། ད་ཧ་ད་ཧ། ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། ཧྲི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཙུ་ལུ་ཙུ་ལུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། སརྦ་དུཥྚན། སྟམ་བྷ་ཡ་སྟམ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ་ 101-1-137b ཧཱུྃ་ཕཊ། ཨོཾ་ཧ་ཧ། ས་ར་ས་ར། བི་ས་ར་བི་ས་ར། གྷ་ཏ་ཡ་གྷ་ཏ་ཡ། ཨོཾ་བི་ས་ར། སན་ཏྲ་ས་ཡ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ར་ཧ་ར། ཁ་ཁ། ཁཱ་ཧི་ཁཱ་ཧི། ནཱ་ཤ་ཡ་ནཱ་ཤ་ཡ། ཧཱུྃ་ཕཊ། ཧཱུྃ་ཧཱུྃ། མཱ་མ། མཱ་མ་ཕཊ། ཨོཾ་དྷྲཱི་ཀ་ ཀྲོ་དྷ་ནི། བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ། བཛྲ་དྷ་ར། ཀ་ར་ཀ་ར། བན་དྷ་བན་དྷ་ཧཱུྃ་ཕཊ། སྭཱ་ཧཱ། ཨོཾ་ཛྭ་ལ་གྲ་ས། ཨུ་ཙུཥྨ་སང་ག་ར་ཧཱུྃ།། །།རྡོ་རྗེའི་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་པོ་དེ་དག་ཀྱང་བསྲུང་ བ་དང་། ཡོངས་སུ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེས་སྨྲས་པ། གང་གཟུངས་འདི་འཆང་བ་ནི་དགེ་བར་འགྱུར། དུག་མི་གནོད་པར་འགྱུར། ཤི་བ་སོས་པར་བྱེད་པར་འགྱུར། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར། བུ་མང་བར་འགྱུར་རོ། །ས་ཕྱོགས་ཀྱང་གསལ་བར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ཀྱང་ནུས་པར་འགྱུར་རོ། །གདུག་པས་ ཟིན་པ་རྣམས་ལ་ནི་སྐྱོར་ཆུས་འཚོ་བར་འགྱུར་རོ། །དུག་ཐམས་ཅད་ཀྱང་དུག་མ་ཡིན་པར་བྱེད་པར་འགྱུར། མངལ་ན་གནས་པའི་ཁྱེའུ་དང་། བུ་མོ་ཡང་བདེ་བར་བཙས་པར་འགྱུར་རོ། །མདོ་སྡེ་འདི་ཞག་གསུམ་ བཅངས་ན་རྒྱས་པར་འགྱུར་རོ། །ཞག་བདུན་བཅངས་ན་ཞི་བ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པོའི་བདག་པོ་དབང་བདག་རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ སོ། །སྟོབས་པོ་ཆེའི་བསྟན་པ་ཐོགས་པ་མེད་པ། སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། ལག་ན་རྡོ་རྗེ་དགའ་བ། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཚངས་པ་དང་དབང་པོས་ཕྱག་བྱས་པ། གནོད་སྦྱིན་དང་། 101-1-138a སྲིན་པོ་དང་། རོ་ལངས་དང་། ལུས་སྲུལ་པོ་འཇིགས་པར་བྱེད་པ། སྨྱོ་བྱེད་དང་། སྐྲོད་པ་དང་། གསོད་པ་དང་། སྐེམས་བྱེད་དང་། སྒོ་ལེགས་དང་། འཁྲུལ་འཁོར་དང་། གཏན་པ་དང་། རྡོ་རྗེས་རྣམ་པར་ འཇོམས་པ། ལས་ཐམས་ཅད་བྱེད་པ། དཀྱིལ་འཁོར་གསང་བ་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་འབྱུང་ པོའི་བདག་པོ་དབང་བདག་ལ་འབྱུང་པོའི་བདག་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྦར་ཏེ། རྡོ་རྗེ་ལ་བཞུགས་པའི་ཚུལ་གྱིས་བཞུགས་ནས། ཐམས་ཅད་ དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆེན་པོ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ ལ་ཆེར་སྙིང་རྗེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་འབར་ཞིང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་དགའ་བ་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་ཐམས་ཅད་ཀྱི་ཡུལ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྐུ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྡོམ་བག་ཅན་དུ་རྡོ་རྗེ་སྤར་ཏེ། དེ་ནས་རྡོ་རྗེ་པད་ མ་ལ་གནས་པའི་ཚུལ་གྱིས་གནས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས། རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆོལ་པ་ལུས་སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ། དགའ་བར་བྱེད་པ་ 101-1-138b ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ། ཁྲོ་བོ་ཆོལ་པས་བགེགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་འདར་ཏེ་གཟིར་བར་བདག་ཉིད་ཀྱིས་མཐོང་ངོ་། །དེ་དག་ཚིག་ནས་སྨྲེ་ཞིང་ སྲོག་བཏང་སྟེ། སྲེག་པའི་བསྐལ་པ་སྙམ་དུ་སེམས་ཤིང་ཉམས་ཐག་པའི་སྐད་ཀྱིས་དུས་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གན་དུ་སོང་ནས། བཅོམ་ལྡན་འདས་ཡོངས་སུ་བསྐྱབ་དུ་གསོལ། བྱང་ ཆུབ་སེམས་དཔའ་ཡོངས་སུ་བསྐྱབ་དུ་གསོལ། བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆོལ་པས་གཟིར་ཅིང་མྱོས་ཏེ། ཕོངས་ནས་སྲོག་ལ་ཡང་མི་ལྟའོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྨྲས་པ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ། །མཐུ་ཆེ་བའོ། །དེ་དག་གིས་འདི་སྐད་ཅེས་ སྨྲས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ། །མཐུ་ཆེ་བའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སེང་གེའི་ལྟ་ སྟངས་ཀྱིས་བལྟས་ནས་འབྱུང་པོའི་བདག་པོ་ལ་ཁྲོ་བོ་ཆོལ་པའི་དཀྱིལ་འཁོར་གསང་བ་དང་བཅས་པས་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན་པ་ཙ་མ་ཐ་བིད་དྷྭན་ས་ཡ། ཛ་ཊི་ལམ་བོ་དྷ་ར། ཨུ་ཙུཥྨ་ ཀྲོ་དྷ་ཧཱུྃ་ཕཊ། ཨ་ཨཱ་མ་མཱ་ཧཱད་སྭཱ་ཧཱ། གྲོགས་པོ་དག་གང་ལ་ལ་ཞིག་ཁྲོ་བོ་སྟོབས་པོ་ཆེ་འདིའི་དཀྱིལ་འཁོར་དུ་ཞུགས་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བས་དུས་བྱེད་པར་ མི་འགྱུར་རོ། །དེའི་ལུས་ལ་དྲག་པོའི་ལས་དང་། ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་བགེགས་དང་། མི་དང་། རྣམ་པར་ལོག་འདྲེན་གྱིས་གླགས་རྙེད་པར་མི་འགྱུར་རོ། །སྐྱེ་བོ་ཐམས་ཅད་དགའ་ 101-1-139a བར་འགྱུར་རོ། །དགྲ་ཐམས་ཅད་མེད་པར་འགྱུར་རོ། །འདིར་ཞུགས་ན་གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཁྲོ་བོ་ཐམས་ཅད་ཀྱི་ཆོ་ག་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་འགྲུབ་པར་འགྱུར་རོ། ། འདིར་དབང་བསྐུར་ན་བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དཔལ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཁྲོ་བོ་ཆེན་པོ་ལན་ཁྲིས་བཟླས་བཟླས་ཏེ། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ བྱེད་པ། བྱས་པ་བཟོ་བ། རྒྱུད་ཤེས་པ། གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ། གསུམ་ལ་སྐྱབས་སུ་དོང་བ། བྱང་ཆུབ་ཀྱི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་ཅན་དུ་གྱུར་པ། དཀྱིལ་ འཁོར་མཐོང་བ། དབང་བསྐུར་བ། བླ་མ་རྣམས་ཀྱི་ལུང་བྱིན་པ། གང་བདུད་ཐམས་ཅད་དང་། སྡང་བའི་སེམས་རྣམ་པར་འཇིག་པར་བྱེད་པ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་འདི་འཆང་བ་དང་ ཀློག་པ་དེ་ལ་བདུད་དང་། དགྲ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། ལུས་སྲུལ་པོ་དང་། མཁའ་འགྲོ་མ་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་ འཛིན་བཅས་པ་ལ་སོགས་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གསད་པ་དང་བཅིང་བ་ཐམས་ཅད་ལས་ ཐར་བར་འགྱུར་རོ། །གཅད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྨུགས་བྱེད་དང་། རེངས་བྱེད་དང་། རྨོངས་བྱེད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཀླུའི་འཇིགས་པ་ཐམས་ ཅད་ལས་ཐར་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །སེམས་ཅན་དབུལ་པོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་དུས་གསུམ་དུ་འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། 101-1-139b རྗེས་སུ་དྲན་པར་བྱེད་ན་དབུལ་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལོ་ཉེས་པ་བྱུང་བའི་ཚེ། སྟོབས་པོ་ཆེ་ལན་བདུན་བཀླགས་ན། སྤྲིན་ཆེན་པོ་ལས་ཆར་འབབ་པོ། །གལ་ཏེ་ཆར་ མི་འབབ་ན་སྤྲིན་གྱི་ལྷ་རྣམས་ཀྱི་སྲོག་སྐམ་པར་འགྱུར་རོ། །ཀླུའི་རྒྱལ་པོ་ནག་པོ་དང་། ཀླུའི་རྒྱལ་པོ་འཁོར་ལོ་དང་། ཀླུའི་རྒྱལ་པོ་མཐའ་ཡས་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་སྤྲིན་ཆེན་པོ་ལས་ཆར་འབེབས་སོ། །གལ་ཏེ་ ཆར་མི་འབེབས་ན་སྲོག་སྐམ་པར་འགྱུར་རོ། །གོང་དུ་སྨོས་པའི་ཆོ་ག་བཞིན་དུ་ཕྱོགས་ཀྱི་ཆའམ། རླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་འམ། མཚོའི་འགྲམ་འམ། མཆོད་རྟེན་གྱི་གནས་སུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙན་དན་དམར་པོ་དང་། ཀ་ར་བཱི་རའི་མེ་ཏོག་དང་། པད་མ་དམར་པོ་དང་། ཨ་ཏི་མུ་ཏ་ཀའི་མེ་ཏོག་དང་། ཙམ་པ་ཀའི་མེ་ ཏོག་དང་། རྒྱལ་མཚན་དང་། བ་དན་དམར་པོ་ལ་སོགས་པ་དང་། བུམ་པ་སྤོས་ཆུས་བཀང་བ་ལ་སོགས་པས་མཆོད་པ་ཆེན་པོ་བྱས་ཏེ། གང་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དེ་གཡུལ་ངོ་ཐམས་ཅད་ དུ་ཞུགས་ཀྱང་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྟོབས་པོ་ཆེ་རྒྱལ་མཚན་གྱི་ རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། །གསང་སྔགས་གྲོ་ཁ་ལ་བྲིས་ཏེ་སྤྱི་བོར་བཏགས་ནས་གཡུལ་ངོར་མཚོན་ཆ་རྣམས་མེ་ཏོག་བཞིན་དུ་ལྟུང་བར་འགྱུར་རོ། ། དེ་ནས་བདུད་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་སྟོབས་པོ་ཆེ་ཞེས་བགྱི་བ་ཅི་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 101-1-140a སྟོབས་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་སོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཚུལ་ལོ། ། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའོ། །དེ་ནས་བདུད་སྡིག་ཅན་གྱིས་སྨྲས་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། ། སྐྱབས་སུ་མཆིའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དགེ་བསྙེན་གྱི་ཡན་ལག་གཟུང་བར་བགྱིའོ། །བདེ་དང་ཐར་དང་མཐོ་ རིས་དང་། །མཁས་པ་དག་དང་སེམས་ཅན་ནི། །དམ་པ་ཀུན་ལ་ཕན་པའི་ཕྱིར། །སྟོབས་པོ་ཆེ་ནི་གཟུང་བར་བགྱི། །དེ་ནས་བདུད་སྡིག་ཅན་ཆོས་ལ་དགའ་ཞིང་ཡིད་བདེ་བ་དང་རངས་པར་གཟིགས་ ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་མདོ་སྡེ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་ རྟེན་གྱི་སྡུག་བསྔལ་ལས་ཐར་བར་བྱེད་པའོ། །དེ་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །བསྐལ་པ་མཐའ་ཡས་པར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པར་བྱེད་དོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་སྙིང་པོ་འདི་ནི་གཙང་སྦྲ་ཅན་ནམ། གཙང་སྦྲ་མེད་པའམ། སྨྱུང་བར་བྱས་པའམ། སྨྱུང་བར་མ་བྱས་པའམ། འཁྲིག་པའི་ཆོས་ལ་བརྟེན་པ་ལ་འང་འགྲུབ་པར་བྱེད་དོ། །དེ་ལ་བར་ཆད་དུ་མི་འགྱུར་རོ། །དེ་ནས་རབ་འབྱོར་འཁོར་དེ་ཉིད་ན་འདུག་པར་གྱུར་པས་བཅོམ་ལྡན་འདས་རིག་ 101-1-140b སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི་ཅི་ཞིག་སྩོལ་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལ་དྲི་བ་དྲིས་ཤིག །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི་ཅི་ཞིག་སྦྱིན་པར་བྱེད། ལག་ན་རྡོ་རྗེས་སྨྲས་པ། འབྲུ་སྦྱིན་པར་བྱེད་དོ། །གོས་སྦྱིན་པར་བྱེད་དོ། །དངུལ་སྦྱིན་པར་བྱེད་དོ། ། གསེར་སྦྱིན་པར་བྱེད་དོ། །བ་གླང་སྦྱིན་པར་བྱེད་དོ། །དམ་པ་གང་འདོད་པའི་དམ་པ་དེ་སྦྱིན་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། སྤྱིའི་འབྲས་བུ་ཞེས་བྱ་བའམ། ལག་ན་རྡོ་རྗེས་སྨྲས་པ། རབ་འབྱོར་དེ་དེ་བཞིན་ཏེ། སེམས་ཅན་ཉོན་མོངས་པས་བསྒྲིབས་པ་རྣམས་ལ་ནི་འབྲས་བུའི་དུས་སུ་གནས་སོ། །འབྲས་བུའི་དུས་ཀྱི་ཡོན་ཏན་གྱི་དོན་དུ་གནས་སོ། །ཡོན་ཏན་གྱི་དོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱི་ལམ་ལ་འཇོག་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས། །གསང་བའི་མཚན་ཉིད་ལྡན་པ་སྟེ། །སྟོབས་པོ་ཆེ་ནི་ཤེས་རབ་ལྡན། །གསང་བའི་མཚན་ཉིད་ཕུན་ སུམ་ཚོགས། །སྤྱི་ནས་དབང་བསྐུར་ཡིད་ཀྱང་གཞུངས། །མཚན་དང་ཡང་དག་ལྡན་པ་སྟེ། །སྦྱིན་དང་ཚུལ་ཁྲིམས་ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་ཞིང་སྟོབས་ཀྱང་ཆེ། །དབང་ཆེར་གྲགས་ཤིང་བསོད་ནམས་ཆེ། ། ཡོན་ཏན་རྩེ་མོ་སྟོབས་པོ་ཆེ། །མདོ་སྡེ་འདི་ལ་དབང་བསྐུར་ཕྱིར། །སངས་རྒྱས་བརྒྱད་སྟོང་དེར་གཤེགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་མདོ་སྡེ་འདི་ཉིད་ཀྱིས་མི་འཇིགས་པའི་ལག་པ་སྤྱི་བོར་ བཞག་སྟེ། དགེ་བ་བྱེད་པར་འགྱུར་རོ། །གང་གིས་གཟུངས་སྔགས་འདི་སའམ། རིའམ། ཀླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་དུ་བཅངས་ན་འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པར་འགྱུར་རོ། ། 101-1-141a དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་བྲོ་ནད་ མ་མཆིས་པར་ལོ་བརྒྱ་འཚོ་བར་འགྱུར་རོ། །ལག་ན་རྡོ་རྗེས་ཡང་གསོལ་པ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ནི་ དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བར་ཟུང་ཤིག །ཆོས་ཀྱི་ཉི་མ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་ཟླ་བ་ཞེས་བྱ་བར་ཡང་ཟུང་ཤིག །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བར་ཡང་ཟུང་ཤིག །སྡིག་པ་ཐམས་ཅད་བྱང་བར་བྱེད་པའི་གཟུངས་སྔགས་ཞེས་བྱ་བར་ཡང་ཟུང་ཤིག །རིག་སྔགས་འཆང་ཐམས་ཅད་གྲུབ་པའི་རྒྱལ་པོ་ཞེས་བྱ་ བར་ཡང་ཟུང་ཤིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བར་ཡང་ཟུང་ཤིག །རིག་སྔགས་ཀྱི་རྒྱལ་ པོ་སྟོབས་པོ་ཆེ་ཞེས་བྱ་བར་ཡང་ཟུང་ཤིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲིར་འཇུག་པ་དང་། སྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་མཆོད་རྟེན་སྐུ་གདུང་དང་བཅས་པ་ལ་མཆོད་པ་བྱས་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །ཤིན་དུ་ཟབ་པའི་ཆོས་བསྟན་པ་དང་། 101-1-141b ཆོ་འཕྲུལ་གྱི་ཡོན་ཏན་གྱི་རྒྱན་གྱི་ཆོས་བསྟན་པ་བཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་མདོ་སྡེ་འདི་འཆང་བ་དེ་ལ་སྡང་བའི་ སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལྟར་མ་རུངས་པར་འགྱུར་རོ། །སྤོས་དང་། མེ་ཏོག་དང་། བདུག་པ་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ལ་སྩོགས་པས་མཆོད་པ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ལ་བར་ཆོད་མི་འབྱུང་བར་འགྱུར་རོ། །མདོ་སྡེ་འདི་གནས་གང་ཡང་རུང་བ་ན་འཆང་ན་ལྷ་དང་མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ ཆེ། བགེགས་དང་། རྣམ་པར་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ན་སངས་རྒྱས་བརྒྱད་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དྲང་སྲོང་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། དྲི་ཟར་བཅས་པ་རྣམས་དགྱེས་དགའོ། །སྟོབས་པོ་ཆེའི་གཟུངས་སྔགས་འདི་ལ་དགྱེས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་ མདོ་སྡེ་འདི་ལ་གུས་པར་མི་བྱེད་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང་། རིམ་གྲོ་བྱེད་པ་དང་། མཆོད་ པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཡི་གེ་འདྲིའམ། ཚིག་མཉན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་པ། ཐུབ་པའི་ ཆོས་བསམ་གྱིས་མི་ཁྱབ་པ། ཤིན་དུ་ཕྲ་བ། ཤིན་དུ་ཟབ་པ། བསམ་གྱིས་མི་ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་པ་དེ་མྱོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 101-1-142a གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་མདོ་སྡེ་འདི་བཤད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང་། ཞི་བར་བྱ་བ་དང་། རྒྱས་པར་བྱ་བ་དང་། དབང་བསྐུར་ བ་དང་། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་བྱ་བ་དང་། དཔལ་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང་། སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བཤད་པར་བྱའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་བརྒྱད་སྟོང་དང་བར་མཛད་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་མཛད་དེ། ཐལ་མོ་སྦྱར་ ནས་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ཞེས་མངོན་བར་དགྱེས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སངས་རྒྱས་དེ་དག་ལ་སླར་གསུངས་པ། བཅོམ་ལྡན་འདས་དག་ ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེའི་གསང་བའི་ཆོས་བསྟན་པ་འདིའི་མཐུས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སྡང་བ་ བགེགས་དང་། རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་སྙིང་འདར་ཞིང་འགུལ་བར་མཐོང་ངོ་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོཾ་ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ། སུ་རུ་སུ་རུ། མུ་རུ་མུ་རུ། ཀ་ཏང་ཀ་ཊེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། མཱ་ར་སཻ་ནྱ། པྲ་མར་ད་ནཱི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བགེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་སྡིགས་ཤིག །ཆིངས་ཤིག །རྣམ་པར་ཆོམས་ཤིག །མ་གྲུབ་པ་རྣམས་གྲུབ་ 101-1-142b པར་གྱིས་ཤིག །གྲུབ་པ་རྣམས་དུལ་བར་གྱིས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབབ་པར་གྱིས་ཤིག །ལྷ་དང་། ཀླུ་ཐམས་ཅད་ཚུར་ཤོག་ཚུར་ཤོག །ངས་སྟོབས་ པོ་ཆེ་ཁྲོ་བོའི་མཐུས་དགེ་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འདུ་བྱེད་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་གློག་དང་སྤྲིན་དང་འདྲའོ། །འདུ་བྱེད་ཐམས་ ཅད་ནི་ཁྱིམ་དང་དབུ་བ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་མར་མེ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུའི་ཆུ་བུར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་རི་མོའི་རྣམ་པ་ དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་མེ་ཏོག་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་རྨི་ལམ་དང་འདྲའོ། །འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་འཁོར་ལོ་དང་འདྲའོ། །འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་ བསྔལ་གྱི་ཀླུང་དང་འདྲའོ། །འཁྲུག་པར་འགྱུར་བས་རྒྱ་མཚོ་དང་འདྲའོ། །སྐར་མ་དང་འདྲའོ། །སེམས་ཅན་རྣམས་ནི་འདུ་བྱེད་འདི་དག་སྐྱེ་བར་མི་སེམས། མི་མཐོང་། མི་ཤེས། མི་འཇལ་གྱི། དེ་བཞིན་ གཤེགས་པ་ཉིད་ཀྱིས་གཟིགས་སོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་འཇལ་ལོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །འདུ་བྱེད་ཐམས་ཅད་ནི་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པར་མཁྱེན་ཏོ། ། 101-1-143a དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ ཉིད་དུ་མཁྱེན་ཏོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་མཚན་ཉིད་འདི་དག་མཐོང་ཞིང་མཚན་འདི་ཉིད་ཤེས་ཏེ། སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ ཆུབ་སེམས་དཔའ་ཞེས་བྱ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ ཕྱོགས་གཅིག་ཏུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་འདི་མཚན་ཉིད་གང་གིས་ན་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་ལས་རྣམས་བྱེད་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་ གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་ཡོངས་སུ་ནུབ་པའི་ཚེ། དེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་ བྱའོ། །མདོ་སྡེ་འདི་འཚོ་ཞིང་སྡོད་ན་དེ་བཞིན་གཤེགས་པའི་བསྟན་པ་ཡང་འཚོ་ཞིང་སྡོད་དེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ 101-1-143b མདོ་སྡེ་འདི་ཉིད་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ལ་རྗེས་སུ་ ཡི་རང་ནས་བཀའ་ལུང་བཞིན་བགྱི་ཞིང་། སུ་མདོ་སྡེ་འདི་འཆང་བའི་གན་དུ་མཆིའོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱང་འོང་ངོ་། །ལྷ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ། །བདག་ཅག་ཀྱང་དམ་པ་སྩལ་བར་མངོན་བར་དགའ་སྟེ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱང་དམ་པ་འདི་ཉིད་སྩོལ་བ་མཛད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་གསང་བའི་སྙིང་པོ་ནི་སེམས་ཅན་ ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་གང་གིས་ན་ མདོ་སྡེ་འདི་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་ཞག་སུམ་བཅུ་རྩ་གཉིས་ལོན་པའི་ཉིན་མོ་རི་བཏང་ཟུང་ ཆེན་པོར་མདོ་སྡེ་འདི་ཉིད་ཀྱི་ཆོས་བསྟན་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་དང་པོ་བསྐྱེད་པ་ལ་གནས་ ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་དག་རྒྱུན་ཏུ་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་ཀློག་པ་ 101-1-144a དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྲས་སུ་འདུ་ཤེས་བསྐྱེད་དོ། །འཁོར་དེ་ཉིད་དུ་འཆི་བའི་དུས་བྱས་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇོག་པར་མཛད་དོ། །ལག་ན་རྡོ་རྗེས་གསོལ་པ། སངས་རྒྱས་འཁོར་བ་བགྲོད་དཀར་སེམས་ཅན་གྱི། །སྲིད་པའི་ཕུར་པ་འབྱིན་ཅིང་ཤེས་རབ་ཀྱིས། །སྲིད་ཕུར་སེམས་ཀླུང་འཇོམས་ཤིང་ཐུབ་པ་ཡི། །ཆོས་བསྟན་པས་ནི་སྡིག་འཇོམས་ཆོས་ལེགས་སྤྱོད། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེས་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་རབ་ཏུ་སྟོན་པས་བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་རབ་ཏུ་སྟོན་པ་ནི་ཏིང་ངེ་འཛིན་བྱེ་བ་འཐོབ་པར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས། བསམ་པ་རྒྱ་ཆེན་པོས་སྟི་སྟང་བྱེད་པར་འགྱུར་རོ། །བླ་མར་བྱེད་པར་འགྱུར་རོ། །རིམ་གྲོར་བྱེད་པར་འགྱུར་རོ། །མཆོད་པར་བྱེད་པར་འགྱུར་རོ། ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་འབུལ་ལོ། །བྱང་ཆུབ་སེམས་དཔའ་ལ་ཡང་བདེ་བར་སྦྱར་བ་སྒྲུབ་བོ། །དགེ་འདུན་གྱི་ཚོགས་ལ་ཡང་རིམ་གྲོ་བྱེད་ པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་ 101-1-144b བཀུར་བྱེད་པར་འགྱུར་རོ། །དེ་དག་གིས་ཆོས་བསྟན་པ་དེ་ལ་ཡང་སྟི་སྟང་དུ་བྱས་ཏེ་ཉན་ཏོ། །འཛིན་ཏོ་ཀློག་གོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་། མཚུངས་པར་སྟོབས་ཀྱི་ཕ་རོལ་གནོན་པར་ འགྱུར་རོ། །སྟོབས་པོ་ཆེ་ཕ་རོལ་གནོན་པའི་ཁྲོ་བོ་འདིའི་མཐུས་བདག་དང་སེམས་ཅན་ཐམས་ཅད། སྭ་སྟི་སྭ་སྟི། སིད་དྷི་སིད་དྷི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཕགས་ པ་བྱམས་པ་དང་། འཇམ་དཔལ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། འཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅། །རྒྱ་གར་སྐད་དུ། པཱུ་ཛ་མེ་གྷ་ནཱ་མ་དྷ་ར་ནི། བོད་སྐད་དུ། མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་ས་ར་པྲ་མར་རྡ་ནི། ཏ་ཐཱ་ ག་ཏཱ་ཡ། ཨ་སམ་མྱཀ་སམ་བུད་དྷ་ཡཱ། ཏདྱ་ཐཱ། ༀ་བཛྲེ་བཛྲཱེ། མ་ཧཱ་བཛྲེ། མ་ཧཱ་བིརྱ་བཛྲཱེ། མ་ཧཱ་བོ་དྷི་ཙི་ཏ་བཛྲཱེ། མ་ཧཱ་བོ་དྷི་མཎ་ཊོ་པ་སང་ཀྲ་མ་ན་བཛྲཱེ། སརྦ་ཀར་མ། ཨ་བ་ར་ན། བི་ཤོ་དྷ་ན་བཛྲཱེ་སྭཱ་ཧཱ། 101-1-145a གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། དྲན་པ་ཙམ་གྱི་མོད་ལ་ཕྱོགས་བཅུའ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ལ། མཆོད་པ་བྱས་པར་འགྱུར་ ཞིང་ཞབས་ལ་ཕྱག་འཚལ་པར་འགྱུར་རོ། །མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་བཛྲ་བྷཻ་ར་བ་དྷཱ་ར་ཎཱི་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་ ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བ་སྲས་དང་བཅས་པ། དྲི་མ་མེད་པ། དྲི་མ་སེལ་བ། མཐའ་ཡས་པ། མུ་ཐུག་པ་མེད་པ། དམ་པ་སྦྱིན་པ། ཤིན་དུ་ རྒྱ་ཆེ་བ། ཐམས་ཅད་བདག་ལ་འཐུན་པར་རྟག་ཏུ་མཐའ་ཡས་པའི་དམ་པའི་མཆོག་སྩོལ་བར་གྱུར་ཅིག །དེ་ལ་ངའི་རྡོ་རྗེའི་ཚིག་ནི་འདི་དག་གོ། །ཨ་ར་ར། ཨ་ས་མ། ས་མ་ཏཱ། ཨ་ནནྟ་དྷརྨྨ། ཁ་ཎཱ་ཁ་ཎཱ། མ་ཧཱ་ བི་རེ། ཙ་ལེ་ས་མ་མ། ཨཱ་ས་ཧཱ། མ་ཧཱ་བ་ལེ། ཀ་ན་ཀ་ན། མ་ཧཱ་བ་ལ། ཨ་ཀྲི་ཧེ། ཧ་ཧ་བཛྲཱ། བཛྲ་ཧཱ་ཡེ། དྷ་ར་དྷ་ར། ཧཱུྃ་ཧཱུྃ་མཎྜ་ལ། ས་མ་པ་ར་ཨ་ཀྲ་བི་ཀྲ་མེ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ་སརྦ་ཐཱ། སརྦ་ཧི། ཛྭ་ལ་ ཛྭ་ལ། ཨ་ཀྲི་ནི་ཕཊ་སྭཱ་ཧཱ། རིག་སྔགས་དང་། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་ལན་སྟོང་བཟླས་བརྗོད་བྱས་ན། རིག་སྔགས་དང་། གསང་སྔགས་ཐམས་ཅད་ལན་ འབུམ་བཟླས་བརྗོད་བྱས་པར་འགྱུར་རོ། །ལས་གཞན་ཐམས་ཅད་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པར་བྱེད་དེ། དམ་ཚིག་གསུམ་པའི་ཆོ་ག་ལས་འབྱུང་བའི་རིག་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། གཟུངས་ཐམས་ཅད་ཀྱི་ནང་ན་ལས་ཐམས་ཅད་བྱེད་པ་ཡིན་ནོ། །དེ་ནས་ཆོ་ག་མི་བཟད་པ། །རྡོ་རྗེ་གཏམས་པ་འདྲ་བ་ནི། །ཀླུ་དང་ལྷ་སྲིན་བཅས་པ་ཡི། །སུམ་བཅུ་གསུམ་ལྷས་མི་ཤིགས་པ། །དེ་ཁྲོས་པས་ནི་ 101-1-145b ལྷས་མཆོད་པའི། །བརྒྱ་བྱིན་ཉིད་ཀྱང་འདར་བར་འགྱུར། །འབྱུང་པོ་ཀུན་གྱིས་མ་སྨད་པ། །དེ་ནི་བསྲུང་བར་བྱེད་པའི་མཆོག །ཇི་ལྟར་ལྷར་བཅས་འཇིག་རྟེན་ན། །སངས་རྒྱས་འདྲ་བའི་སྟོན་པ་མེད། །བདེན་ པའི་ཚིག་ནི་དེ་ཡིས་ནི། །སྐྱེ་བོ་ཀུན་ལ་སྲུང་གྱུར་ཅིག །ཏདྱ་ཐཱ། ༀ་བཛྲ་པྲཱ་ཀཱ་ར། བཛྲ་པྲཱ་ཀཱ་ར། བཛྲ་དཾཥྚཱ། བྷ་ཡཱ་བ་ཧཱ། ཙུ་རུ་ཙུ་རུ། པ་རི་ཙུ་མ་བི་ཀེ། ཙུ་ལུ་ཏེ་ལེ། ན་མོ་རཏ་ན་ཏྲཱ་ཡཱ་ཡ། ན་མོ་བཛྲ་བྷཻ་ར་བ་སྱ། མ་ཧཱ་ག་ཎ་པ་ཏི་སྱ། བཛྲ་ཤཀྟི། པ་ར་ཤུ། པཱ་ཤ །ཧསྟ་ཡ། བཛྲ་བཻ་དཱུརྱ། ཨ་ལང་ཀྲྀ་ཏ། ཤ་རཱི་རཱ་ཡ། བཛྲ་པཱ་ཎི་རཱ་ནུ་པཱ་ལཱ་ཡ། ཏདྱ་ཐཱ། བྷུ་རུ་བྷུ་རུ། ཨཱ་ན་ཡཱ། ཨཱ་ན་ཡཱ། མ་ཧཱ་ག་ཎ་པ་ཏི་ལ་ གྷུ་ལ་གྷུ། ཨེ་ཧི་ཨེ་ཧི། ཨཱ་ཀྲ་མ་ཨཱ་ཀྲ་མ། ཤ་རཱི་རཾ། གྲྀ་ཧཱི་ཏ་མ། གྲྀ་ཧཱི་ཏ་མ། དཾཥྚཱ་མཱ། དཾཥྚཱ་མཱ་བཱ་ཨཏྟྲ་བི་ཤ་ཏུ་ཤ་རི་རཾ་ཀིཉྩི་རཱ་ཡ་སི། བི་དྷུ་ན། བ་དྷཱ་ན། པ་ཊ་པ་ཊ། ཀཾ་པ་ཀཾ་པ། རཾ་ག་རཾ་ག །མོ་ད་མོ་ད། དྷ་མ་དྷ་མ། བི་ཛྲི་མ་བཱ། བི་ཛྲཱི་མ་བཱ། བཱུ་ར་བཱུ་ར། གྷཱུརྞྞ་གྷཱུརྞྞ། ཨཱ་བི་ཤ །ཨཱ་བི་ཤ །ཤཱི་གྷྲཾ་ཤཱི་གྷྲཾ། མ་ཧཱ་བཛྲ་བྷཻ་ར་བོ། ག་ཎ་པ་ཏི་རཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། ཆོ་ག་ལ་དགྲ་ཐམས་ཅད་རེངས་པར་བྱ་བ་དང་། བྱད་སྟེམ་ ཐམས་ཅད་གཅད་པ་ལ་ནི་བའི་ལྕི་བ་ལ་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། སེམས་ཁྲོས་པས་མཚོན་ཆ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ས་ལ་བཙུགས་ན་དེ་མ་ཐག་ཏུ་བྱད་སྟེམ་ཐམས་ཅད་འཆད་པར་ འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་བཟློག་པར་འདོད་པས་ནི་དབྱུག་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། དེ་ཕྱོགས་སུ་འཕངས་ན་དགྲ་ཐམས་ཅད་མྱོས་པར་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན་ཁྲོས་ཏེ་ རྡོ་རྗེ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། བསྣུན་ན་ཀླུ་རྣམས་དབང་དུ་འགྱུར་རོ། །སེར་བ་བཟློག་པར་འདོད་པས་ནི་རྡོ་རྗེ་ཧ་ཅང་མི་དྲག་པར་བསྐོར་ཞིང་སྒྲ་ཡང་ཧ་ཅང་གསང་མི་མཐོ་བར་བརྗོད་ན། ཀླུ་རྣམས་སེར་བ་ 101-1-146a མི་འབེབས་པར་འགྱུར་རོ། །ཆང་བསྲུང་བར་འདོད་པས་ནི་ཆང་གི་རྫས་རྣམས་ཡུངས་ཀར་ལ་ལན་བདུན་བསྔགས་ན་ཐུབ་པར་འགྱུར་རོ། །ནད་ཞི་བར་འདོད་པ་ལ་ནི་ནད་དང་འཐུན་པའི་སྨན་རྣམས་ཆུ་ལ་ ལན་བདུན་བསྔགས་ཏེ་འཐུངས་སམ་བྱུགས་ན་ནད་ལས་གྲོལ་བར་འགྱུར་རོ། །ལས་གང་བྱེད་པ་ཐམས་ཅད་ལ་འང་ལན་བདུན་བཟླས་བརྗོད་བྱས་ན་བསམས་པ་དེ་གྲུབ་པར་འགྱུར་རོ། །འཕགས་པ་རྡོ་རྗེ་འཇིགས་ བྱེད་ཀྱི་གཟུངས་ཞེས་བྱ་བ། མ་རུངས་པ་ཕྱིར་བཟློག་པ་རྫོགས་སྷོ།། །།འཕགས་པས་གསུངས་པའི་གཟུངས་རྣམས་རྣམ་མང་ཡང་། །རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་པའི་གཟུངས། །བསྲུང་བྱའི་ལས་ བདུན་ལྡན་པའི་གཟུངས་མཆོག་འདི། །ཀུན་གྱི་ཐུན་མོང་མ་ཡིན་རྣམ་འབྱོར་དམ་པའི་གཟུངས། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་ནས། བོད་ཀྱི་བན་དེ་སྐྱོ་འོད་འབྱུང་ལ་གནང་ངོ་།། །། ༄༅། །འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཁྲོ་བོ་ཆེན་ པོ་བདུད་རྩི་ཐབ་སྦྱོར་གྱི་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་སེམས་ཅན་རྣམས་ནི་བསོད་ནམས་ དམན་པ་དང་། ཚུལ་ལ་མི་གནས་པ་དང་། ཕ་མ་ལ་མ་གུས་པ་དང་། བསོད་ནམས་ཆུང་བ་དང་། དད་པ་མ་མཆིས་པ་དང་། གླགས་ཚོལ་བ་དང་། རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང་། རྟག་ཏུ་ལོག་འདྲེན་དང་། འཚེ་བ་ཅན་དང་། ཤ་ཟ་ རྣམས་ཀྱིས་ཟིན་པ་ལགས་ཏེ། བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང་། མཐར་གཏུགས་པའི་སླད་དུ་གསང་སྔགས་བཤད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་ 101-1-146b སྩལ་ཏོ། །བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ནི་ལེགས་སོ་ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་གསང་ སྔགས་ཤོད་ཅིག །དེ་ནས་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས། བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལ་ཏི་དཱིཔྟ་དཾཥྚྲོཏྐ་ཊ། བྷ་ཡ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ། བཛྲ་བ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཨ་མྲྀ་ཏ་ཀུཎྜ་ལི་ནི། ཁ་ཁ་ཁ་ཁ། ཁ་ན་ཁ་ན། ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། གརྫ་གརྫ། ཏརྫ་ཏརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། བྷ་ག་བ་ན། ཨ་མྲྀ་ཏ་ཀུཎྜ་ལི། མཱུརྡྷཱན་ཏཱ་ཌ་ཡ་བཛྲེ་ཎ། སརྦ་བི་ནཱ་ཡ་ཀན། ནི་བཱ་ར་ཡ། མ་ཧཱ་ག་ཎ་པ་ ཏི་ཛཱི་བི་ཏཱན་ཏ། ཀ་རཱ་ཡ་ཧཱུྃ་ཕཊ་ཕཊ་ཕཊ། ༀ་ཀྲོ་དྷ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ་དཾ་ཥྚོཏྐོ་ ཊ། བྷཻ་ར་བཱ་ཡ། ཨ་སི་བཥྚ་ན་ཧསྟཱ་ཡ། ཧེ་ཧེ། པ་ཏ་པ་ཏ། དྷ་བ་དྷ་བ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཀུཎྜ་ལི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། གསང་སྔགས་གཉིས་ པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། བི་མ་ལ་ཀ་ན་ཀ་ཛྭ་ལ་བྷཱུ་ཥ་ཎཱ་ཡ། ག་ག་ན་ཨ་མྲྀ་ཏ་སམྦྷ་བཱ་ཡ། རཀྟ་མ་ལྱ། ཨ་ནུ་ལེ་པ་ན་པྲི་ཡཱ་ཡ། བཛྲ་ པཱ་ཎི་པྲི་ཡཱ་ཡ། བཛྲ་པཱ་ཎི་ཏུ་ལྱ། བེ་གཱ་ཡ། དེ་བ་ནཱ་ག་ཡཀྵ། རཀྵ་ས་པྲ་མ་ཐ་ནཱ་ཡ། ཏྲཻ་ལོ་ཀྱ་གོ་ཙ་རཱ་ཡཱ། ཤ་ཏ་སཻ་ནྱ་བི་དྲ་བ་ན་ཀ་རཱ་ཡ། ཏྲི་རཏྣ་གརྦྷོཏྟ་མཱ་ཡ། ཨ་མྲྀ་ཏ་ཀུཎྜ་ལི། ཨེ་ཧྱེ་ཧི་དཾ་ཥྚོཏྐ་ཊ་བྷཻ་ར་བཱ་ཡ་ག་ག་ན་བི་དྱུད་ 101-1-147a ཛྭ་ལ་སྥུ་ལིཾ་ག་ཤ་ནི། ཏུ་ལྱ་རུ་བོ་དྷི་ཏ་སཾ་བྷུ་ཏ། ༀ་ཁ་ཁ་ཁ་ཁ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ། དྷ་ཀ་དྷ་ཀ །ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། གྲ་ས་གྲ་ས། སརྦ་བི་གྷྣ་ནྭི་ནཱ་ཡ་ ཀཱ་ནཱ་ནཱཾ། ཧྲྀ་ད་ཡན་ཕཊ། གནྡྷརྦ་ཧྲྀ་ད་ཡན་ཕཊ། རཀྵ་ཧྲྀ་ད་ཡན་ཕཊ། བྲཧྨ་རཱཀྵ་ས་ཧྲྀ་ད་ཡན་ཕཊ། སརྦ་ཛྭ་ར་ཧྲྀ་ད་ཡན་ཕཊ། སརྦ་ཙཱ་ཏུཪྠ་ཀ་ཧྲྀ་ད་ཡན་ཕཊ། སརྦ་ནཱ་གཱ་ནཱན་ཧྲྀ་ད་ཡན་ཕཊ། ཧཱུྃ་ཧཱུྃ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། ཨཱ་བྷི་ཤ་ཨཱ་བྷི་ཤ །ཨིནྣ་ཙ་མེ་ཀླ་ཀྱཾ་ཀུ་རུ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསང་སྔགས་གསུམ་པའོ། །ན་མོ་བཛྲ་ཀྲོ་དྷཱ་ཡ། དཾ་ཥྚོཏྐ་ཊ། བྷེེ་ར་བཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ་སྭཱ་ཧཱ། ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་བཞི་པའོ། །དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་བཏོན་པ་དང་། བཟླས་བརྗོད་བྱས་ཤིང་བསྒྲུབས་ན་བདག་གི་གསང་སྔགས་ཐམས་ཅད་ བཏོན་ཅིང་ལེགས་པར་བཟླས་བརྗོད་བགྱིས་པ་དང་། བསྒྲུབས་པར་འགྱུར་བ་དེ་བཤད་པར་འཚལ་ལོ། །དེ་ལ་འདི་ནི་བདག་གི་སྙིང་པོ་ལགས་སོ། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་ འོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་གསང་སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་ནི་རྣམ་པ་དྲུག་དུ་གཡོས་སོ། །ལོག་འདྲེན་རྣམས་ཀྱང་སྐྲག་སྟེ། སྐྱབས་མེད་ཅིང་རྟེན་མེད་པར་གྱུར་ནས། དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ་བཅོམ་ལྡན་འདས་བདག་གི་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་སྐྱབས་མཛད་དུ་གསོལ། ཞེས་དེ་སྐད་དུ་སྨྲ་ཞིང་མགོ་བོ་ཐུར་དུ་ གཏུགས་སོ། །ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག །རྡོ་རྗེ་ཀུན་དུ་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་ཤགས་ས་རེ། ངས་རལ་པ་སེར་པོ་ཅན་ 101-1-147b རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལོ་སྟོང་གི་བར་དུ་ལོག་འདྲེན་རྣམས་བཅོམ་པ་དང་། གཏུབས་པ་དང་། བརྡུངས་པ་དང་། གཟིར་བ་དང་སྐམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག །ངའི་མཐུ་དང་བརྩོན་ འགྲུས་དང་། ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག །གང་འདི་གསང་སྔགས་འཛིན་ཅིང་འདོན་པ་དང་། སྒྲུབ་པ་དང་། དེ་བསྲུང་བ་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག །ཏིལ་སྦྲུས་པའམ། ཟས་ངན་ པ་ཟ་ཡང་རུང་། གྲོང་གི་ཆོས་སྤྱོད་ཀྱང་རུང་སྟེ། རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག །ཟན་ཟ་བའི་ཚེ་ཡང་ཁམས་དང་པོ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། །ཉི་མ་འཆར་བའི་ཚེ་ ལན་བདུན་བརྗོད་ན་དེའི་ཕྱི་བཞིན་རྟག་ཏུ་འབྲང་ངོ་། །ལོག་འདྲེན་རྣམས་ཀྱང་གླགས་མི་ཚོལ་ལོ། །ཏིལ་དང་། སྲན་ཆུང་དང་། འབྲས་དང་། བེ་ན་ཙེ་ཡང་རུང་། སྨུམ་མཁུར་བར་པ་ཏ་དང་། ལ་ཕུག་ཀྱང་རུང་སྟེ། ཐམས་ཅད་ཀྱང་ཟར་ཟིན་ཀྱང་ངའི་གསང་སྔགས་འཛིན་ན་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་ཡང་ཡོན་ཏན་དཔག་ཏུ་མེད་པར་ཤེས་པར་བྱའོ། །འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་ རྫོགས་སྷོ།། །།རྒྱ་གར་སྐད་དུ། ཀྲོ་དྷ་བྷུར་ཀུཾ་ཏ་རཱ་ཛ་སྟོ་ཏྲ་མན་ཏྲཱ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ༀ་བྷུར་ཀུཾ་མ་ཧཱ་ པྲན་ཡ། བྷུར་ཙི་བྷུར་ཀི་མ་ནཱ་སེ། ཨུ་ཙུསྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་བསྟོད། ཁྲོ་ལ་ཁྲོས་པས་ཁྲོ་བོ་ཆེ། །སངས་རྒྱས་སངས་རྒྱས་སྔར་སངས་རྒྱས། །ཆོས་ སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །སྨེ་བརྩེགས་ཞེས་བྱ་བདག་ཕྱག་འཚལ། །བསྐལ་པའི་མེ་ལྟར་འབར་དབུས་ན། །པད་མ་ཉི་ཟླའི་གདན་ལ་བཞུགས། །ལྗང་ནག་ཆེན་པོ་སྨེ་བ་ཅན། །ཞལ་གསུམ་པ་ལ་ 101-1-148a ཕྱག་དྲུག་སྟེ། །གཡས་དཀར་གཡོན་དམར་དབུས་ལྗང་བ། །སྤྱན་གསུམ་འཇིགས་པའི་མཆེ་བ་འབྱིན། །མི་གཙང་བདུད་རྩི་སྨན་བཞིན་གསོལ། །གཡས་པ་རྡོ་རྗེ་རལ་གྲི་བསྣམས། །གཡོན་པ་ ཞགས་པ་ལྕགས་ཀྱུའོ། །ཐ་མ་སྡིགས་མཛུབ་ཐུགས་ཀར་བསྣོལ། །སྨེ་གཙང་མེད་པའི་ལས་དག་བརྩོན། །གདུག་པ་སྦྲུལ་གྱིས་དབུ་ལུས་བརྒྱན། །འཇིགས་དངངས་མེད་པར་བརྟུལ་ཞུགས་སྤྱོད། །ཁྲོ་རྒྱལ་ ཁྱོད་ལ་ཕྱག་འཚལ་ལོ། །མི་གཙང་བ་ནི་གཙང་བར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །ནད་དང་ རིམས་ལས་བསྲུང་བར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །མི་གཙང་ཟས་དང་མི་གཙང་གོས། །ཐམས་ཅད་སེལ་བར་བྱེད་པའི་མཆོག །ལྷ་དང་ཀླུ་དང་གནོད་སྦྱིན་གདོན། །ཐམས་ཅད་མ་ ལུས་དགའ་བར་མཛད། །ནད་དང་རིམས་དང་དལ་ཀ་ཡམས། །བསྲུང་བའི་ལས་མཛད་ཕྱག་འཚལ་བསྟོད། །བདག་ལ་བསྲུང་བ་མཛད་དུ་གསོལ། །མི་གཙང་བ་རྣམས་གཙང་བར་མཛད། །སྨེ་བ་རྣམས་ ནི་མི་སྨེར་མཛད། །ལྕི་བ་རྣམས་ནི་ཡང་བར་མཛད། །དོག་པ་ཡངས་པར་མཛད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ཁྱེད། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གང་དག་ཁྱེད་ལ་མོས་རྟེན་ རྣམས། །ལུས་བདེ་སེམས་བདེ་དབང་པོ་བདེ། །བདེ་བའི་ལྷ་ལ་ཕྱག་འཚལ་ལོ། །ལུས་དག་སེམས་དག་དབང་པོ་དག །དག་པའི་ལྷ་ལ་ཕྱག་འཚལ་ལོ། །ལུས་གཙང་སེམས་གཙང་དབང་པོ་གཙང་། །གཙང་བའི་ ལྷ་ལ་ཕྱག་འཚལ་ལོ། །ལུས་དང་སེམས་དང་དབང་པོ་དང་། །དང་བའི་ལྷ་ལ་ཕྱག་འཚལ་ལོ། །ལུས་གསལ་སེམས་གསལ་དབང་པོ་གསལ། །གསལ་བའི་ལྷ་ལ་ཕྱག་འཚལ་ལོ། །ལྷ་ཀླུ་ཡི་དགས་འདྲེ་སྲིན་སོགས། ། 101-1-148b གནོད་སྦྱིན་འབྱུང་པོས་འདི་ཐོས་ན། །སྡུག་བསྔལ་ཞི་ནས་བདེ་བར་འགྱུར། །གངས་རྒྱུད་བཞིན་དུ་དཀར་བར་འགྱུར། །ཤེལ་དཀར་བཞིན་དུ་གཙང་བར་འགྱུར། །མེ་ལོང་བཞིན་དུ་གསལ་བར་འགྱུར། །ནམ་མཁའ་ བཞིན་དུ་དང་བར་འགྱུར། །ས་དང་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་ཀུན། །དགེ་བའི་བསམས་པས་འཁོད་འགྱུར་ཏེ། །གཞན་ལ་མ་གནོད་ཞི་བར་མཛོད། །ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ ལ་བསྟོད་པའི་སྔགས་དང་བཅས་པ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་བིགྷྣ་བི་ནཱ་ཡ་ཀཱ་ར་ཏྲ་སཱུ་ཏྲ། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཚོགས་ཀྱི་བདག་ པོ་སུ་གང་ཚོགས་ཀྱི་བདག་པོའི་སྙིང་པོ་འཛིན་པ་དེས་ཆོ་ག་ཐམས་ཅད་དང་དགོངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏདྱ་ཐཱ། ན་མོ་སྟུ་ཏེ། ཀ་ཊ་ཀ་ཊ། མ་ཊ་ མ་ཊ། ད་ར་ད་ར། ཌ་ཧ་ཌ་ཧ། གྲྀཧྞ། བྷཾ་ཛ་བྷཾ་ཛ། ན་མོ་སྟུ་ཏེ། རུ་རུ་ཙ་ཙ་ཡེ་སྭཱ་ཧཱ། ཨ་བྷུ་ཏྲཱ། བི་ན་དུཿཁན་མན་ཙེདྡྷ་པ་ར་ས་མ་གཙྪ་ཏི། ཧ་ཧ་ཡ། མ་ཧཱ་ཧ་སྟི་ཀྵ་ཏ་ནན། པྲ་གོ་བ་ཡེ་མོ། །ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མཿསྭཱ་ཧཱ། ནང་པར་ལངས་ཏེ་སྔགས་ལན་བདུན་བཟླས་ལ། ཆུ་ཁྱོར་བ་གང་སྟེང་དང་། འོག་གི་ཕྱོགས་སུ་གཏོར་ཅིག་དང་བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གསང་སྔགས་སྒྲུབ་ འདོད་པས་སྐུད་པ་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ལག་པ་ལ་བཅིངས་ན་རིག་སྔགས་འགྲུབ་པར་འགྱུར་རོ། །བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གང་ན་ཚོགས་ཀྱི་བདག་པོ་སྣང་བ་ 101-1-149a དེར་སྔགས་འདི་ལན་གཅིག་ཀླགས་ན་ཡང་བགེགས་རྣམས་བར་ཆད་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་དེ་དག་ཐམས་ཅད་དགའ་སྟེ། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བགེགས་སེལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་སྐད་དུ། ཨཱརྱ་མ་ཎི་བྷ་དྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་སྙིང་པོ་འདི་ཉིན་རེ་ཞིང་དུས་གསུམ་དུ་འདོན་པར་བྱེད་ན་བདག་དེའི་སླད་བཞིན་དུ་རྟག་པར་འབྲང་ བར་འཚལ་ལོ། །དེའི་དགོས་པ་ཐམས་ཅད་ཀྱང་བགྱིའོ། །ཟས་དང་། གོས་དང་། དབྱིག་དང་། གསེར་དང་། ནོར་དང་། འབྲུ་དང་། དངུལ་དག་ཀྱང་སྩལ་བར་འཚལ་ལོ། །དེའི་དོན་ཐམས་ཅད་ཀྱང་འགྲུབ་པར་བགྱིའོ། ། སེམས་ཅན་ཐམས་ཅད་ཀྱང་དེའི་དབང་དུ་འགྱུར་བར་བགྱིའོ། །དེའི་བྱ་བ་སྣ་ཚོགས་ཐམས་ཅད་ཀྱང་མོད་ལ་སྒྲུབ་པར་འཚལ་ཏེ། འཁྲུག་པ་དང་ལྡན་པ་ནི་མ་གཏོགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ 101-1-149b ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སྱད་ཡ་ཐེ་ད་ན། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཙི་ལི་མ་ཎི་བྷ་དྲ། ཙི་ལི་ཙི་ལི་མ་ཎི་བྷ་དྲ། ཙུ་ལུ་མ་ཎི་བྷ་དྲ། ཙུ་ལུ་ཙུ་ལུ་མ་ཎི་བྷ་ དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། སརྦ་ཨརྠ ས་མེ་སཱ་དྷཱ་ཡ་སྭཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་སུ་པཱུ་ཏ་ནི་ སུ་རུ་མེ། སུ་མཱ་ཏི། སུ་རཱ་ཐེ། ས་སྨ་བ་ཏེ། ཧི་ལི་ཀེ། ཧི་ལ་ཀཱ་ལི། པཱུརྞེ་སིད་དྷེ་བྷ་དྲ། ཧི་ལི་ཧི་ལི་སྭཱ་ཧཱ། ཨེ་ཧི་ཀོ་ནིཥྐེ། ཨེ་ཧི་སོ་ནིཥྐེ། ཨེ་ཧི་གོ་ནི་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ན་འགྲུབ་པར་ འགྱུར་རོ། །འདིའི་ཆོ་ག་ནི་འདི་ཡིན་ཏེ། ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་གཙང་སྦྲ་བྱས་ལ། དུས་གསུམ་དུ་ཨ་ག་རུའི་བདུག་པ་བསྲེགས་ཏེ། ལན་བདུན་སྟོང་བཟླས་བརྗོད་བྱས་ན་གསེར་རྙེད་པར་འགྱུརོ། ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར། ། ༄༅། །རྒྱ་གར་སྐད་དུ། མ་ཎི་བྷ་དྲཱ་ཡ་ཡཀྵ་སེ་ན་ཀལ་ པཱ། བོད་སྐད་དུ། གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡཱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ས་མ་ཡེ་ མ་ནུ་སྨ་ར། མ་ཎི་བྷ་དྲ་ཡ་བྷ་ག་བ་ཏཱ། པཱ་ཙི་ཏ་སྟོ། དྷ་མ་དྷ་མ། དྷུ་རུ་དྷུ་རུ། མ་ཙི་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ། མ་ཎི་བྷ་དྲ། ཏུ་རུ་ཏུ་རུ། མ་ཎི་བྷ་དྲཱ། ཏུ་ཊི་ཏུ་ཊི་མ་ཎི་བྷ་དྲཱ། ཙུ་ཊི་ཙུ་ཊི། མ་ཎི་བྷ་དྲཱ། ནི་ཊི་ ནི་ཊི། མ་ཎི་བྷ་དྲཱ་སྭཱ་ཧཱ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བའི་ཆོ་ག་ཡོད་མ་ཡིན། །ཨརྒ་དང་ནི་ནིམ་པ་གཉིས། །གང་རུང་བ་ཡི་ཤིང་དག་ལས། །ནོར་བུ་བཟང་པོའི་གཟུགས་བྱས་ལ། །དེ་ཡི་མདུན་དུ་ 101-1-150a གནས་བྱས་ཏེ། །མེ་ཏོག་ལ་སོགས་པ་རྒྱ་ཆེ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་གནས་ལ། ཉི་མ་གུང་གི་དུས་སུ་ཡུངས་དཀར་དང་ཚ་བའི་མར་གྱིས་བསྣོས་ལ། ནོར་བུ་བཟང་པོའི་གསུས་པ་ལ་ བྱུག་པར་བྱ་ཞིང་། རིག་པ་སྟོང་ཕྲག་བརྒྱད་བཟླས་ན། གསེར་གྱི་དོང་རྩེ་བརྒྱད་རྙེད་པར་འགྱུར་ཏེ། དེ་ཡང་གཏང་བར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། དུ་ཧུ་ཀུ་ཙུ་ཙུ་རུ་ ཙུ་རུ། ཤ་བ་རི་ཀ །མ་ཎི་བྷ་དྲཱ་སྭཱ་ཧཱ། བྱ་རོག་གི་སྐད་མི་གྲག་པར་ཕྱུགས་ཀྱི་ཀོ་བ་ཙམ་གྱི་མཎ་ཌལ་བྱས་ལ། ལན་གཅིག་བཟླས་པས་མེ་ཏོག་བརྒྱད་བརྒྱ་དབུལ་བར་བྱའོ། །ཟླ་བ་གཅིག་ན་གསེར་སྲང་གཅིག་ རྙེད་པར་འགྱུར་རོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། བྷྲ་མ་རི་བྷྲ་མ་རི། སུཥྛུ་སུཥྛུ། ཡཀྵཾ་མ་བྷ་དྲཾ། སཱི་ད་སྭི་ཌ་ཡ། ཨཱ་བཱ་ཧ་ཡ། ཨཱ་བཱ་ཧ་ཡ། ཨུ་པ་དར་ཤ་ཡ་ སྭཱ་ཧཱ། ནག་པོ་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཅི་སྙེད་དཀར་པོ་ཕྱོགས་ཀྱི་ཚེས་གཅིག་གི་བར་དུ་བྱས་ཏེ། ཉི་མ་ཤར་བའི་བར་དུ་ལན་ཉི་ཤུ་རྩ་ལྔ་བརྗོད་ན། གསེར་གྱི་དོང་ཙེ་སྟེར་རོ། །ན་མོ་རད་ན་ཏྲ་ ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ། རད་ན་མེ་བ། བཱ་ཧ་ཡཾ་སྭཱ་ཧཱ། ཉི་མ་རེ་རེ་ཞིང་སྔ་བར་ལངས་ལ། ལན་ཉི་ཤུ་རྩ་གཅིག་བཟླས་ན། ཟླ་བ་གཅིག་ན་དོང་ཙེ་གསུམ་སྟེར་བར་བྱེད་དོ། །ན་མོ་བྷ་ག་བ་ཏེ། ཨ་ཏི་དྱཱ་ཡ། ཨ་སི་མ་སི་ཀ་སི་ལུ་བ་ཏོ་སི་སྭཱ་ཧཱ། བུད་མེད་དང་སྐྱེས་པའི་གཟུགས་བྱས་ལ་ཀུ་ཤའི་མཚོན་གྱིས་བཅད་ན། སྐྱུགས་པའི་ནད་ཞི་བར་བྱེད་དོ། །ན་མ་སྠི་བི་རི། ཙཻ་ཏྱ་ཀུ་ན་ཛ་ལ་སྱ་ཏི་མིཾ་གི་ལི་ཕུ། སྐུད་པ་ དམར་པོ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་རྐེད་པ་ལ་བཅིངས་ན་རྡེའུ་མེད་པར་བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། བ་ལེ་ཀ་ཧ་ལེ། མ་ཧཱ་ལེ་སྭཱ་ཧཱ། བུད་མེད་གང་ལ་ 101-1-150b ཁྲག་རྒྱུན་མི་འཆད་པར་འབབ་ན། ཁྲག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། རྐེད་པ་ལ་བཅིངས་ན་ཁྲག་འཆད་པར་འགྱུར་རོ། །ཨིཊྚ་བྷུ་ཏེ་བི་དྱེ་སྭཱ་ཧཱ། ཏ་ལའི་ལོ་མ་ལ་ཡོངས་སུ་བསྔགས་ ཏེ། ནུབ་མོའི་གནས་སྐབས་སུ་བཞག་ལ། སྔ་བར་དཀྱིལ་འཁོར་བྱས་ཏེ་ཉེ་བར་བཞག་ལ། གང་ལ་དགོས་པ་ཡོད་པ་ཐམས་ཅད་ཀྱི་མིང་བྲིས་ཏེ། ཏ་ལའི་ལོ་མ་ལ་ལན་གསུམ་དུ་བཟླས་ལ། ཏ་ལ་ འི་ལོ་མ་གཞན་གྱིས་དཀྲིས་ཏེ། བསྲེགས་ལ་ལག་པ་ལ་དེའི་ཐལ་བ་མཉེས་ན། རྐུན་མས་མི་མཐོང་བར་འགྱུར་རོ། །གནས་སྐབས་ཀྱིས་གཞན་གྱི་ལས་ཀྱང་ཅུང་ཟད་བརྗོད་པར་བྱ་སྟེ། ཧཱུྃ་ཡིག་ ལས་བྱས་རྡོ་རྗེ་ཅན། །དུར་ཁྲོད་གནས་སུ་ཞུགས་པར་བྱ། །ལེགས་པར་བཟླས་པ་ཤེས་བྱས་ལ། །ནུབ་མོ་རྒྱུད་རྣམས་དངོས་འགྲུབ་ལ། །འདིར་ནི་གྲོགས་སུ་གསོལ་བ་བཏབ་བོ། །དེས་དུར་ཁྲོད་ཀྱི་རས་ བླངས་ལ་ཁྲོ་ཞིང་མིག་དམར་བས། དྲི་ཞིམ་པོས་ལུས་ལ་བྱུགས་ལ། དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་བསྒྲུབ་བྱ་བྲི་བར་བྱའོ། །ཐལ་བ་དང་སོལ་བས་ཡན་ལག་ཡང་དག་པར་བགང་སྟེ། ཡན་ལག་བཀུག་ ལ་བཅུག་སྟེ། བསྒྲུབ་བྱའི་གཟུགས་བརྙན་གྱི་ལུས་ཀྱི་སྙིང་ཀའི་པད་མ་དཀར་པོ་ལ་བཞག་པར་བྱའོ། །འཕྲལ་དུ་བྱུང་བའི་མིའི་ཁྲག་དང་། དུག་དང་བསྲེས་ཏེ། འབྲས་ཀྱི་ཁ་ཚོས་ཀྱི་ཁུ་བ་དང་བཅས་ པས་མཛེས་པར་བྱས་ལ། ལུས་པོ་འམ་རུས་པ་དང་བསྲེས་ཏེ། ཡང་དག་པར་གཏོར་ལ་བསྡུས་ཏེ་དྲིལ་ལ་སྐུད་པ་ཕྲ་མོ་ནག་པོས་མིག་བཀབ་ལ་དཀྲི་བར་བྱའོ། །སོལ་བས་ཕྱི་རོལ་བྱུགས་ལ་དུར་ ཁྲོད་དུ་བརྐོས་ཏེ་བཅུག་ལ་བདག་གིས་བསད་དོ་ཞེས་བྱའོ། །བརྐོས་པ་བཀང་བའི་སྟེང་དུ་ལག་པས་རྡོ་རྗེའི་མཚན་མ་བྱས་ལ་ཐལ་བར་བྱའོ། ཞེས་སྔགས་ཀྱི་བཟླས་པ་བྱའོ། །ཧཱུྃ་སུྃ་བྷ་ནི་སུྃ་བྷ། ཧཱུྃ་གྲྀཧྞ་ 101-1-151a གྲྀཧྞ། ཧཱུྃ་གྲྀཧྞཱ་པ་ཡ། ཧཱུྃ་གྲྀཧྞཱ་པ་ཡ། ཧཱུྃ་ཨཱ་ན་ཡ་ཧོ། བྷ་ག་བན། ཆེ་གེ་མོ་ཧཱུྃ་ཕཊ། ཧཱུྃ་ཧྲཱི་ཧཱུྃ་ཕཊ། ཨོཾ་སུཾ་བྷ་ནི་སུྃ་བྷ། ཧཱུྃ་གྲྀཧྞ་གྲྀཧྞ། ཧཱུྃ་གྲྀཧྞཱ་པ་ཡ། ཧཱུྃ་གྲྀཧྞཱ་པ་ཡ། ཧཱུྃ་མཱ་ར་ཡ་ཆེ་གེ་མོ་ཧཱུྃ་ཕཊ། རིགས་ཀྱི་མིང་བརྗོད་ན་ཉམས་པ་ཉིད་དུ་འགྱུར་རོ། །གལ་ཏེ་མ་གྱུར་ན་ཕྱུང་ལ་དེའི་ཕྱིར་དུམ་བུ་དུམ་བུར་བྱས་ཏེ། དུག་ལ་སོགས་པ་དང་ལྡན་པའི་སྐེ་ཚེ་དང་བཅས་པས། སྦྱིན་སྲེག་བྱས་ཏེ། བློ་དང་ལྡན་པས་ དགྲ་བོ་ཉམས་པར་འགྱུར་བའི་ཆེད་དུའོ། །དོན་ཡོད་ཞགས་པའི་གཟུངས་ནི་ཡོངས་སུ་བསམ་བྱ་སྟེ། །བན་དུ་ཀའི་མདོག་འདྲ་ཞགས་པ་བསྣམས་པ་ཡི། །ཡང་དག་ཁྲོས་པས་སྔགས་ཀྱི་མངོན་དུ་རབ་བྱས་ལ། ། བྱ་རོག་གཤོག་པ་དག་ལས་དེ་དུས་བྱ་བ་ནི། །གཡོན་པའི་ལག་པ་ལ་ནི་ཕ་ཡིག་རྣམ་པར་དགོད། །གཡས་པའི་སོར་མོ་ལ་ནི་ཏ་ཡི་ཡི་གེ་དགོད། །ཞགས་པས་བཅིངས་ལ་ཐག་ནི་རིང་པོ་རུ། །མི་འདོད་བཞིན་དུ་ ཁྱེར་ལ་སྔགས་ཀྱི་བཟླས་པ་བྱ། །ཕ་ནི་ཞགས་པའོ། །ཏའི་སེ་གོལ་གྱིས་འདི་རུ་ཁྱེད་ཀྱིས་ཡོང་བར་མི་བྱའོ། །ཞེས་བྱ་བའི་ངག་གིས་བཟླས་པར་བྱའོ། །བཟླས་པ་རྫོགས་ནས་བྱ་རོག་ནག་པོའི་སྒོ་ནི་བསྒྲུབ་བྱ་ཕྱོགས་ ན་ཡོད་པའི་ས་རུ་བཟླས་ལ་བསྐུར་རོ། །སྔགས་ནི་ཕཊ་ཧྲཱི་ཧ་ཧཱུྃ་ཕཊ་ཆེ་གེ་མོ་སྐྲོད་ཅིག་ཕཊ། གཡོན་པའི་ལག་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ། ལྕི་ཉིལ་གྱི་ཐལ་བ་ཁུ་ཚུར་གྱིས་བཟུང་སྟེ་བརྒྱ་ཕྲག་བརྒྱད་ཀྱི་བར་ དུ་བཟླས་ལ། དགྲ་བོའི་ཁྱིམ་དུ་བསྐྱུར་ནས། ཕྱི་མིག་མི་ལྟ་བར་སོང་ལ། དེ་མ་ཐག་ཉིད་དུ་སྐྲོད་པར་བྱེད་དོ། །ཨོཾ་ན་མ་ཀུ་ལི་ནི་ཀུ་ལི་ནི། ཀི་ལི་ཀི་ལི། གྲྀཧྞ་གྲྀཧྞ། ཨུཙྪ་ཊ་ཨུཙྪ་ཊ། ཨུཙྪ་ཊ་ཡ་ཨུཙྪ་ཊ་ཡ་ཧུ། སྐྱེས་ བུའི་ངར་གདོང་གཡོན་པའི་རུས་པ་ལ། འཐེབ་ཆེན་གྱི་ཚོན་གང་གི་ཚད་ལ་ཕྱག་བཞི་པ། མཚོན་ཆ་ཐམས་ཅད་དང་ལྡན་པར་བྱས་པའི་བགེགས་ཀྱི་བདག་པོ་བྱའོ། །མཚོན་ཆའི་མིང་ནི་གཡས་ཀྱི་ཕྱག་ན་དགྲ་སྟ་དང་ 101-1-151b ཞགས་པའོ། །གཡོན་གྱི་ཕྱག་ན་ཐོ་བ་དང་རྩེ་གསུམ་མོ། །དུག་དང་རྒྱམ་ཚ་དང་སྐེ་ཚེ་ལ་སོགས་པས་བྲི་བ་ནི། ཏ་ལའི་ལོ་མ་ལ་སྔགས་བྲིས་ཏེ་དཀྲི་བ་ནི་ཁ་མཐུར་དུ་བསྟན་ཏེ་སྦ་བ་འམ། ཡང་སྒོའི་ཕྱོགས་སུ་བསྐོས་ལ་ སྦས་ཏེ། ཞག་བདུན་དུ་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་འགྱུར་རོ། །ཕྱུང་ན་ཐར་བར་འགྱུར་རོ། །དེ་ཉིད་ཀྱི་སྔགས་ནི། ན་མོ་རད་ན་ཏྲ་ཡཱ་ཡཾ། ན་མཿཙཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། དཾཥྚོ་ཊ་ཀ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷན་དྷ་བྷན་དྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཏ་སྥོ་ཊ་ཡ་བི་སྥོ་ཡ། སརྦ་བིགྷན་བི་ན་ཡ་ཀཱ་ནཾ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨན་ཏ་ ཀ་རེ་ཡ་སྭཱ་ཧཱ། དེ་ལྟར་སྔགས་ཏ་ལའི་གྲོ་ག་ལ་བྲིས་ཏེ་བརྐོས་ལ་སྦ་བར་བྱའོ། །ཨོཾ་ཀཱ་ཀེ་ཀ་ར་བེ། ཀཱ་ཀ་ཀི་ཀཱ་པིཎ་ཌོ་པ་ཧཱ་རི་ཎཱི་ཆེ་གེ་མོའི་ཧྲཱི་ད་ཡཾ་གྲི་ཧྱ་གཙྪ། ཀཱ་ཀི་ཡ་ཐཱ་སུ་ཁཾ་ཨུར་དྷ་མུ་ཁི་སྭཱ་ཧཱ། སེ་ཧ་ར་དང་ སྒྲོན་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་བར་དུ་བཟླས་ཏེ། སྒོ་རུ་བརྐོས་ཏེ་སྦས་ན། གང་གི་མིང་བྱས་པ་བྱ་རོག་བཞིན་དུ་རྒྱུ་ཞིང་སྐྲོད་པར་འགྱུར་རོ། །ཨོཾ་ན་མོ་ཀྲིཥྞ་ཤ་བ་རི་ཡེ་མཱྃ་ས། ཤོ་ཎི་ཏ། བྷོ་ཛ་ནཱི་ཡེ། ཧ་ན་ཧ་ན། ད་ཧ་ ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་ཛ་རེ་ན་གྲྀཧྞཱ་པ་ཡ་ཨ་ཤུ་ཧཱུྃ་ཕཊ། རིམས་ཀྱི་ཕག་མོའི་གཟའ་མིག་དམར་གྱི་དུས་སུ། ཤིང་ནིམ་པའི་ལྷོ་ཕྱོགས་ཀྱི་རྩ་བ་ལ་སྐུ་གཟུགས་བྱས་ལ། ཚ་བ་གསུམ་གྱི་བདུག་པས་བདུག་ ན་འཛིན་པར་འགྱུར་རོ། །གུ་གུལ་གྱིས་བདུགས་ན་གྲོལ་བར་འགྱུར་རོ། །ཨོཾ་དྷུ་ནི་ཙཎ་ཌ་སྭཱ་ཧཱ། མིའི་མགོ་བོའི་སྐྲ་བཟུང་ལ་གཏུམ་པོ་དབང་ཕྱུག་གི་རྐང་པ་ལ་དྲུད་ན་ཉི་མ་ཁ་ཅིག་ལ་རིམས་སྐྱེད་དོ། །སྙིང་ གར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་བྃ་དཀར་པོ་ལས་ཆར་འབབ་པར་བསམས་ན། སྙིང་ཀར་ཟུག་གཟེར་བྱུང་བ་མེད་པར་བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭཱ་རཱ་ 101-1-152a ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཏྃ་ཀ་ཊེ། ཀ་རོ་ཊེ། བཱིརྱེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་བླ་མ་སེང་གེ་སྒྲའི་སྔགས་འདིས། འཕགས་པ་སྤྱན་རས་གཟིགས་དབང་གི་མདུན་དུ་ལྕི་བས་དཀྱིལ་འཁོར་བརྒྱད་བྱས་ཏེ། དེའི་ལྕི་བའི་ལྷག་མ་ལ་ལན་བདུན་དུ་བསྔགས་ལ། ལུས་ལ་ནད་ཡོད་པའི་སར་བྱུག་པར་བྱའོ། །ཞག་བདུན་ན་ནད་ཞི་བར་འགྱུར་རོ། །གལ་ ཏེ་ཞི་བར་མ་གྱུར་ན་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་བདག་གིས་དགོངས་པར་གྱུར་པ་ཡིན་ནོ་ཞེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྨྲའོ། །ན་མོ་རད་ན་ཏྲ་ ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སོ་བྷ་སོ་ཀྲི་ནཱི་ཡ། སོ་རོ་ཏི་སྭཱ་ཧཱ། གནོད་གནས་ཀྱི་སྙིང་པོ་མཆོག་ཏུ་གྲུབ་པ་འདི་ཉིད་པུས་མོའི་བར་ཙམ་ཆུའི་ནང་དུ་བཅུག་སྟེ་གནས་ལ་འབུམ་ཕྲག་གཅིག་བཟླས་པ་ བྱས་ན་ནོར་སྟེར་རོ། །ནིམ་པའི་ཤིང་གི་རང་བཞིན་ལ། སོར་བཞི་པའི་ནོར་བུ་བཟང་པོའི་སྐུ་གཟུགས་བྱས་ཏེ། གསོ་སྦྱོང་དང་ལྡན་པའི་ལྷ་བཟོས་ཚོན་རྩིས་བྱུག་པར་བྱའོ། །མཆོད་པ་དང་གཏོར་མའི་ཉེ་བར་སྤྱོད་པ་ བྱས་ལ། དུ་བ་མེད་པའི་སོལ་བའི་མེ་ལ་ཐུན་འཚམས་གསུམ་དུ་ཡོས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཕྱུག་པོ་ཆེན་པོ་དབང་དུ་འགྱུར་རོ། །ན་མ་ཀ་པཱ་ལེ། ཤྭ་རཱ་ཡ་ཛ་ཧུ་ཏུ་རུ་རུཾ་མུ་ཧི་རི་ཡེ་སྭཱ་ཧཱ། སྔོན་དུ་བསྙེན་ པ་ཁྲི་བྱས་ལ། དེ་ནས་འབྲས་སོ་བའི་ཁང་པར་ཡོངས་སུ་བཟླས་པ་ཙམ་དང་། ཐོད་པ་བཅུག་པ་ཙམ་གྱིས་འབྲས་ཀྱི་སོ་བ་འཕེལ་བར་བྱེད་དོ། །གིའུ་ཝང་གིས་གྲོ་ག་ལ་ནོར་རྒྱུན་མའི་གཟུངས་མངོན་པར་བྲིས་ཏེ། དྲི་ཞིམ་པོས་བྱུགས་པའི་བུམ་པའི་ནང་དུ་བཅུག་སྟེ། མཆོད་པ་དང་བསྙེན་བཀུར་བྱས་ལ། བང་མཛོད་ཀྱི་ཁང་པའི་དབུས་སུ་བཞག་ལ། སྟེང་དུ་འབྲས་སོ་བ་རྣམས་བླུགས་ན་ཟད་པ་མེད་པར་འགྱུར་རོ། །མིའི་ 101-1-152b ལུས་པོ་འཕྲལ་དུ་བསྲེས་པའི་སྔགས་པས་དེའི་ཐལ་བ་མངོན་བར་བསྔགས་ནས། ཐལ་བ་བླངས་ཏེ་གང་དུ་བླུགས་པའི་ཁྱིམ་བདག་ཡུལ་གཞན་དུ་འགྲོ་བར་འགྱུར། སྔགས་ནི་ཀ་ད་ལི་ཀ་ད་ལི་ཀི་བ་ ཏཾ་ཙེ་ལེ། ན་མོ་བྷ་ག་བ་ཏེ། བི་ཀ་ཊེ་བི་ཀ་ཊེ། མ་ཧཱ་བི་ཀ་ཊེ། ཙུ་ཌ་ཙུ་ཌ་སྭཱ་ཧཱ། འདིའི་ཡང་ཆོ་ག་ནི་འདི་ཉིད་དོ། །ན་མོ་བྷ་ག་བ་ཏེ། རུ་དྲ་ཡཱ། གྲྀཧྞ་ཀརྞི། བི་དུ་པཱཀྵི་ལམ་པ། སྟ་ནི་མ་ཧོ་ད་རི། ཧ་ན་ཤ་ཏྲཱུཾ་ཏྲི་ ཤཱུ་ལེ་ན། ཀྲུདྡྷ་ཤྱ་པི་པ་ཤོ་ན་ཏིཾ། ཧ་ན་ད་ཧ་མཱ་ར་ཡ། ཨུད་སཱ་ད་ཡ། ནཱ་ཤ་ཡ་ཕཊ་ཕཊ་ཕཊ། ཨུ་དུམ་འབར་རའི་ཤིང་གི་ཕུར་བུ་རྩེ་གསུམ་པ་ལ་སྐུད་པ་དམར་པོ་དཀྲིས་ཏེ། ལིང་ག་མདུན་དུ་བྱས་ལ་ཕུར་བུ་ ལག་དུ་བཞག་ལ་སྟོང་ཕྲག་གཅིག་བཟླས་ཏེ། དགྲ་བོའི་སྒོར་སྦས་ན་སྐྲོད་པར་འགྱུར་རོ། །སྔོན་དུ་བསྙེན་པ་ནི་ཁྲི་ཚོ་གཅིག་བྱའོ། །ཨོཾ་ཨེ་མེ་དྲུ་དི་རུ་སེ། ཀཱ་ཤྱ་ཨ་གྲྀཧྞ་ཀྲ་ཚན་དུ་སར་ཤ་པ། ཙ་ཏུརྞ། མསྟ་ ཀེ་ཛ་ཏ་སི་ཧ་ཤྱ་ན་གུ་ལ་ཤྱ། ཙ་ཀྲིཥྞ་སར་པ་ཤྱ། ཛི་བྷ་ཡཱཾ། པི་ཏཱ་ལ་ཤྱ་ཙ། མསྟ་ཀེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་དང་ཆེ་གེ་མོ་ཕྱེ་ཅིག ། མ་མ། བ་ཤ་མ་ག་ཏུ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་ བརྒྱད་ལ་མིང་གིས་གཟུགས་བརྙན་བྱས་ཏེ། སྐེ་ཚེ་འམ། ཡུངས་དཀར་གྱིས་གང་གི་མིང་ནས་བཟུང་སྟེ་སྦྱིན་སྲེག་བྱས་ན། དེ་འབྱེད་པར་བྱེད་དོ། །ཨོཾ་ཙ་མུཎ་ཌེ་ནི་མ་བེ་ཏ་བཱ་སོ་པ་སོ། ས་ཤྱ་ནི་མ་པ་ཤྱ། མ་ཧཱ་ཨཱད་མྱཾ་པྲ་ཏྱ་ཀྵཾ་བྷཎ་ཌཱ་པ་ནཾ། ཆེ་གེ་མོ་དང་ཆེ་གེ་མོ་མཱ་ག་དཱ་ཙྪེ་ད་བྲི་ཏི་ར་བྷ་བ་ཏུ་ར་ཏྲོ་ཙྪེ་ད། ཀ་ལ་ཧོ་བྷ་བ་ཏུ། བི་བཱ་ཙྪེ་ད་ཨཱ་ས་མ་ག་མ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། ཚེས་བཅུ་བཞི་ལ་བརྩམས་ ཏེ། ནིམ་པའི་ཡམ་ཤིང་གིས་ནུབ་བདུན་གྱི་ཐུན་འཚམས་སུ་སྦྱིན་སྲེག་བྱས་ན་ཞག་གསུམ་ན་འབྱེད་པར་འགྱུར་རོ། །ཕ་མེས་ཀྱི་ནགས་ཀྱི་ཤིང་དང་། རུས་གོང་ལ་གཟུགས་བརྙན་བྱས་ཏེ། རང་གི་མིང་གཉིས་ 101-1-153a དུག་དང་ཁྲག་དང་སྐེ་ཚེ་དང་ནིམ་པའི་ལོ་མས་བྱུགས་ལ། རྒྱབ་དང་རྒྱབ་ཏུ་སྤྲད་དེ་མི་རོའི་སྐྲས་བཅིངས་ན། སྐྱེ་འགྲོ་ཐམས་ཅད་ཀྱང་འབྱེད་པར་བྱེད་ན། ཕལ་པའི་མི་ལྟ་སྨོས་ཀྱང་ཅི་དགོས། ཨོཾ་སྨ་སཱ་ན་པི་ཤ་ཙ་བི་དྭེ་ཤ་ཡ་ཧཱུྃ་ཕཊ། མི་རོའི་སྐྲ་ལ་ལན་བརྒྱ་རུ་བཟླས་ལ་བཅིང་བར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་ཙཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བྷེ་རུཎྜཱ་ཡ་ཧཱུྃ་ཕཊ། འདི་ཡིས་ སྔོན་དུ་བསྙེན་པ་ནི་སྟོང་ཕྲག་བཅུ་གཉིས་བྱ་སྟེ། དེ་ནས་ཕྱིས་ནི་ཨརྒྷའི་ཤིང་གི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་གཟུང་སྟེ་ཁ་སྦྱོར་དུ་བྱས་ལ། དེ་ལ་སྔགས་འདི་ཡིས་བསྲུང་བར་བྱའོ། །ཨོཾ་མ་ཧཱ་བ་ལ་ཨ་ཙ་ལ། བན་དྷ་ བྷན་དྷ། པཱི་ཌ་ཡ་པཱི་ཌ་ཡ། ཏི་ལ་ཀཱ་མཱ་རུ་པ་ཧཱུྃ་ཕཊ། རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་རྨང་རིགས་སྨན་པའི་རིགས། ཡིག་མཁན་གྱི་རིགས། ཚོང་པའི་རིགས་སོ། །རིགས་བདུན་པོ་ཡང་། ལྷོ་ཕྱོགས་ སུ་གཏོགས་པའི་ཤིང་། རོ་བསྲེགས་པའི་ས་རུ་དུར་ཁྲོད་ཀྱི་མེས་བསྲེགས་ཏེ། བོང་བུའི་ཁྲག་གིས་བསད་ལ། དེའི་སོལ་བ་ལ་བསྲུང་བ་བྱས་ཏེ། སྔགས་འདི་ཡིས་ལན་བརྒྱད་བརྒྱ་རུ་བཟླས་ཏེ། ཨོཾ་ན་མོ་བྷ་ གཱར་ཏི་ཏེ། ཨ་ན་ཡཱ་ཏྱཱཾ་གི་ཧཱུྃ་ཕཊ། ཕྱིས་ནི་རྩ་བའི་སྔགས་ཀྱིས་བརྒྱ་ཕྲག་བརྒྱད་ཀྱིས་མངོན་བར་བསྔགས་ཏེ། གང་གི་མིང་བྲིས་པ་དེ་ཤ་ཟས་བཟུང་བར་འགྱུར་རོ། །ཅི་སྙེད་ཀྱི་སྔགས་མཁན་ཁ་ཅིག་གིས་གྲོལ་བར་ བྱེད་འདོད་པ་ཐམས་ཅད་ཀྱིས་ཀྱང་གྲོལ་བར་བྱེད་མི་ནུས་སོ། །དེའི་མིང་ཕྱིས་ན་གྲོལ་བར་འགྱུར་རོ། །ནིམ་པ་ལ་གནས་པའི་བྱ་རོག་ནག་པོའི་ཚང་ལ་ཉི་མ་གུང་ལ་མར་ནག་གིས་བྱུགས་ཏེ། ཙྭ་སྐམ་པོ་དེས་དེ་ལ་ མར་ནག་བྱུགས་པ་རྣམས་དུར་ཁྲོད་ཀྱི་མེ་ལ་ལེགས་པར་བསྲེགས་ཏེ་བསྡུས་ན། དེའི་ཐལ་བ་ཐུམ་པོ་བྱས་ལ་ཁང་པའི་ཐོག་གི་འོག་ཏུ་བཞག་པར་བྱས་ན། དེའི་ཁྱིམ་ལ་རྡོའི་ཆར་པ་འབབ་པར་འགྱུར་རོ། ། 101-1-153b ཨོཾ་ཨ་ན་ལ་བི་ཤཱི་ཙ་བ་ཡུ་བ་ག་མ་ཧཱ་པི་ཤ་ཙ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་ལ། དེ་ནས་ཨུ་དུམ་འབའ་རའི་ཡམ་ཤིང་ལ་སྟོང་ཕྲག་གཅིག་སྦྱིན་བསྲེག་བྱས་ཏེ། ལྕེ་སྤྱང་གི་ཁྲག་གིས་བསད་དེ། དེའི་ སོལ་བས་གང་གི་མིང་བྲིས་པ་དེ་ཤ་ཟས་བཟུང་བར་འགྱུར་རོ། །ཕྱིས་ན་ནི་གྲོལ་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བའི་མེ་ལ་ཝའི་ཁྲག་གིས་བསད་ལ། ཝའི་ཁྲག་དང་བསྲེས་ཏེ། བསྣོས་ལ་དེ་ཡིས་གང་གིས་ མིང་བྲིས་པ་དེ། དེ་མ་ཐག་ཉིད་དུ་སྨྱོ་བར་འགྱུར་རོ། །ཕྱིས་ན་ནི་གྲོལ་བར་འགྱུར་རོ། །ཨོཾ་ཏྲི་ནེ་ཏྲ་སི་ཤཱ་ཙ་བྷོ་ཀྲྀ་ཏེ་དཾཥྚྲ་བི་ཀྲྀ་ཏ་མུ་ཁ་ཆེ་གེ་མོ་ཨཙྩ་ཏ་ཡ་བྷ་མ་ཧཱུྃ་ཕཊ། བྱ་རོག་གི་སྒྲ་མི་གྲག་པར་ཚོད་མ་ ཐམས་ཅད་དང་ལྡན་པའི་ཟན་གྱི་ཆང་བུ་སྦྱིན་པར་བྱས་ན། ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །ཨོཾ་ཀཱ་ཀི་ཀྵི་ཀཱ་རུ་དི་ཀེ། ཀཱ་ཀ་པ་ཎ་ཌཱྀ་ནུ་བྷོ་ཛ་ནི་ཆེ་གེ་མོ་ཧྲི་ད་ཡཾ་གྲྀ་ཧྱ་གཙྪ་ཚ་ཀཱ་ཀཱི་ཡ། ཛ་ཐཱ་སུ་ཁྃ་སྭཱ་ཧཱ། ནག་པོའི་ ཕྱོགས་ཀྱི་ཚེས་བརྒྱད་དམ། བཅུ་བཞི་ལ་བྱ་རོག་ནག་པོའི་ཚང་གི་ཤིང་ལ། ཙཎ་ཌ་ལའི་མེས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན། ཕུད་ཀྱི་ཆང་བུ་ལ་ལན་བདུན་བསྔགས་ཏེ། དགྲའི་ཁང་པར་བསྐྱུར་ཏེ། ཕྱི་མིག་ མི་ལྟ་བར་བྱས་ན། ཞག་བདུན་ཕྲག་གསུམ་ན། ངེས་པར་སྐྲོད་ཅིང་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། །ཕྱིས་ན་ནི་དྲོ་བར་འགྱུར་རོ། །ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ ཡཙྪ་ནི་རཱ་མ་ཡ། དབུས་སུ་ཡའོ། །ཀྵེ་དང་མ་མེ་ད་ནི་ནང་གི་འཁོར་ལོ་ལའོ། །ཡཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཞེས་བྱ་བ་ནི་གཉིས་པའི་ཕྱིའི་འཁོར་ལོའི་རེའུ་མིག་ལའོ། །རོ་བསྲེགས་པའི་ཤིང་གི་རང་བཞིན་ ལས་ཁ་སྦྱོར་བྱས་ལ། དེའི་ཤིང་ལས་བྱས་པའི་སྨྱུ་གུས་བྲི་བར་བྱའོ། །དཔྱངས་པའི་རོའི་སྟེང་ཕྱོགས་ཀྱི་ཐག་པ་བླངས་ཏེ། དུ་བ་ཕྱིར་མི་དབྱུང་བར་བསྲེགས་ལ། དེའི་ཐལ་བ་དང་བོང་བུའི་ཆུ་བསྲེས་ཤིང་བསྣོས་ 101-1-154a ལ་བསྣག་ཚ་བྱའོ། །ཁ་སྦྱོར་དེ་ལ་གང་གི་མིང་བྲིས་པ་དེ་རིམས་ཆེན་པོས་འཛིན་པར་འགྱུར་རོ། །འོ་མས་བཀྲུས་ན་གྲོལ་ལོ། །ཨོཾ་ཙི་ལི་ཙི་ཙྪེ། ཙི་ལི་ཙི་ལི་ཙི་ཙྪི་སྭཱ་ཧཱ། ཟངས་མའི་ཁབ་ཀྱིས་ཕུག་པའི་ ཀ་ར་བི་ར་དམར་པོ་ནི། ཡུངས་དཀར་གྱི་མར་གྱིས་སྦར་བའི་མར་མེ་རྩེ་མོ་ལ་བརྒྱ་ཕྲག་བརྒྱད་དུས་གསུམ་དུ་བསྲེག་པར་བྱའོ། །ཞག་བདུན་གྱིས་སྔོན་མ་མཐོང་བའི་བུད་མེད་ཀྱང་འགུགས་པར་བྱེད་དོ། །ཨོཾ་བྷ་དྲ་བ་ཏི་བི་ད་ རི་ཀེ་སྭཱ་ཧཱ། རྒྱལ་པོའི་ཆུང་མ་ཆེན་མོ་ཡང་བརྫུན་མིན་པར་བཟླས་པ་ཙམ་གྱིས་དབང་དུ་འགྱུར་རོ། །ཀརྞྞ་མོ་ཊི་ཧཱུྃ་ཕཊ། ཙ་མུཎ་ཌ་འདི་འབུམ་ཕྲག་བཞི་བཟླས་ལ། ཞག་གཅིག་ཏུ་ཐུན་གསུམ་དུ་སྐེ་ཚེའི་སྦྱིན་སྲེག་ བྱས་ན་འགུགས་པར་བྱེད་དོ། །ཨོཾ་ར་ཀ་ཏེ། ར་ཀ་ཏི་ནི་སྭཱ་ཧཱ། འབུམ་ཕྲག་གཅིག་བཟླས་ལ་པད་མའི་སྐུད་པ་དང་། ཚིལ་ཆེན་པོས་ཐོད་པ་རུ་དུ་བ་བསྒྲུབ་པར་བྱ་བ། ཐོད་པ་ཁ་བརྒྱད་ཀྱི་ཆོ་གས་ཐོད་པ་གང་དུ་དུད་ པ་བསགས་པ་དེ་སྟེང་དུ་བཞག་ལ་ཆང་གིས་དགང་བར་བྱའོ། །དེ་ཡིས་མིག་ལ་བསྐུས་ན་འཇིག་རྟེན་དབང་དུ་བྱེད་དོ། །དུད་པ་ལ་སྟོབས་པོ་ཆེ་ལ་སོགས་པ་བསྲུང་བར་བྱའོ། །གཞན་དུ་བསྲུང་བ་མ་བྱས་ན་ཤ་ཟས་ ཁྱེར་རོ། །ཨོཾ་ཙཎྜ་མུ་ཁི་ཀཱ་ལི་བཟླས་ན་ས་གསུམ་གྱི་དཀྱིལ་འཁོར་དབང་དུ་བྱེད་དོ། །ཨོཾ་ཀ་ར་དརྦྦ་ཡ་དརྦྦ་ཡ། ན་ཡ་ན་ན་མ་ནོ་ཧ་རི་སྭཱ་ཧཱ། ཀ་ར་ཧ་རའི་རྩ་བ་ལ་སྡོང་བུ་བྱས་ཏེ། ཕྱུགས་སེར་སྐྱའི་མར་གྱི་དུ་བ་ བསགས་ལ། དེའི་མིག་ལ་བྱུགས་ན་དབང་དུ་བྱེད་དོ། །ཨོཾ་ཀཱ་མེ་ཤ་རི་སྭཱ་ཧཱ། སྦྲུལ་ནག་པོའི་མགོ་བོ་དང་། སོ་ཛཱ་ནའི་དུད་པ་ལ་ལན་བདུན་དུ་ལེགས་པར་བཟླས་ཏེ། དེ་ཡིས་མིག་ལ་བསྐུས་ན་དབང་དུ་བྱེད་དོ། །དབང་ ཕྱུག་ཆེན་པོའི་རྟགས་ཀྱི་ལྷོ་ཕྱོགས་ཀྱི་གདོང་གི་ཐད་དུ་འདུག་པར་བྱས་ནས། ཁྲི་ཕྲག་གཅིག་སྔོན་དུ་བསྙེན་པ་བྱས་པའི་སྔགས་པ་དེས། མེ་ཏོག་དམར་པོས་བཙོས་པའི་གོས་དམར་པོ་གྱོན་ལ། མཚན་མོ་ 101-1-154b ཀུན་དུ་འཇིགས་པ་དང་བཅས་པས་བཟླས་པར་བྱའོ། །རེངས་པའི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་བཟླས་པར་བྱ་སྟེ། ཁྱད་པར་དུ་གཟའ་དང་གཟས་བཟུང་བའི་དུས་སུ་སྟོབས་པོ་ཆེའི་སྔགས་བཟླས་པ་ བྱའོ། །ལག་པ་གཡས་པའི་ཁུ་ཚུར་དུ་མཐེ་བོ་གཞུག་པར་བྱའོ། །རེངས་པར་བྱེད་པ་ལ་གདུག་པ་ཅན་རྣམས་ཀྱི་མདུན་དུ་བྱས་ན་རེངས་པར་འགྱུར་རོ། །སྔགས་ནི། དར་ན་བཛྲ་ར་ཏི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ བ་ལ། སརྦ་དུཥྚན། སྟཾ་བྷཱ་ཡ་སྟཾ་བྷཱ་ཡ། མོ་ཧཱ་ཡ་མོ་ཧཱ་ཡ། ཧཱུྃ་ཕཊ། རེངས་པའི་སྔགས་སོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་སྟ་སྨཻ་ཙཎ་ཌ་བཛྲ་པཱ་ཎ་ཡེ་ཀ་ཀཻ་ཀཱ་ནི་བྷྲཱ་མ་རི། བྷྲཱ་མ་རི། ཧ་ན་ཧ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། བིད་དྷྭཾ་ས་ཡ། བིད་དྷྭཾ་ས་ཡ། བ་ར་སེ་ནྱཾ་ཙཀྲེ་བཛྲི་ཎི། ཨ་གཙྪ་སྭ་བ་ཐེ་ན། ན་རཱ་ཙེ་ཎ་མཱ་ར་ཡ་སྭཱ་ཧཱ། མཆོད་པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་དུར་ཁྲོད་ཀྱི་མེ་རབ་ཏུ་སྦར་བའམ། གཙུབ་ཤིང་ལས་བྱུང་བའི་མེ་དང་རས་ བླངས་ཏེ། ཁྲག་དང་ཕྱེ་དང་ཡུངས་དཀར་བསྲེགས་པས། སིམ་པ་ལའི་རས་བལ་གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན། ནམ་ཕྱེད་ཀྱི་དུས་སུ་གཡུལ་ཐམས་ཅད་ཉམས་པར་བྱེད་དོ། །ཨོཾ་མ་ཧཱ་ཏི་ཛ་མ་ཎི་བྷ་དྲ། སམ་བྷ་ར་སམ་བྷ་ར་སྭཱ་ཧཱ། འབུམ་བཟླས་ན་དངུལ་འབུམ་རྙེད་པར་འགྱུར་ཏེ། མཐོང་བའི་ཆོས་ལ་ཡིད་ཆེས་པར་འགྱུར་རོ། །ཨོཾ་ཛྭ་ལ་ཛྭ་ལ་ཨག་ན་ཡེ་སྭཱ་ཧཱ། ཡུངས་ཀར་དང་ཐལ་བ་ལ་སོགས་པས་ཁོར་ཡུག་ བཅིངས་ན། འབྱུང་པོ་ལ་སོགས་པ་དང་། མཆེ་བ་ཅན་ལ་སོགས་པ་ཡང་མེའི་ར་བར་འགྱུར་རོ། །མཐོང་བའི་ཆོས་ལ་ཡིད་ཆེས་པའོ། །རྡོག་པ་དྲག་པོས་བརྒྱབ་པའི་བུམ་པ་བཅག་པའི་དུམ་བུ་བླངས་ནས་ སྣོད་ཀྱི་ཐོག་ཏུ་འདུག་ཁང་སྟེང་དུ། མེས་ཚིག་དུས་སུ་སྔགས་མདུང་བརྗོད་དེ་གནས་པས་དབྱུག་པ་བཟུང་ནས། མཾ་ཡིག་བརྗོད་པས་བུམ་པ་བཅག་པར་བྱ། །མཾ་ཡིག་མེ་ཉིད་སོད་པར་གྱུར་ནས་སུ། །སྦྱོར་བ་འདི་ནི་མེ་ 101-1-155a མཆེད་པ་ལའོ། །དུར་བ་དང་བཅས་འབྲས་ཀྱི་སོ་ལ་བཟླས། །སློབ་མའི་དུམ་བུ་སྣོད་དུ་མེ་ཡིས་སུ། །མཆོད་ཡོན་སྔགས་ཀྱིས་སྦྱིན་བྱ་དེ་ནས་ནི། །མེ་ནི་མཆེད་པར་གྱུར་པ་ཞི་བ་ཡིན། །ཨད་ཐི་བ་ད་ ཀྵོ་བ་དུ་ཎཱ། ཨ་ཐོ་པད་ད་ཏམ་པ་པན་ཙ་ཎཱ་མཱ་དཱ་ཡི། དཱ་བི་ཎཱཾ་ཁན་ཏྭཱྃ་ཛ་ཏ་བེ། ཨ་དི་ཀྲཱ་མ། ན་མོ་ནན་དི་མ་ཧཱ་ནན་དི། བི་དཱ་པི་ལི་པི་ལི། སིད་དྷི་སིད་དྷི་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །ཨཛྫི་དྷམྨ་དན་ཏེ་བ་ར་ཨཙྪ་ཡ་ཨཱི་ ཛྷ་ཏུ་ཨ་ཏི་ཧཱུྃ། ཀན་ཙོ། ཨ་ཀུ་རེ། ཨེ་བི་ཨུ། ཨ་དེ་སརྦེ་སརྦཱ་ཧེ། ཊྚ་ཎེ་པཊྚ། ཧུ་པཱ་བ་ཨུ། མེས་ཚིག་པའི་དུས་སུ་ཆུ་ལ་ཡོངས་སུ་བཟླས་ཏེ། ལན་ཁ་ཅིག་ཏུ་ཨརྒྷ་སྦྱིན་ནོ། །ཆུ་ལ་ལན་ཉི་ཤུ་རྩ་གཅིག་གི་ བར་དུ་ཡོངས་སུ་བཟླས་ཏེ། ཁང་པ་ལ་ཡོངས་སུ་གཏོར་ན་མེས་མི་ཚིག་གོ། །ༀ་ཀི་རི་ཀི་རི། རི་ཥ་བྷ་ཡ་སྭཱ་ཧཱ། བསྙེན་པ་ཁྲི་ཚོ་གཅིག་བྱའོ། །དེ་ནས་དཔུང་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་སྦྱར་བར་བྱའོ། ། གང་གི་ཚེ་མདུན་ཕྱོགས་སུ་འགྲོའམ། སྟེང་དུ་འགྲོ་ན་དེའི་ཚེ་དགོས་པ་འགྲུབ་པ་ཡིན་ནོ། །ཡང་ཕྱིན་ཕྱོགས་སུ་འགྲོ་ན་དགོས་པ་མི་འགྲུབ་བོ། །འདི་ནི་ནུབ་མོ་ཁང་པའི་ནང་དུ་གཅེར་བུས་བྱའོ། །ན་མོ་རད་ན་ ཏྲ་ཡཱ་ཡ། ན་མ༔ མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། གྷྲི་ཎི་གྷྲི་གྷན་ཏ། ཀརྞ་སྭ་པ་ན། མ་དར་ཤ་ཡ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ། ཚ་བའི་ མར་ནག་གིས་རྐང་པ་ལ་བྱུགས་ཏེ་ཉལ་ན། རྨི་ལམ་ན་དགོས་པ་སྟོན་པར་བྱེད་དོ། །ཨོཾ་གྷུ་ཎ་ཌེ་ཤྲ་བ་ཎ་པི་ཤཱ་ཙི་སྭཱ་ཧཱ། སྟོང་ཕྲག་གཅིག་སྔོན་དུ་བསྙེན་པ་དང་ལྡན་པས། ཉལ་བའི་དུས་སུ་རུ་རྟའི་འདེ་གུ་ལ་ལན་ཉི་ཤུ་རྩ་ གཅིག་མངོན་པར་བསྔགས་ཏེ། ལག་པ་དང་རྐང་པ་ལ་བྱུགས་ལ། མངོན་པར་འདོད་པའི་དགོས་པ་ཡིད་ལ་བྱ་ཞིང་། གཙང་བའི་ས་ཕྱོགས་སུ་ཉལ་ན། དགེ་བ་དང་མི་དགེ་བ་སྟོན་པར་བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། ཨོཾ་ཨ་ 101-1-155b ར་ཏེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ། འབྲས་ཁུར་གྱི་རང་བཞིན་ལས་རི་ཁྲོད་མའི་གཟུགས་གཅེར་བུ་གསུམ་བྱའོ། །ཉི་ཟླ་གཟས་བཟུང་བའི་དུས་སུ་ལག་པར་བཞག་ལ། ཅི་སྲིད་མ་གྲོལ་བ་ དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་སྲོད་ཀྱི་བྱིས་པའི་མཐོང་བའི་ལམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །མེ་ལོང་ལ་སོགས་པ་ལ་དཔའ་མོ་ཆེན་མོས་བདེན་པར་སྟོན་ཏོ། །ད་མནྣ་ཧི་ཀྲ་མ་པད་ས་པ་ཏྱད། ཏ་ད་བྷུ་ཏཾ། ཡ་ད་བྷ་ བྱཾ། ཡ་ད་གྲ་ཏཾ། ཡ་ད་གྲ་ཏཾ། ཡ་ད་གྲ་ཏཾ། བི་དར་ཤ་ཡ་ཏ་སྭཱ་ཧཱ། བུ་རམ་དང་ཕྱེ་ཡིས་རྡོ་རྗེ་བྱས་ལ་བྱིན་ཏེ། སྔགས་ཁྲི་ཚོ་གཅིག་བཟླའོ། །མཐེ་བོ་ལ་རྒྱ་སྐྱེགས་ཀྱིས་བསྐུས་ན་འབེབས་པར་བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། རཀ་ཏེ་རཀ་ཏ་ཨཾ་གུཥྛེ། ཡད་ཀིན་ཙིད་སྭཱྃ་པྲ་ཏཾ་ག་ཏཾ། བྷ་བྱཾ་ཏ་ཏ་སརྦ་དར་ཤ་ཡ་སྭཱ་ཧཱ། ཁྲི་ཚོ་གཅིག་ནི་བསྙེན་པ་བྱས་ལ། མཐེ་བོ་ལ་པྲ་སེ་ན་དབབ་བོ། །ཨོཾ་ཨ་ལུ་ཀེ། པཱ་ལུ་ཀེ། གྲྀཧྞ་པིཎ་ཌཾ། པི་ཤ་ཙི་སྭཱ་ཧཱ། སྔོན་དུ་བསྙེན་ པ་ཁྲི་ཚོ་གཅིག་བཟླས་ལ། དེ་ནས་བསྒྲུབ་པར་བྱ་སྟེ། ཕུད་ཀྱི་ཟན་ཆངས་ལ་ལན་བདུན་དུ་བསྔགས་ལ་རྒྱབ་དུ་བསྐྱུར་བར་བྱའོ། །ཞག་བདུན་ན་རྣམ་པར་སྟོན་པར་བྱེད་དོ། །ཞག་དང་པོ་ལ་མ་བསྟན་ན་ཡི་ཆད་པར་མི་བྱའོ། ། གཉིས་པ་དང་གསུམ་པ་རུ་བསྒྲུབས་ན་བྲམ་ཟེ་གསོད་པ་ཡང་འགྲུབ་པོ། །གལ་ཏེ་མ་གྲུབ་ན་སྤྱི་བོ་གས་ནས་འཆིའོ། །ཕྱག་ན་རྡོ་རྗེའི་བཀའ་ཅི་བཞིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཨ་མ་ལ་བི་ཀྲཱན་ཏ། ཏེ་ཛི་ནི། ཨ་ར་ ཛེ་སྭཱ་ཧཱ། དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱ་ཉེ་བར་གནས་ལ། མཆོད་ཡོན་ལ་སོགས་པ་ཐམས་ཅད་བྱའོ། །ས་གཞི་འདི་ཙམ་གྱི་ཚད་དུ་བདག་གིས་འགྲོ་བར་བྱའོ་ཞེས་ཡིད་ལ་བྱས་ལ། ཕྱག་རྒྱ་བཅིངས་ལ་སྔགས་ཉི་ ཤུ་རྩ་རུ་བརྗོད་པར་བྱས་ན། དེ་སྙེད་ཀྱི་ལམ་དུ་འཇིགས་པ་མེད་པར་འགྲོའོ། །ཁུ་ཚུར་གཉིས་གཅིག་ཏུ་བྱས་ལ། མཐེའུ་ཆུང་གཉིས་ཁ་ཕྱེ་བ་ནི། དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་ 101-1-156a ཨཱརྱ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ། དེ་ནས་བ་ལང་ལྕི་བས་དཀྱིལ་འཁོར་བྱས་ལ། དེའི་དབུས་སུ་མདའ་དང་བཅས་ པའི་གཞུ་བྲིས་ལ། མདའི་སྒྲོ་ལ་བཅོམ་ལྡན་འདས་མའི་རང་གི་མིང་གི་ཡི་གེ་དང་པོ་བཀོད་ལ། བཅོམ་ལྡན་འདས་མ་ལ་མཆོད་ཡོན་གྱིས་བཀུག་སྟེ། དྲི་དང་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། གཏོར་མ་ལ་སོགས་པས་ མཆོད་ལ། གསོལ་བ་གདབ་པར་བྱའོ། །ཆེ་གེ་མོའི་ཡུལ་དུ་འགྲོ་ཞིང་འོང་བར་བཅོམ་ལྡན་འདས་མ་འདིར་གཤེགས་པ་དང་ལྷན་ཅིག་ཏུ་དེ་རུ་སོང་སྟེ། འོངས་ནས་བཅོམ་ལྡན་འདས་མ་ལ་བཟོད་པར་གསོལ་ཏེ་བསྡུ་བར་བྱའོ། ། ལམ་དུ་འགྲོ་ན་ཁྲི་ཕྲག་གཅིག་བཟླས་པ་བྱས་ཏེ། ཆོ་ག་བྱས་ནས་དཀྱིལ་འཁོར་ཉེ་བར་བྱུགས་ལ། གཞུ་དང་བཅས་པའི་མདའ་ཤར་ཕྱོགས་སུ་ཁ་བལྟས་པ་མངོན་པར་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་མ་སྔོན་ བཞིན་དུ་མཆོད་པ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ། བརྒྱ་ཕྲག་བརྒྱད་བཟླས་ལ་འགྲོ་བར་བྱའོ། །དེ་ནས་འགྲོ་བར་འགྱུར་རོ། །སོང་ནས་ཕྱིར་འོངས་ན་དེ་ལ་གཞུ་མདའ་དང་བཅས་པ་ཁ་རྒྱབ་ཏུ་བལྟས་པ་དེ་བཞིན་ དུ་བྲིས་པར་གྱུར་པའི། བཅོམ་ལྡན་འདས་མ་སྔོན་བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རི་ཛུ་དྷརྨི། ནིར་ཡ་ཏེ། ཏཱ་རེ་ཏཱ་ར་ཨ་བྷ་ག་བ་ཏི། ཏུད་ཏཱ་རེ། བྷ་བ་བྷ་ཡ། མོ་ཙ་ནི་ཏུ་རེ་སྭཱ་ཧཱ། འཇིགས་པ་ལས་ཐར་བར་བྱེད་པ་འདི་ནི། ཁ་ཅིག་ཏུ་འཇིགས་པ་ཆེན་པོ་མིན་ན། ཆུ་བོ་དང་འབྲོག་དགོན་པ་ཆེན་པོར། སེང་གེ་དང་། སྟག་དང་དོམ་དང་མ་ཧཱི་ཥ་དང་རྒྱལ་པོ་དང་སྲིན་པོ་དང་། གཟའ་ལ་སོགས་པ་རྣམས་སུ་སྔགས་འདི་དྲན་པར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། ༀ་ཧི་རི་ཏི་ཐཥྠ། ཏསྐ་ར་བད་དྷོ་སི། པྃ་ན་ག་མཱ་ 101-1-156b ཙ་ལ་སྭཱ་ཧཱ། སྦྲུལ་རྣམས་ཀྱི་ཁ་འཆིང་ངོ་། །རྐུན་མ་དང་དགྲ་བོ་ལ་སོགས་པ་ཡང་ཁྱད་པར་དུ་འཆིང་ངོ་། །མི་མཆེད་པར་བྱེད་པ་དང་། འདི་རྣམས་འཆིང་བྱེད་ཆོ་གའོ། །ཨུཏྤ་ལའི་ཕྱག་རྒྱ་དང་བཅས་པས་སོ། །ལག་པ་ གཉིས་ཐལ་མོ་སྦྱར་ལ། མཐེབ་མཛུབ་གཉིས་བསྐུམ་སྟེ་མཐེབ་ཆེན་གཉིས་གཞུག་པར་བྱའོ། །གུང་མོ་གཉིས་ཀྱི་སྟེང་ནས་སྲིན་ལག་གཉིས་དཀྲི་བར་བྱའོ། །དེ་ནི་ཨུཏྤ་ལའི་ཕྱག་རྒྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུཾ་བ་རཱ་ཧཱ་ཎཱཾ། ཧཱུཾ་བ་ར་ད་བཛྲཱ་ཡ་ཧཱུཾ། མཆོག་སྦྱིན་པའི་རྡོ་རྗེ་འཕགས་པ་འཇམ་དཔལ་རྡོ་རྗེ་དཀྱིལ་འཁོར་ལ་གནས་པ་ཐམས་ཅད་ཀྱི་ཁ་རུ་གསེར་གྱི་མདོག་ཏུ་བསམས་ན། ཕྱོགས་བཞི་རུ་ཁའི་དྲི་ཞིམ་པོར་བྱེད་དོ། །ཨུཏྤ་ལའི་ ཕྱག་དང་བཅས་པས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀ་ཙེ་བི་ཀ་ཙེ། སྟཾ་བྷ་ནི། ཛཾ་བྷ་ནི། མོ་ཧ་ནི། སརྦ་རོ་ཥ། པྲ་ཤ་མ་ནི་སྭཱ་ཧཱ། ལག་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། རང་གི་ཁ་ཡོངས་སུ་མཉེ་བར་བྱ་ཞིང་གོས་ལ་ཡང་མདུད་པ་བྱའོ། །དེ་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན། ཁྲོས་པ་ཞི་ནས་དད་པར་འགྱུར་རོ། །ཨ་ཨཱི་དི་བི། ཨགྣི་ཛ་ དྷ། ཛ་ལ་མཱ་ཎ། བཱ་ད་ཛ་དྷ། གྷུ་ལ་མཱ་ན། ཀིཾ་ཙ་ཧ་སི། པི་ཊ་ཨན་ཏ་རེ་ཎ། ཨ་ཌེ་མི་ཏོ། དནྟ་ཨན་ཏ་རེ་ཎ་སྭཱ་ཧཱ། ཤིང་བུ་བག་ཙམ་ཅིག་ལ་ཡོངས་སུ་བཟླས་ལ། སོའི་བར་དུ་བཅུག་སྟེ་བཟླས་ན། ཁྲོས་པ་དད་པར་འགྱུར་རོ། ། ཨཱ་ཨཱི་དེ་སི། ཨ་ས་ཎཾ། ཧི་བ་ཨཱི། སྤ་མ་ཧུ་དན། ས་ནཾ་ཧི། ཨ་ཧཱུ་ཏོ། ཨུཏྟ་རཾ། དེ་མོ་ཏུ། ཨུ་པ་རི་ཎི། ཨུཏྟ་རཾ། ཧོ་ཧི། འདིའི་ཉེ་བར་སྤྱོད་པ་ནི། འོག་གི་གོས་ཀྱི་ནང་དུ། ཤིང་ལོས་སྟན་བྱས་ལ། ལན་བདུན་དུ་མངོན་ པར་བསྔགས་ཤིང་ཁྲོས་པ་ལ་བྱིན་ན་ཅུང་ཟད་ཀྱང་བཟློག་པར་མི་ནུས་སོ། །མུ་ཧ་དོ། བ་དུ་ནོ་ར། ཨ་ཙཀྵུཿདོ། ཙཎྜ་ཨཱི། ཙ་ཨུ་ཧུ་ཨ་ས་ན། ས་མཱ་ཛི་ཧྭཱ། ཀོ་མེ་ཀི་ཙི་བྷ་ཎཱ་དི། ན་མོ་པཎྞ་ཏཱི་ཨེ་ཙུ་ལི་པཱ་ཤ་ཎི་སྭཱ་ཧཱ། ལག་ 101-1-157a པ་གཡས་པ་མངོན་བར་བསྔགས་པ་བྱས་ལ། རང་གི་ཁ་མཉེ་བར་བྱའོ། །ཁ་སྐྱེངས་པའི་སྔགས་ཏེ་ཡུངས་ཀར་ལ་ལན་བརྒྱད་བཟླས་ཏེ། གཏོར་ན་གཉིད་འཐུག་པོར་བྱེད་དོ། །ཨོཾ་སྭ་བ་ནཱི་ཡཾ་པྲ་ཙཀྵུ་མི། སིད་དཾ་ཤ་བ་ར་བྷ་ཤི་ཏཾ་པ་ར་ཙཀྲ། མ་ཧཱ་ནི་སིདྷཱཾ། བ་ཏ་ལི་ཀེ་ས་ཧཱ་ན་རི་ཙཎ་ཌ་ལི་མཱ་ཏཾ་གི་སྭཱ་ཧཱ། ཡུངས་ཀར་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་བར་བསྔགས་པ་བྱས་ལ། གང་དུ་བསྐྱུར་བ་དེ་རུ་གཉིད་འཐུག་པོར་བྱེད་དོ། ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷྲཱ་མ་ར་ཀེ་ཤི། བྷྲཱ་མ་ར་མཱ་ཏེ། བྷྲ་མ་བི་བྷྲ་མ། མུ་ཧྱ་མོ་ཧ་ཡ་སྭཱ་ཧཱ། ཡུངས་ཀར་ལ་འབུམ་ཕྲག་གཅིག་བཟླས་ཏེ། ས་ལ་མ་རེག་པར་བར་སྣང་གི་ཁང་པ་ལ་བཞག་པར་བྱའོ། །ཁང་ས་དང་ རྡོ་སྟེགས་ལ་རབ་ཏུ་གཏོར་ན་དུས་མ་ཡིན་པའི་གཉིད་འཐུག་པོ་སྐྱེད་པར་བྱེད་དོ། །གྲོང་ངམ་གྲོང་ཁྱེར་གྱི་དབུས་སུ་གནས་ཏེ་ཡུངས་ཀར་གྱིས་ཕྱོགས་དང་མཚམས་སུ་གཏོར་ན་སེམས་ཅན་ཀུན་ཤི་བ་དང་འདྲ་བར་གཉིད་ ལོག་པར་འགྱུར་རོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཱ་རེ་ཏ་རེ་ཏ་རཱ་ཡ། བྷ་ག་བ་ཏི་སྭཱ་ཧཱ། བན་དྷ་མོ་ཙ་ནི་ཆེ་གེ་མོ་བན་དྷ་མོ་ཀྵཾ་ཀུ་རུ་སྭཱ་ཧཱ། བདེན་པའི་བྱིན་གྱི་བརླབས་ཀྱང་དང་པོ་ཉིད་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མས་འཁོར་བ་ཐམས་ཅད་གྲོལ་བར་གྱིས་ཤིག །གང་གིས་བཅིངས་པ་གྲོལ་བའི་བདེན་པ་དེའི་བདེན་པ་ཡིས་ཆེ་གེ་མོ་བཅིངས་པ་ ལས་གྲོལ་བ་དག་ཏུ་གྱིས་ཤིག་བཟླས་པས་བཅིངས་པ་གྲོལ་བར་བྱེད་དོ། །བཟླས་པའི་དུས་སུ་སྤྱན་རས་གཟིགས་དབང་ཕྱུག་གིས་གྲོལ་བར་བྱེད་ཅིང་། བཅོམ་ལྡན་འདས་མས་ཀྱང་གྲོལ་བར་བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ལམ་བེ། པྲ་ལམ་བེ། ལམ་བི་བི་དེ་མ་མ་མོ་ཀྵ་ཡ་སྭཱ་ཧཱ། འདི་བཟླས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ཡང་ན་གཙང་ 101-1-157b སྦྲ་དང་ལྡན་པར་གྱུར་བས་མཚན་ཐོག་ཐག་ཏུ་བཟླས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ན་མོ་དེ་བཱི་མ་ཧཱ་དེ་བི། པྲ་ཏྱཾ་གི་རེ་སྭཱ་ཧཱ། ཏ་ལའི་གྲོ་ག་ལ་མངོན་པར་བྲིས་ཏེ་སྲིན་བུ་ཀ་ཀ་རུའི་ཁུང་བུར་བཅུག་ལ་དེའི་ ས་ཡིས་ཁ་བཀབ་ཅིང་མིང་ནས་བཟུང་བར་བྱས་ན་དེ་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀུ་ཊི་ བི་ཀུ་ཊེ། ཀུ་ཊེ་སྭཱ་ཧཱ། མར་གྱིས་ལྕགས་ལ་བྱུགས་ན་འཆག་གོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ཀུ་རུཊྚེ་ཀུ་རུཊྚ། ཀརྐ་ཀུ་ཏུ་རུ་ཊུ་སྭཱ་ཧཱ། ཕྱོགས་གང་ན་བཅིངས་པའམ་བསྐོར་ཁ་གཅོག་གནས་ན། དེ་ལ་རྡུལ་ ལ་བརྒྱ་ཕྲག་བཟླས་ཏེ་གཏོར་ན། དཔག་ཚད་བརྒྱ་ན་ཡོད་པ་འགྲོལ་ལོ། །སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་སོ། །ཨ་ཏི་མུག་ཏའི་ཡམ་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱའོ། །དེ་ནས་དེ་ཉིད་ཀྱི་ཐལ་བས་ སྦྱར་བར་བྱའོ། །རྡོ་རྗེའི་ཤིང་གི་ཡཾ་ཤིང་གི་མེ་ལ་མར་གྱིས་སྦྱིན་སྲེག་བྱས་ན། ལྕགས་སྒྲོག་འཆག་ཅིང་གྲོལ་བར་བྱེད་དོ། །ན་མོ་རཏ་ན་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏཱ་ར་ཡ། ཛ་ཡེ་ཛ་ཡེ། ཏུཏྟཱ་རེ། ཛ་ཡཱ་བ་ཧེ། ཏུ་རེ་སྭཱ་ཧཱ། ཡུལ་ཆོས་ཀྱི་རྩོད་པ་ལ་ལན་ལྡོན་པའི་ལས་གཞན་ལས་རྒྱལ་བར་བྱེད་པ་ལ་སྒྲོལ་མ་སྦྱར་བར་བྱའོ། །མུ་ནི་ཀ་ས་ཨི། མུ་ནི་མཾ་དྷ་ཨཱི་ མུ་ནི་ལཾ་ག་ལེ་ཧི། ཕ་ལེ། ཨཱི་ཥ་ད། བི་ལི་བ་དན་ཏོ། ཆེ་གེ་མོསྶྱ་མུ་ཧཾ། བགྒ་ཎེ་ནེ་ཧཾ་པི་བཻ་མི་སྭཱ་ཧཱ། དབང་དུ་བྱ་བ་དང་དབྱེ་བ་དང་སྐྲོད་པ་དང་ཁ་བཅིང་བ་རྣམས་ནི་རྫ་མཁན་གྱི་འཁོར་ལོ་འཁོར་བཞིན་པའི་ས་དང་། ལོགས་ བཞིའི་ས་དང་དབུས་ཀྱི་ས་དང་འཁོར་ལོའི་སྲོག་ཤིང་གི་ས་དང་ལག་པའི་ས་དང་སྣོད་ཀྱི་ས་རྣམས་བླངས་ཏེ། གཟུགས་བརྙན་གཉིས་བྱས་ཏེ། ཁ་སྤྲད་དེ་བཞག་ནས་སྐུད་པ་དམར་པོ་ཡིས་བར་མཚམས་མེད་པར་དཀྲིས་ 101-1-158a ལ་ཁམ་སྐྱོར་མ་བསྲེགས་པ་ཁ་སྦྱར་གྱི་དབུས་སུ་བཞག་ལ། ཆེ་གེ་མོ་ཆེ་གེ་མོའི་དབང་དུ་གྱུར་ཅིག་ཅེས་བྱ་བའི་ཚིག་བརྒྱ་ཕྲག་བརྒྱད་བཟླས་པར་བྱའོ། །དྷ་དུ་རའི་འབྲས་བུ་བྱི་བའི་ཁུང་བུར་བཅུག་ལ། བུད་མེད་གཅེར་ བུས་གཏུན་ཤིང་གིས་བརྡུངས་ན་ཆེ་གེ་མོ་དང་ཆེ་གེ་མོ་གཉིས་འབྱེ་བར་འགྱུར་རོ། །རྨུག་པའི་བུ་མོའི་རྒྱབ་ཀྱི་རུས་པ་ལ་མིང་དང་སྔགས་སུ་སྤེལ་བ་མངོན་བར་བྲིས་ཏེ། རུས་པ་དེ་ཡང་ལམ་གྱི་བཞི་མདོར་རྐེད་པ་ནུབ་པ་ཙམ་ བརྐོས་པའི་ཁུང་བུར་བཅུག་ལ་སས་གཡོགས་ན་སྐྲོད་པར་བྱེད་དོ། །ཚ་བའི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་སྔགས་བརྗོད་བཞིན་པས། གཟུགས་བརྙན་ལ་རའི་ལྤགས་པ་ཡིས་ཁ་དགབ་པར་བྱས་ན། ཁ་བཅིངས་པ་ བྱས་པ་ཡིན་ནོ། །གཟུགས་བརྙན་དེ་ཡང་དབེན་པའི་ས་ཕྱོགས་སུ་བཞག་པར་བྱ་སྟེ། དུར་ཁྲོད་ཀྱི་སོལ་བས་དགྲ་བོའི་མིང་དང་སྤེལ་བ་བྱི་བའི་ཁུང་བུར་བཅུག་ལ་རའི་ལྤགས་པ་ཡིས་ཁ་བཀབ་སྟེ། བུད་མེད་གཅེར་བུས་གཏུན་ ཤིང་ལག་པས་བཟུང་བས་ལན་བདུན་དུ་མངོན་པར་བསྔགས་ཏེ། ནུབ་མོ་ཆེ་གེ་མོའི་ཁ་ཆིངས་ཅིང་ཅེས་བརྡུང་བར་བྱའོ། །དེ་ལྟར་ཞག་བདུན་དུ་བརྡུངས་ན་འཆིང་བར་འགྱུར་རོ། །རྩེ་མོ་བདུན་ལ་བྱུང་བའི་ས་བླངས་ཤིང་རྫ་མཁན་གྱི་ ལག་པའི་ས་ལས་སའི་ཁུང་བུ་གཅིག་བྱས་ལ། སྔགས་དེ་ཏ་ལའི་ལོ་མ་ལ་མངོན་བར་བྲིས་ཏེ་ཁུང་བུའི་ནང་དུ་བཅུག་ལ་བྱི་ཁུང་དུ་བཞག་སྟེ། ས་ལ་མ་ལྟུང་བའི་བ་ལང་གི་ལྕི་བས་ཁ་བཅད་ལ་རྡུལ་གྱིས་དེའི་སྟེང་དུ་གཡོགས་ན་ཁ་ འཆིང་བར་འགྱུར་རོ། །ཨོཾ་བྷུ་རི་ཧྱ་མ་ན་ས་ཀ་ཏུ་པྲ་སྠོ་ཨེ་ཨཱྃ་ཆེ་གེ་མོ་བ་དྷཱ་མཱ་ར་ཡ་ཧཱུྃ་ཕཊ། མིང་གི་ཡི་གེ་དང་སྔགས་ཀྱི་ཡི་གེ་བར་བར་དུ་སྤེལ་ལ་ཨརྒྷའི་ལོ་མ་ལ་སོལ་བས་བྲིས་ཏེ་དཀྲིས་ལ། ཚེར་མ་མང་པོ་བཙུགས་ལ་ཁང་པའི་ ནང་གི་སྟེང་གི་དབུས་སུ་སྔགས་བརྒྱ་ཕྲག་བརྒྱད་བཟླས་ཏེ་བརྐོས་ལ་སྦས་ན་ཁ་འཆིང་བར་བྱེད་དོ། །དེ་ལྟར་མང་པོ་ཡང་སོ་སོར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མཿཙཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། པཱ་རཱ་ཡཱ་ས་ནཱི་ 101-1-158b ནཱ་ས་ནི་སྭཱ་ཧཱ། ཁམ་རྐྱོང་དུ་ཕྱུགས་ཀྱི་ལྕི་བས་གཟུགས་བརྙན་བྱས་ལ། རིག་པ་བཟླ་ཞིང་འགྲོན་བུ་དགུས་བརྒྱན་ཏེ། མིག་གཉིས་དང་ཁ་དང་རྣ་བ་གཉིས་དང་ལྟེ་བ་དང་ལག་པ་གཉིས་དང་བཤང་བའི་ལམ་དུ་བརྒྱན་ནོ། །དགྲ་བོའི་ ཁ་རུ་ཞག་ལོན་པའི་ཕྱི་ས་བཅུག་ལ་རིག་པ་འདི་ཡང་ལན་བརྒྱད་བརྒྱ་རུ་བཟླས་ཏེ། ཁམ་ཀྱོང་གཉིས་པས་ཁ་བཀབ་ལ་གཙང་བའི་གནས་སུ་བཞག་ན་ཡུལ་ཆོས་ལས་གཞན་ལས་རྒྱལ་བར་འགྱུར་རོ། །བསྙེན་པ་ཁྲི་ཚོ་གཅིག་ གོ། ཨོཾ་ཤར་ཁ་ཀཎ་ཋ་ཙ་ཏུཿཔ་ད་ཁ་ཧི། མཱ་ནུ་ཥ་ཀོ་གཱུ་ཐ་ཀཾ་ཏ་ཤྱ་ཨ་ཐ་བི་གུ་ཐེ་ན། ཆེ་གེ་མོ་མུ་ཁཾ་བན་དྷ་མི། མ་ཙུ་ཀྲཱ་མཱ་ཙུ་ཀྲཱ་ཕུ་སྭཱ་ཧཱ། བོང་བུའི་སྤངས་དང་དང་པོ་བྲེགས་མ་ཐོག་གི་བྱིས་པའི་སྐྲ་དང་། ཚེར་མ་རྣོན་པོ་ལ་བརྒྱད་བརྒྱ་ མངོན་པར་བཟླས་ཏེ། བྱི་བའི་ཁུང་བུར་བཅུག་ལ་རྡུལ་གྱིས་བཀང་ན་ཁ་འཆིང་བར་འགྱུར་རོ། །ཧ་ཧཱུྃ་ཧ་ལག་པ་ལ་བཀོད་ན་དུར་ཁྲོད་ཀྱི་བསྲུང་བའོ། །ཧཱུྃ་ཧ་རིག་པ་བཟླས་ཏེ་འཕྲལ་དུ་རོ་བསྲེགས་པའི་ཐལ་བ་ཆང་པར་བཟུང་ལ་ ཡང་ན་དེ་བཟླས་པས་གཡོན་པ་ཧཱུྃ་གི་ཕྱག་རྒྱ་བཅིངས་ཏེ། ཐལ་བ་དེ་དང་གུ་གུལ་གཉིས་ཀྱིས་རི་ལུ་བྱས་ལ་བརྒྱ་ཕྲག་བརྒྱད་བཟླས་པ་བྱས་ལ་དཔྲལ་བར་ཐིག་ལེ་བྱས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ཧཱུྃ་ཧེ་ཧོ་ཧེ་ ཧ། བཅིངས་པ་ལས་བཟླས་ན་གྲོལ་བར་འགྱུར་རོ། །དི་ཨོཾ་ཨོཾ་བྲཱི་ཛཾ་བྲཱི་ཏེ་བྲཱི་ཧེ་བྲཱི་བཟླས་པས་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ན་མོ་པཱ་ཙཱ་ཏ་ཤྱ་མ་ཧཱ་ཤྲ་མ་ཎ་ཤྱ་ཀི་ཏི་བི་ཏི་པཱ་ཏྲཾ་པུ་ར་ཡ་སྭཱ་ཧཱ། ལན་བདུན་དུ་མངོན་བར་ བསྔགས་པ་བྱས་པའི་ལྷུང་བཟེད་བསོད་སྙོམས་ལ་ཞུགས་ན། སྟེར་བར་མི་འདོད་པ་རྣམས་ཀྱིས་ཀྱང་སྟེར་བར་འདོད་པར་འགྱུར་ཏེ། མྱུར་དུ་ལྷུང་བཟེད་གང་བར་འགྱུར་རོ། །ཀ་ར་བི་རའི་མེ་ཏོག་དཀར་པོའི་ཤིང་གིས་དེ་བཞིན་ དུ་སོ་ཤིང་བྱས་ན་མ་བླངས་པར་རྙེད་པར་འགྱུར་རོ། །འཇམ་དཔལ་གྱི་ས་བོན་གྱིས་ལན་བདུན་དུ་བཟླས་པས་དེ་མ་ཐག་ཏུའོ། །མཾ་ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཙེ་ཏྱ་ཀུན་ཛ་ར་ཤྱ། ཧི་མ་ཙ་ཏ་ཨུད་ཏ་རེ་ཎ། བཱ་ར་ཤེ་སུ་བརྞ་ 101-1-159a ཨཀྵི། ན་མ་བཱ་ན་རི་སཱ་མེ། ཨན་ནཾ་ཙ་པ་ནཾ་ཙ། དཱ་ད་དུ་སརྦ་ཀ་མི་ཀཾ། ཨ་མོ་ཊ་ཙི་ཨ་མོ་ཏི་པཱུརྞ་བྷ་དྲ་ཛ་སེ་སྭཱ་ཧཱ། བྱ་རོག་གི་སྒྲ་མི་གྲག་པར་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་བཟླས་པར་བྱས་ན། མ་བསླངས་པར་ཟན་རྙེད་པར་འགྱུར་ རོ། །ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། གཟའ་བ་ཐམས་ཅད་དང་ཚོད་མ་ཀུན་ལ་ནོར་སྦྱིན་གྱི་གཟུགས་བྱས་ལ། བརྒྱ་ཕྲག་བརྒྱད་ཀྱིས་མངོན་བར་བསྔགས་ལ། ཟས་བཙོས་པའི་དབུས་སུ་བཞག་པར་བྱས་ན་ཟད་པ་མེད་པར་འགྱུར་རོ། ། ཟན་བཙོས་པའི་སྣོད་དུ་བཞག་པ་དེ་རང་གི་གནས་ནས་གཞན་དུ་འགུལ་བར་མི་བྱའོ། །ཨ་རཾ་ཛ་རེ་ཀ་རཾ་ཛ་རེ་བི་ཥཾ་ཛ་རེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ་གཟས་ཟིན་པའི་དུས་སུ་སྲན་མ་ཤཱ་ལ་སོགས་པས་ བསྒྲུབས་ནས་ཟོས་ན་འཛིན་བློ་རྣོ་བར་འགྱུར་རོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་སྱ། མ་ཧཱ་སཏྭཱ་ཤྱ། ན་མ་སྐྲི་ཏྭ། ཨི་མཱཾ་དྷ་ར་ཎཱི། པྲ་ཡུན་ཛ་མི། ཨི་ཡ་མེ། དྷ་ར་ཎཱི། ས་མྲི་དྷྱན་ཏུ། ཏདྱ་ཐཱ། ཏྲི་སྲི་ཁི་ཏྲི་ཤཱུ་ལི། དི་ལི་དི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། ཨ་བ་ལོ་ཀི་ཏེ། སྭ་རོ་བཛྙི་པ་ཡ་ཏེ་དྷཱ་ར་ཎཱི། ཨི་ཡཾ་མ་ས་མྲི་དྷྱ་ཏུ་སྭཱ་ཧཱ། དེ་ལ་འདིའི་ཉེ་བར་སྤྱོད་པ་ནི་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུ་ཐམ་པ་བྱས་ལ་དེ་ལ་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཆུ་སྲང་བཞི་ལ། བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ཏེ་བཞག་ལ་འཐུངས་ན། ཞག་བདུན་གྱི་བར་དུ་ཉི་མ་གུང་གུང་ལ་འོ་མར་བཙོས་པའི་འབྲས་གཟའ་བར་བྱའོ། ། ཞག་བདུན་དུ་སྨྲ་བཅད་བྱས་ན། གཞུང་བརྒྱ་ཕྲག་གསུམ་འཛིན་པར་འགྱུར་རོ། །མཆོག་ཏུ་གྲུབ་པའི་གཟུངས་ནི་འདི་ཡིན་ནོ། །ཨཱརྐཱ་རི་མཀྐ་རི་ཙཎ་ཌཱ་ལི་བི་ན། བ་ཡོ་དྷ་རེ། ཨརྐྐ་ཨན་ཊ་ཙཎ་ཌཱ་ལི་ཆེ་གེ་མོ་མེ་བ་ཤ་མཱ་ནཱ་ཡ་སྭཱ་ཧཱ། ཨརྒྷའི་ལོ་མ་ལ་མིང་བྲིས་ཏེ། མེ་རུ་སྦྱིན་སྲེག་བྱས་ན་འགུགས་པར་བྱེད་དོ། །ཨོཾ་ཙ་མུཎ་ཌཱེ། མ་ཏང་གེ། ཨུར་དྷ་ཀེ་ཤི། ཆེ་གེ་མོ་བ་ཤ་མཱ་ནཱ་ཡཱ་སྭཱ་ཧཱ། མར་ནག་གིས་ཆོས་འབྱུང་ལ་བསྐུས་ལ། བདག་པོའི་དབང་ཕྱུག་ཆེན་པོ་དང་སྦྱོར་ 101-1-159b བ་བྱས་ན་བདག་པོ་ཁོལ་པོ་དང་འདྲ་བར་བྱེད་དོ། །བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པས་བྱའོ། །ཏཱ་རེ་ཧཱུྃ་ཧ་ར་སྭཱ་ཧཱ། འདིས་གླང་བུའི་རྭ་གཡས་པས་བླངས་པའི་ས་བླངས་ཏེ། དེ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་ པ་དེ་དབང་དུ་བྱེད་དོ། །ན་མཿཀྲྀཥྞ་ཤ་བ་ར་ཎ། གི་རི་གི་རི་ཀུ་མཱ་རི། བི་ཥཾ། བྷཀྵ་ཡ་ཧ་ར་བི་ཥཾ། ཀྲིཥྞ་ཤ་བ་རོ་ཛྙ་བ་ཡ་ཏི་སྭཱ་ཧཱ། སྦྲང་བུ་མཆུ་སྨྱུང་ཐམས་ཅད་ཀྱིས་ཟོས་པའི་དུག་མེད་པར་བྱས་ལ་རབ་ཏུ་སྦྱར་རོ། །ཨོཾ་ཤ་པ་ར་ ཤོ་བྷ་ན་ཧ་རེ་སྭཱ་ཧཱ། སྔགས་འདིས་གོས་ལ་ལན་བདུན་དུ་བསྔགས་པར་བྱས་ཏེ་གང་ལ་སྦྱིན་པ་དེ་དབང་དུ་འགྱུར་རོ། །དོན་འདོད་པ་ལ་སྦྲང་དང་བཅས། །མི་རོའི་མེ་ཏོག་དང་ཡང་ནི་འདི་དེ་ཕྱེ་མར་བྱས་སྦྱར་བས། །མི་དང་ མི་མང་དབང་དུ་བྱེད། །ན་མོ་བུད་དྷཱ་ཡ། ཧ་ར་ཧ་ར་སྭཱ་ཧཱ། ན་མོ་རུ་ཏཱ་ཡ། ཨགྒི་བགྒི་ནགྒི་སྭཱ་ཧཱ། ཡུངས་དཀར་ལ་ལན་དྲུག་བཅུར་ཡོངས་སུ་བཟླས་ཏེ་བུད་མེད་དང་སྐྱེས་པ་ལ་བརྡེག་པར་བྱས་ན། འགྱིང་བག་དང་བཅས་ པའི་བུད་མེད་དམ་འགིའུ་རི་ཡང་ཡོད་པར་འགྱུར་རོ། །ༀ་ཙ་མུཎ་ཌེ། དྷུ་མཱ་ཀེ་ཤཱི། བི་དྱུད་ཛི་བྷེ་ཧ་ན་ད་ཧ་པ་ཙ་ཆེ་གེ་མོ་མེ་བ་ཤ་མཱ་གད་ཚ་ཏུ་སྭཱ་ཧཱ། ཉེ་བར་སྤྱོད་པའི་ཕྱོགས་ཀྱི་སོར་མོ་ལ་ཤར་དུ་མངོན་བར་འདུག་སྟེ། ལན་བདུན་དུ་བསྔགས་ལ་བསྟན་པར་བྱས་ན། དབང་དུ་འགྱུར་རོ། །ཨོཾ་ན་མོ་བི་མ་ལེ། ཀིར་ཏ་ཡེ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་མ་ལ་ཕུཿབི་མ་ལ་ཀ་ར་ཕུཿབི་མ་ལ་ས་མུད་དྷ་རེ་ཕུཿསྭཱ་ཧཱ། ཆུ་ལ་ལན་བདུན་ དུ་བསྔགས་ཏེ་བྱིན་ན་མིག་གི་ནད་མེད་པར་བྱེད་དོ། །ཨོཾ་ན་མོ་བྷ་ག་བ་ཏེ། སུ་དར་ཤ་ནཱ་ཡ། སུ་རུ་སུ་རུ། ཕུ་རུ་ཕུ་རུ། གད་ཚ་གད་ཚ། ཨཀྵི་རོ་གཱ་མ་ཏིཥྛ་ཆེ་གེ་མོ་སྭཱ་ཧཱ། སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ། །ཐང་ཆུ་དང་ ཐང་ཤིང་དང་སྲི་ཡཾ་ཀུ་དང་རུ་རྟ་དང་བྱི་བའི་བྲུན་དང་ཕྱུགས་ཀྱི་རྭ་དང་སྨྱུག་མའི་ཤུན་པ་དང་ལ་ཆ་དང་རའི་ཆུ་ངན་དང་། གཞིགས་ལ་གྲིབ་མ་ལ་བསྐམ་པར་བྱའོ། །བདུག་པ་འདི་ནི་མཆོག་གི་གཙོ། །གཟའ་རྣམས་ཀུན་ 101-1-160a ལས་གྲོལ་བར་བྱེད། །དེ་རུ་སྦྲུལ་ནི་མི་གནས་ཤིང་། །གང་གཞན་གདུག་ཅན་གཟའ་ལ་སོགས། །གཙོ་བོ་འདི་ཡིས་ནད་རྣམས་འཇོམས། །བརྟན་པར་ཉིན་བཞི་རིམས་དང་ནི། །ཐོག་གི་སྡོང་བུ་ཅི་བཞིན་ དུ། །རྗེད་བྱེད་ཀྱང་འདིས་ཉམས་པར་བྱེད། །སྐལ་བ་ངན་པའི་བུད་མེད་གང་། །རང་བྱུང་མི་ཏོག་མེད་གྱུར་ཅིང་། །ཁྱིམ་ཐབ་དང་ནི་འབྱི་བ་ཡང་། །བདུག་སྤོས་འདི་ཡི་ཡན་ལག་གིས། །མྱོས་ཤིང་རབ་ཏུ་གདུངས་ནས་ ནི། །སྐལ་བ་བཟང་བས་བསྐྱེད་པའི་མཆོག །བདུག་སྤོས་བྲམ་ཟེ་གསང་ཞེས་པ། །ལས་ཀུན་བྱེད་ཅིང་ཤིས་པའོ། །དེ་ལ་བདུག་པའི་སྔགས་ནི། །ཨོཾ་སུ་བྷི་ར་ན་ཏ་ཡེ་སྭཱ་ཧཱ། མིའི་ཐོད་པར་དབྱངས་ཡིག་བྲིས་ལ། བུད་མེད་དང་དོམ་ཕྱུགས་ཀྱི་བྱེ་བྲག་དང་བཅས་པ་བྲིས་ལ་གང་ལས་སྔགས་པས་ལྕགས་ཀྱུས་བཀུག་ན་བུད་མེད་དབང་དུ་བྱེད་དོ། །གཙང་མའི་ས་ཕྱོགས་སུ་ལྕགས་ཀྱུའི་རྣལ་འབྱོར་གྱིས་བཟླས་ན། དཔག་ཚད་ གཅིག་ཙམ་ནས་སེམས་དག་པ་ཡང་། དེ་ལ་བག་ཙམ་གཅིག་གིས་འདོད་པས་མྱོས་ནས་འོང་བར་འགྱུར་རོ། །འགུགས་པའི་ཡི་གེ་མེ་དང་། རླུང་གིས་བསྐོར་བའི་དབྱངས་ཡིག་དང་ལྡན་པས་མྱུར་དུ་དབྱངས་ཡིག་གི་ ཡན་ལག་བཞག་སྟེ་བུད་མེད་འདོད་པ་ལ་དགའ་བར་བྱེད་དོ། །ཨོཾ་ཀཱ་མ་དེ་བ་ཙན་དྲ་བྷ་དྲཱ་བ་ཡ། བྷ་ག་བཱན་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་རྩ་བའི་སྔགས་ཏེ་འདི་གྲུབ་པས་སྔགས་ཐམས་ཅད་གྲུབ་པ་ཡིན་ནོ། །སྔོན་དུ་བསྙེན་པ་སྟོང་ ཕྲག་བཅུ་བཟླས་པ་བྱས་ཏེ། དེ་ནས་མེ་སྦར་ལ་ཏིལ་མར་དང་སྦྲང་རྩིའི་ནང་དུ་སྨྱུགས་ལ་བརྒྱ་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དེ་ནས་འགྲུབ་པར་འགྱུར་རོ། །ཨོཾ་ཀཱ་མ་དེ་བ་ཧ་སྟ་མ་སྤྲི་ཤ ། ཨུད་མ་ཏྭི་ཀུ་རུ་སྭཱ་ཧཱ། ལག་པ་ལ་ལན་བདུན་དུ་མངོན་པར་བསྔགས་ལ་གཞན་གང་ལ་ཡང་རེག་ན། འདོད་པའི་ལྷ་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ། ཨོཾ་ཀཱ་མ་དེ་བ་ནི་རི་ཀྵ་ཡ་སྭཱ་ཧཱ། སྔགས་འདི་མིག་ལ་ཡོངས་སུ་བཟླས་ཏེ། གང་ལ་ 101-1-160b བལྟས་པ་དེ་དབང་དུ་འགྱུར་རོ། །ཨོཾ་ཀཱ་མ་དེ་བི་བསྟྲ་སྭཱ་ཧཱ། སྔགས་འདིས་གོས་ལ་ལན་བདུན་དུ་མངོན་པར་བསྔགས་ཏེ་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཨོཾ་ཀཱ་མ་དེ་བ་སེ་བ་མུད་མ་ཡ་སྭཱ་ཧཱ། སྔགས་འདིས་ རང་གི་དབང་པོ་ལ་ཡོངས་སུ་བཟླས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཨོཾ་ཀཱ་མ་ཤི་ར་ཧཱུྃ་ཕཊ། རྒྱ་སྐྱེགས་ཀྱི་ཤིང་གིས་མེ་སྤར་ཏེ་ཡུངས་དཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོ་འམ་རྒྱལ་པོའི་ བུ་དབང་དུ་འགྱུར་རོ། །འདི་ཡིས་བུད་མེད་ཀྱི་སྤྱི་བོར་རེག་ན་དབང་དུ་འགྱུར་རོ། །ཨོཾ་ཀཱ་མ་དེ་བ་ཨ་མུ་ཀྃ་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། འདི་ཡིས་མེ་ཏོག་གམ་འབྲས་བུ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་ རོ། །ཤུ་ཤུ་ཥེ་མུ། ཁང་པ་སྟོང་པར་ཉའི་ཕྱེ་མ་བསྲེགས་ཤིང་སྟོང་ཕྲག་བཅུ་བཟླའོ། །དེ་ནས་ཉའི་ཕྱེ་མ་བདུག་པ་བསྲེག་པར་བྱས་ན་སྣ་ཚོགས་པ་བུད་མེད་འོང་བར་འགྱུར་རོ། །ཨོཾ་ན་མོ་རད་ན་ཏྲ་ཡཱ་ཡ། ཨོཾ་པཱ་དཱ་ཙ་ལ་ནེ་ཙ་ལ་ ཙ་ལ་སྭཱ་ཧཱ། སྔགས་འདིས་སྦྱངས་ནས་ཤི་བའི་རྐང་མཐིལ་གྱི་ལྤགས་པ་ལ་རེག་ནས་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ལ་བླང་བར་བྱའོ། །བླངས་ནས་ཕྱི་མིག་མི་བལྟ་བར་རང་གི་གནས་སུ་ཁྱེར་ལ་དེ་ནས་ ཕྱིས་ནི་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་ཚ་བའི་མར་ནག་ཏུ་བཅུག་ལ་བཙོ་བར་བྱའོ། །དེ་ནས་བླངས་ལ་ལན་བདུན་དུ་བསྔགས་ཏེ་རྐང་པ་ལ་བསྐུས་ན་དཔག་ཚད་སྟོང་དུ་ཕྱིན་ཡང་མི་འཆད་དོ། །ན་མོ་བུད་དྷཱ་ཡ། ན་མོ་ དྷརྨཱ་ཡ། ན་མཿསང་གྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དྷ་ར་ཎི། དྷ་རེ་དྷ་ར། དྷ་རེ་སུ་བྷ་དྲེ་སྭཱ་ཧཱ། ཁྲི་ཚོ་གཅིག་སྔོན་དུ་བསྙེན་པ་བྱས་ལ། ཉི་མ་གཟས་བཟུང་ བ་འམ། ཟླ་བ་གཟས་བཟུང་བའི་དུས་སུ། སྲན་མ་མ་ཤ་ཁར་བཅུག་ལ། ཅི་སྙེད་མ་གྲོལ་གྱི་བར་དེ་སྙེད་དུ་བཟླས་པ་བྱས་ན། དེ་ནས་སྲན་མ་མ་ཤཱ་མྱུ་གུ་སྐྱེ་བར་འགྱུར་ཏེ། དེ་ཟོས་ན་ཐོས་པ་འཛིན་པར་འགྱུར། དེ་ལྟར་མི་ 101-1-161a བྱེད་ན་ཕྱེ་མ་ཞིབ་མོར་བྱས་ཏེ་དེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཨོཾ་གུ་ལུ་གུ་ལ། བཛྲ་དྷ་ར་ཨ་ནུ་ཙ་ར་ཡ་སྭཱ་ཧཱ། སྡིགས་འཛུབ་ལ་མངོན་བར་བསྔགས་ན། སྤྲིན་རྣམས་གཏོར་བར་བྱེད་དོ། །མ་བསྲེགས་པའི་ རྫ་བུམ་ལ་ཕྱོགས་བཞིར་མཉམ་པའི་ཕྱག་རྒྱ་ཅན། འཕགས་པ་རབ་འབྱོར་མཚོན་སྣ་མ་ལུས་པས་བྲི་བར་བྱའོ། །རབ་འབྱོར་གྱི་གཡས་གཡོན་གཉིས་སུ། ཀླུ་གཞོན་ནུ་གཉིས་སྦྲུལ་མགོ་བདུན་བདུན་ཡོད་པ་ཕྱག་འཚལ་ བ་བྲི་བར་བྱ་སྟེ། དེའི་སྦྲུལ་མགོ་སོ་སོ་ལ་ཕུའི་ཡི་གེ་བྲི་བར་བྱ་སྟེ། འཕགས་པ་རབ་འབྱོར་གྱི་ཐུགས་ཀར་བྲུཾ་བྲིས་ལ། མེ་ཏོག་སྣ་ཚོགས་པས་མཆོད་ལ་སྟེང་ཁབ་མེད་པའི་གནས་སུ་བཞག་པར་བྱས་ནས་གཞི་ཐམས་ཅད་ ཆུའི་དཀྱིལ་འཁོར་ཆེན་པོར་འགྱུར་རོ། །སོ་མ་བཏང་བའི་ཁམ་ཀྱོང་ལ་ཚོགས་ཀྱི་བདག་པོ་བྲིས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ལྡན་པས་ཚོགས་བདག་གི་སྙིང་ཀར་དགོད་པར་བྱའོ། །ཧཱུྃ་ཀ་རའི་ནང་དུ་བྲིས་ལ་ཕྱི་རོལ་དུ་སྟོབས་པོ་ཆེ་ འི་སྔགས་ཀྱིས་དཀྲི་བར་བྱའོ། །སེང་ལྡེང་གི་ཤིང་གི་མེ་ལ་གདུངས་ན་ཚར་གཅོད་པར་བྱེད་དོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་ཏྭན་ས་ཡ་ཨུ་ཚུཥྨ་ཀྲོ་དྷ་ཧཱུྃ་ཕཊ། མཐོང་བའི་ཆོས་ལ་ཡིད་ཆེས་པ་ཡིན་ཏེ། མཚོན་གྱིས་བཅད་ པའི་བྲམ་ཟེའི་བརླ་གཡོན་པའི་རྐུང་སྦུབས་ཀྱིས། དཔལ་ཧེ་རུ་ཀ་མགོན་པོ་ཀླུས་བསྐོར་བ། ཀླུའི་རྒྱན་དང་ལྡན་པ། ཕྱག་གཉིས་པ་གཡོན་ན་ཐོད་པ། གཡས་པ་ན་ལྕེ་གསུམ་པའི་བ་དན། མི་བསྐྱོད་པ་དབུ་རྒྱན་ལ་ བཞུགས་པ་ཕྱི་རོལ་དུ་སྔགས་བྲི་བར་བྱ་སྟེ་ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧཱི། སརྦ་དུཥྚ་ས་མ་ཡ་མུ་དྲཱ་པྲ་བྷ་ཛ་ཀ །བར་ཥ་བར་ཥ། བར་ཥ་པ་ཡ། བར་ཥཱ་པ་ཡ་ཧཱུྃ་ཕཊ། ཆང་ཟང་མའི་ནང་དུ་གཟུགས་བརྙན་ཁ་ཐུར་དུ་བསྟན་ཏེ་བཞག་ ལ་སྔགས་བཟླས་ན་དེ་མ་ཐག་ཏུ་འབེབས་སོ། །གལ་ཏེ་ཞི་བར་འདོད་ན་གཟུགས་བརྙན་འོ་མས་བཀྲུས་ན་མེད་པར་བྱེད་དོ། །ན་མ་ཤ་རེ་ཤ་རེ། བི་ཤ་རེ་བི་ཤ་རེ། སརྦ་བི་ཥ་གྷྲ་ཏ་ནི་སྭཱ་ཧཱ། ལན་གསུམ་དུ་རྣམ་པར་བཟླས་ 101-1-161b པ་བྱས་ན། ཤི་བ་སློང་བར་བྱེད་པའི་དུག་སེལ་མའི་རིག་སྔགས་སོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། བྷ་ག་བཱན་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་སརྦ་ཏ་ཐཱ་ག་ལ། བ་ལ་བྷི་དྷི་ཛྙ། སརྦ་ ཏ་ཐཱ་ག་ཏཱ་ནཱཾ། ན་ཁེ་སྟི་ཏ། སརྦ་ས་ཧཱ་ནཱ་ཙ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། འབྲུམ་བུའི་ཉེ་བར་འཚེ་བའི་དུས་སུ། འབྲུམ་བུ་འབྱུང་བ་ཅི་སྙེད་པ་དེ་སྙེད་ཀྱི་གྲངས་ལ་ཙན་དན་གྱི་ཆུ་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ཤིང་། ནད་པ་དེ་ལ་བླུད་ ཅིང་ཡན་ལག་ལ་བྱུགས་ན་ཉེ་བར་ཞི་བར་འགྱུར་རོ། །ཨོཾ་སྭ་པན་ཏྭ་རེ། སྭ་བན་ཨ་བ་ལོ་ཀི་ཏེ་ཏུད་ཏཱ་རེ། ཏྲཻ་ལོ་ཀྱ་བི་ཙཱ་རི་ནི། པ་ཤྱ་པ་ཤྱ་ནི་དར་ཤ་ཡ། རད་ན་ཏྲ་ཡ་ས་ཏྱེ་ན་ཏུ་རེ་སྭཱ་ཧཱ། ཕྱི་དྲོའི་དུས་སུ་སྔས་ཀྱི་ཕྱོགས་སུ་ དཀྱིལ་འཁོར་གྲྭ་བཞི་པ་བྱས་ལ། སྔགས་བཟླས་ནས་ཉལ་ན་དགེ་བ་འམ་མི་དགེ་བ་སྟོན་པར་འགྱུར་རོ། །ཨོཾ་ན་མོ་བུདྡྷཱ་ཡ། ཀ་ཀཱ་རི། ཀུ་མཱ་རི། ཨུད་བ་ཏི། མེ་དར་ཤ་ཡ་སྭཱ་ཧཱ། དབྱར་ཟླ་འབྲིང་པོའི་ཉ་ལ་རྗེ་བཙུན་གདུང་དང་ བཅས་པ་ལ་ཅི་ལྟར་འབྱོར་བའི་མཆོད་པ་བྱས་པ་ལ། མེ་ཏོག་དཀར་པོ་དྲི་ཞིམ་པོ་འབུམ་ཕྲག་གཅིག་བླངས་ཏེ། རེ་རེ་ཞིང་སྔགས་བརྗོད་ཅིང་རྗེ་བཙུན་གྱི་ཞབས་ལ་བསྣུན་པར་བྱ་སྟེ། དེའི་མདུན་དུ་ཀུ་ཤའི་གདན་བཏིང་བ་ལ་ ཉལ་བར་བྱས་ན། སྔོན་གང་དུ་སྐྱེས་པའི་སྐྱེ་བ་རྨྱི་ལམ་ན་མཐོང་བར་འགྱུར་རོ། །ཨོཾ་སྟྃ་བྷེ་སྟྃ་བྷ་མི། ཨོཾ་ཛཾ་བྷེ་ཛཾ་བྷ་མི། ཨོཾ་ཨན་དྷེེ་ཨན་དྷཱ་མི། ཨོཾ་མོ་ཧེ་མོ་ཧ་མི། ལྷ་སྦྱིན་སྟཾ་བྷ་ཡ། ཛྃ་བྷ་ཡ། ཨན་དྷ་ཡ། མོ་ཧ་ཡ་སྭཱ་ཧཱ། སྔགས་འདི་ཏ་ལའི་ལོ་མ་ལ་བྲིས་ནས། ཁམ་ཀྱོང་དུ་བཞག་ལ་ཁམ་ཀྱོང་མི་གཙང་བས་བཀང་ལ་བརྐོས་ཏེ་སྦས་ན། དགྲ་ཐམས་ཅད་རེངས་པར་འགྱུར་རོ། །ཨོཾ་ན་མཿཙཎ་ཌ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཕཊ་ཕཊ། ཧུ་ལུ་ ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་བཟའ་བ་ལ་ལན་བདུན་དུ་བསྔགས་ཏེ་ཟོས་ན། ནད་ཐམས་ཅད་མེད་ཅིང་བདུད་རྩིར་འགྱུར་རོ། །ཀ་ལ་ཨག་ནི་རུ་དྲ། ཧ་ས་ 101-1-162a སྲ་ཛི་ཧྭ་ཋ་ཀ་རྃ་ཋ། མེ་རེངས་པར་བྱེད་པའི་སྔགས་སོ། །ཀྵཱི་ཀྵི་ཀྵ་ས་མ་ཀྵི་ཡ་སྭཱ་ཧཱ། ཚེར་ནད་ཀྱི་སྔགས་སོ། །ཨོཾ་ད་ཧ་ཀྵྃ་ཀྵ་སྭཱ་ཧཱ། སྡིག་པས་བཟུང་བའི་དུག་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཕཊ་ཕཊ་ཧཱུྃ་ཧ་སྭཱ་ཧཱ། རིམས་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྲི་ཀྵ་སྭཱ་ཧཱ། མགོ་བོའི་ནད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཧེ་ཧེ་སུ་སྭཱ་ཧཱ། ཨོཾ་ཀྵུ་ཧེ་ཀ་ཀྵ་ས་གསུས་པའི་ཟུག་གཟེར་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྵ་ མ་ཧཱ་སྭཱ་ཧཱ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྵཱི་ཀྵཱི་ས་མ་ཀྵི་ཡ་སྭཱ་ཧཱ། མིག་གི་ནད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྵ་པ་ཡ་ཀྵ་པ་མ་ཀྵི་སྭཱ་ཧཱ། ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྵ་ཀྵ་སྭཱ་ཧཱ། རྣ་བའི་ནད་མེད་པར་བྱེད་པའི་སྔགས་སོ། །སྃ་ཀྵི་བ་ཧ་པྲ་ཀྵི་བ་ས་སྃ་ཀྵི་བ་ཧ་པྲ་ཀྵི་ས་པ་ཡ། དུག་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཧསྟི་ཀི་རྞི་ཙུ་ལུ་ཙུ་ལུ་སྭཱ་ཧཱ། སྲོག་ཆགས་ལྕགས་ཕྱེ་མེད་པར་བྱེད་པའི་ སྔགས་སོ། །སྔགས་འདིས་ཁ་བཤལ་བའི་ཆུ་དེ་ཞག་གཅིག་ཏུ་བཞག་ལ་གཏོར་ན་མེད་དོ། །ཧི་ཧ་ཧཱུྃ་ཧ་མཁའ་འགྲོ་མ་འཆིང་བར་བྱེད་པའི་སྔགས་སོ། །ཧཱུྃ་ཧ་ར་ཧཾ་ཧ། ཡུངས་དཀར་ལ་བསྔགས་ཏེ་བརྒྱབ་ན། མཁའ་ འགྲོ་མ་རྣམས་འབྲོས་པར་འགྱུར་རོ། །ཨོཾ་ཀྵུ་སུ་ཀྵུ་ཧ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཀྵ་ཀྵ་ཀྵ། རྣ་བ་ཟུག་གཟེར་མེད་པར་བྱེད་པའི་སྔགས་སོ། །འདི་ཡིས་མར་ནག་ལ་མངོན་བར་བསྔགས་ཏེ་རྣ་བའི་བུ་ག་ དགང་བར་བྱའོ། །ཨོཾ་ཀྵཾ་ཀྵེ་ཧ་ས། མགོ་བོའི་ནད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཧཱུཾ་ཧཱུྃ་ཧཱུྃ་རཀྵ་ས་ཧ་སརྩ་ཀི་ཧོ་ན་ཤ་ཡ་སྭཱ་ཧཱ། གསུས་པའི་འབུ་མེད་པར་བྱེད་པའི་སྔགས་སོ། །ཨཱ་ཨཱི་ཧུྃ་ཙེ་ཧུྃ། ད་ཧ་ད་ཧ། ཛ་ལན་ ཏཾ། ཧ་རུ་སེ་ག་རུ་ཌཾ་ཏུཾ་སེ་པཎ་གཱ། ཨ་དཱ་སཱ་ས། མུ་དྷ་ཕུ་ཧ་ཎྜི་རེ་བི་ཤ་མ་ཙ་ལ། མ་ཀ་མ་ཨ་བཱ་ས་ཐ། མུ་ཧ་བ་ས་ཨི། ས་རཱ་ས་ཏི། སི་ཁཾ་བ་ས་ཨཱི། བན་བྷ་བད་དྷ་སི་རེ་བི་ཤ་ཨུསྤ་ར་གི། སི་རི་ཧ་ར། ད་ཨཱི་ཛ་སོ། ཨ་ཀི་ལ་ 101-1-162b ནཱི། ཀེ་ལེ་རེ། བི་ཤ་མ་ཨ་བཱ་ས་ཐཱ། གཞན་སྦྲུལ་གྱི་བཟུང་བའི་དུག་བཅིང་བའི་སྔགས་སོ། །ཨ་ཧ་བི་ཧི་མ་ཨི་པུ་རུ། ཀ་རི་ཨུ། སུ་བ་དུ་གྲ། མ་བྷ་ཎན་ཏ། ཀ་ཨ་བུ་ཏཱ། ཨེ་ཀ་ཀ་རཱ། བི་ཤ་བྷན་དྷི། ག་རུ་ཌ་ཧུ་དེ་ཧྃ། ཨཱ་ཧོ་ག་ རུ་ཌ། ཨེ་ཨྃ་བི་ཤཾ་བ་ཁ་ལཱ་ཨི། ཨུ་ཨཱུ། ཨ་ཨཱ། རེ་བི་ཤ་ཙ་ལ། མ་ཀ་མ། ཨ་བཱ་ས་ཐ། བདག་ཉིད་སྦྲུལ་གྱིས་བཟུང་བའི་དུག་བཅིང་བའི་སྔགས་སོ། །ཨོཾ་མ་ཧཱ་དེ་བ་ནི་ཀ་པ་ཀཎྛ། ཨེ་ཨྃ་གི་ཤཾ། བྷ་ཀྵ་བྷ་ཀྵ། ཧ་ར་ཧ་ར། ཧཱུྃ་ཀྵ་ས་ཧ་རེ་བི་ཥ། སྭཱ་སྠཱ་ནྃ་ཛ་ཛ་ཛ་སྭཱ་ཧཱ། དུག་གིས་བཅིངས་པ་གྲོལ་བར་བྱེད་པའི་སྔགས་སོ། །ཨོཾ་མ་ཧཱ་དེ་བ་བ་ར་མེ། ཤ་ར་ནི་པ་ལ་ཀན་ཋ། ཧ་ར་ཧ་ར་ཧཱུྃ། གཟའ་ལ་སོགས་པ་དབབ་པའི་སྔགས་སོ། །ཨོཾ་ན་མ་ཤི་ཤཱ་ ཡ། མ་ཧཱ་དེ་བ། མ་ཧཱ་བ་ལ་དེ་བ། ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ། སིདྷཱ་ཡོ་ག་ཌཱ་ཀི་ཎཱི། ཨཱ་ཀར་ཥ་ཨཱ་ཀར་ཥ། པུཤྤྃ་དྷུ་བཾ་པ་ལི། གྲྀཧྞ་བྷཀྵ་སྭཱ་ཧཱ། ཡི་དགས་ལ་སོགས་པ་གཏོར་མའི་སྔགས་སོ། །ཨོཾ་ཙ་མུཎ་ཌེ་བཛྲ་གྷོ་ཎེ་ཧཱུྃ་ཕཊ། སྔགས་འདིས་གཞན་གྱི་སྔགས་ཐམས་ཅད་མེད་པར་བྱེད་དོ། །ཆང་ཚོང་མའི་ཆང་ཉམས་པར་བྱེད་དོ། །ཉ་བའི་ཉ་རྒྱ་འཆིང་བར་བྱེད་དོ། །མར་ནག་འཚམ་པའི་ཆ་སྤྱད་ཉམས་པར་བྱེད་དོ། །ཕྱུགས་རྫི་རྣམས་ཀྱི་འོ་མ་མེད་པར་ བྱེད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱ་རྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏུ་རུ་ཏུ་རུ། སུ་རུ་སུ་རུ། བི་སུ་རུ་བི་སུ་རུ། ཆེ་གེ་མོའི་སརྦ་རོ་ག་ཤོ་ཥ་ཎི། བི་ཤོ་ཤ་ནི། མཱ་ཤ་བ་ཧུ་ མཱ་ཤུ་ལཱ་ཡ་ཏུ། མ་པ་ཙྱ་ཏུ། མ་དུ་ཁ། མཱསྟུ་ཏི་བྷ་བ་ཏུ། ཨ་ཏྲེ་བ་པ་རི་ཤུ་ཥྱ་ཏུ་སྭཱ་ཧཱ། གྲོག་མཁར་གྱི་ས་ལ་སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། འབྲས་དང་ཁྱི་རྔོ་ལ་སོགས་པ་ལ་བྱུགས་ན་སོས་པར་འགྱུར་རོ། ། ན་མོ་མུཉྩ་མུཉྩ་ཨཱ་རྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བི་ཛྙ་པ་ཡ་ཏི་སྭཱ་ཧཱ། གྲོ་ག་ལ་གོ་རོ་ཙ་ནས་བྲིས་ལ་སྐུད་པ་དམར་པོས་ལག་པ་ལ་བཅིངས་ན། རིམས་ཐམས་ཅད་མེད་པར་བྱེད་དོ། །སེར་པོའི་རྫས་ཀྱིས་ཨའི་ཡི་གེ་བྲིས་ལ། དེའི་ 101-1-163a ནང་དུ་གང་ཡིན་པའི་མིང་བྲིས་ཏེ། སྟེང་དུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་པར་བྱའོ། །དེས་ནི་ལྷ་བདེ་བྱེད་ཡིན་ཡང་རེངས་པར་བྱེད་དོ། །ཨོཾ་ཛ་ག་སེ་ལི་ཡེ། བཱིཛྫེ་སུན་ཐི་དཱ་སི་དཱ་སོ། །སུ་བ་དྲེ་སུ་བ་ཏྲེ། སཱ་ཎཾ་སཱཾ་ཎྃ། ཨ་བ་ལཱ་ཧི། སུཎྞ་ཎ་དཱི་སུནྣ་པཏྟ་རེ། ཧི་ཤི་ལཱ། ཨ་པ་རི་ས་ཛ་ཧོ་སྭཱ་ཧཱ། ཟངས་མའི་སྣོད་དུ་ཆུ་བླུགས་ལ་ལན་བདུན་དུ་མངོན་པར་བསྔགས་ཏེ། རླུང་དང་རྗེས་སུ་མཐུན་པར་ནམ་མཁའ་ལ་གཏོར་ཏེ། སེར་བ་དང་རླུང་དང་ཆར་པ་ དབབ་པ་ལ་སོགས་པ་མེད་པར་བྱེད་དོ། །ཨིན་དེ་ཎ་ཧ་ཏ་བོ་ཨཱ། ཛ་མེ་ཎ། ཨུ་སྤཱ་ཌ་ཨ་ཛི་ཧཱ། ད་ཨ་བ་མ་ཧཱ་དན་ཌེ་ཎ། ཏཛྫ་ཨཱ་སཱུ་ཧ་རེ་ཎ། ཨོཾ་ཛཾ་བི་ཛཾ་བི། ཛཾ་བྷེ་ཧི་ཛཾ་བྷེ་ཧི། ཨོཾ་ཐྃ་བྷེ་ནི་ཐཾ་ཐཾ་བྷེ་ཧི། ཨོཾ་མོ་ཧི་ནི། མོ་ཧེ་ཧི། ཨེ་ཧྱེ་ཧི་ཨེ་ཧེ་ཧེ་ཨོཾ་ཐཾ་ བྷ་ཐཾ་བྷ། མ་ཧཱ་ཐཾ་བྷ། ཆེ་གེ་མོ་ཐཾ་བྷ་ཡ་སྭཱ་ཧཱ། གང་ལ་ཡི་གེ་ཕྲེང་བ་གཉིས་བྲིས་ཏེ། འོག་གི་སྔགས་ཀྱི་ཡི་གེ་བར་བར་དུ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིས་ལ་བཅིང་། ཁམ་ཀྱོང་དུ་བཞག་ལ་དེའི་སྟེང་དུ་རང་གི་ཕྱི་ས་བཏང་སྟེ། དེའི་སྟེང་ དུ་ཉལ་ཉིལ་གྱི་ཐལ་བས་བཀང་སྟེ། ཁམ་ཀྱོང་གཞན་གྱིས་ཁ་བཀབ་སྟེ། དགང་བའི་རླུང་གི་སྦྱོར་བས་བརྐོས་ལ་སྦས་ན་རེངས་པར་བྱེད་དོ། །ཨོཾ་ཙུཀྐ་བི་ཙུཀྐ། ཙི་ཙི་ཀྵ། བི་བི་ཥ་ཎི་པི་ཏི་ཏི་སྭཱ་ཧཱ། གསུས་པའི་འབུ་ལ་སོགས་པ་ གཅོད་པའི་སྔགས་སོ། །བེའུ་ཤི་བ་གང་ཡིན་པ་ལ་ཁྲུས་བྱས་ཏེ། གཞན་གྱི་བེའུ་ལ་ཁྲུས་བྱས་པའི་ཆུ་ལ་ལན་བདུན་དུ་བསྔགས་ཤིང་། ཚ་ནག་པོ་ལ་ཡང་ལན་བདུན་བསྔགས་ཏེ། རྒྱབ་ཏུ་ཅུང་ཞིག་བླུག་ཅིང་སྔགས་བྲི་ བར་བྱའོ། །དེ་སྣ་རུ་ཡང་བླུགས་པར་བྱའོ། །ན་མོ་བྷ་ག་བ་ཏེ། རུ་ཏྲ་ཡ། པན་ཙ་གཱ་བོ་ཨི་མཾ་ཧྨ་བ་ཊ་བི་མཎ་ཌ་ལི། ཀ་ཏ་མ་བ་ན་ཙ། ནན་དྲཱི་བི་ཤ་ལཱ་བ་དུ་པ་ཙ་ཏུ་ར་ཐཱ་ཀ་ལུ་ཤོ་དཱ་རཱི། པན་ཙ་མི་གཱ་ཛ་སཱཾ་ས་མཱཪྠ། བྷན་ཛི་ཀ །ཡ་ཐཱ་ཡ་ཐཱ་ ན་ཀ་ཤྱ་ཨི་ཡཱཾ་ཛཱ། བ་སུ་དེ་བ་ཤྱ་ཨ་གྲ་ཏོ། །ས་མུ་དྲེ་ས་མུ་དྲེ། ག་ཧ་མ་ནྱ་ཧི། ཀཱ་ཏི་ཀཱ་ཀ་ཏཱ་ས་མ་ཡོ། སཏྭོ་ཛོ། ཨེ་ཀི་ཧཾ་བད་ཚ་ཀོ། སཾནྠཱ། སཾ་ཤོ་བད་ཚ་ཀོ། ཨི་མིད་ཏྭཱཾ། ལ་བ་ཎཾ་མ་ཧི་ཏཾ་ཨ་ཡཾ། སོརྞྞ་མ་ཡོ་དཱ་མོ་ཨ་ཡཾ། ཆེ་གེ་མོའི་གཱ་ 101-1-163b བི་ཨ་མུ་བད་ཚ་གེ་བ། བ་ཎ་ཨུ་སྃ་བ་ཏུ། ས་མཱ་ག་ཚ་ཏུ་མཱྃ་གོ། །ཨ་ཀོཾ་གོ་ཙཎ་ཌཱ་ལཱི་བྷ་བི་ཥྱ་ཏི་སྭཱ་ཧཱ། ཚ་དང་བསྲེས་པའི་ཆུས་གསེར་གྱི་དོང་ཙེ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ལ་བེའུའི་མགུལ་བར་གདགས་ཤིང་། དེའི་ ཆུས་བེའུ་ལ་གཏོར་ན་འགྲུབ་པར་འགྱུར་རོ། །ནོར་བུ་བཟང་པོའི་རྟོག་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཇི་སྙེད་ཚད་ཀྱི་སྔགས་ཀྱི་ཆོ་ག་ཞིབ་མོའི་རྟོགས་པ་རྫོགས་སྷོ།། །།རྒྱ་གར་གྱི་ མཁན་པོ་པཎ་ཌི་ཏ་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ངལ་བསོ་བའི་གནས་ན་ བཞུགས་པའི་ཚེ། གྲངས་མེད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ཚངས་བ་ དང་། མཐུ་བོ་ཆེ་དང་། ལྷ་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། སྟོབས་པོ་ཆེའི་སྟོབས་དང་། དགའ་བའི་དབང་པོ་དང་། ནག་པོ་ཆེན་པོ་བྱི་ཤུར་དང་། མ་མོའི་ཚོགས་དང་། གསང་ བ་ལ་གནས་བ་དང་། གྲུ་བཞིའི་རི་ལ་གནས་པ་དང་། འབོད་འགྲོགས་དང་། རྣམ་པར་འབོད་འགྲོགས་དང་། རྣམ་བར་འཇིགས་བྱེད་དང་། རིན་པོ་ཆེ་རགས་པ་དང་། རབ་གནས་གསང་བ་དང་། མཐའ་ཡས་གར་མཁན་ མཆོག་གསང་བ་དང་། རབ་མཆོག་ཆེ་བ་དང་། མཆེ་བ་འཁྱིལ་བ་དང་། མཆེ་བ་རྣོན་པོ་དང་། རྔ་མོ་རྐང་པ་ཅན་དང་། བལ་གླང་གི་མགོ་ཅན་དང་། རྒྱལ་བའི་དྲང་སྲོང་དང་། ཧ་ཧ་པ་ཏ་ཏ་རབ་ཏུ་འཇོམས་བ་དང་། འོད་བྱེད་པ་དང་། རབ་ཏུ་གཟི་བརྗིད་དང་ལྡན་བ་དང་། ཤིན་དུ་འོད་དང་། དམིགས་བཟངས་དང་། གཏོགས་འདོད་དང་། གསེར་གྱི་བ་སྤུ་ཅན་དང་། གསེར་གྱི་སྤུ་ཅན་དང་། རྣམ་པར་འཁྱིལ་པ་དང་། འབར་བར་སྨྲ་བ་དང་། མི་མགོ་ཅན་དང་། 101-1-164a རབ་ཏུ་གནས་པ་དང་། དཔུང་བཟངས་དང་། པན་ཙི་ཀ་དང་། མེ་ཏོག་གི་ཕྲེང་བ་དང་། གཙུག་ན་ནོར་བུ་དང་། གཙུག་ན་མེ་ཏོག་དང་། ནོར་གྱི་བདག་པོ་དང་། རབ་ཏུ་གསང་བ་པ་དང་། རབ་ཏུ་ལྡན་བ་དང་། ཤུགས་དྲག་པོའི་ ལུས་དང་། ཉི་མའི་གཟི་བརྗིད་དང་། ཉི་མའི་འོད་དང་། དགའ་བའི་ཉི་མ་དང་། མཆེ་བ་གཙིགས་པ་དང་། འབར་བའི་འབར་བ་དང་། འབར་བའི་འོད་དང་། འཇིགས་བྱེང་ཀྱི་གདོང་དང་། ཀུན་ཏུ་སྣང་དེ་ལ་སོགས་བ་གྲངས་ མེད་པ་མཐུ་བོ་ཆེ་དང་། རྫུ་འཕྲུལ་ཆེན་པོ་རྣམས་བྱེ་བ་བརྒྱ་སྟོང་གི་འཁོར་གྱིས་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྦྱན་སྔར་ལྷགས་ནས་འཁོད་དོ། བྱང་ཆུབ་སེམས་དཔའ་མང་པོ་ཚོགས་པའི་འཁོར་ཡང་ལྷགས་ ནས་འཁོད་དོ། །རིག་འཛིན་ཆེན་པོའི་འཁོར་ཚོགས་ཉེ་བར་ལྷགས་ནས། དྲང་སྲོང་སྨན་མ་རྣམས་ཀྱིས་མདུན་གྱིས་བྱས་ཏེ། ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཡང་འཁོར་མང་པོས་བསྐོར་ཏེ། གར་མཁན་ མཆོག་གནོད་སྦྱིན་གྱི་བདག་བོ་མཐུ་བོ་ཆེའི་ཆ་ལུགས་འཛིན་ཏེ། ཆ་ལུགས་བཟང་པོ་བསམ་པ་བཟང་པོ། སྐུ་བཟང་པོ་ཕྱག་བཟང་པོ། ནོར་བུ་རྣམ་པ་སྣ་ཆོགས་ཀྱིས་འཁྱིལ་པ་འཆང་བ། དབུ་བཟང་པོ་སྤྱན་བཟང་ པོ། སྣ་ཚོགས་མེ་ཏོག་གིས་མཉམ་པར་བརྒྱན་པའི་སྐུ། ཉི་མ་དང་ཟླ་བ་བས་ལྷག་པར་གཟི་བརྗིད་འཆང་བའི་རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་སྐུ། དགའ་བོ་དང་བསྙེན་དགའ་བོ། ཀླུའི་རྒྱལ་པོ་སེ་རལ་ཁར་ བྱས་པ། ཏ་ཀྵ་ཀ་ཀླུའི་རྒྱལ་བོས་སྐེད་བཅིངས་བྱས་པ། གཟུགས་སྣ་ཚོགས་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ། །ཟླ་བ་དང་ཉི་མ་འཛིན་ཅིང་ཀུན་དུ་འབར་བ་རབ་ཏུ་འབར་བའི་སྐུ་སྣང་བར་བྱེད་ཅིང་། ཞལ་རབ་ཏུ་བཞད་ ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྙེམས་པའི་ཡིད་ཀྱིས་འདུག་གོ། །དེ་ནས་ངལ་སོས་པོ་རྒྱལ་པོ་ཆེན་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ན་བར་འོངས་ཏེ། བཅོམ་ལྡན་འདས་ལ་རིན་པོ་ཆེ་སྣ་བདུན་ 101-1-164b གྱི་ངོ་བོ་ཉིད་ཀྱི་མེ་ཏོག་གིས་མཆོད་པ་བྱེད་པ་ནི། ཐང་ལས་སྐྱེས་བ་དང་། ཆུ་ལས་སྐྱེས་བའི་མེ་ཏོག་སྣ་ཚོགས་པད་མོ་དང་། པུན་ད་རི་ཀ་དང་། ཀུ་མུ་ཏ་དང་། ཨུཏྤ་ལ་མཐིང་ཀ་དང་། པུན་ད་རི་ཀ་དང་། པ་རི་ཤ་ཀ་དང་། ཙམ་པ་ཀ་དང་། མཱན་དཱ་ར་བ་དང་། མཱན་དཱ་ར་བ་ཆེན་པོའི་མེ་ཏོག་ལ་སོགས་པ་ཐོགས་ནས། བཅོམ་ལྡན་འདས་ལ་མཆོད་དེ། བརྒྱ་ཕྲག་སྟོང་དུ་མ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ གནོད་སྦྱིན་གྲངས་མེད་པའི་འཁོར་ཆེན་པོ་འདུས་པར་གྱུར་ཏོ། །ཤ་ཆེན་པོ་ཟ་བ་དང་། མིའི་ལུས་ཟ་བའི་གནོད་སྦྱིན་འབར་བ་དང་། སྣ་ཚོགས་ཀྱི་གཟུགས་འཛིན་པ་མང་པོ་འདུས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། འབར་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་སྣ་ཚོགས་ཚོགས་པར་གྱུར་ཏོ་བཅོམ་ལྡན་འདས་རིག་འཛིན་ཚོགས་ཆེན་པོའི་ཚོགས་ཀྱི་འཁོར་དང་། དྲང་སྲོང་ཆེན་ པོའི་ཚོགས་ཀྱི་འཁོར་དེ་དག་ཀྱང་འདུས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་མང་པོ་ཡང་ལྷགས་ཏེ། ཐོག་མའི་མཚན་མ་དེ་ངོ་མཚར་བརྗོད་པར་མཐོང་སྟེ། བཅོམ་ལྡན་འདས་གང་རིག་པ་བཤད་དུ་དགོངས་ པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་དུས་འདིའི་ཚེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ངལ་བསོ་བོའི་རྒྱལ་པོ་ཆེན་པོ་ལ་ཐུགས་ཕྱུང་ནས། གནོད་སྦྱིན་འདུལ་བ་ཀུན་དུ་ འབར་བའི་འོད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་ལ་འོད་ཟེར་སྣ་ཚོགས་བྱུང་སྟེ། སྟོང་གསུམ་གྱི་སྟོང་ ཆེན་པོ་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་སྣང་བར་བྱས་ནས། འདུས་པའི་གནོད་སྦྱིན་དང་། འབར་བ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། རྗེད་བྱེད་ཐམས་ཅད་ལ་བསྐུལ་ནས་འདུག་པའི་ཀླུ་དང་ཀླུ་ཆེན་པོ་ 101-1-165a ཐམས་ཅད་ལ་ཡང་བསྐུལ་ནས། སླར་འོངས་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐུལ་བ་བྱས་ཏེ། བཅོམ་ལྔན་འདས་ཀྱི་སྟེང་གི་སྤྱི་གཙུག་ཏུ་ཞུགས་པ་དང་། བཅོམ་ལྡན་འདས་བཞད་དེ། བཅོམ་ལྡན་འདས་བཞད་པ་དེས་ འོད་ཟེར་བདུན་ཞལ་གྱི་སྒོ་ནས་ཕྱུང་སྟེ། ངལ་སོས་པོའི་བུ་གར་མཁན་མཆོག་གི་སྤྱི་བོར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་འོད་ཟེར་དེ་ཞུགས་མ་ཐག་ཏུ། གར་མཁན་མཆོག་གནོད་སྦྱིན་གྱི་བདག་པོ་རང་གི་གཟུགས་སུ་ གནས་པར་གྱུར་ཏེ། གནོད་སྦྱིན་བདག་པོ་གནོད་སྦྱིན་རབ་ཏུ་འཇོམས་བར་བྱེད། འཇིགས་བྱེད་ཀྱི་ཞལ་གད་མོ་ཆེར་མཐོང་བ། འཇིགས་པར་བྱེད་པ། སྐུ་ཆེན་པོ་ཕྱག་སྟོང་གི་རི་རབ་ཆེན་པོ་ལྟར་རབ་ཏུ་འབར་བའི་སྐུས་རབ་ཏུ་ གཡོ་ཞིང་སྟོབས་པོ་ཆེ་རྣམ་པར་གནས་པ། འཇིགས་པར་བྱེད་པ། སྒྲ་འབྱིན་པ་མཚོན་ཆ་སྣ་ཚོགས་འཛིན་ཅིང་འཇིགས་པར་བྱེད་པ། མི་ཐོད་ཀྱི་ཕྲེང་བས་བཅིངས་པ། མི་མགོ་ཁྲག་གིས་བཀང་བ་འཛིན་པའི་ཕྱག་ཆ་ སྟག་ལྤགས་ཀྱིས་སྟོད་གཡོགས་པ། སེང་གེའི་འགྲོས་ལྟར་གྲགས་པ། བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བདག་གི་སྙིང་པོ་གཅིག་སྟེ། ལྷ་མ་ཡིན་ཐམས་ཅད་ཀྱི་བར་དུ་གཞོམ། ལྷ་དང་ཀླུ་རྣམས་ཉེ་བར་འགུགས་པ་དང་། ཀླུ་ཐམས་ཅད་གཞོམ་པ། གནོད་སྦྱིན་དང་། འབྱུང་པོ་དང་། ཤ་ཟ་དང་། གཟའ་ཐམས་ཅད་ རབ་ཏུ་གཞོམ་པར་བྱེད་པ། ཚངས་པ་དང་། དབང་པོ་དང་། མཐུ་བོ་ཆེས་ཕྱག་བྱས་པ། རིག་འཛིན་ཐམས་ཅད་ཀྱིས་གྲགས་པ། བརྗོད་པ་ཙམ་གྱིས་འགྲུབ་སྟེ། བཅོམ་ལྡན་འདས་བདག་གིས་འཁོར་ཆེན་པོ་ལྷགས་པའི་མདུན་ དུ་རབ་ཏུ་བསྒྲགས་པར་འཚལ་ན། རིག་འཛིན་ཐམས་ཅད་གྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཕྱིར། ཀུན་དུ་བརྗོད་པ་ཙམ་གྱིས་འགྲུབ་པར་འགྱུར་ཞིང་། །ལན་ཅིག་དྲན་པ་ཙམ་གྱིས་ཀྱང་། 101-1-165b བཅོམ་ལྡན་འདས་རིག་པ་ཐམས་ཅད་ཀྱི་དངོས་གྲུབ་རབ་ཏུ་སྦྱིན་བར་བྱེད་ཅིང་། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་ཞུགས་ནས། དམ་ཚིག་ཤེས་པར་གྱུར་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་བའི་རིགས་དང་། ནོར་བུའི་ རིགས་དང་། གླང་པོ་ཆེའི་རིགས་དང་། པད་མའི་རིགས་དང་། རྡོ་རྗེའི་རིགས་དང་། དཀྱིལ་འཁོར་ཆེན་པོའི་དངོས་གྲུབ་རྗེས་སུ་སྟེར་བར་འགྱུར་ཏེ། དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་ཞུགས་པར་བྱེད་པ། གཟུངས་ཆེན་པོའི་སྔགས་རྗེས་སུ་སྟེར་བ། བཅོམ་ལྡན་འདས་ཆུང་ངུ་ན་ལན་ཅིག་རྗེས་སུ་དྲན་པས་ཀྱང་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་རིགས་ཐམས་ཅད་ཀྱི་ཕྱིར་བྱིན་ གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ལ་བརྩེ་བར་དགོངས་ཏེ། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་ལུང་དང་། གསང་སྔགས་ཀྱི་དངོས་གྲུབ་རྗེས་སུ་སྩལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ བཞིན་གཤེགས་པས། གར་མཁན་མཆོག་སྡེའི་བདག་པོ་ལ་འདི་སྐད་ཅེས་བཀར་སྩལ་ཏོ། །རིགས་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་དང་། དཀྱིལ་འཁོར་དང་ཕྱག་རྒྱ་དང་། སྔགས་གྲུབ་པར་ངས་བྱིན་གྱིས་བརླབ་ཀྱིས། རིག་ འཛིན་ཐམས་ཅད་ཀྱི་དངོས་གྲུབ་མཆོག་གྲུབ་པར་བྱ་བའི་ཕྱིར། གནོད་སྦྱིན་གྱི་བདག་པོས་སྒྲོགས་ཤིག །དེ་ནས་གར་མཁན་མཆོག་གནོད་སྦྱིན་གྱི་བདག་པོ། བཅོམ་ལྡན་འདས་ག་ན་བ་དེར་སོང་ནས། བཅོམ་ལྡན་འདས་ ལ་ལན་གསུམ་སྐོར་བ་བྱས་ནས། སྤྱན་སྔར་འདུག་སྟེ་སྔགས་ཀྱི་ཚིག་འདི་སྨྲས་སོ། །ཨཱརྱ་ན་ད་ཀུ་བ་ར། མུ་ལ་མནྟྲ། ཨོཾ་ཨ་ཐཱ་ཏོ། ཛ་ལི་ཏ། ཧཱུ་ད་བ་ཧོ་ཏ་བ་ཏ། ཀ་ན་ཀ་མ། ནི་ཤི་ལ་ཏོ་པ་བ་ཏེ། མ་ནི་པྲ་ལམ་བཱ། ཧ་ར་དྷ། ཧ་ར་ར། ཙི་ཏ་ཧ་རི་ཏ་ལ། ཙན་དན་ཨ་ག་རུ་དུ་རུ་སྐ་ས་ཀྲིད། སནྣ་དྷྱ། ཤ་རཱི་རཾ། མ་ཧཱ་མེ་རུ། མནྡ་ར། ད་ར་ཝ་གཾ། བྷྱིར་དི་ར། དྷཻརྱ། པྲ་མ་རཏྠཱ། མནྡཪྴ་ན། ཨ་སུ་ར་ར་སཾ་ནྱ། མཪྡ་ཀཾ། དཪྫ་ཀཾ། བྷྱི་སྤུ་ལིཾ་ག་གད། དི་ཏྱ་ཏྱི་ཀི་ར་ན། བྲ་བ་ནུར་ཙི་ཏ་ 101-1-166a ཀ་པ་ལ། མོ་ལ་ཙ། པདྡ་ཙ། ཏ་མ་ཀུ་ཏ། ཧ་ས་ཀུ་ལཱ་མཱ། ནྲི་མ་ལཱ་མཱ། སུ་མེ་རུ། བར་པ་ཏ། ན་མ་སྐྲི་ཏྃ། བིནྡ་དཾ། པུ་ཙི་དཾ། ཏ་དྲི་ཏ་རངྒ། ཤི་ཁ་ར། ད་དུ་ཤེ་ལ་པྲ་ང་ཀི། ཨཱེ་མོ་ཀ །ཏྭ་ད་ཤ །སཾ་ཀ་ལཱ། །ཛ་སྣཱི་ལཾ་ཀྲི་ཏ། །ཙི་ཙན་ལ། ཤ་རཱི་རཾ། ཨ་ད་ཏ་ཏ། ཧ་ས་ཀུ་ལཾ། ཕྲ་མ་ཐཱ་ནཾ། ཨ་སུ་རཱ། བྷ་བ་ད་ན། ཀུ་ལཾ། པ་ར་ཡ་ཛྙཱ། པྲ་མྱེན་ཏྲ། ཤ་ནཾ། ཨ་ཙི་དཾ། སརྦ་བྷྱི་ད་རྱ་ར། ན་མ་སྐྲི་ཏཾ། ཨ་ནེ་ཀ །རེ་ཤ་ཡཻ་ཤ་དི་སི་ཏ། གཪྡ་རྫ། པུ་ཙི་དཾ། མ་ཧཱ་མེ་རུ། ཀུཎྜ་ལ། དྷ་རཾ། པ་ར་ ཡད་པ་ཉོ། བ་སུ་ཀི། ས་ག་རཾ། ནནྟོ་པ་ན། ཀ་ལ་ཀ་པོ་ལ། ཡེ་ཏྟྲ་ཏྲཾ། ཀ་པ་ལ། པ་མཱ་ལཾ་ཀྲིད་དཾ། ཤ་རཱི་རཾ། ཡུཾ་ལི་ད་རཾ། བ་ཡུ་པ་ཐཾ། མ་ཡ་ཝ་ག་ཛ་བཪྫ་ཏུ་རེ། རཾ་ཀ །ཙཀྲ་ཙ་རཾ། སུ་བེ་ཤཾ། སུ་ནེ་ཤཾ་སུ་ནེ་ཤཾ། སུ་ཝ་ཀ་ཏྲཾ། མ་ཧཱ་གུ་ཏ། ཀཾ། སིདྱ་སེནྤ་ཏི། ན་ད་ཀུ་པ་ད། མ་བཪྟ་ཡི་ཤ་མི། ཏདྱ་ཐཱ། ཨོཾ་ཨེ་ཧྱཻ་ཧི་བྷ་ག་བཱཾ། ན་ད་ཀུ་བ་ར། ཧ་ས་ས་ཧ་ས་ས། ཀུ་ཀུ་ར། ཀུ་ཀུ་ར། ཧཱུ་རུ་ཧཱུ་རུ། ཙི་ཏི་ཙི་ཏི། ཧུ་ཏ་ཧུ་ཏ། ཧ་ན་ཧ་ན། ཧ་ཧ་ན་ཧ་ཧ་ན། བི་ངྷྭ་ན་ས་ཡ། བྷ་དྲ་པ་ཡ། ཨུ་ཙྪ་ཊ་ཡ། ཀུ་པ་ར་ཀུ་པ་ར། གུ་གུ་ཀུ་ཀུ། ཡ་ཤ་ཀུ་པ་ར། ཙཾ་ཀ་ཡང་། བ་མ་ཪྟཾ། ཡ་གྷ་ཏ། བེ་ཤ་ར་ན་མ་སུ་བ་ཏྲ། ཧ་རི་ཧ་རི་ཨ་དུ་ཧ་རི་ནི། རཾ་ཀ་ཏ། ཨ་ནུ་ཏ་ནི། ཀུ་པ་ར། ཨ་བ་ར་ཙི་ཏེ། དེ་ཝི། དྲེ་ནི་ཧྲི། ཧི་རི་ཧི་རི། ཧ་རི་ལོ་ཙ་ ན། ནཱི་ལ་ལོ་ཙ་ན། པི་ཏ་ལོ་ཙ་ན། རགྟ་ལོ་ཙ་ན། བྷྱི་ཀྲིད་ལོ་ཙ་ན། ཀྲིཥྞཱ་ལོ་ཙ་ན། ད་བྷྱ་ལོ་ཙ་ན། སུ་བཪྞ་ལོ་ཙ་ན། མེ་གྷ་གྷོ་ཤོད་བྷ་བཱ་ཧ་ལ་ལ། ཤབྟ། ཀི་ནི་ཀི་ནི། ཀི་ན་པཱ་ཡཱ། ཧི་ཧི་ན་ད་ཀུ་པ་ར། བཾ་ཀ་ཀུ་པ་ར། ས་རི་ཤ །ཨ་བྷྱི་ཤ་ ན་ད་ཀུ་པ་ར། ཀུ་པ་ར། ཀུ་པ་ར་ཝ་ར་ཀུ་པ་ར། ཙ་ལ་ཙ་ལ་། མོ་ལི་ཡུ་ད་ར། ཙ་ལ་ཡ་ཙ་ལ་ཡ། བཛྲ་ན་ལ་གུཾ་ཁུ་ནུ། ཀུ་རུ་ཀུ་རུ། ཨ་ཏ་ད་ཧ། ཧ་ས་ཀུ་ལ། སཾ་ཀུ་ལཾ། སི་ཀུ་ལཾ། ཀུ་ལ་ཀུ་ལ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ་ མུ་ན་ཙ་ཤ །ར་བ་ཏ། ཀུ་ལུང་། ན་ད་ཀུ་པ་ར། ན་ད་མུ་པྒ་ར། ན་ད་ཀུ་པ་ར། ཝ་ར་བཛྲ། ད་ར་པདྨ་ད་ར། མུ་ས་ལ་ད་ར། ཙ་ཀྲ་ད་ར་ལ་ཀུ་ཏ་ད་ར། པ་ར་ཤུ་ད་ར། ཨ་ཡོ་མུ་ས་ལ། བྲ་ཧ་ར་ན་ད་ར། ཙ་ནྡྲ་སུ་ཏ། མ་ལ་ད་ར་ན། ཀྵ་དུ་ད་ར། གྲ་ཧ་མནྟ་ 101-1-166b བྷ་ར། ཏྭ་དྷ་ཤ་ཏི་དྱ་ཛྭ་ལ་དེ། ཛེ་ན་ཀ་ར། པྲ་བ་ནུ་ར་ཙི་ཏ། མ་ན་ད་ལ། ས་ག་ར་ས་ར་སྱི། བྷྱོ་ཤོ་ཤ་ན་ཀ་ར། མ་ཙྱི་མ་ཀ་རད་ཤུང་ཤུ་མ་ར། ཀྲིད་པ་ཤ་ད་ར། ཨ་སུ་ལ་གད་ནམ། བྷུད་ཏ་ག་གྷ་ནི་མ། མཪྟ་ན་ཀ་ར། ཀུཾ་བནྡ། པུ་ཙ་ཀ་ཡ། ཀྵ་ ར་ཀྵ་ས། དྷྲ་དེ་ཡོང་མ་ད་ན་ཀ་ར། ཏྭཾ་བྷ་ག་བཱཾ་ན་ད་ཀུ་པ་ར། ནཪྩ་ནཪྩ། ཧ་རི་ཧ་རི། ཧི་རི་ལོ་ཙ་ན། ཏད་ཏ་མོ་ཙ་ན། ཙ་རུ་ལོ་ཙ་ན། བྷྱི་ཀྲིང་ཏ་ལོ་ཙ་ན། པི་ཏ་ལོ་ཙ་ན། སུ་བ་ན་ལོ་ཙ་ན། ཨ་བྷྱི་ཤ་ཨ་བྱི་ཤ །ཤི་གྷྲང་ཤི་གྷྲང་། སིདྔྷྱ་ནྟུ་མ་མྟྲ་པ་དེ་ སྭཱ་ཧཱ། གར་མཁན་མཆོག་གི་རིག་པ་དང་པོ་སྟེ་ལས་སྟོང་བྱེད་དོ། །སྤྱིར་བསྐྲད་པ་ལ་མཚོན་ཆ་འམ། བལ་པོ་སེའུ་ཡི་ལྕུག་མ་འམ། ཀ་ར་བི་རའི་ལྕུག་མ་འམ། ཆུ་འམ་ཐལ་བས་སོ། རྨ་བྱའི་མཇུག་མ་བུམ་པའི་ནང་དུ་ སྤྲིན་ཞུགས་པ་ལྟར་ག་མ་བས་ཏེ། ཆར་བ་དབབ་བ་འི་དུས་ན་པོག་གིས་བདུགས་ན་ཆར་བ་འབེབས་པར་འགྱུར་རོ། ། ལན་ཅིག་བཟླས་བས་དབང་པོ་དང་། གཟའ་དང་གནོད་སྤྱིན་དང་། འབར་བ་དང་གདོན་ལ་བབ་བ་ནི། གུ་གུལ་ གྱིས་བདུགས་པས་ལན་ཅིག་བཟླས་བས་འབབ་པར་འགྱུར་རོ། ཐམས་ཅད་སྟོན་ཅིང་གང་དྲིས་པ་དེ་སླ་བར་འགྱུར་རོ། ། གུ་གུལ་ལ་བཟླས་ཏེ་བདུགས་པས་ཐམས་ཅད་འགུགས་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། འབར་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། རླུང་ལྷ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། འབར་བ་མོ་དང་། ཤ་ཟ་མོ་ལ་སོགས་པ་ལ། གུ་གུལ་ལ་ལན་ཅིག་བཟླ་ས་ཏེ་བདུགས་པས། ཐམས་ཅད་ འགུགས་ཤིང་སྨྲ་བར་འགྱུར་རོ། གུ་གུལ་ལ་ལན་ཅིག་བཟླས་ཏེ་བདུགས་ན། ཡུལ་ལས་སྐྲོད་པར་བྱེད་དོ། མར་དང་ཡུངས་དཀར་ལ་སྦྱིན་སྲེག་ལན་ཅིག་བཟླས་ཏེ་བསྲེགས་ན་ཕྱོགས་གཞན་དུ་སྐྲོད་པར་བྱེད་དོ། ཐལ་བ་ དང་ཡུངས་དཀར་གྱིས་སྤྱིན་སྲེག་བྱས་ལ། ཕྱོགས་བཞིར་གཏོར་ན་ཕྱོགས་སུ་འགྲོ་བར་འགྱུར་རོ། །རེག་པས་དབབ་ཅིང་ལྷུང་བཟེད་ལ་རྫ་མཁན་གྱི་རྫས་བསྲེགས་པའི་ཐལ་བས་ལྷུང་བཟེད་བཀང་སྟེ། གུ་གུལ་ལ་ལན་ 101-1-167a ཅིག་བཟླས་ཏེ། བདུགས་ན་འབར་བར་འགྱུར་རོ། །གུ་གུལ་གྱིས་བདུགས་ཤིང་སྔགས་ལན་ཅིག་བརྗོད་ན། རང་གྲོལ་སྟེ་གང་དེ་འདོད་པ་དེར་འགྲོ་འོ། བུམ་བ་བཀྲུས་ནས་ཙན་དན་དཀར་པོས་བསྐུས་ཏེ་ཆུས་བཀང་ ལ། དཀྱིལ་འཁོར་བྱས་ཏེ། མེ་ཏོག་གིས་གཏོར་ནས། གུ་གུལ་གྱིས་བདུག་ཅིང་། བུམ་བ་ལ་ལན་ཅིག་བཟླས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གཞག་ནས་སྔགས་བརྗོད་པར་བྱ། ལན་གཅིག་བརྗོད་པའི་གུ་ གུལ་གྱིས་བདུགས་ན་བུམ་བ་བབས་ནས་རང་འགྲོ་བར་འགྱུར་རོ། །ཡུངས་ཀར་གྱིས་བརྡེགས་ན། ས་ལས་འཕགས་ཤིང་སོར་བརྒྱད་ཀྱི་ཚད་ནམ་མཁའ་ལ་གནས་ཏེ། གང་དུ་འདོད་པ་དེར་འགྲོ་ཞིང་སླར་ཡང་འོངས་ ནས་དཀྱིལ་འཁོར་གྱི་དབུས་སུ་གནས་བར་འགྱུར་རོ། རྐང་པ་ལ་དབབ་བར་འདོད་ན་རྐང་པ་ལ་ཙན་དན་དང་གུར་གུམ་གྱིས་བསྐུས་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ནས། ཐལ་བ་དང་ཡུངས་ཀར་གྱིས་དེའི་སྟེང་དུ་གཏོར་པར་བྱ། གུ་གུལ་ལ་ལན་ཅིག་སྔགས་བཟླས་ཏེ་གཏོར་ན། བ་གླང་དང་ཕྱུགས་དང་མ་ཧེ་ལ་བབས་བར་འགྱུར་རོ། བུད་མེད་ལ་བབས་བར་འདོད་ན། དཀྱིལ་འཁོར་ གྲུ་བཞིར་བྱ་སྟེ། བཀྲུས་ནས་གོས་གཙང་མ་བགོས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཞག་ནས། མེ་ཏོག་གིས་གཏོར་ཞིང་གུ་གུལ་གྱིས་བདུགས་ན། བུད་མེད་ལ་བབས་བར་གྱུར་ནས། འདས་པ་དང་། མ་འོངས་ པ་དང་། ད་ལྟར་བྱུང་བ་ཐམས་ཅད་སྨྲ་བ་ནི། གུ་གུལ་གྱིས་གདུགས་པ་ལན་ཅིག་བཟླས་སོ། །དུར་ཁྲོད་ཀྱི་ཐལ་བ་དང་གུ་གུལ་དང་། ཡུངས་ཀར་དུ་བསྲེས་ཏེ། ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་སྐྱེས་བུའི་སྟེང་ དུ་གཏོར་ན། དེ་མ་ཐག་ཏུ་བབས་བར་འགྱུར་རོ། །གླུ་ལེན་པ་དང་གར་བྱེད་པ་དང་རྒོད་པ་དང་། རྒྱུག་པ་དང་། འགྲེང་པ་དང་། སྨྲ་བར་འགྱུར་བ་ནི། གུ་གུལ་གྱིས་བདུགས་པ་ལ་ལན་ཅིག་ཟླས་སོ། །མེས་མི་ཚུགས་པར་འདོད་ན། 101-1-167b ཤིང་བལ་ལ་ཡོངས་སུ་བཟླས་ཏེ། མེའི་སྟེང་དུ་གཏོར་ན་ཆབ་བྲོམ་ལྟར་གྲང་ཞིང་མེས་མི་ཚུགས་པར་འགྱུར་རོ། མཚོན་ཆས་མི་ཚུགས་པར་འདོད་ན། སྐུད་པ་དཀར་པོ་ལ་གུ་གུལ་གྱིས་བདུགས་པ་ལ་ལན་ཅིག་བཟླས་ཏེ་ དཔུང་པ་གཡོན་པ་ལ་བཅིངས་ན། གསང་སྔགས་ཐམས་ཅད་ཀྱིས་ཀྱང་མི་ཚུགས་པར་འགྱུར་རོ། ཐོ་བ་ལ་བབས་བར་འདོད་ན། བའི་ལྕིབས་ལ་མ་ལྷུང་བས། དཀྱིལ་འཁོར་བྱས་ལ་མེ་ཏོག་གིས་གཏོར་ཏེ་དབུས་སུ་བཞག་པར་ བྱ། གུ་གུལ་གྱི་བདུགས་པས་བདུག་ཅིང་སྔགས་ལན་ཅིག་བརྗོད་པས་ཐོ་བ་ལ་བབས་ནས་ལངས་ཏེ་འགྲོ་བ་ན། གང་དུ་གཏོང་བ་དེར་འགྲོ་སྟེ། སླར་ཡང་འོངས་ནས་དཀྱིལ་འཁོར་ལ་གནས་སོ། དམག་གི་ནང་དུ་ཞུགས་ནས་ རང་ཉིད་ཀྱིས་འབབས་པར་བྱེད་དོ། གཡུལ་ངོར་འཐབ་ན་རྒྱལ་བར་འགྱུར་རོ། གྲོང་ནས་མི་སྐྲོད་ཅིང་གྲོང་ཡང་གཞོམ་པར་བྱེད་དོ། ཤིང་རྩ་ནས་འབྱིན་པ་དང་། སྣོད་གཞོམ་པ་དང་། སྒོ་གཞོམ་པ་དང་། གང་དང་གང་གི་ལས་སུ་བྱ་བ་ དེ་ཐོ་བས་བྱེད་དོ། མདུང་རྩེ་གསུམ་པ་ལ་འབེབས་བར་འདོད་ན། དཀྱིལ་འཁོར་གྱི་དབུས་སུ་གཞག་སྟེ། གུ་གུལ་ལ་ལན་ཅིག་བཟླས་ཏེ་བདུག་བར་བྱ། སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ན། མདུང་རྕེ་གསུམ་པ་ལངས་ ནས་ནམ་མཁའ་ལ་འགྲོ་ཞིང་ཕྱོགས་ཀུན་ཏུ་འགྲོ་བ་དང་། ས་ལ་བྱིང་ཞིང་འབྱུང་བར་ཡང་བྱེད་ཅིང་། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཡང་གནས་བར་འགྱུར་རོ། མཚོན་ཆ་ལ་བབས་བར་འདོད་ན། སྔགས་ལན་ཅིག་ བཟླས་ཏེ། གུ་གུལ་གྱི་བདུག་པས་ལན་ཅིག་བདུགས་ན། མཚོན་ཆ་ལ་བབས་བར་འགྱུར་ཏེ། དངོས་པོ་ཐམས་ཅད་བྱེད་དོ། རལ་གྲི་ལ་བབས་བར་འདོད་ན། དུར་ཁྲོད་ཀྱི་ཐལ་བ་དང་གུ་གུལ་གྱི་བདུག་པས་བདུགས་ན་ འབབ་བར་འགྱུར་རོ། མིའི་ཐོད་པ་ལ་འབབས་བར་འདོད་ན། ཐོད་པ་བཀྲུས་ཏེ་ཙན་དན་གྱིས་བསྐུས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གཞག་སྟེ། སྔགས་ལན་གཅིག་རྗེས་སུ་དྲན་པར་བྱས་ན། ཐོད་པ་ལ་འབབས་བར་ 101-1-168a འགྱུར་ཏེ། གར་བྱེད་པ་དང་གཱུ་ལེན་པ་དང་། རྒྱུག་པ་དང་སྨྲ་བ་དང་འགྱུར་བ་དང་སྟོན་ཏོ། རོལ་གར་བྱེད་པར་འདོད་ན། ཡུངས་ཀར་ཆུས་ཁྲུས་བྱས་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་བཟླས་ན་རོ་ལངས་པར་ འགྱུར་ཏེ། གར་བྱེད་བ་དང་གླུ་ལེན་བ་དང་། སྨྲ་བ་དང་རྒོད་བ་དང་ཐམས་ཅད་བྱེད་པར་འགྱུར་རོ། །མིའི་ཀེང་རུས་ལ་དྲི་སྣ་ལྔས་ཁྲུས་བྱས་ནས། ཡུངས་ཀར་གྱིས་ཁྲུས་བྱས་ནས་དཀྱིལ་འཁོར་བྱས་ནས་མེ་ཏོག་ གིས་གཏོར་ཞིང་། ཀེང་རུས་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས། གུ་གུལ་གྱིས་བདུགས་ཏེ་སྔགས་བརྗོད་ན་ཀེང་རུས་ལ་འབབས་པར་འགྱུར་ཏེ། ལངས་ནས་གར་བྱེད་པ་དང་། གང་དུ་འདོད་པ་དེར་འགྲོ་ཞིང་ སླར་འོངས་ནས་འདས་བ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གང་འདོད་དྲིས་པ་དེ་སྨྲའོ། མཚོན་ཆ་ལ་ལན་ཅིག་བཟླས་ཏེ་གུ་གུལ་གྱིས་བདུགས་ཤིང་ཧཱུྃ་ཐེང་ཅིག་བྱས་ཏེ་བ་ཏང་ན། ཡུལ་ངོར་རབ་ཏུ་ཞུགས་ན་ འབར་ནས་གཡུལ་དོ་ཟློག་ཅིང་། དགྲ་ཐམས་ཅད་དང་ལག་པར་བྱེད་བ་དང་མི་མཛའ་བ་རྣམས་རབ་ཏུ་འཇོམ་པ་དང་། སྐྲག་པར་བྱེད་པ་དང་། ཕྱོགས་ཕྱོགས་སུ་བསྐྲད་བ་བྱེ་ད་བར་འགྱུར་རོ། །བུམ་པ་སྒྲུབ་པར་འདོད་ན་ཙན་ དན་གྱིས་བསྐུས་ཏེ། དཀྱིལ་འཁོར་བྱི་དབུས་སུ་བཞག་ནས་མེ་ཏོག་གིས་གཏོར་ནས། གུ་གུལ་གྱིས་བདུག་ཅིད་སྔགས་ལན་ཅིག་བརྗོད་བས་འབབ་བར་གྱུར་ཏོ། །གང་དུ་འདོད་བ་དེར་འགྲོ་ཞིང་། སླར་ཡང་འོངས་ ནས་རང་གི་གནས་སུ་འདུག་པར་འགྱུར་རོ། །མཛོད་དུ་བབས་ན་འབྲུ་ཐམས་ཅད་གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ཡུངས་ཀར་ལ་སྔགས་ལན་གཅིག་དྲན་པར་བྱས་ནས་ཚོང་དུས་སུ་བོར་ནས། ཚོང་དུས་སུ་་ བཀྲམ་པའི་སྣོད་ཐམས་ཅད་འགུགས་ཤིང་གང་དུ་འདོད་པ་དེར་འགྲོའོ། །མཚོན་ཆ་ཡང་གང་དུ་འདོད་བར་འཕོ་བར་འགྱུར་རོ། །བུ་དོན་གྱི་མདུན་དུ་སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ཏེ། གུ་གུལ་གྱིས་བདུགས་ 101-1-168b ན་བུ་དོན་གྱི་གཟུགས་གཞན་དུ་འཕོ་ཞིང་གང་དུ་འདོད་བ་དེར་འགྲོའོ། །གང་གི་གནས་སུ་གཏེར་ཡོད་པར་དགོས་པ་དེར་དཀྱིལ་འཁོར་བྱས་ཏེ། གུ་གུལ་གྱིས་བདུགས་ན། གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། ཁང་སྟོང་ངམ་ཁང་བ་འམ། གྲོང་ངམ་ལྷའི་གནས་སམ། རི་འམ་སྐུ་གཟུགས་སམ། མཆོད་རྟེན་ནས། ནམཁའ་འམ། ཞིང་ངམ་སྟོན་ཀའི་གཡུལ་ལ་མ་བྲེས་ལ་སོགས་པར། གུ་གུལ་གྱིས་བདུག་ཅིང་སྔགས་ རྗེས་སུ་དྲན་པར་བྱས་ན། གཏེར་ཐམས་ཅད་རང་འབྱུང་བར་འགྱུར་རོ། །གྲོང་དང་ཉེ་བར་དཀྱིལ་འཁོར་བྱས་ཏེ་སྔགས་དྲན་པར་བྱས་ནས། གུ་གུལ་གྱིས་བདུགས་ན་གྲོང་ཐམས་ཅད་ཆེར་གཡོས་བར་འགྱུར་རོ།། ཡུངས་ཀར་ལ་བཟླས་ཏེ་གུ་གུལ་གྱིས་བདུགས་ལ་སྔགས་རྗེས་སུ་དྲན་པར་བྱས་ནས་ལྷ་ཁང་དུ་གཏོར་ན། ལྷའི་གཟུགས་ཐམས་ཅད་གར་བྱེད་བར་འགྱུར་རོ། །སྔགས་ལན་ཅིག་བཟླས་ཏེ། གུ་གུལ་གྱིས་བདུགས་ ན་འགྲོ་བ་ཐམས་ཅད་ལ་འབབས་ཤིང་ཕྱོགས་ཀུན་དུ་རྒྱུག་བར་འགྱུར་རོ། །བ་ལང་ལ་འབབས་པར་འདོད་ན། ཡུངས་ཀར་ལ་སྔགས་ལན་གཅིག་བཟླས་ཏེ། གུ་གུལ་གྱིས་བདུགས་ལ་བརྡེགས་ན། བ་ལང་ལ་ལ་ འབབས་བར་འགྱུར་ཏེ། གང་དུ་འདོད་པ་དེར་འགྲོ་ཞིང་དགྲ་ཐམས་ཅད་ལས་རྒྱལ་བ་དང་དགོས་པ་ཐམས་ཅད་བྱས་ནས་སླར་འོང་བར་འགྱུར་རོ། །ཚད་མང་གི་ནང་དུ་སྔགས་དྲན་བར་བྱས་ནས། གུ་གུལ་གྱིས་བདུགས་ ན། ཁ་ཟས་ཚོས་པ་རྣམས་གང་དུ་འདོད་པར་འཕོའོ། །མཁུར་བ་མཁན་གྱི་ཁང་བར་སྔགས་དྲན་བར་བྱས་ཏེ། གུ་གུལ་གྱིས་བདུགས་ན་མཁུར་བ་ཐམས་ཅད་གང་དུ་འདོད་པ་དེར་འགྲོའོ། །རིམས་ནད་ཐམས་ཅད་གཞིག་ པ་དང་། བདག་བསྲུང་བ་དང་ཡུངས་ཀར་དང་ཐལ་བ་དང་ཆུ་ལ་ལན་ཅིག་བཟླས་ནས་གུ་གུལ་གྱིས་བདུགས་ནས། བསྲུང་བའི་སྐུད་བ་མགུལ་བར་བཅིངས་ན། འཇིགས་པ་དང་ནད་ཐམས་ཅད་སེལ་བར་འགྱུར་རོ། །རིམས་ 101-1-169a ནད་ཐམས་ཅད་གཏོང་བར་འདོད་ན། གུ་གུལ་ལ་ལན་ཅིག་བཟླས་ལ་བདུགས་ན་དེ་མ་ཐག་ཏུ་འགྲོ་བ་སྟོང་ཡང་རིམས་ནད་ཀྱིས་ཐེབས་པར་འགྱུར་རོ། །དེ་ཉིད་ཀྱིས་འཕོས་པར་འགྱུར་རོ། །ཞག་བཞི་རིམས་ཀྱིས་ བ་ཏབ་པར་འདོད་ན། བ་ལང་གི་ཤ་དང་གུ་གུལ་གཅིག་ཏུ་བསྲེས་ལ་ལན་བདུན་བཟླས་ཏེ་བསྲེགས་ན། གང་གི་མི་འདོད་པ་དེ་ཞག་བདུན་གྱི་རིམས་ཀྱིས་བཏབ་པར་འགྱུར་རོ། །གུ་གུལ་ལ་ལན་བདུན་བཟླས་ཏེ་ལན་བདུན་ བསྲེགས་ན་སླར་སོས་པར་འགྱུར་རོ། །གང་གི་མི་དེ་ལ་ལན་ཅིག་བཟླས་པའི་གུ་གུལ་ལ་ལན་བདུན་བཟླས་ཤིང་མེར་བཅུག་ན། གང་དང་གང་གི་མིང་གཟུང་བ་དེ་ཉིད་གཟས་ཟིན་བར་འགྱུར་རོ། །ཐལ་བས་ཐིག་ལེ་ བྱས་ཏེ་སྤྱི་གཙུག་ཏུ་བཅིངས་པ་གྲོལ་བར་འགྱུར་རོ། །རིམས་ནད་ཐམས་ཅད་ཞི་བར་འདོད་ན་སྐུད་པ་ནག་པོ་འམ་འཇག་མ་ལ་ལན་ཅིག་བཟླས་པས་ཞི་བའོ། །གང་ཅུང་ཟད་བྱས་པ་ཐམས་ཅད་ལ་གུ་གུལ་ལ་ལན་ཅིག་ བཟླས་པས་ཞི་བར་འགྱུར་རོ། །གར་མཁན་མཆོག་དཔྱད་པ་དང་པོ་རྫོགས་སྷོ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤ་ར་མ་ན་སྱ། གྷུ་ཧྱ་ཏི་པ་ཏི་པ་ཏི། ཏ་བ་ན་ད་ཀུ་བ་ར། མ་ཝརྡའི་ཤ་མི་ཨ། ནུ་རུ་སུ་རུ་བ་པ། ན་ད་ཀུ་པ་ར་། ཙནྡྲ། ཁནྣ་ཁནྣ། ཧེ་མ་ཧེ་མ། ཀ་ན། ན་ད་ཀུ་བ་རཾ། ཧེ་མ་ག་ན། གུ་ཧ་ཀཾ། ཙ་ལ་ཙ་ལ། པ་ཙ་པ་ཙ། བུ་ལུ་བུ་ལུ་སྭཱ་ཧཱ། གཅིག་ཏུ་དཔའ་བ་རྣམས་འདུལ་ཞིང་ལས་ཐམས་ཅད་གདོན་མི་ཟ་བར་བྱེད་པ། དངོས་གྲུབ་གྱི་ལས་ བླ་ན་མེད་པ་ཐམས་ཅད་དང་། བླ་ན་མེད་པ་དགོས་པ་ཐམས་ཅད་བརྗོད་པ་ཙམ་གྱིས་འགྲུབ་བར་འགྱུར་རོ། །བསྐྲད་པར་བྱ་བར་འདོད་ན་སེང་ལྡེང་གི་ཕུར་བུ་སོར་བརྒྱད་ཀྱི་ཚད་དུ་བྱས་ཏེ། ལན་ཅིག་ཡོངས་སུ་བཟླས་ ཏེ། གང་གི་སྒོར་བཏབ་སྟེ། །དེ་མ་ཐག་གུ་སྐྲོད་པར་འགྱུར་རོ། །ཕུར་བུ་ཕྱུང་ན་གྲོལ་བར་འགྱུར་རོ། །ཡུངས་ཀར་ལ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དགྲ་བོའི་ཁྱིམ་དུ་བོར་ན། དེ་མ་ཐག་ཏུ་འཁྱམ་བར་འགྱུར་རོ་ 101-1-169b གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བདུགས་ན་གྲོལ་བར་འགྱུར་རོ། །འཁྱམ་བར་འདོད་ན་མིའི་རུས་པ་ལ་སོར་བརྒྱད་དུ་བྱས་ཏེ། ལན་ཅིག་ཡོངས་སུ་བཟླས་ནས་གུ་གུལ་གྱིས་བདུགས་ཏེ། སྒོ་དྲུང་དུ་བཏབ་ ན་ཞག་གསུམ་གྱིས་ཉེ་དྲུང་ཐམས་ཅད་དང་བཅས་ཏེ་འཁྱམ་པར་འགྱུར་རོ། །ལྕགས་ལ་ཐོ་བ་བྱས་ཏེ། ལན་ཅིག་ཡོངས་སུ་བཟླས་ཏེ། གང་གི་མིང་གཟུང་ནས་སར་བཅུག་ན་དེའི་ལུས་དུམ་བུ་བཅུར་ཞིག་པར་ འགྱུར་རོ། །ཕྱུང་ན་ཐར་རོ། །དུར་ཁྲོད་དུ་གང་གི་མིང་གཟུང་སྟེ་བཅུག་ན་དེ་འབྱུང་པོ་ཆེན་པོས་ཟིན་ཏེ་ཕྱུང་ན་ཐར་རོ། །ཁང་སྟོང་དུ་གང་གི་མིང་གཟུང་སྟེ་ཤ་ཟའི་གཟས་ཟིན་པར་འགྱུར་རོ། །ཕྱུང་ན་ཐར་རོ། །ལྷ་ཁང་ དུ་ས་བརྐོས་ཏེ་བཅུག་ན་ལྷ་ཆེན་པོའི་གཟས་ཟིན་པར་འགྱུར་རོ། །ཕྱུང་ན་ཐར་རོ། །ཚལ་དུ་གང་གི་མིང་གཟུང་སྟེ་ས་བསྐོས་ཏེ་བཅུག་ན་རང་གི་གཉེན་འཁོར་དང་། བུ་དང་བུ་མོ་དང་ཁྱིམ་ཐམས་ཅད་སྤངས་ནས་ཐམས་ ཅད་རབ་ཏུ་འབྲོས་བར་འགྱུར་ཏེ་ཇི་ལྟར་རི་དགས་བཞིན་དུ་ནགས་སུ་སྤྱོད་པར་འགྱུར་རོ། །ཕྱུང་ན་ཐར་རོ། །ཐམས་ཅད་ལ་གུ་གུལ་ལ་ལན་ཅིག་བཟླས་བས་འགྲུབ་བར་འགྱུར་རོ། །དཀྱིལ་འཁོར་གྲུ་བཞིར་བྱས་སྟེ། ཐོ་བ་ལ་ལན་ཅིག་ བཟླས་ཏེ། གུ་གུལ་གྱིས་བདུག་ཅིང་ཐོ་བ་དཀྱིལ་འཁོར་ཀྱི་དབུས་སུ་གཞག་གནོད་སྦྱིན་དང་། །འབར་བ་དང་། འབར་བ་མོ་དང་། གནོད་སྤྱིན་མོ་རྣམས་ངུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་བར་འགྱུར་རོ། །གནོད་སྦྱིན་གྱི་གཟུགས་བྱས་ སམ། ཡང་ན་བྲིས་བ་ལ་ལན་ཅིག་བཟླས་ཏེ། གུ་གུལ་གྱིས་བདུགས་ན་གནོད་སྦྱིན་དང་འབར་བ་མོ་དང་། གནོད་སྦྱིན་མོ་མདུན་དུ་བཞུགས་ཤིང་དགོས་པ་ཐམས་ཅད་བྱེད་བར་འགྱུར་རོ། །གཏེར་ཐམས་ཅད་འགུགས་ཤིང་སྟོན་པར་བྱེད་དོ།། གང་དུ་གཏོང་བ་དེ་འགྲོ་བར་འགྱུར་རོ། །ངལ་སོས་བོའི་གཟུགས་བརྙན་སྨྲ་བར་འགྱུར་སྟོ། གང་འདྲི་བ་དེ་ཐམས་ཅད་སྨྲ་ཞིང་སྟོན་བར་བྱེད་དོ། །གཏེར་ཐམས་ཅད་སྟོན་ཅིང་བདག་གིས་བླང་ནུས་པར་འགྱུར་རོ། །ཡུངས་ཀར་དང་ 101-1-170a ཐལ་བ་བསྲེས་ཏེ། སྔགས་ལན་གསུམ་ཡོངས་སུ་བཟླས་ནས་སྤྱི་བོར་གཞག་ལ། གུ་གུལ་གྱིས་བདུག་ཅིད་སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ནས། ངལ་སོས་པོའི་འཁོར་དེ་གནོད་སྦྱིན་སྟོང་དང་ བཅས་ཏེ། ནོར་དང་བཅས་ཏེ་མདུན་དུ་འོངས་ནས་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །མཐུ་བོ་ཆེ་རྐང་པས་མནན་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་བཟླས་ན། བཟླས་པ་ཙམ་གྱིས་ གཟུགས་གཡོ་བར་འགྱུར་ཏེ། ཡུངས་ཀར་གྱིས་བརྡེག་ན། ཚིག་སྨྲ་ཞིང་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ། །མདུན་དུ་འདུག་ནས་བཀའ་ཐམས་ཅད་ཉན་ཅིང་། དགོས་པ་ཐམས་ཅད་འགྲུབ་ཅིང་དཔྱད་ཐམས་ཅད་ ཀྱི་དངོས་གྲུབ་སྦྱིན་པར་བྱེད་དོ། །མིའི་ཐོད་པ་ལ་སྔགས་ལན་བདུན་བཟླས་པའི་ཡུངས་ཀར་ཐོད་པའི་ནང་དུ་བཅུག་སྟེ། དྲག་པོའི་མགོར་བཅུག་ན་ཅི་སྲིད་འཚོའི་མགོར་ཐོད་པ་གནས་ཀྱི་བར། དེ་སྲིད་དགོས་པ་ཐམས་ཅད་ འགྲུབ་ཅིང་། མཆོག་ཐམས་ཅད་སྟེར་ཞིང་བཀའ་བཞིན་བྱེད་པར་འགྱུར་རོ། །གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ནས། ཚིག་སྨྲ་ཞིང་བྱ་བ་ཐམས་ཅད་བྱེད་མཆོག་ཐམས་ཅད་སྟེར་པར་འགྱུར་རོ། ཚངས་པ་ རྐང་པས་མནན་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་བརྗོད་ནས། འོ་མ་དང་ཞོས་བཀྲུས་ན། ཚངས་པ་རང་གི་གཟུགས་ཀྱིས་མདུན་དུ་འདུག་སྟེ་གསང་སྔགས་དཔྱད་དང་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་རོ།། ཁྲུས་བྱས་བའི་འོ་མ་དེ་འབྲས་ཁྲར་མའི་ཟན་དང་བསྲེས་ཏེ་ཟོས་ན་ཐོས་པའི་རྒྱུད་ཐམས་ཅད་ཁ་ཏོན་ནུས་ཤིང་། དཔྱད་དང་སྔགས་ཐམས་ཅད་རྗེས་སུ་འཇུག་པར་འགྱུར་རོ། །ཐོས་པ་ཐམས་ཅད་ཆུད་མི་ཟ་བར་འགྱུར་ རོ། །མི་འམ་ཅི་དང་ཚངས་པའི་དབྱངས་ཀྱི་ང་རོ་དང་ལྡན་བར་གྱུར་ནས། །ལུས་ཐམས་ཅད་དག་ནས་ཚེ་ལོ་སྟོང་དུ་འགྱུར་ཞིང་། འཁྱིལ་ཅིང་འཁྱིལ་པ་སྒྲ་དང་འཛིན་པའི་ཚིག་ཏུ་འགྱུར་རོ། །དགྲ་བོའི་གཟུགས་བརྙན་བྱས་བ་འམ་ 101-1-170b འོན་ཏེ་བྲིས་པ་ལ་བལ་བོ་སེའུ་འི་ལྕུག་མ་ལན་ཅིག་བཟླས་ཏེ་གུ་གུལ་གྱིས་བདུགས་ན་ལུས་ཐམས་ཅད་བཅིང་བར་འགྱུར་རོ། །མིའི་ཐོད་པ་གཟུང་སྟེ། ཀ་ར་བི་རའི་ལྕུག་མས་དགྲ་བོའི་མིང་གཟུང་ཞིང་གཞུས་ན། དགྲ་ཐམས་ ཅད་ཀྱི་མིང་རྡོལ་ཞིང་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་ཞིག་པར་འགྱུར་ཏེ། ཐམས་ཅད་གུ་གུལ་གྱིས་བདུག་པ་དང་། ལན་གཅིག་བཟླས་སོ། །ལས་ཐམས་ཅད་ལ་ལན་ཅིག་བཟླས་པ་ཙམ་གྱིས་དངོས་གྲུབ་འགྲུབ་ བར་འགྱུར་རོ། གཅིག་ཏུ་དཔའ་བ་གར་མཁན་མཆོག་གི་ཆོ་ག་གཉིས་པ་རྫོགས་སྷོ།། །།ན་མོ་བཻ་ཤ་ར་མ་ན་སཱུ་ཏྲ་ཡ། ཡར་ན་དྷ་ཀུ་པ་ར་ཡ་དི་བྷྱ། བྱི་ན་མ། ཚ་རི་ཐཾ་ཡ། ཧེ་མ་མ་ལ། ཀུ་ན་ཏ་ལ། ཤ་རཱི་ར་ཡ། ཀྵ་རཀྵ། ས་མི་ན་ ཏི་ཏ་ཡ། ཏྭོཾ་བྷ་ག་བཾ། མ་བཱ་ར་དཻ། བྱ་མྱཻ། ཏདྱ་ཐཱ། བ་ནི་བ་ནི། ཀུ་ཏ་ཀུ་ཏ། ཀུད་ཏ་ཀུད་ཏ། ཀུ་ཀུ། ཀུ་ཀུ། པ་ཙ་པ་ར། ཕུ་ར་པུ་ར། ཀུ་པ་ར་ཀུ་པ། མ་ར་ཀུ་བ་ར། དི་བྱི་མཾ། ཀུན་ད་ལི། རུ་ཏི་རུ་ཏི་སྭཱ་ཧཱ། དེ་ནས་གནོད་སྦྱིན་མོ་སྒྲུབ་ པར་འདོད་ན། ཝ་ཏེའི་ཤིང་ལས་སྤང་ལེབ་བྱས་ལ། གནོད་སྦྱིན་མོ་བྲི་བར་བྱ། ཁ་དོག་སྔོ་བསངས་ལ། གདོང་ཁྲོ་གཉེར་ཅན། མཆེ་བ་འཁྱིལ་པ། སྟོད་གཡོགས་མེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་ པ་གཡོན་པ་ན་མིའི་ཐོད་པ་ཁྲག་གིས་གང་བ། ལག་པ་གཡས་པས་མཆོག་སྦྱིན་པ་སྟེ། དེའི་མདུན་དུ་རིག་པ་བཟླས་ཤིང་། ཟས་དཀར་པོ་བཟའ་བར་བྱ། བརྒྱ་སྟོང་རྫོགས་པ་དང་། གནོད་སྦྱིན་མོ་མདུན་དུ་འོངས་བར་ འགྱུར་ཏེ། དེའི་གཏོར་མ་དཀར་པོ་ཡོན་ཆུ་སྦྱིན་བར་བྱའོ། །སྨྲ་བ་ཅི་བགྱི་བཀའ་སྩོལ་ཅིག་ཅེས་བགྱིས་པ་དང་། རིག་འཛིན་གྱིས་སྨྲ་བར་བྱ་བ་ངའི་ཆུང་མ་གྱིས་ཤིག་ཅེས་སྨྲས་བ་དང་དེ་བཞིན་ནོ་ཞེས་ནས་མི་ སྣང་བར་འགྱུར་རོ། །དེ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཅིག་འོངས་ནས་དེ་དང་ལྷན་ཅིག་ཏུ་འདོད་བའི་ཡོན་ཏན་དང་རོལ་ཅིང་དགའ་བ་ཡོངས་སུ་སྤྱོད་དོ། །རིག་འཛིན་དེ་གནོད་སྦྱིན་ཆེན་པོ་སྟོབས་སྟོབས་ 101-1-171a དང་ལྡན་བར་འགྱུར། གང་དང་གང་དུ་འདོད་པ་དེར་འགྲོ་ཞིང་ནམ་མཁར་སྦྱོར། ཚེ་ལོ་སྟོང་ཐུབ་བར་འགྱུར་རོ། །དེ་ནས་མངོན་བར་སྤྱོད་པར་འདོད་ན། བྱེད་པ་བསླབ་བ་ནི་གོས་ཆེན་པོ་ཞིག་བགོས། སྟག་གི་ལྤགས་པས་སྨད་གཡོགས་བྱས་ཏེ། དུར་ཁྲོད་དབུས་ན་ཅི་འབྱོར་པའི་ཁྲག་གིས་སྦྱིན་སྲེག་ཞག་བཅུ་གཉིས་ཀྱི་བར་དུ་བསྲེགས་ན། ཞག་བཅུ་གཉིས་ན་བུད་མེད་སེང་གེ་ཞོན་བ་ཏྲི་ཤཱུ་ལ་དང་། དགྲ་ སྟ་དང་། ཨུ་པ་ར་ལག་པ་ན་དྲིལ་བུ་ཐོགས་པ་མདུན་དུ་འོངས་ནས། དེ་སྨྲ་བ་རིག་འཛིན་ང་བཀྲེས་སོ་ཞེས་སྨྲ་བ། གཏོར་མ་འདིར་གར་མཁན་མཆོག་གི་བཀའ་སྟེ། ད་ཅི་ལྟར་བདེ་བར་སྤྱོད་ཅིག་ཅེས་ ནས། དེ་ནས་ཡོན་ཆུ་སྤྱིན་པར་བྱའོ། །དེས་སྨྲས་པ་ཅི་སློང་ཞེས་པ་དང་། རིག་འཛིན་གྱིས་སྨྲ་བར་བྱ་སྟེ། ངའི་ལས་ཐམས་ཅད་བྱོས་ཤིག་ཞེས་པ་དང་། དེས་སྨྲས་བ། རིག་པ་འཛིན་དེ་དེ་བཞིན་ནོ་ཞེས་ནས་ གང་དགོས་པར་འགྱུར་བ་དེ་ཐམས་ཅད་དང་། གཏེར་ཐམས་ཅད་སྟོན་ནོ། ཧན་ཙ་ན་སྒྲུབ་པར་འདོད་ན་ལྡོང་རོས་དམར་པོ་མི་མགོ་གའུ་འི་ནང་དུ་ཁྲག་དང་བསྲེས་ཏེ་བཅུག་ནས། སྔགས་བརྒྱ་རྩ་བརྒྱད་བསྔགས་ ཤིང་། ཀ་ར་བི་རའི་ལྕུག་མས་དཀྲུག་ཅིང་། དེ་ནས་མི་མགོ་འབར་བར་འགྱུར་ཏེ། དེས་ཐིག་ལེར་བྱས་ན། ནམ་མཁའ་ལ་འགྲོ་ཞིང་། རིག་འཛིན་དང་ཐབས་གཅིག་རོལ་བར་འགྱུར་རོ། །སྙིང་གར་ཐིག་ལེ་ བྱས་ན། མི་སྣང་བར་འགྱུར་ཞིང་གང་འདོད་པ་དེར་ཞུགས་པར་འགྱུར་རོ། །མིག་ལ་བསྐུས་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ལྷ་མ་ཡིན་གྱི་སྒོ་ཐམས་ཅད་སྒྲིབ་པ་མེད་པར་མཐོང་བར་འགྱུར་རོ། །ཀླུའི་ གནས་ཐམས་ཅད་ཀྱང་མཐོང་ཞིང་ཀུན་དུ་འཇུག་པ་དང་ཀུན་དུ་འགྲོ་བ་དང་ཐམས་ཅད་རོལ་ཅིང་དགའ་བ་མྱོང་བར་འགྱུར་རོ། །ཟོས་ན་བསྐལ་པ་སྟོང་ཕྲག་སྟོང་དུ་ཚེ་རིང་། རིག་འཛིན་གྱི་འཁོར་ལོ་འཁྱིལ་ཅིང་འཁྱིལ་ 101-1-171b ཏེ། མི་འམ་ཅིའི་དབྱངས་དང་ལྡན་བར་འགྱུར་རོ། །ཉུང་རུམ་དུ་བྱ་བར་འདོད་ན། དུར་ཁྲོད་ཀྱི་ཐལ་བས་གཟུགས་བྱས་ཏེ། སེང་ལྡེང་གི་ཕུར་བུ་བྱས་ཏེ། ལན་བདུན་སྔགས་བཟླས་ནས། སྙིང་གར་བཏབ་ན། དེ་མ་ཐག་ ཏུ་ཉུང་རུམ་དུ་འགྱུར་རོ། །ནག་བོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་དུར་ཁྲོད་དུ་ཞུགས་ནས། སྔགས་ལན་ཉི་ཤུ་རྩ་གཅིག་རྗེས་སུ་དྲན་བར་བྱས་ན། ཧན་ཙ་ན་བླངས་ནས་སོར་བྱིར་དང་ལྷན་ཅིག་བསྲེགས་ཏེ་ ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། མིག་ལ་བསྐུས་ན། སྐལ་པ་མཆོག་དང་། རིག་འཛིན་དུ་ལྡན་ཞིང་གང་མཐོང་བ་དེ་དབང་དུ་འགྱུར་རོ། །འཇིག་རྟེན་ཀུན་དང་མཛའ་ཞིང་ཐམས་ཅད་ཀྱིས་མཆོད་ པར་འགྱུར་རོ། །རོ་ཙ་ན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། ཐིག་ལེ་བྱས་ན་སྐལ་པ་མཆོག་དང་དགོས་པ་ཐམས་ཅད་འགྲུབ་ཅིང་། བུད་མེད་ཀུན་དབང་དུ་གྱུར་ནས་འགྲོ་བ་ཐམས་ཅད་མཛའ་བར་འགྱུར་རོ་ ཟོས་ན་རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་བའི་ཆུས་བཀྲུས་ནས། གཏོར་ན་ཁྲོས་པའི་རྒྱལ་པོ་ཞི་བར་འགྱུར་རོ། །མཛའ་ཞིང་འཛིན་པ་དག་ཏུ་འགྱུར་རོ། ཐམས་ཅད་ ཀྱང་གུ་གུལ་གྱི་པོག་གིས་བསྒྲུབ་པར་བྱའོ། གར་མཁན་མཆོག་གི་བསྒྲུབ་པའི་ཆོ་ག་གསུམ་པ་སྟེ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཛྃ་བྷ་ལ་ཤྲཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གནོད་ འཛིན་དཔལ་ཞེས་བྱ་བའི་གཟུངས། གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་ གནས་དམ་པ་ན་འཁོར་གནོད་སྦྱིན་དུ་མས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ་གསང་བ་པའི་བདག་པོས་བཀའ་སྩལ་པ། སེམས་ཅན་དབུལ་ཞིང་སྡུག་བསྔལ་ 101-1-172a བ་དེ་དག་ཞི་བའི་ཕྱིར་རང་གི་སྲོག་གི་སྙིང་པོ་དང་རིག་སྔགས་ཁྱོད་ཀྱིས་སྟོན་ཅིག །ངས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་འཛིན་དཔལ་གྱིས་གསོལ་པ། གསང་བའི་བདག་པོ་བཅོམ་ལྡན་འདས། ། སེམས་ཅན་སྡུག་བསྔལ་ཞི་བའི་ཕྱིར། །རིག་སྔགས་བདག་གིས་བསྟན་པར་བགྱི། །སྡུག་བསྔལ་སྤོང་ཞིང་བདེ་བ་ཐོབ། །ཚོགས་ཆེན་གཉིས་ནི་རྫོགས་འདོད་པས། །རང་ལུས་བསྲུང་ཕྱིར་རིག་སྔགས་འདི། །བཟླས་ ཤིང་ཡོངས་སུ་གཟུང་བར་བྱ། །ན་མོ་ཨཱརྱ་ཛྃ་བྷ་ལ། མ་ཧཱ་ཛཾ་བྷ་ལ། ཏདྱ་ཐཱ། ར་ར་ར་ར། ཀུ་ནུ་ཀུ་ནུ། ཁུ་ནུ་ཁུ་ནུ། གུ་ནུ་གུ་ནུ། ས་པ་ས་པ། ཀ་ར་ཀ་ར། མ་ཧཱ་བི་ར་ར་མ། མ་ཧཱ་ཀ་ར་དོ། མ་ར་ཤ །ཧ་ར་ཤ །ཏུ་མ་སརྦ་སྭཱ་ཧཱ། ནན་ཙ་ སྭཱ་ཧཱ། བཅོམ་ལྡན་འདས་གསང་བའི་བདག་པོ་སྔགས་འདི་འདོན་པས་སྐུད་པ་སྔོན་པོ་ལ་ལན་བདུན་དུ་སྔགས་ཀྱིས་བཏབ་སྟེ། ལན་རེ་མདུད་པ་རེ་བོར་ནས་དཔུང་པ་ལ་བཅིངས་ན་གནོད་པ་མེད་ཅིང་དགོས་པ་འགྲུབ་པར་འགྱུར་ ལགས་སོ། །གུ་གུལ་ཙན་དན་དུ་རུ་སྐ། །ཀ་ཏ་ར་དང་སྦྱར་བའི་སྨན། །དེ་ཡིས་མཆོད་པ་དབུལ་བར་བྱའོ། །ན་མ་ཨཱརྱ་ཛཾ་བྷ་ལ། ན་མོ་དན་ཏཱ་ཡ། དན་ཏི་ཤྭ་རཱ་ཡ། ཨཱ་ཀར་ཥ་ཡ། ཨ་ཀར་མི་ཏ། དན་ཏི་ཤ་དྷཱ་ཡ། པ་ར་མ་ཀརྡུ་ནི་ཡ། སརྦ་སཏྭ་ཧི་ཏ་ཛི་ན་ཏ། མ་མ་དན་ཏ། ན་མ་པ་རི་ཡེ་ཤ །ས་མ་ཡ་མ་ཧཱ་ཨཱ་ཀར་ཤ་སྭཱ་ཧཱ། རིག་སྔགས་འདི་ལན་བདུན་ཚང་བར་བཟླས་ཏེ། དེའི་འོག་ཏུ་གསང་བའི་སྙིང་པོ་གདོན་པར་བགྱིའོ། །དེ་ཡང་སྔར་འཕགས་པ་དཀོན་མཆོག་ གསུམ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་ནས། དེའི་འོག་ཏུ་བདག་གི་མིང་ནས་བརྗོད་པར་བགྱིད་ན་ནོར་རྫས་དང་། ཅི་འདོད་པ་དག་འགྲུབ་པར་བགྱིད་ཅིང་བདེ་བ་སྩོལ་བར་བགྱིད་དོ། །དེ་ནས་བདག་གིས་གསང་སྔགས་ ཡིད་བཞིན་གྱི་ནོར་བུ་འདོན་ཅིང་ཡི་དམ་དུ་བགྱིད་ན། དེའི་དགོས་པ་ཅི་སྨོས་པ་ཐམས་ཅད་སྒྲུབ་པར་བགྱིད་ལགས་སོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་གྱིས་ཉིད་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དཔལ་ཕྱག་ན་རྡོ་རྗེ་ 101-1-172b ལ་ཕུལ་བ། ན་མ་ཨཱརྱ་ཛཾ་བྷ་ལ་མ་ཧཱ་ཛཾ་བྷ་ལ་ཏདྱ་ཐཱ་སི་མི་སི་མི། སུ་མུ་སུ་མུ། ཤྩཎ་ཌ་ཤྩཎ་ཌ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ས་ད་ཡ་ད་མ། མ་མ་ནི་ད་མ་ཨ་ནན་ ཏ། དན་ཏོ་ས་ཧ། ཨཱརྱ་ཛཾ་བྷ་ལ་སྭཱ་ཧཱ། དྷན་དཱ་ཡ་སྭཱ་ཧཱ། མ་ནོ་ར་ཏ་པ་རི་པྲ་ར་ཀཱ་ཡ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གནོད་འཛིན་དཔལ་གྱི་འཁོར་རྣམས་ཀྱིས་དེའི་ཚེ་རང་རང་གི་སྙིང་པོ་སྨྲས་པ། ཨོཾ་ཛཾ་བྷ་ལ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་པཱུརྞ་ བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་དྷ་ན་དཱ་ཧ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་མ་ཧཱ་དྷ་ན་དཱ་ཏ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཙི་བི་ཀུཎ་ཌ་ལི་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཀི་ལི་མ་ལེ་ནི་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་མུ་ཁེན་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲ་བྷ་དྲཱ་ཡ་སྭཱ་ཧཱ། དེ་ནས་ གསང་བ་པའི་བདག་པོས་བཀའ་སྩལ་པ། ནོར་གྱི་བདག་པོ་ཁྱོད་ཀྱིས་གང་གཟུངས་འདི་འཛིན་པ་དང་། འཆང་བ་དང་། འབྲི་བ་དང་། ཀློག་པ་དེ་དག་ཐམས་ཅད་ལ་ཡིད་བཞིན་དུ་བདེ་བ་སྩལ་པར་གྱིས་ཤིག །དེ་ནས་གནོད་འཛིན་གྱིས་གསང་ བ་པའི་བདག་པོ་དེ་ལྟར་བགྱིའོ་ཞེས་གསོལ་ཏེ། ལན་གསུམ་དུ་བསྐོར་བ་ཆོས་བཞིན་དུ་བྱས་ཏེ་འཁོད་པར་གྱུར་ཏོ། །འཕགས་པ་གནོད་འཛིན་དཔལ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཛམ་བྷ་ ལ་ཛ་ལེན་དྲ་ཡ་ཐཱ་ལབྡྷ་ཀལ་པ་ནཱ་མ། བོད་སྐད་དུ། འཕགས་པ་གནོད་གནས་དབང་པོ་ཅི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་ལང་ཀའི་གླིང་དང་ཉེ་བར་གྱུར་པ་རྒྱ་མཚོ་ཆེན་པོའི་འགྲམ་ན་བཞུགས་ཏེ། སངས་རྒྱས་ཀྱིས་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་པའི་རྣམ་པར་འཇིགས་པ་དང་། ཟླ་བའི་སྡེ་ལ་ སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆེན་པོར་གྱུར་པའི་འཁོར་གྱིས་བསྐོར་ནས་མངོན་དུ་བྱས་སོ། །དེ་ནས་དེར་བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་ནས་སླར་བབས་ཏེ་དཔག་བསམ་གྱི་ཤིང་ 101-1-173a བྷི་ཙུ་ཝརྡའི་རྩ་བར་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རབ་ཏུ་དགའ་བ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ཀླུའི་རྒྱལ་པོ་མི་ཞུམ་པ་དང་། གྲུལ་བུམ་གྱི་རྒྱལ་པོ་མངོན་ཤེས་ལྔ་པ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ ལྔ་པ་དང་། སྲིན་པོའི་རྒྱལ་པོ་ཀཱི་ལི་ཀཱི་ལ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གཤོག་པ་ཅན་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་དང་། ཟུར་ཕུད་ལྔ་པ་དང་། སྲུལ་པོ་དང་། ལྷའི་བུ་སྤྲིན་གྱི་ཤུགས་ཅན་དང་། ཟླ་བ་དང་ཟླ་བ་ལ་མངོན་པར་གུས་ པ་དང་། ལྷའི་བུ་རྒྱལ་བས་བྱིན་རྣམས་ནུབ་མོ་འདས་ནས་ཐོ་རངས་གསལ་བའི་དུས་སུ། བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བསྐོར་བ་ལན་གསུམ་བྱས་ཏེ། ཕྱོགས་གཅིག་ ཏུ་འདུག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་འོད་ཀྱི་ཁ་དོག་ཤིན་དུ་གསལ་ཞིང་རྒྱ་ཆེ་བ་དཔག་བསམ་གྱི་ཤིང་གི་རྩ་བ་ཐམས་ཅད་གསལ་ཞིང་རྒྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་རྣམས་ལ་བཀའ་སྩལ་པ། རྒྱ་མཚོ་ཆེན་པོ་གྲོང་ཁྱེར་དུ་ངོ་མཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་བཟོད་པ་དང་། ཇི་ལྟར་རྟོགས་པ་ལ་ཁྱེད་རྣམས་བར་ཆད་དང་དོན་མེད་པར་མ་གྱུར་ཏཾ། འདི་སྐད་དུ་གསུངས་པས་གནོད་སྦྱིན་གྱི་དབང་པོ་ གནོད་གནས་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཙུན་པ་ བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་བཟོད་པ་དང་། ཇི་ལྟར་རྟོགས་པར་བྱེད་པ་ལ་མངོན་པར་དགའ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ཇི་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཁྱེད་རྣམས་ངོ་མཚར་ ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་མངོན་བར་དགའ་བར་བྱེད་པ་དེ་ལྟར་རིགས་ཀྱི་བུ་ཆོས་འདི་རྣམས་འདོད་པ་དང་། དད་པས་མངོན་བར་དགའ་བ་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པ་དེ་ནི་ཚངས་པར་སྤྱོད་ 101-1-173b པ་ལ་གནས་པའོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་གནས་པ་འདི་ལ་ང་ཡིས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བཀྲ་ཤིས་པ་དང་འཇིག་རྟེན་པ་ལ་རྗེས་སུ་བརྩེ་བས་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་ཕྱིར་བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ཡོངས་སུ་གཟུང་ ཞིང་། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་རྟོགས་པ་འདི། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ལ་སྙིང་པོ་འདི་ཡོངས་སུ་ཕུལ་ ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཀྱང་སྙིང་པོ་འདི་ཡོངས་སུ་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སྦྱིན་གྱི་སྡེ་དཔོན་ཁྱོད་ཀྱིས་གང་དུས་ ལ་བབ་ཅིང་མནོ་བ་དེ་སྨྲོས་ཤིག །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་གནོད་གནས་ཀྱིས་འདི་སྐད་ཅེས་སྨྲས་པ། འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །མཆོད་སྦྱིན་རྣམས་ཀྱི་ནང་ན་སྦྱིན་སྲེག་གཙོ། །རིག་བྱེད་ རྣམས་ན་དབྱངས་ཅན་གཙོ། །མི་རྣམས་ན་ནི་རྒྱལ་པོ་གཙོ། །ཆུ་རྣམས་ན་ནི་རྒྱ་མཚོ་གཙོ། །རྒྱུ་སྐར་རྣམས་ན་ཟླ་བ་གཙོ། །དྲོད་རྣམས་ན་ནི་ཉི་མ་གཙོ། །སྟེང་དང་འོག་དང་ཐད་ཀ་ན། །ཇི་སྙེད་འགྲོ་བ་གནས་པ་དག ། གང་ཞིག་བསོད་ནམས་འདོད་པ་ཡི། །ཚོགས་རྣམས་ན་ནི་འཕགས་པ་གཙོ། །ལྷ་དང་བཅས་པའི་འཇིག་རྟེན་ན། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དེ་ནས་ཡང་གནོད་སྦྱིན་གྱི་དབང་པོ་གནོད་གནས་ ཀྱིས། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཐོབ་ནས་རང་གི་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། དེ་ནས་སྔགས་ཀྱི་རྒྱལ་པོ་འདི་ 101-1-174a སྨྲས་པ་ཙམ་གྱིས། དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ཇི་སྲིད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གནོད་སྦྱིན་གྱི་དབང་ པོ་རྣམས་ཀྱིས་མགྲིན་གཅིག་གིས་འདི་སྐད་ཅེས་བྱ་བའི་ཚིག་བརྗོད་པ། བཅོམ་ལྡན་འདས་བདེ་བར་གཤེགས་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་སྔར་མ་བྱུང་བའི་ངོ་མཚར་རྨད་དུ་ངེས་པར་གྱུར་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་ ཕན་ཡོན་ཆེན་པོ་ངོ་མཚར་བ། སྡུག་བསྔལ་བ་རྣམས་དང་། སྐྱབས་མེད་པ་རྣམས་དང་། ཡོངས་སུ་སྐྱོབ་པ་མེད་པ་རྣམས་དང་། གནས་མེད་པ་རྣམས་ཀྱི་སྐྱབས་དང་། གནས་དང་སྐྱོབ་པ་དང་། ཡོངས་སུ་སྐྱོབ་པ་དེ་བཅོམ་ ལྡན་འདས་བཤད་དུ་གསོལ། །སེམས་ཅན་རྣམས་ཀྱི་དོན་དུ་ལྷ་དང་མི་རྣམས་ཀྱི་ཕན་པ་དང་བདེ་བའི་ཕྱིར་སྙིང་པོ་འདི་རྟོག་པ་དང་། དཀྱིལ་འཁོར་དང་གསང་ཆེན་དང་། སེམས་ཅན་གང་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་ཤིང་། བདེ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཐོབ་པའོ། །དེ་ནས་ཡང་འཁོར་གནོད་སྦྱིན་དེ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་ ཀླུ་དང་། གནོད་སྦྱིན་ལ་སོགས་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་ བཏབ་བོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྣམས་འཁོར་དེ་རྣམས་དང་བཅས་པ་ལ་བཀའ་སྩལ་པ། ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུ་ཁྱེད་རྣམས་ཉོན་ཅིག །གནོད་སྦྱིན་ཆེན་པོའི་སྙིང་པོ་འདི་དཀྱིལ་ འཁོར་དང་། ཕྱག་རྒྱ་དང་། སྔགས་དང་གསང་སྔགས་ཆེན་པོ་ཤིན་ཏུ་ངོ་མཚར་བ་དང་། ཤིན་དུ་རྨད་དུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ 101-1-174b དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་ཤ་ཟ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱས་ཤིང་མངོན་བར་བསྟོད་པ། སེམས་ཅན་རྣམས་ལ་ཀུན་དུ་ཕན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་བུཾ་པ་ བཟང་པོ་དང་། དཔག་བསམ་གྱི་ཤིང་ཅི་ལྟར་མངོན་བར་འདོད་པ་བཞིན་དུ་དོན་ཐམས་ཅད་སྒྲུབ་པར་འབྱུང་བ་དེའི་ཕྱིར། ང་ཡིས་རྗེས་སུ་གནང་ཞིང་བྱིན་གྱིས་བརླབས་པ་འདི་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་རྣ་བའི་ ཁུང་དུ་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །འོན་ཀྱང་སེམས་ཅན་གང་སྙིང་པོ་འདི་ འཛིན་པ་ང་ཡིས་རྗེས་སུ་གཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་ བར་མི་འགྱུར་རོ། །དབུལ་པོ་དང་། ཡིད་མི་བདེ་བ་དང་། ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་མཆོད་པའི་གནས་ སུ་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་དང་གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །འོན་ཀྱང་ང་ནི་དེ་བཞིན་གཤེགས་པ་གཅིག་པུ་དང་། གཞན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོན་ཏན་དང་། ཕན་ཡོན་རྒྱས་པར་མཐར་ཐུག་པར་བརྗོད་པར་མི་ནུས་སོ། །གཞན་ལ་གཏམ་ཙམ་ཡང་མི་གྲག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་དང་། ཉན་ཐོས་རྣམས་དང་། དེ་ལས་གཞན་པའི་རྒྱ་ཆེ་བའི་ལྷས་འདིའི་ཡོན་ཏན་སྟོན་པ་དང་། ཤེས་པ་ཙམ་ཡང་མི་ནུས་སོ། །མདོར་ན་ཅི་ལྟར་དེ་བཞིན་གཤེགས་པ་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་རྣམ་པ་ 101-1-175a ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་སོ། །འདི་དང་འདྲ་བའི་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་བ་སྙིང་པོའི་མཆོག་གོ། །གདུག་པ་རྣམས་ལ་གནོད་གནས་ཀྱིས། །ཕོངས་པ་ རྣམས་ནི་གསོ་བར་བྱེད། །སེམས་ཅན་རྣམས་ཀྱི་གནས་ཡིན་ཅིང་། །འགྲོ་བ་རྣམས་ནི་ཡང་དག་སྲུང་། །དབང་པོ་ཀུན་ཤེས་གོ་འཕང་ལྡན། །གནོད་གནས་རྒྱལ་བར་བརྗོད་པའོ། །མདོར་ན་འདི་ལས་གཞན་པའི་དེ་བཞིན་ གཤེགས་པ་ཐ་དད་པའི་དེ་བཞིན་གཤེགས་པ་གཞན་མེད། འདི་འཛིན་པས་དེ་བཞིན་གཤེགས་པ་ལ་ཉེ་བར་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་འཐོབ་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཅི་ལྟར་གནས་པའི་འཁོར་རྣམས་ལ་གཟིགས་ནས། གནོད་སྦྱིན་ གྱི་དབང་པོ་གནོད་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་གནས་ཀྱི་དབང་པོ་ཁྱོད་ཀྱི་རྟོག་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་ཆེན་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ བསྟན་པ་ཡོད་དེ། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། འཁོར་བ་འཇིག་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ད་ལྟར་ཤཱཀྱ་ཐུབ་པ་ངས་ཀྱང་བཤད་དེ། དེ་ནི་ལེགས་པར་ཉོན་ལ་ལེགས་པར་ ཡིད་ལ་ཟུང་ཤིག །ད་ལྟར་ང་ཡིས་བཤད་ཀྱིས་ལྷ་དང་མིའི་ཕན་པ་དང་བདེ་བས་དགེ་བའི་རྩ་བ་འཕེལ་བའི་དོན་དུ་ང་ཡིས་ཡང་དག་པར་ཤེས་སོ། །གང་གི་ཀཽ་ཤའི་གྲོང་ཁྱེར་དུ་ཤིང་ཁུར་ནས་འཚོང་བ་དེའི་ཚེ། དེར་ང་ལ་དགོན་ པ་ན་སྡོད་པའི་དགེ་སློང་གཅིག་བུད་ཤིང་གི་དོན་དུ་ང་ལ་ཤིང་སློང་དུ་འོངས་ཏེ། དེར་ངས་དགོན་པར་ཤིང་ཁྱེར་ནས་དགེ་སློང་གི་གན་དུ་ཕྱིན་ཏེ། མེ་སྤར་ནས་དགེ་སློང་གི་ནད་སོས་པར་བྱས་ཏེ། ཉི་མ་གཅིག་གི་བསོད་སྙོམས་ 101-1-175b ཀྱང་དྲངས་སོ། །དེ་ནས་དགེ་སློང་དེ་སེམས་ཡོངས་སུ་མགུ་ནས་དེས་ང་ལ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་བའི་རྟོག་པ་ང་ལ་བྱིན་ནོ། ། ངས་ཀྱང་ཡང་དག་པར་བསྒོམས་ནས་ཡོད་དོ། །དེའི་ཚེ་སྔགས་ཀྱི་རྒྱལ་པོ་ང་ལ་བྱིན་ནས། དེ་ལྟར་དེ་ཉིད་བསྒོམས་པས། ཚེ་དེ་ཉིད་ལ་ཇི་ལྟར་འཕགས་པ་གནོད་གནས་ཀྱི་དབང་པོ་མཐོང་བའི་ལམ་དུ་གྱུར་ཏོ། །དེ་ནས་ དེ་ང་ལ་ཡོངས་སུ་མགུ་ནས་ཕྱག་རབ་ཏུ་གྲོལ་བ་ཞེས་བྱ་བར་མིང་བཏགས་སོ། །དེར་ཡང་ང་རྒྱལ་པོར་དབང་བསྐུར་བས་གྲོང་ཁྱེར་གྱི་མི་རྣམས་ཆོས་དང་ལྡན་པར་བྱས་ནས། དེ་ལ་ང་རྒྱལ་པོར་རབ་ཏུ་གནས་པས་ངས་ སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངེས་པར་སྦྱར་རོ། །ཇི་ལྟར་དོན་དུ་གཉེར་བ་རྣམས་ལ་སྐལ་བ་དང་ལྡན་པ་རྣམས་ལ་དུས་མེད་པར་ཐམས་ཅད་ལ་ཉེ་བར་ཕན་པ་རང་རང་གི་ཁྱིམ་དུ་རྫོགས་པར་ བྱས་སོ། །དེ་ལ་སོགས་པ་ངས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་བཞིན་པས་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་ཞུགས་སོ། །རིམ་གྱིས་ངས་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་སོ། །དབུལ་བ་ ཐམས་ཅད་ཉམས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉེ་བར་གཅོད་པ་ངས་ཡང་དག་པར་མངོན་པར་ཤེས་སོ། །གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་རྟོགས་པ་དེ་རྣམས་ཀྱིས་ཀྱང་སྔོན་དུ་སྔགས་ཀྱི་རྒྱལ་པོ་འདི་བསྒྲུབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །དེའི་ཕྱིར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱོད་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་བསྐྱེད། འདོད་དོན་ཐམས་ཅད་བསྒྲུབ་པའི་ཐབས། །གང་ཞིག་མཐོང་བ་ཙམ་གྱིས་ཀྱང་། །དེ་ནི་སྐྱེ་བ་གཅིག་ནས་གཅིག །སྔོན་དུ་བསགས་པའི་ལས་རྣམས་ཀྱང་། །སྡིག་པ་ཀུན་ 101-1-176a ལས་རྣམ་པར་གྲོལ། །དེ་བཞིན་སྐྱེ་བ་འདི་ལ་རྨོངས། །ཤིན་དུ་སྡིག་པ་མི་བཟད་བྱས། །གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། །གང་གིས་མཐོང་བ་ཙམ་གྱིས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོབ་པ་དང་། །སངས་རྒྱས་དང་ནི་ ཡང་དག་འཕྲད། །ཕྱིར་མི་ལྡོག་པའི་ས་ཡང་ནི། །ཡུན་མི་རིང་བར་འཐོབ་པའོ། །མཐོང་བ་ཙམ་གྱིས་ཡོན་ཏན་ནི། །ང་ཡིས་བཤད་ཀྱིས་ཁྱོད་རང་ཉོན། །དབུལ་བ་དང་ནི་ཡིད་མི་བདེ། །སེམས་ནི་ནད་ཀྱིས་གཟིར་བ་དང་། །གདོན་དང་བྱད་དང་ སྒྱུར་བ་ཡིས། །དེ་ཡིས་འཇིགས་པར་མི་འགྱུར་རོ། །ལྷ་དང་ཀླུ་དང་དྲི་ཟ་དང་། །ལྷ་མིན་དང་ནི་མཁའ་ལྡིང་སོགས། །དེ་ལས་གཞན་ཡང་ཡིད་མི་བདེ། །རྟག་པ་ཉིད་དུ་སྲུང་བའོ། །གནོད་སྦྱིན་དེ་ཉིད་མཐོང་ཙམ་གྱིས། །དཀྱིལ་འཁོར་ སངས་རྒྱས་ཀྱིས་བསྟན་པ། །འདིར་ནི་ཡོན་ཏན་དེ་རྣམས་འབྱུང་། །བསྒྲུབས་པར་གྱུར་ན་ལྟ་ཅི་སྨོས། །གང་ཞིག་དད་པས་དེ་བཞིན་རྟོགས། །གུས་པས་བརྟན་པས་གཞན་མི་འཇུག །འདི་ལ་གུས་པས་དོན་དུ་གཉེར། །བསླབ་ པ་སྡོམ་པ་སོགས་པ་ཡིས། །དེས་ན་འབད་པས་གཙང་སྦྲ་བྱ། །ཡིད་ལས་བྱུང་བའི་དཀྱིལ་འཁོར་མཆོག །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །ཤིང་གི་འབྲས་བུ་སྣ་ཚོགས་བཅས། །པུས་ནུབ་ཙམ་གྱི་ས་སྦྱངས་པ། །བ་ཡི་རྣམ་ལྔས་ བྱུག་པར་བྱ། །མཉམ་པར་བརྡུང་ཞིང་བཅག་པར་བྱ། །ལག་མཐིལ་ལྟ་བུའི་མཉམ་པ་ལ། །ཁྲུ་ཚད་ཉི་ཤུ་ཙམ་ལ་ནི། །གནོད་སྦྱིན་དབང་པོ་མངོན་པར་བསྔགས། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །ཨ་གར་བདུག་པས་བདུག་པ་དང་། །ཉི་མ་ བཟང་པོ་དེ་བཞིན་གཟའ། །དེ་བཞིན་དུས་ཚོད་བཟང་པོ་ལ། །དཀར་པོའི་ཕྱོགས་ལ་ལེགས་པར་དགེ། སློབ་དཔོན་ལེགས་པར་བསྔོགས་པ་ཡིས། །བ་ཡི་རྣམ་ལྔས་ལེགས་པར་སྦྱང་། །བདག་ཉིད་སྔགས་བཟླས་རྒྱལ་པོ་ཡིས། །སྔ་དྲོ་དག་ པར་གྱུར་པ་ཡིས། །མཉམ་པར་གཞག་པས་བསྲུང་བར་བྱ། །སྟེང་དང་འོག་དང་ཕྱོགས་བཅུ་རུ། །ཕྱོགས་ནི་དེ་བཞིན་བཅིང་བར་བྱ། །གནོད་སྦྱིན་རྒྱལ་པོ་དྲི་ཡི་ཆུས། །མཁས་པས་བརྒྱ་རྩ་བརྒྱད་དུ་བསྔགས། །ཇི་ལྟར་ཤར་སོགས་ 101-1-176b མངོན་བར་གཏོར། །ཕྱོགས་བཅིང་སྔོན་གྱི་རིམ་པ་བཞིན། །གཞོན་ནུ་མ་ཡིས་བཀལ་བ་ཡི། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །གུར་གུམ་ཆུ་ཡིས་བྱུགས་པ་དང་། །ཕུར་པ་ཨུ་དུམ་ཤིང་ལ་བྱས། །ཤར་གྱི་ཕྱོགས་ནས་བརྩམ་པར་ བྱ། །ཐིག་གདབ་སྔ་དྲོའི་དུས་སུའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཟུར་བཞི་རེའུ་མིག་བཞི་དང་ལྡན། །དེ་ལ་དང་པོའི་དཀྱིལ་དུ་ནི། །དེ་བཞིན་གཤེགས་པ་བྲི་བར་བྱ། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །ཐམས་ཅད་མཁྱེན་པ་ ཟླ་བའི་འོད། །དེ་འོག་གནོད་སྦྱིན་དབང་པོ་ནི། །མཚན་ཉིད་ཐམས་ཅད་མཚོན་པ་ཡི། །སྔོན་པོ་སྤྲིན་ལྟ་བུ་ཡི་མདོག །རྒྱན་སེར་པོ་ཡིས་མཛེས་པ་དང་། །རྐང་གདུབ་ལག་གདུབ་མགུལ་རྒྱན་དང་། །རིན་ཆེན་སྣ་ཚོགས་ཀྱིས་མཛེས་པ། ། སེང་གེའི་གདན་ལ་རིན་ཆེན་དང་། །སྣ་ཚོགས་ཐ་དད་རྣམ་པར་བརྒྱན། །རི་མོ་སྣ་ཚོགས་རིན་ཆེན་འོད། །འོད་འཕྲོ་ཡིད་འོང་འབར་བའི་འོད། །དཀྱིལ་དཀྲུང་ཕྱེད་པས་བཞུགས་པ་ལེགས་པར་མཛེས། །དེ་ཉིད་དབུས་སུ་ནོར་བུ་ བཟང་པོ་ངེས་པར་བྱ། །རབ་ཏུ་འབད་པས་གཡས་པའི་ཕྱག །མཆོག་སྦྱིན་ས་བོན་ཡོངས་སུ་བྱ། །དེ་བཞིན་དུ་ནི་གཡོན་པའི་ཕྱག །ནེའུ་ལེ་རིན་ཆེན་སྐྱུག་པའོ། །སྣ་ཚོགས་གཏེར་རྣམས་སྟེང་ན་ལེགས་པར་བཞུགས། །དེ་བཞིན་ དུང་དང་པད་མ་ཡི། །རིན་ཆེན་ཆར་ནི་འབེབས་པའོ། །མངའ་བདག་གཡས་དང་གཡོན་དུའོ། །ནོར་བུ་བཟང་པོ་དེ་ཡི་ཕྱོགས། །གནོད་སྦྱིན་བཟང་པོ་རྡུལ་མདོག་ཅན། །མཁས་པས་སྔར་བཞིན་དུ་ནི་དགོད། །སྤྱོད་པའི་དབང་པོ་གདོང་ དབང་པོ། །གཡས་དང་གཡོན་དུ་བྱ་བའོ། །རྣམ་པ་ཁ་དོག་འདྲ་བ་ཡི། །གཏེར་གྱི་སྟེང་དུ་ཡང་དག་བཞུགས། །དེ་ཡི་འོག་ཏུ་གནོད་སྦྱིན་མོ། །བདུན་པོ་དག་ནི་བྲི་བར་བྱ། །དེ་ལས་གཞན་དུ་བུ་དགུ་སྟེ། །དེ་ལས་གཞན་ནི་ཆུ་སྐྱེས་སོ། །རིན་ ཆེན་ལྟེ་བ་ནོར་སྦྱིན་དང་། །གནོད་མཛེས་དང་ནི་གནོད་མཛེས་གཞན། །ལྟེ་མཛེས་དང་ནི་ལྟེ་ཆེན་པོ། །མཚམས་སུ་བུམ་པ་བཟང་པོའོ། །འཕར་བ་གཉིས་ལ་དགོད་བྱ་བའི། །གནོད་སྦྱིན་དབང་པོ་སྟོབས་པོ་ཆེ། །གནོད་གནས་ཧུ་ 101-1-177a ལུ་ཧུ་ལུ་དང་། །སྤེ་མཛེས་དང་ནི་ཟླ་བའི་སྡེ། །རེངས་པ་དང་ནི་གདུལ་བ་དང་། །ལྕེ་དམར་དང་ནི་གསུས་པོ་ཆེ། །སྣམ་བུ་གསུམ་པ་ལ་བྱ་བ། །གནོད་སྦྱིན་མོ་ནི་ལྟ་མཛེས་མ། །རྒྱ་ཆེན་མ་དང་དྲི་བྲལ་མ། །ཟླ་མོ་བློ་གྲོས་སྙིང་པོ་སྤྱན། ། པད་མའི་སྙིང་པོ་སྨིན་མཛེས་མ། །གནོད་སྦྱིན་ལག་པ་ལག་མངས་པོ། །སྤྲིན་ཆེན་མ་དང་སྐྲ་མཛེས་མ། །གཏེར་གྱི་ཕྲེང་བ་གཡེམ་པ་མོ། །ལྗོན་ཤིང་ཕྲེང་བ་ཕྲེང་བ་མོ། །འདོད་པ་ཀུན་གྱི་འབྲས་སྟེར་མ། །ཡིད་ཤུགས་མ་ དང་འདོད་གཟུགས་མ། །ཐོས་དག་མ་དང་ལྷ་མཛེས་མ། །རྫུ་འཕྲུལ་ཆེན་པོ་རྣམ་བཤད་པ། །ཉི་ཤུ་མཆོག་ནི་སྟེར་བའོ། །ཅི་ལྟའི་རིམ་པས་རྣམ་དགོད་པ། །ཇི་ལྟར་མདུན་དང་ཕྱོགས་གཞན་དགོད། །དབང་པོ་ལ་སོགས་ གོ་བར་བྱ། །དེ་རྣམས་ཕྱི་རོལ་དྲ་བ་སྟེ། །རྡོ་རྗེ་ཤག་ཏེ་དབྱུག་པ་དང་། །རལ་གྲི་ཞགས་པ་རྒྱལ་མཚན་དང་། །འཁོར་ལོ་རྩེ་གསུམ་མཚོན་ཆ་རྣམས། །སྔར་བཞིན་དུ་ནི་དགོད་པར་བྱ། །སྟེང་འོག་མདའ་ཡི་དྲ་བ་དང་། །དེ་བཞིན་ རྡོ་རྗེ་འབར་བའོ། །མཁས་པས་ཕྱི་རོལ་དུ་ནི་དགོད། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །ཚོན་རྩི་ལྔ་ནི་དཀར་པོ་དང་། །སེར་པོ་དམར་པོ་སྔོན་པོ་གནག །དབྱངས་ཀྱི་སྔགས་ཀྱིས་མངོན་བསྔགས་ཏེ། །ཕྱི་རོལ་རྒྱལ་མཚན་བརྒྱད་ དགོད་བྱ། །དེ་བཞིན་ཕྱོགས་རྣམས་ཨརྒྷའི་སྣོད། །ཆུ་ནི་མེ་ཏོག་གིས་བཀང་བྱ། །སྤྱན་དྲང་མཆོད་སྦྱིན་ཡིས་ནི་བྱ། །སྔགས་པས་བྱ་བར་ཐེ་ཚོམ་མེད། །གནོད་སྦྱིན་མོ་རྣམས་རང་སྔགས་ཀྱིས། །མཁས་པ་ཡིས་ནི་སྤྱན་ དྲང་བྱ། །ལྷ་དང་ལྷ་མིན་སྤྱན་དྲང་བྱ། །གནོད་གནས་དབང་པོ་སྟོབས་པོ་ཆེ། །མ་ལི་ཀ་ཕྲེང་ཤིན་ཏུ་དཀར། །པད་མ་ཨུཏྤ་ལ་ཡི་ཚོགས། །ན་ག་གེ་སར་ཀེ་སུ་དང་། །དྲི་དང་བདུག་པ་སྒྲོན་མ་དང་། །བཤོས་གཙང་གཏོར་མ་ཀུན་འདོད་པ། ། རིམ་པ་བཞིན་དུ་མཆོད་པ་ནི། །མཁས་པ་ཡིས་ནི་བྱ་བ་ཡིན། །ག་བུར་དང་ནི་གུ་གུལ་ལམ། །ཡང་ན་ཙན་དན་དཀར་པོ་ཡིས། །འབུམ་ཕྲག་དུ་ནི་སྦྱིན་སྲེག་བྱ། །སྟོང་ཕྲག་བརྒྱ་ཡི་སྦྱིན་སྲེག་བྱ། །ནོར་བུ་བཟང་པོའི་མདུན་དུའོ། ། 101-1-177b ཇི་ལྟར་རིགས་པས་བཟླས་པ་དང་། །སྦྱིན་སྲེག་ཆོ་ག་བཞིན་དུའོ། །འབད་པ་ཡིས་ནི་མཆོད་པ་བྱ། །མཚམས་སུ་བུམ་པ་དགོད་པ་ནི། །རིན་ཆེན་འབྲུ་དང་སྨན་རྣམས་ལྡན། །དྲི་ཡི་ཆུ་ཡིས་ཡོངས་སུ་དགང་། །ཙུ་ཏ་པ་ལ་བ་ ཡིས་གཡོགས། །མགྲིན་པ་རས་ཀྱིས་དཀྲིས་པ་དང་། །དེ་སྲིད་བཅོམ་ལྡན་འདས་ཀྱི་སྔགས། །རང་རང་གི་ནི་སྔགས་བཟླས་པ། །དེ་སྙེད་བུམ་པ་དགོད་པར་བྱ། །འདི་ལས་སྔགས་རྣམས་འབྱུང་བ་ནི། །ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་ སྭཱ་ཧཱ། གཙོ་བོའི་སྡེ་ལས་ཐམས་ཅད་པའི་སྔགས་སོ། །མ་ཧཱ་ཡཀྵ་རཱ་ཛ་ཡ་བི་ན་མ་ཧེ་མ་ཎི་བྷ་དྲཱ་ཡ་དྷི་མ་ཧེ་ཏཎྞོ་ཡཀྵ་པྲ་ཙོཏྟ་ཡ་དྷ་བི་ཏྲི། གནོད་སྦྱིན་གྱི་དབྱངས་ཀྱི་སྔགས་སོ། །ཨོཾ་ཡཀྵཱ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་སྙིང་པོའོ། ། སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མཆོད་པ་དང་། བུམ་པ་ལ་མངོན་བར་བསྔགས་པའི་སྔགས་ཏེ་སོ་སོར་སྦྱར་བར་བྱའོ། །ཨ་ནནྟ་པད་མཱ་ཡ་སྭཱ་ཧཱ། པད་མའི་གཏེར་གྱི་སྔགས་སོ། །ཨ་ནནྟ་སཾ་ཁཱ་ཡ་སྭཱ་ཧཱ། གཏེར་ གྱི་དུང་གི་སྔགས་སོ། །ར་ཛ་ཡ་ན་བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། རྔུལ་གྱི་མདོག་ཅན་གྱི་སྔགས་སོ། །ཙ་རེན་དྲཱ་ཡ་སྭཱ་ཧཱ། སྤྱོད་པའི་དབང་པོའི་སྔགས་སོ། །མུ་ཁེ་ན་དྲཱ་ཡ་སྭཱ་ཧཱ། དབང་པོ་གདོང་གི་སྔགས་སོ། །ཨོཾ་དྷ་ན་དཱ་ ཡ་སྭཱ་ཧཱ། གཏེར་སྦྱིན་གྱི་སྔགས་སོ། །མ་ནི་དྷ་བ་ཡ་དྷ་ན། ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། རིན་ཆེན་ལྟེ་བའི་སྔགས་སོ། །སུ་ཎ་གྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ལྟེ་མཛེས་ཀྱི་སྔགས་སོ། །ཨོཾ་སུཾ་གྷ་ཎ་བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། གནོད་མཛེས་ཀྱི་ལྟེ་བའི་སྔགས་སོ། །ཨོཾ་ཨ་སུྃ་བྷ་ཎ་བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། གནོད་མཛེས་ལྟེ་གཞན་གྱི་སྔགས་སོ། །ཨོཾ་ཨཾ་བྷ་ཎ་བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ཆུའི་ལྟེ་བ་ཅན་གྱི་སྔགས་སོ། །ནི་ཎ་ བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ལྟེ་སྔོན་ཅན་གྱི་སྔགས་སོ། །བཻ་ཤྲ་ཝ་ཎ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། རྣམ་ཐོས་སྲས་ཀྱི་སྔགས་སོ། །མ་ཧཱ་ན་བྷ་ཡ་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ལྟེ་ཆེན་གྱི་སྔགསོ། །ཨོཾ་ཛཾ་བྷ་དྲཱ་ག་ཏ་ཡ་སྭཱ་ཧཱ། 101-1-178a བུམ་པ་བཟང་པོའི་སྔགས་སོ། །ཧ་ར་ཛམ་བྷ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། རྨུགས་བྱེད་ཀྱི་སྔགས་སོ། །ཡཀྵ་ཨིན་དྷ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྔགས་སོ། །པུ་སྤེ་ནཱ་ཡ་སྭཱ་ཧཱ། སྡེ་མཛེས་ཀྱི་སྔགས་སོ། །ཧ་ར་ཧ་ར་ཙན་དྲ་སེ་ནཱ་ཡ་ སྭཱ་ཧཱ། ཟླ་བ་སྡེའི་སྔགས་སོ། །ཛམ་བྷ་ནཱ་ཡ་སྭཱ་ཧཱ། གནོད་གནས་ཀྱི་སྔགས་སོ། །མོ་ཏ་ཡ་སྭཱ་ཧཱ། འདུལ་བྱེད་ཀྱི་སྔགས་སོ། །རཱ་ག་ཛི་ཧྭཱ་ཡ་སྭཱ་ཧཱ། ལྕེ་དམར་པོའི་སྔགས་སོ། །མ་ཧོ་དྷ་རཱ་ཡ་སྭཱ་ཧཱ། གསུས་པོ་ཆེའི་སྔགས་སོ། །བི་མ་ལེ་བི་མ་ ལ་དྷཪྵ་ནི་ཨ་ཡ་ཏི་སྭཱ་ཧཱ། དྲི་བྲལ་མའི་སྔགས་སོ། །བྷས་ལ་ཎ་ཡ་ཎེ་བོ་དྷ་ཡ་སྭཱ་ཧཱ་རྒྱ་ཆེན་མའི་སྔགས་སོ། །ཙན་དྲ་སུ་མ་ཏི་སུ་ར་པུ་ཙི་ཏི་ཙན་དྷེ་ཙན་དྲ་མ་ཏི་སྭཱ་ཧཱ། ཟླ་འོད་བློ་གྲོས་མའི་སྔགས་དང་དགུག་པའི་སྤྱན་ཅན་མའིའོ། །ཨོཾ་ཙནྡྲ་པ་ སྭཱ་ཧཱ། པད་མའི་སྙིང་པོ་མའི་སྔགས་སོ། །སུ་བྷྲུ་མ་ནོ་ར་བྷེ་སྭཱ་ཧཱ། སྨིན་མཛེས་པའི་སྔགས་སོ། །ཨོཾ་བྷ་བ་བུ་པྲ་ཏ་ཡ་སྭཱ་ཧཱ། ལག་པ་དང་ལག་མངས་མའི་སྔགས་སོ། །ལི་ཏི་ག་ཏི་མོ་ཏི་སྭཱ་ཧཱ། སྤྲིན་ཆེན་མའི་སྔགས་སོ། །སུ་གཻ་མ་ལི་གེ་ས་བྷ་རི་ཎི་ སྭཱ་ཧཱ། སྐྲ་མཛེས་མ་ཞེས་བྱ་བའི་སྔགས་སོ། །བྷ་ན་པ་ལ་བ་ལི་ནི་སྭཱ་ཧཱ། ནགས་ཀྱི་ཕྲེང་བ་མ་ཞེས་བྱ་བའི་སྔགས་སོ། །ཨུ་ཊིཥྛ་བྷུན་ཛ་ལི་སྭཱ་ཧཱ། གཡེམ་པ་མོའི་སྔགས་སོ། །དྷྲུཾ་མ་ལི་མ་ལི་ཀ་ལི་ཀ་ཧ་ལི་དྷྲུཾ་མི་ཀི་ལི་ཀ་ལི་སྭཱ་ཧཱ། ལྗོན་མ་ཕྲེང་བ་མའི་ སྔགས་སོ། །ཀ་ལ་བྷི་ལ་སི་ནི་སྭཱ་ཧཱ། འདོད་པའི་ཕྲེང་བ་མའྀ་སྔགས་སོ། །སརྦ་དྷ་ཡི་བ་སརྦ་ཨ་གྲ་མ་ནོ་ཛ་བྷེ་བྷ་ག་བ་ཏེ་སྭཱ་ཧཱ། །ཡིད་ཀྱི་ཤུགས་ཅན་མའི་སྔགས་སོ། །ཀ་མ་བེ་ཀ་མི་ནི་སྭཱ་ཧཱ། འདོད་པའི་གཟུགས་ཅན་མའི་སྔགས་སོ། །ཤྲུ་ཏ་བྷ་ཀེ་ཀི་ཀ་ རི་སྭཱ་ཧཱ། ཐོས་དག་མའི་སྔགས་སོ། །སུ་དྷ་ར་ས་ནི་ཀཱ་མཱི་ནི་སྭཱ་ཧཱ། ལྟ་མཛེས་མའི་སྔགས་སོ། །མ་ཧཽ་གྷེ་བྷ་ཡ་ཀ་རི་སྭཱ་ཧཱ། རྫུ་འཕྲུལ་ཆེན་མོའི་སྔགས་སོ། །གནོད་སྦྱིན་མོ་རྣམས་ཀྱིའོ། །ཨིན་དྲ་དེ་བཱ་དྷི་པ་ཏ་ཡེ་སྭཱ་ཧཱ། དབང་པོའི་སྙིང་པོའོ། །ཨག་ན་ ཡེ་ཨུར་བྱཱ་དྷི་པ་ཏ་ཡེ་སྭཱ་ཧཱ། མེ་ལྷའི་སྙིང་པོའོ། །ཨ་མ་ཡ་པྲ་ཏཱ་དྷི་པ་ཏ་ཡེ་སྭཱ་ཧཱ། གཤིན་རྗེའི་སྙིང་པོའོ། །ནི་རྀ་དྷ་ཡ་རཀྵ་སཱ་དྷི་པ་ཏ་ཡེ་སྭཱ་ཧཱ། བདེན་བྲལ་གྱི་སྙིང་པོའོ། །པ་རུ་ཎ་ཡ་ཛ་ལཱ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ཆུ་བདག་གི་སྙིང་པོའོ། །བ་ཡ་བཻ་ 101-1-178b ཨན་ཏ་རིཀྵ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། རླུང་ལྷའི་སྙིང་པོའོ། །ཀུ་བེ་ར་དྷ་ན་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ལུས་ངན་གྱི་སྙིང་པོའོ། །ཨཱི་ཤ་ན་ཡ་བྷཱུ་ཏ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། དབང་ལྡན་གྱི་སྙིང་པོའོ། །ཨཱུར་དྷ་བྲཧྨ་ནེ་སྭཱ་ཧཱ། ཚངས་པའི་སྙིང་པོའོ། །ཨདྷོ་ བིཥྞ་བེ་སྭཱ་ཧཱ། ཁྱབ་འཇུག་གི་སྙིང་པོའོ། །ཨ་བྷི་བར་ཏ་ཀ་ཡ་སྭཱ་ཧཱ། རྡོ་རྗེའི་སྙིང་པོའོ། །ཧུ་ཏ་ས་ནཱ་ཡ་སྭཱ་ཧཱ། ཤག་ཏིའི་སྙིང་པོའོ། །མ་ཧཱ་སྱ་མཱ་ཡ་སྭཱ་ཧཱ། དབྱུག་པའི་སྙིང་པོའོ། །ཁདྒ་བི་མ་ལ་བྷ་རི་ཎི་སྭཱ་ཧཱ། རལ་གྲྀའི་སྙིང་པོའོ། ། པ་རུ་ཎ་ཏ་མཱ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ཞགས་པའི་སྙིང་པོའོ། །པྲ་བྷན་ཛ་ན་ཡ་སྭཱ་ཧཱ། རྒྱལ་མཚན་གྱི་སྙིང་པོའོ། །མ་ཧཱ་སུ་མྱ་རས་མ་ཡེ་སྭཱ་ཧཱ། འཁོར་ལོའི་སྙིང་པོའོ། །བྷ་ལ་པི་ཧུ་ལེ་སྭཱ་ཧཱ། རྩེ་གསུམ་པའི་སྙིང་པོའོ། །བྷི་ལ་ཤ་ བྷི་ཧུ་ལེ་སྭཱ་ཧཱ། ཕྱོགས་ཀྱི་སྔགས་སོ། །ཤ་རེ་དྷ་ཡ་སྭཱ་ཧཱ། མདའི་དྲ་བའི་སྔགས་སོ། །ཨོཾ་ཨུར་དྷཾ་ཛ་ལ་བཛྲ་པན་ཙ་རཱ་ཡ་སྭཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་སོ། །འདི་རྣམས་རང་རང་གི་ནི་སྔགས། །མཁས་པས་བུམ་པ་ལ་བཟླས་བྱ། ། སློབ་མ་དཀྱིལ་འཁོར་དུ་ཡང་གཞུག །དབང་བསྐུར་བ་ནི་རབ་ཏུ་བརྟག །རྒྱལ་པོ་དབང་བསྐུར་བར་ནི་བརྗོད། །སྐྱེ་བ་གང་རྣམས་དངོས་གྲུབ་འདོད། །དེ་རྣམས་དབང་བསྐུར་དོན་དུ་བྱ། །བརྒྱན་པའི་དོན་དུ་རབ་ཏུ་འབད། །འདི་ལྟར་དཀྱིལ་འཁོར་ ཆེན་པོར་བསྟན་པའི་ཆོ་ག་བཞིན་དབང་བསྐུར་བ་དང་། དམ་ཚིག་བསྟན་པ་དང་། རྗེས་སུ་གནང་བས་ཕྱག་རྒྱ་ཆེན་པོའི་སྐལ་བ་ཅན་དུ་ཤེས་པར་བྱའོ། །རང་རང་གི་སྔགས་དང་ཕྱག་རྒྱས་དབང་བསྐུར་ལ། ཡང་མཆོད་པ་རྒྱ་ཆེན་པོ་དང་། སྦྱིན་ སྲེག་བྱས་ལ་བསྡུ་བ་དང་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གནོད་གནས་ཀྱི་བདག་པོའི་དམ་ཚིག་བསྟན་པ་དང་། རང་གི་སྔགས་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དེས་ན་ཉིན་རེ་བཞིན་དུ་དུས་གསུམ་དུ། སྔགས་དང་ཕྱག་ རྒྱས་བདག་སྲུང་བ་བྱས་ལ། འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཞབས་བསིལ་བ་དང་། མཆོད་ཡོན་ལ་སོགས་པ་ཕུལ་ནས། ཉེ་བར་སྤྱོད་པའི་མཆོད་པ་ཉི་ཤུ་སྔགས་དང་ཕྱག་རྒྱས་ཕུལ་ལ་ཆོ་ག་ཅི་ལྟར་ཚོགས་པའི་མཆོད་པ་ 101-1-179a བྱས་ནས་སྔོན་དུ་བསྙེན་པར་བྱའོ། །དེ་ནས་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ང་ཡིས་རྒྱས་པར་བཤད་པར་བྱ་སྟེ། དེ་ནས་ཡང་གནོད་སྦྱིན་གྱི་དབང་པོས་གུས་པ་ཉེ་བར་སྐྱེས་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་གཟིགས་ནས་སེང་གེའི་སྒྲ་སྒྲགས་པས་འདི་སྐད་ཅེས་བཀའ་སྩལ་པ། ཁྱོད་རྣམས་ཉོན་ཅིག་འདའ་དཀའ་བ་འདི་བསྟན་པ་སྙིང་རྗེ་ཆེན་པོའྀ་བདག་ཉིད་སོམས་ ཅན་རྣམས་ལ་ཕན་པ་དང་བདེ་བ་དང་ལྡན་པ། གནོད་གནས་ཀྱི་དབང་པོའི་ཕྱག་རྒྱའི་མཚན་ཉིད་སྔགས་དང་ལྡན་པ། དེ་ནས་གནོད་གནས་ཀྱི་དབང་པོས་ཐལ་མོ་སྦྱར་ཏེ། པུས་མོ་ས་ལ་བཞག་སྟེ་ཕྱག་བྱས་ནས་ཅང་མི་ སྨྲ་བར་སྡོད་དོ། །དེ་ནས་བཅོམ་ལྡན་འདས་སེང་གེ་བཞིན་འཇིགས་པ་མེད་པས་སྔགས་དང་ཕྱག་རྒྱ་འདི་གསུངས་པ། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་ནས། གུང་མོ་གཉིས་ཕྱིར་བཟློག་མིང་མེད་ཀྱི་རྩེ་མོ་གཉིས་ལ་ སྦྱར་ལ། མཛུབ་མོ་གཉིས་ཚིགས་གསུམ་པ་བཅག་ནས་དེར་བཞག་སྟེ། མཐེ་བོང་ཕྱོགས་སུ་བཞག །མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། །འདི་བཅིངས་པ་ཙམ་གྱིས་ གནོད་གནས་ཀྱི་དབང་པོ་ཉེ་བར་གནས་པར་གྱུར་ནས་སྒྲུབ་པ་པོ་ལ་ལྟ་ཞིང་མཆོག་སྟེར་བར་འགྱུར་རོ། །འདིའྀ་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། སྔགས་ འདི་དང་ལྡན་པའི་ཕྱག་རྒྱ་ཡིས་གནས་རྣམ་པ་ལྔར་སྦྱར་བས་བྱིན་གྱིས་བརླབ་པར་བྱའོ། །གནོད་གནས་དང་སོ་སོར་མཉམ་པར་འགྱུར་རོ། །ལག་གཉིས་ཁུ་ཚུར་བཅངས་ནས་མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་ སྤྱོད་པའི་དབང་པོའི་ཕྱག་རྒྱ་སྟེ། བདག་བསྲུང་བ་ལ་ངེས་པར་སྦྱར་བར་རོ། །འདིའི་སྔགས་ནི། ཨོཾ་ཙ་རེན་དྲཱ་ཡ་སྭཱ་ཧཱ། དེ་ལྟར་ཁུ་ཚུར་བྱས་ཏེ་མཐེའུ་ཆུང་གཉིས་ནང་དུ་བཅུག་ནས་སྲིན་ལག་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་དབང་པོ་གདོང་གི་ཕྱག་རྒྱ་ 101-1-179b སྟེ། བདག་བསྲུང་བ་ལ་ངེས་པ་སྟེ། འདིའི་སྔགས་ནི། ཨོཾ་མུ་ཁེན་དྲཱ་ཡ་སྭཱ་ཧཱ། དབང་པོ་གདོང་གི་ཕྱག་རྒྱ་ལས་མིང་མེད་ཀྱི་ཚིགས་གསུམ་པ་བཅག་པ་ནི་གནོད་སྦྱིན་མོ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཨ་ནི། འདིས་ ཀྱང་བདག་བསྲུང་བར་བྱའོ། །སྤྱན་འདྲེན་པའི་དུས་སུ་ཡང་གནོད་སྦྱིན་མོ་རྣམས་སྤྱན་དྲང་བར་བྱའོ། །སྟེང་དང་འོག་དང་ཕྱོགས་བཅུ་རུ་ར་བ་དང་དྲ་བ་དང་ཕུར་བུ་སྟེ། ལག་པ་གཉིས་ཁུ་ཚུར་བྱས་ལ་མཛུབ་མོ་གཉིས་སོ་སོར་ཁབ་ཀྱི་ རྩེ་མོ་ལྟར་བྱས་པ་འདི་ནི་དྲ་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཙ་རེན་དྲ་བྷན་དྷ་དྷི་ཤ་ཕཊ། ར་བ་དང་ངེས་པར་སྦྱར་བར་རོ། །དེ་ཉིད་ལས་འཛུབ་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་གཅིག་ཏུ་བྱས་པ་ནི་དྲ་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་མུ་ཁེ་ན་དྲཱ་ཡ་སྭཱ་ཧཱ། དྲ་བའི་དོན་དུ་ངེས་པར་སྦྱར་བར་རོ། །ལག་པ་གཉིས་ཁུ་ཚུར་བྱས་ནས་འོག་ཏུ་བཞག་པ་ནི་ཕུར་པའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་ཧྲི་ཏ་ཏ། སྤྱན་དྲང་བར་བྱ་བ་ནི་རྩ་བའི་ཕྱག་རྒྱ་ལས་མཐེའུ་ཅུང་ཟད་དགུག་པ་ ནི་སྤྱན་དྲང་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨེ་ཧྱེ་ཙུ་ལུ་ཙུ་ལུ། ཏྭ་ར་ཏྭ་ར། ཛཱ་ལ་ས་ཡ་ནང་པྲྀ་ཡཱ་ཡ་སྭཱ་ཧཱ། རིམ་པ་འདིས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །དེ་ནས་ཨརྒྷ་སྦྱིན་པར་བྱའོ། །ལག་པ་གཉིས་བརྟེན་པའི་ཐལ་མོ་སྦྱར་ནས་ འཛུབ་མོ་མཐེ་བོའི་ངོས་ལ་སྦྱར་ཏེ། འདིའི་སྔགས་ནི། ཨོཾ་ཡཀྵ་ནཱ་དྷ་ཡ་ཀེན་དྷྲ་ན་པྲ་ཡ་པ་ཤ་པ་ཤ་སྭཱ་ཧཱ། དེ་ནས་གདན་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ། འཛུབ་མོ་གསུམ་པ་མཉམ་པར་བྱས་ནས་ཚིགས་གསུམ་པར་ བཅག་སྟེ། དབུ་མར་སྦྱར་ནས་གཞན་སོ་སོར་བྱས་པ་ནི། བཅོམ་ལྡན་འདས་ཀྱི་སེང་གེའི་གདན་གྱི་ཕྱག་རྒྱའོ། །འདི་བསྟན་པ་ཙམ་གྱིས་གནོད་སྦྱིན་གྱི་དབང་པོ་འཁོར་དང་བཅས་པ་སེང་གེའི་གདན་ལ་བཞུགས་པར་འགྱུར་རོ། །སེང་གེའི་ གདན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཨི་དྷ་ཡ་ས་མར་རྐྱང་སྭཱ་ཧཱ། དེ་ནས་ཁྲུས་ཀྱི་ཕྱག་རྒྱ་བཅིངས་ནས་གནོད་གནས་འཁོར་དང་བཅས་པ་ཁྲུས་གསོལ་བར་བྱ། ལག་པ་གཉིས་ཡང་རྟེན་གྱི་ཐལ་མོ་བྱས་ 101-1-180a མཐེའུ་ཆུང་གཉིས་ཕྱིན་ཅི་ལོག་ཏུ་བྱས་ལ་མིང་མེད་གཉིས་དཀྱིལ་དུ་བྱས་པ། གུང་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས། དེའི་ཕྱི་རོལ་དུ་གུང་མོའི་ཚིགས་གསུམ་སྦྱར་བར་མཐེ་བོ་གཉིས་ཕྱོགས་སུ་བཞག་པ་ནི། ལྷ་ཐམས་ ཅད་ཀྱི་ཁྲུས་ཀྱི་ཕྱག་རྒྱའོ། །འདིའྀ་སྔགས་ནི། ཨོཾ་ནཱ་ན་སྦྱི་ཡ་གྷ་ཏ་ཀུམ་བྷ་ཛྭ་ལ་སྭཱ་ཧཱ། གོས་ཀྱི་ཕྱག་རྒྱ་བཅིངས་ནས་གོས་དབུལ་བར་བྱ་སྟེ་ཡང་ལག་པ་གཉིས་མཐེ་བོང་དང་འཛུབ་མོ་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་ལྟར་བྱས་ཏེ། སོར་མོ་ཕྱི་མ་རྣམས་བརྐྱང་བ་འདི་ནི་གོས་ཀྱི་ཕྱག་རྒྱ་སྟེ། འདིའྀ་སྔགས་ནི། ཨོཾ་དྷི་རི་དྷི་རི་མ་ཧཱ་ས་མུད་ཏྲ་ཨཾ་དྷ་ར་དྷ་ཀ་སྭཱ་ཧཱ། རྒྱན་གྱི་ཕྱག་རྒྱ་ཉེ་བར་བྱ་སྟེ། ལག་པ་གཉིས་སོར་མོ་གསུམ་གྱིས་མཐེ་བོང་བཀབ་ནས་བསྡིགས་ འཛུབ་འཁྱིལ་བའི་ཚུལ་དུ་བྱས་ནས་ཕན་ཚུན་སྟེང་དུ་བསྐོར་ནས། གཅིག་ཏུ་བྱས་པ་འདི་ནི་རྒྱན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་མེ་གྷ་བྷ་ར་ཎ་ཛ་ལ་བུ་གྷ་ན་སྭཱ་ཧཱ། ཡང་དག་པར་བརྐྱང་ནུལ་བྱ་བའི་ཕྱག་རྒྱ་ནི། ལག་པ་གཡས་པ་ཁུ་ཚུར་ བཅངས་ནས། ལག་པ་གཡོན་པ་ནོར་བུ་འཆིང་བའི་མཚམས་སུ་ལག་གདུབ་ལྟར་བཟུང་བ་ནི་བརྐྱང་ནུལ་བྱ་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཧ་ར་ཧ་ར་ཛོ་གྷྲ་ཎ་ཡ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གྱི་ཕྱག་རྒྱ་ངེས་པར་ བསྟན་པར་བྱ་སྟེ། དེ་ཉིད་ལས་སོར་མོ་རྣམས་སོ་སོར་བརྐྱང་ནས་ཁ་འོག་ཏུ་དབུབ་པ་ནི། དཀྱིལ་འཁོར་ཉེ་བར་བྱུག་པའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཀུ་ཏི་ཛུ་ག་བྷ་ར་ཏ་པྲི་ཡཱ་ཡ། སྭཱ་ཧཱ། རྡུལ་ཚོན་གྱི་ཕྲེང་བའི་ཕྱག་རྒྱ་ཉེ་བར་ བསྟན་པ་ནི། དཀྱིལ་འཁོར་གྱི་ཕྱག་རྒྱ་ལས་སོར་མོ་ལྔ་རྣམས་ཁ་འོག་ཏུ་བྱས་ནས་བཞག་པ་ནི། རྡུལ་ཚོན་གྱི་ཕྲེང་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཧེ་ཧེ་ཕེ་ན་བྷ་ལི་པྲྀ་ཡ་སོ་བྷ་ན་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་ གཉིས་རྟེན་པའི་ཐལ་མོ་སྦྱར་ལ་མཐེའུ་ཆུང་ཁབ་ཀྱི་རྣམ་པ་ལྟར་བྱས་ནས། མིང་མེད་དང་། གུང་མོ་དང་མཛུབ་མོ་རྣམས་ནང་དུ་བཀུག་པ་ནི། དྲིའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ལ་ལཱ་གཱ་ལ་གཱ་ལ་སུ་གྷན་དྷ་གྷན་དྷ་ཡ་སྭཱ་ཧཱ། དེ་ནས་མེ་ཏོག་ 101-1-180b གི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། དྲིའི་ཕྱག་རྒྱ་ལས་མཐེ་བོང་དྲང་པོར་གྱེན་དུ་འགྲེང་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་པུཥྤ་པྲ་བྷ་ཧ་རི་པུས་པ་མེ་གྷ་སྭཱ་ཧཱ། བདུག་སྤོས་ཀྱི་ཕྱག་རྒྱ་ནི་མེ་ཏོག་གི་ཕྱག་རྒྱ་ལས་ཚིགས་ གསུམ་པ་ཅུང་ཟད་བཀུག་པར་བྱ་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། །ཨོཾ་རུ་རུ་མ་ཧཱ་དུ་བ་པྲྀ་ཡཱ་ཡ་སྭཱ་ཧཱ། གཏོར་མའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། བདུག་སྤོས་ཀྱི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ལོངས་སྤྱོད་པའི་རྣམ་པར་བཀོད་ ནས་མཐེའུ་ཆུང་གཉིས་ནང་དུ་བྱས་པ་ནི་གཏོར་མའི་ཕྱག་རྒྱའོ། །འདིའི་སྔགས་ནི་ཨོཾ་ས་ཀ་ས་ཀ་བྷ་རི་ལ་ཛ་ན་གཾ་པ་ཀ་བྷ་ལི་དྷ་ཡཀྵ་དྷཻ་ཧི་དྷེ་ཧི་སྭཱ་ཧཱ། མེ་མར་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། གཏོར་མའི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ཁུ་ཚུར་ བྱས་ལ་མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་མེ་མར་གྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཕུ་རུ་ཕུ་རུ་པྲ་ཀ་ས་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པ་ཁོང་སྟོང་ལ་ཐུར་དུ་བྱས་པ་ནི་དྲིའྀ་ཕྱག་ རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཀི་ནི་ཀི་ནི་གྷན་དྷ་ཀར་ན་ཀར་ན་གྷོ་ཤམ་མེ་ཏྲི་ནཱུ་སྭཱ་ཧཱ། གདུགས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ཡང་ལག་པ་གཉིས་ཕན་ཚུན་དུ་མངོན་བར་ཕྱོགས་ནས་གཅིག་ཏུ་སྦྱར་ཞིང་ནང་དུ་ཞུམ་ནས་མཐེ་བོང་ཕྱོགས་སུ་ བཞག་པ་ནི་གདུགས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་གྲཱིཧྞ་ཚད་པྲ་ཏི་ཡད་ཚད་ཏྲ་ར་ཏན་ཀྵ་ཀ་སྭཱ་ཧཱ། རྔ་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ནས་སོར་མོ་ལྷག་མ་རྡོ་རྗེ་ལྟར་མཚོན་ པས་ཕྱོགས་གཉི་ག་བསྐོར་བ་ནི་རྔ་ཡབ་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི་ཨོཾ་ཙ་མ་ར་ཙ་མ་ཀ་ར་པྲ་ཡ་ཀེ་ཊུ་ཊུ་སྭཱ་ཧཱ། རླུང་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་བཀབ་ནས་སོར་མོ་ལྷག་མ་ རྣམས་བརྐྱང་སྟེ་རྡོ་རྗེ་ལྟར་མཚོན་ནས་ཡོངས་སུ་བསྐོར་བ་ནི་རླུང་ཡབ་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་བྷེ་རཾ་བྷ་བྷ་ཡུ་དྷ་ཀ་ཡ་སྭཱ་ཧཱ། རྒྱལ་མཚན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པའི་མཐེ་བོང་གིས་མིང་མེད་དང་མཐེའུ་ཆུང་གི་སེན་ 101-1-181a མོ་མནན་ནས་མཛུབ་དང་གུང་མོ་གཉིས་གཅིག་གི་རྣམ་པ་ལྟར་བྱས་ནས་འོག་ཏུ་བསྐྱོད་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཏུ་ཤ་ཏུ་ཤ་ཀ་ལ་སྭཱ་ཧ་ཛ་པྲྀ་ཡཱ་ཡ་སྭཱ་ཧཱ། གདན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ཡང་ལག་པ་གཉིས་ཀྱི་མིང་མེད་དང་མཐེའུ་ཆུང་རིམ་གྱིས་མནན་ནས་གུང་མོ་དང་བསྡིགས་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་ལ་སྟེང་དུ་བསྐྱོད་པ་ནི་གདན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཛཱ་ལ་ཛཱ་མ་ཏུ་རུ་ཁེ་ཛ་ཡན་ཏི་པྲྀ་ཡཱ་ ཡ་སྭཱ་ཧཱ། གདན་གྱི་སྔགས་སོ། །འདི་རྣམས་ནི་གནོད་སྦྱིན་གྱི་དབང་པོའི་ཉེ་བར་མཆོད་པ་ཉི་ཤུའོ། །སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ལས་བྱུང་བའི་མཆོད་པ་མཐོང་བ་དང་ཐོས་ པས་རང་བཞིན་གྱི་སྔགས་དང་ཕྱག་རྒྱས་མཆོད་པ་འདི་ཐམས་ཅད་དབུལ་བར་བྱའོ། །དེ་ནས་བདག་ཉིད་དབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་ པ་དང་། བསྟོད་པས་མཉེས་པར་བྱ་བ་དང་། གླེང་གཞི་དང་། ཆེད་དུ་བརྗོད་པའི་མདོ་ལ་སོགས་པ་གདོན་པ་དང་། མཚན་བརྒྱ་རྩ་བརྒྱད་པ་གདོན་པ་དང་། མཆོད་སྦྱིན་གྱི་ཚིགས་སུ་བཅད་པས་བསྐུལ་བ་དང་། རྟག་ཏུ་ཆུ་སྦྱིན་པ་དང་། ལྷ་ཐམས་ ཅད་ལ་གཏོར་མ་སྦྱིན་པ་དང་། འདི་རྣམས་ཐམས་ཅད་བྱས་ལ། བོ་དེ་ཙེ་སྔགས་ཀྱི་སྐུད་པ་ཡོངས་སུ་བཟུང་ལ་གནོད་གནས་དང་འདྲ་བར་རང་བསྒོམས་པའི། ཨོཾ་ཡིག་སྤྱི་བོར་དགོད་པར་བྱ། །ཛི་ཡིག་ཁ་རུ་ངེས་པར་དགོད། །བྷ་ཡིག་ལག་པ་ གཡས་པར་དགོད། །ལཱ་ཡིག་གཡོན་པར་དགོད་པར་བྱ། །ཛ་ཡིག་སྙིང་གར་དགོད་པའོ། །བརླ་ནི་གཡས་དང་གཡོན་པ་ལ། །ལེན་ཏྲ་ངེས་པར་དགོད་པར་བྱ། །ཛ་ཡིག་མཚན་མར་དགོད་པར་བྱ། །དེ་ནས་བློ་དང་ལྡན་པ་ཡིས། །རྐང་པའི་ མཐིལ་དུ་སྭཱ་ཧཱ་དགོད། །འདི་རྣམས་གནོད་སྦྱིན་དབང་པོ་རྒྱལ། །གསང་བའི་སྙིང་པོ་རབ་ཏུ་གྲགས། །འདི་རྣམས་གང་ཤེས་བློ་ལྡན་ཡིན། །དེ་ཡིས་དངོས་གྲུབ་འགྲུབ་པར་འགྱུར། །ཇི་ལྟར་ནུས་པར་བཟླས་པ་བྱ། །བདག་ཉིད་བསྲུང་བ་བྱས་ 101-1-181b ནས་ནི། །སེམས་ཅན་རྣམས་ལ་བསོད་ནམས་གང་། །མཉམ་པར་གཞག་པས་དབུལ་བར་བྱ། །ཇི་ལྟར་འདོད་པས་བླངས་ནས་ནི། །དེ་ནས་གཤེགས་སུ་གསོལ་བར་བྱ། །སྔར་གྱི་སྤྱན་དྲང་ཕྱག་རྒྱ་ལས། །མཐེབ་མོ་བརྐྱང་བས་བསྐྱོད་པ་ འོ། །སྔགས་དང་ལྡན་པས་གཤེགས་སུ་གསོལ། །སྔགས་ནི། ཨོཾ་ཌི་ཌི་ཀི་ཏཱ་ཏེ་བཱ་ག་ཏ་ཨཛྴ་གཙྪ་གཙྪ་སྭཱ་ཧཱ། རིམ་པ་འདི་ཡིས་སྔོན་དུ་བསྙེན་པ་འབུམ་བྱས་ལ་ཕྱི་ནས་ཇི་ལྟར་འདོད་པ་བསྒྲུབ་པར་བྱའོ། །དེ་ནས་ཐམས་ཅད་དང་ལྡན་ པའི་འཁོར་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་སྲིད་རིམ་པ་འདི་ཡིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཤིན་དུ་ངོ་མཚར་རོ། །བདེ་བར་གཤེགས་པ་ཤིན་དུ་ངོ་མཚར་ རོ། །སེམས་ཅན་ཐམས་ཅད་ཁྱད་པར་སྤྲོ་བ་དང་། དོན་ཐམས་ཅད་སྒྲུབ་པ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སེམས་ཅན་གང་གིས་གནོད་གནས་ཀྱི་དབང་པོའི་རྟོག་པ་མཉན་འདོད་པའི་དོན་མ་ལུས་པ་སྒྲུབ་པ། བཅོམ་ལྡན་ འདས་ཀྱིས་བཤད་དུ་གསོལ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས། གནོད་གནས་ཀྱི་རྟོག་པ་འདི་གསུངས་པ་སྔར་བརྗོད་པའི་ཆོ་གས་སྔོན་དུ་བསྙེན་པ་བྱས་ལ། དེ་ནས་ཡང་ གནོད་གནས་ཀྱི་དབང་པོ་ལ་དྲི་དང་མེ་ཏོག་གི་མཆོད་པ་བྱས་ན། རྒྱ་མཚོའི་ཆུར་ཞུགས་ལ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་ཡར་ངོའི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོའི་འགྲམ་དུ་ ཕྱིན་ནས་རྐེད་པ་ནུབ་པ་ཙམ་དུ་ཆུར་ཞུགས་ཏེ། ཉིན་མཚན་གཅིག་ཏུ་སྨྱུང་བ་ལ་གནས་ནས། ཁྱོར་བ་འབུམ་གྱི་ཆུ་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །སྦྱོར་བ་འདི་ཉིད་ཀྱིས་པུས་མོ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ ནས་སྟོང་ཕྲག་བཅུའི་སྦྱིན་སྲེག་བྱས་ན་གྲོང་བཅུའམ་གསེར་སྲང་སྟོང་རབ་ཏུ་སྟེར་བར་འགྱུར་རོ། །ཆུ་བོ་དེ་ཉིད་ལ་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་པད་མ་ལ་ཞོ་དང་མར་དང་སྦྲང་རྩི་སྦགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་ 101-1-182a བྱས་ན་གཏེར་གྱི་བུམ་པ་རྙེད་པར་འགྱུར་རོ། །ཡང་སྦྱོར་བ་དེ་ཉིད་ཀྱིས་ཟར་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །མྱ་ངན་མེད་ཀྱི་ཡམ་ཤིང་ལ་མེ་སྦར་ཏེ། ཨ་པ་མརྒའི་སྙི་མ་ལ་ མར་དང་སྦྲང་རྩིས་སྦགས་ནས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དབང་དུ་འགྱུར་རོ། །ཨ་པ་མརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ། ཨ་པ་མརྒའི་ས་བོན་ཞོ་དང་མར་དང་། སྦྲང་རྩིས་བྱུགས་ལ་ མིང་མེད་དང་མཐེབ་མོས་བཟུང་ནས་རང་གི་ཁྱིམ་དུ་གཏེར་མཐོང་བར་འགྱུར་རོ། །དེ་ནས་ཉིན་རེ་བཞིན་ཏིལ་གྱི་མེ་ཏོག་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས། དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གང་དོན་དུ་གཉེར་བ་ དེ་ཐོབ་པར་འགྱུར་རོ། །ཉི་མ་གཅིག་གིས་འཁོར་ཉིས་བརྒྱ་དང་བཅས་པ་མ་བསླངས་པར་བཟའ་བ་དང་བཅའ་བ་ཡང་རྙེད་པར་འགྱུར་རོ། །མྱ་ངན་མེད་ཀྱི་མེ་ཏོག་ལ་ཞོ་དང་མར་དང་སྦྲང་རྩིས་བྱུགས་ཏེ་དུས་གསུམ་དུ་སྟོང་ཕྲག་ བརྒྱད་དུ་སྦྱིན་སྲེག་བྱས་ན་གང་གསོལ་བ་བཏབ་པ་དེ་འཐོབ་པར་འགྱུར་རོ། །མྱ་ངན་མེད་ཀྱི་མེ་ཏོག་དང་། ཨ་པ་མརྒའི་ས་བོན་བསྲེགས་ལ་ཞོ་དང་མར་དང་སྦྲང་རྩིས་བྱུགས་ལ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོའི་ བུ་མོ་དབང་དུ་འགྱུར་རོ། །མིང་བཟུང་ནས་སྦྱིན་སྲེག་དེ་ཉིད་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་དེ་ཉིད་ཐོབ་པར་འགྱུར་རོ། །མེ་ཏོག་དམར་པོ་མ་ཉམས་པ་ཡོངས་སུ་བཟུང་ནས་རྒྱ་མཚོར་འབབ་པའི་ཆུ་བོར་ཕྱིན་ལ་ རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་སྟོང་ཕྲག་བཅུར་སྦྱིན་སྲེག་བྱས་ན་གང་མེ་ཏོག་དེའི་དྲི་ཚོར་བ་དང་། རེག་པ་དང་དེ་རྣམས་ཐམས་ཅད་དབང་དུ་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་གནོད་སྦྱིན་མོ་རྣམས་འགུགས་པར་འགྱུར་རོ། ། ཡང་ན་ཆུ་དེ་ཉིད་ལ་ཨ་པ་མརྒའི་ཤིང་གི་སྦྱིན་སྲེག་སྟོང་བྱས་ན་ཉི་མས་མཆོག་སྟེར་བར་འགྱུར་རོ། །དེ་ལྟར་མན་དཱ་ར་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་བརྒྱ་བྱིན་གྱིས་མཆོག་སྟེར་བར་འགྱུར་རོ། །ཏིལ་གྱི་མེ་ཏོག་གིས་ནི་ཚངས་ 101-1-182b པས་མཆོག་སྟེར་བར་འགྱུར་རོ། །པ་ཏ་ལའི་མེ་ཏོག་གིས་ནི་ནོར་ལྷས་མཆོག་སྟེར་བར་འགྱུར་རོ། །སྔགས་དེ་ཉིད་ཟློས་བཞིན་པས་མཐེའུ་ཆུང་དང་མཐེབ་མོ་གཉིས་ཀྱིས་གཟུགས་བརྙན་དེ་ཉིད་བཙིར་ནས་ཇི་སྲིད་སྔགས་ སྟོང་ཕྲག་བཅུ་བཟླས་པ་དེ་སྲིད་གང་འདོད་པ་དེ་རྙེད་པར་འགྱུར་རོ། །དེ་ནས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །འབུམ་ཕྲག་བཟླས་པས་རྒྱལ་པོ་འགུགས་པར་འགྱུར་རོ། །འབུམ་མཚོ་གཉིས་བཟླས་ཏེ་གནོད་སྦྱིན་ མོ་རང་འོང་བར་འགྱུར་རོ། །འབུམ་མཚོ་གསུམ་བཟླས་པས་སེམས་ཅན་ཐམས་ཅད་འགུགས་པར་འགྱུར་རོ། །ཡང་ན་དཀའ་བས་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ལ་ཡིད་ལ་གང་འདོད་དེ་རྙེད་པར་འགྱུར་རོ། །རྒྱལ་པོའྀ་ ཨརྒའི་རང་བཞིན་གྱི་ཤིང་ལ་གཟུགས་བརྙན་བྱས་ལ་མ་བཅོས་པའི་ཁ་དོག་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་ཉིད་ཀྱི་མདུན་དུ། ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ནས་ལག་པ་གཡོན་པའི་མཐིལ་དུ་སྔགས་ཁྲི་མངོན་བར་ བཟླས་ལ། གཏེར་གང་ན་ཡོད་པའི་སར་ཕྱིན་ནས་སྟེང་དུ་ལག་པ་བཞག་སྟེ། སྔགས་བརྒྱ་རྩ་བརྒྱད་བཟླས་ན་གཏེར་ཐམས་ཅད་འགུགས་པར་འགྱུར་རོ། །དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་མྱ་ངན་མེད་ཀྱི་རྩ་ནས་གནས་ པས་ཉིན་མཚན་དུ་གསོ་སྦྱོང་གིས་གནས་ཤིང་། ཉིན་མཚན་བར་ཆོད་ཀྱི་ཟས་ཟ་བས་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་བྱས་ན་དགོས་པ་ཐམས་ཅད་སྒྲུབ་པར་ནུས་སོ། །རྒྱ་སྐྱེགས་ཀྱི་ཁུ་བ་དང་ཞོ་བསྲེས་ནས་བསྲེག་ལུགས་ སྟོང་བྱས་ན་གསེར་སྲང་སྟོང་སྟེར་བར་འགྱུར་རོ། །ཨ་པ་མརྒའི་ཡམ་ཤིང་ཞོ་དང་། མར་དང་སྦྲང་རྩིས་མངོན་བར་སྦགས་ནས་ཉིན་མཚན་དུ་སྨྱང་བར་གནས་པས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་པས་ཤིན་དུ་ཤེས་ རབ་འཕེལ་བར་འགྱུར་བ་དང་ཚིགས་བཤད་སྟོང་ཡང་འཛིན་པར་འགྱུར་རོ། །ཨརྒའི་རྩ་བ་ལ་ཆོ་ག་འདིས་སོར་མོ་དྲུག་པའི་གཟུགས་བརྙན་ཅོད་པན་དང་ཐོར་ཚུགས་ལྡན་པར་བྱས་ལ་དེའི་མདུན་དུ་ཨ་པ་མརྒའི་ཡམ་ 101-1-183a ཤིང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སོ་མ་སོ་བིད་ཀྲི་ཎི་ཡ་མི་རི་ཏི་མ་ནི་རི་ཏི་སྭཱ་ཧཱ། སྔགས་འདིས་སྦྱིན་སྲེག་སྟོང་བྱས་ན་དོང་རྩེ་བརྒྱ་རྙེད་པར་འགྱུར་རོ། །གནོད་གནས་ཀྱི་ སྙིང་པོས་མཆོག་རྙེད་པར་འགྱུར་རོ། །འདི་ཉིད་ཀྱིས་གནས་པས་པུས་མོ་ནུབ་ཙམ་དུ་ཆུར་ཞུགས་ནས་འབུམ་ཕྲག་དྲུག་བཟླས་ན་ནོར་རྙེད་པར་འགྱུར་རོ། །ནིམ་པའི་ཤིང་གི་རང་བཞིན་ལ་ཆུ་ཞེང་དུ་སོར་བཞི་མཉམ་པའི་ནོར་བུ་ བཟང་པོ་བྱས་ལ་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་གྱིས་བྲིས་ལ་ཉེ་བར་མཆོད་པ་དང་། གཏོར་མ་བྱིན་ནས་དུ་བ་མེད་པའི་མེ་ལ་དུས་གསུམ་དུ་དེའི་མདུན་དུ་རྒྱ་སྐྱེགས་ཀྱི་སྲེག་ལུགས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ ཕྱུག་པོ་རྣམས་དབང་དུ་འགྱུར་རོ། །ལེགས་པར་ཡན་ལག་སྟེར་བ་དང་། །རྨད་གྱུར་ཆེན་པོའི་བརྩོན་འགྲུས་དང་། །ལྟོས་པ་མེད་པའི་སྙིང་རྗེ་དང་། །ཡང་དག་ཅི་བཞིན་སྟོན་པ་དང་། །རྫུ་འཕྲུལ་གྱིས་འགྲོ་གཙོ་བོ་དང་། །ཐམས་ ཅད་དུ་ནི་སྐྱོན་མེད་པ། །སྡུག་བསྔལ་བ་ནི་ཉོན་མོངས་ཉམས། །ཛམ་བྷ་ལ་ཡི་སྒོམ་པ་པོ། །དེ་ནས་ཡང་གནོད་སྦྱིན་གྱི་དབང་པོའི་སྙིང་པོ་རྒྱས་པར་བཤད་པ་ནི་མཆོག་གི་དངོས་གྲུབ་དང་། བསྐུལ་བའི་ཡི་གེ་དང་ཡང་དག་པར་ལྡན་པ་ འདི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ས་མ་ཡ་མ་ནུ་རྨས། མ་ཎི་བྷ་དྲཱ་ཡ། བྷ་ག་བཱ་ཏ། ཛཱ་ཙིད་ཏ་ད་ཏྭཾ། དྷ་མ་དྷ་མ། དྷུ་རུ་དྷུ་རུ། མ་རི་ཙ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་ དྲ། ཏུ་ཊི་ཏུ་ཊི་མ་ཎི་བྷ་དྲ། ཏི་ཊི་ཏི་ཊི་མ་ཎི་བྷ་དྲ་སྭཱ་ཧཱ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བའི་ཆོ་ག་ཡོད་མ་ཡིན། །ཨརྒ་འམ་ནིམ་པའི་ཤིང་གཞན་མ་རྣམས་ལ་ནོར་བུ་བཟང་པོའི་གཟུགས་བྱས་ཏེ། དེའི་མདུན་དུ་འདུག་ལ་ཉི་མ་ ཕྱེད་ཀྱི་དུས་སུ་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ནས་ཡུངས་ཀར་དཀར་པོ་ཚ་བའི་མར་ནག་དང་བཏགས་པའི་རི་ལུ་བྱས་ལ་ནོར་བུ་བཟང་པོའི་ལྟོར་བཅུག་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །དེ་ཉིད་ 101-1-183b དུ་ཟད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་ཀྱི་རྟོག་པ་གསུངས་པ། གང་གིས་ལོ་མ་བཙོས་པ་ཟ་བ་དང་། བསོད་སྙོམས་ཀྱིས་མཚོ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ མདུན་དུ་རྒྱ་ཆེ་བའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་དུ་བཟླས་པ་བྱས་ན་ནོར་མང་པོ་རྙེད་པར་འགྱུར་རོ། །ཟླ་བ་དྲུག་ཏུ་ཆུ་ནས་ཆུའི་སྦྱིན་སྲེག་བྱས་ན་སྟོང་ཕྲག་བརྒྱ་རྙེད་པར་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་དཀར་གསུམ་གྱི་གཏོར་ མ་དང་མཆོད་པ་ཕུལ་ལ། ཨ་ཤྭད་ཐའི་ཡཾ་ཤིང་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་བར་སྣང་ལས་སྒྲ་ཐོས་པ་འམ། ཡིད་ལ་འདོད་པའི་རིག་པ་འཛིན་པའི་འབྲས་བུ་འགྲུབ་པ་དང་། སེམས་ཀྱིས་བྱས་ པས་ཚོགས་པར་འགྱུར་རོ། །དེ་བཞིན་དུ་ལས་ཚོགས་གཞན་ཡང་འགྲུབ་སྟེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ། འབུམ་ཕྲག་གཅིག་བཟླས་ནས། དཀར་པོ་དང་ནག་པོའི་ཕྱོགས་ལ་བསོད་སྙོམས་ཟ་ཞིང་རེ་མོས་ཀྱིས་སྨྱུང་བར་ གནས་ནས་གཏོར་མ་དང་མཆོད་པ་ཆོ་ག་བཞིན་བྱིན་ནས་ཏིལ་ནག་མང་པོ་ལ་ཞོ་དང་མར་དང་སྦྲང་རྩིས་སྦགས་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གྲོང་གི་མཆོག་བཅུ་གཉིས་རྙེད་པར་འགྱུར་རོ། །བག་མེད་པས་ལས་མ་གྲུབ་ ན་སྟོང་ཕྲག་བཅུའི་ནང་ནས་གྲོང་གཅིག་རྙེད་པར་འགྱུར་རོ། །ཆུ་བོའི་འགྲམ་དུ་ནོར་བུ་བཟང་པོ་བཞག་ནས་མར་དང་འོ་ཐུག་ཟ་ཞིང་མཆོད་རྟེན་གདུང་དང་ལྡན་པ་ལ་འབུམ་ཕྲག་གཅིག་བཟླས་ནས། གནམ་སྟོང་ལ་མཚན་མོ་སྨྱུང་ བར་གནས་པས། ཛཱ་ཏིའི་མེ་ཏོག་ལ་སྟོང་ཕྲག་བརྒྱད་དུ་རེ་རེ་ལ་མངོན་བར་བསྔགས་ནས་མཆོད་རྟེན་ལ་ཕུལ་ན་ནང་པར་ཕྱུགས་སྟོང་ཕྲག་སྟེར་བར་འགྱུར་རོ། །བསོད་སྙོམས་ཟ་ཞིང་རིགས་གཙང་མ་ལ་དུས་གསུམ་དུ་ ཁྲུས་བྱེད་ཅིང་འབུམ་ཕྲག་གཅིག་ཏུ་བཟླས་ནས། ནག་པོའི་ཕྱོགས་ཀྱི་བརྒྱད་ལ་མཚན་མོ་སྨྱུང་བར་གནས་ལ་འཛམ་བུའི་ཡམ་ཤིང་ལ་མེ་སྦར་ལ། ན་ག་པུས་པ་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་ 101-1-184a སྲེག་བྱས་པ་དང་། མངར་གསུམ་གྱི་བཤོས་གཙང་མ་དང་གཏོར་མ་བྱིན་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང་། བྲམ་ཟེའི་གཟུགས་ཀྱིས་འོངས་ནས་ང་ཡིས་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། །དེ་ལ་སྨྲ་བ་དོང་ཙེ་ལྔ་བྱིན་ཅིག་ཅེས་སྨྲས་པ་ དང་། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏེ་ཉིན་རེ་བཞིན་དུ་སྟེར་བར་འགྱུར་རོ། །ལྷག་མ་མེད་པར་ཟད་པར་བྱའོ། །པད་མ་སྐྱེས་པ་མཚོའི་འགྲམ་དུ་ཕྱིན་ཏེ་ཆུ་དང་བཅས་པའི་ཕྱེ་ཟ་བའམ། ཡང་ཅི་ལྟར་རྙེད་པའི་ཟས་ཟ་ཞིང་ནོར་བུ་བཟང་ པོ་ཁ་ཕྱིར་བསྟན་པར་བཞག་ལ་གསོལ་བ་བཏབ་ནས། ཇི་སྲིད་དུ་སྟོང་ཕྲག་བརྒྱ་རྫོགས་པར་པད་མའི་སྦྱིན་སྲེག་བྱས་ན། དེའི་རྟིང་ལ་དཔལ་མོ་འོངས་ཏེ་འོངས་པ་དེ་ལ་པད་མ་ཉེ་བར་ཕུལ་ནས་དྲི་དང་བཅས་པའི་ཆུའི་ཨརྒ་བྱིན་ན། དེས་སྨྲས་པ་བུ་ གཅིག་ཅི་བྱ་ཞེས་སྨྲས་ན། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། གཏེར་མང་པོ་བདག་ལ་རབ་ཏུ་སྩོལ་ཅིག །དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་གང་དུ་འགྲོ་བ་དེར་ཁྱེར་ནས་བྱིན་པ་དེ་ཟད་པ་མེད་པར་འགྱུར་རོ། །ནོར་བུ་བཟང་པོའི་མདུན་དུ་ ཟླ་བ་ཕྱེད་དུ་བཟླས་ནས་ཅི་སྲིད་ཟླ་བ་ཉའི་ནུབ་མོ་སྨྱུང་བར་གནས་པས། ཤ་མེད་པའི་གཏོར་མ་བྱིན་ནས། དེ་ནས་ནོར་བུ་བཟང་པོའི་སྙིང་གར་མིང་མེད་བཞག་ནས་ཅི་སྲིད་དུ་བཟླས་པ་དེ་སྲིད་དུ་གཡོ་བར་འགྱུར་རོ། །དེ་ནས་ཉིན་རེ་བཞིན་དུ་དོང་ཙེ་ལྔ་ལྔ་ སྟེར་བར་འགྱུར་རོ། །ལྷག་མེད་པར་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ཕྱིན་ནས་དུར་ཁྲོད་ཀྱི་ཐལ་བ་ལ་མཆོད་རྟེན་བྱས་ཏེ། བསོད་སྙོམས་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་འབུམ་ཕྲག་གསུམ་དུ་བཟླས་ལ། ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ་མཚན་ མོ་སྨྱུང་བར་གནས་པས། བཅོམ་ལྡན་འདས་ལ་རྒྱ་ཆེ་བའི་མཆོད་པ་བྱས་ནས་ལྷག་མ་མེད་པར་རབ་ཏུ་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ནོར་བུ་བཟང་པོ་ལ་ཤ་ཏ་པུས་པ་ཕུལ་ལ། ཨ་ག་རུ་དང་དུ་རུ་སྐ་བསྲེས་པའི་བདུག་པ་ཕུལ་ཏེ། གདོང་ཕྱིན་ཅི་ལོག་ཏུ་ བཞག་ནས་ཅི་སྲིད་མཚན་ཕྱེད་པ་དེ་སྲིད་དུ་བཟླས་སོ། །དེ་ནས་ཤ་ཟའི་བདག་པོ་རང་འོངས་པ་དང་སྔར་བཞག་པའི་གཏོར་མ་ཕུལ་ལ། འཁོར་རྣམས་ལ་ཆང་ཡང་དབུལ། དེ་ནས་སྒྲུབ་པ་པོས་གསོལ་བ་བཏབ་པར་བྱའོ། །དེ་ནས་དེ་ང་མགུའོ་ཞེས་ 101-1-184b སྨྲའོ། །སྒྲུབ་པོས་སྨྲས་པ། ཉི་མ་རེ་རེ་གཡོག་རེ་རེ་བྱིན་ཅིག །དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་མངག་གཞུག་པ་ལ་སོགས་པ་རབ་ཏུ་སྦྱིན་ཏོ། །གཞན་ཡང་དེ་བཞིན་གཤེགས་པས་ལས་ཀྱི་ཚོགས་བྱ་བ་གསུངས་ པ། རིའི་རྩེ་མོར་འཛེགས་ཏེ་ཁྲུ་གང་ཙམ་གྱི་ནོར་བུ་བཟང་པོ་བཞག་ནས་འོ་མ་དང་འོ་ཐུག་ཟ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གསུམ་དུ་བཟླས་ནས། དེ་ནས་དཀར་པོའི་ཕྱོགས་ཀྱི་ཉ་ལ་ཐུག་པའི་མཚན་མོ་གསུམ་དུ་སྨྱུང་ བར་གནས་ནས། ནོར་བུ་བཟང་པོ་ལ་རྒྱ་ཆེ་བའི་མཆོད་པ་བྱས་པ་དང་། གཏོར་མའི་ཆོ་ག་རྒྱ་ཆེ་བ་བྱས་ནས་ཀུ་ཤའི་ཆུན་པོ་དག་བྱེད་ནས། ཅི་སྲིད་སྒྲ་གྲག་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་དེ་མ་ཐག་ཏུ་གནོད་སྦྱིན་ཐམས་ཅད་ཉེ་བར་ འོངས་ནས། དེ་རྣམས་ལ་མེ་ཏོག་དམར་པོ་དང་། དྲི་དམར་པོ་དང་། ཨརྒ་སྦྱིན་པར་བྱའོ། །དུ་རུ་སྐའི་བདུག་པ་ཡང་བདུག་པར་བྱའོ། །དེ་ནས་གནོད་སྦྱིན་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས་སྨྲས་པ། ངས་ཁྱོད་ལ་ཅི་བྱེད་ཅེས་ཟེར་བ་དང་། དེ་ ནས་དེ་ལ་སྨྲས་པ་དང་། ཉིན་རེ་བཞིན་མངག་གཞུག་རབ་ཏུ་བྱིན་ཅིག །དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ལ་སོགས་པ་བསམ་གཏན་ཙམ་གྱིས་གནས་པ་ལ་མ་མཐོང་བར་འཁོར་གྱིས་བསྐོར་ནས་གནས་སོ། །གང་ དང་གང་འདོད་པ་དེ་དང་དེར་ཁང་པ་བརྩེགས་པ་དང་། ལྷའི་བཞོན་པ་སྤྲུལ་ཏེ་སྟོང་ཕྲག་གཅིག་དང་བཅས་པ་ལ་རབ་ཏུ་འདོད་པ་ལ་རབ་ཏུ་འདོད་པའི་ཟས་རྣམས་སྟེར་བར་འགྱུར་རོ། །ཉིན་རེ་བཞིན་དུ་གནོད་སྦྱིན་མོར་སྤྲུལ་ཞིང་འོངས་ནས་ ཐོ་རངས་ཀྱི་དུས་སུ་འགྲོ་བར་འགྱུར་རོ། །དེ་ཉིད་ཀྱི་ཚེ་ལོ་སྟོང་དུ་འགྱུར་རོ། །རྒྱ་མཚོའི་འགྲམ་དུ་ནོར་བུ་བཟང་པོའི་གཟུགས་བརྙན་བཞག་སྟེ། བསོད་སྙོམས་ཟ་ཞིང་འབུམ་ཕྲག་གསུམ་བཟླས་ནས་དཀར་པོ་ཕྱོགས་ཀྱི་ཚེས་ལྔ་ལ་ཐུག་ པར་ནུབ་གསུམ་དུ་སྨྱུང་བར་གནས་པས་རྒྱ་མཚོ་ཆེན་པོ་དང་ཉེ་བར་ཕྱིན་ནས། ཇི་སྲིད་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །མདུན་དུ་རྒྱ་མཚོ་ཆེན་པོ་རང་འོངས་པ་དེ་ལ་དྲི་དང་མེ་ཏོག་གི་མཆོད་པ་ཕུལ་ལ། ཨ་ཀ་རུའི་ 101-1-185a བདུག་པས་བདུགས་ལ། ཀྱེ་རིག་པ་འཛིན་པ་མཆོག་གང་ཁྱོད་ལ་རབ་ཏུ་སྦྱིན་པ་སྨྲའོ། །དེས་སྨྲས་པ། རྒྱ་མཚོ་ཆེན་པོ་རུ་ང་ཐོགས་པ་མེད་པ་འགྲོ་བར་གྱིས། དེ་ལྟར་བྱ་ཞེས་ཟེར་བ་ནས་ མི་སྣང་བར་འགྱུར་རོ། །དེ་ནས་རྒྱ་མཚོ་ལ་ཞུགས་ནས། རྒྱ་མཚོ་ན་ཡོད་པའི་ནོར་བུ་རིན་པོ་ཆེ་བླངས་ནས་འབྱུང་བར་འགྱུར་རོ། །རྒྱ་མཚོ་ན་ཡོད་པའི་ཀླུ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཡང་། གནོད་སྦྱིན་གྱི་དབང་པོ་དབྱངས་སྙན་གྱི་སྔགས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། མ་ནི་ནི་སྭཱ་ཧཱ། རྩ་བའི་དཀར་པོའི་ཕྱོགས་ཀྱི་བརྒྱད་དམ། ཡང་ན་དཀར་པོའི་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བར་གནས་པས། རོ་ཧི་ཏའི་ཉ་ལ་བའི་གཅི་བ་དང་། མར་གྱིས་བྱུགས་ནས་ སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །གཞན་ཡང་ཉེ་བར་མཆོད་པ་དང་། སྔོན་དུ་འབུམ་ཚོ་གསུམ་བཟླས་ནས། ཉ་མ་གོད་པ་ལ་ཞོ་དང་མར་དང་སྦྲང་རྩིས་མངོན་བར་བྱུགས་ནས་སྟོང་ཕྲག་བཅུ་ སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །མ་གྲུབ་ན་ཡང་ཀར་ཤ་པ་ནི་སྟོང་ཕྲག་གཅིག་རྙེད་པར་འགྱུར་རོ། །ༀ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། རྩ་བའི་སྔགས་སོ། །དེ་ནས་ཡང་ནོར་བུ་བཟང་པོ་བསྒྲུབ་པར་འདོད་ ན་མཆོད་སྦྱིན་གྱི་ཤིང་དཀར་པོ་ལ་ནོར་བུ་བཟང་པོའི་གཟུགས་བརྙན་བྱས་ལ། མཆོད་པ་ཆེན་པོ་རབ་ཏུ་གནས་པ་བྱས་ནས། དེའི་མདུན་དུ་ཡང་ཨ་པ་མརྒའི་ཡཾ་ཤིང་ལ་མར་དང་སྦྲང་རྩིས་བྱུགས་ལ་འབུམ་ཕྲག་ཏུ་སྦྱིན་ སྲེག་བྱས་ན་འདོད་པའི་འབྲས་བུ་རྙེད་པར་འགྱུར་རོ། །པེ་ཏ་ལའི་མེ་ཏོག་རྣམས་ཀྱིས་འབུམ་ཕྲག་དུ་སྦྱིན་སྲེག་བྱས་ན། གསེར་སྲང་སྟོང་རྙེད་པར་འགྱུར་རོ། །ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་འབུམ་བྱས་ན་གསེར་ 101-1-185b སྲང་སྟོང་རྙེད་པར་འགྱུར་རོ། །དེ་ལྟར་ཤ་ཏ་པུས་པ་དང་གུ་གུལ་དང་། ཀུན་དྷ་དང་། ཙན་དན་དཀར་པོ་དང་། དུ་རུ་སྐ་ལ་སོགས་པ་དེ་རྣམས་རེ་རེ་འབུམ་དུ་སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །ཏིལ་དང་འབྲས་ཀྱི་ སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཉེའུ་ཅི་ལྟར་འཚོང་བ་ཉོས་ལ། ཆུ་བོའི་རྒྱུན་ལ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བརྒྱ་བྱས་ན་སུམ་འགྱུར་གྱི་དོང་རྩེ་རྙེད་པར་ འགྱུར་རོ། །རས་བལ་གྱི་ས་བོན་ལ་མར་དང་སྦྲང་རྩིས་བྱུགས་ནས་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱི་བར་ལ་རས་གཅིག་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་ན་གོས་དང་བཟའ་བ་རྙེད་པར་འགྱུར་རོ། ། འབུམ་དུ་བཟླས་ན་དོང་ཙེ་ལྔ་སྟོང་རྙེད་པར་འགྱུར་རོ། །འབུམ་ཚོ་གཉིས་བཟླས་ན་གྲོང་རྙེད་པར་འགྱུར་རོ། །འབུམ་ཚོ་གསུམ་བཟླས་ན་ལོངས་སྤྱོད་ཆེན་པོ་རྙེད་པར་འགྱུར་ཞིང་གྲོང་བརྒྱད་ཀྱི་བདག་པོར་འགྱུར་རོ། །བའི་ གཅི་བ་ལ་སྦྱིན་སྲེག་སྟོང་བྱས་ན་བ་གླང་སྟོང་རྙེད་པར་འགྱུར་རོ། །གཞན་ཡང་དུད་འགྲོ་རྣམས་ཀྱི་ལུས་ལ་ཞོ་དང་སྦྲང་རྩི་སྦགས་ལ་ཉིན་རེ་བཞིན་སྦྱིན་སྲེག་བྱས་ན་ར་ལུག་ལ་སོགས་པ་རྙེད་པར་འགྱུར་རོ། ། བ་ལང་གི་ལྷས་ཀྱི་ནང་དུ་ཀུ་ཤའི་མེ་ཏོག་མར་དང་སྦྲང་རྩིས་བྱུགས་ནས་འབུམ་ཚོ་གཅིག་སྦྱིན་སྲེག་བྱས་ན་འབྱུང་པོ་དང་། ཤ་ཟ་དབང་དུ་འགྱུར་རོ། །རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ལྟར་འདོད་པ་རྙེད་པར་ འགྱུར་རོ། །ཡང་བ་ལང་གི་ལྷས་ཀྱི་ནང་དུ་འོ་མ་དང་འོ་ཐུག་ཟ་ཞིང་། ཤྲི་རི་པ་ལའི་ཡཾ་ཤིང་ལ་སྦྱིན་སྲེག་འབུམ་བྱས་ན་གང་འདོད་པའི་དོན་གསོལ་བ་བཏབ་པ་དེ་རྙེད་པར་འགྱུར་རོ། །མཚན་མོ་གསུམ་དུ་སྨྱུང་བར་ གནས་ལ་ཟླ་བ་འམ། ཉི་མ་གཟས་བཟུང་བ་ལ་ལྡོང་རོས་དང་འགི་ཧང་སྲང་ལྔས་ཨ་ཤྭད་ཏའི་འདབ་མ་བཞི་ལ་གཡས་སྐོར་གཡོན་སྐོར་དུ་བཞག་ནས། ཡང་འདབ་མ་བཞིས་གཡོགས་ལ་ཇི་སྲིད་དྲོ་བར་གྱུར་པ་ 101-1-186a དེ་སྲིད་དུ་བཟླས་པ་བྱའོ། །དུ་བ་དང་འབར་བས་འདི་ལྟར་ས་བླ་ས་འོག་ས་སྟེངས་གསུམ་འགྲུབ་པར་འགྱུར་རོ། །བ་གླང་གི་ལྷས་ཀྱི་ནང་འམ་ཆུ་བོ་འདུས་པར། བསོད་སྙོམས་ཟ་བའམ་འོ་ཐུག་ ཟ་བས། ཨརྒའི་འོ་ཐུག་མར་དང་སྦྲང་རྩིས་བྱུགས་ནས་སྟོང་ཚོ་ལྔ་སྦྱིན་སྲེག་བྱས་ན་རང་ཉིད་ཀྱིས་ནོར་གྱི་བདག་པོ་ནོར་བུ་བཟང་པོ་ནོར་གྱི་བདག་པོ་ནོར་དང་བཅས་པ་མཐོང་བར་འགྱུར་རོ། །ང་མགུའོ་ཞེས་དེ་སྨྲ་ ན། མཆོག་བརྒྱད་གང་འདོད་པ་སྟེར་བར་འགྱུར་ཏེ། རྒྱལ་པོ་དང་། གཏེར་དང་། རྫུ་འཕྲུལ་གྱིས་འཆག་པ་དང་། རིག་པ་འཛིན་པ་དང་། ཐམས་ཅད་དབང་དུ་བྱེད་པ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཐམས་ཅད་དབང་དུ་འགྱུར་རོ། །དྲན་པ་ཙམ་གྱིས་མདུན་དུ་འདུག་པར་འགྱུར་རོ། །རྐང་བཞི་པ་ལ་སོགས་པའི་སེམས་ཅན་ཤི་ས་ རབ་ཏུ་ཞི་བར་བྱེད་པ་དང་། ས་འོག་ཏུ་འཇུག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་གི་འཁྲུལ་འཁོར་རབ་ཏུ་འཇིག་པ་དང་། ཆུ་རེངས་པ་དང་བཅུད་ལེན་དང་། ཚར་བཅད་པ་དང་། རྗེས་སུ་གཟུང་ བ་བརྒྱད་པོ་འདི་རྣམས་ལས་དེའི་མདུན་དུ་གང་ན་གང་གཅིག་བླང་བར་བྱའོ། །དེས་གང་ཅི་འདོད་པ་དེ་སྟེར་བར་འགྱུར་རོ། །པད་མ་མར་དང་སྦྲང་རྩིས་བྱུགས་ནས་འབུམ་དུ་སྦྱིན་སྲེག་བྱས་ན། པད་མ་རཱ་ གའི་ནོར་བུ་རྙེད་པར་འགྱུར་རོ། །དེ་ལྟར་ཨུཏྤ་ལ་སྔོན་པོ་དང་། ཀུ་མུ་ཏ་རྣམས་དྲི་ཞིམ་པོ་དང་ལྡན་པས་ཁ་དོག་སྣ་ཚོགས་པའི་ནོར་བུ་རིན་པོ་ཆེ་རྙེད་པར་འགྱུར་རོ། །ཡུངས་ཀར་དཀར་པོ་མར་དང་སྦྲང་རྩིས་ བྱུགས་ལ་གང་གི་མིང་ནས་བཟུང་ནས་སྦྱིན་སྲེག་བྱས་ན་མཚན་མོ་བདུན་གྱིས་དབང་དུ་འགྱུར་རོ། །ཏིལ་ནག་པོ་ལ་མར་དང་སྦྲང་རྩིས་སྦགས་ལ་འབུམ་དུ་སྦྱིན་སྲེག་བྱས་ན་ནོར་ཉེ་བར་འཕེལ་བར་ 101-1-186b འགྱུར་རོ། །ཨ་བྷའི་ཤིང་ལ་མེ་བཏང་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། ཉི་མ་བདུན་གྱིས་ནད་ཞི་བར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཤ་ཏ་པུས་པ་དང་། ཀུན་དྷ་དང་། ཏ་ཀ་ར་དང་། བ་ཤ་ཀེ་དང་། དུ་རུ་སྐ་དང་། གུ་གུལ་རྣམས་ཇི་ལྟར་འཚོང་བ་ཉོས་ལ། མཆོད་པ་བྱས་ནས་མར་དང་སྦྲང་རྩིས་སྦགས་ལ། སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། ཉི་མ་བདུན་དུ་བདུན་འགྱུར་ གྱི་ནོར་རྙེད་པར་འགྱུར་རོ། །འབུམ་ཕྲག་བཞི་བཟླས་ན། བདག་དང་གཞན་ཉེ་བར་འགྱུར་བར་བྱེད་དོ། །ཡུལ་སྲུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ ཡེ། ཀི་ཎི་ཀི་ཎི་གྷཎྚ་ཀརྞ་སྦ་བ་ནཾ་མེ་དྷ་ར་ར་ས་མ་ཡེ་སྭཱ་ཧཱ། ཨརྒའི་མར་ཁུས་ཀུ་མུ་དའི་མེ་ཏོག་སྦྱིན་སྲེག་བྱས་ན། རྨི་ལམ་ཡང་དག་པ་ཅི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཀི་ཎི་ཀི་ཎི་གྷན་ཌ་ ཀ་ན་ཙི་ར་ཏྲཾ་མེ་དྷ་ར་ས་ཡ་སྭཱ་ཧཱ། དོན་ངེས་པ་སྟེར་ན་ཆོ་ག་ཇི་ལྟར་བརྗོད་པ་བཞིན་ནོ། །འཕགས་པ་གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ། །གཅིག་ཞུས་ཀུན། གཉིས་ཞུས་སྔགས། སྐར། སྟག་ལུང་རྒྱུད་འབུམ་ལ་ གཏུགས་ཞུས་དག་གོ། ། ༄༅༅།། །། རྒྱ་གར་སྐད་དུ། ཨཱརྱ་མཻ་ཁ་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན། ཤིང་ནྱ་གྲོ་དྷའི་ 101-1-187a ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་གཞོན་ནུ་སྒྲ་གཅན་ཟིན་མལ་ན་ཉལ་བ་ལས། སྲིན་པོ་ཞིག་གིས་སྡངས་པར་བྱས་པར་གྱུར་ཏོ། །དེ་ནས་གཞོན་ནུ་སྒྲ་གཅན་ཟིན་དེ་ཉིད་ ཀྱི་མཚན་མོ་འདས་ནས་གཞོན་ནུ་མང་པོ་རྣམས་ཀྱིས་མདུན་དུ་བདར་ཅིང་ཡོངས་སུ་བསྐོར་ཏེ། སེར་སྐྱའི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྤྱན་སྔར་འདུག་ནས་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་ བོ་གཞོན་ནུ་སྒྲ་གཅན་ཟིན་བསྲུང་བའི་ཕྱིར་མེ་ཁ་ལ་ཞེས་བྱ་བའི་རིག་སྔགས་བཤད་ཀྱིས་ཁྱོད་ཀྱིས་ཟུང་ཤིག །ལྷའི་ཚོགས་དང་། ཀླུའི་ཚོགས་དང་། གནོད་སྦྱིན་གྱི་ཚོགས་དང་། སྲིན་ པོའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། ནམ་མཁའ་ལྡིང་གི་ཚོགས་དང་། མི་འམ་ཅིའི་ཚོགས་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་དང་། ཤ་ཟའི་ཚོགས་དང་། ཡི་དགས་ཀྱི་ ཚོགས་དང་། གྲུལ་བུམ་གྱི་ཚོགས་དང་། སྲུལ་པོའི་ཚོགས་དང་། གཟའི་ཚོགས་དང་། རྒྱུ་སྐར་གྱི་ཚོགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། རྒྱལ་པོ་ཆེན་པོ་བཞི་དང་། དྲང་སྲོང་འདོད་ཆགས་དང་བྲལ་བ་རྣམས་དང་། གངས་ལ་གནས་པ་དང་། ཕྱོགས་བཅུ་ན་འབྱུང་པོ་གང་དག་འཁོད་པ་དང་། སྲིན་མོའི་ཚོགས་ དང་། བཱ་ལི་དང་། ཀཱ་ཊ་ལི་དི་དང་། བོ་ད་རི་དང་། གྲོང་རྣ་དང་། ཡིད་བཟང་དང་། འཕྲོག་མ་ཆེན་མོ་དང་། མ་མོའི་ཚོགས་རྣམས་ང་ལ་ཉོན་ཅིག ། 101-1-187b རྒྱ་མཚོའི་འཁོར་གྱི་བསྲུང་མ་ཤར་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་འཕྲོག་མ་ཞེས་བྱ་བ་དང་། ལྷོ་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་གླང་སྣ་མ་ཞེས་བྱ་བ་དང་། ནུབ་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་རལ་པ་ཅན་ཞེས་བྱ་བ་དང་། བྱང་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་སའི་གཙུག་ཅེས་བྱ་སྟེ། སྲིན་མོ་དྲག་མོ་དེ་དག་ རེ་རེ་ཡང་འཁོར་བྱེ་བ་དྲུག་བཅུས་བསྐོར་བ་མེ་ཁ་ལའི་རིག་སྔགས་ལས་བརྗོད་པ་དེ་ཐམས་ཅད་ཀྱིས་བསྲུང་བར་གྱིས་ཤིག །ཏདྱ་ཐཱ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ་བ་ཏི། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ་བ་ཏི། གྷ་རེ་གྷ་རེ། གྷ་གྷ་རེ་གྷ་རེ། གྷ་རེ་གྷ་རི་རི་ནི། གྷ་ར་བ་ཏི་སྭ་ར་བ་ཏི། དྷ་ན་བ་ཏི། སུ་ར་བ་ཏི། ཨ་ཧི། མེ་བ་ཏི། མ་ཏི། ཨ་པ་ཏི་སུ་པ་ཏི། བོ་ཧུ་བ་ཏི། ཧ་ལ་ཧ་ལ། ཧ་ལ་ཧ་ལ། ཧ་ལ་ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ཧི་ལི། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ཧུ་ལུ་ཧུ་ལུ། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི་ཏི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། བེ་ཏ་ཡ་བ། ཨ་མ་ནེ། མ་བི་ས་རེ། ཧ་ཧ། ཧི་ཧི། ས་མནྟྲ་ས་རེ། ཨ་ས།། །། །། །། །། 101-1-188a མནྟྲ་ས་རེ། པ་རི་ཁ་ས་མེ། ཨ་བརྟེ་ས་མནྟ་བརྟེ་གྷ་ནེ། མེ་ཁ་ལེ། ཀུན་དགའ་བོ་མེ་ཁ་ལ་ཞེས་བྱ་བ་སྟོབས་མོ་ཆེ་རྫུ་འཕྲུལ་དང་ལྡན་མ་བརྩོན་འགྲུས་ཆེ་མ་འདི་ནི། རིག་སྔགས་འཆང་རྣམས་དང་། འབྱུང་པོ་རྣམས་དང་རོ་ལངས་རྣམས་ལས། གང་དུ་ཡང་བཀག་པ་མེད་དེ་ཀུན་དུ་ཐོགས་པ་མེད་པར་འགྲོའོ། །ཀུན་དགའ་བོ་མེ་ཁ་ལ་ཞེས་བྱ་བའི་རིག་སྔགས་འདི་ནི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། བསྲུང་ཞིང་སྦ་བའི་བར་དུ་བྱ་བའི་ཕྱིར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །དྲང་སྲོང་ཆེན་པོ་གཞན་དག་གིས་ཀྱང་སྨྲས་ཏེ། ཀུན་དགའ་བོ་མེ་ཁ་ལའི་རིག་སྔགས་ ནི་སེམས་ཅན་རྣམས་ལ་ཕན་པར་བྱེད་པའོ། །གང་སུ་དག་སྡིག་པའི་ལས་དང་ལྡན་པ་གཟི་བྱིན་འཕྲོག་པ་ས་ལ་གནས་པ་དེ་དག་ཐམས་ཅད་མེ་ཁ་ལའི་རིག་སྔགས་ཐོས་ནས་ཤིན་ཏུ་སྐྲག་སྟེ་ཕྱོགས་དང་ཕྱོགས་ མཚམས་སུ་འགྲོའི། ཀུན་དགའ་བོ་མེ་ཁ་ལའི་རིག་སྔགས་ལེགས་པར་བཟུང་བ་བྱས་པ་ལ་ཀུན་ནས་དཔག་ཚད་བཅུ་གཉིས་སུ་བསྲུང་བ་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆད་པ་སྤང་བར་གྱིས་ཤིག །མཚོན་ཆ་སྤང་བ་དང་། དུག་གཞིལ་བར་གྱིས་ཤིག །མི་མཛའ་བ་བཟློག་པར་གྱིས་ཤིག ། མཚམས་བཅད་པར་གྱིས་ཤིག །སྐུད་པས་བཅིང་བར་གྱིས་ཤིག །སྡང་བ་ཐམས་ཅད་བཟློག་པར་གྱིས་ཤིག །མིའམ་མི་མ་ཡིན་པ་སྡིག་པ་བྱེད་པ་རྣམས་འཚེར་མ་གཞུག་ཅིག །སངས་རྒྱས་ལ་ཕྱག་ འཚལ་ལོ། །གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། དེ་ལ་ཆོ་ག་ནི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ་མེ་ཏོག་དང་། བདུག་པ་དག་གསོལ་ནས་སྐུད་པས་བཅིང་བར་བྱའོ། ། 101-1-188b བྱབ་པ་དང་མཉེ་བ་དང་། ལེགས་པར་ཁྲུས་བྱའོ། །ཆོ་ག་འདིས་གདོན་ཐམས་ཅད་བཟློག་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱའོ། །ཏདྱ་ཐཱ། ཏི་ལེ་པེ་ལེ་བི་མ་ལེ། ཏ་མ་ལེ། ཧི་ལི་ནི་རི་སི་རི། མ་ས་ར། རིག་སྔགས་འདི་ནི་ཐོས་གྱུར་ནས། །ས་རྣམས་ཐམས་ཅད་གཡོས་པར་འགྱུར། །འབྱུང་པོའི་ཚོགས་རྣམས་རབ་ཏུ་གཡོས། །ལྷ་ཚོགས་རྣམས་ཀྱང་ལྷགས་པར་འགྱུར། །ཀླུ་ཡི་རྒྱལ་པོ་རྣམས་ཀྱང་ལྷགས། ། འབྱུང་པོའི་རྒྱལ་པོ་རྣམས་ཀྱང་ལྷགས། །བཅོམ་ལྡན་བྱམས་པའང་དེར་ཕྱིན་ཏོ། །ཚངས་པ་དང་ནི་དབང་པོའང་ལྷགས། །དབང་ཕྱུག་ཆེ་དང་གཞོན་ནུ་ཡང་། །གཉིས་ཀ་དེར་ནི་ལྷགས་པར་འགྱུར། །མེ་ཁ་ ལ་ལས་གང་སུ་དག །བརྗོད་པའི་འབྱུང་པོ་རྣམས་ཀྱང་ལྷགས། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་གིས་ཀྱང་འདི་ལ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་མི་མཛའ་བ་ བཟློག་པ་དང་། མཚམས་དགུམ་པ་དང་། མེ་ཁ་ལས་ཡོངས་སུ་བཟློག་པ་སྩལ་བར་བགྱིའོ། །ཏདྱ་ཐཱ། ཨ་བཊྚ་ནི། བཎྚ་ནི། ཨི་བི་བཊྚ་ནི། ཙུ་ལུ་ཙི་ལི། ཨུརྡ་དནྟེ། ས་མནྟ་དནྟེ། ནིར་མུཎྜེ། ནི་མི་མུ་ནི། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །སྭཱ་ཧཱ། སངས་རྒྱས་ལ་ཕྱག་འཚལ་ལོ། །བདེ་ལེགས་སུ་གྱུར་ཅིག །སྭཱ་ཧཱ། དེ་ནས་དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པས་མེ་ཁ་ལའི་རིག་སྔགས་ཀུན་ནས་འཛིན་ པའི་འཁོར་གྱི་ཚིག་འདི་ཕུལ་ལོ། །སྱཱད་ཡ་ཐེ་དན། ཨྃ་གུ་རེ། ཨ་དུ་རེ། དུ་དུ་རེ། ཤི་ཁི་ཤི་ཁི་ཤི་ཁི་ཤི་ཁི་ཤི་ཁི། བ་རེ་ད་ར་ད་ར་པ་ཏི། མུ་ཙ་མུ་ཙ། བི་མུ་ཙ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །སྭཱ་ཧཱ། 101-1-189a དེ་ནས་དེའི་ཚེ་ལྷའི་བུ་རབ་འཐབ་བྲལ་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དེན། པྲ་དུཥྚེ། རུ་དྷི་ར་ཀརྞེ། གྃ་བྷི་རེ། དུར་ད། ཤེ་ན་མུ་ཙེ་མུ་ཙེ། ཤཱཀྱ་རཱ་ཛེ། བདེ་ལེགས་སུ་ འགྱུར་བར་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། སོ་ཌྜེ། བེ་ཌྜེ། བེད་ཌ། དནྟི་ལི། ཏི་ལི་མི་ལི། བསྲུང་བར་གྱིས་ཤིག །བདེ་ལེགས་ སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་ལུས་ངན་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། གྷུ་མེ་གྷུ་མེ་གྷུ་མེ། ཨུ་ཀེ་མུ་ཀེ་ཛྭ་ལེ། ད་ལེ་མ་ཏི་ཕ་ལེ། སྭཱ་རེ་ས་ར་ཨ་དྷི་བ་ཏི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ གིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། དྷ་དྷ་རེ་དྷ་དྷ་རེ། དྷཱ་ར་ཎཱི་དྷཱ་ར་ཎཱི། དྷཱ་རེ་ཨ་ཙུ་ཏེ་མུ་ཙེ། མུ་རུ་མུ་རུ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་ བར་དུ་རྒྱ་ཆེར་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨནྟ་རེ། པཎྜ་རེ། ཀ་ར་ཌེ། པ་ར་པ་ཏྲེ། ཀ་རི་རུ་ཧེ། ཀ་རི་དྷ་རེ། ཀ་ན་ཀ་པ་ཏྲེ། རུ་རུ་མེ། ཀྵུ་ཀྵུ། ཨ་ཀྵི་མེ། བཀྵི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ། །སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མེ་ཁ་ལའི་ རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཛ་མ་ལ་ཛ་མ་ལ། དྷི་རི་དྷི་རི། བྷི་རི་བྷི་རི་བྷི་རི། ས་མནྟ་བྷི་རི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། 101-1-189b དེ་ནས་དེའི་ཚེ་ལྷའི་བུ་ཟླ་བས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨ་ལ་ཧེ། ཏེ་ལ་བྷེ། མ་ཌེ། བི་མ་ཌེ། དྷ་ར་ཀེ། ས་ཀི་ནི་བ་ཀི་ནི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་ དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ལྷའི་བུ་ཉི་མས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨོཾ་བཱ་དེ། བི་མ་ལེ་པྲ་བ་སྭ་རེ། ཤ་ཧ་ར་སྨྲེ་ཧ་ས་ཧ་སྲ་ར་སྨྲ་ཨ་ཏ་སྲ་ར་སི། ཞི་བ་དང་ བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ལྷའི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཀུ་རུ་ཀུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་རྒྱུ་སྐར་གྱི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་ དན། ཏ་མ་ལ་ཏ་ལེ། ཨ་ཧེ་ད་ཧེ། ཨཱ་ཀཱ་ཤཱ་བི་མ་ལེ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ཀླུའི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ ཕུལ་བ། སྱཱད་ཡ་ཐེ་དན། ཨེ་ལེ་མེ་ལེ། ཨ་ཙ་ལེ། བ་དྷེ་ཨཱ་ཤུ་བ་དྷེ། མོ་ཀྵེ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ལྷ་མ་ཡིན་གྱི་ཚོགས་རྣམས་ ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨ་དྷ་དྷ་རེ་བི་པུ་ཏེ་སྃ་པུ་ཏེ་དནྟི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཚ་ཚ་བ་ཏི། ཚ་ཚ་བ་ཏི། རུ་རུ་དྲཱ་རཱ། ཨུ་བྷི་ར་བྷ་ར། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། ། 101-1-190a མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་གྱི་ཚོགས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། བྷཱུ་ཏི་བི་བྷཱུ་ཏི། ཨ་ཏི་བྷཱུ་ཏི། ས་བརྟ་ན་བྷཱུ་ཏི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་སྲུལ་པོ་དང་ལུས་སྲུལ་པོའི་ཚོགས་ཀྱིས་མེ་ཁ་ལའི་རིག་སྔགས་ ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཕ་དུ་མེ། ཀཱ་རཱ་ཌེ། ཨ་དྷི་ཏ། ཙུ་ཏེ། ས་མི་ར་ནི། ཚུ་ཚུ་བ་ཏི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་མ་མོའི་ ཚོགས་ཐམས་ཅད་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཀ་ལེ་མ་ཀ་ལེ། ཊ་མ་ཀེ་ལེ་པ་ཊ་རེ། ཌ་མ་རེ། ཌ་ཌ་རེ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་ དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་ཕྱོགས་བཞིའི་སྲིན་མོ་ཆེན་མོ་བཞི་པོ་དག་གིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨཱ་ན་བ་ནེ། ཁ་ཛེ་ཁ་བ་ཛེ། ཁུ་ཁུ། རི་རི། མི་རི། ཧི་རི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སྭཱ་ཧཱ། དེ་ནས་དེའི་ཚེ་སྲིན་མོ་ཆེན་མོ་འགྲོ་ལྡིང་མས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ ཡ་ཐེ་དན། ད་ར་ད་རེ། ད་ར་ད་རེ། ཧ་ཧ་ཧི་ཧི། ཧུ་ཧུ་ཧུ་ཧུ། ཤི་ཀི་ཀླི་བ་ཀླི་བ། མ་ཁུ་མ་ཁུ་ཛུ་ཀ་ཁི། ཊ་བ་ཊ་བི། ཨཊྚྱུ་ར་ཊྚྱུ་ཊྱུ་ར། ཀླ་མ། ཀུ་ཛུ་ཀུ་ཛུ། དྲི་དྲི་དྲི། དཱུ་དཱུ་དཱུ། ཚི་མི་ལི། མི་ལི། ཨ་ཊ། ཀྭ་ཀྭ། ཀྭ་ཀ་ སི། དུ་དུ། ཏི་ཐི་ཏི་ཐི། ཏི་མི་ལི། མི་ཏི། ཤི་ཏི། མི་ཏི་ལི། བ་ཏི། པྲེ་ཏྲི་པྲེ་ཏྲི་ནི། དུ་ཧི་ནི། ཨ་ཧཱ་ནི་ཧ་ལེ། བ་ཧེ། ཐ་ཊ་བཻ་ཐ་བེ། བཙུན་པ་འདི་ནི་འགྲོ་ལྡིང་བའི་རིག་སྔགས་ཏེ་མེ་ཁ་ལའི་གཟུངས་སྔགས་ 101-1-190b ཀྱི་འཁོར་དུ་ཕུལ་བ་ལགས་སོ། །བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། མི་མཛའ་བ་བཟློག་པ་དང་། དཔག་ཚད་བཅུ་གཉིས་སུ་མཚམས་དགུམ་པ་དང་། ཡོངས་སུ་བསྐྱང་བར་བགྱིའོ། །ལྷ་འམ་ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། གྲུལ་བུམ་མམ། ཤ་ཟའམ། དྲི་ཟའམ། ཡི་དགས་སམ། སྲུལ་པོའམ། ལུས་སྲུལ་པོའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། སྐེམ་བྱེད་དམ། བརྗེད་བྱེད་དམ། སྨྱོ་བྱེད་དམ། གཤེད་བྱེད་དམ། བྱད་སྟེམས་སམ། རོ་ལངས་སམ། ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། མིའམ། མི་མ་ཡིན་པ་གང་གིས་ཀྱང་གནོད་པར་བགྱིད་པར་མ་གྱུར་ ཅིག །ཅོ་འདྲི་བའམ། རྣམ་པར་འཚེ་བའམ། གླགས་ལྟ་བའམ། གླགས་ཚོལ་བ་ལས་གླགས་རྙེད་པར་འགྱུར་བ་དེ་ནི་གནས་མ་མཆིས་ཏེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་སོ། ། འཇིགས་པ་ཐམས་ཅད་དང་མི་ཐམས་ཅད་དང་། མི་མ་ཡིན་པ་ཐམས་ཅད་ལས་རྟག་ཏུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ པ། ཀུན་དགའ་བོ་ཁྱོད་ཀྱིས་མེ་ཁ་ལའི་རིག་སྔགས་འཁོར་དང་བཅས་པ་ཟུང་ཤིག །ཀུན་དགའ་བོ་མེ་ཁ་ལའི་རིག་སྔགས་འདི་ནི་སྤྲིན་འཆིང་བ་རླུང་གནོན་པ་ཚར་གཅོད་པ་བདག་སྲུང་བ། གཞན་སྲུང་བ་གྲོང་དང་གྲོང་ཁྱེར་བསྲུང་བ་མཚམས་གཅོད་པ་སྟེ། ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་སམ། གྲུལ་བུམ་མམ། ཤ་ཟའམ། ལུས་སྲུལ་པོའམ། དགེ་སྦྱོང་ངམ། 101-1-191a བྲམ་ཟེའམ། སྤྱོད་པའམ། ཀུན་ཏུ་རྒྱུའམ། གཅེར་བུ་པའམ། འཚོ་བའམ། མི་ཐོད་ཅན་ནམ། ལུས་སྐྱའམ། མིའམ་མི་མ་ཡིན་པས་འདའ་བར་བྱ་བ་མ་ཡིན་པའོ། །ཀུན་དགའ་བོ་མེ་ཁ་ལའི་རིག་ སྔགས་འདི་ནི་གཤེད་བྱེད་དང་། བྱད་སྟེམ་དང་རོ་ལངས་ཐམས་ཅད་འཇིག་པར་བྱེད་པའོ། །གདོན་ཐམས་ཅད་བཟློག་པའོ། །བཀྲ་མི་ཤིས་པ་ཐམས་ཅད་འཇིག་པར་བྱེད་པའོ། །ཀུན་དགའ་བོ་མེ་ཁ་ལའི་ རིག་སྔགས་འདི་ནི་དགེ་སྦྱོང་གིས་བྱས་པ་གཅོད་པར་བྱེད་པའོ། །བྲམ་ཟེས་བྱས་པ་དང་སྤྱོད་པ་དང་ཀུན་ཏུ་རྒྱུ་དང་འཚོ་བ་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །དབང་ཕྱུག་ཆེན་པོས་བྱས་པའི་ རིག་སྔགས་གཅོད་པར་བྱེད་པའོ། །ཚངས་པས་བྱས་པ་དང་། བརྒྱ་བྱིན་གྱིས་བྱས་པ་དང་། ལྷའི་རྒྱལ་པོས་བྱས་པ་དང་། རྒྱལ་པོ་ཆེན་པོས་བྱས་པ་དང་། ཁྱབ་འཇུག་གིས་བྱས་པ་དང་འདོད་པའི་དབང་ཕྱུག་ གིས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །རྒྱལ་པོ་ཆེན་པོས་བྱས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་གྱིས་བྱས་པ་དང་ཟླ་བ་དང་ཉི་མ་དང་། རྒྱུ་སྐར་དང་གཟས་བྱས་པའི་རིག་སྔགས་གཅོད་པར་བྱེད་ པའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །རྫུ་འཕྲུལ་དང་ལྡན་པས་ བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ལྷ་ཁང་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །དུར་ཁྲོད་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ཤིང་དྲུང་པས་བྱས་པ་དང་། ལྷའི་རྒྱལ་པོས་བྱས་པ་དང་། རི་དྲུང་བས་བྱས་པ་དང་། རི་རྩེ་བས་བྱས་པ་དང་། ས་པས་བྱས་པ་དང་ནམ་མཁའ་པས་བྱས་པ་དང་། གནས་ཐམས་ཅད་པས་བྱས་པ་དང་མིས་བྱས་པ་དང་། མི་མ་ཡིན་ 101-1-191b པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །མེ་ཁ་ལའི་རིག་སྔགས་འདི་ནི་གཅོད་པའོ། །ཕྱིར་གཅོད་པའོ། །ཕྱིས་གཅོད་པའོ། །ཀུན་དགའ་བོ་གང་གིས་མེ་ཁ་ལའི་རིག་སྔགས་འདིས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་མི་མཛའ་བ་བཟློག་པ་དང་། དཔག་ ཚད་དམ་དཔག་ཚད་གཉིས་སམ། དཔག་ཚད་བཅུ་གཉིས་ཀྱི་བར་དུ་མཚམས་གཅད་པར་བྱས་ནས། གང་མེ་ཁ་ལའི་རིག་སྔགས་ལས་འདའ་བར་བྱེད་པ་ནི། ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་དགེ་སྦྱོང་དང་བཅས་པའི་སྐྱེ་དགུའི་འཇིག་རྟེན་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་སྟེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་སངས་རྒྱས་ཐམས་ ཅད་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་དགེ་འདུན་གྱི་བདེན་པ་དང་བདེན་པར་སྨྲ་བ་ཐམས་ཅད་ཀྱི་བདེན་པ་དང་། དྲང་སྲོང་ཐམས་ཅད་ཀྱི་བདེན་པ་འདི་ལས་སེམས་ཅན་གྱི་ཚོགས་འགལ་བར་མ་བྱེད་ཅིག ། ཀུན་དགའ་བོ་དུས་ལས་འདས་བར་མི་བྱ་བ་ལྔ་ནི་འདི་ཡིན་ཏེ་སངས་རྒྱས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང་། ཆོས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང་། དགེ་འདུན་གྱི་བདེན་པ་ལས་འདའ་བར་ མི་བྱ་བ་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང་། དྲང་སྲོང་གི་བདེན་པ་ལས་འདའ་བར་མི་བྱ་བ་སྟེ་འབྱུང་པོ་ཐམས་ཅད་དང་ནད་ཐམས་ཅད་དང་མི་ཐམས་ཅད་དང་མི་མ་ཡིན་ ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པའོ། །ནད་ཐམས་ཅད་དང་འབྱུང་པོ་ཐམས་ཅད་དང་སྡང་བ་ཐམས་ཅད་དང་། མི་མཛའ་བ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག །གང་ཡང་རྣམ་པར་འཐོ་ 101-1-192a འཚམ་པར་མ་བྱེད་ཅིག །འཚེ་བར་མ་བྱེད་ཅིག །གང་ཡང་རྡེག་པར་མ་བྱེད་ཅིག །སྭཱ་ཧཱ། མེ་ཁ་ལའི་རིག་སྔགས་ཀྱི་ཆོ་ག་བཤད་པར་བྱའོ། །སངས་རྒྱས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ལྷ་བཤོས་དག་ཕུལ་ནས་ཕྱིས་བསྲུང་བར་བྱའོ། །གཙང་མས་གོས་གཙང་མ་བགོས་ཏེ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱུགས་ནས་མེ་ཏོག་དག་བཀྲམ་སྟེ་ཅི་འབྱོར་པའི་གཏོར་མ་འམ་ཕྱེའམ་པད་མ་དང་། བཟའ་བ་དང་བཏུང་བ་དང་མེ་ཏོག་བསྲེས་པས་བུམ་པ་བཀང་བ་འམ་སྣོད་བཀང་བའི་དབུས་སུ་འདུག་ནས་སྤོས་ཀྱིས་རྒྱུན་མི་འཆད་པར་བདུག་པར་བྱའོ། །རྩྭ་ཀུ་ཤས་ཐམས་ཅད་ལ་བྱབ་པར་བྱའོ། ། བདག་བསྲུང་བ་དང་། གཞན་བསྲུང་བར་བྱ་བའི་ནི་སྐུད་པས་སོ། །སྤྲིན་བཅིང་བ་ནི་མེ་ཏོག་སྣ་མའི་ཤིང་དང་སྣ་མའི་མར་གྱིས་སྦྱིན་སྲེག་བྱའོ། །རླུང་དང་ཆར་པ་བཟློག་པ་ནི་རྩྭ་མུཉྫའི་ལྷས་མ་ལ་ལན་གསུམ་ བཟླས་བརྗོད་བྱས་ཏེ་རྩ་བའི་རིག་སྔགས་ཀྱིས་ལན་བདུན་བཏབ་ནས་མདུད་པ་བདུན་དོར་བར་བྱའོ། །ལམ་གྲུབ་པ་དང་། བདེ་བར་བྱ་ན་ཆོས་གོས་ཀྱི་གྲྭར་ལན་བདུན་གསུམ་བཟླས་བརྗོད་བྱས་ཏེ་མདུད་པ་ གསུམ་བོར་བར་བྱའོ། །ཟས་དཀར་གསུམ་ཟོས་ལ་ཉིན་ཞག་གསུམ་སྨྱུང་བར་བྱས་ནས་པད་མ་དང་ཡུངས་ཀར་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། གྲོང་ངམ་གྲོང་ཁྱེར་མཚམས་བཅད་ པར་བྱའོ། །རིག་སྔགས་ཐམས་ཅད་གཅོད་པར་འདོད་པས་སྣ་ཚོགས་པའི་མཚོན་ཆ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཆུ་ལ་བཅད་པར་བྱའོ། །སྣོད་སར་པར་ཆུ་བླུགས་ནས་ལན་བདུན་བཟླས་བརྗོད་བྱས་ ཏེ་ཁྲུས་བྱས་ན་ལོག་འདྲེན་ཐམས་ཅད་བཅིང་བ་བྱས་པར་འགྱུར་རོ། །མེ་ཏོག་དཀར་པོ་དག་ལ་བཟླས་བརྗོད་བྱས་ཏེ་བསྣུན་ན་དུག་མེད་པར་འགྱུར་རོ། །ནད་ཐམས་ཅད་ལ་ཤིང་ཀ་ར་བི་རའི་ལྕུག་མས་བྱབ་པར་ 101-1-192b བྱ་སྟེ། བདག་བསྲུང་བ་བྱས་ན་གང་དུ་གདོན་གྱི་ཕྱིར་ཡང་ལས་ཐམས་ཅད་བྱའོ། །འཐབ་མོ་དང་། རྩོད་པ་དང་འགྱེད་པའམ་རྒྱལ་པོའི་ཕོ་བྲང་འཁོར་དུ་སྣ་མའི་མེ་ཏོག་གི་འབྲུ་མར་གྱི་ནང་དུ་ཨ་ཏི་མུག་ཏ་ཀ་སྨིག་ མའི་ཡམ་བསྲེག་ཤིང་ལ་འགྲོ་ལྡིང་བའི་རིག་སྔགས་ཀྱིས་བཏབ་སྟེ་ལན་བཅུ་བཞིར་སྦྱིན་སྲེག་བྱའོ། །འབྱུང་པོ་དབང་དུ་བྱ་བར་འདོད་པས་རའི་འོ་མ་དང་། རའི་མར་དང་། ཤིང་ཨ་པ་མརྒའི་ཡམ་བསྲེག་ཤིང་ དག་ལ་འགྲོ་ལྡིང་བའི་རིག་སྔགས་ཀྱིས་བཏབ་སྟེ་ལན་ལྔར་སྦྱིན་སྲེག་བྱའོ། །འགྲོ་བ་ཐམས་ཅད་ཀྱི་ཆེད་དུ་སྦྱིན་སྲེག་བྱ་བར་འདོད་པས་འབྲས་ཐུག་པོ་ཆེ་དང་བའི་འོ་མ་དང་། རུ་རྟ་དང་། རྒྱམ་ཚ་དང་། ཤིང་ཀ་ར་བི་ ར་དཀར་པོའི་ཡམ་བསྲེག་ཤིང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སྦྱིན་སྲེག་བྱས་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་སྲེག་བྱས་པར་འགྱུར་རོ། །རྙེད་པར་བྱ་བའི་དོན་དུ་རུ་རྟ་དང་འབྲུ་མར་ལས་ འགྲོ་ལྡིང་བའི་རིག་སྔགས་ཀྱིས་ལན་བདུན་བཟླས་བརྗོད་བྱས་ཏེ་གདོང་བསྐུས་ནས་སྨྲས་ན་གང་བསླངས་པ་དེ་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ མཆོད་རྟེན་ལ་སྤོས་དང་། ཕྲེང་བ་དང་བྱུག་པ་དང་མེ་ཏོག་དང་བདུག་པ་དང་ཕྱེ་མ་དང་། བྱུག་པ་རྣམས་ཀྱིས་མཆོད་ཅིང་ཅི་ནུས་ཀྱིས་ལྷ་བཤོས་དག་ཀྱང་དབུལ་བར་བྱ་སྟེ། བསྲུང་བ་དང་བཅས་ཆོ་ག་དང་བཅས་པས་ མི་མཇེད་ཀྱི་སེམས་ཅན་ཐམས་ཅད་བསྲུངས་པར་གྱུར་ཅིག་སྭཱ་ཧཱ། འདི་ནི་དངོས་གྲུབ་པོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གཞོན་ནུ་སྒྲ་གཅན་ ཟིན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། 101-1-193a འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ ཕབ་པའོ། །སྟག་ལུང་བརྒྱུད་འབུམ་ལ་གཏུགས་ལན་ཅིག་ཞུས། །༄༅། །རྒྱ་གར་སྐད་དུ། ཨཱརྱ་སུ་བཱ་ཧུ་པ་རི་པྲྀཙྪཱ་ནཱ་མ་ཏནྟྲ། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི། །ཐུགས་རྗེས་རྩེ་གཅིག་ཡིད་གྱུར་བཞུགས་པ་ལ། །དཔུང་བཟང་ཚུལ་བཞིན་གུས་པས་ཕྱག་འཚལ་ནས། ། རིག་དང་གསང་སྔགས་ཚོགས་ཀུན་གྲུབ་པ་ཞུས། །བདག་གིས་ས་སྟེངས་མི་རྣམས་བཟླས་བརྗོད་དང་། །སྨྱུང་དང་ཡང་དག་སྡོམ་པ་མི་བཟད་པས། །རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན། ། ཡབ་གཅིག་ཅི་སླད་དཀའ་ཐུབ་དོན་མ་མཆིས། །གཙོ་བོ་གཟི་བརྗིད་ཉི་འོད་མེ་ལྟ་བུ། །ཁྱོད་ཀྱིས་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག །བདེན་པའི་གསུང་གིས་རབ་ཏུ་བཀའ་སྩལ་ན། །ཅི་ ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར། །རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས། །བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མི་སྩོལ་ལ། །བསྙེན་པས་ཅི་སྟེ་ཅུང་ཟད་འགྲུབ་མེད་ན། །སྒྲུབ་པ་ ཉོན་མོངས་ཁོ་ན་ཅི་རུང་ལགས། །རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ། །དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན། །གང་ལ་སྔགས་དང་རིག་པ་གྲུབ་མེད་པ། །དེ་དག་རྣམས་ཀྱང་ཅི་ལྟར་གསོ་བར་ བགྱི། །ཐུགས་རྗེ་ལྡན་པས་འགྲོ་ལ་སྨན་སླད་དུ། །ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པའི་རྣམས། །དེ་དག་བཟླས་བརྗོད་སྦྱིན་སྲེག་བརྟུལ་ཞུགས་དང་། །བསྙེན་ལ་སོགས་པས་མ་ 101-1-193b གྲུབ་ཅི་ལས་གྱུར། །ཆོ་ག་ཉམས་སམ་འོན་ཏེ་མཐུ་མ་མཆིས། །དུས་ཀྱི་རང་བཞིན་ལགས་སམ་སྡིག་པས་བསྒྲིབས། །གསང་སྔགས་གཞན་དུ་གྱུར་ཏམ་འཆོལ་ལས་གྱུར། །ཐམས་ཅད་མ་ལུས་བཅོམ་ ལྡན་འདས་ཀྱིས་གསུངས། །སྲས་ཀྱི་ཚིག་དེ་ངེས་པར་གསན་གྱུར་ནས། །ཡུད་ཙམ་དགོངས་ནས་དཀྱུས་རིང་སྤྱན་ཕྱེ་སྟེ། །ཕྱག་གིས་རྡོ་རྗེ་མེ་སྟག་ཟེར་འཕྲོ་བ། །གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས། ། ཨེ་མའོ་ཟླ་བའི་འོད་ལྟར་ལྷམ་མེ་བའི། །སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ། །ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས། །བདེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར་གྱུར། །བྱང་ཆུབ་སེམས་དཔའ་ རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྫི་ཡང་། །གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ། །དེ་དག་བདེ་བས་དགའ་དང་ལྡན་པར་གྱུར། །བུ་ཁྱོད་རང་བཞིན་བཟང་པོ་ འདི་ལྟ་བུས། །གང་ཕྱིར་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ། །དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང་། །གསང་སྔགས་མདོ་སྡེའི་ཚུལ་བཞིན་དུ་ངས་བཤད་དོ། །གསང་སྔགས་བཟླས་བརྗོད་གང་དག་ངས་ གསུངས་པ། །དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ། །དེ་ཡིས་བདེ་བར་གཤེགས་ལ་དང་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་སྤངས་ཏེ། ། དཀོན་མཆོག་གསུམ་ལ་དད་པས་བསྙེན་བཀུར་བྱ། །རྡོ་རྗེ་རིགས་ཞེས་བརྗོད་པ་རྒྱ་ཆེན་དང་། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང་། །གཞན་གྱི་བུད་མེད་བགྲོད་དང་ བརྫུན་སྨྲ་དང་། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། ། 101-1-194a ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་པ་མྱུ་གུ་མི་བསྐྱེད་ལྟར། །དེ་བཞིན་མི་ཤེས་ལོག་ ལྟས་བཅོམ་པ་ཡི། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བསྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། །ཆོས་ཀྱི་ལམ་ལ་གནས་ པར་བྱས་ན་ལེགས། །ལྷ་དང་ལྷ་མིན་ཤ་ཟ་ཁྲག་མཐུང་བ། །མཚན་མོ་རྒྱུ་བ་མི་བཟད་འཇིག་རྟེན་ན། །སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱུ། །བཟླས་བརྗོད་བརྩོན་པའི་སེམས་ནི་གཡེང་བར་བྱེད། །དེ་དག་རྣམས་ཀྱི་ གཉེན་པོར་གྱུར་པའི་ཕྱིར། །ང་ཡི་གསང་སྔགས་རིག་པའི་ཚོགས་མཐོང་ན། །སྐྲག་པར་བྱེད་དོ་སྙམ་དུ་དོགས་སྐྱེས་པ། །དེ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད། །དེ་ལྟར་གནོད་བྱེད་དེ་དག་གཞོམ་པ་དང་། ། བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི། །དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། །དམ་ཚིག་ཅི་བཞིན་བསོད་ནམས་དོན་དུ་བལྟ། །སྣ་ཚོགས་པ་ཡི་གདོན་རྣམས་གནས་པ་ལ། །གང་ཞིག་རྣམ་པ་སྣ་ ཚོགས་ལས་བྱེད་པའི། །དཀྱིལ་འཁོར་དེར་ནི་གནོད་བྱེད་གཞོམ་པའི་ཕྱིར། །མི་ཡིས་རབ་ཏུ་བསྒྲིམས་ནས་འཇུག་པར་བྱ། །གང་ཡང་རིག་པ་མཆོག་ཏུ་གསུངས་པ་དང་། །ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ། ། དེར་ནི་དམ་ཚིག་སྣ་ཚོགས་ངས་བཤད་པ། །སྡིག་པ་བསལ་ཕྱིར་རྒྱུན་ཏུ་བལྟ་བར་བྱ། །རྡོ་རྗེ་རིགས་གཙོ་ཕོ་ཉ་མོ་ཡི་ཚོགས། །རིག་པ་མང་པོས་བསྟན་པའི་ལྷ་མོ་དེ། །ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་དང་། ། རྔམ་པ་ཐོན་ཞིང་ཤིན་ཏུ་སྐྲག་པར་འགྱུར། །ཅི་ལྟ་ཅི་ལྟར་དཀྱིལ་འཁོར་མཐོང་བ་དང་། །དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟེན་དང་། །རིག་པའི་ཚོགས་ལ་བསྟེན་པའི་བསོད་ནམས་ཀྱིས། །དེ་ཡི་ལུས་ལ་མ་ལུས་བྱིན་ 101-1-194b བརླབས་འཇུག །མི་ཚུགས་རྡོ་རྗེའི་བདག་ཉིད་དེ་མཐོང་དང་། །ས་ཕྱོགས་རྡོ་རྗེའི་མེ་འབར་དེ་ཤེས་ནས། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པའི་རྣམས། །བཟླས་བརྗོད་བྱེད་པས་སྐྲག་ནས་འབྱེར་བར་འགྱུར། །ང་ཡི་དམ་ཚིག་ མཐོང་བའི་བུ་དག་གིས། །འཇིག་རྟེན་འཇིག་རྟེན་འདས་པས་བཤད་པ་ཡི། །གསང་སྔགས་དེས་ནི་མ་བསྒྲིམས་བཞིན་དུ་འགྲུབ། །བགེགས་རྣམས་ཐམས་ཅད་བརླག་པར་བྱེད་པར་འགྱུར། །རིག་དང་དམ་ཚིག་ མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་ པས། །དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང་། །དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། །གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། །གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ་དང་། །ས་བླའི་གདོན་ རྣམས་ཀུན་དང་ཀླུ་བདག་དང་། །ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །བརྟུལ་ཞུགས་གནས་པ་དེ་ལ་ཀླགས་མི་ལྟ། །དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་ བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པ་སྐྱེ། །རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡིས། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། ། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་ གྲོལ་བ་དང་ནི་ལྡན་འགྱུར་བའོ། །བཟླས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པ་ས་ཡི་ཕྱོགས་སུ་ནི། །འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་ 101-1-195a སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་སྐུ་གཟུགས་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་དབུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །མཆོག་ཏུ་དད་ པ་ཡིས་ནི་མཆོད་པར་བྱ། །ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་བསྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་ གཟུགས་བཟང་གཙང་སྒྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་། །སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་། ། བྲམ་ཟེ་དག་དང་ལྷ་གཞན་མཆོད་མི་བྱེད། །སྒྲིན་ཞིང་བཟོ་ལ་བྱས་པ་བཟོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་ པས་ན། །ཡོན་ཏན་ཕྱེད་དང་བཞི་ཆའམ་བརྒྱད་ཆ་ཅན། །དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བསྟེན། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དང་པོའོ།། །། རང་སངས་རྒྱས་དང་བདེ་གཤེགས་ ཉིད་སྐྱེས་དང་། །རྒྱལ་བ་སྔོན་ཆད་གང་ན་བཞུགས་བཞུགས་པའི། །གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བ། །ལྷ་དང་ལྷ་མིན་སོགས་པས་ཕྱག་འཚལ་མཆོད། །གསོ་སྦྱོང་སྡོམ་པ་དག་དང་ ལྡན་པ་ཡིས། །བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ། །དེ་ལྟ་བུ་དག་མ་རྙེད་གཞན་ཡང་ནི། །ཆུ་བོ་ཆུ་ཀླུང་འབབ་ཆུ་མོད་པ་དང་། །པད་མ་ཨུད་པ་ལས་ནི་བརྒྱན་པའི་མཚོ། །སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་ རྒྱུ་བ། །དང་ཞིང་ཞིམ་པའི་ཆུ་ནི་མང་བ་དང་། །མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ། །མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང་། །སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང་། །ས་སྟེང་གནས་མལ་ 101-1-195b ཤིན་ཏུ་གཙང་བ་དང་། །གང་ན་སྟག་གཟིག་སེང་གེ་མེད་པ་དང་། །ཡིད་འོང་མཉམ་ཞིང་ཚེར་མ་མེད་པ་དག །མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན། །གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤད་དང་། ། ཉལ་ཉིལ་སོལ་བ་ཚ་སྒོའམ་རྩོག་ཅན་སྤང་། །དེར་ནི་ས་བརྐོས་སྦྱངས་ནས་གནས་བརྩིགས་པ། །དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱ། །ཤར་རམ་བྱང་ངམ་ནུབ་དུ་སྒོ་གཏོད་ཅིང་། །ལྷོ་ཕྱོགས་སུ་ནི་ནམ་ ཡང་སྒོ་མི་གཏོད། །དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ། །རྒྱལ་བ་ལམ་མཆོག་རྣམ་པར་སྟོན་པ་ཡི། །རས་ཀྱི་སྐུ་གཟུགས་ལས་ཕྱིར་བརྟན་པར་གདགས། །ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་ བཞག །ཐ་ག་པས་བཏགས་འཇམ་ལ་སྙོམས་པ་དང་། །ཐགས་བཟང་དེ་བཞིན་སྐྲ་ཤད་མེད་པ་དང་། །ཁོ་ལག་ཆེ་ཞིང་མ་ཉམས་ཁ་ཚར་བཅས། །རས་ཀྱི་གཟུགས་དེ་མི་ལ་དངོས་གྲུབ་སྟེར། །གཙང་མ་སྤོས་ ཆུས་བཏབ་པ་དེ་ལ་ནི། །ཚོན་རྩི་སྤྱིན་མེད་སྣོད་གསར་བླུགས་པ་ཡིས། །ཁྲུས་བྱས་གཙང་ལ་གསོ་སྦྱོང་གཟུང་བའི་མི། །མཁས་པས་བ་ལང་སྤུ་ཡིས་བྲི་བར་བྱ། །ཕྲེང་བ་བདུག་སྤོས་མར་མེ་ལྷ་བཤོས་ དང་། །བྱུག་པ་དག་གིས་སྐུ་གཟུགས་ཆེར་མཆོད་དེ། །ནུབ་ཕྱོགས་ཞལ་བསྟན་མི་གཡོ་བརྟན་པར་གདགས། །དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ། །གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་སུ། ། འབྱུང་ཁུང་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོའམ་གསོ་མ་འམ། །ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། ། དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། །མ་ཆགས་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། །བཟའ་བཏུང་མོད་ཅིང་རྨངས་རིགས་ 101-1-196a མང་བ་དང་། །འགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་། །བྲམ་ཟེ་ཕྱི་རོལ་སྐྱེ་བོ་མེད་པར་བརྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་རློམ་ཞིང་སྙིང་རྗེར་མི་ལྡན་པ། ། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ནས་གེགས་ཀྱང་བྱེད་པར་འགྱུར། །བྲམ་ཟེ་སངས་རྒྱས་པ་ལས་ཅི་ལྟར་དམན། །སྨྲང་ལས་བྲམ་ཟེ་དག་ལ་དམངས་རིགས་རྣམས། །བསྙེན་ བཀུར་དང་ནི་མཆོད་པར་འབྱུང་བས་ན། །དམངས་རིགས་ཀྱིས་ཀྱང་གསང་སྔགས་ཅི་ལྟར་བཟླས། །ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང་། །རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང་། །བུ་ཡི་དོན་དུ་འགྲོ་ བར་བྱ་བ་དག །བྲམ་ཟེ་རྣམས་ཀྱི་ངེས་པར་འགྲུབ་པ་ཡིན། །རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས། །གྲུབ་པས་འདི་ལ་ཐེ་ཚོམ་མ་བྱེད་ཅེས། །བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། །བདག་དང་ གཞན་གྱི་སེམས་ནི་བསྲེག་པར་བྱེད། །ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། །ཉི་མ་ཕྱེད་འཚམས་ཚུན་ཆད་བསླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་ བྱ། །དགེ་དང་མི་དགེ་ཤེས་པ་བཟུང་ན་ནི། །བྲམ་ཟེ་དམངས་རིགས་དག་ལ་ཁྱད་པར་མེད། །འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང་། །འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པར་ཟད། །བདེན་པའི་ལམ་ དམིགས་དགེ་བའི་རྗེས་འབྲང་ན། །དམངས་རིགས་དག་ཀྱང་སྐྱེ་ཤི་མེད་པར་འགྲོ། །ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན། །བྲམ་ཟེ་གང་ཡིན་མི་བཟད་དམྱལ་བར་ལྟུང་། །ལུས་ཅན་ཤིན་ཏུ་དྲི་མ་ལྡན་ པ་དག །འདི་ན་གཞན་གྱིས་དག་པར་མི་འགྱུར་ཏེ། །དེ་ནི་སྡིག་པ་རྣམ་པར་བསལ་བ་དང་། །བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་ 101-1-196b སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན། །ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་། །དེ་བཞིན་ཉུང་ངུས་སྲང་ནི་དམའ་གྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། །ཤིང་རྟའི་མིག་བསྐུ་བཞིན་ དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཤེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པས། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱས་ཏེ། །སེམས་ནི་བཟའ་བཏུང་ཚོགས་ལ་ཆགས་ མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་ལྟ་ཞིང་བསོད་སྙོམས་སྤྱད། ། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། ། ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་སླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །གང་དུ་དགའ་བར་འགྲོ་ ཞིང་འཛིན་མེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པ་སྤངས་ནས་སུ། །མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང་། ། 101-1-197a གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་། །དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང་། །གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང་། །གང་ན་སྐྱེ་བོ་མང་པོ་འདུས་པ་དང་། །དེ་བཞིན་གང་ན་ རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །བསོད་སྙོམས་ཅི་སྙེད་ཁྱེར་ཏེ་འོངས་ནས་ཀྱང་། །དང་པོར་ཅི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་པ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་ བཟའ་བར་བྱ། །དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ཏེ། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། །བདུག་པ་བྱུག་སྤོས་ ལ་སོགས་མ་རྙེད་ན། །དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ། །སྤྲ་བ་ཨརྐ་བིལ་བ་བྲི་ཧ་ཏི། །ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་། །འགྲེང་ངམ་འདུག་གམ་མ་ལོག་ཉལ་བ་དང་། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་ པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དག །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །འཕགས་པ་དཔུང་བཟུང་གིས་ཞུས་པའི་ལེའུ་གཉིས་པའོ།། །། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། ། སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བའི། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །དཔེར་ན་དྲི་མེད་ཆུ་ནི་རྡུལ་ཚོགས་ཀྱིས། །སྐད་ཅིག་དུ་ཡང་རྙོག་པར་ བྱེད་པ་ལྟར། །དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས། །འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོགས་པར་འགྱུར། །པུ་ཏྲ་ཛི་དང་དུང་ཤེལ་རུ་རག་ཤ ། ལུང་ཏང་པད་མའི་སྙིང་པོ་ཞ་ཉེ་ཟངས། །ཁར་བའི་བགྲང་ཕྲེང་བརྒྱ་ནི་ རྩ་བརྒྱད་པ། །དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། །དེ་ནི་ལག་པ་གཡས་པས་བཟུང་བ་འམ། །ལག་པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་བཟུང་། །ཚར་རེ་ཕྱིན་ཅིང་ནོར་བུ་རེ་རེ་ནས། །སྔགས་པ་ཡིས་ནི་ 101-1-197b རིམ་བཞིན་དྲང་བར་བྱ། །འདུག་ནས་དབང་པོ་ཡང་དག་བསྡམ་པ་དང་། །ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར་ཡང་། །བསྒུལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ། །སེམས་ནི་ གློག་དང་སྤྲིན་དང་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་འདུལ་བར་བྱ། །གང་ཚེ་ཟློས་པའི་སེམས་ནི་ཞི་བ་ལ། །བསྟེན་པས་གཉིད་ ཀྱིས་དྲན་པ་རྨོངས་གྱུར་ན། །ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང་། །མགོན་མེད་སྐྱབས་མེད་ཚེ་རབས་གཅིག་ནས་གཅིག །ལུས་ཀྱི་ ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་། །ཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ངན་པ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་ དུ་སོང་ན་འང་མེད་པ་མིན། །ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས། །གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་ལ་མངོན་དགའི་སེམས་ནི་འབྱུང་བ་ན། །རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། །འདོད་ཆགས་ ཤས་ཆེ་མི་གཙང་ཤ་ཚིལ་དང་། །ལྤགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །རེ་ཞིག་ན་ནི་དགྲ་ཡང་མཛའ་བོར་འགྱུར། ། མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་ དགའ་བའི་སེམས་ཀྱི་རྟོག་པ་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །དང་པོ་བཟླས་ནས་བཟླས་བརྗོད་ཟིན་བར་དུ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་པ་དང་། །བུད་མེད་མ་ནིང་ཁྱེའུ་བུ་མོ་དང་། །སྔགས་འཆང་ 101-1-198a ནམ་ཡང་སྨྲ་བར་མི་བྱའོ། །ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲས་ནས་ལུད་པ་བཤང་གཅི་བོར་ནས་ཀྱང་། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་ སྣོད་མར་མེ་ཕུལ་བ་དང་། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོར་ནི་གཅིག་ཏུ་ གྱུར་པ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡིས། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལ་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱིས་སོག་མའི་ཕྱིར་མིན་ཡང་། །སཱ་ལུ་རྙེད་ནས་ བསྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་བསྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། ། མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་བ་འདི་ལེགས་པར་འཐོབ་པ་དང་། །ཆོས་བཞིན་སྒྲུབ་པའི་ཡུལ་དག་རྙེད་པ་འམ། །སྐྱོ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་ པར་བྱ། །གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་ འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྟངས་དང་མཆོང་བ་དང་ནི་གར་བྱེད་དང་། །གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱས་གྱུར་དང་། །ལྷག་པའི་ང་རྒྱལ་འདྲིད་ 101-1-198b དང་འདོད་ཆེན་དང་། །བརྒྱན་པོ་དང་ནི་འདུས་ལ་ལྟ་འདོད་དང་། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་། །བསྟན་བཅོས་ངན་དང་སྙན་ངག་ཀློག་འདོན་དང་། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང་། །ཞེ་ལ་འཛིན་དང་ལེ་ལོ་ གཡོ་སྒྱུ་སྤང་། །ཤ་ཆང་ཀེའུ་དང་ཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་ དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིགས་མ་ངར་བ་འོལ་ཀོན་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཤ་ཟ་སྲིན་པོ་དག་དང་གནོན་པོ་དང་། །རོ་ལངས་དང་ནི་ འཇིགས་པ་སྒྲུབ་པ་དང་། །ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིགས་མའི་བཟའ་བ་མཆོག་ཏུ་བསྔགས། །དེ་ལྟར་བཟླས་བརྗོད་བྱེད་པའི་བསྒྲུབ་པ་པོས། །ཉིན་གཅིག་བཞིན་དུ་བྱས་ནས་བཟླས་ པ་ནི། །ཕུལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ། །བྱམས་པ་སྙིང་རྗེ་དགའ་དང་བཏང་སྙོམས་ལྡན་པ་དང་། །བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱས་ཏེ། །ཤཱ་རིའི་བུ་ དང་ང་ལ་ཐལ་སྦྱར་བཏུད་ནས་ཉལ། །དེ་ལྟར་སྔགས་པ་སྡིག་པ་མཐའ་དག་ཟད་པར་བྱ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་གསུམ་པའོ།། །། བསྒྲུབ་པ་པོ་ཡིས་ངེས་པར་བཙང་བ་ཡི། །རྡོ་རྗེ་དེ་དག་གང་ ཡིན་བཤད་པར་བྱ། །སོར་བཅུ་བཅུ་གཉིས་བཅུ་དྲུག་བཅྭ་བརྒྱད་དང་། །མཆོག་གི་ཚད་ནི་སོར་ཡང་ཉི་ཤུ་པའོ། །གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི། །ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས། །རྒྱལ་པོའི་དོན་དུ་དངུལ་གྱིས་ མཆོག་ཡིན་ཏེ། །ཟངས་ཀྱི་རིན་ཆེན་འབྱུང་བའི་ཀླུ་བསྒྲུབ་ལ། །ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང་། །ཕུག་དུ་འགྲོ་ལ་རྡོ་ཡི་རྡོ་རྗེའོ། །དོན་ཀུན་བསྒྲུབ་པ་ལ་ནི་ལྕགས་གསུམ་གྱི། །གསང་བའི་སྡེ་གཞོམ་པ་ལ་ 101-1-199a ལྕགས་ཀྱིའོ། །གདོན་གཞན་ལ་ནི་སེང་ལྡེང་དཔལ་དང་ཚེ། །ནད་མེད་ནོར་རྫས་ལ་ནི་བིལ་བའོ། །གནོད་སྦྱིན་མོ་བསྒྲུབ་པ་ལ་མ་དུའི་ཤིང་། །ཆོས་ཀྱི་དོན་དུ་ཨ་ཤྭད་ལས་བྱས་ཤིས། །གསལ་ཤིང་རྩེ་མོའི་དགྲ་རྣམས་གཞིག་ པ་ལ། །མི་རྣམས་བསད་པ་ལ་ནི་མི་རུས་ཀྱི། །ཤེལ་ལས་བྱས་པ་མིག་འཕྲུལ་ཆེན་པོ་ལ། །དབྱེ་ཕྱིར་ནིམ་པ་ལས་བྱས་རབ་ཏུ་ཤིས། །གསད་ཅིང་བསྐམ་པ་ལ་ནི་བ་རུའི་ཤིང་། །ཤ་ཟ་བསྒྲུབ་པ་ལ་ཡང་རབ་ཏུ་ཤིས། །ལྷ་དང་ གནོད་སྦྱིན་དྲི་ཟ་བསྒྲུབ་པ་ལ། །སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེའོ། །ཅི་སྟེ་ཀླུ་ནི་དབང་དུ་བྱེད་འདོད་ན། །དེ་ཚེ་ཀླུ་ཤིང་རྩ་བ་ལས་བྱས་པའོ། །གཟུགས་བསྒྱུར་བ་ལ་ས་ལས་བྱས་པ་སྟེ། །རོ་ལངས་བསྒྲུབ་པ་ལ་ནི་ཀ་ཏམ་པཱི། ། པུན་ད་ཀ་དང་ར་ཛ་ཨརྐ་དང་། །ཨ་ཤྭད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར། །གླ་བ་ཨ་མྲ་ཤྲི་བར་རྣ་བ་ཡི། །ཨ་རྫུ་ལ་སོགས་པ་ལས་བྱས་པ་དག །མི་རྣམས་གཡུལ་ལས་རྒྱལ་བར་བྱ་ཕྱིར་རོ། །ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར། ། ཙན་དན་དཀར་པོ་དང་ནི་དམར་པོ་སྟེ། །དབྱིབས་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། །བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང་། །དད་པའི་སེམས་ ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། །མཆོད་ནས་རྡོ་རྗེ་རྒྱལ་བའི་ཞབས་དྲུང་བཞག །ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་ རྩེ་གཅིག་སེམས་ཀྱིས་བཟླས། །ལྡོང་རོས་གིའུ་ཝང་རལ་གྲི་ཨཉྫ་ན། །སྤངས་མ་བབ་ལ་ཞགས་པ་ལི་ཀྲི་བཙག །མར་དང་ཤུ་དག་འཁོར་ལོ་རྡོ་རྗེ་མདུང་། །ལྤགས་པ་གོ་ཆ་མདུང་ནི་རྩེ་གསུམ་པ། །རྫས་ནི་བཅུ་བདུན་བསྒྲགས་ པ་དེ་རྣམས་ཀྱིས། །གྲུབ་པ་རྣམ་པ་གསུམ་རྣམས་ཐོབ་པར་བྱེད། །རང་སྔགས་ཆོ་ག་ལྷག་པར་བཤད་པ་གང་། །དེར་ཡང་གྲུབ་པ་རྣམ་པ་གསུམ་དུ་མཐོང་། །བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། །རིག་པའི་ཚོག་ 101-1-199b རྣམས་ཀྱི་ནི་མདུན་ནས་རྒྱུ། །རིགས་འཛིན་བརྩེན་པའི་བདག་ཉིད་ཅན་དག་ལ། །རྣམ་པ་སྣ་ཚོགས་གླགས་སྐབས་ཚོལ་ཞིང་རྒྱུ། །བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ། །ས་སྟེང་འདི་ན་འཁོད་པའི་བགེགས་རྣམས་ནི། ། རྣམ་པར་འཇིག་དང་ཝ་དང་ནེའུ་ལེ་དང་། །དེ་བཞིན་སོ་གཅིག་པ་དང་རིགས་རྣམ་བཞི། །དེ་དང་དེ་ལས་འཕྲོས་པ་མཐའ་ཡས་སོ། །ས་སྟེང་འཇིག་རྟེན་སྐྱོང་བཞི་གང་ཡིན་པ། །དེ་དག་གཡོག་འཁོར་མྱ་ངན་མེད་པ་ཡིན། ། དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས། །དེ་དག་གསང་སྔགས་སྒྲུབ་ལ་བགེགས་བྱེད་དོ། །ཝ་ཡི་རིགས་ནི་བྱེ་བ་བཅྭ་བརྒྱད་དག །དབང་ཕྱུག་ཆེན་པོའི་འཁོར་ཏེ་དེ་རྣམས་ཀྱི། །སྡེ་དཔོན་གླང་ཆེན་གདོང་སྟེ་སྟོབས་ པོ་ཆེ། །ས་སྟེང་མཐའ་དག་ཀུན་ཏུ་བགེགས་ཀྱང་བྱེད། །སོ་གཅིག་རིགས་ཀྱི་སྡེ་དཔོན་གཙུག་འཕྱང་སྟེ། །བྱེ་བ་དྲུག་བཅུའི་བགེགས་ལ་དབང་སྒྱུར་ཞིང་། །ཚངས་དབང་ཁྱབ་འཇུག་ཉི་མ་ཟླ་བ་རླུང་། །དེ་རྣམས་ཀྱིས་བཤད་ སྔགས་ལ་བགེགས་བྱེད་དོ། །ནེའུ་ལེའི་རིགས་གང་ཡིན་པ་རྒྱ་ཆེ་སྟེ། །ཁྲི་ཕྲག་བྱེ་བ་ཐེར་འབུམ་ཕྲག་སྟོང་དང་། །དེ་དག་རྣམས་ནི་སྡེ་དཔོན་གཙུག་ནས་ཕྱུང་། །ང་ཡི་རིགས་དང་སྔགས་ལ་བགེགས་བྱེད་དོ། །དགའ་ བྱེད་པད་མ་འདྲ་བར་དཀྱུས་རིང་མིག །ལྔས་རྩེན་སྔགས་རྒྱུད་ལ་ནི་བགེགས་ཀྱང་བྱེད། །ནོར་སྤྱོད་བུ་ནི་གང་ཡིན་གང་བ་ཕ། །རང་གི་གསང་སྔགས་རྒྱུད་ལ་བགེགས་ཀྱང་བྱེད། །སྒྲུབ་པ་པོ་ནི་འབྱོར་པར་མི་དགའ་བ། ། བརྩེ་མེད་རང་རང་རིགས་ལ་བགེགས་ཀྱང་བྱེད། །རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས། །ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན། །ལྷ་ཡིས་ལོག་འདྲེན་ཀྱིས་བྱས་དེ་མཐོང་ནས། །ཁྲོས་ཤིང་འཁྲུགས་ནས་ ཕྱིར་ཡང་ཕྱོགས་པར་འགྱུར། །སྔོན་ཆད་སེམས་ནི་འཇུངས་དང་རྨོངས་པ་ཡིས། །ལྷ་ཡིས་ལོག་འདྲེན་བགེགས་ཀྱི་ལུགས་འདི་བཏང་། །ལུགས་འདི་ལྷ་དང་ཀླུ་དང་གྲུབ་པ་དང་། །སུམ་བཅུ་རྩ་གསུམ་ལྷས་ཀྱང་བཟློག་ 101-1-200a མི་ནུས། །བགེགས་ཀྱིས་འཇིགས་སུ་རུང་བ་བྱས་པ་དག །སྔར་བཤད་པས་ནི་དེ་དག་བཟློག་པར་བྱེད། །བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བ་དང་། །དཀྱིལ་འཁོར་མང་བྱས་བསྒྲུབ་ལ་འཇུག་པར་བྱ། ། གཞན་དུ་མཆོད་པའི་ཆོ་ག་མེད་པ་དང་། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་བྲལ་བའམ། །གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས། །རིག་པ་གང་ཞིག་བདག་གིས་བཟླས་པར་བྱ། །ཡུལ་དང་རྒྱལ་སོགས་གཏམ་ལ་ ཆགས་པ་དེའི། །ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག །འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ་ན། །རིག་པ་འདོན་པའི་སེམས་ནི་གཡེང་བར་བྱེད། །དཔེར་ན་ཆུ་ནང་གྲིབ་མ་སྣང་བ་ལྟར། །དེ་བཞིན་མི་ཡི་ལུས་ལ་ འཇུག་པར་འགྱུར། །འཁྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན། །ཉལ་ན་གཞན་ཡིན་མེ་ཏོག་བདུག་པ་དང་། །མར་མེ་འབུལ་བའི་ཚེ་ན་གཞན་ཡིན་ལ། །སྦྱིན་སྲེག་བྱེད་པ་ན་ཡང་བགེགས་གཞན་འཇུག །དཔེར་ན་ཉི་ ཟེར་མེ་ཤེལ་བབ་པ་ཡི། །རྐྱེན་གྱིས་མ་བསྒྲིབས་མེ་ནི་འབྱུང་བ་ལྟར། །དེ་བཞིན་བགེགས་ཀྱང་ལུས་ལ་ཞུགས་གྱུར་ན། །འདོད་ཆགས་མེ་ཆེན་ཀུན་དུ་བསྐྱེད་པར་བྱེད། །གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས། ། ཆུ་ནང་སྐྱེས་བུ་འཁྲུ་བའི་ཚེ་ནའང་འཛིན། །བཀྲེས་ཤིང་ལུས་ལ་སྙོམས་པའི་གཉིད་ཀྱང་ཆེ། །དེ་བཞིན་ལུས་ལྕི་མཆོག་དུ་ཁྲོ་བར་འགྱུར། །དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས། །དེ་ནི་དྲི་འབུལ་བ་ན་ལུས་ལ་འཇུག ། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས། །སྙོམ་ཞིང་བུད་མེད་ལ་ནི་ཆགས་པར་འགྱུར། །ནག་པོ་གཟུགས་ཅན་ས་ནི་བརྟོལ་ནས་སུ། །བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག །འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་ སྲུན་ལ། །འདོད་ཆེན་ཆེ་ལ་རབ་ཏུ་ཁུ་ཆུ་འཛག །མར་མེ་གཙུག་ཕུད་གཅིག་པ་བགེགས་བྱེད་དེ། །སྙིང་ག་ཚ་ཞིང་གཟེར་ཐབས་སེམས་ཉམས་བྱེད། །འགྲེང་བའི་ཚེ་ན་གཙུག་འཕྱང་འཇུག་འགྱུར་ཏེ། །རིམས་དང་ཁྲུ་ 101-1-200b སྐྱུག་དྲག་པོས་འདེབས་པར་བྱེད། །མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་བཀོད་པ། །རང་གི་གནས་སྐབས་རྙེད་ནས་ལུས་ལ་འཇུག །རིམས་དང་ཆམ་པ་ལུས་ཚིགས་ན་བ་དང་། །གྲོགས་པོ་དག་དང་རྣམ་པར་བྲལ་བར་བྱེད། ། བགེགས་ཀྱིས་བརླམས་པ་ཕྱོགས་ན་ལམ་མིན་ལམ་དུ་མཐོང་། །སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས། །བློ་བུར་སྨྲ་ཞིང་ཀློག་ལ་དོན་མེད་ཀུན་ཏུ་འཕྱན། །དོན་དུ་སྒྲུབ་པ་རྣམས་ལ་སེམས་ ཀྱང་ཡིད་གཉིས་བྱེད། །སེམས་ནི་ལོག་པར་ལྟ་བས་ནོན་པས་ན། །གསང་སྔགས་མེད་ཅིང་མཐོ་རིས་ལྷ་ཡང་མེད། །བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད། །ཐར་བ་མེད་ཅིང་འཆིང་བའི་རྒྱུ་ཡང་མེད། ། སྐྱེ་བོ་དོན་མེད་ཉོན་མོངས་དཀའ་ཐུབ་ཆེས། །སྣ་ཚོགས་འཁྱལ་པའི་ཚིག་འདི་རྟག་ཏུ་སྨྲ། །སེན་མོས་རྩ་གཅོད་བོང་རྔོ་འཇིག་པ་དང་། །མཚན་མོ་སོ་ཡང་ཀྲིག་ཀྲིག་འཆ་བ་དང་། །བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་ ཅིང་། །སྐྱེས་པ་བདག་འདོད་ཆུང་མ་གཞན་མི་རྙེད། །དགོས་པའི་དོན་ནི་མི་འགྲུབ་མི་དགོས་འགྲུབ། །གར་ཡང་འགྲོ་འདོད་གཉིད་མེད་མི་ཡང་བརླམ། །དེ་བཞིན་སྟག་གཟིག་སེང་གེ་ཁྱི་དང་ཕག །བོང་བུ་རྔ་མོ་ བྱི་ལ་ཤ་ཟ་ཝ། །བྱ་རྒོད་འུག་པ་སྐྱ་མོ་མཱིུ་ཐུང་ཧྲུལ། །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐམས་ཐོད་པ་རུས་གོང་ཕུང་པོ་དང་། །ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང་། །ཁ་བཞིན་གྱུར་ཅིང་ རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་བརླམས། །བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །བདུད་རྩི་ཐབས་སྦྱོར་དྲག་ཤུལ་ཐབས་ལས་སྦྱར། ། སྔགས་པ་དེ་ཡི་གསང་སྔགས་མ་ཞུགས་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས། །ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པ་འམ། །ལམ་གྱི་བཞི་མདོ་ཁང་སྟོང་ནགས་ཚལ་དུ། ། 101-1-201a དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །མཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བཟུང་། །སྒོ་བཞི་པ་ལ་ཀུ་ཤ་རྩྭ་ཡང་བཀྲམ། །བཟའ་དང་ཤ་ཆང་ལ་ཕུག་ ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །བུམ་པ་པད་མ་དམར་པོའི་མདོག་འདྲ་བ། །ནག་པོ་ར་རི་མེད་ཅིང་རིན་ཆེན་བཅས། །སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི། །ལྡུམ་བུས་ཁ་བརྒྱན་རས་ཀྱིས་ མགུལ་པ་དཀྲི། །ལུས་དམར་པོ་དང་ཀཱི་ལི་ཀཱི་ལ་དང་། །འགྲོ་ལྡིང་བ་ལ་སོགས་པས་བརྒྱ་བཟླས་ཏེ། །དཀྱིལ་འཁོར་འཁོར་ཡུག་དུ་ནི་བཞག་པར་བྱ། །དེ་ནས་བྱུག་སྤོས་བདུག་སྤོས་ལ་སོགས་དབུལ། །བགེགས་ཀྱིས་བརླམས་པ་ ཤར་ཕྱོགས་ཁ་བསྟན་ཏེ། །དཀྱིལ་འཁོར་གྱི་དབུས་བདེ་བའི་སྟན་ལ་བཞག །བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲུ། །འོན་ཏང་ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྒྲུབ་པ་པོ་ཡི་མི་ནི་འབའ་ཞིག་ལ། །བགེགས་ རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། །རྒྱལ་པོའི་འཁོར་དང་བུད་མེད་བུ་མེད་དང་། །བུ་མོ་དག་དང་རོལ་མོ་མཁན་རྣམས་དང་། །བུད་མེད་ཕལ་དང་ཚོང་པ་རྣམས་ཀྱང་རུང་། །ཞིང་པ་རྣམས་དང་དབུལ་ཞིང་ཕོངས་པ་དང་། །གདོན་གྱིས་ ཟིན་ཅིང་རིམས་ཀྱིས་བཏབ་པ་དང་། །བུས་པའི་གདོན་དང་མེ་ཏོག་འབྲས་བུ་འཕྲོག །རྨི་ལམ་སྨྱོ་དང་སེམས་ནི་གཡེངས་པ་དང་། །དུག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཞི་པའོ།། །། བགེགས་ཀྱི་བསོད་ནམས་མ་ལུས་ཟད་པར་བྱེད། །དེ་བས་མི་ཡིས་གསང་སྔགས་འགྲུབ་མི་འགྱུར། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །དཔེར་ན་ས་ཆུ་དུས་དང་རྣམ་ བྲལ་བའི། །སྣོད་གནས་འབྲས་བུ་མེ་ཏོག་མྱུ་གུ་མེད། །དེ་དང་མ་བྲལ་མྱུ་གུ་ལོ་མ་དང་། །སྡོང་བུ་དག་དང་མེ་ཏོག་འབྲས་བུ་སྐྱེ། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ 101-1-201b ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །དཔེར་ན་དབྱར་གྱི་དུས་ན་ཆར་སྤྲིན་དག །སྐྱེ་བོའི་སྐལ་བཞིན་ཆར་པ་ལེགས་པར་འབེབས། །དེ་བཞིན་མི་ཡི་སྐལ་བ་གཟིགས་ནས་ནི། །འདོད་པ་བཞིན་དུ་གསང་སྔགས་ དངོས་གྲུབ་སྩོལ། །ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་། །སྡིག་པ་སྦྱང་ཞིང་བསོད་ནམས་བསག་པ་དང་། །གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི། །དེ་དག་གསང་སྔགས་འབྲས་བུ་རྣམ་པར་སྩོལ། །ཇི་ཙམ་སྡིག་པ་མང་པོས་ རབ་གང་ཞིང་། །ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་། །ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །དེ་སྲིད་སྔགས་པས་དངོས་གྲུབ་མི་ཐོབ་བོ། །ཆོ་ག་ཉམས་སམ་བར་བཅད་སྔགས་གཞན་བཟླས། །བཟླས་པ་བཏང་ངམ་གཞན་ ལ་བཏང་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་ཟླས་བསྒྲུབ་ལ་འཇུག་པར་བྱ། །སྟོང་ཕྲག་བཅུ་འམ་བརྒྱད་དམ་བདུན་ནམ་བཞི། །བཟླས་མཐར་དེ་ལ་མར་གྱིས་སྦྱིན་སྲེག་བྱ། །ཡང་ན་མ་གྲུགས་ནས་སམ་ ཏིལ་ནག་གམ། །ཡུངས་ཀར་མར་དང་བཅས་པའི་སྦྱིན་སྲེག་བྱ། །འཛམ་བུ་མ་དུ་བླག་ཤ་པ་ལ་ཤ །ཨུ་དུམ་སེང་ལྡེང་ཨ་ཤྭད་ཨ་པ་མར། །ཨརྒ་ཨ་ཤོ་ཀ་དང་ར་རྫ་ཀ །ནྱ་གྲོ་བིལ་བ་ཨ་མྲ་ཤ་མི་ཡི། །ཡམ་ཤིང་གཞོན་ནུ་སོར་ནི་བཅུ་གཉིས་ པ། །བཙལ་ནས་ཞོ་མར་སྦྲང་རྩི་ལ་བཏགས་ནས། །རྟག་ཏུ་མེ་ལ་སྦྱིན་སྲེག་བྱ་བར་བྱ། །དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ། །གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང་། །གཅད་དམ་བཅིངས་སམ་མནན་པར་གྱུར་ཀྱང་ རུང་། །དེ་ཡི་གཟུགས་བརྙན་ས་ལ་བྱས་ནས་སུ། །ང་ཡི་ཞབས་དྲུང་མངོན་དུ་ཕྱོགས་བཞག་སྟེ། །སྔགས་པས་ཀཱི་ལི་ཀཱི་སོགས་སྙིང་པོ་རྣམས། །མར་དང་འོ་མས་དེ་ཡི་གཟུགས་བརྙན་བཀྲུ། །དེ་ལྟར་ཞག་བདུན་བྱས་པས་ གསང་སྔགས་དག །བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །མཆོད་པ་ལ་སོགས་ཆོ་གར་ལྡན་ཡང་ནི། །ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན། །དེའི་གཟུགས་དུག་དང་སྐེ་ཚེས་བྱུགས་ནས་སུ། །ཀཱི་ལི་ཀཱི་ལ་འགྲོ་ 101-1-202a ལྡིང་ལ་སོགས་པས། །སྔགས་ཀྱིས་དེ་ལ་ཡུངས་མར་ཚ་སྦྱར་བས། །ཞག་བདུན་དུས་གསུམ་སྦྱིན་སྲེག་ལས་བྱས་ན། །གསང་སྔགས་འོངས་ནས་རྨི་ལམ་དག་དུ་ནི། །ཆོ་ག་ཉམས་དང་ཡི་གེ་ལྷག་ཆད་སྟོན། །སྔོན་གྱི་ སྔགས་ལུགས་འཆང་བས་བསྟན་མོད་ཀྱི། །ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་བཞིན། །སྔགས་ཀྱིས་གཞན་གྱི་གསང་སྔགས་མི་བསྣན་ཅིང་། །བཅིང་དང་བཅད་པ་ནམ་ཡང་མི་བྱའོ། །དཔེར་ན་བྱམས་པའི་མི་ཡིས་མི་ གཞན་ལ། །ཆེ་གེ་མོ་ཡི་ཁྱིམ་འདིར་ཕྱིན་ཅད་ཁྱོད། །བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱ་ཞེས། །རིགས་པའི་ཚིག་གིས་རྣམ་པར་བསྟན་པ་དང་། །དེས་ཀྱང་དེ་ཡི་ཚིག་དེ་མཉན་ནས་སུ། །ཁྱིམ་དུ་སྨྲ་དང་བལྟ་ཕྱིར་མི་འགྲོ་བ། ། དེ་བཞིན་སྔགས་པས་གང་ཡང་རུང་བའི་སྔགས། །བཟླས་ནས་གཞན་གྱི་གསང་སྔགས་བསྣན་མི་བྱ། །གསང་སྔགས་གཅད་དང་བཅིང་བ་མི་བྱ་ཞིང་། །ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ལས་རྣམས་སྤྱད་ པ་གཞན་དུ་བསྒྱུར་མི་བྱ། །གནས་རྣམས་གཟིར་བར་ནམ་ཡང་མི་བྱའོ། །དབབ་དང་བཅིང་དང་བརྡེག་དང་རྨོངས་བྱ་དང་། །ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང་། །སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། ། གཞན་དུ་བསྐྲད་པར་ནམ་ཡང་མི་བྱའོ། །དགར་དང་བསྐྲད་པ་དང་ནི་བསད་པ་དང་། །བྱིས་པ་གདོན་ཟིན་ནམ་ཡང་མི་གསོ་ཞིང་། །རྒྱ་མོ་ས་མདའ་སྙི་དང་མཛོལ་བུ་ཡིས། །སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། ། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ ཁ་ཅིག་རིག་འཛིན་གྲོགས་ཤེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ལྷ་དང་སྔགས་ཡིན་ཟེར། །ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །འགྲུབ་ཕྱིར་ 101-1-202b དེ་ལྟར་བཅུ་དང་བརྒྱད་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས། ། བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་། །གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་ལུས་ཀྱི་ཉོན་མོངས་བཟོད། །གུག་སྐྱེད་ཀླད་སྐོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡི། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ། །ཅི་ལྟར་རི་དགས་རྒྱལ་པོ་བཀྲེས་པ་དག །མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང་། ། དེ་བཞིན་སྤྱང་ཀི་ཕག་དང་རི་དགས་དང་། །ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར། །དེ་བཞིན་སྔགས་པ་སེང་གེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ། །བརྩོན་འགྲུས་ཆེན་པོ་དང་ནི་ལྡན་ པ་དང་། །འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ། །རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང་། །གད་རྒྱངས་བཤུགས་གླུ་དག་དང་གླུ་གར་དང་། །གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་ སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་། །བུད་མེད་རྒྱན་གྱི་སིལ་འཁྲོལ་སྒྲ་རྣམས་དང་། །ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་ དལ་ཞིང་། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བ་འང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་ཀླད་སྐོར་ཚེག་རྣམས་ཉམས་པར་མིན། །ཅི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་ འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། །ལེ་ལོ་འདོད་ཆགས་མི་དགར་ལྡན་པའི་སེམས། །གང་དག་གང་དུ་གཡོ་ 101-1-203a ཞིང་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། །སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང་། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་ གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་ངེས། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེད། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། །ལུས་སྦྱངས་ པས་ནི་བདེ་བའི་སྐལ་ལྡན་འགྱུར། །ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། །ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་ པས་འབྱང་། །བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ནས། །དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་ནི་ དང་བས་ལྷ་མིའི་བདེ་བ་དང་། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང་། །སེམས་དམྱལ་གནས་ཤིང་མི་སྡུག་དབུལ་པོར་འགྱུར། །སེམས་ནི་རབ་ཏུ་དང་བར་གྱུར་པའི་ མིས། །ས་ཆུ་མེ་རླུང་སྐྱེ་རྒ་ན་འཆི་སོགས། །བར་དང་ཐ་མ་གནོད་པ་ཀུན་བྲལ་བ། །རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་ འབྲེལ། །ཉོན་མོངས་དུག་བཅས་རྣམ་པར་འཇིག་འགྱུར་པ། །དང་བའི་སེམས་ཀྱིས་ཐོབ་པར་གྱུར་པ་ཡིན། །འདོད་རྒྱལ་ལས་ལས་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་བ་མིན། །རྒྱུ་མེད་ཅན་མིན་ སྐྱེས་བུས་མ་བྱས་ཀྱང་། །ལས་དང་ཉོན་མོངས་པ་ལས་སེམས་ཅན་བྱུང་། །གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་ 101-1-203b མེད་དེ། །གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས། །གཟུགས་ནི་ཝུ་བ་དག་དང་འདྲ་བ་སྟེ། །ཚོར་བ་ཆུ་བུར་བཞིན་དུ་རྟག་པ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས། ། དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་ནི་རྨི་ལམ་འདི་དག་མཐོང་། །ཁང་བཟངས་ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། །རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ཀླུ། །སྟག་དང་སེང་གེ་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ན་ནི་ དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་གོས་དང་དྲི་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་། །ལྷ་ཡི་གཟུགས་དང་ཨུད་པལ་དམར་པོ་དང་། །ཤིང་རྟ་གང་བའམ་བ་བཞོན་བེའུ་ཕྲུག་ཅན། །གདུགས་དཀར་རྔ་ཡབ་ ལྷམ་དང་རལ་གྲི་དང་། །བསིལ་ཡབ་གསེར་གཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་ཡིད་འོང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏིང་ བ་རྙེད་པ་དང་། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུའམ་རྒྱ་མཚོ་དང་ནི་རྫིང་བུ་དང་། །ལུ་མ་ལ་ནི་འཐུང་ངམ་རྐྱལ་རྨི་དང་། །དེ་བཞིན་ཁྲག་གིས་ལུས་ནི་ཁྲུས་བྱེད་དང་། །ལྷ་ཁང་མཆོད་རྟེན་གདུགས་དང་རྒྱལ་བའི་གཟུགས། ། བྱང་ཆུབ་སེམས་དཔའ་མཆོག་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མི་དང་མི་མཆོག་ཕྱུག་ཅིང་ འབྱོར་པའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །སའི་ནང་འགྲོ་ས་བོན་འཐུང་བ་དང་། །མེ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་མེ་ནི་ཞུགས་ པ་མཐོང་། །རྨི་ལམ་བཟང་པོ་འདི་དག་མཐོང་བ་དང་། །དེ་དག་རིང་པོར་མི་ཐོགས་འགྲུབ་པར་འགྱུར། །ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱིར་ཕྱིར་ཉེ་བར་འགྱུར། །འཕགས་པ་དཔུང་བཟང་གིས་ཞུས་པའི་ 101-1-204a ལེའུ་ལྔ་པའོ།། །། དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང་། །སེམས་ནི་སྡིག་ལ་ནམ་ཡང་དགའ་མི་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི། །སྡུག་བསྔལ་དྲག་པོས་གདུངས་ཀྱང་གཡོ་མི་འགྱུར། །སྦྲང་བུ་ ཤ་སྦྲང་སྲིན་བུ་གྲོག་སྦུར་དང་། །སྡིག་སྦྲུལ་རྐང་བརྒྱ་པ་དང་སྦྲུལ་དང་དྲེད། །ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་དག་གི། །ལུས་དང་གྲིབ་མ་ལ་ཡང་མི་འགོང་ངོ་། །ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་དངགས་དང་ནི་བྲི་བ་རྣམས་ ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་། །ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེས་བུས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མདས་ཕོག་ པ་རྣམས་ཀྱིས། །འདོད་ལ་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར། །གང་ཚེ་མཁས་པས་ལྷ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན། །དེ་ཚེ་ཤིན་ཏུ་ཉ་བར་གྱུར་བ་ཡིན། ། ལུས་ནི་དྲི་མེད་དག་པར་རིག་པ་དང་། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི། །ཁ་ཟས་སྤངས་ཤིང་སྨྱུང་བར་གནས་པ་ཡིས། །ཉིན་ཞག་དེ་དག་འདས་པར་བྱས་ནས་སུ། ། རང་གི་འབྱོར་ཕྱིར་བསྒྲུབ་ལ་འཇུག་པར་བྱ། །གསུང་དེ་དཔུང་བཟང་གིས་ཐོས་སླར་གསོལ་པ། །ཟས་ཀྱིས་མི་འདག་ཅེས་ནི་སྔར་གསུངས་ན། །མཆོད་འོས་ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང་། །ཅི་སླད་སྨྱུང་བ་མི་བཟད་ བགྱི་བར་གསུངས། །སྲིད་པའི་མཐར་ཕྱིན་བདེ་བར་གཤེགས་པ་ཡིས། །ཤིང་རྟའི་མིག་བསྐུ་བཟའ་བའང་ཅི་ཕྱིར་གསུངས། །རྡོ་རྗེ་ཅན་གྱིས་དཔུང་བཟང་ཚིག་གསན་ནས། །འབྲུག་སྒྲ་ཟབ་འདྲའི་གསུང་གིས་བཀའ་ སྩལ་པ། །བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་བར། །བདེ་གཤེགས་འདི་ན་ནམ་ཡང་མི་གསུང་ཡང་། །ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་རྐང་། །ཀླད་རྒྱ་རྒྱུ་མ་མཆེར་མཆིན་མཁལ་མ་ཞག །མཁྲིས་པ་བད་ཀན་ 101-1-204b ཁུ་བ་ཕྱི་ས་དང་། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང་། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོ་མཚན་དང་བུ་ག་དགུ་པོ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན། ། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་། །ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། །ཅི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡི། །བཤང་གཅི་སྣབས་དང་མཆིལ་ མ་བད་ཀན་དང་། །འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །དྲི་མ་ཟད་ནས་མི་ཡི་ལུས་དག་ན། །རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང་། །ལུས་ཀྱི་ཡན་ལག་ འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག །དེ་ལྟར་རང་གིས་ངེས་པར་བརྟགས་པ་ན། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། །འདོད་ཆགས་ རྩ་ནས་ཡོངས་ཡེ་ཞི་འགྱུར་ཏེ། །ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། །ཕན་ཡོན་དེ་ཡིས་གསང་སྔགས་ཉེ་བསྙེན་ནས། །རང་གི་ལུས་ལ་ཉེ་བར་རིག་པ་དང་། །ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞི་ལ། ། ཡང་ན་བཅྭ་ལྔ་ལ་ནི་བཟླས་བརྗོད་བྱ། །ལྷ་ཡི་གནས་ཀྱི་ས་དག་བསྟར་བའི་ཕྱིར། །ས་དང་ལྕི་བར་བསྲེས་ལ་སོགས་པས་བྱུག །དད་པས་བདེ་གཤེགས་ཀུན་ལ་ཕྲད་པ་དང་། །ལྷ་བཤོས་མེ་ཏོག་དྲི་དང་མར་ མེས་མཆོད། །དེ་ནས་རྡོ་རྗེ་འཛིན་པ་དང་ཁོར་མཆོད། །དེ་ནས་གསང་སྔགས་ལྷ་ལ་དབུལ་བར་བྱ། །བསྟོད་འོས་སངས་རྒྱས་རྣམས་ལ་བསྟོད་ནས་སུ། །ཕྱིར་ཞིང་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ། །སེམས་ཅན་སྐྱེ་ རྒ་ན་བས་གཟིར་བ་ལ། །ཅི་ལྟར་རིགས་པར་སྙིང་རྗེའང་བསྒོམ་པར་བྱ། །འདུས་ཆེན་མདོ་སྡེ་བཀླག་པའམ་བཀྲ་ཤིས་ཀྱི། །ཚིགས་སུ་བཅད་པའམ་ཆོས་ཀྱི་འཁོར་ལོ་མཆོག །དེ་བཞིན་གཤེགས་པའི་གསང་ 101-1-205a བའམ་སྒྲོན་མ་ཆེ། །གང་ཡང་རུང་བ་གཅིག་ནི་རིམ་བཞིན་བཀླག །དེ་ནས་བླ་འོག་ཕྱོགས་རྣམས་བཅིངས་ནས་སུ། །ལུས་ལ་གོ་ཆ་བགོ་བར་བྱས་ནས་ནི། །གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། ། གཅིག་ཅིག་ཚོན་རྩི་རྣམས་ཀྱིས་བྲི་བར་བྱ། །རྡོ་རྗེ་མེ་ཆུ་རླུང་དང་མདུང་ཐུང་དག །རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །ར་བར་བྲིས་པས་ལྷ་དང་ལྷ་མིན་དང་། །སྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར། ། སེང་གེའི་གདན་གྱིས་མངོན་པར་བསྔགས་པའི་སྟན། །དེ་ནི་དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །བདག་ཉིད་བསྲུང་བ་བྱས་ཏེ་དེར་འདུག་ནས། །རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི། །བདུག་པའི་སྦྱིན་སྲེག་ སྟོང་ཡང་སྦྱིན་སྲེག་བྱ། །དེ་ནས་དེ་ནི་དྲི་ཆུས་བཀྲུས་ནས་སུ། །བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས། །བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་བཞག །བཞི་ཡིས་བཀབ་ནས་ཅི་སྲིད་གྲུབ་པ་ནི། །རྣམ་གསུམ་ མཐོང་གི་བར་དུ་གསང་སྔགས་བཟླས། །དྲོ་དང་དུད་འཐུལ་མེ་བཞིན་འབར་བ་འམ། །རིམ་བཞིན་བཟློག་ནས་འབྱུང་ནའང་འགྲུབ་པར་གསུངས། །དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ། །དུ་བ་འཐུལ་བས་ ལུས་ནི་མི་སྣང་འགྱུར། །འབར་བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། །མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར། །ཅི་ལྟར་ལུས་ལ་གྲང་བ་འཇུག་པ་དང་། །ཅི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང་། །ཉི་ཟེར་མེ་ཤེལ་ ཞུགས་ནས་མེ་འབྱུང་ལྟར། །དེ་བཞིན་དངོས་གྲུབ་ལུས་ལ་འཇུག་པར་འགྱུར། །མར་མེ་མཆེད་ཅིང་ཤིན་ཏུ་འབར་བ་དག །སྣུམ་ཞིང་དཀྱུས་རིང་གསེར་གྱི་མདོག་ལྟར་དང་། །འབྲུ་མར་ཟད་ཀྱང་འབར་བར་གྱུར་ན་ནི། ། དེ་ཚེ་སྔགས་པ་དངོས་གྲུབ་ཐོབ་འགྱུར་ཏེ། །དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་བོ། །མིས་ནི་རི་མོའི་སྐུ་གཟུགས་འགུལ་བ་འམ། །ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་བམ། །གལ་ཏེ་རྒྱན་རྣམས་གཡོ་བར་ 101-1-205b གྱུར་པ་འམ། །མཁའ་ལས་མེ་ཏོག་ཆར་རམ་རྫི་ཆར་འབབ། །ས་ནི་མྱུར་དུ་གཡོ་བར་གྱུར་པ་འམ། །ལུས་ནི་མི་སྣང་མཁའ་ལས་ཚིག་དུ་ནི། །བུ་གཅིག་དམ་པ་ཅི་འདོད་སློངས་ཤིག་ཅེས། །ལྷ་ཡི་རྔ་སྒྲས་ལུས་ཀྱི་བ་སྤུ་ལྡང་། ། རྒྱན་གྱི་ཆར་ཆེན་རབ་ཏུ་འབབ་པ་འམ། །ཅི་སྟེ་མཁའ་ལ་ལྷ་དང་ལྷ་མིན་དང་། །གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ། །མ་ཉམས་མེ་ཏོག་དབྱིག་དང་ཆུར་བསྲེས་ཤིང་། །བསྟོད་དང་བཅས་པར་མཆོད་ཡོན་ རྒྱུན་སྦྲིང་ནས། །རྩེ་གཅིག་སེམས་ཀྱིས་མགོ་བཏུད་ཕྱག་བྱས་ཏེ། །དད་དང་འབད་པའི་རྗེས་འཐུན་མཆོག་སླང་ངོ་། །མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་ སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ། །གང་ཞིག་སེམས་སྟོབས་མཆོག་དང་ལྡན་པ་དེས། །འདིར་ནི་འཇིགས་དང་བཅས་པའི་ལས་ཀྱང་བྱ། །སེམས་སྟོབས་ཆུང་ བའི་མི་ལ་ཤ་ཟ་ཡིས། །གླགས་མཐོང་ནས་ནི་ཕུང་བར་བྱེད་པར་འགྱུར། །དཔའ་བོས་གོ་བགོས་མཚོན་ཆའི་ཐབས་མཁས་པས། །ཆས་པའི་གླང་ཆེན་མཆོག་ཞོན་གཞུ་ཐོགས་ཏེ། །མདའ་འཕེན་མཐུ་དང་ལྡན་པ་ གཅིག་པུས་ཀྱང་། །དགྲ་བོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས། །དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱི། །གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ། །གསང་སྔགས་གཞུ་ཐོགས་བཟླས་ བརྗོད་མདའ་འཕེན་པས། །འབྱུང་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ། །སྒུར་པོ་ཡན་ལག་ལྷག་ཆད་ཐུང་ངུ་དང་། །དེ་བཞིན་རིང་པོ་ཡང་ན་སྦོམ་པོ་འམ། །སྨད་པའི་མངལ་ནས་སྐྱེས་པ་མ་ནིང་ངམ། །རྣམ་པ་དེ་ འདྲའི་རོ་དག་སྤང་བར་བྱ། །མ་ཞུ་བ་དང་རིམས་དྲག་ཚད་པ་དང་། །འཁྲུ་སྐྱུག་བཅིངས་དང་ཆུ་དང་གསལ་ཤིང་དང་། །སྦྲུལ་གྱིས་གསད་དམ་དུག་གིས་ཤི་བ་འམ། །བད་ཀན་སྦྲུལ་སོགས་མཐོང་དམིགས་བསད་པ་ལ། ། 101-1-206a ཡན་ལག་ཚང་ཞིང་ཁ་བཞིན་མ་སྨད་པ། །ལུས་ལ་རྨ་མེད་སྐྱེས་པའི་རོ་མཐོང་ན། །རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། །ཉིན་པར་ཐོག་ཐག་དུ་ནི་བསྲུང་བར་བྱ། །དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་ དང་། །བཞི་མདོ་འབབ་ཆུ་དག་གམ་ཆུ་ཀླུང་ངམ། །མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལ། །སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར། །གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི། །ས་དང་ལྕི་བ་ལ་སོགས་བྱུག་ པར་བྱ། །གཙང་མ་དེར་ནི་དཀར་ནག་དམར་པོ་འམ། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི། །གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། །བསམས་ནས་འདོད་པ་གང་ཡང་རུང་བ་གཅིག །དད་པ་ཆེན་པོས་ རིགས་ཀྱི་ཡུམ་གྱི་མཆོག །ཟློས་ཤིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །འཇིགས་པ་མེད་པའི་གཡོག་གིས་དེ་བླངས་ནས། །ཁྱེར་ནས་འོངས་ཏེ་ཀུ་ཤའི་སྟེང་བཞག་སྟེ། །སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་ནས་སུ། ། དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ། །དེ་ནས་བུམ་པ་ཞབས་མི་གནག་པ་བཞི། །གཙང་མའི་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲུ། །དེ་ནས་གོས་དཀར་ཕྲུགས་ཅིག་བསྐོན་ནས་སུ། །དེ་ནས་དཀྱིལ་འཁོར་དབུས་སུ་ རྩྭ་སྟན་དང་། །མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང་། །རོ་ཡི་མགོ་བོ་ཤར་རམ་བྱང་དུ་བསྟན། །དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ། །ཕྲེང་བས་གདགས་ཤིང་མེ་ཏོག་སིལ་མས་གཏོར། །ཤ་དང་ཉ་ཤ་མར་ཁུ་ ཏིལ་བསྲེས་པའི། །ཁུར་བ་ལ་སོགས་ཅི་སྙེད་བུངས་བསྐྱེད་དེ། །འབྱུང་པོ་ཀླུ་དང་ཤ་ཟ་གནོད་སྦྱིན་དང་། །འདྲེ་ལ་བླ་འོག་ཕྱོགས་སུ་སྦྱིན་པར་བྱ། །གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱ་སྟེ། །རྩེ་གཅིག་སེམས་ ཀྱིས་གསང་སྔགས་བཟླས་བརྗོད་བྱ། །རོ་ནི་ལྡང་དུ་ཉེ་བའི་ཚེ་ན་ནི། །འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང་། །གཙུག་ཏོར་རྒྱལ་པོའི་སྔགས་ཀྱིས་ཐལ་བ་འམ། །མ་གྲུགས་ཡུངས་ཀར་ 101-1-206b སོགས་ལ་བསྔགས་ནས་སུ། །གཏོར་མ་ཕྱོགས་བཞི་དག་ནས་འོང་བའི་བགེགས། །གསང་སྔགས་མཐུ་ཡིས་དེ་དག་འབྱེར་བར་འགྱུར། །དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི། །བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཅན་སྦྱར། ། བགེགས་རྣམས་བཅོམ་པས་དེ་ནས་རོ་དེ་ཡང་། །གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར། །གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས། །མཐོང་བ་དེ་ནི་ཐོགས་མེད་ངེས་པར་འགྲུབ། །གལ་ཏེ་རོ་དེ་ལངས་པར་གྱུར་ པ་ལས། །དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ནའང་། །གསང་སྔགས་གཞན་དུ་བསྟན་པའི་ཆོ་ག་ཡིས། །ལངས་པ་དེ་ལ་རང་གིས་དངོས་གྲུབ་བླངས། །གཏེར་གྱི་ཕྱོགས་དང་ཕུག་དུ་འགྲོ་བ་དང་། །རལ་གྲི་ཨན་ཛ་བཞོན་པ་ མངག་གཞུག་དང་། །འབྱུང་ཁུང་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེར། །བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང་། །དཀའ་ཐུབ་སྟོབས་མེད་སེམས་སྟོབས་ མེད་པ་ཡི། །བློ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། །དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དྲུག་པའོ།། །། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས། །མར་གྱི་ངོ་ལ་ དུར་ཁྲོད་སོང་ནས་སུ། །ཤིང་རྡོ་མཚོན་དང་དུག་དང་དབྱུག་ཏོ་སྨན། །བགེགས་ལ་སོགས་པས་ཤི་བར་གྱུར་པ་ཡི། །བྱིན་པ་བརླ་དང་སྐེ་དང་མགོ་བོ་དག །འཇིགས་པ་མེད་པས་མཚན་མོ་བླངས་ནས་སུ། །གཏུབས་ཏེ་ ཀོང་བུའམ་གྱོ་དུམ་གསར་པ་དང་། །གཙང་མ་དེར་ནི་མི་ཉུང་བཞག་བྱས་ལ། །ལུས་ལ་ཁྲག་གི་ལག་རྗེས་བྲིས་ནས་སུ། །རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ། །ལུས་ལ་མི་ལྤགས་སར་པ་བགོས་ནས་ཀྱང་། ། ལག་གཡོན་ཤས་བཀང་གྱོ་མོ་ཐོགས་ནས་སུ། །ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས། །རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་། །སྒྲ་ཆེར་བོད་ཅིང་ཚིག་ཏུ་ཤ་འདི་དག །ཁྱེད་ཅག་སུ་ 101-1-207a ཞིག་ཉོ་བར་བྱེད་འདོད་ཅེས། །ཤར་དང་ནུབ་དང་ལྷོ་དང་བྱང་ཕྱོགས་སུ། །མྱུར་དུ་བསྐོར་ཅིང་ཤིན་ཏུ་བརྗོད་པར་བྱ། །ཅི་སྟེ་ལུས་ནི་སྣང་ངམ་མི་སྣང་བར། །ཚིག་གིས་ཁྱོད་ནི་ནོར་རམ་རིག་པ་འམ། །བཅུད་ཀྱིས་ལེན་པའམ་ གྲོང་ངམ་རྒྱལ་སྲིད་དམ། །ཕུག་དུ་འགྲོ་བའམ་ཅི་འདོད་ཅེས་ཟེར་ན། །སྔར་ནི་གང་ཞིག་སེམས་ཀྱིས་བསམ་པའི་དོན། །དེ་ཉིད་སྨྲ་ཡི་གཞན་ནི་སྨྲ་མི་བྱ། །རིག་པ་མང་པོ་བསྟན་པའི་དུར་ཁྲོད་འདིར། །དོན་འདིའི་ཕྱིར་ནི་སྡུག་བསྔལ་ དྲག་པོ་ཡིས། །བདག་ཀྱང་གདུངས་བཞིན་འོངས་ཀྱིས་འདི་ཉིད་ན། །ཡོད་ན་ཤ་འདི་ཁྱེར་ལ་བདག་ལ་བྱིན། །ཅི་སྟེ་སྲང་ལ་གཞལ་ཏེ་མ་གང་ན། །རང་གི་ཤ་ཡིས་དེ་ནི་དགང་བར་བྱ། །གལ་ཏེ་དུར་ཁྲོད་འདི་ནི་སྟོང་པ་སྟེ། །ནོར་མེད་བུ་ ཁྱོད་གཞན་དུ་སོང་ཤིག་ཅེས། །མཚན་མོ་རྒྱུ་བས་དེ་སྐད་བསྒོ་ན་ནི། །དེ་ལ་བདག་ནི་གང་དུ་འགྲོ་ཞེས་དྲི། །ལན་ཐོབ་དེ་ཉིད་རང་གིས་བརྟགས་ནས་སུ། །ཤ་དེ་བོར་ནས་དེ་ནས་འགྲོ་བར་བྱ། །ཤ་ཡི་ཆོ་ག་གང་ཞིག་ངས་གསུངས་པ། ། གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ། །རིགས་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས་པས། །དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངས་སོ། །གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ། །དེ་ལ་དུར་ཁྲོད་མི་ཤའི་སྦྱིན་ སྲེག་བྱ། །རལ་གྲིས་སོར་གཉིས་སོར་གསུམ་ཙམ་དག་ཏུ། །གཏུབས་ནས་མེ་ལ་སྦྱིན་སྲེག་སྟོང་དུ་བྱ། །མེ་ཏོག་མ་ཉམས་འབྲས་ཡོས་ཤ་ཁྲག་ཉ། །ཆང་དང་སྦྲང་རྩི་བུ་རམ་ཆང་དང་ཏིལ། །བདུག་པ་ཕྲེང་བ་བྱུག་པ་མར་མེ་ ཆན། །ལྷ་བཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ། །དབབ་དང་བསྐྲད་དང་གཉིད་ཀྱིས་མྱོས་བྱ་དང་། །དམག་གཞོམ་གྲོང་ཁྱེར་ཕུང་བར་བྱ་བ་དང་། །ཤ་ཟ་མ་མོ་དྲག་མོ་སྲིན་མོའི་ཚོགས། །གནོད་སྦྱིན་རྣམས་ལ་མི་ཤའི་སྦྱིན་སྲེག་བྱ། ། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན། །བ་གླང་ཤ་ཡི་སྦྱིན་སྲེག་དེ་བཞིན་ཤིས། །མ་ཧེའི་ཤ་འམ་ཁྱི་ཤ་མར་བསྲེས་ལ། །ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་སྲེག་བྱ། །གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི། །གསང་སྔགས་མཉེས་བྱས་ 101-1-207b གྲུབ་པ་འདི་རྣམས་སྟེར། །མ་དང་སྒྱུག་མོ་སྲུ་མོ་གྲོགས་མོ་དང་། །བུ་མོ་ཆུང་མ་སྣ་མར་གྲུབ་པར་འགྱུར། །མ་དང་སྒྱུག་མོ་སྲུ་མོ་གང་ཡིན་དེ། །ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག །ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་། ། ཆུང་མ་སྣ་མ་གྲུབ་པ་ཐ་མར་བསྒྲགས། །དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། །མར་རམ་འབྲུ་མར་མར་མེ་ཙན་དན་དང་། །ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང་། །གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན། །གནོད་སྦྱིན་མོ་ནི་དགའ་ནས་ མངོན་ཕྱོགས་ནས། །རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད། །འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག །གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར། །བསམས་ན་ཕུང་བར་ཡང་ནི་འགྱུར་བ་ཉིད། །བུད་མེད་གནོད་པ་བྱེད་ཚེ་འགྲོ་མི་བྱ། ། རྙེད་པ་མང་ཉུང་ལ་ཡང་འདོད་མི་བསྐྱེད། །སྔགས་པས་མཚན་མོ་ཁུ་བ་དགག་བྱས་ནས། །བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ། །སེམས་རྨོངས་གང་གིས་གཞན་དུ་བརྩམ་བྱས་ན། །གནོད་སྦྱིན་མོས་ནི་མྱུར་དུ་ཕུང་བར་བྱེད། ། ཤ་ཟའི་གནོད་སྦྱིན་མ་ལའང་དེ་ཉིད་དེ། །དེ་ལས་ཆོ་ག་ལྷག་པ་འདི་རྣམས་བྱ། །ཤ་ཆང་ལ་ཕུག་ཚོད་མ་ཅུང་པེང་དང་། །ནས་ཆན་མ་ཤ་ཆན་དང་འབྲས་ཆན་ཉ། །གཏོར་མ་དེ་དག་ཀུན་ཏུ་བདུག་པ་དབུལ། །གནས་ནི་ཁང་སྟོང་དག་གམ་ དུར་ཁྲོད་ཤིས། །མེ་ཏོག་ཤིར་ཤ་ཀུན་དུར་ཨརྐ་དང་། །བིལ་བ་འབྲི་ཧ་ཀུ་ཤ་ར་རྫ་ཀ །ཨ་གས་ཨུད་པ་ལ་ཨ་ཏ་རུ་ཤ་ཀ །སེའུ་ཅན་མྱ་ངན་ཚངས་སོགས་མེ་ཏོག་དབུལ། །ཀླུ་ལ་བུ་རམ་འོ་མ་མར་སྦྱར་བའི། །བདུག་པ་དྲི་ཞིམ་ཨ་ཀར་ ཙན་དན་དྲི། །ཕྲེང་བ་མེ་ཏོག་དྲི་ཞིམ་སྣ་ཚོགས་དང་། །འབྲས་ཆན་ཞོ་དང་འབྲས་ཡོས་འབྲས་བུ་དབུལ། །བ་དན་སྔོན་པོ་བུམ་པ་སྔོན་པོ་དང་། །གོས་ཀྱང་སྔོན་པོ་ལྷ་བཤོས་གཏོར་མ་དྲི། །ཕྲེང་བ་མེ་ཏོག་བྱུག་པ་སྔོན་པོ་དག ། ཅི་སྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ། །མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ། །མར་མེ་ས་གཞི་ལྕགས་དང་ནམ་མཁའ་དང་། །ལྷུང་བཟེད་ནོར་བུ་དག་དང་མེ་འབར་བ། །འདི་ལ་གསལ་བར་སྟོན་པ་རྟག་ཏུ་འབྱུང་། ། 101-1-208a འདས་པ་དང་ནི་མ་འོངས་ད་ལྟར་བྱུང་། །མཐོ་རིས་ས་སྟེང་དུས་དང་མི་ལྡན་ཡང་། །ལྷ་དང་ལྷ་མིན་དགེ་དང་མི་དགེ་བའི། །ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས། །ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་ པའམ། །ཡི་གེ་ཆད་དམ་ཡི་གེ་ལྷག་པ་འམ། །བཟླས་བརྗོད་མ་བྱས་དད་པ་མེད་པ་དང་། །མཆོད་པ་མེད་ཅིང་ས་གཞི་མི་གཙང་དང་། །སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིབས་པ་དང་། །བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང་། ། དེ་ལྟ་བུ་ལ་མི་ཡི་གསལ་སྟོན་པ། །འབབ་པར་མི་འགྱུར་དགོས་པ་ཡོངས་མི་སྟོན། །གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན། །བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་། །སྨྱུང་བྱས་གོས་དཀར་ས་དང་ལྕི་བ་ཡིས། ། བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག །བྱུག་སྤོས་དང་ནི་མེ་ཏོག་བདུག་སྤོས་དང་། །ལྷ་བཤོས་མར་མེ་དག་ཀྱང་ཕུལ་ནས་སུ། །བྱིས་པ་གཞོན་ནུ་སྟ་གོན་གནས་པར་བྱ། །དེ་ནས་ནང་པར་ཆོ་ག་འདི་ཀུན་བྱ། །ཁྲུས་བྱས་ ལུས་ལ་གོས་དཀར་གཙང་བགོས་ཏེ། །ཤར་ཕྱོགས་ཁ་བལྟས་ཀུ་ཤའི་སྟན་སྟེང་དུ། །འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ། །མེ་ལོང་ཐལ་བ་གཙང་མས་ལན་བདུན་ནམ། །བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་ སུ། །རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ། །བུས་པ་གཞོན་ནུ་ནུབ་དུ་ཁ་བསྟན་ནས། །ལྷ་ཡི་མིག་གིས་བལྟས་ན་འདས་པ་དང་། །ད་ལྟར་དང་ནི་མ་འོངས་མཐོང་བར་འགྱུར། །མེ་ལོང་ཞེས་བྱའི་ཆོ་ག་མཐའ་ དག་ནི། །རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ། །མཐེ་བོ་རྒྱ་སྐྱེགས་ཁུ་བས་བསྐུས་ནས་སུ། །འབྲུ་མར་དྲི་ཞིམ་དག་གིས་བསྐུ་བར་བྱ། །བུམ་པ་གཙང་མ་ཆུས་བཀང་མི་གཡོར་བཞག །ས་བཙགས་ལྷུང་བཟེད་ནོར་ བུ་ཆུ་ཡིས་དགང་། །སྐུ་གཟུགས་ལ་ནི་བྱུག་སྤོས་མེ་ཏོག་དབུལ། །དེ་ནས་བུས་པ་གཞོན་ནུས་བལྟ་བར་བྱ། །གསལ་བར་སྟོན་དང་རྨི་ལམ་ལ་སོགས་པས། །དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ། །གལ་ཏེ་ཡིད་ 101-1-208b ཆེས་པར་ནི་མ་གྱུར་ན། །དེ་ནས་རིག་སྔགས་མི་གདུག་བཟླས་བརྗོད་བྱ། །ང་ཡི་གསང་སྔགས་དག་པ་གང་ཡང་རུང་། །གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ། །རྒྱལ་བའི་རིང་བསྲེལ་མཆོད་རྟེན་དྲུང་དུ་བཟླས། །ཡང་ན་སྐུ་ གཟུགས་མ་ཉམས་དྲུང་དུ་བཟླས། །ལུས་དང་ངག་ཡིད་ལག་པ་མིག་དང་ནི། །སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག །རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང་། །བྱམས་ལ་གནས་ཤིང་ཀུ་ཤའི་ཁྲེས་ལ་ འདུག །ཇི་སྲིད་དུ་ནི་རྩེ་གཅིག་གནས་འགྱུར་བ། །དེ་སྲིད་བར་དུ་འབུམ་མམ་ཉིས་འབུམ་བཟླས། །ང་ཡི་གསང་སྔགས་ཧཱུྃ་ཞེས་བྱ་བ་འདིས། །ཤིང་ལའང་འབབ་ན་མི་ལ་སྨོས་ཅི་དགོས། །དེ་ནས་དབབ་པའི་སྣོད་རྣམས་བརྟག་ པར་བྱ། །བུ་མོ་གཞོན་ནུ་ལོ་བཅུའམ་བཅུ་གཉིས་པ། །བཅུ་འམ་བརྒྱད་དམ་བདུན་ནམ་བཞི་འམ་གསུམ། །ཡང་ན་ཁྱེའུའང་རུང་སྟེ་གཉིས་སམ་ལྔ། །ཚིགས་རུས་རྩ་མི་མངོན་ཞིང་གཟུགས་བཟང་བ། །ཡན་ལག་རྫོགས་ ཤིང་མིག་དཀྱུས་རིང་ལ་དཀར། །ཁ་བཞིན་ཟླ་འདྲ་མཆེ་བ་མཉམ་ལ་རྣོ། །སོར་མོ་ཐགས་བཟང་མཛེས་ལ་ལོང་བུ་ནུབ། །ལྟེ་བ་ཟབ་ཅིང་མཛེས་ལ་ནུ་མཇིང་ལེགས། །བ་སྤུ་རེ་རེ་སྐྲ་ཡང་གནག་ལ་སྟུག །ལྟོ་བ་མི་རློ་ གཉེར་མ་གསུམ་དང་ལྡན། །མདོག་ཀྱང་བཟང་ཞིང་མངའ་བྱད་དང་ཡང་ལྡན། །གང་ལ་ཡིད་དགའ་ལྟ་བ་བརྟན་པར་འགྱུར། །ལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང་། །ལྷ་གཞན་དག་ལ་མི་ཕྱོགས་དབབ་པའི་གནོད། ། ཚེས་གྲངས་བཟང་ལ་ཉིན་ཞག་གཅིག་ཏུ་ནི། །སྨྱུང་བ་བྱས་པས་བདུག་སྤོས་ཕྲེང་བ་དང་། །ཙན་དན་མེ་ཏོག་མར་མེ་རྣམས་ཀྱིས་མཆོད། །བཟའ་དང་འབྲས་ཆན་ལ་སོགས་གཏོར་མ་མང་། །ལྷ་དང་ལྷ་མིན་གནོད་སྦྱིན་ རྣམས་ལ་སྦྱིན། །དབབ་པའི་སྣོད་རྣམས་ཁྲུས་བྱས་གོས་དཀར་བསྐོན། །ཤར་ཕྱོགས་ཁ་བལྟས་རྒྱན་ནི་རྣམ་པར་སྤངས། །བྱུག་སྤོས་མེ་ཏོག་ལ་སོགས་དེ་ལ་སྦྱིན། །བདུག་པས་བདུག་ཅིང་གསང་སྔགས་ 101-1-209a བཟླས་བརྗོད་བྱ། །ཧཱུྃ་གིས་གསང་སྔགས་ཐོག་མར་བཟླས་ནས་སུ། །གྷྲིན་ཨ་པེ་ཤ་ཞེས་བརྗོད་པར་བྱ། །མིག་ནི་གདངས་ཤིང་བཙུམས་པར་མི་བྱེད་ན། །རྫོགས་པར་གྱུར་པར་ཤེས་པར་བྱས་ནས་སུ། །འཇིགས་ པ་མེད་པར་དེ་ཚེ་དྲི་བྱ་བ། །མཆོད་ཡོན་དང་ནི་བདུག་པ་ཕུལ་ནས་སུ། །རིག་པ་མཆོག་གི་གསང་སྔགས་དྲན་བྱས་ནས། །ཕྱག་འཚལ་ནས་ནི་ལྷ་ཕྱོགས་གང་ཡིན་དྲི། །དུས་གསུམ་དག་གི་བདག་གི་དགོས་པ་གང་། ། དེ་ནི་ལེགས་པར་དགོངས་ལ་བཀའ་སྩོལ་ཅིག །བདེ་དང་སྡུག་བསྔལ་དངོས་གྲུབ་ཐོབ་མི་ཐོབ། །ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ། །དེ་མ་ཐག་ཏུ་སླར་ཡང་གཏང་བར་བྱ། །མི་གདུག་སྔགས་བཟླས་ཆོ་ག་འདི་ རྣམས་ཀྱིས། །དབབ་པའི་སྣོད་ལ་མི་ཡིས་ཕེབས་གྱུར་གྱི། །གང་ཞིག་བླུན་པས་གཞན་དུ་བརྩམས་ན་ནི། །དེ་ནི་མི་རྣམས་ཀུན་གྱིས་དཔྱས་པར་འགྱུར། །ཞི་ཞིང་གཞུངས་ལ་རྒྱ་ཆེ་དཀྱུས་ཀྱང་རིང་། །བརྟན་ཞིང་གཟི་ ཆེན་མདངས་ལྡན་དམར་བར་སྣང་། །འཛུམས་ཞིང་འབྱེད་མེད་ལྷ་ཡི་མིག་དང་འདྲ། །དབབ་པའི་སྣོད་ལ་ལྷ་བབས་དེ་ལྟར་འགྱུར། །མིག་ནི་རབ་ཏུ་དམར་ཞིང་ཟླུམ་པོར་འདུག །དགྲད་ཅིང་རབ་ཏུ་མི་སྡུག་འཇིགས་ འཇིགས་ལྟ། །འཛུམས་པ་མེད་ཅིང་འཇིགས་མེད་བལྟ་བ་ནི། །སྲིན་པོ་ལྟོ་འཕྱེ་གནོད་སྦྱིན་བབས་པའི་མིག །གལ་ཏེ་བབས་པའི་སྣོད་ནི་མི་གཏོང་ན། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བརྗོད་པ་འམ། །སྟོབས་ པོ་ཆེའམ་དགོད་མའམ་ལྕགས་ཀྱུ་བཟླས། །ཡང་ན་རབ་ཏུ་འདུས་པའི་མདོ་སྡེ་བཀླག །སེང་གེ་གདན་གྱི་ཨརྐའམ་པ་ལ་ཤའི། །ཡམ་ཤིང་མར་གྱིས་བསྐུས་པ་བརྒྱ་ཡང་བསྲེག །མ་གྲུགས་ཏིལ་ནི་སྦྲུང་ རྩི་འམ་མར་གྱིས་བསྐུས། །གཏུམ་པོས་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱ། །སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག །དམ་ཚིག་ཅི་བཞིན་མ་ལུས་སྦྱར་ན་ནི། །བདག་གི་ཡིད་དང་འཐུན་པའི་དངོས་གྲུབ་ཐོབ། ། 101-1-209b སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བདུན་པའོ།། །། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་ནི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག ། རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་། །དེ་བཞིན་འདིས་ནི་ཐར་པ་མྱུར་དུ་ཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་ པ་དག །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས། །གུས་པར་དགེ་བའི་བསོད་ནམས་གང་བསགས་པའང་། །བདེ་གཤེགས་ གསུངས་པའི་བདེན་པའི་ལམ་དམིགས་ན། །དགེ་བའི་ལམ་དེ་ཡང་དག་བསྐྱེད་པ་ཡིན། །ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་། །སྨན་དང་མལ་སྟན་ ངན་ངོན་ཙམ་གྱིས་ཀྱང་། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། །བདག་ལ་བསྟོད་པ་ནམས་ཀྱང་མི་བྱ་ཞིང་། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་ དག །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། ། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང་། །གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་། །བུད་མེད་བུ་མོ་བྱིས་པ་ར་ལུག་སོགས། །ཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། ། ཡུལ་སའི་གཏམ་དང་མི་དབང་བསྟེན་པ་དང་། །དམག་དང་གྱད་དང་ན་ཆུང་གཏམ་དག་དང་། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །སྔགས་པས་གསང་ 101-1-210a སྔགས་བཟླས་པ་མནོས་པ་ནི། །གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང་། །མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའ་ལུ་མའམ་རྫིང་བུར་འགྲོ་མི་བྱ། །སྔར་བཤད་པ་ཡི་གནས་རྣམས་ མ་རྙེད་ན། །ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ། །རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་། །ནགས་ཚལ་སྟོང་པ་དང་ནི་ཡུལ་སྟོང་དང་། །གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། །ཡང་ན་གནས་ནི་ངེས་པར་མ་བྱས་ན། ། ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ། །གནས་འདི་གང་ཡང་རུང་བ་ཞིག་ཏུ་བསྟེན། །མཚོ་དང་ཤིང་དང་རི་བོའམ་དགོན་པའི་གནས། །མཚེའུ་དང་ཁང་པ་གནས་སམ་ཆུ་ངོགས་སུ། །དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས། ། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ། །ཅི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །ཚུལ་ཞུགས་གནས་གཞན་མི་འགྲོར་གསུངས་པ་བཞིན། །དེ་བཞིན་བཅོམ་ལྡན་འདས་ཀྱིས་བསྔགས་པ་ཡང་། །ཟླ་བ་གསུམ་དུ་ གཅིག་ཏུ་གནས་པར་གསུངས། །སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ། །དབྱར་འདས་དང་ནི་གསང་སྔགས་གཟི་བསྐྱེད་པས། །བདག་ཉིད་བསྲུང་བྱས་བསྒྲུབ་ལ་འཇུག་ པར་བྱ། །མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང་། །པདྨ་ལྟ་བུར་བྱ་ཞིང་དབྱིབས་ལེགས་ཤིང་། །འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ། །དེ་དག་ས་དང་ལྕི་བས་ལེགས་པར་བྱུག །ཟླུམ་པོ་དབང་ཐང་བསྐྱེད་དང་ནོར་དགུག་དང་། ། སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས། །གྲུ་གསུམ་དུ་ནི་དགར་བསྐྲད་བསད་པ་དང་། །གཤེད་བྱེད་ལ་སོགས་དྲག་པོའི་ལས་ཀྱང་བྱ། །གྲུ་བཞི་པར་ནི་ཀླུ་དང་གསང་བ་པའི། །སྲོག་བསྐམ་པ་འམ་ཡན་ལག་གཞིག་པར་བྱ། ། པདྨའི་དབྱིབས་སུ་བུད་མེད་བུ་མོའི་གྲོང་། །ཡུལ་འཁོར་འཐོབ་པའམ་དོན་ཀུན་བསྒྲུབ་པར་ཤིས། །མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང་། །ཐ་མ་ཐོག་ཏོག་ཀུ་ཤ་དགྲམ་པར་བྱ། །དཀོན་མཆོག་གསུམ་དང་ཕྱག་ན་ 101-1-210b རྡོ་རྗེ་དང་། །ཡུམ་ལའང་དད་པས་ཕྲེང་བ་བདུག་པ་དང་། །དྲི་དང་མ་ཉམས་མེ་ཏོག་ཅི་སྙེད་པས། །ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ། །ཡམ་ཤིང་མང་པོ་ཐབ་ཀྱི་དྲུང་བཞག་སྟེ། །རླུང་ཡབ་ཀྱིས་ནི་མེ་ཡང་སྤར་བྱས་ནས། །སངས་རྒྱས་ རྣམས་ལ་ཕྱག་བྱས་ཁྲོ་བོ་ནི། །བདུད་རྩི་འཁྱིལ་པས་མ་ཉམས་པད་མ་འམ། །མ་གྲུགས་ཏིལ་ནག་ལས་ནི་བདུན་ནམ་བརྒྱད། །བཅུ་འམ་ཉི་ཤུར་བསྲེག་ལུགས་མེ་ལ་བསྲེག །ཀུ་ཤ་བཏིང་ངམ་ཁྲེས་སམ་རྩྭ་སྟན་ལ། །འདུག་ནས་ ཤར་ཕྱོགས་ཁ་བསྟན་རྫས་རྣམས་ནི། །མར་དང་སྦྲང་རྩི་འོ་མ་ལ་བརྟགས་ནས། །རང་གི་གསང་སྔགས་བསྒྲུབ་ཕྱིར་སྦྱིན་སྲེག་བྱ། །མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས། །གྲུབ་པ་དང་ནི་མི་གྲུབ་ ཐམས་ཅད་ཀྱང་། །སྔགས་ཀྱིས་བྱིན་བརླབས་མེ་ནི་སྟོན་པར་བྱེད། །དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དངས། །མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ། །ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང་། །ཡང་ན་བྱི་རུ་བཅག་པའི་ཁ་ དོག་འདྲ། །ཤིན་ཏུ་སྣུམ་ལ་མེ་ལྕེ་སྒབ་ནས་འཕྲོ། །རབ་ཏུ་འབར་བ་ཉི་མའི་འོད་ཟེར་འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། །དཔལ་བེའུ་དང་ནི་པད་མ་བླུགས་བཟར་འདྲ། །མེ་ལྕེ་ཏྲི་ཤཱུལ་རྡོ་རྗེ་རལ་གྲི་འདྲ། ། ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། །རྫ་རྔ་རྔ་ཆེན་དང་ནི་གླིང་བུའི་སྒྲ། །དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང་། །ཡང་ན་མ་སྤར་བར་ནི་འབར་འགྱུར་ན། །དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །དུད་པ་ཆེ་ཞིང་མེ་སྟག་རྒོད་པ་དང་། ། འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད། །རྩུབ་གནག་སྤྲིན་དང་པ་ལ་ཤ་ཡི་མདོག །གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱུགས་ཀྱི་མགོ་འདྲ་སྐྲ་ཡང་ རབ་ཏུ་རྩུབ། །མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་ཚིག །མི་རོའི་དྲི་ང་དངོས་གྲུབ་མེད་པ་སྟོན། །མེ་ལྕེའི་མཚན་མ་འདི་འདྲ་མཐོང་ནས་ཀྱང་། །སྟོབས་པོ་ཆེ་ཡི་མར་གྱིས་སྦྱིན་སྲེག་བྱ། །བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི། ། 101-1-211a ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་། །མེ་ཡིས་མི་བསྲེག་སྤུ་གྲིས་བྲག་མི་བྱ། །སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ། །ཇི་ལྟར་རལ་གྲི་སོ་ལ་འཛིན་པའི་མིས། །ལེགས་པར་མ་བཟུང་ལག་པ་ཆོད་པ་ལྟར། ། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་དམ་ཡང་ན་ཕུང་བར་འགྱུར། །མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཡང་། །གསང་སྔགས་ལྷ་ནི་དེ་ལ་གནོད་མི་མཛད། །ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས། ། མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད། །བསྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི། །ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། །སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ། །རང་གི་ཉམས་ཀྱིས་ཅི་སྙེད་དབུལ་བར་བྱ། །ལྷ་དང་ལྷ་ མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གནས་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གང་གནས་དང་། །མཚོ་དང་རྫིང་དང་ལྟེང་ཀ་ ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་འམ། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་གམ། །དཀའ་ཐུབ་ གནས་སམ་གླང་ཆེན་བྲེས་དག་གམ། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་མདུན་ས་དང་ནི་བཞི་མདོ་དང་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དང་། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ 101-1-211b ཆེན་པོ་དང་། །སེང་གེ་དྲེད་དང་གཅན་ཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་རྣམས་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་ མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བ། །འདི་དག་བཞེས་ནས་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། ། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། །དབང་བདག་འབྱུང་པོའི་བདག་པོར་བཅས་པ་ཡིས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་སྲིན་པོ་ ཆུ་བདག་དང་། །རླུང་དང་ལུས་ངན་འབྱུང་པོ་གདོན་དང་བཅས། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། ། རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དཔུང་བཅས་དམག་དང་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་གཏོར་མ་ བྱུག་པར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི། ། དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པའང་ཐོབ་པར་འགྱུར། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བརྒྱད་པའོ།། །། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། ། འཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ 101-1-212a ཡིན་པར་བཤད། །གཏི་མུག་ཅན་གྱིས་སྡིག་པ་གཅིག་བྱས་ཀྱང་། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་དང་། །སློབ་པ་ གསོད་ཅིང་དགེ་འདུན་མངའ་བ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། །མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས། །ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། །བསྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོང་། ། གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོང་མི་ཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག །ཆུད་གསོན་པ་དང་མེས་ནི་སྲེག་པ་དང་། །བསམ་པ་ངན་པས་ཆུར་ནི་འདོར་བ་དང་། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བ་འམ། ། བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་གམ་དགེ་སློང་མ་གསོད་དང་། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེགས་ཀྱང་རུང་། །མི་ཡི་ཡུལ་ན་སྡིག་པ་ འདི་བྱས་པ། །དཀའ་བ་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་། །བདག་ཉིད་ངན་པས་དམྱལ་བར་བཙོས་པར་འགྱུར། ། དེ་ནས་ཤི་ནས་ལས་ཀྱི་དབང་གིས་ཡང་། །རིགས་ངན་མི་ཡི་ནང་དུ་སྐྱེ་བ་འཐོབ། །འདི་དག་ངས་ནི་ཁྱོད་ལ་མདོར་བཤད་དོ། །གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས། །རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། ། དེ་དག་དེ་ལ་མི་དགར་གྱུར་ནས་སུ། །དེ་ཡི་གསང་སྔགས་དངོས་གྲུབ་ཉམས་པར་བྱེད། །གང་གི་ཚེ་ན་སེམས་ནི་དང་བ་ཡིས། །མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པས། །དེ་ནི་ཕྱིན་ཅད་ལྷ་དང་ལྷ་མིན་དང་། །འཇིག་ རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱར་འོས། །མིས་ནི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་བ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་། །དཀོན་མཆོག་གསུམ་ 101-1-212b གྱི་རྒྱུད་དུ་སྙིང་ནས་སྐྱེས། །གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དམ་གནོད་པར་བྱེད་པའམ། །བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། །དོན་མེད་བཞིན་དུ་སེན་མོས་རྩྭ་གཅོད་ དང་། །རྐང་པས་རྐང་པ་ཉེད་པར་བྱེད་པ་དང་། །ཕྱུགས་ལ་སོགས་པའི་ཚོགས་ཀྱི་སྣ་འབུགས་དང་། །འབྱུང་པོར་བྱིན་པའམ་ལྷ་ཡི་གཏོར་མ་འམ། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་ གནོན་པའི་དུད་འགྲོ་དང་། །བུད་མེད་བགྲོད་བྱ་མིན་པར་འགྲོ་མི་བྱ། །གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང་། །རྟ་རྒྱུག་གློ་རྡེབས་ལྕག་གིས་བཞུ་མི་བྱ། །ལས་དེ་རྣམས་དང་ལྡན་པར་གྱུར་བ་དེའི། །དངོས་གྲུབ་ནམ་ ཡང་འབྱུང་བར་མི་འགྱུར་རོ། །སེམས་ཅན་ནད་ཀྱིས་གདུངས་དང་སྡུག་བསྔལ་ལ། །རྟག་ཏུ་བྱམས་པ་ཡང་ནི་ཡིད་ལ་བྱ། །དཔེར་ན་ནམ་མཁའ་མཐའ་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བས་མཐའ་རྟོགས་མི་ནུས་ ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་དང་གནོད་པ་བྱས་པའི་མཐའ་མི་རྟོགས། །རྒྱ་དང་སྙི་དང་བོང་རྒྱ་མཛོལ་བུ་ཡིས། །ཁྱི་ལ་སོགས་པས་སེམས་ཅན་གསོད་པ་དང་། །བྱ་རོག་ལ་སོགས་ གཟེབ་ཀྱིས་བཅིང་བྱས་ན། །འདི་དང་ཕ་རོལ་དུ་ཡང་གྲུབ་མི་ཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐང་པས་མི་རྫི་མགོ་ལ་གདགས་མི་བྱ། །བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ ལྷ་བཤོས་རྣམས་ཀྱང་བཟའ་མི་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲག་པོ་རླུང་ལ་སོགས་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་བསྟེན་མི་བྱ། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། ། དེ་རྣམས་ཆོས་ལའང་ངན་སེམས་མི་བྱ་ཞིང་། །དེ་ཡི་སྤྱོད་ལ་ནམས་ཀྱང་དགའ་མི་བྱ། །དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས། །སྦྱིན་པ་བྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན། ། 101-1-213a བདེ་བར་གཤེགས་པ་རྣམས་ཀྱིས་བརྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ ལ་མི་རྣམས་ནི། །ཕྱག་འཚལ་ཉ་ལ་ལུས་ཅན་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །འཇིག་རྟེན་ཀུན་གྱི་མངོན་མཐོང་སླབ་པ་ཅན། །སྙིང་རྗེའི་ བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར། །བུ་གཅིག་བདག་ཉིད་ཀུན་དེར་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ ཐུགས་ནུར་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ལོ། །དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། །ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། །འབྲས་བུ་བཞིན་ དུ་རྒྱལ་བ་རིག་པར་གྱིས། །གང་ཞིག་རང་བཞིན་ཆགས་དང་རྣམ་བྲལ་ཡང་། །བརྩེ་ལ་སྙིང་རྗེ་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་ཚུལ་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་ དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཅི་ལྟར་འཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱིས་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་ དགུ་པའོ།། །། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དང་། །འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དག །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །ངས་ནི་གསང་ བ་པ་རྣམས་གཞོམ་པ་དང་། །དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི། །གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན། ། 101-1-213b དེ་བཞིན་ཕྱག་བརྙན་དྲུག་བཅུ་རྩ་བཞི་དང་། །ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང་། །ཁྲོ་བོ་དྲག་པོ་བདུད་རྩི་ཐབས་སྦྱོར་དང་། །རིག་པ་མཆོག་ལ་སོགས་པ་མཐུ་བོ་ཆེ། །རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས། ། དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ། །དེར་ནི་འདི་དག་ང་ཡིས་རྒྱ་ཆེར་བཤད། །སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང་། ། དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུངས། །བཅུ་གཉིས་ཕྱག་དང་ཕྱག་དྲུག་པ་དང་ནི། །ཐོར་བཙུགས་ཅོད་པན་འདོད་པ་འབྱོར་བྱེད་དང་། །ཞལ་བཞི་དོན་ཡོད་ཞགས་པར་བདུན་བསྟན་འདི། །ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་ འབར། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱིས་འདུད། །སྒྲོལ་མ་དཀར་མོ་གོས་དཀར་སྤྱན་མ་དང་། །རྣམ་གཟིགས་རལ་པ་གཅིག་མ་དཀར་ཤམ་དང་། །གྲགས་ལྡན་ཁྲོ་གཉེར་ ཅན་དང་འདི་དག་རྣམས། །པད་མོའི་རིགས་ཀྱི་རིག་སྔགས་རྒྱལ་མོ་མཆོག །དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང་། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །རྒྱས་པའི་གསང་སྔགས་རྒྱུད་དུ་འོག་པག་ ཅན། །རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ། །དེ་ཡི་གསང་སྔགས་མི་ལ་གྲུབ་མཆོག་སྟེར། །དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ། །གནོད་སྦྱིན་དབང་ཕྱུག་དེ་དག་རྟག་འཐུན་པས། །དེ་ཡི་བཀའ་ཡིས་ གསང་སྔགས་ཚོགས་རྣམས་བཤད། །ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ནོར་གྱི་བདག་པོས་སྟོང་ཕྲག་སུམ་བཅུ་སྟེ། །གང་པོ་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ལྷ་དང་ལྷ་མིན་ལ་ སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ། །ཁ་ཅིག་ཀྱང་ནི་པད་མོའི་རིགས་སུ་གཏོགས། །ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན། ། 101-1-214a གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། །ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། །ང་ནི་རྡོ་རྗེའི་རིགས་ཤེས་རབ་ཏུ་བསྟན། །སྤྱན་རས་གཟིགས་དབང་པད་མའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ ཡང་ལྔས་རྩེན་ཡིན། །གསང་སྔགས་མདོ་སྡེར་ངས་བཤད་གང་ཡིན་ཏེ། །བཞི་པོ་འདིར་ནི་རྣམ་པར་སྦྱར་བར་བྱ། །གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམ་པ། །མདོ་སྡེ་ འདིར་ནི་དེ་དག་ཐམས་ཅད་ཀྱང་། །འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར། །ལམ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི། །ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར། །སྲིད་གསུམ་ནང་ན་རྒྱལ་བ་དཀོན་ མཆོག་སྟེ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །འདི་གསུམ་བསོད་ནམས་རྣམ་འཕེལ་རྒྱུ་ཡིན་པས། །དངོས་གྲུབ་འདོད་ པས་གསང་སྔགས་མགོ་ལ་གདོན། །བསོད་ནམས་ཆེད་དང་ལོག་འདྲེན་རྨོངས་བྱའི་ཕྱིར། །ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས། །གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བྱ་བར། །གནོད་སྦྱིན་མགོན་པོ་ ངས་ནི་བཤད་པ་ཡིན། །ནོར་གྱི་རིགས་དང་པད་མའི་རིགས་ལ་ཡང་། །རང་གི་གསང་སྔགས་བདག་པོར་ལྡན་པར་བྱ། །བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང་། །རང་རྒྱལ་རྣམས་ཀྱི་ལམ་ལ་གནས་ པ་དང་། །དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས། །ང་ཡི་རྡོ་རྗེ་ནམ་ཡང་བཅང་མི་བྱ། །གང་ཞིག་ཐེག་པ་མཆོག་ལ་ལྡང་བ་དང་། །བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང་། །རྨོངས་པ་ང་ལ་གནོད་སྦྱིན་ཞེས་སྨྲ་ དང་། །བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། །ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན། །དེ་དག་རྣམས་ཀྱི་ལུས་ནི་ 101-1-214b མྱུར་དུ་འཇིག །གང་ཞིག་ང་རིགས་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས། །ང་ཡི་སྔགས་བརྗོད་རྡོ་རྗེ་ཐོགས་པ་དག །མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། །གང་ཞིག་ཐེག་མཆོག་རྒྱ་ཆེན་ ཀློག་པ་དང་། །དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། །བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། །དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། །ངས་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་པའི། །གསང་སྔགས་ཡངས་ ཤིང་རྒྱས་པར་བཤད་པ་ཡིན། །དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས། །ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན། །དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད། །ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་བཅུ་སྟེ། །ཚངས་པ་ ཡིས་ནི་སྟོང་ཕྲག་དྲུག་བཅུ་ཉིད། །ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ། །ནམ་མཁའ་ལྡིང་གིས་སྟོང་ཕྲག་བཅྭ་བརྒྱད་དེ། །གཏུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ། །མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ ཉིད་དེ། །ཕུར་བུ་གསུམ་པ་ཡིས་ནི་སྟོང་བཤད་དོ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ། །མཚན་མོ་རྒྱུ་དབང་སྟོང་ཕྲག་བཅུ་གཉིས་བཤད། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས། །འབུམ་ཕྲག་བཞི་ ནི་རབ་ཏུ་བཤད་པ་ཡིན། །ལྷ་མིན་དབང་པོས་འབུམ་ཕྲག་གཉིས་ཉིད་དེ། །ལྷ་ཡི་དབང་པོས་ཀྱང་ནི་འབུམ་ཕྲག་གསུམ། །གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན། །སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་ དང་བཅས། །རང་སྔགས་མདོ་སྡེའི་རྗེས་འབྲང་དད་བསྐྱེད་ན། །མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ། །དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ། །སྡུག་བསྔལ་མང་པོ་ཡང་ནི་འཐོབ་པར་འགྱུར། །འཕགས་པ་ དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་པའོ།། །། བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང་། །ནོར་བསྒྱུར་འབྱུང་ཁུང་སྔགས་དང་གསེར་བསྒྱུར་རྩི། །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། །བརྒྱད་པོ་ 101-1-215a བརྟན་པ་ཡོངས་སུ་བསྒྲགས་པ་ཡིན། །སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན། །སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན། །རིན་ཆེན་དང་ནི་གཏེར་དང་འབྱུང་ཁུང་འབྲིང་། །གསེར་བསྒྱུར་རྩི་དང་ནོར་ བསྒྱུར་ཐ་མའོ། །མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན། །དཀའ་ཐུབ་ཀྱིས་ཕྱུག་དང་པོར་བསྟན་པའི་སྣོད། །རྡུལ་ཤས་ཆེ་བ་ལ་ནི་འབྲིང་པོར་གསུངས། །ཐ་མ་ལ་ནི་མུན་པ་ཅན་གྱིས་བརྟེན། །གང་ཞིག་མཆོག་ ཏུ་བསྟེན་འདོད་པ། །དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང་། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུངས་ན་འབྲིང་པོ་ལ་ནི་བརྟེན་པར་བྱ། །ལྷ་ཡི་བདེ་བ་དང་ནི་འབྱོར་བ་དང་། །ཚེ་དང་སྟོབས་གཟུགས་ཕུན་ སུམ་ཚོགས་པ་དང་། །ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང་། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ། །ཆགས་ལ་རྣམ་བྲལ་དགེ་ལ་དགའ་བ་དང་། །རྟག་ཏུ་དཀོན་མཆོག་གསུམ་ལ་ སེམས་གཞོལ་དང་། །སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་བའི། །གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད། ། འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་། །སྡུག་བསྔལ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ། །གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུར། །ལ་ལར་དངོས་གྲུབ་ལ་ལར་བསོད་ནམས་དང་། །གཞན་ལ་ གཟུགས་སྟོབས་ཆེ་དང་བདེ་བ་དག །ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ། །གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། །གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ། ། རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི། །འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་པར་མཛད། །གང་ཞིག་ཡུལ་དང་ཁྱིམ་ལ་བསྟེན་ཀྱང་རུང་། །དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི། ། 101-1-215b ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་བཟླས་ན། །དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ། །ཆོ་ག་བཞིན་དུ་དང་པོ་འབུམ་བཟླས་ནས། །དེ་ནས་སྔགས་པ་བསྒྲུབ་ལ་འཇུག་པར་བྱ། །དེས་ན་དངོས་གྲུབ་མྱུར་དུ་འཐོབ་ འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ལུས་ལ་ས་ཡིས་དྲིལ་ཕྱི་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་སུ། །ཅི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་རམ་བྱང་དུ་ཁ་ བལྟས་ནས། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ ཀྱང་། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་། །སྤྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་། །གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་རྣམས། ། དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །བརྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ། །བསྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ ནས་སུ། །དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ། །གཙང་སྦྲ་ལ་དང་ཟློས་དགའ་སྙིང་རྗེ་ཅན། །རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་། །སློངས་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ། །དེ་ཡི་ལུས་ལ་གསང་སྔགས་ འཇུག་པར་འགྱུར། །འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང་། །བཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང་། །མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། །དེ་ལ་བསྒྲུབ་ལ་གནས་པས་མི་བླང་ངོ་། །ས་ཕུང་ བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཅི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། ། 101-1-216a མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོ་མེ་ལྕེས་སྡིག་པ་སྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ནས་གཟི་བརྗིད་མི་ བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་དམག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅི་སྟེ་བཟླས་བརྗོད་པ་ནི་སྦྱིན་སྲེག་གིས། །གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་ གདབ་པ་འམ། །ཡང་ན་ཆུ་འགྲམ་བྱེ་མ་ལ་ཡང་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་གྱུར་ན། །དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་གསང་སྔགས་ འབྲས་བུ་འཐོབ། །སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཅི་ལྟར་མི་དབང་ཡན་ལག་བདུན་ ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པའང་ཡན་ལག་འདི་བདུན་དང་། །ལྡན་ན་དངོས་གྲུབ་དམ་པའང་ཐོབ་པར་འགྱུར། །དང་པོ་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ། །དེ་ཡི་འོག་ཏུ་འདིར་ནི་སྦྱིན་ སྲེག་བྱ། །སྦྱིན་སྲེག་དག་གིས་གསང་སྔགས་མཆོག་མྱུར་སྩོལ། །ཡིད་དུ་འོང་བའི་འདོད་པའང་སྦྱིན་པ་མཛད། །གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས། །གསང་སྔགས་མཐུ་ཡིས་བུད་མེད་བཀུག་ཀྱང་ནི། ། བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ། །དེ་གཟུགས་ཆ་བྱད་ཀྱིས་ནི་སྔགས་པ་བསྟན། །འདོད་པའི་དོན་ཕྱིར་བསྒྲུབ་པ་གང་ཡིན་དེ། །གྲུབ་ནའང་གནོད་སྦྱིན་བུ་མོས་སྦྱིན་པར་བྱེད། །དེ་ནི་བུད་མེད་དེ་ཡི་ལུས་སུ་ཡང་། ། 101-1-216b སྤྲུལ་ནས་མཚན་མོ་འདོད་པ་བསྟེན་པར་བྱེད། །ཅི་ལྟར་མི་དག་འདོད་ཕྱིར་བུད་མེད་ལ། །བསྟེན་ཕྱིར་མི་ཡི་ནོར་ནི་ཟད་འགྱུར་ལྟར། །དེ་བཞིན་གནོད་སྦྱིན་མོ་འམ་བྲན་མོ་དག །གསང་སྔགས་མཐུས་བཀུག་བསྟེན་པར་བྱེད་པའོ། ། གཞན་གྱིས་ཆུང་མར་ཡིད་ལ་བཞག་ནས་སུ། །གང་ཞིག་དེ་ལ་འདོད་གདུངས་བསྟེན་བྱེད་པ། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་པོ་འཐོབ། །རྒྱལ་བ་ལ་དད་གཞན་ལ་ཕན་བརྩོན་པའི། ། ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་། །གྲུབ་པར་བཅས་པ་སྔགས་བཤད་གང་ཡིན་པ། །དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །མ་འོངས་སེམས་ཅན་མགོན་ སྐྱབས་མེད་རྣམས་ལ། །རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད། །དེ་དག་འབྲས་བུ་རབ་དང་འབྲིང་དང་ནི། །ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟེན། །མཁའ་ལ་འགྲོ་དང་དཔལ་གྱི་ཕུག་དུ་འཇུག །འདོད་དགུའི་གཟུགས་ ཅན་མི་སྣང་རྣམ་པ་དང་། །གནོད་སྦྱིན་བུ་མོའི་ཁྱོ་དང་བཅུད་ཀྱིས་ལེན། །མིག་འཕྲུལ་སྒྱུ་མ་མཚན་མོ་རྒྱུ་བ་སྟེ། །དེ་དག་མཆོག་ཡིན་འབྲིང་ནི་ས་བདག་གོ། །གྲོང་དང་ནོར་དང་དབྱེ་དང་དགུག་པ་དང་། །དགར་དང་བསྐྲད་པ་དང་ནི་བསད་ པ་དང་། །ཀླུ་ཡི་གདོན་གྱིས་ཟིན་པ་གསོ་བ་དང་། །གང་ཡང་འདི་ལྟ་བུ་དང་མཐུན་པའི་ལས། །དེ་ནི་མཁས་པས་ཕྲན་ཚེགས་ཡིན་པར་བསྟེན། །བྱེ་བྲག་ཏུ་ནི་ཀླུ་དང་གནོད་སྦྱིན་དང་། །བྱིས་པ་གདོན་གྱིས་ཟིན་དང་གང་ དག་ཏུ། །ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག །སྟོན་པར་བྱེད་པ་ཕྲ་མོའི་ཕྲན་ཚེགས་ཡིན། །བྱབ་དང་ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང་། །རྣ་བར་བཟླས་དང་དབབ་དང་བསྐྲད་པ་དང་། །བསད་དང་བཅིང་ལ་སོགས་ པས་ཚར་གཅད་དང་། །བོང་དང་རིག་པའི་གོས་དང་སྔགས་གོས་དང་། །རྡོག་པས་བསྣུན་དང་རྣམ་པར་བསྐྱོད་པ་དང་། །མིག་ཏུ་དུག་སོང་ལྟར་ནི་གཞུག་པ་དང་། །ཁབ་ཀྱི་གཟུགས་དང་ཁབ་ཅིང་སྐྱུག་ཏུ་གཞུག ། 101-1-217a ཕུ་ཞེས་བུད་དང་ཡན་ལག་གཞིག་པ་དང་། །བྲང་གིས་འགྲོ་བ་དག་ཀྱང་དགུག་པ་དང་། །ཕྱིར་ཡང་བཅིང་དང་མནན་པར་བྱ་བ་དང་། །རྨོངས་དང་བྱད་དང་དུག་ཟེར་གཞུག་པ་དང་། །དུག་ནི་གཞན་ལ་སྤོ་བར་བྱ་བ་དང་། ། ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བ་འམ། །ལུས་ལ་ཞེན་པའི་དུག་ནི་བསླང་བ་དང་། །ཟོས་པར་བཟའ་དང་ཟོས་པ་བཅད་པ་དང་། །ས་བཅིང་བ་དང་ཕོ་ཉ་བཏང་བ་དང་། །བསྐྲད་པ་དང་ནི་ཀླུ་ལ་བསྟན་པ་དང་། །དུང་དང་རྫ་རྔའི་ སྒྲས་ནི་བསླང་བ་སྟེ། །རྣམ་པ་འདི་དག་དུག་གི་རྒྱུད་དུ་བཤད། །ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་བཅུ་དག །གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འཁྱམ། །དེ་དག་རྣམས་ལས་ཉི་ཤུ་གདེངས་ཀ་ཅན། །འཁྱིལ་པ་དྲུག་དང་དུག་ མེད་བཅུ་གཉིས་དང་། །དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ། །སུམ་བཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས། །སྦལ་པའི་མགོ་དང་སྡིག་པ་ཁ་བརྒྱད་དང་། །རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད། །གཅིན་རྟུག་ ཁ་ཆུ་རེག་དང་མཐོང་བ་དང་། །མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང་། །དེ་ལས་དུག་གི་རྒྱུད་ལ་མཁས་པ་ཡིས། །རབ་འབྲིང་ཐ་མ་གསུམ་དུ་རྣམ་པར་དབྱེ། །དུག་མོད་ཁྲོ་བའི་དབང་བསྒྱུར་སྐྲག་པ་དང་། ། དེ་བཞིན་སྔངས་པའམ་བཀྲེས་པའི་ཟས་ཕྱིར་རམ། །ཤ་མཁོན་ཡོད་པའམ་གཤིན་རྗེས་བསྟན་པ་འམ། །ལུས་ལ་བརྫིས་ན་དེ་དག་ཟ་བར་བྱེད། །ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། །མཆེ་བས་ཟིན་དང་ སོས་བཅད་བཏབ་པའོ། །གང་དུ་མཆེ་བ་གཅིག་གིས་ཁྲག་ཕྱུང་རྗེས། །དེ་ནི་དུག་ཆུང་པས་ནི་ཟིན་པར་བཤད། །གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ། །ཁྲག་དག་བྱུང་བར་གྱུར་པ་ཟོས་པའོ། །གལ་ཏེ་མཆེ་ བ་གསུམ་གྱིས་ཤ་བཅད་ན། །དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན། །གང་དུ་མཆེ་བ་བཞི་ཡིས་བཏབ་ནས་སུ། །སྦྲུལ་གྱིས་ལུས་ནི་ཟོས་པར་གྱུར་པ་དེ། །བཏབ་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ། ། 101-1-217b དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ། །མེ་ཡི་རང་བཞིན་གནད་རྣམས་འདྲལ་བའི་དུག །མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དང་། །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། །དེ་ལྟར་སྨན་པས་སྦྱར་ བས་མི་ནུས་སོ། །ཅི་ལྟར་མེ་ཕུང་ཆེན་པོས་བུད་ཤིང་ལ། །ངེས་པར་བསྲེག་ལ་ཆུ་འབབ་སྐད་ཅིག་གིས། །ཞི་བར་གྱུར་པ་དེ་བཞིན་དུག་དག་ནི། །མེ་ཕུང་ལྟ་བུར་སྔགས་ཀྱིས་ཞི་བར་བྱེད། །དུག་གི་མཐུ་སྟོབས་ཤེས་ ནས་རབ་བསྒྲིམས་ནས། །གསང་སྔགས་ཆོ་ག་བཞིན་བཟླས་བསྒྲུབས་ན་ནི། །སྦྱོར་བ་འདིས་ནི་དུག་ཀྱང་འཕྲོག་པར་བྱེད། །བ་ལང་ཁྱུ་ན་སེང་གེ་ཅི་ལྟ་བར། །དུག་ཅན་སྦྲུལ་དང་དོགས་མེད་ལྷན་ཅིག་རྩེ། །ལྷ་ཀླུ་ལྷ་ མིན་གནོད་སྦྱིན་གྲུབ་པ་དང་། །དྲི་ཟ་འབྱུང་པོ་མཚུན་དང་གསང་བ་དང་། །ཡི་དགས་ཤ་ཟ་དང་ནི་ལུས་སྲུལ་པོ། །སྨྱོ་བྱེད་མདངས་འཕྲོགས་པ་དང་གྲིབ་ནོན་དང་། །ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ། །མི་ཡི་ཤ་ཚིལ་ ཟ་ཞིང་ཁྲག་ཀྱང་འཐུང་། །མྱ་ངན་འདོད་གདུངས་ཁྲོ་བས་ཉམས་ཐག་པའི། །གླགས་སྐབས་རྙེད་ནས་ལུས་ལ་འཇུག་པར་བྱེད། །དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང་། །གླུ་ལེན་གར་བྱེད་དགོད་དང་ཁྲོ་བ་དང་། ། དགའ་ཞིང་རྔམ་པ་ཆེ་ལ་སྨྲ་འདོད་དང་། །འདོད་པ་སྣ་ཚོགས་བྱེད་ཅིང་ལྷ་རྣམས་དང་། །ལྷ་མིན་ལྟར་འཆོས་སྐྱེ་བོའི་བཞད་གད་བྱེད། །གཏོར་མ་འདོད་པའམ་རྩེད་མོ་བྱེད་འདོད་པས། །བསད་པའི་དོན་དུ་ལུས་ལ་འབའ་ཤིག་ འཇུག །གསང་བ་པ་རྣམས་གཞིག་ཕྱིར་རིག་པའི་མཆོག །མཐུ་ཆེན་མཆོག་སྦྱིན་རྡོ་རྗེ་ལྕགས་ཀྱུ་འམ། །གཞན་ཡང་ང་ཡི་རིགས་བྱུང་རིག་པ་འམ། །ཁྲོ་བོ་བདུད་རྩི་ཐབས་སྦྱོར་སོགས་པས་གསོ། །ཅི་ལྟར་རིག་སྔགས་ འཛིན་པའི་མི་དག་ལ། །གདོན་རྣམས་འཇིགས་པར་གྱུར་པ་དེ་ལྟར་ནི། །མེ་མིན་རླུང་མིན་གྲོང་ཁྱེར་སུམ་བརྩེག་དག །འཇོམས་བྱེད་གཟི་ཆེན་ཉི་མ་མེས་པོ་དང་། །ཆུ་བདག་མ་ཡིན་ལྷ་མིན་རྣམས་ཀྱིས་མིན། །ནོར་བདག་མ་ 101-1-218a ཡིན་གནོད་སྦྱིན་རྒྱལ་པོས་མིན། །ལྷག་མ་མཁའ་ལྡིང་བྱ་ཡི་རྒྱལ་པོ་དང་། །ས་བསྲུང་བུ་ཞོན་ཁྱེར་འཇིགས་རྣམས་ཀྱིས་མིན། །འབྱུང་པོའི་རིགས་སྔགས་འདིར་ནི་ཀུན་མཐོང་དང་། །གདོན་གྱིས་སྤྱོད་པ་མ་ ལུས་ཤེས་ནས་སུ། །ཕྱི་ནས་གདོན་རྣམས་དོགས་མེད་བཏུལ་ནས་ནི། །གདོན་གྱིས་མི་འཇིགས་སླར་ཡང་ཚུགས་མི་འགྱུར། །རིགས་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིན་དང་། །ཉེས་པ་གསུམ་སྤངས་ ལམ་གསུམ་ཐུགས་ཆུད་དང་། །དེ་ཡི་སྲས་དང་དེ་ཡི་རྗེས་འགྲོ་བའི། །ལྷ་དང་ལྷ་མིན་སོགས་པས་བཤད་པའི་སྔགས། །བདག་ཉིད་ཆེན་པོའི་མུན་པ་སེལ་བ་ཡི། །གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་ དེ་ལ། །འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི། །གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་ཏུ་མེད། །རྡོ་རྗེ་འཆང་གི་གསུང་ཐོས་ལྷ་རྣམས་དང་། །ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང་། ། རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། །གསང་བ་པ་དང་མཚུན་དང་འབྱུང་པོ་རྣམས། །དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །གུས་པས་ཐལ་མོ་སྦྱར་ནས་ཚིག་གསོལ་པ། །ཀྱེ་མའོ་སྲོག་ཆགས་རྣམས་ ལ་ཐུགས་རྗེར་ལྡན། །ཀྱེ་མའོ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས། །ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང་། །གཞན་གྱིས་དབྱིག་ཏོ་གཞན་གྱིས་འཁོར་ལོ་ཅན། །དེ་བཞིན་གཞན་གྱིས་རྩེ་གསུམ་ཞགས་པ་ཅན། །གཞན་གྱིས་རལ་ གྲི་གཞུ་དང་བེ་ཅོན་དང་། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང་། །གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་། །དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར། །ལྷ་དང་གནོད་སྦྱིན་གྱིས་མཆོད་དེ་ལ་འདུད། །ལྷ་མིན་ལྷ་ ཡིས་ཞབས་ལ་ཕྱག་བགྱིས་པ། །བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད། །རིག་པའི་དབང་ཕྱུག་གཞུ་འགེངས་ཁྱོད་ལ་འདུད། །ཁྱོད་ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད། །ཁྱོད་ལ་བདག་ཅག་དེང་ནི་ 101-1-218b སྐྱབས་སུ་མཆི། །ཁྱོད་ཀྱིས་ཅི་སྐད་གསུངས་པ་དེ་བཞིན་དུ། །མི་ཡིས་ལེགས་པར་སྤྱད་པ་བགྱིས་ན་ནི། །དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས། །ཉི་མ་བཞིན་དུ་ཤིན་ཏུ་འབར་བར་འགྱུར། །ཡན་ལག་མི་ཉམས་སེམས་ཀྱང་ མི་ཉམས་ཤིང་། །ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ། །ཁྱོད་ལ་དང་བའི་མིས་ནི་ཐོབ་པར་འགྱུར། །དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་། །རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་འཚལ་ཏེ། །གཞལ་མེད་ཐེག་པར་མངོན་དུ་ ཞུགས་ནས་ཀྱང་། །ཅི་ལྟར་འོངས་པའི་ནམ་མཁའི་ལམ་ལ་དོང་། །ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡིས། །དཔུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ། །ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས། །ཁྱོད་ཀྱིས་འཇིག་རྟེན་འདིར་ ནི་གྲགས་པར་གྱིས། །དེ་སྐད་གསུངས་ནས་དཔུང་བཟང་དེ་ཡིས་ནི། །ལངས་ཏེ་གུས་པར་རབ་ཏུ་ཕྱག་འཚལ་ནས། །གཙང་བྱེད་སྡིག་འཇོམས་དཔལ་ཡོན་ལྡན་པ་འདི། །མི་ཡི་འཇིག་རྟེན་ཁམས་འདིར་གྲགས་པར་བགྱི། ། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་གཅིག་པའོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད། རྫོགས་སྷོ།། །།ཞུས་ཏེ་དག་གོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས་ལན་ཅིག་ཞུས། ། ༄༅། །རྒྱ་གར་སྐད་དུ། སརྦ་མཎྜ་ལ་སཱ་མཱ་ནྱ་བི་དྷི་ན་གུ་ཧྱ་ཏནྟྲ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་གསང་བའི་རྒྱུད། དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱིའི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །གཞན་གྱིས་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པ་ལ་སོགས་གང་། ། པད་མོ་རིགས་ཀྱིར་བཤད་པ་དང་། །འཇིག་རྟེན་དག་ལ་བརྩེ་ཕྱིར་ངེས། །རྣམ་པར་གནོན་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། ། 101-1-219a ཆོ་ག་འདི་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །སློབ་དཔོན་བསྟན་བཅོས་ཀུན་ཤེས་པ། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེའི་བདག །དྲང་ཞིང་བཟོད་ལ་གཙང་སྦྲ་ཅན། །དད་དང་དྲན་ ལྡན་སྙིང་སྟོབས་ལྡན། །སྨྲ་མཁས་མི་འཇིགས་སྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་དང་ལྡན་ཞིང་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོང་བཟོ་བ། །རྟག་ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། ། གསང་སྔགས་སྤྱོད་པ་ལ་བསླབས་ཤིང་། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །སློབ་མ་དག་གི་ཚུལ་ཤེས་ཤིང་། །དེ་བཞིན་གསང་སྔགས་རྒྱུད་ཀྱང་འཛིན། །རྗེས་སུ་གནང་ཞིང་དབང་བསྐུར་ལ། །ཆོག་ཤེས་བཟླས་བརྗོད་ལྷུར་ ལེན་པ། །སློབ་དཔོན་རིགས་ལ་བསྙེན་བཀུར་བྱས། །དཀྱིལ་འཁོར་ཐམས་ཅད་ཁོང་དུ་ཆུད། །གསང་སྔགས་ཀུན་དང་བླ་མ་དང་། །དེ་བཞིན་གློ་བུར་འགྲོན་མཆོད་བྱེད། །ཕྱག་རྒྱ་ལ་སོགས་བཅིང་བ་དང་། །དཀྱིལ་འཁོར་བྲི་བའི་ལས་ རྣམས་དང་། །གསང་སྔགས་སྤྱོད་པའི་མཆོད་པ་ལ། །སློབ་དཔོན་གྱིས་ནི་མཁས་པར་བྱ། །དེ་ནས་གཞན་ཡང་བཤད་པ་ནི། །ས་ཡི་ཕྱོགས་ཀྱི་མཚན་ཉིད་དེ། །ས་གཞི་ཅི་འདྲ་བཟང་བ་དང་། །མི་བཟང་བ་དག་བསྒྲགས་པའོ། ། མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང་། །ངམ་གྲོག་རུས་པ་སྡོང་དུམ་ཅན། །གྲོག་མཁར་ཐལ་བ་ཚྭ་རྒོ་ཅན། །གསེག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྤུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། ། མཁས་པས་ལས་རྣམས་ཀུན་ལ་སྤང་། །མཐོ་དམན་སྙོམས་ཤིང་གཙང་ལ་སྣུམ། །ཟུག་རྔུ་ཉེས་པ་རྣམ་པར་སྤངས། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །དང་པོར་པུས་ནུབ་ཙམ་བརྐོས་ ལ། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་དག་ནི་ཡོད་པར་བཤད། །དེ་ལས་བཟློག་པར་གྱུར་ན་ནི། །བསྒྲུབ་པ་པོས་ནི་ལས་མི་བརྩམ། །བརྩམས་ན་སྡུག་བསྔལ་མྱོང་འགྱུར་ཞིང་། ། 101-1-219b ལེགས་པ་དག་ཀྱང་མི་འཐོབ་བོ། །དཀྱིལ་འཁོར་ས་ནི་གང་དག་གི། །ཉེ་འཁོར་དག་ན་ཆུ་མོད་པ། །དེ་ནི་ཤིས་ཤིང་དངོས་གྲུབ་ཐོབ། །ཆུ་རྐོན་པ་ནི་མཁས་པས་སྨད། །ཁོ་ར་ཁོར་ཡུག་སྣ་ཚོགས་ཤིང་། །མེ་ཏོག་འབྲས་བུ་ལོ་ མར་ལྡན། །འོ་མ་ཅན་གྱི་ཤིང་ཡོད་པ། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །ཁོ་ར་ཁོར་ཡུག་ཤིང་ལྡན་པའི། །ས་གཞི་ཡོན་ཏན་ཀུན་ཏེ། །ཉེ་འཁོར་ན་ཡང་ཆུ་ཡོད་པ། །དཀྱིལ་འཁོར་དག་ལ་ས་དེ་ཤིས། །ཞི་བའི་ལས་ལ་ས་གཞི་ ནི། །དཀར་པོ་དག་ཏུ་བརྟག་པར་བྱ། །རྒྱས་པའི་ཆེད་ཏུ་དམར་སེར་བྱ། །དྲག་ཤུལ་སྤྱོད་ལ་ནག་པོ་ཤིས། །གང་དུ་ཆུ་ངོགས་པད་མོ་ཡི། །མཚོ་དང་རྒྱ་མཚོ་ཉེ་འཁོར་དང་། །ཆུ་ཡི་གླིང་ནི་ཉམས་དགའ་བར། །ཞི་བའི་དཀྱིལ་འཁོར་བྲི་ བར་བྱ། །མ་མོའི་གནས་དང་དུར་ཁྲོད་དང་། །དབེན་པའི་གནས་དང་ཁང་སྟོང་དང་། །ཉམས་མི་དགའ་བའི་ཡུལ་གང་ཡིན། །དེ་དག་ཏུ་ནི་མངོན་སྤྱོད་བྲི། །རི་རྩེ་དང་ནི་བ་ལང་ལྷས། །མཆོད་རྟེན་སྐུ་གཟུགས་ཁང་པ་དང་། །དེ་ལ་སོགས་ པའི་ཕྱོགས་དག་ཏུ། །རྒྱས་པ་ཡི་ནི་དཀྱིལ་འཁོར་བྲི། །མཆོད་རྟེན་ཆེན་པོ་ཉམས་དགའ་དང་། །དབེན་པ་ཆེན་པོའི་གནས་དག་དང་། །རི་བོའི་རྩེ་མོ་རྒྱ་ཆེན་གྱི། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །རི་རྩེ་དག་དང་རི་བོ་དང་། ། རིའི་ཟོམ་དང་ཕུག་དག་ཏུ། །ལྷ་མིན་དག་ནི་འདོད་པ་ཡིས། །ས་འོག་རྡོ་རྗེ་དཀྱིལ་འཁོར་བྲི། །པད་མའི་ཁ་ནི་བྱེ་བའི་ཚལ། །ངང་སྐྱ་དག་ནི་སྒྲ་སྒྲོགས་པར། །རྒྱལ་སྲིད་འདོད་པའམ་ནོར་འདོད་པས། །དཔལ་གྱི་དཀྱིལ་འཁོར་ ཐམས་ཅད་བྲི། །མ་མོའི་གནས་དང་རི་རྩེ་དང་། །ལྷ་རྣམས་ཀྱི་ནི་གནས་དག་ཏུ། །གདོན་དབབ་པ་དང་འཇོམས་བྱེད་པ། །རྡོ་རྗེ་ལྕགས་ཀྱུའི་དཀྱིལ་འཁོར་བྲི། །ལམ་གྱི་བཞི་མདོ་ཆེན་པོ་དང་། །མཆོད་རྟེན་ཕྱག་ན་རྡོ་རྗེ་ཡི། །མདུན་དུ་ བསྒྲུབ་པ་པོ་ཡིས་ནི། །ཁྲོ་རྒྱལ་དཀྱིལ་འཁོར་བགེགས་འཇོམས་བྲི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། །གནས་ནི་བཟང་པོ་གཞན་དུ་ཡང་། །མཁས་པ་ཡིས་ནི་ཁྱད་པར་དུ། །ཐམས་ཅད་བྲི་བར་བྱ་བ་ཡིན། ། 101-1-220a རབ་ཏུ་གནས་སོགས་དཀྱིལ་འཁོར་ཀུན། །མཁས་པ་ཡིས་ནི་ཁྱད་པར་དུ། །པད་མའི་མཚོ་ཡི་ཉེ་འཁོར་དུ། །ཆོ་ག་བཞིན་དུ་བྲི་བར་བྱ། །རྀའི་རྩེ་མོར་མཁས་པ་ཡིས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །རྣམ་པར་གནོན་སོགས་ དཀྱིལ་འཁོར་ཀུན། །ཁྱད་པར་དུ་ནི་བྲི་བར་བྱ། །རྣམ་པར་ངེས་པའི་གནས་འདི་ནི། །ཁྱད་པར་དུ་ནི་བསྟན་པ་ཡིན། །རབ་ཏུ་བསྒྲིམས་ཏེ་ཐམས་ཅད་ལ། །ས་ནི་རྣམ་གསུམ་ཡོངས་སུ་བརྟག །ཁྱད་པར་ཕུན་སུམ་མ་ལྡན་ན། །སྤྱི་ཡི་ལས་ ཀྱིས་བྲི་བར་བྱ། །ཕུན་སུམ་ཚོགས་པར་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང་། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་ དང་། །བདག་གི་མིག་ཡིད་མགུ་བ་དང་། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །དྲང་སྲོང་གནས་དང་བ་གླང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་ པ་དང་། །ཁང་ཐོག་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་ཞིང་བརྟག་པ་དང་། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་ མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །གཉུག་མར་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་སུ། །ལག་པས་བྲམ་ཞིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་ དེ་ཡིན་ནོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ནས་ནི། །སྦྱངས་པ་ལེགས་པར་བྱས་པར་འགྱུར། །བརྟན་པར་འགྱུར་བའི་ལས་རྣམས་དང་། །གདོན་རྣམས་ཚར་གཅད་ལ་སོགས་དང་། ། དྲག་ཤུལ་སྤྱོད་པ་དག་ལ་ཡང་། །ས་ནི་བརྟག་པར་བྱ་མི་དགོས། །དཀྱིལ་འཁོར་ས་གཞི་ཆོ་ག་ལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བ་ཡི་རྣམ་ལྔ་ལ་བཟླས་པའི། །བསང་གཏོར་བྱས་ན་སྦྱངས་པར་འགྱུར། །གཞན་གྱིས་མི་ཐུབ་ལ་ 101-1-220b སོགས་པ། །རྒྱལ་བའི་གཙུག་ཏོར་ཉིད་ཀྱིས་སྦྱང་། །ཕྱག་ན་པད་མའི་དཀྱིལ་འཁོར་ཀུན། །ས་གཞི་སྦྱང་བར་བྱ་བ་ནི། །ཞི་བ་འདྲེན་པ་ཞེས་བྱ་ཡི། །དཔལ་མོས་ཆོ་ག་བཞིན་དུ་སྦྱང་། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རྣམས། །ཁྱད་པར་དུ་ ནི་ཁྲོ་བོས་སྦྱང་། །ལས་སུ་བྱ་བ་ཐམས་ཅད་ཀྱང་། །ཆོ་ག་བཞིན་དུ་འདི་ཡིས་བྱ། །རྒྱལ་བའི་གཙུག་དང་ཞི་བའི་འདྲེན། །ཁྲོ་བོ་སྟོབས་ཆེན་ཞེས་བྱ་བ། །འདི་གསུམ་རིགས་ནི་གསུམ་ཅར་གྱིས། །ལས་རྣམས་ཀུན་ལ་སྦྱར་བྱས་ ཏེ། །ས་སྦྱང་བ་དང་བསྲུང་བ་དང་། །སློབ་མ་སྟ་གོན་གནས་པ་དང་། །བགེགས་རྣམས་བསལ་དང་དྲི་དག་དང་། །མེ་ཏོག་མངོན་པར་བསྔགས་པ་དང་། །དེ་ལ་སོགས་པའི་ལས་ཀུན་ལ། །བསྒྲིམས་ཏེ་སྦྱང་བར་བྱ་བ་ཡིན། །སོ་སོའི་ རྒྱུད་ལ་ལས་དང་ནི། །གསང་སྔགས་རབ་ཏུ་བསྒྲགས་པ་གང་། །སྟོན་ཟླ་འབྲིང་པོའི་ཉ་ནས་ནི། །དཔྱིད་ཟླ་ཐ་ཆུངས་ཉ་ཡི་བར། །འདི་ཡི་ནང་དུ་མཁས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །བགེགས་ཀྱི་དཀྱིལ་འཁོར་ ནང་གཅད་དང་། །དེ་བཞིན་བསྒྲུབ་པའི་དཀྱིལ་འཁོར་དག །དཔྱད་མི་དགོས་པར་དབྱར་ཡང་ནི། །མཁས་པས་དུས་བཞིན་བྲི་བར་བྱ། །སློབ་མ་དབང་བསྐུར་ཆེད་དུ་ནི། །དཀྱིལ་འཁོར་ཡོངས་སུ་བསྒྲགས་གང་དང་། །གནང་བའི་དཀྱིལ་ འཁོར་གང་ཡིན་དང་། །དམ་ཚིག་དཀྱིལ་འཁོར་གང་ཡིན་དང་། །འབྱོར་པའི་ཆེད་དུ་བསྒྲུབ་པ་དང་། །ཆེན་པོའི་དཀྱིལ་འཁོར་གང་ཡིན་པ། །དེ་དག་ཐམས་ཅད་མཁས་པ་ཡིས། །ཟླ་བ་བདུན་པོ་དག་ལ་བྱ། །ཡུལ་དང་དུས་དང་སློབ་མ་ དང་། །བདོག་པའི་ཡོན་ཏན་ཤེས་བྱ་སྟེ། །མཁས་པས་དབྱར་ཡང་དཀྱིལ་འཁོར་གྱི། །ལས་ནི་ཆོ་ག་བཞིན་དུ་བྲི། །དྲི་དང་མེ་ཏོག་བདུག་སྤོས་དང་། །ལྷ་བཤོས་སྦྱིན་སྲེག་ལས་ཀྱི་རྣམས། །ཕོངས་པར་གྱུར་ཀྱང་མི་དབྲི་སྟེ། །ཕྲི་ན་ ངེས་པར་འཆི་བར་འགྱུར། །ཚེས་གྲངས་ངན་དང་དུས་མིན་དང་། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །མཁས་པས་ཇི་སྐད་བཤད་པ་ཡི། །ཟླ་བ་ཡར་གྱི་ངོ་དག་ལ། ། 101-1-221a ཟླ་བ་ཉ་འམ་བཅུ་གསུམ་འམ། །ཚེས་བརྒྱད་དག་གམ་བཅུ་བཞི་འམ། །ཚེས་བཅུ་དང་ནི་བཅུ་གཅིག་གམ། །ཡང་ན་ཡར་གྱི་ཚེས་གཅིག་གམ། །ཚེས་ལྔ་འམ་ཡང་ན་ཚེས་བདུན་ནམ། །ཡང་ན་ཚེས་གྲངས་གསུམ་ལའང་ རུང་། །ཉི་མ་བཅུ་པོ་འདི་དག་ལ། །དཀྱིལ་འཁོར་རབ་ཏུ་བསྒྲིམས་ཏེ་བྲི། །མར་གྱི་ངོའི་དུས་མཚམས་ལའང་། །དཀྱིལ་འཁོར་བྲི་བ་འགལ་བ་མེད། །ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཟླ་བ་ཉ་ལ་ཁྱད་པར་དུ། །ཕྱག་ན་པད་མའི་དཀྱིལ་ འཁོར་གྱི། །ཆོ་ག་རྣམས་ནི་བྱ་བར་ཤིས། །སའི་འོག་གི་དཀྱིལ་འཁོར་དང་། །དྲག་ཤུལ་གྱི་ནི་ལས་རྣམས་དང་། །ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་གང་། །དེ་དག་མར་ངོ་ལ་ཡང་བྲི། །ཟླ་བ་ཉ་ལ་ཁྱད་པར་དུ། །རྒྱལ་བའི་དཀྱིལ་འཁོར་ བྲི་བར་ཤིས། །དཔྱིད་ཟླ་འབྲིང་དང་ཐ་ཆུངས་ལ། །མཁས་པས་དཀྱིལ་འཁོར་ཆེན་པོ་བྲི། །གང་ཚེ་ཡོ་བྱད་ལྡན་པ་དང་། །གང་ཚེ་དད་པ་བདོ་བ་དང་། །གང་ཚེ་ལས་ལ་བརྩོན་གྱུར་པ། །དེ་ཡི་ཚེ་ཡང་དཀྱིལ་འཁོར་བྲི། །གང་ཚེ་འཚོ་བ་ ཀུན་མོད་ཅིང་། །མེ་ཏོག་མོད་པ་ལ་སོགས་པ། །ཕུན་སུམ་ཚོགས་པའི་དུས་ཤེས་པའི། །དེ་ཡི་ཚེ་ཡང་དཀྱིལ་འཁོར་བྲི། །གང་ཚེ་སློབ་མའི་བསྙེན་བཀུར་གྱིས། །བླ་མ་དག་ནི་མགུར་གྱུར་པ། །དེ་ཚེ་དེ་ལ་གནང་བས་ན། །དབང་ བསྐུར་ཆེད་དུ་དཀྱིལ་འཁོར་བྲི། །ཉི་མ་ཟླ་བ་གཟས་ཟིན་དང་། །ཡ་མཚན་ཆེ་ལྟས་བྱུང་བ་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བྲི་བར་བྱ། །སྔ་དྲོ་རྒྱས་པ་བསྐྱེད་པ་སྟེ། །ཉི་མ་གུང་ལ་དྲག་ཤུལ་སྤྱད། ། དགོངས་ཀར་ཞི་བ་བློ་ཅན་གྱིས། །ཆོ་ག་བཞིན་དུ་དཀྱིལ་འཁོར་བྲི། །དཀྱིལ་འཁོར་དག་ནི་མ་ལུས་པ། །ཉི་མ་ཙེར་ཙེས་ནུབ་ནས་བརྩམ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བར་ཤིས། །ཁྱད་པར་ ཅན་གྱི་ཆོ་ག་ནི། །ལྷ་དུས་བྱ་བ་དུས་བཞིན་བཤད། །གཞན་དུ་ཆོ་ག་ཉམས་པའི་ཕྱིར། །དངོས་གྲུབ་འབྱུང་བར་མི་འགྱུར་རོ། །སྤྱི་ཡི་དཀྱིལ་འཁོར་བློ་ལྡན་པས། །ནམ་ཡང་ཉིན་པར་མི་བྲིའོ། །ཉིན་པར་བྲིས་ན་དེ་དག་ཏུ། ། 101-1-221b སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དགོངས་མགོ་བཙུགས་ནས་ནམ་ཕྱེད་ན། །དྲག་ཤུལ་སྤྱོད་པར་གྱུར་པ་ཡིན། །མཚན་མོ་དུས་ལས་འདས་པས་ན། །ཉེས་པ་མང་པོ་འབྱུང་བར་འགྱུར། །མཚན་མོ་རབ་ཏུ་ཞི་བའི་ཕྱིར། ། སྤྱིར་ན་འདོད་པར་བྱ་བ་ཡིན། །དམ་ཚིག་དག་ལ་སོགས་པའི་ལས། །དེ་ལྟ་བས་ན་མཚན་མོ་བརྩམ། །ཉི་མ་ནུབ་ན་ལྷ་རྣམས་ནི། །ངེས་པར་བྱིན་གྱི་རླབས་ཀྱིས་འདུ། །གཞན་དག་ཀྱང་ནི་ཁྱད་པར་དུ། །བྱིན་གྱིས་རློབ་པར་བྱེད་པར་ འགྱུར། །ཆོ་གས་སྤྱན་དྲངས་གསང་སྔགས་དང་། །ལྷ་ཡང་ཉི་མ་ནུབ་པ་ན། །ཕན་པར་བཞེད་པས་དཀྱིལ་འཁོར་དུ། །ངེས་པར་བྱིན་གྱིས་རློབ་པར་མཛད། །ཡང་དག་ཞི་བའི་སེམས་ཀྱིས་ནི། །དུས་དང་ཚེས་གྲངས་ཞི་བ་ལ། ། སྔགས་ཀྱིས་སྤྱན་འདྲེན་བྱེད་པ་ནི། །བསམས་པའི་དངོས་གྲུབ་ཐོབ་པར་འགྱུར། །ཕུར་བུ་དང་ནི་ཟླ་བ་དང་། །པ་བ་སངས་དང་ཉི་མ་བཟང་། །གཞན་ལ་རབ་ཏུ་དྲག་པོ་ཡི། །ལས་ནི་ཀུན་ཏུ་བརྩམ་པར་བྱ། །རྒྱལ་དང་སྐག་དང་ ས་ག་དང་། །མེ་བཞི་ནག་པ་ཐ་སྐར་དང་། །སྣྲོན་ལ་སོགས་གསུམ་ས་ག་ནི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །དེ་ལ་སོགས་པའི་ཞི་བ་དང་། །རྒྱུ་སྐར་དག་ནི་བཟང་པོ་ལ། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །དྲག་པོ་ལ་ ནི་དྲག་པོ་བྲི། །འབེབས་ལྡན་རྣམ་རྒྱལ་རྒྱལ་བྱེད་དང་། །གསལ་དང་དམར་ལྡན་ནོར་ཅན་དང་། །བཟང་མོ་ཆུ་ལྷ་ཚངས་མ་དང་། །དེས་དང་བཀྲ་ཤིས་ཁྱབ་འཇུག་དང་། །སྐྱེ་དགུའི་བདག་དང་ཐ་སྐར་བྱམས། །ཚིག་བཟང་པ་བས་ངེས་པའོ། ། ཡུད་ཙམ་རྣམས་ཀྱི་རྒྱུད་ཀུན་གྱི། །བྱ་བའི་ཆོ་ག་རྣམས་ལས་ཤིས། །དེ་དག་ལ་སོགས་བཟང་པོ་དང་། །བྱེད་པ་བཟང་ལ་རྟག་ཏུ་བྲི། །མི་བཟང་བ་ལ་བརྩམས་པའི་ལས། །གང་དུ་ཅི་ཡང་མི་འགྲུབ་པོ། །དེ་ལྟ་བས་ན་ཡུད་ཙམ་དང་། ། ཚེས་གྲངས་རྒྱུ་སྐར་བྱེད་པའོ། །རྨི་ལམ་བཟང་པོ་བརྟག་པར་བྱ། །བཟང་པོ་དག་ལ་ལས་བརྩམ་སྟེ། །བཟང་པོ་མིན་ལ་བརྩམ་མི་བྱ། །བཟང་པོ་མིན་པའི་ལས་རྣམས་ཀྱང་། །བཟང་པོ་ཉིད་ལ་བརྩམ་པར་བྱ། །ལྟས་ནི་བཟང་དང་མི་ 101-1-222a བཟང་བས། །གྲུབ་པ་དང་ནི་མི་གྲུབ་སྟོན། །དེ་ལྟ་བས་ན་བརྩམས་པ་ལ། །མཚན་མ་རབ་ཏུ་འབད་དེ་བརྟག །དེ་ནས་གཞན་ཡང་ས་དག་ནི། །སྦྱང་བར་བྱ་བར་རབ་ཏུ་བཤད། །ཞག་བདུན་གྱི་ནི་ནང་ལོགས་སུ། །ཇི་ལྟར་རིགས་པས་བསྲུང་ བྱས་ཏེ། །འཇོར་གྱིས་ས་ནི་བཟློག་བྱས་ཤིང་། །དེ་ནས་ཟུག་རྔུ་དབྱུང་བར་བྱ། །ཟུག་རྔུ་བཅས་པའི་ས་གཞི་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཟུག་རྔུ་ཉེས་པ་རུས་པ་དང་། །གྱོ་མོ་དང་ནི་ཐལ་བ་དང་། །སྡོང་དུམ་དང་ནི་ཚེར་མ་དག །རབ་ཏུ་བསྒྲིམས་ ཏེ་མ་ལུས་དབྱུང་། །དེ་ནས་ཐོ་བས་བོང་བ་དག །བཀྲུམ་ནས་ཞིབ་མོར་བྱས་ཏེ་བཅག །དེ་ནས་བའི་གཅིན་གྱིས་ནི། །ཡང་ནས་ཡང་དུ་གདབ་བྱ་ཞིང་། །ལག་མཐིལ་ལྟ་བུར་མཉམ་བྱས་ཤིང་། །བ་ཡི་ལྕི་བ་ཆུར་སྦྱངས་ནས། །ཤར་ཕྱོགས་ནས་ནི་མགོ་ བཅུགས་ཏེ། །བློ་དང་ལྡན་པས་ལེགས་པར་བྱུག །དེ་ནས་དེའི་དབུས་སུ་ནི། །ཁུང་བུ་ཅུང་ཞིག་བརྐོས་ནས་དེར། །འབྲུ་རྣམས་དང་ནི་རིན་ཆེན་ཀུན། །སྔགས་ཀྱིས་བཏབ་སྟེ་གཞུག་པར་བྱ། །དེ་ལྟར་སྦྱངས་ཤིང་དབྱིག་དག་གི། དབྱིག་དང་ལྡན་ པར་བྱས་ནས་ནི། །བློ་དང་ལྡན་པས་ཅི་རིགས་པར། །ས་གཞི་ཡོངས་སུ་གཟུང་བྱ་བ། །ཡང་དག་བསྡམས་པས་ཞག་གསུམ་ན། །ལས་ཀུན་བྱེད་པའི་གསང་སྔགས་དང་། །གང་གི་དཀྱིལ་འཁོར་གང་ཡིན་པ། །དེ་དག་གིས་ནི་ཡོངས་གཟུང་ བྱ། །གཅིག་གིས་དྲི་ཡི་ཆུ་ཡིས་ནི། །དངོས་སུ་བཅང་གཏོར་བྱ་བ་སྟེ། །གཅིག་ཤོས་ཀྱི་ནི་ལག་པ་ཡིས། །ས་ལ་བྲམ་སྟེ་མངོན་པར་བསྔགས། །བློ་ཡིས་ཡོངས་སུ་གཟུང་བྱས་ན། །གནས་ནི་ཡོངས་སུ་བཟུང་བ་ཡིན། །ལས་ཀུན་བྱེད་ པའི་གསང་སྔགས་ཀྱིས། །དེ་ནས་སློབ་མ་ཡོངས་སུ་གཟུང་། །བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུ་བཟླས། །སློབ་མ་རྣམས་ནི་བློས་བསམས་ནས། །མཉམ་པར་གཞག་སྟེ་མདུད་པ་བོར། །དེ་ནས་སློབ་ མས་ཡོངས་བཟུང་ནས། །ལས་ལ་བགེགས་ནི་མེད་པར་འགྱུར། །སང་ནི་དཀྱིལ་འཁོར་བྲི་བའི་ཚེ། །དོ་ནུབ་ལྟ་བུ་སྟ་གོན་གནས། །ཐོག་མ་ཉི་མ་ཤར་བའི་ཚེ། །ས་ཕྱོགས་ཀྱི་ནི་ཆ་དག་བརྟག །དེ་ནས་དཀྱིལ་འཁོར་དགོད་པ་དག ། 101-1-222b ཡིད་ཀྱིས་ལེགས་པར་ཡོངས་སུ་བརྟག །སྔགས་རྒྱུད་དག་ལས་འབྱུང་བའི་ཟས། །བཟང་ལ་གཙང་ཞིང་སྣུམ་བག་ཅན། །རྗེས་སུ་འཐུན་ཞིང་ཡིད་འོང་བ། །སློབ་མར་བཅས་པས་རན་པར་བཟའ། །དེ་ནས་ནུབ་ཀར་ཁྲུས་བྱས་ཤིང་། ། གཙང་ལ་གོས་ནི་དཀར་པོ་བགོས། །བླ་མ་སློབ་མ་དང་བཅས་པར། །དཀྱིལ་འཁོར་དྲུང་དུ་དོང་བར་བྱ། །དཀྱིལ་འཁོར་བྲི་བའི་ས་གཞི་ནི། །བྱི་དོར་ལེགས་བྱས་ལེགས་བྱུགས་ལ། །ཁྲོ་བོ་ཆེན་པོ་བཟླས་པ་ཡི། །སྤོས་ཆུས་བསང་གཏོར་ བྱས་པ་ལ། །དབུས་སུ་སྟ་གོན་གནས་པ་དག །རིགས་རྣམས་ཀྱི་ནི་སྙིང་པོ་བཟླས། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །ལས་རྣམས་ཐམས་ཅད་བྱ་བ་བཤད། །ས་གཞི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་ འཁོར་སོར་གྲངས་བཅུ་གཉིས་བྱ། །དཀྱིལ་འཁོར་གྱི་ནི་རིག་སྔགས་ཀྱིས། །ལག་པས་བྲམ་ཞིང་ལན་བདུན་བཟླས། །དེ་ནས་གཙོ་བོ་ལྷ་རྣམས་ནི། །མིང་གིས་ཡིད་ལ་བསམས་ནས་སུ། །བྱུག་སྤོས་མེ་ཏོག་ལ་སོགས་ པས། །སྙིང་པོས་ཅི་རིགས་མཆོད་པར་བྱ། །ལྷ་བཤོས་དག་ཀྱང་དབུལ་བར་བྱ། །བདུག་སྤོས་མངོན་པར་བསྔགས་པའང་དབུལ། །དེ་ནས་ཙན་དན་སྦྱར་བ་ཡི། །ཆུ་ལ་མངོན་བར་བསྔག་བྱ་ཞིང་། །དེ་ལ་མེ་ཏོག་གིས་གཏོར་ནས། ། ཆོ་ག་བཞིན་དུ་བདུག་པས་བདུག །སོ་ཤིང་ཨུ་དུམ་འབར་ར་འམ། །ཨ་ཤྭད་ཐ་ནི་རྨ་མེད་པ། །ཧ་ཅང་མི་སྦོམ་མི་ཕྲ་བའི། །སོར་གྲངས་བཅུ་གཉིས་ཚད་དུ་བྱ། །སྤོས་ཀྱི་ཆུས་ནི་ལེགས་པར་བཀྲུས། །སྐུད་པ་དག་གིས་རྣམ་པར་དཀྲིས། ། སྤོས་ཀྱིས་བྱུགས་ཤིང་བདུག་པས་བདུག །ལག་པས་བྲམ་ཞིང་རིགས་ཀྱི་ནི། །སྙིང་པོ་ལན་གྲངས་མང་པོ་འམ། །ཡང་ན་ལན་བདུན་བཟླས་བརྗོད་བྱ། །སློབ་མ་རྣམས་ཀྱི་གྲངས་ལས་ནི། །སོ་ཤིང་ལ་སོགས་བསོག་པར་བྱ། ། སོ་ཤིང་མགོ་ཞབས་མཉམས་བྱས་ལ། །ཐོར་ཏོ་གཅིག་ནི་མགོར་བྱས་ནས། །རྩེ་མོ་ནས་ནི་བཅའ་བར་བྱ། །དེ་ནས་མཁས་པས་གནས་དང་ནི། །བདག་དང་སློབ་མ་བརྟན་བསྲུངས་ནས། །ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ། ། 101-1-223a དང་པོར་བགེགས་ནི་ཞི་བའི་ཕྱིར། །མར་ལས་བརྟགས་པའི་ཡམ་ཤིང་དང་། །མར་དང་སྦྱར་བའི་ཏིལ་དག་དང་། །མར་གྱི་སྲེག་བླུགས་སྦྱིན་སྲེག་བྱ། །འབྲས་ཆན་ཞོར་སྦྱར་སྦྱིན་སྲེག་བྱ། །དེའི་འོག་ཏུ་སྙིང་པོ་སྟེ། ། དེ་ནས་ཞི་བའི་སྦྱིན་སྲེག་ནི། །ཞི་བའི་རིག་སྔགས་ཉིད་ཀྱིས་བྱ། །དེ་ནས་སློབ་མ་ལེགས་བརྟགས་ཏེ། །སྟ་གོན་གནས་པ་ཚུལ་བཞིན་བྱ། །སློབ་མ་རིགས་བཙུན་གཙང་སྦྲ་ཅན། །སྙིང་སྟོབས་ཆེ་ཞིང་ཆོས་ལྷུར་ལེན། །དད་པ་ཆེ་ ཞིང་བཟོད་དང་ལྡན། །དྲན་དང་ལྡན་ཞིང་མཁས་པ་སྟེ། །དྲང་རྐན་ཆེ་ལ་མདོངས་གསོལ་ཅན། །བརྟན་ཞིང་དུལ་ལ་སྙན་པར་སྨྲ། །སྨྲ་མཁས་པ་ལ་ཟློ་བསྐྱེལ་ཅན། །ཡང་དག་ཤེས་ཤིང་བྱས་པ་གཟོ། །བློ་དང་ལྡན་ཞིང་སྤོབས་པ་ཆེ། ། ཆེན་པོར་འདོད་ཅིང་ང་རྒྱལ་མེད། །མདོག་དང་གཟུགས་དང་ན་ཚོད་བཟང་། །བསྟན་བཅོས་དག་ལ་གོམས་པར་བྱས། །ཧ་ཅང་མི་རིང་མི་ཐུང་ལ། །དེ་ལ་སོགས་པའི་ཡོན་ཏན་དང་། །ལྡན་པའི་བློ་ཅན་སློབ་མར་ཤིས། །རང་བཞིན་ངན་ གཏུམ་གཡོན་ཅན་དང་། །སྙིང་རྗེ་མེད་ཅིང་ངན་པས་འཚོ། །ཡན་ལག་ཉམས་དང་ཡན་ལག་ལྷག །ཧ་ཅང་སྦོམ་དང་སྐེམ་དང་ལྔར། །མིག་དམར་གདོང་ནི་ཁྲོ་གཉེར་ཅན། །ཁ་དོག་འབྱེས་ཤིང་ཡན་ལག་རྣམས། །མཚན་དང་ལྡན་པ་ མ་ཡིན་དང་། །དེ་འདྲའི་སློབ་མ་སྐྱོན་མང་བ། །སློབ་དཔོན་གྱིས་ནི་སྤང་བར་བྱ། །ཤ་ཚུགས་མ་ལེགས་ཡོན་ཏན་མེད། །རིགས་དམན་ཞིང་ནི་ངན་པས་འཚོ། །ནད་བུ་ཅན་དང་དད་མེད་པའི། །སློབ་མ་རྣམས་ནི་ཡོངས་སུ་སྤང་། ། བདག་ཉིད་ངན་པའི་མི་གང་དག །སྨད་འཚོང་མ་ལ་རབ་གདུང་ཞིང་། །ཆང་དད་ཅན་དང་རྒྱན་ལ་སྲེད། །དེ་དག་རྟག་ཏུ་ཡོངས་སུ་སྤང་། །དཀོན་མཆོག་གསུམ་ལ་སེམས་དད་ཅིང་། །ཚུལ་ཁྲིམས་ཀྱི་ནི་སྡོམ་པས་བསྡམས། །ཐེག་པ་ ཆེ་ལ་ལྷག་མོས་པའི། །སློབ་མ་ཡོངས་སུ་གཟུང་བར་ཤིས། །སློབ་མ་ཡན་ལག་མ་ཉམས་དང་། །ལྷག་པར་ཡོན་ཏན་ལྡན་པ་དང་། །ནད་མེད་རིགས་ནི་བཙུན་པ་དང་། །དད་ཅིང་བརྟུལ་ཞུགས་བརྟན་པར་དཀོན། །དཀོན་མཆོག་གསུམ་ལ་ 101-1-223b གང་དད་ཅིང་། །ཐེག་པ་ཆེན་པོའི་ལུགས་ལ་དགའ། །བསོད་ནམས་འདོད་པའི་སེམས་ཅན་ནི། །ཆེན་པོ་དེ་དག་མདོར་གཟུང་ངོ་། །བདེར་གཤེགས་གསང་སྔགས་བསྒྲུབ་པ་ལ། །དོན་གཉེར་བརྩོན་པའི་སློབ་མ་ནི། །གཟུགས་ངན་ ཡོན་ཏན་མི་ལྡན་ཡང་། །བློ་དང་ལྡན་པས་གཞུག་པར་བྱ། །དཀྱིལ་འཁོར་ཆོ་ག་འཁོར་བཞི་པོ། །ཐེག་པ་ཆེ་ལ་དགའ་བའི་བདག །རང་གི་བསླབ་པ་ལ་བརྩོན་པ། །ཀུན་གྱི་ཆོ་ག་ཡིན་པར་བཤད། །ཁ་ཅིག་གསང་སྔགས་བསྒྲུབ་ བྱའི་ཕྱིར། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་དོན། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་ཆེད་ཏུ་ནི། །དད་པ་ཆེན་པོ་བསྐྱེད་བྱས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །འཇིག་རྟེན་ཕ་རོལ་དོན་དུ་ནི། །སྐྱེས་བུ་ཚེ་འདི་འབྲས་རྒྱས་པ། །དེ་ལྟར་ཚེ་འདི་འདོད་པ་ཡི། །འཇིག་རྟེན་ཕ་རོལ་རྒྱས་མི་འགྱུར། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་ བདུན་དག་གམ། །ཉི་ཤུ་དག་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་ལས་ལྷག་པའི་སློབ་མ་དག །ཡོངས་སུ་གཟུང་བར་མི་ཤེས་སོ། །མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་བཟུང་ངོ་། །གཅིག་ལ་གཅིག་ ནི་སེམས་བཟུང་ཞིང་། །ཞི་དུལ་བླ་མ་ལ་ཕན་པ། །འཕགས་པའི་ཡུལ་དང་རིགས་སྐྱེས་པའི། །སློབ་མ་མདོར་ན་གཟུང་བར་བྱ། །དེ་དག་བསྲེག་པར་བྱ་བ་ཡིས། །ཟས་ནི་ཟ་གཅིག་བཟའ་བར་བྱ། །དེ་ཡི་ནུབ་མོ་ཅི་ནུས་པར། ། དེ་བཞིན་སྡོམ་པ་འཛིན་དུ་གཞུག །གཙང་མ་གོས་དཀར་བགོས་པ་ཡི། །སློབ་མ་དེ་ལྟ་བུ་དག་གི། ཤར་ཕྱོགས་ཁ་བལྟས་འཁོད་པ་ལ། །སྟ་གོན་གནས་པ་བརྩམ་པར་བྱ། །དང་པོ་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་ བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །དེ་ནས་ཁྲོ་བོ་བཟླས་པ་ཡིས། །སྤོས་ཆུ་མགོ་ལ་གཏོར་བྱ་ཞིང་། །མགོ་ལ་བྲམས་ཏེ་མཉམ་གཞག་ནས། །ལན་བདུན་དུ་ཡང་བཟླས་བརྗོད་བྱ། ། 101-1-224a བྱུག་སྤོས་དག་གིས་བསྐུས་པ་ཡི། །ལག་པས་མགོ་ལ་བཞག་བཞིན་དུ། །མཁས་པས་རིག་པའི་རྒྱལ་པོ་ཡི། །སྙིང་པོ་ཡང་ནི་ལན་བདུན་བཟླས། །རྒྱལ་བའི་རིགས་ལ་རིག་སྔགས་རྒྱལ། །འཁོར་ལོས་ སྒྱུར་བའི་ཡི་གེ་གཅིག །པད་མའི་རིགས་ལ་རིག་སྔགས་རྒྱལ། །རྟ་མགྲིན་ཡི་གེ་བཅུ་པའོ། །རྡོ་རྗེ་རིགས་ལ་རིག་སྔགས་རྒྱལ། །དེ་བཞིན་གནོད་མཛེས་མཐུ་བོ་ཆེ། །ཡི་གེ་ཧཱུྃ་ནི་བཞི་དང་ལྡན། །ལས་རྣམས་ཀུན་ལ་ རབ་ཏུ་དྲག །ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི། །རིགས་གསུམ་དག་གི་སྤྱི་ལ་ཡང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་བཤད། །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་བྲམ་ ཞིང་བཟླས། །དེ་ཉིད་ཀྱིས་ནི་བསང་གཏོར་བྱ། །བདུག་སྤོས་དག་གིས་རབ་ཏུ་བདུག །དབང་བསྐུར་བ་ཡི་བུམ་པ་ནི། །འབྲུ་ལ་སོགས་པ་ཀུན་ལྡན་པ། །ཆུ་ནི་ཅུང་ཟད་བླུགས་ནས་སུ། །རིག་པའི་རྒྱལ་པོས་མངོན་བསྔགས་ ཏེ། །སྤོས་ཆུའི་མཆོད་ཡོན་ཕུལ་ནས་ནི། །ཆོ་ག་བཞིན་དུ་སྟ་གོན་བྱ། །མེ་ཏོག་དག་ཀྱང་བླུགས་ནས་སུ། །བདུག་སྤོས་དག་གིས་བདུག་པར་བྱ། །ཕྱི་དེ་ཉིན་པར་དུས་གསུམ་དུ། །མཁས་པས་བཟླས་བརྗོད་ལེགས་ པར་བྱ། །དཀྱིལ་འཁོར་དུ་ཡང་བཟླས་ནས་ནི། །དེ་ཡིས་མངོན་བར་དབང་བསྐུར་རོ། །སློབ་མ་འཐུན་པར་ཚོགས་པ་རྣམས། །བྱང་གི་ཕྱོགས་སུ་ཁ་བལྟས་ཤིང་། །ཐལ་མོ་སྦྱར་ཏེ་འཁོད་པ་ལ། །སོ་ཤིང་གོ་རིམས་ བཞིན་དུ་སྦྱིན། །སློབ་མ་ཤར་དུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་བ་ཟིན་ནས་མི་དགོས་ཤིང་། །ཕན་ཚུན་དུ་ཡང་མི་དོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཚེ་མདུན་དུ་ལྟ་བ་དང་། །དེ་ཚེ་གྱེན་དུ་འགྲེང་འགྱུར་ན། ། དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་བོར་བ་བརྒྱ་ལམ་ན། །གལ་ཏེ་ཐུར་དུ་ཁ་ 101-1-224b བལྟས་ན། །དེ་ནི་ངེས་པར་ས་འོག་གི། །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །སློབ་མ་ཉེ་རེག་བྱས་ནས་ནི། །སྔ་མ་བཞིན་དུ་འཁོད་པ་ལ། །རེ་རེ་ལ་ཡང་བཏུང་བའི་ཕྱིར། །བླ་མས་ལས་ཀུན་བྱེད་པ་ཡི། །གསང་སྔགས་དག་གི་སྤོས་ ཀྱི་ཆུས། །ཁྱོར་བར་བླུགས་པས་ལན་བདུན་བླུད། །དེར་ནི་འཐུངས་ཏེ་ལངས་ནས་སུ། །ཕྱི་རོལ་དུ་ནི་ཁ་བཀྲུ་བྱ། །དེ་ནས་མཆོད་པ་ཡང་བྱས་ནས། །བདུག་སྤོས་ལག་ཏུ་ཐོགས་ནས་སུ། །བློ་གྲོས་ཅན་གྱིས་ལྷ་རྣམས་ལ། །གུས་ པར་གསོལ་བ་གདབ་པར་བྱ། །གང་གི་དཀྱིལ་འཁོར་ཡིན་པའི་སྔགས། །དེ་ལ་ཐོག་མར་གདས་པར་གསོལ། །གོ་རིམས་དེའི་ཚུལ་གྱིས་ནི། །ལྷ་རྣམས་ཀུན་ལ་གདས་པར་གསོལ། །འདི་ཞེས་བྱ་བའི་བཅོམ་ལྡན་འདས། ། རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། ། དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་ པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་གི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་ བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ ལན་གསུམ་སྨྲས་ནས་ནི། །བསམ་པ་དག་པས་ཕྱག་བྱས་ཏེ། །བསྟོད་པའི་ཚིག་ཀྱང་བརྗོད་ནས་སུ། །དེ་ནས་སླར་ཡང་གཤེགས་སུ་གསོལ། །འདོད་ཆགས་བྲལ་དང་ལྡན་པའི་ཆོས། །སློབ་མ་རྣམས་ལ་བཤད་ 101-1-225a ནས་ནི། །ཀུ་ཤ་བཏིང་བའི་ས་གཞི་ལ། །ཤར་ཕྱོགས་སྔས་ལྟས་ཉལ་དུ་གཞུག །དེ་ནས་ནང་པར་ནམ་ལངས་ནས། །རྨི་ལམ་ཅི་མཐོང་དྲི་བར་བྱ། །ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། ། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་གཞན་ལ་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་ སྤྱོད་པ་དང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པོ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་ དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་དག་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་ དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་ཀྱང་། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེར་གཤེགས་སྤྱོད་པ་འཐུན་པ་ཡི། །དཀའ་ཐུབ་ཅན་དང་ བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་དང་རྟ་དང་ངང་པ་དང་། །སེང་གེ་དང་ནི་རི་དགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། ། ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་ཚོགས། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དང་ནི་གཞོན་ ནུ་དང་། །བུད་མེད་གཟུགས་ནི་བཟང་མོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་པའི་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། །གཡུལ་ལས་རྒྱལ་དང་ 101-1-225b དགྲ་གསོད་དང་། །གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་དག་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཁང་ཐོག་འཛེག །ངོ་མཚར་རྣམ་པ་སྣ་ཚོགས་དང་། །རྨི་ལམ་དུ་ནི་མཐོང་ན་དགེ། ཡམ་ཤིང་མེ་ལ་སྦྱིན་སྲེག་ བྱེད། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་རྐྱལ་ཏེ་རོང་ལས་རྒལ། །རྐུན་པོ་དག་ནི་ཚར་གཅོད་པ། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟོབས་རྡེབ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་བ་དང་། །དེ་བཞིན་རྩལ་སྦུངས་བྱེད་པ་དང་། ། བཀྲ་ཤིས་དག་ནི་ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །བསྒྲུབ་པ་བཟང་པོ་རྩོམ་པ་དང་། །སྒྲུབ་པ་པོ་དག་མཐོང་བ་དང་། །དེ་ལ་སོགས་པའི་ལྷ་རྣམས་ ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་བཟློག་པ་སྤང་བར་བྱའོ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་རྣམས་ནི་མི་འགྲུབ་པོ། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། ། དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་པོ། །རབ་དང་འབྲིང་དང་ཐ་མ་འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། ། ཆོ་ག་བཞིན་དུ་ཞི་བར་བྱ། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་བྱ། །དཀྱིལ་འཁོར་གྱི་ནི་གསང་སྔགས་ཀུན། །ནང་པར་རྗེས་སུ་དྲན་བྱས་ནས། །གོས་ དཀར་བགོས་ཤིང་མ་ཡེངས་པར། །དཀྱིལ་འཁོར་གྱི་ནི་དྲུང་དུ་འགྲོ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །ཚོན་སྣ་ལྔའི་སྲད་བུ་ལ། །དེ་དག་ཉིད་ཀྱིས་བརྒྱར་བཟླས་ཏེ། །བཟང་པོའི་ལྟས་དང་ སྦྱར་ནས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །ཐིག་སྐུད་ཀྱི་ནི་ཚོན་སྣ་ལྔ། །དཀར་དང་དམར་དང་དེ་བཞིན་སེར། །སྔོ་དང་ལྔ་པ་ནག་པོ་སྟེ། །ཚོན་རྩི་རྣམས་ཀྱང་དེ་དང་འདྲ། །དཀོན་མཆོག་གསུམ་ལ་མཆོད་བྱ་ཞིང་། ། 101-1-226a ལྷ་རྣམས་གནས་ལའང་ཕྱག་བྱས་ནས། །མཁས་པས་སྲད་བུ་བྲི་བར་བྱ། །ནང་པར་ཉི་མ་ཤར་བའི་ཚེ། །བློ་ཡིས་ཕྱོགས་ཆ་ལེགས་བརྟགས་ལ། །དང་པོར་ཤར་ནས་མཉམས་ཏེ་གཟུང་། །སློབ་དཔོན་བྱང་དུ་ཁ་ལྟས་ ཏེ། །སྲད་བུ་འཛིན་པ་དེ་ལ་བལྟ། །དེ་ནས་གཡས་ཕྱོགས་བསྐོར་ནས་ནི། །བདག་ཉིད་ནུབ་ཕྱོགས་ཁ་བལྟས་ཏེ། །དེ་ནས་སྲད་བུ་ནུབ་ཕྱོགས་སུ། །བདག་ཉིད་ཀྱིས་ནི་བྲེ་བར་བྱ། །དེ་ཡི་འོག་ཏུ་བྱང་ཕྱོགས་སུ། །མཁས་པས་སྲད་ བུ་བྲེ་བར་བྱ། །དང་པོར་བདག་ཉིད་མེ་ཕྱོགས་སུ། །འདུག་ནས་ཕྱོགས་གཉིས་བརྟག་པར་བྱ། །དེ་ཡི་འོག་ཏུ་རླུང་ཕྱོགས་སུ། །ཕྱོགས་གཉིས་ནས་ནི་སྲད་བུ་བྲེ། །བདེན་བྲལ་དབང་ལྡན་གྲྭ་གཉིས་ནས། །སྲད་བུ་འཛིན་པ་བལྟ་བར་ བྱ། །གྲུ་བཞི་ལྷམ་པར་མཉམས་ནས་སུ། །རྒྱ་གྲམ་ཐམས་ཅད་མཉམ་པར་མཉམས། །དེ་ལྟར་སྲད་བུས་གཏན་ལ་དབབ། །མཉམས་ནས་དེ་ཡི་དཀྱིལ་དུ་ནི། །ཕུར་བུ་གཅིག་ཀྱང་གདབ་པར་བྱ། །དེ་ནས་དེ་ཡི་འོག་ཏུ་ཡང་། ། གྲྭ་བཞིར་ཕུར་བུ་བཞི་གདབ་བོ། །དེ་བཞིན་དཀྱིལ་འཁོར་གཉིས་པ་དང་། །གསུམ་པ་ལེགས་པར་གྲྭ་དག་ནས། །ཆེ་ཆུང་དག་ཀྱང་རིམ་པ་བཞིན། །ཡོངས་སུ་བརྩམ་པར་བྱ་བར་བཤད། །རིམ་གྱིས་ཕྱེད་ཕྱེད་དབྲི་བར་བྱ། ། དེ་ལས་གཞན་པའི་འཁོར་གྱི་ནི། །དཀྱིལ་འཁོར་བཤད་པ་གང་ཡིན་པ། །དེ་ཀུན་ཕྱེ་མ་དཀར་པོ་ཡིས། །ཆིག་རྐྱང་དུ་ནི་བྲི་བར་བཤད། །དཀྱིལ་འཁོར་ཉིས་རིམ་སུམ་རིམ་འམ། །བཞི་འམ་མང་པོར་བྱ་བ་ལ། །ཕྱི་རིམ་གང་ཡིན་དེ་ལ་ ནི། །སྒོ་གཅིག་པ་དང་རྒྱ་ཆེར་བྱ། །གཞན་ནི་ཕྱོགས་ཀྱི་ཆ་བཞིན་དུ། །སྒོ་བཞི་སྒོ་ཁྱུད་བཅས་པར་བྱ། །ཡང་ན་ཐམས་ཅད་དོགས་མེད་པར། །སྒོ་རེ་རེ་བཞི་བྱ་བ་ཡིན། །སྙིང་པོ་དཀྱིལ་འཁོར་ངེས་པར་ནི། །རབ་ཏུ་བཟང་པོ་སྒོ་ བཞིར་བྱ། །ནུབ་ཕྱོགས་སྒོ་འམ་ཡང་ན་ནི། །གང་ལས་ཇི་སྐད་བཤད་པར་དབྱེ། །ལྷག་མ་རྣམས་ནི་དཀར་པོ་ཡི། །ཕྱེ་མས་གཅད་པར་བྱ་བ་ཡིན། །དཀྱིལ་འཁོར་རྣམ་གསུམ་དགོད་པ་ཡིས། །དཀྱིལ་འཁོར་རབ་ཏུ་མང་བཤད་ 101-1-226b ཀྱང་། །དེ་ནི་དཀྱིལ་འཁོར་མང་པོ་དག །རྣམ་པར་དགོད་པ་བཤད་པ་གང་། །དེ་དག་རྣམས་ནི་ཐམས་ཅད་ཀྱི། །རྣམ་པར་དབྱེ་བ་ཡིན་པར་གྲགས། །ལྷ་ཡི་གཙོ་བོར་གྱུར་པ་རྣམས། །རྟག་ཏུ་དཀྱིལ་དུ་དགོད་པར་བྱ། །དེ་ཡི་ལྷག་མའི་ དཀྱིལ་འཁོར་ནི། །གཉིས་པ་དག་ཏུ་དགོད་པར་བྱ། །འཇིག་རྟེན་སྐྱོང་བ་ལ་སོགས་པ། །དཀྱིལ་འཁོར་གསུམ་པ་བསྡུ་བར་བཤད། །དེ་ལས་གཞན་རྣམས་ཇི་སྐད་དུ། །བཤད་པ་དེ་བཞིན་ཁོ་ནར་དགོད། །དཀྱིལ་འཁོར་ཐིག་གདབ་ ཐིག་སྐུད་ནི། །ཁ་བསྒྱུར་གཙང་མ་སྲ་ཞིང་ཕྲ། །དེ་བཞིན་བུ་མོ་གཞོན་ནུས་བཀལ། །སར་པ་ཤིན་ཏུ་གཙང་མ་དང་། །མཛེས་ཤིང་ཤིན་ཏུ་རན་པ་དག །དྲི་ཞིམ་རེག་ན་བདེ་བ་དང་། །ལེགས་པར་བཀལ་དང་སྲ་བ་དང་། །སྦོམ་ཕྲ་ལ་ སོགས་བཀལ་ལེགས་དང་། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །མཆོད་སྦྱིན་ཤིང་གི་ཕུར་བུ་དག །མཐུར་དུ་རྩེ་བསྟན་མངོན་བསྔགས་པ། ། དཀྱིལ་འཁོར་བྲི་བའི་ཆོ་ག་ལ། །ཕྱོགས་བཞི་དག་ཏུ་གདབ་པར་བྱ། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ནད་ཀྱིས་འདེབས། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེ་བས་ཐམས་ ཅད་ནན་ཏན་དུ། །མཁས་པས་ལེགས་པར་ཐིག་གདབ་བོ། །ཁྱིམ་སའི་དཔྱད་ལས་ཅི་བྱུང་བའི། །ས་ཡི་ངེས་པ་དེ་དང་འདྲ། །དེ་ནས་བླ་མས་ཅི་འབྱོར་པས། །འཕགས་པའི་དགེ་འདུན་ཆོས་སྟོན་གསོལ། །ཡང་ན་བླ་ མས་བསྒོས་པ་ཡི། །སློབ་མ་རྣམས་ཀྱིས་ཆོས་སྟོན་གསོལ། །གལ་ཏེ་མི་འབྱོར་དགེ་འདུན་གྱིས། །བསྐོས་པའི་དགེ་སློང་ཆོས་སྟོན་སྦྱིན། །ཡང་ན་སངས་རྒྱས་མཆོད་པ་འམ། །དགེ་འདུན་དག་ལ་ཡོན་ཡང་དབུལ། ། བླ་མ་སློབ་མ་དང་བཅས་པར། །ཁྲོ་བོ་རྒྱལ་པོ་རྗེས་དྲན་ཞིང་། །སྐྱུ་རུ་ར་ལ་སོགས་པ་ཡིས། །ཕྱི་དྲོ་ཚུལ་བཞིན་ཁྲུས་བྱའོ། །ཁྲུས་བྱས་གཙང་ཞིང་གོས་དཀར་བགོས། །ཡོ་བྱད་རྣམ་པ་ཀུན་དང་ལྡན། །བྱམས་པའི་སེམས་ནི་ 101-1-227a ཉེར་བཞག་ནས། །དཀྱིལ་འཁོར་གྱི་ནི་དྲུང་དུ་འདོང་། །བླ་མས་ཚོགས་རྣམས་ཀུན་བསགས་ཤིང་། །ལྟ་བ་ངན་པ་ཐམས་ཅད་སྤངས། །དཀྱིལ་འཁོར་བྲི་བ་ཐམས་ཅད་ལ། །བླ་མས་མཁས་པ་དག་ཏུ་བྱ། །དང་པོར་དཀྱིལ་ འཁོར་ས་གཞི་ལ། །བ་ཡི་གཅིན་དང་བསྲེས་པ་ཡི། །བ་ཡི་ལྕི་བས་བསྐུ་བྱ་ཞིང་། །དེ་ནས་སྤོས་ཆུས་བསང་གཏོར་བྱ། །ས་གཞི་ཁོ་ར་ཁོར་ཡུག་ཏུ། །ཆག་ཆག་གདབ་ཅིང་ཕྱག་དར་བྱ། །ཡིད་ནི་མོས་པར་བྱ་བའི་ཕྱིར། །མེ་ཏོག་སིལ་ མ་གཏོར་བར་བྱ། །སྲད་བུ་དག་གིས་ཡོངས་སུ་བསྐོར། །རྒྱལ་མཚན་རྟ་བབས་དག་གིས་མཚན། །བརྒྱུས་པའི་ཕྲེང་བ་རྣམས་བྲེ་ཞིང་། །བཀྲ་ཤིས་ཆོ་གར་བསྟན་པར་བྱ། །དེ་ནས་བྱང་གི་ཕྱོགས་གཅིག་ཏུ། །ཡོ་བྱད་ཐམས་ཅད་ བསོག་པར་བྱ། །ཁྲོ་བོའི་རྒྱལ་པོས་བསྲུངས་ནས་སུ། །བློ་དང་ལྡན་པས་དགོད་པར་བྱ། །གནས་ནི་བསང་གཏོར་བྱ་བ་དང་། །བགེགས་རྣམས་བསལ་བར་བྱས་ནས་ནི། །བདག་དང་དཀྱིལ་འཁོར་དག་ཀྱང་ནི། །དང་པོར་ཀུན་ནས་བསྲུང་ བྱ་སྟེ། །བཀྲ་ཤིས་ལྟས་དང་སྦྱར་ནས་ནི། །མོས་པའི་སེམས་ནི་བསྐྱེད་བྱ་ཞིང་། །མཚམས་ཀྱི་དུས་སུ་བབ་པ་ཡི། །སྲོད་ཀྱི་དུས་ལ་བརྩམ་པར་བྱ། །ལྟས་དང་མི་ལྡན་གྱུར་ན་ཡང་། །སེམས་ནི་ཞུམ་པར་མི་བྱ་བར། །རིགས་ གསུམ་དག་ལ་ཕྱག་བྱས་ནས། །དལ་གྱིས་ལེགས་པར་བརྩམ་པར་བྱ། །ལྟས་ངན་དག་ནི་ཡང་དང་ཡང་། །བརྟུད་མར་བྱུང་བར་གྱུར་ན་ནི། །དེ་ན་དངོས་གྲུབ་མེད་གྱུར་གྱིས། །དེ་ཚེ་བརྩམ་པར་མི་བྱ་ཡི། །ཡང་ན་དེ་ནི་ཞི་བའི་ ཕྱིར། །ཡམ་ཤིང་མེ་ནི་འབར་བ་ལ། །བ་ཡི་མར་ལས་བརྒྱ་རྩ་བརྒྱད། །ཞི་བའི་ཕྱིར་ནི་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །སངས་རྒྱས་སྤྱན་གྱིས་ཞི་བར་བྱ། །པད་མའི་རིགས་ལ་གྲགས་ལྡན་མ། ། རྡོ་རྗེའི་རིགས་ལ་མཱ་མ་ཀཱི། །རིགས་གསུམ་དག་གི་སྤྱི་ལ་ཡང་། །རིག་སྔགས་ཆེན་མོ་མཱ་མ་ཀཱི་བློ་དང་ལྡན་པས་ལས་ཀུན་ལ། །དེ་བས་དེས་ནི་ཞི་བར་བྱ། །དཀྱིལ་འཁོར་བདག་པོ་ 101-1-227b ཆོ་ག་བཞིན། །དེ་ནས་མཆོད་ཡོན་དབུལ་བར་བྱ། །སྣོད་ནི་གསེར་དང་དངུལ་དག་དང་། །ཟངས་ལ་བྱས་པ་འམ་དུང་ཡང་རུང་། །ཤིང་ལ་བྱས་པའམ་རྡོ་དག་གམ། །ཁམ་པ་སར་པའི་གཙང་མའང་རུང་། །དེར་ནི་མེ་ཏོག་དཀར་པོ་ བླུགས། །བདུག་སྤོས་ཀྱིས་ཀྱང་བདུག་པར་བྱ། །དེ་ནས་དྲི་ཞིམ་ཆུ་བླུགས་ནས། །བློ་ལྡན་ལག་གི་བྲམ་བྱ་ཞིང་། །བདུག་སྤོས་ཀྱིས་ནི་བདུག་བཞིན་དུ། །ཡིད་ཀྱིས་རབ་ཏུ་བཟླས་བརྗོད་བྱ། །དེ་ནས་བློ་དང་ལྡན་པ་ཡིས། ། རྩ་བའི་གསང་སྔགས་ཟློས་བྱེད་ཅིང་། །ས་ཡི་དབུས་ཀྱི་ཕྱོགས་སུ་ནི། །པུས་མོ་གཉིས་བཙུགས་མཆོད་ཡོན་དབུལ། །ཡང་ན་དཀྱིལ་འཁོར་ཐམས་ཅད་ཀྱི། །ལས་ལ་མཆོད་ཡོན་དོན་དུ་ནི། །མེ་ཏོག་དཀར་པོའམ་བདུག་ སྤོས་ནི། །བཟང་པོའམ་དྲི་ཞིམ་བྱུག་སྤོས་དབུལ། །བདུག་སྤོས་དག་དང་བྱུག་སྤོས་ནི། །སྲོག་ཆགས་ཡན་ལག་བཅས་པ་སྤང་། །ལས་སུ་བྱ་བ་ཐམས་ཅད་ལ། །ཆུ་ནི་གཙང་མ་བཙག་པར་བྱ། །དཀྱིལ་འཁོར་དག་ ཏུ་ཚིག་རྐྱང་བའི། །བྱུག་སྤོས་དག་གམ་བདུག་སྤོས་དག །མེ་ཏོག་སྐམ་ལས་སྐྱེས་པ་ནི། །དྲི་ཞིམ་པ་དང་དཀར་པོ་ཤིས། །དེ་ནས་སློབ་མ་བསོགས་ནས་ནི། །སྤོས་ཀྱི་ཆུ་ཡིས་བསང་གཏོར་བྱ། །ཚོགས་པ་བསྲུང་བ་ བྱས་པ་རྣམས། །ཕྱོགས་གཅིག་ཏུ་ནི་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་གླགས་ཏེ། །གུས་པར་ཡང་ནི་ཕྱག་བྱས་ནས། །འཕགས་པའི་ཚོགས་ཀུན་བསམས་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། ། མཁས་པས་ལྕགས་ནི་རྣམ་ལྔ་འམ། །ཕྱེ་མ་དཀར་པོ་ལ་སོགས་པའམ། །དད་ཅིང་ཡོན་ཏན་ལྡན་པ་ཡི། །སློབ་མས་རིན་ཆེན་ཕྱེ་མས་བྲི། །རིན་ཆེན་ལྕགས་རྣམས་མ་འབྱོར་ན། །སཱ་ལུ་བཏགས་པའི་ཕྱེ་མས་ བྱ། །ཚོན་རྩི་ལྔར་བཤད་ཞིབ་མོ་དང་། །འབྱུང་ཁུངས་ནས་བྱུང་ཕྱེ་མ་དང་། །རྡོའི་ཁམས་ནི་སྣ་ཚོགས་དག །ཕྱེ་མའི་ལས་ལ་སྦྱར་བར་བྱ། །དེ་ལྟར་རྣམ་པ་བཞི་པོ་དག །ཕྱེ་མའི་རྒྱུར་ནི་བསྒྲགས་པ་ཡིན། ། 101-1-228a ལྕགས་རྣམས་ཀུན་དང་རིན་ཆེན་དང་། །འབྱུང་ཁུངས་ས་དང་འབྲས་བཏགས་པ། །དཀྱིལ་འཁོར་ཀུན་གྱི་ལས་རྣམས་ལ། །ཕྱེ་མའི་དོན་དུ་སྦྱར་བར་བྱ། །ཡང་ན་ལས་ཀྱི་ཆོ་ག་ལ། །ཕྱེ་མ་དམར་པོ་སོ་ཕག་ བསྲེགས། །ནག་པོ་ཐལ་བ་དཀར་པོ་ནི། །ནས་དང་གྲོ་ལས་བྱས་པ་གནང་། །བྱ་བ་རིངས་པ་འབྱུང་བ་དང་། །བགེགས་རྣམས་ཚར་གཅད་བྱ་བ་དང་། །དྲག་ཤུལ་སྤྱད་པའི་ལས་དག་གི། །དཀྱིལ་འཁོར་ལས་ལ་ཐལ་བ་གནང་། ། དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །ཕྱེ་མའི་རྒྱུ་ནི་སྔར་བཤད་པ། །ཀུན་ཀྱང་རུང་སྟེ་ཁྱད་པར་དུ། །དང་པོ་ལ་སོགས་རིམས་བཞིན་ཤིས། །དམ་ཚིག་ལས་ལ་ལྕགས་ཀྱི་བཟང་། །རིན་ཆེན་ལས་བྱུང་དབང་བསྐུར་ལ། །སཱ་ལུའི་ ཕྱེ་མ་ཞི་བ་ལ། །འབྱུང་ཁུངས་ལས་བྱུང་རྒྱས་པ་ལ། །དྲག་ཤུལ་སྤྱོད་ལ་ཁྱད་པར་དུ། །ཐལ་བ་ལ་སོགས་བྱ་བར་ཤིས། །དེ་ནི་ཕྱེ་མའི་ཆོ་གའི་རིམ། །ཁྱད་པར་དང་བཅས་བསྟན་པ་ཡིན། །བྱང་ཤར་མཚམས་ནས་བརྩམས་ ནས་སུ། །རྡོ་རྗེ་ཁུ་ཚུར་སྦྱོར་བ་འམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱ་འམ། །ལྷུང་བཟེད་རྒྱའི་སྦྱོར་བ་འམ། །ཡང་ན་རིག་བྱེད་ལག་པས་བྲི། །དཀར་པོ་དང་པོར་དགྱེ་བར་བྱ། །དེ་ཡི་འོག་ཏུ་དམར་པོ་དགྱེ། །དེ་ནས་སེར་པོ་དགྱེ་བར་བྱ། ། དེ་ཡི་འོག་ཏུ་ལྗང་གུ་དགྱེ། །སྔགས་པས་ཀུན་གྱི་ཕྱི་རོལ་དུ། །ཚོན་རྩི་ནག་པོ་དགྱེ་བར་བྱ། །གཡས་སུ་བསྐོར་ཞིང་རྒྱུན་མི་བཅད། །ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང་། །མ་སྙོམས་པ་དང་བར་ཆད་ན། ། གནོད་པ་མང་པོ་འབྱུང་བར་འགྱུར། །དེ་བས་ནན་ཏན་ཆེར་བྱས་ཏེ། །མཁས་པས་ཕྱེ་མ་དགྱེ་བར་བྱ། །ཕྱོགས་རྣམས་ཀུན་དུ་མཁས་པ་ཡིས། །དབུས་སུ་སྒོ་ནི་གདོད་པར་བྱ། །ངོས་གཉིས་སུ་ནི་ཆ་དག་ཀྱང་། །བཞི་བཞི་དག་ནི་ དོར་བར་བྱ། །ཆབ་སྒོ་ཆེན་པོ་སྟེགས་བུར་བཅས། །ཆུང་ཟད་གཅིག་ནི་ལྷག་པར་བྱ། །ཆབ་སྒོ་གཞན་རྣམས་བཅད་པར་ནི། །ཕྱེ་མ་དཀར་པོ་དག་གིས་ནི། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཡང་ན་སྒོ་ཡི་ཕྱག་རྒྱ་ 101-1-228b འམ། །སྒོ་སྲུངས་ཇི་ལྟར་འདོད་པར་བྲི། །དང་པོ་ཚོན་རྩི་སྣ་ལྔས་བྲི། །དཀྱིལ་འཁོར་གཉིས་པ་སྣ་གསུམ་གྱིས། །གསུམ་པ་ཕྱེ་མ་དཀར་པོ་ཡིས། །གཅིག་རྐྱང་དུ་ནི་བྲི་བར་བྱ། །གཞན་ཡང་ཁ་ཅིག་གང་བཤད་པ། །དེ་ཡི་རི་མོ་གཅིག་ རྐྱང་ཉིད། །ཐལ་ཕྱེར་བཤད་པ་གང་ཡིན་པ། །དེ་དག་ཐམས་ཅད་རི་མོ་གཅིག །དེ་ལྟར་དཀྱིལ་འཁོར་བྲིས་ནས་སུ། །ཆ་གསུམ་དུ་ནི་ལེགས་བརྟགས་ལ། །ཆུ་ཞེང་དག་ནི་ཆ་གཉིས་ཀྱང་། །ཤིན་དུ་ལེགས་པར་ངེས་པར་བྱ། །རྣམ་པར་དབྱེ་ བ་འདི་དག་ནི། །རིགས་གསུམ་དག་གི་སྤྱིར་བསྟན་ནོ། །ཡང་ན་སོ་སོ་རྒྱུད་རྣམས་ལས། །གོ་རིམས་ཇི་སྐད་བཤད་བཞིན་བྱ། །ལྷ་ཡི་གནས་ཀྱི་ས་གཞི་རྣམས། །བ་གླང་ལྕི་བས་བསྐུ་བར་བྱ། །དེ་ཡི་འོག་ཏུ་ཁྱད་པར་དུ། །བ་ཡི་རྣམ་ལྔའི་ ཆུ་ཡིས་བསྐུ། །ཐམས་ཅད་སྤོས་ཀྱི་ཆུས་གཏོར་ནས། །དེ་ཡི་འོག་ཏུ་ཕྱེ་མ་དགྱེ། །རིག་སྔགས་རྒྱལ་པོས་མངོན་བསྔགས་པའི། །སྤོས་ཀྱི་ཆུ་ཡིས་གཏོར་བར་བྱ། །དཀྱིལ་འཁོར་དག་གི་ཆོ་ག་ནི། །རྣམ་པ་གསུམ་པོ་མ་ལུས་ལ། ། ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་གསུམ་དུ་རབ་ཏུ་བཤད། །དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་པ་དག་ནི་ཕྱག་རྒྱ་བྲི། །གསུམ་པ་སྟན་དང་གནས་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་བསྒྲགས། །བློ་དང་ལྡན་པས་ གཟུགས་ཀྱི་ཚུལ། །བྲི་བ་དེ་ལ་མཁས་པར་བྱ། །གཙང་མས་བསྒྲིམས་ཏེ་རང་གི་ནི། །ངོ་བོ་ཇི་སྐད་བཤད་བཞིན་བྲི། །གཟུགས་དང་འཚམ་པར་ཡན་ལག་གདགས། །གསལ་ཞིང་རྣམ་པར་འབྱེས་པར་བྲི། །གཟུགས་ཀྱང་ དཀྱིལ་འཁོར་རྣམས་ཀྱི་ནི། །ཚད་དང་སྦྱར་ཞིང་བྱ་བར་བསྒྲགས། །རང་གི་ལུང་ལས་ཁ་དོག་གཟུགས། །འབྱུང་བ་བཞིན་དུ་གཟུགས་བྲིས་ཏེ། །ཅི་ནས་ཡན་ལག་མ་ཉམས་ཤིང་། །རང་བཞིན་ཞི་བའི་གཟུགས་སུ་བྲི། ། གསང་སྔགས་ཆོ་ག་ཤེས་པ་ཡིས། །ཆོ་ག་འདི་ཡིས་དཀྱིལ་འཁོར་བྲི། །བློ་དང་ལྡན་པ་མ་བསླབས་པས། །ཕྱག་རྒྱ་རྣམས་སུ་དགོད་པར་བྱ། །བསླབས་པས་ཀྱང་ནི་ཕྱེ་མ་ཡིས། །ཡན་ལག་རྫོགས་པར་རབ་ཏུ་དཀའ། ། 101-1-229a ཡན་ལག་རྫོགས་ཤིང་རྒྱས་བྱ་ན། །ཆོ་གའི་ལས་ལ་རིང་དུ་ཐོགས། །གཟུགས་རྣམས་ལེགས་པར་བསྒྲུབས་ན་ནི། །མང་པོ་རྣམས་ནི་ཟིན་མི་འགྱུར། །ཡན་ལག་ཉམས་ན་བྱིན་མི་རློབ། །དངོས་མི་འགྲུབ་པར་རབ་ཏུ་ བཤད། །དེ་ལྟ་བས་ན་མཁས་པ་ཡིས། །ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་དགོད། །ཡང་ན་རིགས་གསུམ་བདག་པོ་རྣམས། །ཅི་འདོད་པར་ནི་གཟུགས་སུ་དགོད། །དེ་ལས་སངས་རྒྱས་བཅོམ་ལྡན་གྱི། །ཕྱག་རྒྱ་གཙུག་ཏོར་ གོ་རིམས་བཞིན། །ཡིད་ལ་དེའི་སྔགས་ཟློས་ཤིང་། །ཕྱེ་མ་དཀར་པོས་བྲི་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་རྒྱ་པད་མར་རབ་ཏུ་བསྒྲགས། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི། །རྡོ་རྗེ་རྣོན་པོ་རྩེ་གསུམ་འབར། ། ལྷ་རྣམས་གཞན་གྱི་ཕྱག་རྒྱ་ནི། །ལུང་ལས་ཇི་སྐད་བཤད་པ་བཞིན། །ཡང་ན་རིགས་ཀྱི་བདག་པོའི་རྒྱ། །དེ་དང་དེར་ནི་སྤྱི་ཡི་ཡིན། །ལྷ་རྣམས་གང་དང་གང་དག་གི། མཚན་མ་གང་དང་གང་ཡིན་པ། །དེ་དང་དེ་དག་དེ་ཡི་རྒྱ། །འདི་ནི་མ་ ནོར་མདོར་བཤད་བྱ། །དྲག་པོའི་ཕྱག་རྒྱ་རྩེ་གསུམ་རྣོ། །བཀའ་བཟློག་ཕྱག་ན་རྩེ་གསུམ་གདེངས། །ཁྱབ་འཇུག་གི་ནི་འཁོར་ལོ་རྣོ། །སྡེ་ཆེན་གྱི་ནི་མདུང་ཐུང་ཡིན། །ཚངས་པའི་པད་མ་ཡིན་པར་བཤད། །བརྒྱ་བྱིན་གྱི་ནི་རྡོ་རྗེར་ གསུངས། །མེ་ལྷའི་ཕྱག་རྒྱ་ཞུགས་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཡིན། །བདེན་བྲལ་གྱི་ནི་རལ་གྲི་ཡིན། །ཆུ་བདག་གི་ནི་ཞགས་པར་བཤད། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་རའི་དབྱུག་ཏོ་སྟེ། །དབང་བདག་ གི་ནི་རྩེ་གསུམ་གསུངས། །འདི་བརྒྱད་ཕྱོགས་ཀྱི་ལྷ་བརྒྱད་ཀྱིའོ། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ལྷ་རྣམས་སོ་སོའི་བྱེ་བྲག་ལས། །སྭ་སྟི་ཀ་ལ་སོགས་པའི་རྒྱ། །མཁས་པས་ཇི་ སྐད་བཤད་བཞིན་བྲི། །ཡང་ན་ཀུན་གྱི་ཟླུམ་པོར་བྲི། །གང་དུ་ལྷ་རྣམས་གཟུགས་དག་ཏུ། །དགོད་པ་བཤད་པ་དེར་ཡང་ནི། །ཕྱག་རྒྱ་དག་གམ་ཡང་ན་ནི། །སྟན་དུ་དགོད་པ་རྣམ་པར་བཤད། །དེ་ལ་སོགས་པའི་ཕྱག་རྒྱ་ 101-1-229b རྣམས། །ཇི་སྐད་བཤད་པའི་ཆོ་ག་བཞིན། །དཀྱིལ་འཁོར་དག་ཏུ་མ་སྨོས་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བཤད། །དེ་ལྟར་ཕྱག་རྒྱ་དགོད་པ་འདིས། །དགོད་པ་གཉིས་པར་བཤད་པ་ཡིན། །སྟན་དུ་དགོད་པའི་ཆོ་ག་ནི། །འདི་ལས་གཞན་ པ་གསུམ་པར་བཤད། །དཀྱིལ་འཁོར་དག་གི་ནང་དུ་ནི། །ཚོན་རྩི་ཕྱེ་མའི་ཐིག་ལེར་བྲི། །དཀྱིལ་འཁོར་དག་གི་ཚད་ལས་ནི། །ཁོ་ར་ཁོར་ཡུག་རྒྱ་ཆེར་བསྐོར། །རིགས་ཀྱི་བདག་པོའི་ལྷ་རྣམས་ནི། །གོ་རིམས་བཞིན་དུ་དེ་ལྟར་བྲི། ། ལྷ་རྣམས་གཞན་ནི་གདན་རྣམས་ཀྱི། །སྤྱིའི་ཆོ་ག་བཤད་པ་ཡིན། །ཟླུམ་པོའམ་ཡང་ན་གྲུ་བཞི་རུང་། །ཐོག་མ་སྟན་ནི་དགོད་པར་བྱ། །ཡིད་ལ་དེའི་སྔགས་ཟློས་ཤིང་། །དེའི་སྟེང་དུ་མཁས་པས་དགོད། །ཕྱི་རོལ་དུ་ནི་ཐིག་ལེ་ལ། ། མཁས་པས་ལྷ་རྣམས་མིང་གིས་དགོད། །ཐམས་ཅད་ཐིག་ལེར་གནས་བྱས་ནས། །སྤྱན་དྲང་བར་ནི་བརྩམ་པར་བྱ། །འདི་དག་སྟན་དུ་དགོད་པ་སྟེ། །གསུམ་པ་ཡོངས་སུ་བསྒྲགས་པ་ཡིན། །རིངས་སམ་ཡང་ན་མི་ནུས་ན། །སྟན་དུ་ དགོད་པའི་དཀྱིལ་འཁོར་བྱ། །ཡང་ན་ཆོ་ག་ཤེས་པ་ཡིས། །གསུམ་པོ་འདི་ཡི་ཆོ་ག་ནི། །རེ་རེའམ་གཉིས་སམ་གསུམ་ཅར་རམ། །བསྲེས་ནས་དཀྱིལ་འཁོར་ལེགས་པར་བྲི། །རིགས་ཀྱི་བདག་པོ་གསུམ་རྣམས་ཀྱི། །གསང་སྔགས་ ཐོག་མར་བཀོད་ནས་སུ། །དཀྱིལ་འཁོར་ནང་དུ་མཁས་པ་ཡིས། །ལྷག་མ་རྣམས་ཀྱི་ཕྱག་རྒྱ་བྲི། །ཕྱི་རོལ་དུ་ནི་སྟན་རྣམས་བྲི། །འདི་ནི་སྤྱི་ཡི་ཆོ་ག་སྟེ། །དཀྱིལ་འཁོར་དག་ལ་ཁྱད་པར་དུ། །བར་མ་རབ་ཏུ་བསྔགས་པ་ཡིན། ། གཟུགས་རྣམས་ལེགས་པར་མ་རྫོགས་ན། །ཉེས་པ་སྔར་ནི་བཤད་པ་བཞིན། །གནས་རྣམས་སྟོང་པར་འགྱུར་བས་ན། །ཆོ་ག་ཐ་མ་མི་ཤེས་སོ། །ཕྱག་རྒྱ་རྣམ་གསུམ་གང་བཀོད་པ། །བར་མ་རབ་ཏུ་བསྒྲགས་པ་ཡིན། །ཁྱད་ པར་དུ་ནི་དེ་བསྔགས་ཏེ། །དེ་ལ་བྱིན་གྱིས་རློབ་པར་འགྱུར། །ཕྱག་རྒྱ་བྲི་ན་བདེ་བ་སྟེ། །ཕྱག་རྒྱ་གང་ཡིན་དེ་ཉིད་ལྷ། །དེ་བས་མཁས་པས་ནན་ཏན་དུ། །དཀྱིལ་འཁོར་དག་གི་ཕྱག་རྒྱ་བྲི། །དཀྱིལ་འཁོར་མ་ལུས་པ་རྣམས་སུ། ། 101-1-230a མ་བཤད་ཀྱང་ནི་དོགས་མེད་པས། །སངས་རྒྱས་བཅོམ་ལྡན་འོག་ལོགས་སུ། །གཞན་གྱིས་མི་ཐུབ་ལྷ་མོ་བྲི། །དབུས་ཀྱི་སྟོང་པ་གང་ཡིན་པ། །དེར་ཡང་བུམ་པའི་སྟེང་དུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་གཞག ། དེར་ཡང་མཆོད་ཅིང་བཀླག་པར་བྱ། །ལ་ལ་དག་ཏུ་མ་གསུངས་ཀྱང་། །འཕགས་པ་སྤྱན་རས་གཟིགས་དབང་གི། །དྲུང་དུ་བློ་དང་ལྡན་པ་ཡིས། །གོས་དཀར་ཅན་ནི་རྟག་ཏུ་བྲི། །ཕྱག་ན་རྡོ་རྗེའི་དྲུང་དུ་ནི། །བདུད་རྩི་ཐབ་སྦྱོར་ཀུན་ཏུ་ བྲི། །བརྩོན་འགྲུས་ཆེན་མོ་མཱ་མ་ཀཱི། །ཕྱག་རྒྱ་ཆེན་མོ་བྲི་བར་བྱ། །ཆོ་ག་ཤེས་པས་སྒོ་དྲུང་དུ། །དགའ་བོ་དེ་དང་བསྙེན་དགའ་བྲི། །མཁས་པས་ཇི་སྐད་བཤད་པ་ཡིས། །འཕྲོག་མ་དེ་བཞིན་མདུན་དུ་བྲི། །སྒོ་རྣམས་ཀུན་དུ་རྡོ་རྗེ་ བྲི། །ཕྱོགས་སྐྱོང་ཕྱག་རྒྱའང་ལུགས་བཞིན་དུ། །སོ་སོ་སོ་སོར་དྲག་པོའི་གཟུགས། །སོ་སོའི་ཕྱོགས་ཀྱི་གནས་སུ་བྲི། །གནོད་སྦྱིན་ནོར་བུ་བཟང་ལ་སོགས། །བསྟན་པ་ལ་ནི་གང་དགའ་བ། །སྒོ་ཡི་བྱང་གི་ཕྱི་རོལ་གྱི། །ཕྱི་རོལ་དུ་ ཡང་དེ་དགོད་དོ། །གང་དག་ཏུ་ཡང་མ་བཤད་ཀྱང་། །ཤར་དུ་སངས་རྒྱས་ཐམས་ཅད་དང་། །དེ་བཞིན་ཆོས་དང་དགེ་འདུན་ལ། །གུས་པར་དཀྱིལ་འཁོར་བྱས་ནས་མཆོད། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། །རྒྱལ་སྲས་མཐུ་ཆེན་ ཐོབ་པ་དང་། །ནམ་མཁའི་སྙིང་པོ་དོན་གྲུབ་དང་། །དྲི་མ་མེད་པའི་བློ་གྲོས་དང་། །དེ་ལ་སོགས་པའི་སེམས་དཔའ་ཆེ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དགོད། །བསྐལ་པ་བཟང་པོའི་གྲོགས་པོ་ནི། །བྱམས་པ་ལ་སོགས་ཐམས་ ཅད་དགོད། །རྡོ་རྗེ་སྡེ་དང་ལག་བཟངས་དང་། །དེ་བཞིན་བགེགས་ཀྱི་སྡེ་དཔོན་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ཚངས་པ་ཆེན་པོ་མེས་པོ་བྲི། །རིག་སྔགས་འཆང་གི་རྒྱལ་པོ་ཡང་། །གླང་པོ་ཆེ་ཞེས་བྱ་བ་དང་། ། ཡན་ལག་བཀྲམ་འབྱིན་རྩེ་བྲན་ཅན། །གཡོན་ཕྱོགས་ཅོད་པན་མི་བཟད་དང་། །སྣ་ཚོགས་འོད་དང་ལེགས་པར་འགྲུབ། །རིག་སྔགས་འཆང་བདུན་བདག་པོ་སྟེ། །བདུན་པོ་འདི་དག་རིགས་ཀྱི་གཙོ། །དངོས་གྲུབ་པ་སྟེ་མཐུ་ 101-1-230b ཅན་རྣམས། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །ལྷོའི་ཕྱོགས་སུ་ལེགས་པར་དགོད། །མ་མོ་རྣམས་དང་སྣ་ཡོན་དང་། །དེ་བཞིན་གཟའ་རྣམས་སྣ་ཚོགས་དང་། །སྒྲ་གཅན་སྟོབས་ཅན་རབ་སིམ་དང་། །རྣམ་པར་སྣང་བྱེད་ལ་སོགས་ དང་། །ནོར་རྒྱས་ལ་སོགས་ཀླུ་རྣམས་དང་། །དེ་དག་ནུབ་ཀྱི་ཕྱོགས་སུ་དགོད། །ཤར་དུ་རྡོ་རྗེ་ཕྱག་རྒྱ་ནི། །བརྒྱ་བྱིན་ལྷ་དང་བཅས་པ་དང་། །དེ་བཞིན་གནས་གཙང་ལྷ་རྣམས་ཀྱང་། །གུས་པར་ཡང་ནི་མཆོད་པར་བྱ། །ཉི་ཟླ་གཉིས་ཀྱི་ དཀྱིལ་འཁོར་ནི། །དཀར་དང་དམར་བའི་བྱེ་བྲག་གིས། །ཤར་དང་ནུབ་ཏུ་བྲིས་ནས་ནི། །དེ་ནས་དེ་གཉིས་མཁས་པས་མཆོད། །མེ་ཡི་ཕྱོགས་སུ་ཞུགས་ཐབ་རྒྱ། །མེ་ལྷ་དྲང་སྲོང་འཁོར་བཅས་བྲི། །ལྷོ་ཕྱོགས་བེ་ཅོན་ཕྱག་ རྒྱ་ནི། །གཤིན་རྗེ་ཡི་དགས་ལ་སོགས་བཅས། །བདེན་བྲལ་ཕྱོགས་སུ་རལ་གྲིའི་རྒྱ། །བདེན་བྲལ་བ་ནི་སྲིན་པོར་བཅས། །ཆུ་ལྷའི་ཕྱོགས་སུ་ཞགས་པའི་རྒྱ། །ཆུ་ལྷ་ཀླུ་དང་ལྷན་ཅིག་ཏུ། །རླུང་གི་ཕྱོགས་སུ་རྒྱལ་མཚན་ རྒྱ། །རླུང་གི་ལྷ་ནི་རླུང་དང་བཅས། །བྱང་དུ་དབྱུག་ཏོའི་ཕྱག་རྒྱ་ཡང་། །ཀུ་བེ་ར་ཡང་གནོད་སྦྱིན་བཅས། །དབང་ལྡན་ཕྱོགས་སུ་རྩེ་གསུམ་རྒྱ། །དབང་ལྡན་ཚོགས་དང་ལྷན་ཅིག་ཏུ། །འོག་ཏུ་བུམ་པའི་ཕྱག་རྒྱ་ནི། །ས་ཡི་ལྷ་ མོ་ལྷ་མིན་བཅས། །ཕྱོགས་སྐྱོང་རྣམས་ནི་གོ་རིམས་བཞིན། །དེ་ལྟར་གནས་སུ་དགོད་བྱས་ནས། །བྱུག་སྤོས་མེ་ཏོག་ལ་སོགས་པས། །མཁས་པས་སོ་སོར་འཁོར་བཅས་མཆོད། །མཛོད་སྤུ་དང་ནི་མདུང་ཐུང་དང་། ། འཁོར་ལོས་སྒྱུར་བ་ཆེར་འབྱུང་བཅས། །རིག་སྔགས་ཆེན་མོ་སྤྱན་དང་ནི། །ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། །མངག་གཞུག་བརྩོན་འགྲུས་ཆེན་པོ་དང་། །དེ་བཞིན་གཞན་གྱིས་མི་ཐུབ་པ། །དེ་བཞིན་གཤེགས་པའི་རིགས་ དག་གིས། །དཀྱིལ་འཁོར་ཀུན་ལ་དགོད་པར་བྱ། །གྲགས་ལྡན་མ་དང་དཀར་ཆེན་མོ། །དེ་བཞིན་གོས་དཀར་ཅན་དང་ནི། །རྟ་མགྲིན་དང་ནི་རལ་པ་གཅིག །སྒྲོལ་མ་དཀར་ཤམ་དཔལ་མོ་ཆེ། །འདོད་པ་འབྱོར་བྱེད་གསང་སྔགས་དག ། 101-1-231a འཕགས་པ་སྤྱན་རས་གཟིགས་དབང་གིས། །དཀྱིལ་འཁོར་མ་ལུས་པ་རྣམས་སུ། །མཁས་པས་ཆོ་ག་བཞིན་དུ་དགོད། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་དང་། །རིག་པའི་རྒྱལ་པོ་ཕྱག་རྒྱར་བཅས། །ཁྲོ་བོ་ཆེན་པོ་ཐབ་ སྦྱོར་དང་། །གོམ་པ་དོར་བ་ཉིད་དང་ནི། །རྡོ་རྗེ་ལུག་རྒྱུད་བེ་ཅོན་དང་། །ཁྲོ་བོ་འཆོལ་པ་ཞེས་བྱ་དག །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ། །མ་སྨོས་ཀྱང་ནི་དེ་དག་དགོད། །དཀྱིལ་འཁོར་དང་པོའི་ནང་དུ་ནི། །ཇི་སྐད་སྨོས་པའི་ལྷ་བཀོད་ ནས། །དེ་ནས་མཁས་པས་དཀྱིལ་འཁོར་ནི། །གཉིས་པར་རིམ་པ་ཇི་བཞིན་དུ། །མ་སྨོས་པ་དང་འདོད་པ་ཡི། །གསང་སྔགས་རྣམས་ཀྱང་དགོད་བྱ་ཞིང་། །འཁྲུལ་པ་མེད་པར་གསུམ་པ་ཡང་། །བྱེ་བྲག་ཏུ་ནི་དགོད་པར་བྱ། ། ཕྱོགས་བཞིར་ཆོས་ཀློག་བཞི་བཞག་ནས། །དེ་ལ་ཤར་གྱི་ཕྱོགས་སུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་བཞག །བྱང་གི་ཕྱོགས་སུ་བཞག་པ་ནི། །གསེར་འོད་དམ་པའི་མདོ་སྡེ་ཡིན། །ནུབ་ཀྱི་ཕྱོགས་སུ་གཞག་པ་ནི། ། དེ་བཞིན་གཤེགས་པའི་གསང་བའི་མདོ། །ཐེག་པ་ཆེན་པོ་སྡོང་པོས་བཤད། །ལྷོ་ཡི་ཕྱོགས་སུ་བཞག་ནས་སུ། །གུས་པར་དེ་དག་མཆོད་པར་བྱ། །རྒྱུད་ཀུན་གྱི་ནི་གསང་སྔགས་བདག །ཡོངས་སུ་མཉེས་པར་བྱ་བའི་ཕྱིར། ། མཁས་པས་དཀྱིལ་འཁོར་ཕྱི་རོལ་དུ། །སྤྱིའི་ཆོ་ག་གཞན་འདིའང་བྱ། །བྱང་དང་ལྷོ་དང་ཤར་ཕྱོགས་ཀྱི། །ཕྱོགས་གསུམ་དུ་ནི་སྟེགས་བུ་གསུམ། །བྱས་ཏེ་རིགས་གསུམ་བསམས་ནས་སུ། །སྤྱན་དྲང་བ་ཡི་ཆོ་ག་བྱ། ། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས། །གསང་སྔགས་ཀུན་ལ་འབུལ་ལོ་ཞེས། །མེ་ཏོག་སྤོས་ཆུས་བཀང་བ་ཡི། །མཆོད་ཡོན་དག་ནི་དབུལ་བར་བྱ། །སངས་རྒྱས་པ་ལ་ཤར་ཕྱོགས་སུ། །པད་མ་འཛིན་ལ་ བྱང་ཕྱོགས་སུ། །གསང་བའི་བདག་པོས་བཤད་པ་ཡིས། །གསང་སྔགས་རྣམས་ལ་ལྷོ་ཕྱོགས་སུ། །དེ་ལྟར་བྱས་ན་རིགས་གསུམ་གྱི། །གསང་སྔགས་འཁོར་དང་བཅས་པ་ཀུན། །མཆོད་པ་བྱས་པ་འདི་རུ་ནི། ། 101-1-231b དགྱེས་པར་གྱུར་པ་གདོན་མི་ཟ། །ཆོ་ག་འདི་ཡིས་ནུབ་ཕྱོགས་སུ། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །ཀུན་ལ་འབུལ་ལོ་ཞེས་བརྗོད་ཅིང་། །ཕྱི་རོལ་སྟེགས་བུ་སྟེང་དུ་མཆོད། །ཞི་བ་དག་གི་ཆོ་ག་ལ། །བྱང་ཆུབ་སེམས་དཔའ་དཀོན་ མཆོག་གསུམ། །གཙང་མའི་གནས་ན་འཁོད་པ་ཡི། །ལྷ་རྣམས་ཀྱང་ནི་དགོད་པར་བྱ། །རྒྱས་པ་ལ་ནི་ཁྱད་པར་དུ། །རིག་སྔགས་གསང་སྔགས་ཐམས་ཅད་དང་། །བསྟན་པ་ལ་ནི་དགའ་བ་ཡི། །གནོད་སྦྱིན་རྣམས་ཀྱང་དགོན་ པར་བྱ། །དྲག་ཤུལ་སྤྱོད་པའི་དཀྱིལ་འཁོར་དུ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ནི། །དྲག་ཤུལ་ཆེན་པོའི་རྣམ་དག་དང་། །མངག་གཞུག་ཕོ་མོ་མང་པོ་དགོད། །དཀྱིལ་འཁོར་དག་ནི་ཐམས་ཅད་ལའང་། །ལས་རྣམས་གསུམ་དུ་ཤེས་ པར་བྱ། །དེ་བས་ཆོ་ག་འདི་རྣམས་ཀྱིས། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས། །དཀྱིལ་འཁོར་དག་གི་དབུས་དག་ན། །ས་སྟོང་གར་ཡང་མ་གཏོགས་པ། །གང་ན་ཡོད་པ་དེ་རུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་བཞག ། ཡང་ན་སྒོ་ཡི་གཡས་རོལ་ཏུ། །སློབ་མ་བཟང་པོའི་སྟེང་དུ་བཞག །གཡོན་གྱི་ཕྱོགས་སུ་སྦྱིན་སྲེག་ཕྱིར། །མེ་ནི་ཡམ་སྲེག་ཤིང་གིས་སྦར། །ཡང་ན་ཤར་ལྷོ་མཚམས་དག་ཏུ། །མེ་ནི་རབ་ཏུ་སྦར་བར་བྱ། །ཡང་ན་ལས་ཀྱི་ རྗེས་འཐུན་པར། །ཕྱོགས་ཀྱི་གོ་རིམས་བཞིན་དུ་གཞག །དྲི་གཙང་ཁང་ངམ་གནས་ཁང་ངམ། །ཕུག་གམ་ཡང་ན་གོ་སྐབས་དག །དོག་པ་བཞིན་དུ་བྱེད་ན་ནི། །དེར་ནི་ཇི་ལྟར་འདོད་པར་བྱ། །གོ་སྐབས་དོག་པ་དག་ཏུ་ནི། །བསྒྲུབས་ པའི་དཀྱིལ་འཁོར་མ་གཏོགས་པ། །སློབ་དཔོན་གྱིས་ནི་གཞན་མི་བྲི། །བྲིས་ན་མོད་ལ་འཆི་བར་འགྱུར། །དཀྱིལ་འཁོར་དག་ནི་མ་ལུས་པར། །གོ་སྐབས་ཡངས་པའི་ཕྱོགས་སུ་ཤིས། །ཁང་བཟངས་དག་གམ་ཁྱམས་སུ་ ཡང་། །གོམས་པ་ཡིས་ནི་ཅི་བདེར་བྲི། །རད་རོད་དག་གམ་སྡོང་དུམ་དག །ལྗོན་ཤིང་དག་དང་རྡོ་བ་ནི། །རབ་ཏུ་བསྒྲིམས་ནས་དབྱུང་བྱ་སྟེ། །དེ་དག་ཟུག་རྔུ་ཡིན་པར་བཤད། །མཁས་པས་དེ་དབྱུང་ཐབས་མེད་ན། །ཞི་བའི་ཆོ་ག་བྱས་ 101-1-232a ཏེ་གཞག །སྙིང་པོའི་དཀྱིལ་འཁོར་དུ་ནི་དེ། །བག་མེད་ནམ་ཡང་མི་བཞག་གོ། །རད་རོད་ལ་སོགས་བྱེ་བྲག་དག །དཀྱིལ་འཁོར་དབུ་མ་མ་གཏོགས་པར། །གནས་ཁང་ལ་སོགས་ཉེས་མེད་དེ། །དེ་དག་དེ་ན་རང་ བཞིན་གནས། །ཁང་བཟངས་དག་ལ་སོགས་པར་ནི། །བསང་གཏོར་བྱས་པས་དག་པར་བཤད། །རི་ལ་ས་གཞི་མཉམ་པ་དང་། །རྡོ་པའི་ཟུག་རྔུ་བརྟག་མི་དགོས། །གལ་ཏེ་གནས་ཀྱི་དབང་གིས་སུ། །ལྷ་རྣམས་ཕྱོགས་ ལོགས་འགོད་བྱེད་ན། །མཁས་པས་ཞི་བ་བྱས་ཏེ་གཞག །སྙིང་པོར་ནམ་ཡང་མི་བྱའོ། །བྱ་བའི་དབང་གིས་དེ་ལ་སོགས། །འགལ་བ་གང་དང་གང་བྱེད་པ། །དེ་དང་དེར་ནི་མཁས་པ་ཡིས། །ཐམས་ཅད་ཞི་བའི་ལས་ ཀྱིས་བསལ། །བློ་དང་ལྡན་པས་ཆོ་ག་འདིས། །དཀྱིལ་འཁོར་རྫོགས་པར་བྲིས་ནས་ནི། །ཡིད་ནི་ལེགས་པར་མཉམ་བཞག་ནས། །དེ་ཡི་འོག་ཏུ་ཡང་བརྟགས་ཏེ། །བརྒྱ་ལ་འགའ་ཞིག་མ་ལེགས་ན། །དེ་ནི་ཕྱིར་ཡང་ བཅོས་པར་བྱ། །མཁས་པས་རང་གི་གསང་སྔགས་སམ། །སློབ་མའི་སྔགས་ཀྱང་འདོད་ན་དགོད། །སློབ་མ་བརྟགས་པ་ལ་ལ་ཞིག །གལ་ཏེ་དབང་ནི་བསྐུར་འདོད་ན། །དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །ཕྱེ་མ་དཀར་ པོས་བྲི་བར་བྱ། །དཀྱིལ་འཁོར་དག་དང་རྗེས་འཐུན་པར། །སྟེགས་བུ་གྲུ་བཞི་བྱས་ནས་སུ། །དེ་ཡི་དབུས་སུ་ཚོན་སྣ་ལྔས། །པད་མ་ཡོངས་སུ་རྫོགས་པར་བྲི། །བཀྲ་ཤིས་ལ་སོགས་མཚན་མ་རྣམས། །དེ་ནི་ཇི་ལྟར་ འདོད་པ་བྲི། །བཀྲ་ཤིས་ཕྱིར་ནི་གང་བསྟན་པ། །ཡང་ན་དེ་ནི་དངོས་སུ་དགོད། །མཁས་པས་གཡོས་རྣམས་གང་བཞག་པའི། །ས་རིས་རྣམས་ཀྱང་ཕྱེ་མས་བཅད། །གཡོས་སུ་བྱས་པའི་རྣམ་པ་ཀུན། །བསོགས་ ནས་དེར་ནི་དགོད་པར་བྱ། །བུམ་པ་དག་དང་རྒྱལ་མཚན་དང་། །རྟ་བབས་བཞག་པའི་ས་རིས་དང་། །ཕྱི་རོལ་མཛེས་པར་བྱ་བ་ཡང་། །ཇི་ལྟར་འདོད་པ་ཕྱེ་མས་བྱ། །དེ་ནས་གཞན་ཡང་ལྷ་རྣམས་ནི། །སྤྱན་དྲང་བའི་ཆོ་ག་དང་། ། 101-1-232b མཆོད་པ་གོ་རིམས་ཇི་བཞིན་དུ། །ཡང་དག་མདོར་བསྡུས་བཤད་པར་བྱ། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །ཉེ་རེག་བྱས་ཤིང་གཙང་བར་བྱ། །ལྷ་རྣམས་ལ་ཡང་ཕྱག་བྱས་ནས། །བཟང་ངམ་མི་བཟང་བརྟག་པར་བྱ། ། ཕྱི་རོལ་ཤར་ཕྱོགས་ཁ་བལྟས་ནས། །ཡིད་ལ་དཀྱིལ་འཁོར་བདག་པོ་ཡི། །སྙིང་པོའམ་གསང་སྔགས་ཀུན་ཟློས་ཤིང་། །མཚན་མ་དག་ནི་བརྟག་པར་བྱ། །ཇི་སྲིད་ལྟས་ནི་བཟང་པོ་དག །འགའ་ཞིག་འབྱུང་བར་འགྱུར་ གྱི་བར། །དེ་ཉིད་བསྒྲིམས་ཏེ་ཡིད་གཅིག་ཏུ། །བཟླས་བརྗོད་བྱེད་ལ་འབད་ཅིང་བསྡད། །དེ་མཐོང་བློ་ལྡན་རངས་འགྱུར་བས། །ལས་ཀུན་བྱེད་པའི་གསང་སྔགས་སམ། །བདག་གིས་གང་ཞིག་བཟླས་པ་ཡིས། ། བསྲུང་བ་ལེགས་པར་སྦྱར་བར་བྱ། །ཡང་ན་རྒྱུད་རྣམས་ཀུན་གྱི་སྤྱིར། །བགེགས་རྣམས་ཐམས་ཅད་བཟློག་པ་ལ། །རྡོ་རྗེ་བེ་ཅོན་བརྩོན་འགྲུས་ཆེ། །ཁྲོ་བོ་བདུད་རྩི་ཐབས་སྦྱོར་དང་། །མགོ་ལ་རྡོ་རྗེ་སྨོས་པ་ཡིས། ། ཕུར་བུ་ར་བ་དྲ་བ་གསུམ། །བློ་དང་ལྡན་པས་ལྔ་པོ་དག །ཆོ་ག་བཞིན་དུ་སྦྱར་བར་བྱ། །བསྲུང་བ་རྩ་བའི་གསང་སྔགས་སམ། །ཡང་ན་དེའི་སྙིང་པོས་བྱ། །སློབ་མ་རྣམས་ལ་ཡིད་ཀྱིས་སུ། །བསྲུང་བ་སྔ་མ་བཞིན་དུ་བྱ། ། བསྲུང་བ་བྱས་ནས་དེ་འོག་ཏུ། །མཁས་པས་དཀྱིལ་འཁོར་འཇུག་པར་བྱ། །ཞུགས་ནས་མཆོད་ཡོན་སྣོད་ཐོགས་ཏེ། །མཆོད་ཡོན་དག་ཀྱང་དབུལ་བར་བྱ། །མཆོད་ཡོན་སྣོད་ནི་གསེར་དངུལ་ལམ། །ཟངས་སམ་ཤེལ་ལམ་ ནོར་བུ་འམ། །འཆིང་བུ་དཀར་པོ་ལས་བྱས་པ། །ཤིང་ངམ་དེ་བཞིན་རྡོ་ལས་བྱས། །དུང་ངམ་ལོ་མ་བསྐྱོངས་བུ་འམ། །ཉ་ཕྱིས་དག་གམ་ཁམ་ཕོར་ནི། །སར་པ་ཡན་ལག་མ་ཉམས་པ། །དག་པར་བྱས་ལ་བླང་བར་བྱ། །དེར་ནི་ཁྲོ་རྒྱལ་ བཟླས་པ་ཡི། །མེ་ཏོག་དག་ཀྱང་བཅུག་ནས་སུ། །མཉམ་པར་བཞག་སྟེ་དཀྱིལ་འཁོར་བྱ། །གསང་སྔགས་ལན་བདུན་བཟླས་ནས་ནི། །སྔ་མ་བཞིན་དུ་དྲི་ཆུ་ཡིས། །མཆོད་ཡོན་གུས་པར་དབུལ་བར་བྱ། །དཀྱིལ་འཁོར་དབུ་མར་ 101-1-233a ཕུལ་ནས་ནི། །ལྷག་མ་རྣམས་ལ་གཏོར་བར་བཤད། །དཀྱིལ་འཁོར་ཐམས་ཅད་བསང་གཏོར་བྱས། །དེ་ནས་ཆོ་ག་འདི་བྱའོ། །བུམ་པ་ནག་པོ་ར་རི་མེད། །གཟུགས་བཟང་ཁ་དོག་རབ་ཏུ་དམར། །གསར་ལ་མ་ཆག་མ་གས་པ། ། ཡང་དག་དབྱིབས་ནི་ལེགས་ཤིང་ཟླུམ། །བཟླས་བརྗོད་དག་ཀྱང་ལན་བདུན་བྱས། །སྤོས་ཆུ་དག་གིས་བཀང་བ་ལ། །འབྲུ་རྣམས་ཀུན་དང་ལྡན་བྱས་ཤིང་། །སྨན་རྣམས་དང་ཡང་ལྡན་པ་དང་། །རིན་ཆེན་ཀུན་དང་རབ་ཏུ་ལྡན། །མགུལ་པར་རས་ སར་རངས་པས་དཀྲིས། །མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། །ཁ་རྒྱན་ལྡུམ་བུ་བཟང་པོས་བྱ། །ཤིང་ཏོག་བཀྲ་ཤིས་ཁར་བླུགས་པ། །འབྲས་བུ་མེ་ཏོག་སིལ་མར་ལྡན། །སྤོས་ཀྱིས་བྱུག་ཅིང་བདུག་པས་བདུག །ཐམས་ཅད་བཀྲ་ཤིས་ དང་ལྡན་པ། །བཟླས་བརྗོད་ལན་བདུན་བྱས་པ་དག །བཀྲ་ཤིས་དོན་དུ་གཉེར་བ་ཡིན། །ཕྱོགས་དང་མཚམས་རྣམས་དག་ཏུ་དགོད། །ཡོན་ཏན་ཀུན་དང་ལྡན་པ་ཡི། །བུམ་པ་འདི་ཀུན་མ་འབྱོར་ན། །དབང་བསྐུར་ཕྱིར་ནི་འབྲིང་པོ་གཅིག ། ནན་ཏན་བསྐྱེད་དེ་ལེགས་པར་གཞག །གྲྭ་དང་སྒོར་ནི་མ་ལུས་པར། །བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོ་གཉིས་གཉིས་ཤིག །ཁྱད་པར་དུ་ནི་བཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་བཞག་པར་ བྱ། །མང་པོ་འབྱོར་པར་མ་གྱུར་ན། །བརྒྱད་དམ་ཡང་ན་བཞི་བཞག་གོ། །ཉུང་ངུ་རྣམས་ནི་ཁྱད་པར་དུ། །ཕ་རོལ་དག་ཏུ་དགོད་བྱ་སྟེ། །སྒོ་ཡི་དྲུང་དུ་གཅིག་གཞག་པ། །དེ་ནི་ངེས་པར་བྱ་དགོས་སོ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། ། ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཞེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་གཟུང་། །སིང་ཏྲི་བྱཱ་གྷྲྀ་ཀར་ཎི་ཀ །ཧ་ས་ཧ་ས་དེ་བ་སྟེ། །སྨན་རྣམས་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །བྱི་རུ་གསེར་གྱི་ས་ ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །རྒྱལ་མཚན་སར་པ་སྣ་ཚོགས་དང་། །བརྒྱད་ནི་ཁོ་ར་ཁོར་ཡུག་ཏུ། །ཡུ་བ་དྲང་པོ་རིང་པོ་ལ། །དཔྱངས་ནས་ཉེ་བར་བཟུང་བྱས་ཏེ། ། 101-1-233b དཀར་པོ་ཤར་གྱི་ཕྱོགས་སུ་གཟུགས། །ཤར་ལྷོ་མཚམས་སུ་ལེབ་རྒན་གཟུགས། །ལྷོ་ཡི་ཕྱོགས་སུ་ནག་པོ་གཟུགས། །ལྷོ་ནུབ་མཚམས་སུ་དུད་ཁ་གཟུགས། །ནུབ་ཀྱི་ཕྱོགས་སུ་དམར་པོ་གཟུགས། །ནུབ་བྱང་མཚམས་སུ་ཁྲ་བོ་ གཟུགས། །བྱང་གི་ཕྱོགས་སུ་སེར་པོ་གཟུགས། །བྱང་ཤར་མཚམས་སུ་ལྗང་སེར་གཟུགས། །དེ་ལྟར་རྒྱལ་མཚན་བརྒྱད་པོ་རྣམས། །གོ་རིམས་བཞིན་དུ་གཟུགས་པར་བྱ། །རྒྱལ་མཚན་རྣམས་ཀྱི་རྩེ་མོ་ལ། །ཏོག་ནི་རྨ་བྱའི་མདོངས་ཀྱིས་ བརྒྱན། །རྒྱལ་མཚན་རྣམས་ནི་མ་རྙེད་ན། །ཐམས་ཅད་ཐལ་ཀར་གཅིག་པུ་འམ། །ཡང་ན་དེ་བས་མང་ཡང་རུང་། །ཤར་གྱི་ཕྱོགས་སུ་གཟུགས་པར་བྱ། །པོག་ཕོར་ཁམ་པ་ལས་བྱས་པ། །སོ་མ་བཏང་བ་དཀར་པོ་བཅུ། །བྱས་ནས་ཕྱོགས་ དང་ཕྱོགས་མཚམས་ནི། །རྒྱབ་དང་དེ་བཞིན་མདུན་དུ་དགོད། །པོག་ཕོར་དག་ཏུ་མ་འབྱོར་ན། །ཁམ་པའི་ཕོར་བུའི་ནང་ནས་དབུལ། །དེ་དག་ཀྱང་ནི་མ་འབྱོར་ན། །གཅིག་ཅིག་སྒོར་ནི་བཞག་ནས་དབུལ། །མེ་ཏོག་ཕྲེང་བས་བརྒྱན་པ་ཡི། །རྟ་བབས་དག་ ཀྱང་ཕྱོགས་བཞིར་བྱ། །ནས་དང་གྲོ་དང་འབྲུ་རྣམས་ཀྱི། །མྱུ་གུ་ལེགས་པར་བསྐྱེད་པ་དགོད། །དྲིལ་བུ་གདུགས་དང་རྔ་མ་དང་། །སྲད་བུ་དག་ཀྱང་ཕྱོགས་བཞིར་ནི། །རྟ་བབས་སོགས་ལས་ཕྱི་རོལ་ཏུ། །མཛེས་པར་བྱ་ཕྱིར་མཁས་པས་གདགས། ། འབྲས་ཡོས་འབྲུ་དང་བཅས་པ་ཡིས། །མེ་ཏོག་སིལ་མ་རབ་ཏུ་དགྲམ། །དཀྱིལ་འཁོར་དག་གི་ཕྱི་རོལ་ཏུ། །ཕྱེ་མས་དཀྱིལ་འཁོར་སྡུག་གུ་བྲི། །འཇིག་རྟེན་འདི་ན་གྲགས་པ་ཡི། །བཀྲ་ཤིས་ལ་སོགས་གང་ཡིན་རྣམས། །དཀྱིལ་འཁོར་ དག་གི་ཕྱི་རོལ་ཏུ། །ཕྱོགས་བཞི་དག་ཏུ་མཁས་པས་དགོད། །དེ་ལྟར་རྒྱས་དང་མདོར་བསྡུས་ལ། །ཅི་ནུས་སུ་ནི་སྦྱར་བ་དག །ཆོ་ག་བཞིན་དུ་བྱས་ནས་སུ། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །མཆོད་ཡོན་ཆོ་ག་སྔ་མ་བཞིན། ། མ་ཡེངས་པར་ནི་སྦྱར་ནས་སུ། །སོ་སོ་སྔགས་ཀྱིས་ཅི་རིགས་པར། །མཁས་པས་སྤྱན་ནི་དྲང་བར་བྱ། །དཀྱིལ་འཁོར་བདག་པོའི་གསང་སྔགས་སམ། །ཡང་ན་ཐམས་ཅད་སྙིང་པོས་བྱ། །སྔགས་རྒྱུད་ལས་ནི་ཅི་བཤད་པ། ། 101-1-234a དེ་བཞིན་དུ་ནི་སྤྱན་དྲང་བའོ། །མཁས་པས་དེ་བཞིན་གཤེགས་རིགས་ལ། །འཁོར་ལོས་སྒྱུར་བས་སྤྱན་དྲང་ངོ་། །ཡང་ན་སྤྱན་དྲང་ཆོ་ག་ནི། །སངས་རྒྱས་སྤྱན་གྱིས་བྱར་ཡང་རུང་། །ཕྱག་ན་པད་མོའི་རིགས་ཀུན་ལ། །རིག་པའི་ རྒྱལ་པོས་སྤྱན་དྲང་བྱ། །ཡང་ན་སྤྱན་དྲང་ཆོ་ག་ལ། །དཔལ་མོས་ལས་ཀུན་བྱེད་པས་བྱ། །མཁས་པས་རྡོ་རྗེ་འཛིན་རིགས་ལ། །གནོད་མཛེས་ཞེས་བྱའི་གསང་སྔགས་སམ། །མ་ཡེངས་པར་ནི་མཱ་མ་ཀཱིས། །སྤྱན་དྲང་བ་ཡི་ཆོ་ག་ བྱ། །སྔགས་རྒྱུད་བདག་པོའི་སྔགས་གང་ཡིན། །དེ་འམ་དེ་ཡི་སྙིང་པོ་ཡིས། །ལྷ་རྣམས་ཀྱི་ནི་མིང་སྨོས་ཏེ། །མཁས་པས་སྤྱན་དྲང་ཆོ་ག་བྱ། །ཡང་ན་རང་གི་རིགས་ཀྱི་སྔགས། །གང་ཡིན་དེ་འམ་དེ་སྙིང་ངམ། །ཆོ་ག་ཇི་སྐད་ གསུངས་པས་ཀྱང་། །སྤྱན་དྲང་བ་ནི་མཁས་པས་བྱ། །ཡང་ན་ཆོ་ག་ཅི་གསུངས་པས། །ཡང་ན་ཕྱི་འམ་ནང་དག་གི། །རང་གི་གསང་སྔགས་གང་ཡིན་པ། །དེ་དག་གིས་ནི་སྤྱན་དྲང་བ་འམ། །ཇི་ལྟར་ལོབས་པར་བྱར་ཡང་རུང་། །མཆོད་ཡོན་ གྱི་ནི་ཆོ་ག་བཞིན། །དེ་ལྟར་སྤྱན་དྲང་བྱས་ནས་ནི། །མཆོད་ཡོན་ཉིད་ཀྱིས་ལན་རེ་ཞིང་། །དེ་ནས་ཞབས་བཀྲུའི་ཆོ་ག་བྱ། །བདེ་བར་གཤེགས་ཞེས་བྱ་ལ་སོགས། །ཕྱག་ཀྱང་གུས་པར་འཚལ་བ་དག །གོ་རིམས་བཞིན་དུ་བྱས་ནས་ནི། ། མཁས་པས་དེ་དག་མཆོད་པ་བརྩམ། །དང་པོ་བྱུག་སྤོས་དབུལ་བྱས་ཏེ། །དེ་ཡི་འོག་ཏུ་མེ་ཏོག་དབུལ། །དེ་ནས་ལེགས་པར་མཉམ་གཞག་ནས། །བདུག་སྤོས་ལྷ་བཤོས་དག་ཀྱང་དབུལ། །ཙན་དན་ཨ་ཀར་གུར་གུམ་དང་། ། ཨུཏ་པལ་རྒྱ་སྤོས་པྲི་ཡང་ཀུ། །ལི་ཤི་ཤིང་ཚ་སྤང་སྤོས་སྨྲིག །ནཱ་ག་པུཥྤེ་གཱ་ནཱ་མ་བུ། །གྲན་ཏི་སུག་སྨེལ་པ་ཏྲ་དང་། །ལ་ནི་སྠོའུ་ནེ་ར་སར་ལྡན། །རྡོ་དྲེག་ཤ་ཏ་པུས་པ་དང་། །སྣ་མའི་ལོ་མ་ཙ་རོང་དང་། །ཀོའུ་ན་ཏིམ་འདུ་རི་ཀ་དང་། ། དྷྱན་ནྱ་ཀ་ཙོ་ལ་སོགས་བཟང་། །འབྲས་བུ་ཐང་ཆུའི་ཚོགས་རྣམས་ནི། །མཁས་པ་རྣམས་ཀྱིས་འདི་སྦྱར་ནས། །མཁས་པ་བློ་དང་ལྡན་པ་ཡིས། །ཕྱི་དང་ནང་གི་ལྷ་ཀུན་ལ། །གོ་རིམས་བཞིན་དུ་གསང་སྔགས་ཀྱིས། ། 101-1-234b མངོན་བར་བསྔགས་ནས་བྱུག་སྤོས་འབུལ། །སྲོག་ཆགས་ཡན་ལག་སྦྱར་མི་རུང་། །རྒྱ་སྐྱེགས་ཆང་སོགས་སྦྱར་མི་རུང་། །རྫས་ངན་དག་དང་སྦྱར་མི་རུང་། །རྩབས་དང་སྦྱར་བ་འང་མི་རུང་ངོ་། །སངས་རྒྱས་ལ་ནི་ཁྱད་པར་དུ། །བྱུག་ སྤོས་གུར་གུམ་ལ་བྱས་པའམ། །ཨ་ཀར་ནག་པོ་དྲི་ཞིམ་པ། །དྲི་ཞིམ་གྱིས་བསྒོས་དབུལ་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ཙན་དན་དཀར་པོ་རབ་ཏུ་དབུལ། །ཕྱག་ན་རྡོ་རྗེ་འཁོར་བཅས་ལ། །ཙན་དན་དམར་པོ་ དབུལ་བར་བྱ། །ལྷག་མ་རྣམས་ལ་བྱུག་སྤོས་དག །ཇི་ལྟར་རིགས་པས་སྤྱིར་ཕུལ་ནས། །མེ་ཏོག་སྐམ་ལས་སྐྱེས་པ་དག །ཆུ་ལས་སྐྱེས་པས་མཆོད་པར་བྱ། །མ་ལི་བ་ཀུན་ཀུན་དྷ་དང་། །མི་ལ་ཀི་ན་མ་ལི་ཀ །ཙམ་པ་ཀཱ་ཤོ་པུ་ན་ ཀ །པྲི་ཡང་ཡུ་ནི་ཨུ་ར་ན། །གེ་སར་ས་ལ་ཏི་ལ་ཀ །ཤིང་གི་ཨུཏྤལ་ཀར་ནི་ཀ །ཏ་ཀར་ཀ་ར་བི་ར་དང་། །ཨ་ཛི་དོག་པ་ཀ་དམ་དང་། །བིན་ཏི་རི་དང་ཀ་ཏ་ར། །ཀན་ཙ་ན་དང་པ་ཏ་ལ། །ཤི་ཏ་གན་ཏི་ཀུ་ར་བ། །བ་ན་དང་ནི་གིང་ཤུ་ཉིད། །ཆོ་ག་ ཤེས་པས་དེ་ལ་སོགས། །སྐམ་ལས་སྐྱེས་པ་གོ་རིམས་བཞིན། །ནན་ཏན་དུ་ནི་དབུལ་བྱ་ཞིང་། །ངན་པ་དག་ནི་རྣམ་པར་སྤངས། །གན་དང་ཀུ་ཡ་ཤིག་མུ་དང་། །དུ་ཤ་པཱ་ཏི་མུག་ཏ་ཀ །ཨ་གོལ་དྲང་ཀ་ནི་པ་དང་། །ཀེ་ཏ་ཀ་དང་མ་ན་ཡན། ། ཀུར་ན་ཏ་དང་འདའ་མ་ཀ །ཀུ་ཏི་བ་ལ་མ་ལི་ཀ །དེ་ལ་སོགས་པ་མི་ཤིས་པ། །དྲག་ཤུལ་སྤྱོད་ལ་སྦྱར་བར་བྱ། །པད་མ་དཀར་དང་པད་མ་དམར། །ཨུཏྤལ་རིགས་ནི་སྣ་ཚོགས་དང་། །ཀུ་མུ་ད་སོགས་ཆུ་སྐྱེས་རྣམས། །དཀྱིལ་ འཁོར་ལས་ལ་སྦྱར་བྱ་སྟེ། །དེ་ཡང་ཀུ་མུ་ད་དམར་དང་། །དེ་བཞིན་སེའུ་གན་ཏི་དཀར་དང་། །དྲི་མི་ཞིམ་པ་གཞན་དག་ཀྱང་། །དྲག་ཤུལ་སྤྱོད་ལ་སྦྱར་བར་བྱ། །གེ་སར་ཀྲ་ནི་ཀ་ར་དང་། །མ་ལ་ཏི་དང་མེ་ཏོག་དཀར། །དྲི་ཞིམ་པ་དག་ཁྱད་པར་དུ། ། དེ་བཞིན་གཤེགས་པའི་རིགས་ལ་དབུལ། །པད་མ་ལ་སོགས་ཆུ་སྐྱེས་རྣམས། །མཁས་པས་པད་མའི་རིགས་ལ་དབུལ། །ཨག་ཤོ་ཀུཏ་ཏ་ཏི་ལ་ཀ །དེ་བཞིན་ན་པ་མ་ལི་ཀ །པྲི་ཡང་ཀུ་དང་ཏ་པ་ར། །ཀ་ར་བི་ར་ཏྲག་ཏྲ་ཀ །ཨུད་པལ་སྔོན་པོ་ཉིད་དག་ཀྱང་། ། 101-1-235a རྡོ་རྗེའི་རིགས་ལ་དབུལ་བར་བྱ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། །ཙན་དན་ཨ་གར་བདུག་སྤོས་དབུལ། །མཁས་པས་ཤི་རི་བི་སྟ་སྩོགས། །ཐང་ཆུ་པད་མའི་རིགས་ལ་དབུལ། །ཨ་གར་ནག་པོ་གུ་གུལ་གྱི། ། བདུག་སྤོས་རྡོ་རྗེའི་རིགས་དགྱེས་སོ། །བདུག་སྤོས་དག་ནི་སྤྱིར་བཤད་ན། །སྲོག་ཆགས་ཡན་ལག་སྤངས་པའི་རྫས། །ཙན་དན་ག་པུར་ཨ་གར་དང་། །དུ་རུས་ཀ་དང་པོག་དཀར་དང་། །ཤི་རི་བེ་སྟ་སྲ་རྩི་པོག །ར་ས་གུ་གུལ་ཤལ་ལྱ་ཀི། །ཨུ་ཤི་ར་ དང་ལ་བ་ཀ །སྤང་སྤོས་གླ་སྒང་ག་པུར་དང་། །དེ་བ་ད་རུ་ཐང་ཤིང་དང་། །དེ་ལ་སོགས་པའི་རྫས་རྣམས་ནི། །ཇི་སྙེད་པ་དག་བསྡུ་བྱས་ནས། །བློ་དང་ལྡན་པས་བུ་རམ་དང་། །ལྷན་ཅིག་ཏུ་ནི་སྦྱར་བར་བྱ། །དེ་ལྟ་བུའི་བདུག་སྤོས་ནི། ། ལྷ་ལ་གོ་རིམས་བཞིན་དུ་དབུལ། །དེ་དག་གང་ཡང་རུང་བ་དང་། །གཞན་ཡང་དྲི་ཞིམ་བཤད་པ་གང་། །རྫས་མང་དག་དང་སྦྱར་བ་ཡི། །བདུག་སྤོས་དཀྱིལ་འཁོར་དག་ལ་དབུལ། །དཀྱིལ་འཁོར་གྱི་ནི་ཆོ་ག་བཞིན། །རབ་དང་སེམས་ ཀྱིས་ཅི་འབྱོར་པ། །བདུག་སྤོས་མེ་ཏོག་ལ་སོགས་པ། །བྱ་བ་དག་ནི་ལེགས་པར་བྱ། །མེ་ཏོག་དེ་དག་བརྒྱུད་མཁན་གྱིས། །བརྒྱུས་པ་ཞིག་ན་ངན་པ་ནི། །ཉུང་ཤས་ཡོད་ན་མི་འགལ་ཏེ། །དེ་མང་ན་ནི་རྣམ་པར་སྤངས། །མི་ཤེས་པ་ཡི་ བྱུག་སྤོས་དག །མཁས་པས་དཀྱིལ་འཁོར་དབུལ་མི་བྱ། །སྲོག་ཆགས་ཡན་ལག་གིས་གཏུགས་པ། །དེ་ཡིས་གཞན་དག་བདུག་མི་བྱ། །རྒྱ་སྐྱེགས་ལ་སོགས་བདུག་སྤོས་ནི། །དགེ་བའི་ལས་ལ་དབུལ་མི་བྱ། ། དེ་འདྲའི་ཆོ་ག་འདི་ཤེས་ནས། །ཆོ་གའི་ལས་ལ་འབད་པར་བྱ། །ཕྱི་རོལ་བཞག་པའི་པོག་ཕོར་ནང་། །ཁམ་ཕོར་ནང་དུ་བསྒྲགས་པ་གང་། །དེ་དག་ཏུ་ནི་ཅི་འདོད་པར། །སྲོག་ཆགས་ཡན་ལག་སྦྱར་བའང་བཞག །དཀྱིལ་འཁོར་ ཕྱི་རོལ་འཇིག་རྟེན་པའི། །ལྷ་ནི་གང་དག་འདྲི་བྱེད་པ། །དེ་ཡང་མཁས་པས་དེ་བཞིན་དུ། །བདུག་སྤོས་བྱུག་སྤོས་ཅི་དགར་དབུལ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །མཆོད་པ་ཁྱད་པར་ཅན་དུ་བྱ། །དེ་ཡི་འོག་ཏུ་ལྷ་ཀུན་ལ། ། 101-1-235b གྲལ་རིམ་བཞིན་དུ་མཆོད་པར་བྱ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །བདུག་སྤོས་སྣོད་ཀྱང་རྣམ་གསུམ་གཞག །དབུས་སུ་བདུག་སྤོས་སྣོད་གཅིག་ནི། །བདུག་སྤོས་འཐུལ་བ་རྒྱུན་མི་འཆད། །དཀྱིལ་འཁོར་རིམ་པ་རེ་རེ་ལ། ། བདུག་སྤོས་སྣོད་ནི་རེ་རེ་བཞག །དེ་ཉིད་ནས་ནི་ཐམས་ཅད་དུ། །རྟག་པར་བདུག་སྤོས་དབུལ་བར་བྱ། །ཡང་ན་ཐམས་ཅད་སྤྱི་ལ་ནི། །བདུག་སྤོས་སྣོད་ནི་གཅིག་བཞག་སྟེ། །བསང་གཏོར་ཡང་དང་ཡང་བྱས་ནས། །དེ་ནས་བདུག་སྤོས་ དབུལ་བར་བྱ། །དེ་ཡི་འོག་ཏུ་དཀྱིལ་འཁོར་དུ། །ལྷ་རྣམས་ཀུན་ལ་མཆོད་ཡོན་དབུལ། །དེ་ནས་ཡིད་ལ་སྔགས་ཟློས་ཤིང་། །ལྷ་བཤོས་དབུལ་བ་ལེགས་པར་བྱ། །ལྷ་བཤོས་དབུལ་བ་འབྱོར་པ་དང་། །གཙང་ཞིང་ཆ་ཡང་མཉམ་པ་རུ། ། དཀྱིལ་འཁོར་གྱི་ནི་གོ་རིམས་བཞིན། །མཁས་པས་ནན་ཏན་བསྐྱེད་དེ་བྱ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །དབུལ་བ་ཁྱད་པར་ཅན་དུ་བྱ། །དཀྱིལ་འཁོར་གྱི་ནི་བདག་པོ་ལ། །ལྷ་བཤོས་དག་ནི་ཉིས་འགྱུར་དབུལ། །འོག་མ་རྣམས་ ལ་གོ་རིམས་བཞིན། །མཁས་པས་དེ་བས་ཆུང་ངུ་དབུལ། །ལྷ་བཤོས་དབུལ་བ་བར་བར་དུ། །ཅི་དགར་ཁྱད་པར་ཅན་གྱིས་བྱ། །མཆོད་པའི་བཤོས་ནི་བཟང་པོ་དག །གཙང་ཞིང་རབ་ཏུ་རྒྱ་ཆེ་ཞིང་། །དཀྱིལ་འཁོར་དག་ཏུ་ལྷ་རྣམས་ ཀུན། །རབ་ཏུ་མཉེས་ཤིང་འགོ་བར་འགྱུར། །དབུལ་བར་བྱ་བ་རྣམས་ལ་ནི། །བར་དུ་ཁ་ཅིག་ཆད་འགྱུར་ན། །དེ་ལས་གཞན་པ་དག་ལ་ནི། །མཁས་པས་ལྷ་བཤོས་ལྷགས་ཏེ་དབུལ། །འབུལ་བ་ཧ་ཅུང་ཉུང་བ་གང་། །རིགས་ཀྱི་ བདག་པོར་དབུལ་བར་བྱ། །ཡང་ན་སྙིང་པོར་དཀྱིལ་འཁོར་དུ། །ཀུན་གྱི་སྤྱི་ལ་མ་ལུས་དབུལ། །ཡང་ན་གང་དང་གང་བཤམས་ན། །དེ་དེ་མཁས་པས་ཐམས་ཅད་དུ། །དཀྱིལ་འཁོར་དང་པོའམ་གཉིས་པ་འམ། །གསུམ་པ་ དག་ཏུ་དབུལ་བྱས་ནས། །རིགས་དག་རྣམས་དང་ཁྱད་མེད་པའི། །ཉེས་པ་འགའ་ཡང་ཡོད་མིན་པས། །དཀྱིལ་འཁོར་དག་ནི་མ་བརྩམས་པར། །བག་དང་ཆས་ཏེ་བརྟག་པར་བྱ། །དང་པོ་ཆུ་ཤིང་པད་མོ་སོགས། །ལོ་མའམ་ 101-1-236a འདབ་མ་བཏིང་བྱས་ནས། །སྭ་སྟི་ཀ་ལ་སོགས་པ་ཡི། །བཅའ་བ་དག་ནི་དབུལ་བྱ་ཞིང་། །དེ་བཞིན་འབྲས་ཆན་ལ་སོགས་པ། །བཟའ་བ་དག་ཀྱང་རིམས་བཞིན་དབུལ། །དེ་ཡི་འོག་ཏུ་རྡོ་གུ་དང་། །རྩ་བ་འབྲས་བུ་ལ་ སོགས་འབུལ། །གཏོར་མ་གང་ཡིན་ལས་དག་ལ། །བཅའ་བ་རྣམ་པ་སྣ་ཚོགས་པ། །ནས་དང་གྲོ་ལས་བྱས་པ་ཡི། །དྲི་ཞིམ་པ་དང་ལེགས་པའང་དབུལ། །ཧྭགས་ནི་རྣམ་པ་སྣ་ཚོགས་དང་། །ལ་དུ་དག་དང་ལ་བ་ནི། །པེ་ན་མ་དུ་ཤིར་ ཤ་དང་། །སྣུམ་ཁུར་ཨ་ཤོ་བར་ཏ་དང་། །ཤྲི་ཀ་ད་ཚི་ལ་ཀ་དང་། །པར་པ་ཏ་དང་པར་པ་ནི། །ར་ཙ་ཧ་ས་གུ་ཧ་དང་། །ཀར་པོད་ཀ་རི་ཀ་ཉིད་དང་། །པུ་ཤ་པར་རྟ་ཧ་བི་དང་། །པུརྞ་དེ་བཞིན་ཞི་ཐེའུ་དང་། །བར་ཏི་པུཥྤ་བེ་ཏི་མ། །བད་ཏ་ཁ་དང་ཁརྫུ་བ། ། སརྫ་ཀ་དང་མན་དྷ་ཀ །ཛ་ལི་ཏི་བི་ཀ་དང་ནི། །ཤས་ཀུ་ལ་དང་མོ་ཏ་ཀ །སྣུམ་ཚོས་སྣ་ཚོགས་ཁ་རར་བཅས། །ཨུ་ལོ་བི་ག་ཀུ་ལ་དང་། །དེ་བཞིན་དུ་ནི་གླང་སྣ་དང་། །མ་ཤའི་ཁུར་བ་ལ་སོགས་དང་། །ཤུས་ཀ་ཀ་དང་ལོ་མའི་དབྱིབས། ། བརྟ་ཀ་དང་བེ་རེག་དང་། །སྭ་ཡ་ལི་ཀ་དྲ་ཙེ་དང་། །དེ་ལ་སོགས་ཏེ་སྣ་ཚོགས་པའི། །བཅྭ་བ་དག་ནི་འདིར་དབུལ་ལོ། །ཀྲི་ས་ར་དང་འོ་ཐུག་དང་། །འབྲས་ཐུག་ཆུ་དང་སྦྱར་བ་དང་། །ཞོ་དང་དར་བ་ནས་ཐུག་དང་། །ཁ་དོག་དམར་དང་སེར་ སོགས་འགྱུར། །ལོ་མ་བཏིང་བ་འདི་དག་ནི། །ཁམ་ཕོར་དག་ནས་དབུལ་བར་བྱ། །དེ་ནས་སཱ་ལུའམ་དྲུག་བཅུ་ཡི། །འབྲས་ཆན་བུངས་ནི་མི་ཆུང་དབུལ། །དེ་ནས་ཚོད་མ་སྣ་ཚོགས་པ། །གཡོས་ལེགས་པའི་དྲི་ཞིམ་པ། ། སྲན་ཆུང་ཚོད་མ་ལ་སོགས་པའི། །ཚོད་མ་རྣམ་པ་སྣ་ཚོགས་དབུལ། །འབྲས་ཆན་ཞོ་སྦྱར་བུ་རམ་ཆན། །ཁམ་ཕོར་དག་ནས་དབུལ་བར་བྱ། །མཁས་པས་ཟས་རྣམས་བཟང་པོ་དག །གང་ཡང་རུང་བས་ལྷ་བཤོས་དབུལ། ། ཆོ་ག་ཤེས་པས་ཟས་རྣམས་ནི། །དཀར་གསུམ་འབྱུང་པོ་ཐམས་ཅད་ལ། །རྒྱ་ཆེན་པོ་ནི་སྣ་ཚོགས་པ། །ཇི་ལྟར་རིགས་པར་སྦྱར་བར་བྱ། །འབྲས་ཆན་མར་ཞོ་འོ་མར་སྦྱར། །དཀར་གསུམ་ཞེས་བྱ་འོ་ཐུག་དང་། །ཀྲི་སར་སྲན་ 101-1-236b ཚོད་དང་སྦྱར་བ། །དེ་མིང་འབྱུང་པོ་ཐམས་ཅད་པའི། །བཅྭ་བ་མང་བཅས་རྒྱ་ཆེན་དེ། །ནས་ཐུག་དང་སྦྱར་སྣ་ཚོགས་པའོ། །དེ་ལྟར་ཁ་ཟས་རྣམ་པ་དྲུག །ཅི་ནུས་པར་ནི་དབུལ་བར་བྱ། །དྲི་མི་ཞིམ་དང་བསྐ་བ་དང་། ། ཁ་བ་དང་ནི་ཚ་བ་དང་། །ཚོད་མ་ཞག་དུ་ལོན་པ་དང་། །བཀྲ་མི་ཤིས་པ་རྣམ་པར་སྤངས། །ཚོད་མ་རྣམས་ནི་མ་འབྱོར་ན། །སྲན་ཚོད་གཅིག་པུ་དབུལ་བར་བྱ། །ཞོ་ནི་ཀུན་ཏུ་འབྲས་ཆན་གྱི། །སྟེང་དུ་བསྒོས་ཏེ་བླུག་པར་བྱ། །འོ་ཐུག་མ་ཤའི་སྲན་ ཚོད་དང་། །ཞོ་དང་འབྲས་ཆན་སྭ་སྟི་ཀ །ཀྲི་ས་ར་དང་དྲུག་པོ་དག །གཏོར་མའི་ལས་ལ་རྟག་མི་སྤང་། །དབུལ་པོའི་གཏོར་མའི་ལས་ལ་ནི། །དྲུག་པོ་ཁོ་ན་བརྗོད་པར་བྱ། །དེ་དག་གང་ཡང་རུང་བ་ཞིག །ཉམས་ན་གཏོར་མའི་ལས་ཉམས་སོ། ། འོ་ཐུག་ནང་དུ་སྦྲང་རྩི་གདག །དེ་བཞིན་ཞོ་དང་བུ་རམ་གདག །སྲན་ཚོད་ནང་དུ་མར་མེ་གདག །བདོག་ན་སྒེའུ་གཤེར་དག་ཀྱང་གདག །འབྲས་ཆུ་དག་དང་རྩ་བ་དང་། །རྣམ་པ་སྣ་ཚོགས་བསྒྲིམས་ཏེ་གདབ། །ལྷ་རྣམས་དང་ནི་གསང་སྔགས་དང་། ། ཁྱད་པར་དུ་ཡང་དེ་ལ་དགྱེས། །ཨ་མྲ་འབྲས་ཀོ་བལ་པོ་སེའུ། །རྒུན་འབྲུམ་རྒྱ་ཤུག་ཏིན་ཏུ་ཀ །ཀ་པིད་བི་ཛ་པུ་ར་དང་། །ན་རང་ཀ་དང་པ་ན་ས། །སྐྱུར་ཤིང་ལ་ཀུ་ཆུ་ཤིང་འབྲས། །བྷ་བ་བྱ་བ་ར་བརྟ་དང་། །ཤི་རི་འཛམ་བུ་སྐྱུ་རུ་ར། །ཀ་ར་མ་ཏ་བ་རི་ཡ། ། དེ་ལ་སོགས་པའི་འབྲས་བུ་ནི། །རྣམ་པ་སྣ་ཚོགས་སྨིན་པ་དག །མཁས་པས་གཏོར་མའི་ལས་ལ་ནི། །གུས་པ་དག་ཏུ་དབུལ་བར་བྱ། །ན་རི་ཀེ་ར་བིལ་བའི་འབྲས། །ཏ་ལ་དང་ནི་སེའུ་འབྲུ་དང་། །དེ་ལ་སོགས་པའི་གལ་བ་ཡི། ། འབྲས་བུ་དག་ནི་རྣམ་པར་སྤང་། །རྡོ་བའི་རྡོ་གུ་དག་དང་ནི། །བི་ཏ་ར་ལ་སོགས་པ་ཡི། །ལྡུམ་བུ་བཤུས་པ་བཟང་པོ་དག །ཐམས་ཅད་དུ་ནི་དབུལ་བར་བྱ། །སུ་ར་ན་ཡི་རྩ་བ་དང་། །ཀརྱ་དུ་ཏན་ཏ་ཉིད་དང་། །དེ་ལ་སོགས་པའི་རྡོ་གུ་ནི། ། མི་ཤེས་པ་དག་རྣམ་པར་སྤང་། །འབྲས་བུའི་མཆོག་ནི་བལ་པོའི་སེའུ། །རྡོ་གུའི་མཆོག་ནི་བི་དི་རི། །དེ་དག་བློ་དང་ལྡན་པ་ཡིས། །བསྒྲིམས་ཏེ་དཀྱིལ་འཁོར་དག་ཏུ་དབུལ། །སྲན་ཆན་རྣམ་པ་སྣ་ཚོགས་དང་། །ཏིལ་ནི་ཁ་ཚོས་དང་ 101-1-237a བསྲེས་པ། །དེ་དག་དཀྱིལ་འཁོར་ཕྱི་རོལ་གྱི། །ལྷ་ལ་གོ་རིམས་བཞིན་དུ་དབུལ། །དེ་ནས་མེ་ཏོག་དཀར་པོ་དང་། །ཏིལ་དང་འབྲས་ཡོས་དཀྱིལ་འཁོར་དགྲམ། །མ་ཐར་ཕྱོགས་ཀྱི་གཏོར་མ་ནི། །རྒྱ་ཆེན་ཕྱོགས་རྣམས་ཀུན་ཏུ་ སྦྱིན། །འབྲས་ཡོས་དང་ནི་ཏིལ་དུ་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅས་ཤིང་མང་དུ་བྱ། །མར་དང་ཚག་ཚིག་བཅས་པ་ཡི། །གཏོར་མ་འདི་འདྲ་སློབ་དཔོན་གྱི། །ལག་ཏུ་བླངས་ཏེ་བཀའ་བཞིན་དུ། །ཕྱོགས་མཚམས་ཀུན་ ཏུ་གསུམ་གསུམ་དབུལ། །མཆོད་ཡོན་དང་ནི་བདུག་པའང་སྦྱིན། །སྲིན་པོ་རྣམས་དང་ཤ་ཟ་དང་། །འབྱུང་པོ་རྣམས་དང་ཤ་རྗེན་ཟ། །སེམས་ཅན་རྣམ་པ་སྣ་ཚོགས་ལ། །མཁས་པས་གཏོར་མ་ཕྱོགས་སུ་གཏོར། །སེམས་ལ་གང་དང་གང་ དྲན་པ། །དེ་དག་ཀུན་ལ་གཏོར་མ་སྦྱིན། །ས་ཕྱོགས་དེ་ཡི་སེམས་ཅན་ནི། །ལྗོན་ཤིང་གེལ་བར་གནས་རྣམས་ལ། །སྦྱིན་བྱ་གལ་ཏེ་འཐོར་བའི་ཚེ། །བློ་བུར་ལྕེ་སྤྱང་སྒྲ་གྲག་ན། །དེར་ནི་མཉམ་གཞག་མ་འཁྲུལ་བར། །གཏོར་མ་ཡང་དང་ཡང་ དུ་སྦྱིན། །ལྕེ་སྤྱང་སྒྲ་དང་སྒྲ་ཆེན་དང་། །འབྱུང་པོ་དག་ནི་སྣང་བ་དང་། །ལྗོན་ཤིང་ཡལ་ག་ཆག་སོགས་དང་། །འབྲུག་གི་སྒྲ་ནི་གྲག་པ་དང་། །དེ་ལ་སོགས་པ་ཡ་མཚན་ལྟས། །གལ་ཏེ་དེར་ནི་འབྱུང་གྱུར་ན། །གཏོར་མ་ཇི་ལྟར་རིགས་བྱིན་ནས། ། བསྲུང་བའི་ལས་ནི་བྱ་བར་བྱ། །ཅི་ཐོས་ཇི་ལྟར་ཤེས་པ་དང་། །ཅི་མཐོང་རིམ་པ་ཅི་ལྟ་བར། །ལྷ་རྣམས་ཀུན་ལ་ཕྱོགས་དག་ཏུ། །དེ་བཞིན་གཏོར་མ་སྦྱིན་པར་བྱ། །དེ་ལྟར་ཕྱོགས་ཀྱི་གཏོར་མ་དག །བྱིན་ནས་ལེགས་པར་ལག་བཀྲུས་ཏེ། ། ཉེ་རེག་བྱས་ནས་ཕྱི་རོལ་ཏུ། །མཁས་པ་ཡིས་ནི་བདུག་སྤོས་སྦྱིན། །དེ་ནས་ནང་དུ་ཞུགས་ནས་ནི། །མཆོད་ཡོན་སྔ་མ་བཞིན་ཕུལ་ནས། །བདུག་སྤོས་དག་གིས་བདུགས་ནས་སུ། །ཡིད་ཀྱིས་མཆོད་པའི་བཤོས་རྣམས་དབུལ། །དཀྱིལ་ འཁོར་དབུ་མའི་ལྷ་རྣམས་ནི། །ཐམས་ཅད་ལ་ཡང་ནན་ཏན་དུ། །རས་ནི་དཀར་ལ་ཕྲ་བ་དག །རེ་རེ་ལ་ཡང་ཟུང་རེ་དབུལ། །འབྱོར་ན་ལྷ་རྣམས་ཐམས་ཅད་ལ། །རས་ནི་ཟུང་རེ་དབུལ་བར་བྱ། །མ་འབྱོར་ན་ཡང་རིགས་གསུམ་གྱི། ། 101-1-237b བདག་པོ་རྣམས་ལ་ཟུང་རེ་དབུལ། །ཡང་ན་ཆོ་ག་ཤེས་པ་ཡིས། །དཀྱིལ་འཁོར་དབུས་སུ་རས་ཕྲན་ནི། །ཟུང་གཅིག་སློབ་མའི་སྟེང་བཞག་སྟེ། །ཕུལ་ནས་ཀུན་ལ་བསྔོ་བར་བྱ། །དེ་ནས་སོ་སོའི་གསང་སྔགས་ནི། །རེ་རེའང་བདུན་བདུན་ བཟླས་བརྗོད་བྱ། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱང་། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཡང་ན་རིགས་ཀྱི་སྙིང་པོ་རྣམས། །རེ་རེ་ཞིང་ཡང་བརྒྱ་བརྒྱ་བཟླས། །དེ་ནས་སོ་སོའི་ཕྱག་རྒྱ་རྣམས། །བཟླས་བརྗོད་གསུམ་བྱས་རིམས་ བཞིན་བཟླས། །ཡང་ན་སྤྱི་ཡིས་ཕྱག་རྒྱ་ནི། །རེ་རེ་ལ་ཡང་སོ་སོར་བསྟན། །དེ་ལྟར་བྱས་ན་མཉེས་པ་དང་། །བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ། །ཐལ་མོ་སྦྱར་བ་བཀན་པ་ལས། །མཛུབ་མོ་གཉིས་ནི་ཅུང་ཟད་བཀུག །འདི་ནི་དེ་བཞིན་ གཤེགས་རིགས་ཀྱི། །དམ་ཚིག་ཕྱག་རྒྱར་ཤེས་པར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ལས། །སོར་མོ་དབུ་མ་གསུམ་འགྱེད་པ། །འདི་ནི་པད་མོའི་ཕྱག་རྒྱ་སྟེ། །པད་མོ་ཁ་བྱེའི་མཚན་ཉིད་དེ། །ལག་པ་གཉིས་ནི་རྒྱབ་བསྣོལ་ཏེ། །མཐེའུ་ ཆུང་གཉིས་དང་མཐེབ་གཉིས་དཀྲི། །འདི་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེའི་རིགས་ལ་བཤད་པ་ཡིན། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ལ། །དམ་ཚིག་གསུམ་གྱི་ཕྱག་རྒྱ་རྣམས། །རིགས་གསུམ་དག་ལ་བཤད་པ་སྟེ། །སྤྱི་ཡི་ཡིན་པར་ རབ་ཏུ་བསྒྲགས། །བསྲུང་བའི་ལས་དང་ཕྱོགས་བཅིང་བ། །ལྷ་རྣམས་ལ་ནི་བསྐུལ་བ་དང་། །དབང་བསྐུར་བ་ཡི་ཆོ་ག་དང་། །བགེགས་རྣམས་དག་ནི་བཟློག་པ་དང་། །མེ་ཏོག་སོགས་ལ་གདབ་པ་དང་། །དེ་བཞིན་དགྲ་རྣམས་ཞི་བྱ་ དང་། །གདོན་རྣམས་ཚར་གཅད་བྱ་བ་དང་། །བཅིང་བ་དང་ནི་དགྲོལ་བ་དང་། །ཕྱག་རྒྱ་ཕྱག་རྒྱ་ལེའུ་ལས་ནི། །རྒྱས་པར་ཡང་དག་བཤད་པ་ཡིན། །དེ་དག་གི་ནི་དཀྱིལ་འཁོར་དུ། །རྣམ་པར་དབྱེ་སྟེ་ལས་རྣམས་བྱ། །གསང་སྔགས་གང་རྣམས་ སྔར་བཤད་པ། །དེ་དག་ཐམས་ཅད་རྒྱར་བཅས་ཏེ། །བསྲུང་བ་དག་ལ་སོགས་པ་ལ། །འདིར་ནི་ཆོ་ག་བཞིན་དུ་སྦྱར། །གདོན་ལ་སོགས་པ་ཁྱད་པར་དུ། །རྡོ་རྗེ་ཐོ་བས་མཚམས་གཅད་དོ། །གདོན་གྱི་དཀྱིལ་འཁོར་དག་ཏུ་གང་། ། 101-1-238a ཕྱག་རྒྱ་བཅྭ་བརྒྱད་བཤད་པའང་སྦྱར། །རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ། །བཅིང་བ་རྡོ་རྗེ་ལྕགས་སྒྲོག་གིས། །རྡོ་རྗེ་ཁུ་ཚུར་འདུལ་བ་ལ། །རྡོ་རྗེ་སྡེར་མོ་སྡིགས་པ་ལ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དམ་ཚིག་འཛིན་དུ་གཞུག་ ལ་སྦྱར། །རིག་སྔགས་རྒྱལ་པོ་གནོད་མཛེས་ནི། །ཕྱག་རྒྱར་བཅས་ལ་གདོན་རྣམས་འཇོམས། །རབ་ཏུ་དྲག་པོའི་གདོན་རྣམས་ལ། །རྡོ་རྗེ་ཐོ་བ་སྦྱར་བ་ནི། །བརྩོན་འགྲུས་མཐུ་རྩལ་ཆེན་པོ་སྟེ། །གཅིག་པུས་ཀྱང་ནི་ལས་རྣམས་འགྲུབ། ། གདོན་ལས་སྦྱར་བའི་ཕྱག་རྒྱ་ནི། །མ་ལུས་པ་དག་འབར་འགྱུར་ཞིང་། །དེ་དག་གི་ནི་མཐུ་སྟོབས་ཀྱང་། །དེར་ནི་ལྷག་པར་མངོན་པར་འགྱུར། །དེ་བས་གདོན་རྣམས་ཚར་བཅད་པར། །ཕྱག་རྒྱ་དག་ནི་འབད་དེ་སྦྱར། །ལས་ལ་ཇི་ལྟར་མཐོང་བ་ བཞིན། །གཞན་དག་ཀྱང་ནི་སྦྱར་བར་བྱ། །དེ་ནས་ཡམ་ཤིང་དག་གིས་ནི། །སྦར་བའི་མེ་ལ་སྦྱིན་སྲེག་བྱ། །ཤར་དུ་ཁ་བལྟས་ཀུ་ཤ་ཡི། །ཁྲེས་ལ་འདུག་སྟེ་མཉམ་གཞག་སྟེ། །ཀུ་ཤ་དགྲམ་དང་བསང་བ་ཡང་། །གཡས་ཕྱོགས་དག་ ནས་བསྐོར་བྱ་ཞིང་། །མཆོད་སྦྱིན་ཡམ་ཤིང་མེ་ལ་སྦར། །ཐོག་མ་དང་ནི་ཐ་མར་ཡང་། །མར་གྱི་སྲེག་བླུགས་དགང་བླུགས་ཀྱིས། །སོ་སོ་དག་ཏུ་དབུལ་བར་བྱ། །གོང་དུ་བཟླས་བརྗོད་ཇི་སྐད་བཤད། །སྦྱིན་སྲེག་དག་ཀྱང་དེ་བཞིན་བསྒྲགས། ། ཡང་ན་རེ་རེའི་ཆེད་དུ་ཡང་། །ཞི་བའི་སྔགས་ཀྱིས་སོ་སོར་བྱ། །གསང་སྔགས་ཐམས་ཅད་རིམ་བཞིན་དུ། །རེ་རེ་ནས་ཀྱང་དྲན་བྱས་ལ། །སྲེག་བླུགས་བདུན་བདུན་བསྲེག་བྱ་ཞིང་། །ཡང་ནས་ཡང་དུ་བསང་གཏོར་བྱ། །དེ་ནས་མཇུག་ཏུ་མེ་ བསངས་ནས། །ཞི་བ་ཡི་ནི་གསང་སྔགས་ཀྱིས། །སྲེག་བླུགས་བརྒྱ་རྩ་བརྒྱད་ཕུལ་ནས། །ལྷ་རྣམས་ཀུན་ལ་བཟོད་པར་གསོལ། །སེམས་ནི་རབ་ཏུ་དད་བྱས་ལ། །དཀྱིལ་འཁོར་དུ་ནི་བདུག་སྤོས་དབུལ། །དེ་ནས་རིགས་ཀྱི་བདག་པོ་ ལ། །བསྟོད་པ་དག་ནི་ལེགས་པར་བྱ། །སྡིག་པ་རྣམས་ཀྱང་གུས་པར་བཤགས། །བསོད་ནམས་རྗེས་སུ་ཡི་རང་བྱ། །དེ་ལྟར་བསླབས་ཤིང་ཅི་འདོད་པ། །སྨོན་ལམ་དག་ཏུ་བཏབ་ནས་སུ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། ། 101-1-238b ཡང་དང་ཡང་དུ་གུས་པར་བྱ། །ཕྱིར་མི་ལྡོག་པའི་དགེ་འདུན་དང་། །རིག་སྔགས་གསང་སྔགས་ཚོགས་ལ་ཡང་། །ཡིད་ལ་བསམས་ཏེ་ཡང་དང་ཡང་། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད། །དེ་ལྟར་བྱས་ནས་དེ་འོག་ཏུ། །གླེགས་བམ་ ཅུང་ཟད་བཀླག་པར་བྱ། །དཀྱིལ་འཁོར་དག་ཏུ་སྤྱན་དྲང་བའི། །ཆོ་ག་ལེགས་པར་བྱས་ནས་ནི། །བདུག་སྤོས་རྒྱུན་མི་འཆད་པར་དབུལ། །ཡང་དང་ཡང་དུ་མཆོད་ཡོན་གསོལ། །དེ་ལྟར་ཆོ་ག་འདི་བྱས་ནས། །ལྷ་རྣམས་ལ་ཡང་ཕྱག་བྱས་ ཏེ། །བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་རྣམས་ནི་ལེགས་པར་གཟུང་། །སློབ་མ་རེ་རེ་ནས་དགུག་སྟེ། །བསང་གཏོར་སྔ་མ་བཞིན་བྱས་ནས། །བྱུག་སྤོས་ལ་སོགས་བྱིན་ནས་སུ། །སྙིང་པོས་མངོན་པར་བསྔགས་ནས་ནི། །ལས་ཀུན་ བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་གོས་ཀྱིས་གདོང་གཡོགས་ཏེ། །སྔར་བསྟན་པའི་ཕྱག་རྒྱ་ལ། །མེ་ཏོག་དག་ནི་བཞག་ནས་སུ། །དེ་ནས་དཀྱིལ་འཁོར་བདག་པོའི་སྔགས། །ཕྱག་རྒྱར་བཅས་པ་སྤྱི་བོར་གཞག །གསང་ སྔགས་ལན་གསུམ་བཟླས་བྱས་ནས། །ཉིད་ཀྱི་བདེན་པའི་བྱིན་བརླབས་གསོལ། །འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ནས། །ལྷ་ཡི་རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། ། དེ་བཞིན་དུ་ནི་འབབ་གྱུར་ཅིག །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ནི་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །དེ་སྐད་བརྗོད་ནས་དེ་འོག་ཏུ། །དེ་ནས་སྒོ་ཡི་ཕྱོགས་ སུ་དེ། །བཞག་ཏེ་མེ་ཏོག་གཏོར་དུ་གཞུག །གང་དུ་མེ་ཏོག་བབ་གྱུར་པ། །དེ་ནི་དེ་ཡི་རིགས་སུ་གསུངས། །དེ་ནས་གདོང་གཡོགས་དཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །དེ་ནས་བླ་མ་དགའ་འགྱུར་ནས། །སློབ་མ་ དེ་ལ་འདི་སྐད་བསྒོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་ 101-1-239a མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་བསྲུངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། །དེ་ནས་སློབ་མ་བདག་ཉིད་ཀྱིས། །མེ་ཏོག་སྙིམ་པ་བཀང་ནས་ནི། །རིགས་གསུམ་དག་ལ་བསྔོས་ནས་སུ། །ཕྱག་འཚལ་ ལན་གསུམ་གཏོར་བར་བྱ། །དེ་ནས་དེ་ཚེ་སློབ་དཔོན་གྱིས། །དཀྱིལ་འཁོར་དེར་ནི་རང་སྔགས་སམ། །སྙིང་པོ་སྦྱིན་བྱ་དེས་ཀྱང་དེ། །མནོས་ནས་དཀྱིལ་འཁོར་གཉིས་པོར་བཟླས། །དངོས་གྲུབ་རབ་འབྲིང་རྣམ་གསུམ་ནི། །མེ་ཏོག་བབ་པ་ ལས་བརྟགས་ཏེ། །ལྷ་རྣམས་ཀྱི་ནི་ཁྱད་པར་དང་། །གནས་ཀྱི་ཁྱད་པར་དག་ལས་བརྟག །གང་ཚེ་སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབ་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །གདོན་མི་ཟ་བར་འགྲུབ་པར་འགྱུར། ། སྤྱན་ལ་སོགས་པའི་སྔགས་རྣམས་ཀྱང་། །ཞལ་དུ་བབ་ན་འགྲུབ་པར་འགྱུར། །སྟོད་དུ་བབ་ན་མཆོག་རྣམས་འགྲུབ། །རྐེད་དུ་བབ་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབ་ན་ནི། །དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། ། བར་གྱི་སྐུ་ལ་བབ་ན་ནི། །སྙིང་པོ་ལ་སོགས་འགྲུབ་པར་འགྱུར། །སྨད་དུ་བབ་པར་གྱུར་ན་ནི། །མངག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་དེས་པད་མ་རྡོ་རྗེ་ཡི། །རིགས་ཀུན་ལ་ཡང་བསྒྲེང་བར་བྱ། །དེ་བཞིན་ལྷ་གཞན་ རྣམས་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལས། །རིང་དུ་མེ་ཏོག་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་ཡུན་རིང་འགྱུར། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་ཀྱི་ནི་མཆོད་པ་ དག །གང་དུ་བཀྲམ་པ་ཚུན་ཆད་ནི། །དེ་ཡི་ས་རིས་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །གལ་ཏེ་མེ་ཏོག་བབ་གྱུར་ན། །གང་ལ་ཉེ་བར་གྱུར་ན་ནི། །དེ་ནི་དེ་ཡི་རིགས་སུ་བཤད། །གལ་ཏེ་ལ་ལའི་མེ་ ཏོག་དག །དཀྱིལ་འཁོར་དང་པོ་འདས་ལྷུང་ན། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང་། །དེ་ནི་དད་པའང་རབ་ཏུ་ཆུང་། །གལ་ཏེ་མེ་ཏོག་བོར་བ་དག །ར་བའི་རི་མོ་ལ་བབ་ན། །ཞི་བ་བྱས་ནས་དེ་ནས་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་ 101-1-239b གཞུག །དེ་ཚེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་འདོར་མི་གཞུག །དེར་ནི་གང་ཡང་ངེས་མེད་པས། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང་། །དོན་མེད་ཕྱི་རོལ་ལྷུང་བ་ནི། །ཞི་བའི་སྦྱིན་སྲེག་བྱས་རྣམས་ ཀྱིས། །དེ་ནས་མེ་ཏོག་འཐོར་དུ་གཞུག །སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་བུ་དག་གི་ཆོ་ག་བཞིན། །དེ་ཡིས་ས་འཁོར་ཤེས་པར་བྱ། །རིགས་གསུམ་ལ་ཡང་ཆོ་ག་བཞིན། །དཀྱིལ་འཁོར་རྣམ་པ་གསུམ་ དུ་བརྟག །ཇི་ལྟར་གནས་པའི་ཚུལ་དག་ལས། །གཙོ་བོ་རྣམས་ཀྱི་རིམས་ཀྱིས་བསྐྱེད། །ཤེས་རབ་ཕ་རོལ་ཕྱིན་དབུས་སམ། །དཀྱིལ་འཁོར་གྱི་ནི་གཙོ་བོ་དང་། །སྒོ་སྲུངས་གཉིས་ལ་མཚུངས་གྱུར་ན། །ད་ལྟ་སྙིང་པོ་སྤྱོད་ཡུལ་ ལེགས། །གལ་ཏེ་མེ་ཏོག་བོར་བ་དག །མཆོད་པའི་སྟེང་དུ་བབ་འགྱུར་ན། །དེ་ནི་རྒྱས་པའི་བསྒྲུབ་པ་དག །ཁྱད་པར་དུ་ནི་ཤེས་པར་བྱ། །དཀྱིལ་འཁོར་གྱི་ནི་བདག་པོ་ལ། །གང་གི་མེ་ཏོག་བབ་གྱུར་ན། །དེས་ནི་དེ་ཡི་ལས་རྣམས་ ཀུན། །མྱུར་དུ་འགྲུབ་ཅིང་མཆོག་ཏུ་འགྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་ནྀ། །གང་གི་མེ་ཏོག་བབ་གྱུར་པ། །དེ་ལ་རིགས་གསུམ་གསང་སྔགས་ཀུན། །གདོན་མི་ཟ་བར་འགྲུབ་པར་འགྱུར། །པད་མ་འཛིན་ལ་རིགས་ གཉིས་འགྲུབ། །རྡོ་རྗེ་འཛིན་ལ་རང་རིགས་འགྲུབ། །ཡང་ན་ལྷ་ནི་བསྙེན་པ་བཞིན། །གསང་སྔགས་འགྲུབ་པར་ཤེས་པར་བྱ། །གང་གིས་གཉིས་དང་གསུམ་པ་ལས། །འདས་ཏེ་སོང་བར་གྱུར་ན་ནི། །དཀྱིལ་འཁོར་དེ་ནས་ དབྱུང་བར་བྱ། །ཡང་ན་དཀྱིལ་འཁོར་གཞན་དུ་གཞུག །དེ་ལ་སོགས་པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་བོར་བ་ལས། །བདག་གི་མདུན་དུ་གང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ ཡང་འདོར་དུ་གཞུག །ལན་གསུམ་སྤོགས་ཏེ་མ་བབ་ན། །རེ་ཐག་བཅད་དེ་སླར་གཏང་ངོ་། །བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་ཐམས་ཅད་གཟུང་བར་བྱ། །བཙུད་ནས་མེ་ཏོག་དྲི་ལ་སོགས། །དཀྱིལ་འཁོར་དུ་ནི་དབུལ་བར་བྱ། ། 101-1-240a སློབ་མ་གཅིག་ནས་བཀུག་ནས་ནི། །ཆོ་ག་བཞིན་དུ་ཡོན་ཕུལ་ཏེ། །ཆོ་ག་ཤེས་པས་བསང་གཏོར་བྱ། །གཡོན་གྱི་ཕྱོགས་སུ་བཞག་ནས་ནི། །དེ་ཡི་ལག་གཡས་མཐེ་བོང་ནས། །ལག་པ་གཡོན་གྱིས་བཟུང་ནས་ནི། ། དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །མཁས་པས་སྲེག་བླུགས་བདུན་བདུན་བྱ། །དེ་ནས་ཞི་བའི་གསང་སྔགས་ཀྱིས། །མར་གྱི་སྲེག་བླུགས་ལན་བདུན་བྱ། །དེ་ནས་སློབ་མ་བླུགས་གཟེར་གྱིས། །བསྐོར་ཞིང་ལན་བདུན་ སྲེག་བླུགས་བྱ། །དེ་ནས་སྲད་བུས་བཅིངས་ནས་ནི། །བསང་གཏོར་སྔ་མ་བཞིན་བྱས་ནས། །སྙིང་གར་བྲམ་ཞིང་སྔགས་བཏབ་ལ། །ཇི་ལྟར་འདོད་པ་སླར་གཏང་ངོ་། །སློབ་མ་རྣམས་ནི་ཐམས་ཅད་ལ། །ཆོ་ག་འདི་ནི་བཤད་པ་ཡིན། ། སྦྱིན་སྲེག་ལས་ནི་བ་མར་གྱིས། །བླུགས་གཟར་ཉིད་ཀྱིས་དེ་བཞིན་དུ། །ཀུ་ཤའི་ཆུ་དང་ཀུ་ཤའི་སྟན། །དེ་བཞིན་ཀུ་ཤའི་གསང་བྱེད་དང་། །ཀུ་ཤའི་དགྲམ་པ་དག་ཀྱང་ནི། །སྦྱིན་སྲེག་ལས་ལ་རབ་ཏུ་བྱ། །མཆོད་སྦྱིན་ཤིང་གི་བུད་ཤིང་ནི། ། བ་མར་བསྐུས་པས་མེ་སྦར་ཏེ། །དེ་ལ་ཡམ་ཤིང་རློན་བསྲེག་པ། །སྦྱིན་སྲེག་དག་ལ་དེ་ལྟར་བསྲེག །མར་གྱི་སྦྱིན་སྲེག་ཇི་སྙེད་པ། །ཏིལ་གྱི་སྦྱིན་སྲེག་དེ་སྙེད་བྱ། །འབྲས་ཆན་ཅི་དགར་བསྲེགས་ནས་ནི། །ཐ་མར་དགང་བླུགས་ དེ་བཞིན་བྱ། །མེ་ནི་འབོད་དང་གཏང་བ་དག །རང་གི་གསང་སྔགས་དག་གིས་བྱ། །དེ་ཡི་བསང་གཏོར་ལས་ཀུན་པའི། །གསང་སྔགས་དག་གིས་བྱ་བ་ཡིན། །དཀྱིལ་འཁོར་དུ་ནི་སྦྱིན་སྲེག་ལ། །གསང་སྔགས་བཤད་པ་གང་ཡིན་ པ། །དེ་དག་གིས་ནི་ཆོ་ག་བཞིན། །མཁས་པས་དེར་ནི་སྦྱིན་སྲེག་བྱ། །དེ་ནས་གཞན་ཡང་ཞི་བ་དང་། །རྒྱས་པ་དང་ནི་དེ་བཞིན་དུ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ལས། །ཁྱད་པར་དུ་ནི་བཤད་པར་བྱ། །ལས་དང་ཇི་ལྟར་རྗེས་འཐུན་ པར། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །མཉམ་གཞག་རྫས་ནི་འདི་དག་གིས། །སྦྱིན་སྲེག་ལས་ནི་རབ་ཏུ་དབྱེ། །བྱང་དུ་ཁ་བལྟས་ཞི་བའི་ཕྱིར། །ཤར་དུ་ཁ་བལྟས་རྒྱས་པའི་ཕྱིར། །ལྷོ་ཕྱོགས་ཁ་བལྟས་དྲག་པོ་ཡི། ། 101-1-240b སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ལས་རྣམས་ཀུན་ལ་ཁ་རན་ནི། །ཟླུམ་པོ་དང་ནི་གྲུ་བཞི་དང་། །གྲུ་གསུམ་ཡིན་ཏེ་དཀར་པོ་དང་། །སེར་པོ་ནག་པོ་གསུམ་དུ་བསྒྲགས། །ཞི་བའི་ལས་ནི་པད་མོའི་སྟན། །རྒྱས་པའི་ལས་ནི་ཀུ་ཤའི་ ཁྲེས། །དྲག་ཤུལ་སྤྱོད་ལ་སྟན་མེད་པར། །རྐང་པ་རྐང་པས་མནན་ཏེ་བྱ། །ལས་གསུམ་དག་ལ་ཞི་བ་དང་། །དགའ་དང་དེ་བཞིན་ཁྲོ་བྱ་སྟེ། །མཁས་པས་མདོ་ལས་ཇི་སྐད་དུ། །འབྱུང་བའི་ཆོ་ག་དེ་བཞིན་བྱ། །ཞི་ལ་ཡམ་ཤིང་རྩེ་མོ་ སྟེ། །དབུས་ཀྱི་ལས་ནི་རྒྱས་པ་ལ། །དྲག་ཤུལ་ཀུན་ལ་རྩ་བ་སྟེ། །ཡམ་ཤིང་རྣམ་པ་གསུམ་དུ་བཤད། །ཞི་བའི་ལས་ནི་ཀུ་ཤ་དང་། །ལོ་མ་ལ་སོགས་གྱོན་ནས་བྱ། །རྒྱས་པ་དུ་གུ་ལ་ལ་སོགས། །རས་ཕྲན་སེར་པོར་ཡོངས་སུ་ གྲགས། །མངོན་སྤྱོད་གོས་ནི་ནག་པོ་ལ། །ཁྲག་གིས་བཏབ་པས་བྱ་བ་ཡིན། །ཡང་ན་གོས་རྙིང་དྲི་མ་ཅན། །བགོ་བ་འམ་གཅེར་བུར་བརྩམ་པར་བྱ། །ནས་དང་སྦྲང་རྩི་འོ་མ་དང་། །མར་དང་འབྲས་ཡོས་འོ་ཐུག་དང་། །དུར་བ་མྱུ་གུ་ཀུན་ ད་དང་། །ཙུ་ཏའི་ལོ་མ་ཙན་དན་དང་། །ཨུ་དུམ་ཨ་ཤྭད་པ་ལ་ཤ །དེ་བཞིན་ཤ་མྱའི་ཡམ་བསྲེག་ཤིང་། །དེ་ལ་སོགས་པ་ཐམས་ཅད་ནི། །ཞི་བའི་སྦྱིན་སྲེག་རྫས་ཡིན་ནོ། །འོ་ཐུག་ཞོ་དང་ལག་ཕན་དང་། །འོ་མ་དང་ནི་ནས་དཀར་ཅན། ། ཏིལ་ནི་རྣམ་པ་གསུམ་སྦྱར་དང་། །སྒྲོན་ཤིང་ཤུ་ཏེ་ཉེའུ་ཤིང་དང་། །ན་ག་པུས་པ་བིལ་བའི་འབྲས། །འབྲུ་རྣམས་དང་ནི་ཡམ་བསྲེག་ཤིང་། །དེ་ལ་སོགས་པའི་རྫས་རྣམས་ནི། །རྒྱས་པའི་སྦྱིན་སྲེག་རྣམས་ལ་བཤད། ། ཡུངས་ཀར་དང་ནི་སྐེ་ཚེ་ཁྲག །ཡུངས་ཀར་མར་དང་དེ་བཞིན་དུག །རུས་ཕྱེ་དུར་ཁྲོད་ཐལ་བ་དང་། །དེ་བཞིན་སྐྲ་ནི་གཏུབས་པ་དང་། །ཀོ་བི་ད་ར་འགལ་དུམ་དང་། །སེང་ལྡེང་དང་ནི་ཨ་རི་སྟ། །ཡམ་ཤིང་ཚེར་མ་ཅན་ལ་སོགས། ། དྲག་ཤུལ་ཅན་གྱི་རྫས་སུ་བཤད། །སྔགས་ཀྱི་རྒྱུད་ལས་མ་གསུངས་ཀྱང་། །བློ་དང་ལྡན་པས་རྫས་འདི་རྣམས། །རབ་ཏུ་དྲག་པོའི་ལས་དག་ལ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །སྦྱིན་སྲེག་ཆོ་ག་བྱས་ནས་ནི། །སློབ་མ་དབང་བསྐུར་ 101-1-241a འོས་རིག་ནས། །ཆོ་ག་བཞིན་དུ་ནན་ཏན་དུ། །དབང་བསྐུར་བ་ཡི་ཆོ་ག་བྱ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་སྟན་ནི་གསར་བཞག་སྟེ། །བཀྲ་ཤིས་ལ་སོགས་ཀུན་བྱས་ལ། །བསྲུང་བ་ ནན་ཏན་ཆེར་བྱས་ཏེ། །དཀྱིལ་འཁོར་གྱི་ནི་སྔགས་བཟླས་ཤིང་། །སྤྱི་བོར་གདུགས་དཀར་བཟང་པོ་ལ། །མེ་ཏོག་ཕྲེང་བ་དཀར་པོས་བརྒྱན། །རས་ཕྲན་དཀར་པོ་དཔྱངས་པ་གཟུང་། །སློབ་མ་ཡོན་ནི་ཆེར་ཕུལ་ཞིང་། །བླ་མ་བསྙེན་བཀུར་བྱས་ པ་དག །སྟན་ལ་དེ་ནི་བཞག་ནས་སུ། །སྔགས་ཀྱིས་སྐྱོན་བསལ་བཀྲ་ཤིས་བྱ། །བདུག་པ་ལེགས་པར་སྦྱར་བ་ཡི། །བདུག་པ་ཁྲོ་བོའི་རྒྱལ་པོས་བདུག །རྔ་ཡབ་ལ་སོགས་གཟུང་བ་དང་། །སྤྱི་བོ་སྟེང་དུ་གདུགས་ཀྱང་གཟུང་། ། རྔ་མའི་བསིལ་ཡབ་བདུག་སྤོས་དང་། །ཞྭ་དང་གོས་ཀྱིས་སློབ་མ་དགག །འདི་དག་དང་ནི་དེ་བཞིན་དུ། །བུམ་པ་བཞི་ཡང་བཤམས་ཏེ་དགོད། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བསྒྲགས། །དེ་བཞིན་བཀྲ་ཤིས་རྒྱ་ཆེར་གདོན། །འབྱོར་པར་ འགྱུར་བའི་སིལ་སྙན་དང་། །གླུ་དབྱངས་དག་དང་རྔ་སྒྲ་བསྒྲགས། །མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པ་བྱས་ནས་སུ། །ཡིད་ཀྱིས་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་ བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ ནི་སྤྱི་བོས་གཏུགས། །གསང་སྔགས་རྒྱུད་ནི་འཛིན་འགྱུར་བ། །བློ་དང་ལྡན་པས་དབང་བསྐུར་རོ། །སློབ་མ་ཡོན་ཏན་ཀུན་ལྡན་པ། །ནུབ་ཕྱོགས་ཁ་བལྟས་ཆོ་ག་བྱ། །བྱང་ཕྱོགས་ཁ་བལྟས་ཞི་བའི་ཕྱིར། །རྒྱས་པའི་ཆོ་ག་ཤར་དུ་བལྟས། ། དྲག་ཤུལ་སྤྱོད་པ་དེ་བཞིན་དུ། །ལྷོ་ཕྱོགས་ཁ་བལྟས་བརྩོན་དེ་བྱ། །དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ལ་སར་པའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་ཐོགས་དང་གདུ་བུར་བཅས། །དེ་ནས་བླ་མ་བདག་ 101-1-241b ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པས་སྒོ་ཕྱོགས་སུ། །སྤྱི་བོ་བཏུད་དེ་ཕྱག་འཚལ་གཞུག །གསང་སྔགས་རྒྱུད་ནི་འཛིན་ འགྱུར་བའི། །སློབ་མ་འདི་ནི་ཕུལ་བ་ལགས། །མཁན་པོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པས་ལེགས་པར་བླངས་ནས་སུ། །དེ་ནས་འདི་སྐད་བསྒོ་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་ སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བསྐུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་ པ་པོ་ཡང་རྒྱུད་ལ་སྦྱོར། །དེ་སྐད་བསྒོ་ནས་དེ་འོག་ཏུ། །དེ་ནས་སློབ་མ་དེ་ཡི་ཕྱིར། །སྦྱིན་སྲེག་ཆོ་ག་སྔོན་བཞིན་བྱ། །ཡམ་བསྲེག་ཤིང་གི་མེ་ལ་ནི། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །མར་གྱི་སྦྱིན་སྲེག་བརྒྱ་དག་བྱ། །དེ་བཞིན་ ཞི་བའི་གསང་སྔགས་ཀྱིས། །ཞོ་དང་སྦྲང་རྩི་མར་སྦྱར་བའི། །ཏིལ་གྱི་སྲེག་བླུགས་བརྒྱ་ཡང་བྱ། །སྦྱིན་སྲེག་ཟིན་ནས་སྤྱི་བོར་ནི། །ཆུ་དེ་ཉིད་ཀྱིས་བསང་གཏོར་བྱ། །དེ་ནས་དེ་ལ་དཀྱིལ་འཁོར་ནི། །རབ་ཏུ་རྒྱས་པར་བསྟན་པར་བྱ། །ཕྱག་རྒྱ་ ཆེན་པོ་དག་ཀྱང་བསྟན། །རིག་སྔགས་རྒྱལ་པོ་ཀློག་ཏུ་གཞུག །བླ་མས་དེ་ལ་ཅི་ནུས་པར། །ཆོ་ག་བཞིན་དུ་ཟློས་སུ་གཞུག །དེ་ནས་སློབ་མ་བློ་ལྡན་པས། །མེ་ཏོག་སྙིམ་པ་བཀང་ནས་སུ། །བདག་གིས་སྔགས་དང་ལྷ་རྣམས་ཀྱང་། ། གོ་རིམས་བཞིན་དུ་མཆོད་བྱས་ནས། །སློབ་དཔོན་སྦྱིན་སྲེག་གནས་འདུག་ལ། །དགའ་ཞིང་གུས་པས་དྲན་བྱས་ལ། །དེ་ཚེ་བླ་མ་ཅི་འདོད་པའི། །ཡོན་ནི་ཕྱག་རྒྱས་དབུལ་བར་བྱ། །བདག་དང་བདོག་པ་ཀུན་བཅས་པར། །སློབ་དཔོན་ལ་ནི་དབུལ་ བར་བྱ། །བདག་ཉིད་དབང་བའི་སྐྱེ་བོ་ཀུན། །ནོར་དང་བཅས་ཤིང་རྐང་འགྲོས་བཅས། །གཞན་ཡང་ནོར་གྱིས་མགུ་བ་འམ། །ཡང་ན་གང་ལ་དགའ་ཡང་རུང་། །ཡང་ན་བདག་ལ་ཅི་འདོད་པ། །བླ་མ་ལ་ནི་དེ་དབུལ་ལོ། །ཡང་ན་དབུལ་པོས་བླ་མ་ལ། ། 101-1-242a བཀུར་སྟི་དག་གིས་མགུ་བར་བྱ། །སློབ་དཔོན་དག་ནི་ཐམས་ཅད་ལ། །བཀུར་སྟི་བྱ་བ་ཡོན་དུ་བཤད། །དང་པོར་རས་ཟུང་གཅིག་ཕུལ་ནས། །ཕྱི་ནས་ཆོ་ག་འདི་ཀུན་བྱ། །སློབ་མས་གསང་སྔགས་གྲུབ་འདོད་པས། །བླ་མ་མཆོད་པ་བྱ་བའི་ ཕྱིར། །སློབ་མ་དམ་ཚིག་བསྲུང་བ་ཡིས། །གོས་དང་གསེར་དང་བདག་ཉིད་དང་། །བུ་དང་བདོག་པ་ཐམས་ཅད་ནི། །བླ་མ་དག་ལ་ཡོན་དུ་དབུལ། །དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་ བཀླགས་ཏེ། །དམ་ཚིག་འདི་ལ་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟེན་པར་བྱ། ། རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་ བུར་འགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་པ་ལ་ནི་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་ རྟོགས་པར་བྱ། །དེ་ལྟར་དམ་ཚིག་བསྒོ་ནས་ནི། །ཉིད་ཀྱི་ཕྱག་རྒྱ་རྣམས་བསྟན་ལ། །ཉིད་ཀྱི་རིགས་ཀྱི་རིག་པ་སྦྱིན། །དཀྱིལ་འཁོར་དག་ཀྱང་བཤད་པར་བྱ། །དེ་ནས་ཁ་ལག་བཀྲུས་ནས་སུ། །ལྷ་ལ་མཆོད་ཡོན་ཕུལ་ནས་ནི། །གོ་རིམས་ བཞིན་དུ་ཐམས་ཅད་ལ། །བདུག་སྤོས་ཆོ་ག་བཞིན་དུ་དབུལ། །དེ་ནས་དཀྱིལ་འཁོར་རིག་སྔགས་ཀྱིས། །སྦྱིན་བསྲེག་བརྒྱ་རྩ་བརྒྱད་ཏུ་དབུལ། །ཞི་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད། །སྙིང་པོ་ཡིས་ནི་ཉི་ཤུ་གཅིག །ཇི་ལྟར་བསྟན་པའི་ 101-1-242b གསང་སྔགས་ཀྱིས། །མར་གྱིས་སྦྱིན་སྲེག་སོ་སོར་བྱ། །དེ་ཡི་འོག་ཏུ་རང་སྔགས་ཀྱིས། །སྦྱིན་སྲེག་ཇི་ལྟར་འདོད་པར་བྱ། །དེ་ནས་ཕྱོགས་ཀྱི་གཏོར་མ་སྦྱིན། །བསྡམ་ཞིང་ཁ་ལག་ཡང་བཀྲུས་ནས། །མེ་ཏོག་དྲི་ལ་སོགས་པ་ཡིས། ། སློབ་མས་ཇི་ལྟར་འདོད་པར་མཆོད། །སློབ་མ་དང་བཅས་མ་ཡེངས་པར། །མགོ་བོས་གུས་པར་ཕྱག་འཚལ་ཏེ། །སྣོད་ཏུ་བཤད་པ་གང་ཡིན་པ། །དེ་ནས་སྤོས་ཆུ་ཕུལ་ནས་སུ། །སོ་སོའི་སྔགས་ཀྱིས་ཅི་རིགས་པར། །དེ་ནས་སླར་ནི་ གཤེགས་སུ་གསོལ། །དམན་མ་རྣམས་ནི་ཕྱགས་ནས་སུ། །མཚོ་ཆེན་ནང་དུ་དོར་བར་བྱ། །བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། ། ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་སུ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །དེ་ནས་ སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །གང་ཞིག་སྤྱོད་པར་མི་འདོད་ན། །དེ་ཡི་ཆོ་ག་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོ་ག་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲིལ་བུ་སོགས། ། སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི་སློབ་མ་ཡིས། །ཅུང་ཟད་ཙམ་ ཡང་མི་བཀུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །དེ་ནས་དེ་ཡི་ཕྱི་དེ་ཉིན། །ཉེས་བྱས་ལྷག་མ་ཞི་བའི་ཕྱིར། །མཁས་པ་ཡིས་ནི་ ཞི་བ་ཡི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་གཞན་ཡང་རྒྱུད་ཀུན་ལས། །དཀྱིལ་འཁོར་ཇི་ལྟར་རྒྱས་བཤད་པའི། །ཆོ་ག་ལྷག་མ་ལུས་པ་དག །འདིར་ནི་ལྷག་པར་རབ་ཏུ་བཤད། །སློབ་དཔོན་གསང་སྔགས་རྒྱུད་ 101-1-243a ལ་མཁས། །སྙིང་རྗེའི་བདག་ཉིད་ཚུལ་ཁྲིམས་ལྡན། །དཀྱིལ་འཁོར་བྲི་བ་ལ་མཁས་ཤིང་། །དྲང་ལ་གཙང་སྦྲ་ཆེ་བ་ཤིས། །ཁང་སྟོང་རྡོ་ཐལ་གྱིས་བྱུགས་པ། །གཙང་མ་བཟང་པོ་ཡངས་པ་དང་། །ལྷ་ཁང་དུ་ཡང་དཀྱིལ་འཁོར་ ནི། །ཇི་སྐད་བཤད་པ་ལེགས་པར་བྲི། །ཇི་ལྟར་ཆུ་ན་སྤྱོད་པ་ཡི། །ཁང་ཁྱིམ་བྱེད་པ་དེ་བཞིན་དུ། །ཆུ་སྟེང་སྤང་ལེབ་བཟང་པོ་ཡིས། །བསྡམས་པ་དག་ཏུ་བྲི་བར་བྱ། །མཆོད་སྦྱིན་ས་དང་གྲོང་གི་ས། །མི་གཙང་བ་ཡིས་གང་བ་དང་། །གཞན་དུ་ དཀྱིལ་འཁོར་དུ་སྤྱད་པའི། །ས་ནི་འབད་དེ་སྤང་བར་བྱ། །ལ་ལ་དཀྱིལ་འཁོར་བདག་པོ་ནི། །གཅིག་པུ་ཁོ་ནར་ལས་བྱར་བསྒྲགས། །དེ་ཉིད་ཀྱིས་ནི་བྱ་བ་སྟེ། །ས་འོག་དཀྱིལ་འཁོར་ལྟ་བུ་ཡིན། །ཁ་ཅིག་ཏུ་ནི་འཁོར་ཚོགས་ཀྱིས། ། ལས་རྣམས་བྱ་བ་དག་ཏུ་བཤད། །དེ་ཡང་དེ་ཉིད་ཀྱིས་བྱས་ཏེ། །ཁྲོ་བོའི་དཀྱིལ་འཁོར་ལྟ་བུ་ཡིན། །གང་དུ་ལས་ནི་ཡོད་འགྱུར་ལ། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་མཁས་པས་སྤྱི་རྒྱུད་ལས། །གསུངས་པའི་ལས་རྣམས་ བྱ་བ་ཡིན། །དཀྱིལ་འཁོར་དུ་ནི་དགོད་པའི་སྔགས། །གང་དག་ཡོངས་སུ་བསྒྲགས་པ་ནི། །ཐོག་མར་དེ་དག་རེ་རེ་ལ། །བཟླས་བརྗོད་ཁྲི་ཁྲི་བྱ་བར་བཤད། །མཁས་པས་དཀྱིལ་འཁོར་གང་བྲིས་པ། །དེ་དག་རྒྱས་པར་བཟླས་ནས་ ནི། །དྲན་པར་བྱ་བའི་ཕྱིར་ཡང་ནི། །གླེགས་བམ་དེར་ཡང་ཉེ་བར་བཞག །ཁྲུས་ལ་སོགས་པ་བྱེད་པའི་ཚེ། །དཀྱིལ་འཁོར་ལྟ་བ་གཞན་བཞག་སྟེ། །དཀྱིལ་འཁོར་འདྲི་བའི་ཚེ་ན་ནི། །ནམ་ཡང་སྟོང་པར་མི་གཞག་གོ། །ཐིག་འདེབས་ དུས་ལ་བབ་པའི་ཚེ། །སློབ་མ་གལ་ཏེ་མེད་ན་ཡང་། །དེ་ནི་ཕུར་བུ་ཆོ་ག་ཡིས། །བདག་རང་ཉིད་ཀྱིས་ཐིག་གདབ་བོ། །དཀྱིལ་འཁོར་དག་གི་ལས་དག་ལ། །གལ་ཏེ་གྲོགས་ཤིག་མེད་ན་ཡང་། །དེར་ནི་མཁས་པ་བདག་ཉིད་ ཀྱིས། །རྣམ་པ་དེ་བཞིན་ལས་བྱའོ། །ནད་བུ་ཅན་དང་ཚུལ་ཉམས་དང་། །གཙང་སྦྲ་ཆུང་ཞིང་མ་བསླབས་པ། །དེ་ལྟ་བུ་དག་རྒྱུད་མཐོང་ཡང་། །གྲོགས་སུ་གཟུང་བར་མི་བྱའོ། །བདེར་གཤེགས་ཆོས་ནི་མི་བྱེད་པ། །ལ་ལ་ 101-1-243b རིགས་བཙུན་དད་ཅིང་དྲང་། །དཀྱིལ་འཁོར་ཐོས་ན་དད་འགྱུར་ཏེ། །གལ་ཏེ་འཕྲལ་ལ་འོངས་ན་ནི། །དེ་ཡི་དད་པ་བརྟན་ཤེས་ནས། །དཀྱིལ་འཁོར་དག་ནི་བྲིས་ནས་ཀྱང་། །བདག་གིས་བསྟན་ལ་གཞུག་པའི་ཕྱིར། །དེ་ནི་གཅིག་པུ་གཞུག་ པར་བྱ། །དེ་ཡི་སྟ་གོན་གནས་པ་ཡང་། །དེ་དག་ཉིད་ནི་མོད་ལ་བྱ། །སློབ་མ་ནང་མི་མཐུན་པ་དང་། །ཆོ་གའི་ཚུལ་ནི་མེད་པ་ལ། །ཇི་སྐད་བཤད་པའི་ཞི་བ་བྱ། །རྒྱལ་པོའི་མི་ནི་དཔའ་སྙིང་ཅན། །ལག་ན་མཚོན་ཐོགས་པས་བསྲུང་ཞིང་། ། ས་ཡི་བདག་པོས་གནང་ནས་ནི། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །སློབ་མ་ཡོངས་སུ་གཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་ སུ་གཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །སྟ་གོན་གནས་པར་བྱས་པ་ལས། །གལ་ཏེ་རྐྱེན་གྱིས་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་ སློབ་མ་གཞན་མི་གཟུང་། །སྟ་གོན་གནས་པར་བྱས་པ་ལས། །བླ་མ་གལ་ཏེ་དཀྱིལ་འཁོར་དུ། །གང་ཞིག་འོངས་པར་མ་གྱུར་ན། །ནད་ཀྱིས་བཏབ་ནས་ངེས་པར་འཆི། །རྐྱེན་འགའ་ཞིག་གིས་བསྐལ་ནས་སུ། །གལ་ཏེ་ཉིན་ གཅིག་བར་ཆད་ན། །དེ་ཡི་ཉིན་པར་ཞི་བྱས་ནས། །སླར་ཡང་སྟ་གོན་གནས་པར་བྱ། །ཡོ་བྱད་གཅེས་པ་མ་འབྱོར་ཡང་། །བཤོལ་བ་དག་ནི་ཡོང་མི་བྱ། །གལ་ཏེ་བཤོལ་ན་བླ་མ་ལ། །གནོད་པ་མང་པོ་འབྱུང་བར་འགྱུར། ། དཀྱིལ་འཁོར་འདྲི་བའི་ཚེ་ན་ནི། །གནོད་པ་འགའ་ཞིག་འབྱུང་འགྱུར་ན། །བཤད་པའི་སྔགས་ཀྱི་སྟོབས་ཀྱིས་སུ། །དེ་ནི་སླར་ཡང་བཟློག་པར་བྱ། །དེས་ཀྱང་བཟློག་པར་མ་ནུས་ན། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། ། བསང་གཏོར་བྱས་ཏེ་ཕུལ་ནས་སུ། །མཆོད་ཡོན་ཕུལ་ཏེ་སླར་གཤེགས་གསོལ། །བློ་དང་ལྡན་པས་ཕྱི་དེ་ཉིན། །དཀྱིལ་འཁོར་སྔ་མ་བཞིན་དུ་བྲི། །ཡང་ན་མཁས་པས་སྦྱིན་སྲེག་གི། །ལས་ཀྱིས་ཞི་བར་རབ་ཏུ་བྱ། ། 101-1-244a མ་བདུན་གྱི་ནི་དཀྱིལ་འཁོར་དང་། །གནོད་སྦྱིན་དཀྱིལ་འཁོར་བཤད་པ་གང་། །དེ་ལ་སོགས་པ་དགོད་པ་ནི། །ཉེས་པ་རིམ་བཞིན་བརྟག་མི་དགོས། །དེ་དག་ཏུ་ནི་དེ་བཞིན་དུ། །དཀྱིལ་འཁོར་དགོད་པ་རྒྱས་པར་བྱ། །ཆོ་གར་བྱས་ པ་གཞན་དག་ལས། །ཆོ་ག་འདི་ནི་ཅི་རིགས་སྦྱར། །མདོར་བསྡུས་བཤད་པ་གང་ཡིན་དང་། །རྒྱས་པར་བཤད་པ་གང་ཡིན་དང་། །ཟུར་གྱིས་བསྟན་དང་མདོ་ལས་ནི། །སྤྱིར་བསྟན་པ་ནི་གང་ཡིན་པ། །དེ་རྣམས་བྱ་བའི་ཆོ་ག་ལ། །རྒྱུད་འདིར་ རྒྱས་པར་བཤད་པ་ཡིན། །མཁས་པས་ཆོ་ག་འདི་ཡིས་ནི། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དཀྱིལ་འཁོར་ཆེན་པོའི་མདོ་ལས་ནི། །ཅི་བཤད་ཆོ་ག་རྒྱས་པར་བྱ། །བླ་མས་ཇི་སྐད་བསྟན་པ་དང་། །རྟོག་པ་དག་ལས་ཅི་གསུངས་ དང་། །གསང་སྔགས་ཀུན་གྱི་འདུལ་བ་ལས། །ཆོ་ག་རིམ་པ་ཅི་བཤད་པ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །མཁས་པས་ཆོ་ག་དེ་བཞིན་སྦྱར། །གསང་སྔགས་ཀྱི་ནི་ཚད་དག་ལས། །བུམ་པ་ལ་སོགས་བསྟན་བྱས་པ། །དེར་ཡང་ཆོ་ ག་འདི་ཡིས་ནི། །ལྷག་པར་བྱས་ལ་ཉེས་པ་མེད། །དེ་བཞིན་གསང་སྔགས་ཆོ་ག་ལ། །ལྷ་གཞན་གྱི་ནི་གཏོར་མ་ཡང་། །དཀྱིལ་འཁོར་དག་ཏུ་བཤད་པ་ལས། །ལྷག་པར་བྱས་ཀྱང་ཉེས་པ་མེད། །དེ་བས་གང་དུ་ཅུང་ཟད་གཅིག ། བཀླགས་ཏེ་བཤད་པ་གང་ཡིན་པ། །དེར་ནི་དོགས་པ་མེད་སེམས་ཀྱིས། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །ལ་ལར་སློབ་མ་དང་བཅས་ཏེ། །བདུག་སྤོས་དང་ནི་མར་མེ་དག །ལག་ཏུ་ཐོགས་ཏེ་མཉམ་པར་ནི། །དཀྱིལ་འཁོར་ བསྐོར་བར་བཤད་པ་དང་། །དམ་ཚིག་སྟོན་ཚེ་སློབ་མ་རྣམས། །ལས་ཀྱི་གྲུར་ནི་ཞུགས་ནས་སུ། །མེ་ཏོག་འདོར་བར་བྱའོ་ཞེས། །ཁྱད་པར་བཤད་པ་གང་ཡིན་དང་། །དེ་ལ་སོགས་པའི་ཆོ་ག་དག །གང་དུ་ཅུང་ཟད་བཤད་པ་ནི། ། དེར་ནི་དགའ་མགུ་ཉིད་དུ་བྱའི། །ཀུན་ལ་དེ་ཀུན་སྦྱར་མི་བྱ། །ལྷ་ཡི་རིགས་རྣམས་མཐོང་བ་ལས། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་གཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ 101-1-244b ཐོབ་པའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། ། བཞི་པ་འབྱོར་བ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །དང་པོ་ཆོ་ག་རྒྱས་པར་ནི། །ང་ཡིས་ཐོག་མར་བཤད་པ་ཡིན། །རིགས་གསུམ་དབང་བསྐུར་ཆོ་ག་ཡང་། །མདོར་བསྡུས་ནས་ནི་འདྲིར་བཤད་དོ། །སློབ་མ་ལྷ་ཡི་རིགས་མཐོང་བ། ། རིག་སྔགས་གང་ལ་ཟློས་འདོད་པ། །དེ་ཡིས་བརྒྱ་རྩ་བརྒྱད་བཟླས་པའི། །བུམ་པས་མངོན་པར་དབང་བསྐུར་བྱ། །དེ་ཉིད་ཀྱིས་ཀྱང་སྦྱིན་སྲེག་བྱ། །དེ་ཉིད་དུ་ནི་དེ་ཡང་བཟླས། །དེ་ལྟར་གང་ཞིག་དབང་བསྐུར་བ། །དབང་བསྐུར་ཆོ་ག་ གཉིས་པ་ཡིན། །སེམས་ནི་བགེགས་ཀྱིས་བརླམས་པ་དག །ཞི་བར་བྱ་བ་གང་ཡིན་པ། །དེ་ནི་དབང་བསྐུར་གསུམ་པ་སྟེ། །ཕན་དང་བདེ་བ་ཐོབ་པར་བཤད། །དཔལ་ལ་སོགས་པའི་དཀྱིལ་འཁོར་དུ། །རྒྱལ་སྲིད་ཐོབ་ཕྱིར་ དབང་བསྐུར་དང་། །བྱུར་ནི་མེད་པར་བྱ་བ་དང་། །དཔལ་ཡང་བསྐྱེད་པར་བྱ་བ་དང་། །ནོར་དང་བུ་ཚ་འཕན་པ་དང་། །དེ་ལ་སོགས་པ་དབང་བསྐུར་གང་། །དེ་ནི་བཞི་པའི་མི་རྣམས་ལ། །འབྱོར་པ་སྦྱིན་པར་ཤེས་པར་བྱ། །དབང་བསྐུར་ དང་པོ་ཐོབ་པ་ནི། །སངས་རྒྱས་རྣམས་ཀྱང་དགོངས་པར་འགྱུར། །དེའི་སྲས་གསང་སྔགས་སྤྱོད་པ་ལ། །བརྩོན་པ་རྣམས་ཀྱིས་བཀུར་བར་འགྱུར། །རིག་སྔགས་གསང་སྔགས་མང་པོ་དང་། །འཕགས་པ་སྤྱན་རས་གཟིགས་ དབང་དང་། །དཔའ་བོ་རྡོ་རྗེ་འཛིན་པ་དག །ཉིད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། །དེ་ཡིས་སྦྱར་ན་བསྒྲུབ་པ་པོ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ནི་ཅིས་ཀྱང་མི་ཚུགས་ཤིང་། །ལྷ་རྣམས་ཀྱིས་ཀྱང་མཆོད་ པར་འགྱུར། །འཁོར་བ་ན་ནི་འཁོར་བ་ན། །དེ་ནི་ངན་སོང་ལྟུང་མི་འགྱུར། །ཡན་ལག་ཉམས་དང་དབུལ་བ་དང་། །སྨད་པ་རྣམས་སུ་སྐྱེ་མི་འགྱུར། །ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་། ། 101-1-245a རྟག་ཏུ་ལྷ་དང་མི་རྣམས་ཀྱི། །མཐོ་རིས་རྣམས་སུ་སྐྱེ་བར་འགྱུར། །དེ་ཡི་བསོད་ནམས་མཐུ་ཡིས་ནི། །སངས་རྒྱས་བྱང་ཆུབ་ལས་མི་ལྡོག །དེས་ནི་རིང་པོ་མི་ཐོགས་པར། །བྱང་ཆུབ་ཚོགས་ནི་རྫོགས་པར་འགྱུར། ། དེ་ལ་སོགས་པའི་ཡོན་ཏན་ནི། །མང་པོ་རྒྱ་ཆེན་དག་དང་ལྡན། །རིག་སྔགས་རྣམས་ཀྱི་རིགས་སྐྱེ་ཞིང་། །དེ་ནི་བྱང་ཆུབ་སྤྱད་པ་སྤྱོད། །དེ་ལྟར་མངོན་པར་དབང་བསྐུར་ཞིང་། །བློ་ལྡན་རྒྱུད་ནི་མཐོང་བ་ལ། །བླ་མ་ལས་ནི་ལུང་ཐོབ་ པས། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །ཡོན་ཏན་འདི་དང་མི་ལྡན་པར། །གང་ཞིག་དཀྱིལ་འཁོར་འདྲི་བྱེད་པ། །དེ་ནི་མི་བཟད་སེམས་དམྱལ་ལྟུང་། །སློབ་མ་རྣམས་ཀྱང་དོན་མེད་འགྱུར། །མུ་གེ་དང་ནི་ནད་མང་དང་། །ཐན་པ་དང་ནི་འཚེ་ བ་འབྱུང་། །རྒྱལ་པོ་རྣམས་ཀྱང་འཐབ་པ་དང་། །ཆོམ་རྐུན་ལ་སོགས་འཇིགས་པ་འབྱུང་། །དེ་དང་དེ་ཡི་རྒྱུ་རྣམས་ཀྱིས། །སློབ་མ་རྣམས་ཀྱང་ཕུང་བར་འགྱུར། །དཀྱིལ་འཁོར་ཆོ་ག་མི་ལྡན་པར། །བྲིས་ན་བླ་མ་ངེས་པར་འཆི། །དེ་བཞིན་ གཤེགས་རིགས་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཅར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གིས། །དཀྱིལ་འཁོར་དུ་ནི་དབང་ བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེ་གཟི་ཆེན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེ་རིགས་གཅིག་གི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །མ་མོ་གནོད་ སྦྱིན་དྲག་པོ་ཡི། །དཀྱིལ་འཁོར་གང་དག་ཅི་བཤད་པ། །ཐམས་ཅད་དེ་དག་ཀུན་གྱིས་ཀྱང་། །དོགས་པ་མེད་པར་བྲི་བར་བྱ། །བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཆར་སློབ་མ་གཉིས། ། དབང་བསྐུར་བ་ནི་ཡོང་མི་བྱ། །གཉིས་སམ་གསུམ་འམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱད་སར་པ་གཞན་རྣམས་ཀྱིས། །ཐམས་ཅད་སོ་སོ་སོ་སོར་བྱ། །རིག་སྔགས་དབང་ནི་ཐོབ་པ་ལ། །བསྒྲུབ་པའི་དཀྱིལ་འཁོར་ 101-1-245b དབང་བསྐུར་བྱ། །དབང་བསྐུར་བའི་ཆོ་ག་དང་། །བསྒྲུབ་པའི་ཆོ་གའང་དེ་བཞིན་སྦྱིན། །སློབ་མ་དམ་ཚིག་ཤེས་པ་ནི། །གཞན་རྣམས་ལ་ནི་རང་གི་སྔགས། །ཆོ་གར་བཅས་ཤིང་ཕྱག་རྒྱར་བཅས། །ཆོ་ག་རྒྱས་དང་བཅས་པར་སྦྱིན། །དཀྱིལ་ འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཇི་སྟེ་སྔགས་ཟློས་ན། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །ཤི་ན་ངན་སོང་ལྟུང་བར་འགྱུར། །སྔགས་དང་ཕྱག་རྒྱ་ཆོ་ག་དག །གང་ཞིག་དེ་ལ་སྟོན་པ་ཡང་། །དེ་ནི་དམ་ཚིག་ཉམས་གྱུར་ནས། ། ངུ་འབོད་སེམས་ཅན་དམྱལ་བར་འགྲོ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེས་ནི་རང་གི་སྙིང་པོའི་སྔགས། །གཅིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་ བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །གཏི་མུག་དབང་གིས་མི་ཤེས་པར། །མི་གང་དཀྱིལ་འཁོར་འདྲི་བྱེད་པ། །དེ་ནི་མཚམས་མེད་ལྔ་རྣམས་དང་། །འདྲ་བའི་གནས་སུ་འགྲོ་ བར་འགྱུར། །གང་ཞིག་བསོད་ནམས་ལས་བྱེད་པ། །ཆོ་ག་ལེགས་པར་འདྲི་ན་ནི། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཏེ། །འདོད་པའི་གནས་ནི་དམ་པར་སྐྱེ། །གཤེད་བྱེད་རྣམས་དང་རོ་ལངས་དང་། །ཤ་ཟ་ལྟོ་འཕྱེ་ཆེན་པོ་དང་། །རྣམ་པ་སྣ་ ཚོགས་གདོན་རྣམས་དང་། །འཇིགས་པར་འགྱུར་བའི་བགེགས་རྣམས་ཀྱིས། །ལྷ་ཡི་རིགས་མཐོང་དམ་ཚིག་ཤེས། །རྟག་ཏུ་ཚུགས་པར་མི་འགྱུར་ཞིང་། །དེ་ཡི་མི་དགེའི་ལས་འབྱང་ཞིང་། །ངན་སོང་དུ་ཡང་ཡོང་མི་ལྟུང་། །དེ་ཡིས་ བསྒྲུབས་ན་ངེས་པར་ནི། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལ་བྱང་ཆུབ་ས་བོན་ནི། །བརྟན་པར་འགྱུར་བར་དོགས་པ་མེད། །སློབ་དཔོན་བློ་གྲོས་ཆེན་པོ་ཡིས། །གསང་སྔགས་རྒྱུད་ནི་འཛིན་པ་པོ། །སློབ་མ་བསྡམས་ པ་སྙིང་རྗེ་ཅན། །གཅིག་ནི་ནན་ཏན་བསྐྱེད་དེ་བསྒྲུབ། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ཀྱི། །ཆོ་ག་འདི་ནི་དམ་པ་སྟེ། །བློ་དང་ལྡན་པས་ཆོ་ག་འདིས། །དཀྱིལ་འཁོར་རྣམས་ནི་བྲི་བར་བྱ། །རིག་སྔགས་རྒྱལ་དང་ཕྱག་རྒྱ་ཆེ། ། 101-1-246a དཀྱིལ་འཁོར་རྣམས་ནི་ཐམས་ཅད་ཀྱང་། །སློབ་མ་ལ་ནི་སྔགས་བྱིན་ནས། །དེ་ནས་བླ་མས་རྒྱུད་འདི་བྱིན། །དབང་གི་དཀྱིལ་འཁོར་གཤེགས་སུ་གསོལ། །བསྒྲུབ་པ་ཆེན་པོ་བྱ་བའི་རྒྱུད་ཀྱི་བཞེད་ལུགས་ཀྱིས་དཀྱིལ་ འཁོར་གྱི་མཛད་བྱང་མ་ལུས་པར་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་བཀོད་པ་རིམ་པར་ཕྱེ་བ། ཕྱག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་བདག་ཉིད་ཀྱིས་བསྟན་པ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་ སྤྱིའི་ཆོ་ག །རྫོགས་སྷོ།། །།ཡང་ཞུས་སྟེ། སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་དག །༄༅། །རྒྱ་གར་སྐད་དུ། དྷྱཱ་ནོཏྟ་ར་པ་ཊ་ལ་ཏྲི། བོད་སྐད་དུ། བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ། དཔལ་རྡོ་རྗེ་རྣོན་པོ་ལ་ ཕྱག་འཚལ་ལོ། །གསང་སྔགས་རྒྱུད་ཀྱི་ཕྱོགས་ལ་ཡང་། །གང་གི་བློ་ནི་མི་ཞེན་པ། །དེ་ཡང་སྨྲ་བར་སྤྲོ་བ་ནི། །མ་སྨྲས་ན་ནི་མི་འཚོའམ་ཅི། །གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཚད་མ་གཏན་ཚིགས་སམ། །རྗེས་སུ་ དཔག་པའམ་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ལུང་དང་མན་ངག་དོན་མེད་པར། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་བརྒྱ་རུ་ཡང་། །སྔགས་ལས་དངོས་གྲུབ་མི་འཐོབ་བོ། །ལུང་དང་མན་ངག་ མ་ལུས་པ། །གང་གི་ཡོངས་སུ་སྤངས་པ་དག །གྲུབ་པ་མྱོང་བ་ལ་ལ་ཞིག །ཡོད་དམ་དེ་ནི་མེད་པ་སྨྲོས། །དེ་ནས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། ། རྟོགས་པར་ནུས་པ་སྨྲ་བའི་མཆོག །གལ་ཏེ་དེ་ལྟར་མི་ཤེས་ན། །ཚངས་པ་ཇི་ལྟར་ཤེས་པ་སྨྲོས། །ཡང་དག་སྨྲ་བར་མི་སྤྲོ་ན། །ང་ཡིས་བཤད་ཀྱིས་ང་ལ་ཉོན། །བྱང་ཆུབ་སེམས་དང་དེ་ཉིད་གསུམ། །གལ་ཏེ་ཤེས་ན་དངོས་གྲུབ་ སྣོད། །དེ་དག་ལེགས་པར་མི་ཤེས་ན། །ཁྱོད་ཀྱིས་དངོས་གྲུབ་ཅི་ཞིག་འཐོབ། །རིག་སྔགས་ལས་ནི་བསྒྲུབ་པ་པོ། །གཞན་ནམ་གཞན་མིན་ཅི་ཞིག་ཉེས། །གལ་ཏེ་གཞན་ན་འགྲུབ་མི་འགྱུར། །འོན་ཏེ་གཞན་མིན་གྲུབ་པ་ཉིད། ། 101-1-246b གལ་ཏེ་གཞན་མིན་ཁྱོད་འགྲུབ་པས། །མཁའ་ལ་སོགས་པར་ད་སོང་ཞིག །དེ་སྟེ་མིན་ན་བརྫུན་ཚིག་པས། །བ་ལང་རྫི་དང་ལྷན་ཅིག་སྨྲོས། །མི་འཆི་ཚངས་ཆེན་ཕ་མཆོད་ཀྱིས། །ཡོངས་སུ་བསམས་ནས་ཚིག་སྨྲས་པ། །མི་མཇེད་བདག་ པོས་གང་སྨྲས་པ། །གཞན་པས་བདག་ལ་དངོས་གྲུབ་མེད། །རིགས་ལས་གྲུབ་པ་གཞན་མིན་ན། །དངོས་གྲུབ་བདག་ལ་ཡོད་དམ་ཅི། །དེ་ལྟར་གྱུར་ན་ཅི་ཞིག་ཉེས། །འོན་ཏང་འགལ་བ་ཅི་ཞིག་ཡོད། །ཨེ་མའོ་ཚངས་པ་ཁྱོད་ཀྱི་བློ། ། ཤིན་ཏུ་དྲི་མ་མེད་པ་དང་། །ཤེས་རབ་གསལ་བར་ངས་བསམས་ན། །ཚིག་རེ་ལ་ནི་རྙོགས་པ་བཞིན། །གཞན་པས་ཁྱོད་ལ་དངོས་གྲུབ་མེད། །གཞན་མིན་པ་ནི་དངོས་གྲུབ་རྒྱུ། །གཞན་མིན་པ་ལས་གྲུབ་འདོད་ན། །སྨྱན་པ་ཉིད་ནི་ཡིན་ པར་འགྱུར། །འགྲོ་བའི་བདག་པོ་ཇི་ལྟར་ན། །དངོས་གྲུབ་ཡོད་པར་ཁས་འཆེ་བ། །ཡེ་ཤེས་སྒྲོན་མར་གྱུར་པ་ཁྱོད། །ཇི་ལྟར་ཕན་པ་བཤད་དུ་གསོལ། །བདག་གིས་རྣམ་པར་དཔྱད་ན་ནི། །རིག་ལས་གཞན་ནམ་མི་གཞན་མིན། །གཞན་ མིན་མི་གཞན་མ་ཡིན་པས། །བདག་ནི་གོམས་ལས་དངོས་གྲུབ་འཐོབ། །ཤེས་བྱ་བླ་མེད་གང་ཡིན་པའི། །ཡེ་ཤེས་དེ་ཡང་གོམས་འཐོབ་ན། །ལས་ཀྱི་ཆོ་ག་འདི་དག་གིས། །དངོས་གྲུབ་ཡོད་པ་ཅི་ཞིག་སྨོས། །བཟླས་བརྗོད་ ལྷ་ཡི་དེ་ཉིད་དང་། །བདག་གི་དེ་ཉིད་ཇི་ལྟ་བ། །གནས་རྟེན་གཞན་ལ་མེད་པར་ནི། །མཚུངས་པ་མེད་པར་བདག་གིས་རྟོགས། །ཚིག་ལས་ཚིག་ཏུ་འཕྲོས་པ་ལས། །ཚངས་ཆེན་མི་འཆི་ཞེས་བྱ་བ། །དངོས་གྲུབ་འདོད་པ་སྐལ་ཆེན་པོ། ། གཙུག་ཏོར་རྒྱུད་ནི་ཉན་པར་བྱེད། །དེ་ནས་ཚངས་པ་ཆེན་པོ་དེ། །རྡོ་རྗེ་གཙུག་ཏོར་ཉན་པ་ལ། །ས་ཡི་མེ་ཏོག་འཆབ་བྱེད་པས། །བསམ་གཏན་གྱིས་ནི་བརྒྱན་པར་བཤད། །དེ་ནས་ཡེ་ཤེས་ཀུན་རྫོགས་པ། །རིག་སྔགས་གསང་སྔགས་ ཐབས་ཆེན་དེ། །ཕྲ་བ་དེ་བཞིན་གཤེགས་པས་གསུངས། །བསམ་གཏན་གྱིས་ཀྱང་ཤིན་དུ་བརྒྱན། །རྣལ་འབྱོར་ཐབས་ནི་ཀུན་བསྟན་པ། །སྡུག་བསྔལ་སྡིག་པ་སེལ་བ་སྟེ། །ཕྱག་ན་རྡོ་རྗེས་ཞལ་ནས་གསུངས། །སྐྱེ་དང་འཆི་བ་ 101-1-247a སྡིག་བྱེད་པ། །ཀུན་དུ་མི་ཚུགས་བརྟན་པ་སྟེ། །འདི་དང་ཕ་རོལ་བྱེད་པར་གནས། །དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་། །འདོད་པའི་དོན་ནི་རྗེས་སུ་བསྒྲུབ། །ཆོ་ག་གང་དང་གང་དག་གིས། །བསམ་གཏན་ལས་ལ་ གང་གནས་པ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དེ་དག་མ་ལུས་བཤད་པར་བྱ། །གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང་། །དེ་དག་མེད་ན་མི་འགྲུབ་ པོ། །གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱིས། །གསང་སྔགས་བཟླས་བརྗོད་མེར་འབར་བ། །སྐྱེ་དང་འཆི་བ་འཇིག་བྱེད་པ། །རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ། །དེ་བས་དེ་འདིར་གསང་སྔགས་ཀྱི། །བསམ་གཏན་ཚིམ་བྱ་མེ་དག་ལ། ། དངོས་གྲུབ་འདོད་པ་དག་གིས་ནི། །རྟག་པར་རྒྱུན་དུ་སྦྱོར་བར་བྱ། །ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ནས་ནི། །ཕྱི་ནས་ཡན་ལག་ རྣམ་གྲོལ་བའི། །མི་འབྱེད་འབྱེད་པའི་རྣམ་པར་སྤངས། །ཕྲ་མ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འདྲར་བཞག་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །བསྡམས་ནས་ཏིང་ངེ་འཛིན་ ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་སོ་ཤིག །མི་འགྱུར་བ་ ནི་ཡི་གེར་ལྡན། །གཞི་ལས་གཞིར་འགྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པས་ སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱིས་ནི་ཆོ་ག་ཡིས། །ཡང་ན་ཤུ་བུར་བྱ་ཡང་རུང་། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང་། ། 101-1-247b བདག་གི་དེ་ཉིད་ཆོ་ག་དང་། །བཟླས་བརྗོད་དེ་ཉིད་མཆོག་ཤེས་དང་། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །དབེན་པའི་བསྐྱེད་མོས་ཚལ་དང་ངོགས། །ཕུག་དང་རི་བོར་ནགས་ཚལ་དུ། །བརྟུལ་ཞུགས་གནས་སམ་སྡོམ་པ་ཡིས། །སྔགས་པ་ བསམ་གཏན་བྱེད་ཅིང་གནས། །གསང་སྔགས་མེ་གནས་དངོས་གྲུབ་སྟེ། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་ བསྡམ། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་པར་བྱ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་ལ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་ནས་ ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བའང་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །སྙིང་གར་གནས་པའི་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་ འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །བདེ་བར་འདུག་ནས་སྒྲ་བསམ་འམ། །མི་འགྱུར་བ་ལ་ཡི་གེ་གཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ ཀྱང་། །དངོས་པོ་ཀུན་རྣམས་དམ་པའི་དཔལ། །བསྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར། །ལྟོས་བཅས་ཡན་ལག་གྱུར་པར་སྣང་། །སྒྲ་ཞེས་བྱ་དང་ཡིད་ཀྱི་དང་། །ཚིག་རྣམས་དག་པ་རིག་སྔགས་དབང་། །ཡན་ལག་སྤང་བ་རྒྱལ་བས་ མཁྱེན། །སླར་སྡུད་དཀའ་ཐུབ་བསམ་གཏན་དང་། །སྲོག་རྩོལ་ཆོ་གའི་བྱ་བ་དང་། །རྣམ་པར་ཤེས་པ་སྣ་ཚོགས་པའི། །སྔགས་པ་རེ་ཞིག་ལྟོས་བཅས་པའོ། །དཀའ་ཐུབ་ཆེན་པོ་དང་ལྡན་པར། །ཆོས་བསྐྱེད་བརྟུལ་ཞུགས་མཆོག་ ལྡན་པ། །ལྟོས་བཅས་པ་ནི་ཡུལ་ལས་གྲོལ། །ཡན་ལག་སྣང་བ་ནན་ཏན་བྱ། །དེ་ཡང་བརྟུལ་ཞུགས་བྱས་ནས་ནི། །དོགས་པའི་འཇིག་རྟེན་སྨད་པ་ཡི། །བསམ་གཏན་གཅིག་པུ་རབ་བསྡམས་ནས། །བློ་གྲོས་ཞི་བ་བརྟན་པ་སྤྱད། ། 101-1-248a ཁུ་བ་བཤང་གཅི་དག་དང་ནི། །འབགས་པ་དག་ནི་རྒྱུ་བ་ལའང་། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །དབེན་པར་གཙང་སྦྲ་བརྩམ་པར་བྱ། །སྲང་དང་ཁྲོན་པ་ལུ་མ་དང་། །གྲོང་དང་ནགས་ལྷས་དག་ལ་ཡང་། །ངག་ལུས་ ཡིད་ཀྱིས་སྤང་བ་ནི། །སེམས་ཅན་གནོད་པ་ཀུན་མི་སྤྱད། །བསམ་གཏན་དང་ནི་བཟླས་བརྗོད་དང་། །གསང་སྔགས་གྲུབ་པར་བྱ་བ་དང་། །སྦྱིན་སྲེག་དབང་བསྐུར་ཐམས་ཅད་དང་། །ཡུལ་གྱི་བྱ་བ་རྣམས་ལ་ཡང་། །བརྟུལ་ཞུགས་གསུངས་ པ་གང་ཡིན་པ། །དེ་ཡི་གནས་དང་ཚད་རྣམས་དང་། །སྔོན་ནི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་གྱི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཉེར་འགྱུར་མངོན་དུ་ཕྱོགས་པ་དང་། །གསང་སྔགས་སྟེར་བར་འགྱུར་བ་ དང་། །གཞན་དུ་ཕྱོགས་པ་གང་ཡིན་པ། །དེ་ཀུན་ཚངས་པ་ཁྱོད་ལ་བཤད། །གསང་སྔགས་ལ་སོགས་དང་ལྡན་པའི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར། །བསམ་གཏན་ངོམས་ཕྱིར་ རྟག་ཏུ་གནས། །དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་ག་ལས། །མ་དད་པ་དང་སྙོམ་པ་དང་། །བསྐྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ། ། དགོད་དང་ཡིད་ཀྱི་གདུང་བ་དང་། །ལས་ལ་ཐེ་ཚོམ་ཟ་བ་དང་། །བཟླས་བརྗོད་བསམ་གཏན་མི་ཞེན་དང་། །བསྡམ་པ་དག་ནི་གཤིག་པ་དང་། །ཅལ་ཅོལ་གཏམ་ལ་རབ་ཏུ་དད། །མི་བྱ་བ་ལ་འཇུག་པ་དང་། །ལོག་འདྲེན་གྱིས་ ནི་བརླམས་པ་དང་། །རྨི་ལམ་ངན་པ་རྣམས་ཀྱང་མཐོང་། །སེམས་ཅན་དག་ལ་གནོད་བྱེད་དང་། །ལྷ་རྣམས་ལ་ནི་སྨོད་པ་དང་། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གང་ཚེ་འདི་དག་བྱེད་པ་ན། །རྟག་ཏུ་འཚེ་བ་འབྱུང་བར་འགྱུར། ། གསང་སྔགས་དེ་ལས་གཞན་དུ་ཕྱོགས། །གང་ཞིག་ཞི་བར་འདུག་པ་དང་། །སྒྲ་ཡི་ངོ་བོར་གྱུར་པ་ན། །དེ་ཚེ་སྔགས་པ་གསང་སྔགས་ལ། །ཉེ་བར་གྱུར་ཏེ་མངོན་དུ་ཕྱོགས། །ལྷ་དང་ལྷ་མིན་སེམས་ཅན་ནི། །དབང་ཕྱུག་ 101-1-248b ཡེ་ཤེས་འཇུག་པ་རྣམས། །མཐོང་ན་ཞི་བ་སྐྱེ་འགྱུར་བ། །དེ་ནི་མངོན་དུ་གྱུར་པ་སྟེ། །རྒྱལ་པོ་དང་ནི་ཕྱུག་པོ་དང་། །སྐྱེ་བོ་བུད་མེད་དགེ་བ་རྣམས། །དབང་དུ་གྱུར་ཅིང་མངོན་དུ་ཕྱོགས། །པུས་མོ་འཛུགས་ཤིང་སྤྱི་བོས་འདུད། ། དེ་ལ་ཤེས་པའང་སྐྱེ་བར་འགྱུར། །མ་ཐོས་པ་ཡང་ཤེས་པར་འགྱུར། །སྐད་ཅིག་དག་ལ་ལུས་ལས་ནི། །བར་བར་མེ་བཞིན་འབར་བར་འགྱུར། །གླུ་དང་སིལ་སྙན་སྒྲ་རྣམས་དང་། །ལྷ་རྣམས་ཀྱིས་ནི་སྨྲ་བར་ཡང་། །ལྷ་མངོན་ ཕྱོགས་པའི་སྔགས་པ་ཡིས། །དེ་དག་རྟག་ཏུ་ཐོབ་པར་འགྱུར། །གསང་སྔགས་ལྷ་ནི་མངོན་ཕྱོགས་པའི། །སྒྲུབ་པ་པོ་ནི་མཐུ་ཆེན་པོ། །བློ་ཅན་དཀའ་ཐུབ་འགྲུབ་པ་ཡིས། །ཀུན་དུ་ཞེན་པར་རྟག་ཏུ་བྱ། །མངོན་དུ་ཕྱོགས་ པའི་གནས་ཐོབ་ན། །ནམ་མཁའ་རྒྱུ་བ་མངོན་པའི་གནས། །དབང་ཕྱུག་མང་པོ་རྟག་གྱུར་ཀྱང་། །གང་ཞིག་མ་མྱོས་དེ་སྔགས་རིག །གསང་སྔགས་འབྲས་བུ་མ་ལུས་པ། །ཡེ་ཤེས་དབང་ཕྱུག་བརྒྱན་པ་ཡང་། །དེ་མྱོས་ གནས་ནི་མཆོག་ཏུ་འགྲོ། །རང་གི་མཐུ་ཡི་ཤེས་པས་གསལ། །རྡོ་རྗེ་ཅན་གྱི་གསང་བའི་མཆོག །ཚངས་པ་སྐྱོན་མེད་གང་ཡིན་པ། །གང་ཞིག་ཐོབ་ནས་བདེར་འགྱུར་བ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །སྤྲོ་ཞིང་ སྟོབས་དང་ལྡན་པ་ནི། །བཟླས་བརྗོད་བསམ་གཏན་དཀའ་ཐུབ་མིས། །གསང་སྔགས་རང་བཞིན་མེ་ཡིས་ནི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །གནས་དང་ཟས་དང་གྲང་བ་དང་། །ཆར་དང་རླུང་དང་ཚ་བ་ལ། །ཅི་མི་སྙམ་ པར་ནམ་འགྱུར་ན། །དེ་ཚེ་ལས་ཀྱི་འབྲས་བུ་ངེས། །སྒྲ་འམ་ཡང་ན་གཟུགས་ལ་ཡང་། །གང་བརྩོན་པ་ནི་མི་རྨོངས་པ། །ཉེ་བར་གྱུར་པར་དེ་ཤེས་བྱ། །དཀའ་ཐུབ་ཅན་གྱིས་གནོད་པ་སྤངས། །གང་ཞིག་མཐོང་བ་ཙམ་གྱིས་ནི། ། སེམས་ཅན་ཐམས་ཅད་བྱམས་འགྱུར་བ། །དེ་ནི་དངོས་གྲུབ་ཉེ་བར་འགྱུར། །བགེགས་རྣམས་ཐམས་ཅད་རྣམ་པར་སྤངས། །བདེ་བ་དང་ནི་སྡུག་བསྔལ་མཐའ། །འདོད་དང་ཁྲོ་དང་འཇིགས་པ་དང་། །ནད་དང་འཆི་དང་གནོད་དག་ 101-1-249a གི། །རྒྱུ་ནི་སྔགས་པ་རྣམས་ལ་ཡོད། །ནམ་ཞིག་ཉེ་བར་གྱུར་པ་ན། །དུས་དང་ལུས་དང་བྱ་དང་ལས། །ཆོས་དང་ཆོས་མིན་འབྲས་བུ་ལ། །དེ་ཚེ་སྔགས་ལ་མི་ལྟོས་སོ། །རིག་སྔགས་ཉེར་གྱུར་འདོད་པ་དང་། །གྲུབ་པ་དང་ནི་དེ་བཞིན་ མཆོག །ཉེས་པ་སྟོང་དག་བྱས་པ་ཡང་། །བཟོད་པར་འགྱུར་བ་དོགས་པ་མེད། །རིགས་བྱུང་རྫས་བྱུང་དངོས་གྲུབ་དང་། །སྨན་གྱི་ཡང་ནི་ལུས་ཅན་ལ། །ཉེ་བར་གྱུར་དང་སྔགས་གྲུབ་པ། །དབང་དུ་གྱུར་པར་རྟག་པར་རོ། །བསམ་གཏན་གྱི་ ཕྱི་མ་རིམ་པར་ཕྱེ་བ་རྫོགས་སྷོ།། །། སྤྱིར་ཤུ་ལོ་ཀ་ལྔ་བཅུ་རྩ་གསུམ་མོ་སྐད། །ཡང་ཞུས་སྟེ། སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས་དག ། ༄༅། །རྒྱ་གར་སྐད་དུ། སུ་སིདྡྷི་ཀ་ར་མ་ཧཱ་ཏནྟྲ་སཱ་དྷ་ནཽ་པཱ་ཡི་ཀ ། བོད་སྐད་དུ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། ། དེ་ནས་རྡོ་རྗེ་འཆང་ལ་ཡང་། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདི་སྐད་ཞུས། །བཅོམ་ལྡན་འདས་ལ་བདག་གིས་ནི། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་དང་། ། མཐུ་དང་ཕ་རོལ་གནོན་པ་དང་། །འཁོར་གྱི་ཚོགས་འདི་ཐོས་ལགས་ན། །བཅོམ་ལྡན་ཇི་ལྟར་ཟློས་རྣམས་ལ། །གསང་སྔགས་དུ་མར་རྣམ་བརྟགས་པའི། །དངོས་གྲུབ་མང་པོར་ཕྱེ་བ་དག །དེ་དག་མྱུར་དུ་འགྲུབ་པར་ འགྱུར། །གསང་སྔགས་མཚན་ཉིད་ཇི་འདྲ་ལགས། །སློབ་དཔོན་མཚན་ཉིད་ཇི་ལྟ་བུ། །སྒྲུབ་པ་པོ་ནི་ཅི་འདྲ་དང་། །དེ་བཞིན་དུ་ནི་སྔགས་གཡོག་གསུངས། །ཡུལ་ནི་ཇི་ལྟ་བུ་དག་བཞེད། །གནས་ནི་གང་དག་ལགས་ པ་གསུངས། །གསང་སྔགས་ཟློས་པའི་འདུལ་བ་དང་། །བསྡམ་པ་དག་ཀྱང་ཇི་ལྟ་བུ། །མེ་ཏོག་གང་དག་ཤིས་པ་དང་། །དྲི་ནི་གང་དག་རབ་ཏུ་བསྒྲགས། །གཏོར་མའི་ལས་ཀྱི་ཆོ་ག་གང་། །བདུག་པ་མར་མེ་ཇི་ལྟ་བུ། ། 101-1-249b ཞི་དང་རྒྱས་དང་དྲག་སྤྱོད་པའི། །ལས་ཀྱི་དབྱེ་བ་ཅི་འདྲ་ལགས། །དངོས་གྲུབ་རབ་དང་འབྲིང་དང་ནི། །ཐ་མ་ཡང་ནི་ཇི་ལྟ་བུ། །སྤྱན་དྲང་བའི་ཆོ་ག་དང་། །མཆོད་པ་ཡང་ནི་ངེས་པ་དང་། །བསྲུང་བའི་ལས་ལ་སྦྱར་བ་དང་། །བཟླས་བརྗོད་ བགྱི་པ་རྒྱ་ཆེར་གསུངས། །ཚིམ་པར་བྱ་དང་དབང་བསྐུར་དང་། །གསང་སྔགས་སྟ་གོན་གནས་པ་དང་། །ཡོངས་སུ་གཟུང་དང་བསྐང་བ་དང་། །གཟི་བྱིན་བསྐྱེད་པ་ཇི་ལྟ་བུ། །སྦྱིན་སྲེག་ལས་ཀྱི་ཆོ་ག་དང་། །སྒྲུབ་པའི་ཡན་ལག་ ངེས་པ་དང་། །རྫས་ཀྱི་མཚན་ཉིད་རྒྱས་པ་དང་། །དེ་བཞིན་རྫས་ཀྱང་གཟུང་བ་དང་། །སྦྱང་བར་བགྱི་བའི་ཆོ་ག་དང་། །དེ་བཞིན་ཚད་ནི་ངེས་པ་དང་། །དེ་དག་སྒྲུབ་པའི་ཆོ་ག་རྣམས། །མ་ལུས་པར་ནི་བསྒྲགས་པ་གང་། །བདག་དང་ ཟློས་ལ་ཐུགས་བརྩེའི་ཕྱིར། །དེ་ཀུན་བཅོམ་ལྡན་འདས་ཀྱིས་གསུངས། །དངོས་གྲུབ་རྫས་ཀྱི་སྲུང་བ་དང་། །ཇི་ལྟ་བུར་ཡང་བསྒོ་བ་དང་། །སྤྱད་པར་བགྱི་བའི་ཆོ་ག་ཡིས། །ངེས་པ་གཙོ་བོས་བདག་ལ་གསུངས། །ཕྲོགས་པ་སླར་ ཡང་དགུག་པ་དང་། །བསྲུང་ཞིང་ཕྱིར་ཡང་བཟློག་པ་དང་། །བགེགས་རྣམས་ཀྱི་ནི་སྔ་ལྟས་དག །རྒྱ་ཆེན་བདག་ལ་བཀའ་སྩོལ་ཅིག །དངོས་གྲུབ་ལས་ལ་དབང་བསྐུར་དང་། །དཀྱིལ་འཁོར་གང་དག་བསྒྲུབ་པ་དང་། །གཞན་ཡང་གསང་ ཆེན་མ་ལུས་པ། །དེ་དག་རྒྱ་ཆེར་བཀའ་སྩོལ་ཅིག །བྱ་བའི་ཆོ་ག་འདིར་འཆལ་བའི། །ཕྱག་རྒྱ་གང་ལགས་གསང་སྔགས་དང་། །དངོས་གྲུབ་སྒྲུབ་པའི་མཚན་མ་དང་། །ཟློས་པའི་རྨི་ལམ་གང་ལགས་པ། །སེམས་ཅན་ཀུན་ལ་ ཐུགས་བརྩེའི་ཕྱིར། །དེ་དག་མྱུར་དུ་བདག་ལ་གསུངས། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རིག་སྔགས་འཆང་ཀུན་གྱིས་བསྟོད་པ། །བརྩོན་ཆེན་ཁྲོ་བོ་ཆེན་པོ་ལ། །གཟི་ཆེན་གྱིས་ནི་བཀའ་སྩལ་པ། །གང་ཕྱིར་ང་ལ་འདི་ བྲིས་པ། །ཁྲོ་བོ་ཆེན་པོ་ལེགས་སོ་ལེགས། །དེ་ཕྱིར་རྩེ་གཅིག་ཡིད་ཀྱིས་ནི། །བཟང་པོ་ཆོ་ག་མཆོག་ཀུན་ཉོན། །རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེ། །དྲག་ལ་ཅིས་ཀྱང་མི་རྫི་བ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །གསང་སྔགས་ལས་ 101-1-250a ནི་ཐམས་ཅད་པ། །སྔགས་རྒྱུད་འདི་ནི་མ་ལུས་པ། །བསྒྲུབ་ཅིང་དེ་བཞིན་སྟོན་པར་བྱེད། །འདི་དང་ལྡན་པར་གསང་སྔགས་རྣམས། །བསྙེན་ན་མྱུར་དུ་འགྲུབ་པར་འགྱུར། །འདི་ནི་རིགས་རྣམས་ཐམས་ཅད་ཀྱི། །རིག་པའི་རྒྱལ་པོ་ མཐུ་ཆེན་ཡིན། །བསྲུང་དང་ཕྱིར་བཟློག་ལ་སོགས་དང་། །མཆོད་དང་ཚིམ་པར་བྱ་བ་ཡི། །ལས་ཀུན་ལ་ནི་འདི་སྦྱོར་བྱེད། །འདི་ནི་སྟོན་ཅིང་གཞན་བསྐུལ་འདེབས། །གསང་སྔགས་ཐམས་ཅད་འགྲུབ་པར་བྱེད། །ཡང་ན་དེ་ཡི་སྙིང་པོ་ནི། །ཧཱུྃ་གསུམ་ དང་ནི་ལྡན་པ་ཡིས། །རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །མཁས་པས་བསྲུང་ལ་སོགས་ལ་སྦྱར། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཀྱང་། །རྒྱུད་རྣམས་མཐོང་ནས་ཐོག་མར་ནི། །དངོས་གྲུབ་རབ་འབྲིང་ཐ་མ་ཡི། །གསང་སྔགས་བྱེ་བྲག་ རྣམས་ཤེས་བྱ། །གང་ཕྱིར་རིགས་ནི་གསུམ་པོ་ཡང་། །དཀྱིལ་འཁོར་འདིར་ནི་ཀུན་ཏུ་འདུས། །དེ་བས་དེར་གསུངས་སྔགས་རྣམས་ཀྱི། །ཆོ་ག་ཐམས་ཅད་བཤད་པར་བྱ། །བདེ་བར་གཤེགས་པས་ཞི་བར་བྱ། །རྒྱས་པ་པདྨ་མའི་རིགས་ སྐྱེས་ཀྱིས། །རྡོ་རྗེ་རིགས་སྐྱེས་གསང་སྔགས་ཀྱིས། །དྲག་ཤུལ་སྤྱད་པའི་ལས་རྣམས་བྱ། །རོ་སྟོད་ལས་བྱུང་མཆོག་ཡིན་ཏེ། །ལྟེ་བ་མན་ཆད་ཐ་མ་ཡིན། །བར་གྱི་ལུས་ལས་བྱུང་བ་ཡི། །སྔགས་ཀྱི་དངོས་གྲུབ་འབྲིང་བསྟན་ཏོ། ། རབ་དང་འབྲིང་དང་ཐ་མ་ཡང་། །རྣམ་པར་རྟོག་པའི་མཐུ་དག་ལས། །དངོས་གྲུབ་རྣམས་ལ་གསུམ་རྣམས་སུ། །གསང་སྔགས་ཆོ་ག་མཁས་པས་བཤད། །མཁས་པས་རིགས་ནི་གསུམ་ཅར་ལའང་། །རབ་ལ་སོགས་པ་བསྟན་པ་ དང་། །ཞི་བ་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་གསུམ་དུ་བྱ། །དེ་ལ་དངོས་གྲུབ་རབ་ལ་ནི། །རིག་སྔགས་བདག་པོ་ཡིན་པར་ཤེས། །མཁས་པས་ཤིན་ཏུ་ཐ་མ་ལ། །མངག་ཞུགས་ལ་སོགས་ཤེས་པར་བྱ། །ཞི་བ་དང་ནི་རྒྱས་པ་དང་། ། གང་ཡང་དྲག་ཤུལ་སྤྱོད་པ་དང་། །རིགས་གསུམ་ལ་ཡང་དེ་དག་ཀུན། །གསང་སྔགས་དབྱེ་བས་ཤེས་པར་བྱ། །རིག་སྔགས་རྒྱལ་པོས་རྒྱས་པ་བྱ། །ཁྲོ་བོ་རྣམས་ཀྱིས་དྲག་ཤུལ་སྤྱད། །སྤྱན་ལ་སོགས་པས་ཞི་བ་བྱ། །རང་བཞིན་གསུམ་གྱི་ 101-1-250b ཆོ་ག་ཡིན། །གསང་སྔགས་ཚིག་དང་ཡི་གེ་ཡིས། །མ་སྨོས་པ་ཡང་ཤེས་བྱ་ཞིང་། །ལས་གང་སྐུལ་བར་བྱེད་པའི་སྔགས། །ལས་དེ་སྒྲུབ་པར་ཤེས་པར་བྱ། །ཞི་བས་ཞི་བའི་ལས་རྣམས་བྱ། །མཐུ་དང་ལྡན་པས་གསང་སྔགས་ཀྱི། །དེ་བཞིན་ རྒྱས་པའི་ལས་རྣམས་སྤྱད། །དྲག་པོས་དྲག་ཤུལ་སྤྱད་པར་བྱ། །ཁྱད་པར་དུ་ནི་ཞི་བའི་ལས། །རྒྱལ་བས་གསུངས་པས་ཞི་བ་བྱ། །དཔལ་སྡོམ་རྒྱུད་ལས་གསུངས་པ་ཡི། །རྒྱས་པའི་ལས་རྣམས་བྱ་བར་ཤིས། །ཁྲོ་བོ་དྲག་ཤུལ་ཅན་དག་ གིས། །དེ་ལ་སོགས་པ་བསྟན་པ་ཡིས། །ལས་ནི་རྣམ་པ་གསུམ་དུ་བསྒྲགས། །གསང་སྔགས་མང་པོ་ཕལ་ཆེར་ནི། །སྐུལ་བའི་ཚིག་དང་ལྡན་པས་ན། །དེ་དང་དེ་ཡི་ལས་རྣམས་ནི། །དེ་དག་ཉིད་ཀྱིས་རབ་ཏུ་བྱ། །རིག་སྔགས་རྒྱལ་པོ་ བཅོམ་ལྡན་འདས། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དེ་ནི་དཔལ་ལྡན་ཆེན་མོ་སྟེ། །ཁྱད་པར་དུ་ནི་ལས་ཀུན་བྱེད། །རིག་སྔགས་འཆང་ཀུན་གྱིས་མཆོད་པ། །དཔལ་ལྡན་རྡོ་རྗེ་འཆང་དེ་ནི། །རིག་སྔགས་རྒྱུད་རྣམས་ཐམས་ཅད་དང་། ། སྟོན་ཅིང་དེ་བཞིན་སྒྲུབ་པར་བྱེད། །དེ་ཡི་ཕོ་ཉ་ཆེ་ཆུང་དང་། །ཁྲོ་བོ་གསང་སྔགས་ཕྱག་བརྙན་བཅས། །འཁོར་ནི་རྣམ་པ་སྣ་ཚོགས་ཀྱང་། །ཕ་རོལ་གནོན་པ་སྨད་དུ་གྲགས། །ལྷ་ཡི་ཡང་ནི་ལྷ་འདི་ཡི། །གསང་སྔགས་མང་པོ་གང་ གསུངས་པ། །གཟི་བརྗིད་ཆེ་ཞིང་ཁྱད་པར་འཕགས། །དེ་ཀུན་ལས་རྣམས་ཐམས་ཅད་བྱེད། །རྒྱལ་དང་པད་མའི་རིགས་འདིར་ཡང་། །འདི་ཉིད་རྒྱལ་པོས་བསྐོས་པའི་ཕྱིར། །དམ་པ་ཡིན་པར་ཤེས་བྱ་སྟེ། །འདི་དང་མཚུངས་པ་གཞན་ མེད་དོ། །གསང་སྔགས་ཡི་གེ་ཉུང་ངུ་དང་། །གང་དག་སྭཱ་ཧཱ་ཨོཾ་ལྡན་པའང་། །ཞི་བའི་ལས་རྣམས་ཐམས་ཅད་ནི། །དེ་ཡིས་དེ་དག་མྱུར་དུ་བྱེད། །ཧཱུྃ་དང་བཅས་ཤིང་ཕཊ་དང་བཅས། །གང་དག་ར་དང་ཀན་ཆགས་མང་། །གསང་སྔགས་དེ་དག་ དྲག་སྤྱོད་ལ། །མཁས་པས་ཀུན་དུ་སྦྱར་བར་བྱ། །མཁས་པས་དེ་ལས་གཞན་པའི་སྔགས། །དོན་དང་ཚིག་ནི་ཞིར་ལྡན་པས། །རྒྱས་པའི་ལས་ནི་ཐམས་ཅད་ལ། །ལེགས་པར་རབ་ཏུ་སྦྱར་བར་བྱ། །གདོན་སོགས་དབབ་པའི་ལས་ལ་ནི། ། 101-1-251a མཁས་པས་ཕོ་ཉ་སོགས་པས་བྱ། །གསང་སྔགས་གང་དག་དེའི་ལས་བྱེད། །དེ་དག་དེ་དང་དེར་སྦྱར་རོ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཆོ་ག་ཞིབ་མོ་རྒྱས་གསུངས་པར། །ཐོག་མར་ལས་ནི་གང་སྨོས་པ། ། དེ་ནི་གཙོ་བོ་ཡིན་པར་བསྟན། །གླེང་གཞི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུངས་གྱུར་པས། །དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །རིགས་དང་རང་བཞིན་མཐུ་རྣམས་དང་། །ལས་ཀྱང་རྣམ་པར་ སྦྱང་ནས་ནི། །རང་གི་ཡིད་དང་མཐུན་པ་ཡིས། །གསང་སྔགས་ལ་ནི་བསྙེན་པ་བརྩམ། །གསང་སྔགས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གཞུང་དག་ལས། །ཆོ་གའི་རྩ་བར་འདོད་པ་ཡི། །སློབ་དཔོན་གྱི་ནི་མཚན་ ཉིད་དག །ཇི་སྐད་བསྟན་པ་དེ་བཤད་དོ། །ཡན་ལག་ཐམས་ཅད་མཚན་དང་ལྡན། །དཔལ་ལྡན་གཙུག་ལག་རྣམས་ལ་མཁས། །ཆོས་ལ་གཅིག་ཏུ་དགའ་བ་དང་། །རང་གི་བསླབ་པ་ལ་ཡང་གནས། །དེས་ལ་འགྲོགས་ན་བདེ་བ་དང་། ། སྙིང་རྗེའི་བདག་ཉིད་བརྩེ་བ་ཅན། །ཆོ་རིགས་བཙུན་ཞིང་ང་རྒྱལ་མེད། །བློ་ལྡན་སྨྲ་མཁས་བཟོད་པ་ཆེ། །ཐེག་ཆེན་དོན་ལ་ཞུགས་པ་དང་། །ཟབ་མོའི་དོན་ལ་ལྷག་པར་མོས། །ཁ་ན་མ་ཐོ་ཆུང་ངུ་ལའང་། །འཇིགས་པར་བལྟ་ཞིང་ ལེགས་བསྡམས་པ། །གཟུངས་ལ་སོགས་པའི་མདོ་སྡེ་རྣམས། །ཀློག་པ་ལ་ནི་ལྷག་པར་བརྩོན། །གསང་སྔགས་སྤྱོད་ལ་བརྩོན་པ་དང་། །གཙུག་ལག་མན་ངག་ལེགས་པར་སྟོན། །ལས་རྣམས་འགྲུབ་ཅིང་བཟླས་བརྗོད་ཅན། ། དཀྱིལ་འཁོར་རྣམས་ཀྱི་ལས་ལ་མཁས། །སྡུག་ཅིང་ལེགས་པར་འགྱེད་པ་དང་། །ཆེན་པོར་འདོད་ཅིང་འཇུངས་དང་བྲལ། །དཀྱིལ་འཁོར་ཆེན་པོ་དག་ཏུ་ནི། །བླ་མས་ཚུལ་བཞིན་དབང་བསྐུར་ཞིང་། །བླ་མ་ལ་ནི་ལུང་ཐོབ་པ། ། དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་ཉིད་ཀྱིས་ནི་ཆོ་ག་བཞིན། །དམ་ཚིག་ལ་སོགས་དཀྱིལ་འཁོར་བྲི། །གསང་སྔགས་རྣམས་ཀྱི་ཆོ་ག་གང་། །དེ་ཉིད་ཀྱིས་ནི་བསྟན་པར་འོས། །དེ་ཡིས་བསྟན་པའི་གསང་སྔགས་ཀུན། །ཐེ་ཚོམ་མེད་ 101-1-251b པར་འགྲུབ་པར་འགྱུར། །གཞན་དུ་ན་ནི་བསྙེན་བྱས་ཀྱང་། །བཟླས་བརྗོད་ཐམས་ཅད་འབྲས་བུ་མེད། །ཇི་ལྟར་དཀོན་མཆོག་གསུམ་དག་དང་། །རྒྱལ་བའི་སྲས་ལ་ལྟ་བ་ལྟར། །ཟློས་པས་བླ་མ་མཐུ་ཆེན་ལ། །དེ་ལྟར་ལྟ་ཞིང་བཀུར་བསྟི་བྱ། ། དེ་ནི་ཀུན་ལ་སྐུལ་བར་བྱེད། །སྐྱབས་ལ་སོགས་པ་ཡོངས་སུ་འཛིན། །དེ་ནི་དགེ་བའི་ཕྱོགས་རྣམས་དང་། །མངོན་པར་མཐོ་བ་ཀུན་གྱི་རྒྱུ། །སློབ་དཔོན་རྟེན་དང་དངོས་གྲུབ་ནི། །ཁྱད་པར་ཅན་ཡང་མྱུར་དུ་སྐྱེ། །བྱང་ཆུབ་འབྲས་བུའི་བར་དུ་ཡང་། ། དེ་ཉིད་རྒྱུ་ཞེས་རབ་ཏུ་གསུངས། །རིམ་གྲོ་ལ་སོགས་བསྙེན་པ་ཡིས། །དེ་ནི་ནམ་ཞིག་མགུ་གྱུར་པ། །དེ་ཚེ་གསང་སྔགས་རིག་སྔགས་རྣམས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །སློབ་དཔོན་གྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གསང་སྔགས་ཟློས་པ་པོ། །བྱ་བའི་ཆོ་ག་ལ་བརྩོན་པ། །ཇི་ལྟ་བུ་ཡི་མྱུར་འགྲུབ་པའི། །མཚན་ཉིད་གཞན་ཡང་བཤད་པར་བྱ། །གཙང་ཞིང་དུལ་ལ་བརྟན་པར་ལྡན། །མ་འཇུངས་བློ་ལྡན་གཡེར་བག་ཆེ། །སྨྲ་མཁས་མི་འཇིགས་ བཤེས་གཉེན་ཅན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ནད་མེད་པ་ལ་བདེན་པར་སྨྲ། །བཟོ་ཞིང་བཤོར་ལ་དར་ལ་བབ། །དེ་བཞིན་ཡན་ལག་ཚང་བ་ཡི། །བློ་ལྡན་དེས་ནི་འགྲུབ་པར་ཤིས། །དཀོན་མཆོག་གསུམ་ལ་གང་དད་ཅིང་། །ཐེག་པ་ ཆེན་པོ་ལ་ཡང་བསྒོམ། །དགེ་བའི་ཕྱོགས་ལ་བརྩོན་འགྲུས་ཅན། །དེ་ལ་རིག་སྔགས་མྱུར་དུ་འགྲུབ། །གང་ཞིག་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་གུས་ཤིང་རིམ་གྲོ་ཆེ། །སེམས་ཅན་ཀུན་ལ་སྙིང་བརྩེ་ཅན། །དེས་ནི་རིག་སྔགས་ འབྲས་བུ་ཐོབ། །ཅིག་པུ་དབེན་པར་དགའ་བ་དང་། །བདེན་པར་སྨྲ་ཞིང་གཙང་སྦྲ་ཆེ། །ཞི་ལ་ཡིད་ནི་མི་གཡེང་བ། །རིག་སྔགས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་རྡོ་རྗེ་འཆང་བ་ཡི། །མཐུ་ཆེན་ཐོས་སོ་ཅོག་ན་ཡང་། །ཕྱིར་ཞིང་དགའ་བྱེད་ དེའི་ལག་ན། །དངོས་གྲུབ་ཐམས་ཅད་མྱུར་བར་གནས། །ཟས་དང་སྟན་དང་མལ་ཆ་ལ། །བྱ་བ་ཉུང་ཞིང་འདོད་ཆེན་ཆུང་། །བརྩོན་ཞིང་ངལ་ནི་མི་ཤེས་པ། །དེས་ནི་ངེས་པར་འགྲུབ་པར་འགྱུར། །ཆོ་ག་རྒྱས་པར་ཀློག་པ་ན། །གང་ཞིག་ཡིད་ནི་ 101-1-252a དགར་འགྱུར་བའམ། །ཡང་ན་བ་སྤུ་ལྡང་འགྱུར་པ། །དེ་ནི་རིག་སྔགས་འབྲས་བུའི་སྣོད། །གང་ཞིག་དེ་དང་དེ་བཤད་དེའི། །རང་བཞིན་གྱུར་ཅིང་ཆགས་སྤངས་ལ། །རྨི་ལམ་ན་ཡང་དངོས་གྲུབ་ཐོབ། །དེ་ལ་ཡང་ནི་དངོས་གྲུབ་ ཡོད། །རིག་སྔགས་དམ་ཚིག་འཆང་བ་ཡི། །བླ་མ་ལ་ནི་སྟོན་པ་བཞིན། །གང་ཞིག་གུས་སེམས་ཤེས་རབ་ཅན། །དེ་ཡི་ལག་ན་དངོས་གྲུབ་གནས། །བརྩམས་ཏེ་འབྲས་བུ་མེད་གྱུར་ཀྱང་། །གང་ཞིག་རིག་སྔགས་མི་གཏོང་ལ། ། ཡིད་ཀྱང་སྐྱོ་བར་མི་འགྱུར་བའི། །བློ་ལྡན་དེས་ནི་དངོས་གྲུབ་ཐོབ། །སྒྲུབ་པ་པོའི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་སྒྲུབ་པ་པོའི། །བྱ་བའི་ཆོ་ག་དག་ལ་ཡང་། །ཇི་ལྟ་བུ་དག་ཤིས་པ་ཡི། །སྔགས་གཡོག་ དག་གི་མཚན་ཉིད་བཤད། །རིགས་བཙུན་ཆོས་སྤྱོད་དད་པ་ཅན། །སེམས་སྟོབས་ཆེ་ལ་རྩོལ་ཕོད་པ། །བདེན་པར་སྨྲ་ཞིང་གུས་པ་ཆེ། །ཡན་ལག་མ་ཉམས་མ་སྨད་པ། །ཧ་ཅུང་མི་རིང་མི་སྦོམ་ལ། །སྐེམ་པོ་མ་ཡིན་མིའུ་ཐུང་མིན། ། ཧ་ཅུང་ཁ་དོག་གཅིག་མིན་པའི། །ནད་མེད་སྔགས་གཡོག་རབ་ཏུ་ཤིས། །སྡུག་བསྔལ་ཐམས་ཅད་བཟོད་ཅིང་བརྟན། །ལས་རྣམས་ཀུན་ལ་རབ་ཏུ་བཟོ། །བཟོད་དང་ལྡན་ཞིང་དཀའ་ཐུབ་ཅན། །རྗེས་སུ་མཐུན་ཞིང་དགའ་བར་སྨྲ། ། བློ་ལྡན་དྲང་ཞིང་ང་རྒྱལ་མེད། །ཕན་ཚུན་འདྲན་པ་དག་ཀྱང་སྤངས། །མཁས་ཤིང་བྱང་ལ་བྱམས་པ་ཅན། །དྲན་པར་ལྡན་ཞིང་གཏོང་ཡང་ཕོད། །གསང་སྔགས་རིག་སྔགས་དབྱེ་བ་ཤེས། །གསང་སྔགས་བཟླས་ཤིང་ཤེས་རབ་རྣོ། ། བསྲུང་ལ་སོགས་པའི་ལས་རྣམས་ལ། །མཁས་པས་སྔགས་ཀྱི་གཡོག་ཏུ་གཟུང་། །ལེགས་པར་བསྡམས་ཤིང་དམ་ཚིག་ཤེས། །བསྟན་པ་ལ་ནི་དགའ་བ་དང་། །བཟླས་བརྗོད་བྱེད་པའི་བརྡ་ཤེས་པ། །དད་པ་དེ་ནི་གྲོགས་སུ་འདོད། ། བསམ་པ་བཟང་ཞིང་མི་སྐྱོ་ལ། །མ་གྲུབ་བར་དུ་མི་གཏོང་ཞིང་། །སེམས་སྟོབས་ཆེ་བའི་གྲོགས་བསྟེན་ན། །ཟློས་པ་པོ་ནི་འགྲུབ་པར་འགྱུར། །ལོངས་སྤྱོད་ཆེན་པོ་དག་ལ་ཡང་། །གང་ཞིག་ཆགས་པ་མེད་པ་དང་། །གུས་ཤིང་ཕན་པར་ 101-1-252b སྤྲོ་བ་ཅན། །དེ་ནི་གྲོགས་པོར་ཡོངས་སུ་བསྒྲགས། །དངོས་གྲུབ་ཀྱི་ནི་རྫས་དག་གིས། །གཞན་གྱིས་རབ་ཏུ་བྲིད་གྱུར་ཀྱང་། །ཆུ་གང་གིས་ནི་མི་གཏོང་བ། །དེས་ནི་གྲོགས་པོ་ནུས་པར་ཤེས། །གང་ཞིག་གྲུབ་པའི་བར་དུ་ནི། །དོགས་པ་མེད་ པར་འགྲུབ་པ་ལ། །བྱམས་པར་ཡང་ནི་བྱེད་འགྱུར་བ། །དེས་ནི་གཡོག་པོ་ནུས་པ་ཡིན། །ཡུན་རིང་དུ་ནི་འབྲལ་མེད་དམ། །འཚེ་བ་རྣམ་པ་སྣ་ཚོགས་ཀྱིས། །གང་ཞིག་སྐྱོ་བར་མི་འགྱུར་བ། །དེ་ནི་གཅིག་པུ་གཡོག་ཡིན་ནོ། །སྒྲུབ་པའི་གྲོགས་ མཆོག་ཡོན་ཏན་ཡང་། །དེ་ལྟ་བུར་ནི་ཤེས་པར་བྱ། །ཁྱད་པར་དུ་ནི་རྒྱུད་རྣམས་དང་། །དཀྱིལ་འཁོར་དག་ལ་དེ་མཁས་པའོ། །བློ་ལྡན་གང་ཞིག་སྒྲུབ་པ་བས། །ཡོན་ཏན་གང་གིས་ལྷག་གྱུར་པ། །སྒྲུབ་པའི་ལས་ཀྱི་ལྷག་མ་རྣམས། ། དེ་ནི་གཅིག་བུས་བྱེད་པར་ནུས། །དབང་བསྐུར་ཆོ་ག་སྦྱིན་སྲེག་དང་། །དྲི་ལ་སོགས་པ་བསད་པ་དང་། །གང་དག་བསྲུང་ལ་སོགས་པའི་ལས། །དེ་དག་བློ་ཅན་དེས་བྱའོ། །དེས་ནི་ཕྱི་ནང་ཐམས་ཅད་ཀྱི། །སྤྱད་པར་བྱ་བ་གཅེས་པ་ཡང་། །རྒྱུད་ལས་ གསུངས་པའི་ཆོ་ག་ཡིས། །ལེགས་པར་རྫོགས་པ་ཉིད་དུ་བྱ། །བསྒྲུབ་པའི་ལས་ནི་ནར་མ་ལ། །ཉམས་པར་གྱུར་པ་ཡོད་ན་ཡང་། །དེ་ཡི་བྱ་བ་ལ་དམིགས་ནས། །དེས་ནི་དེ་ལ་འཇུག་པར་འགྱུར། །རྫས་ཀྱི་ལས་རྣམས་གཞན་ལ་ཡང་། ། ཅི་ནས་བར་ཆད་མི་འབྱུང་བར། །རང་གི་གཟེང་སྟོད་བྱ་བ་འམ། །རྫས་ལ་བྲམ་ཞིང་ཅི་ནས་ཀྱང་། །ཟློས་པ་གཙང་སྦྲ་ཅན་གྱིས་ནི། །བཟླས་བརྗོད་བཏང་བའི་དུས་ན་ཡང་། །དེ་ཡིས་དེ་ཡི་སྔགས་བཟླས་པ། །རྟག་པར་རབ་ཏུ་བརྩོན་པར་ བྱ། །གྲོགས་པོ་ཡིས་ནི་བསྒོམ་པ་ལ། །མི་སྨྲ་བརྟུལ་ཞུགས་མི་སྤྱད་དོ། །དེ་ཡི་བསྡམས་པ་དེ་དག་པས། །དེ་ཕྱིར་རབ་ཏུ་འཇུག་པར་བྱ། །དེ་ཡི་ཁ་ཟས་གང་ཡིན་པ། །དེ་ནི་རྗེས་སུ་སློབ་པས་བཟའ། །སློབ་དཔོན་མཚན་ཉིད་སྒྲུབ་ པ་དང་། །སྔགས་གཡོག་རྣམས་ཀྱི་མཚན་ཉིད་ནི། །གང་དག་གསུངས་པ་དེ་དག་ཉིད། །སྒྲུབ་པའི་གྲོགས་མཆོག་ཡོན་ཏན་དེའོ། །སྔགས་གཡོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་བསྒྲུབ་པ་པོས། ། 101-1-253a ཡུལ་གང་དག་དུ་གནས་ནས་ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གནས་ཀྱི་མཚན་ཉིད་བཤད་པར་བྱ། །གང་དུ་བདུད་བཞི་བཏུལ་ནས་ནི། །བཅོམ་ལྡན་མངོན་པར་སངས་རྒྱས་ནས། །རྨད་བྱུང་གོ་འཕང་བརྙེས་འགྱུར་ བ། །དངོས་གྲུབ་མང་པོ་ཀུན་གྱི་མཆོག །ཆུ་བོ་ནེ་རཉྫ་ནའི་འགྲམ། །ཡིད་དུ་འོང་ཞིང་འཚེ་མེད་པ། །དེ་ཡི་དངོས་གྲུབ་ཞིང་མཆོག་ཏུ། །བཅོམ་ལྡན་འདས་ནི་ཉིད་ཀྱིས་གསུངས། །དེར་ནི་བདུད་ནི་མང་པོས་ཀྱང་། །གནོད་པར་བྱ་བར་མི་ ནུས་ཏེ། །དེ་བས་དེར་ནི་ལས་རྣམས་ཀུན། །སྒྲུབ་པ་པོས་ནི་རྩིས་ཏེ་བརྩམ། །གང་དུ་ཆོས་རྣམས་བསྟན་པ་དང་། །ཐུབ་པ་ཞི་བར་གཤེགས་པ་དང་། །སེམས་ཅན་སྨིན་པར་བྱ་བའི་ཕྱིར། །གང་དུ་སྐྱེ་བ་བསྟན་པ་ཡི། །གནས་དེར་ དངོས་གྲུབ་རྣམ་གསུམ་དུ། །ཡོངས་སུ་བསྒྲགས་པ་གང་ཡིན་དེ། །བརྟན་ཞིང་མྱུར་དུ་བགེགས་རྣམས་ནི། །ཞི་བར་ཡང་ནི་འགྱུར་བ་ཡིན། །སངས་རྒྱས་རྣམས་དང་དེའི་སློབ་མ། །སྐལ་བ་ཆེན་པོ་བཞུགས་བཞུགས་པ། ། བསོད་ནམས་ཅན་གྱི་གནས་གང་ཡང་། །དེར་ཡང་འགྲུབ་པར་ཡོངས་སུ་བསྒྲགས། །ཆུ་མིག་སྣ་ཚོགས་དང་ལྡན་ཞིང་། །ལྗོན་ཤིང་རྣམ་པ་མང་པོས་བརྒྱན། །མེ་ཏོག་འབྲས་བུ་མོད་པའི་རི། །དངོས་གྲུབ་ཕྱིར་ནི་ཡོངས་ སུ་བསྒྲགས། །དགོན་པ་དག་གི་ཕྱོགས་གང་ན། །མེ་ཏོག་འབྲས་བུ་ཆུ་མང་ཞིང་། །ཡིད་ཀྱང་མངོན་པར་དགའ་འགྱུར་བ། །དེ་དག་ཏུ་ནི་དངོས་གྲུབ་བཤད། །རྩྭ་གནས་གང་ན་རི་དགས་ཚོགས། །བཀྲ་ཤིས་དགའ་མགུར་ སྤྱོད་པ་དང་། །གདུག་པའི་སྦྲུལ་རྣམས་མེད་པ་ཡི། །གནས་དེ་ཟློས་པ་རྣམས་ལ་ཕན། །གང་ན་ལུས་ཅན་རྣམས་ལ་ནི། །ལྷགས་པ་ལ་སོགས་གནོད་མེད་ལ། །ཤིན་ཏུ་ཡང་ནི་དགའ་འགྱུར་བ། །གནས་དེ་དངོས་གྲུབ་ ཕྱིར་བསྟན་ནོ། །ཐེལ་སྡིངས་ཟོམ་དང་རི་རྩེ་དང་། །རི་བོར་གཡའ་ཆུ་སིལ་མ་ཅན། །ཁྱད་པར་དུ་ནི་ལྡན་པའི་རི། །ལྷག་པར་དངོས་གྲུབ་ཕྱིར་བསྟན་ཏོ། །ནེའུ་སེང་ཉམས་དགའ་མང་པོ་དང་། །མེ་ཏོག་མང་ཞིང་ཡམ་སྲེག་ཤིང་། ། 101-1-253b གནས་གང་དག་ན་ཡོད་པ་ཡི། །གནས་དེ་དངོས་གྲུབ་ཕྱིར་བསྒྲགས་སོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་དང་། །རི་བོ་རྣམས་དང་མཚོ་འགྲམ་དང་། །རི་བོ་རྣམ་པ་སྣ་ཚོགས་དང་། །ནགས་ཚལ་རྒྱུན་ལུགས་མེད་པ་དང་། །དུ་བ་ཡོད་པའི་དུར་ ཁྲོད་དང་། །འབབ་ཆུ་དག་དང་མཚེའུ་དག་དང་། །ཆུ་ཀླུང་འགྲམ་ན་ཉམས་དགའ་བར། །ཕྱུགས་ལྷས་གསེང་མ་སྔོན་པོ་དང་། །ལྗོན་ཤིང་ཀུན་ནས་ཟླུམ་པ་དང་། །མཚན་ཅིག་ལམ་གྱི་བཞི་མདོ་དང་། །རྫིང་དང་ལུ་མར་བཅས་པ་དག །དངོས་གྲུབ་ ཕྱིར་ནི་ཡོངས་སུ་བསྒྲགས། །ཡུལ་ནི་གང་དང་གང་དག་ཏུ། །མི་ཡི་གཙོ་བོས་ཀུན་སྤྱད་པར། །ཁྱད་པར་དུ་ནི་འགྲུབ་གསུངས་ཕྱིར། །དེར་ནི་ངེས་པར་འགྲུབ་པར་འགྱུར། །གང་དང་གང་ན་སངས་རྒྱས་ཀྱི། །བསྟན་པ་རྣམས་ནི་མཆོད་པ་ཡི། ། ཡུལ་དེ་དངོས་གྲུབ་ཕྱིར་གསུངས་ཏེ། །གཞན་དག་ཡོན་ཏན་ཆུང་ཞེས་བྱ། །གང་དང་གང་ན་སྐྱེ་བོ་ནི། །དགེ་ཞིང་འཕགས་པ་མང་བ་དག །དེ་དང་དེར་ནི་འགྲུབ་འདོད་པའི། །སྒྲུབ་པ་པོ་དེས་ས་དེར་གནས། །ཇི་ལྟར་དཀྱིལ་འཁོར་དག་གི་གནས། ། རིགས་ཀྱི་བྱེ་བྲག་ཡོན་ཏན་ལས། །རྣམ་པར་དབྱེ་བ་རབ་སྒྲགས་པ། །དེ་བཞིན་དངོས་གྲུབ་དག་ལའང་ཤིས། །དངོས་གྲུབ་བསྒྲུབ་པའི་བདག་ཉིད་ནི། །གང་དུ་ཡིད་ནི་དགའ་འགྱུར་བ། །དེ་ཉིད་དུ་ནི་སྦྱང་བ་ཡི། །རིམ་པས་ལས་རྣམས་ བརྩམ་པར་བྱ། །གནས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གང་ཞིག་གིས། །གནས་ན་ཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །སྒྲུབ་བས་ གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང་། །གསང་སྔགས་རང་བཟོ་མི་བྱ་ཞིང་། །རང་བཞིན་ངན་པའི་མི་དག་ལ། ། བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་དང་། །སྤྱོད་པ་ངན་པར་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་མནན་དང་བཅིང་བ་དང་། །བཅད་པ་དང་ 101-1-254a ནི་ཚར་བཅད་དང་། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། ། ཕྱག་རྒྱ་ཆོ་ག་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དང་། །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དང་། །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་། །བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ ནི་བློ་ཅན་གྱིས། །དམན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་འགོང་ངོ་། །ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ནི་མི་དབྱུང་ངོ་། ། སྔགས་ཀྱི་སྒྲུབ་པ་པོ་དག་དང་། །ལྷན་ཅིག་ནམ་ཡང་འདྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཟློས་པ་ཆོ་ག་ལ་གནས་པ། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང་། །ཁ་དོག་བཅང་བར་མི་བྱའོ། ། འགོང་བ་དང་ནི་མཆོང་བ་དང་། །རྒྱུག་པ་དང་ནི་ཙབ་ཧྲལ་དང་། །ལུས་ལས་བྱུང་བའི་གནས་ངན་ལན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་གནས་པ་ཡིས། །ལོག་པར་ལྟུང་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང་། ། དོན་མེད་གཏམ་ཡང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱའོ། །གདོལ་པ་ལ་སོགས་རིགས་ངན་དང་། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། ། གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། །ཆང་སྐྱུར་རྣམ་པ་ཐ་དད་དང་། །ཅུང་པེང་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་ སྲན་མ་དང་། །ཏིལ་གྱི་ཅུང་པེང་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དང་། །ཀྲི་ས་ར་དང་འོ་ཐུག་དང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །ཤིང་རྟ་ལ་སོགས་བཞོན་ 101-1-254b པ་དང་། །པད་མ་ལ་སོགས་བརྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང་། །ལྷམ་དང་གདུགས་དག་འཆང་བ་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། ། རྐང་བས་རྐང་པ་ཉེད་པ་དང་། །ལག་པས་ལག་པ་མཉེ་མི་བྱ། །བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་སྟེ། །འཁར་བའི་སྣོད་དུ་བཟའ་མི་བྱ། །ལོ་མའི་རྒྱབ་ཏུའང་བཟའ་མི་བྱ། །མཁས་པས་ཆགས་པའི་ ཟས་མི་བཟའ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པོ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུའང་མིན། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཅུང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་ དོགས་པ་འང་མི་བཟའོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་མི་བལྟ་ཞིང་། །བུད་མེད་ཀུན་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། ། ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ། །དེ་བཞིན་རྙིངས་དང་དྲི་མ་ཅན། །གོས་གཅིག་པར་ནི་ཡོང་མི་བྱ། །བདག་ལ་སྨད་པར་མི་བྱ་ ཞིང་། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང་། །ནན་གྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་པ་མ་གཏོགས་པ། །བདག་གིས་གསང་སྔགས་བཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང་། །བསྒྲིམ་པ་ལྷོད་པར་མི་ བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང་། །བསམ་པ་མང་པོ་མ་ཡིན་དང་། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང་། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་ སམ་གཞན་གྱིས་ཀྱང་། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་ལ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང་། །བདག་གིས་གསང་སྔགས་མི་སྦྱར་རོ། །བློ་ལྡན་གྱིས་ནི་དུས་གསུམ་ 101-1-255a བཟླས། །དུས་གསུམ་དུ་ནི་ཁྲུས་བྱས་ཏེ། །མཚོ་ལ་སོགས་པའི་ཆུ་ལ་ནི། །སྔགས་ཀྱིས་བཏབ་ཏེ་བཀྲུ་བར་བྱ། །ཨོཾ་ཧ་ན་བཛྲི་བཛྲེ་ན་ཧ། ས་ལ་ལན་གསུམ་བཟླས་པ་ནི། །རོ་སྟོད་བསྐུ་ལ་སོགས་པ་དང་། །ལུས་ཀྱི་བྱ་བ་ཀུན་ བྱས་ཏེ། །སྒྲུབ་པ་པོས་ནི་ཁྲུས་བྱའོ། །ཨོཾ་བཛྲ་ཏཱ་ར་ཧཱུྃ། །ལས་རྣམས་ཀུན་ལ་བློ་ཅན་གྱིས། །སྔགས་འདི་ཆུ་ལ་བཏབ་པ་ཡིས། །ཐོག་མ་བསལ་བར་བྱས་ནས་སུ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ན་མོ་བཛྲཱ་ཡ། ཧཱུྃ་ཧ་ན་དྷུ་ན་མ་ཐ་བི་དྷྭན་ ས་ན་ཡ་ཨུད་ས་ར་ཡ་ཕཊ། །དེ་ནས་མཁས་པས་ཆུ་ལ་ནི། །ལག་པས་དཀྲུག་ཅིང་བཟླས་པར་བྱ། །ཡིད་ལ་གཙང་མར་གྱུར་བར་དུ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་ པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དྃ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀཾ། མ་ཧཱ་ག་ཎ་པ་ཏི་ ཛཱི་བི་ཏཱནྟ་ཀེ་རཱ་ཡ་སྭཱ་ཧཱ། །གསང་སྔགས་བཟླས་པའི་ཆུ་དེ་ཡིས། །དེ་ནས་ཁྲུས་ནི་ཅི་དགར་བྱ། །ཁྲུས་བྱེད་ཚེ་ན་སྔགས་འདི་ནི། །ཡིད་ཀྱིས་ཡང་དང་ཡང་དུ་བཟླས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྲུས་བྱས་ཟིན་ནས་འདི་ཉིད་ཀྱིས། །ཆུ་ལ་ཕྱིར་ ཡང་བཟླས་ནས་ནི། །སྤྱི་བོར་སྙིམ་པ་གསུམ་བླུགས་ཤིང་། །ཁྲུས་ཚེ་སྒྲུབ་པོས་མི་སྨྲ་བྱ། །དེ་ནས་གསང་སྔགས་འདི་ཟློས་ཤིང་། །སྤྱི་གཙུག་དག་ཀྱང་བཅིང་བར་བྱ། །ཨོཾ་སུ་སིདྡྷེ་ཀ་རི་སྭཱ་ཧཱ། དེ་ནས་ཉེ་རེག་ཡང་བྱས་ནས། །ལས་ཀུན་ བྱེད་པའི་གསང་སྔགས་ཀྱིས། །ནན་ཏན་དུ་ནི་བསྲུང་བྱས་ཏེ། །ཟློས་ཤིང་རང་གི་རིག་སྔགས་བཀྲུ། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅི་ཙམ་འདོད་པར་བཟླས་ནས་སུ། །མཁས་པས་ལྷ་ཡི་གནས་སུ་འགྲོ། །དེ་ཡི་བར་དུ་མི་ཁྲོ་ཞིང་། ། འདོད་ཆགས་ཅན་དུ་མི་བྱའོ། །ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་བར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་གཟུང་བ་དང་། །ནན་ཏན་དུ་ནི་དམ་ཚིག་བསྲུང་། །བཟླས་བརྗོད་ཆོ་ག་མཁས་པ་ཡིས། །བཟླས་བརྗོད་བྱ་ལ་ 101-1-255b བརྩོན་པ་དང་། །རྟག་ཏུ་དཀྱིལ་འཁོར་བྱ་བ་དང་། །གླེགས་བམ་དག་ཀྱང་རྟག་ཏུ་བཀླག །མཁས་པས་མཆོད་རྟེན་རྟག་ཏུ་གདབ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་ དུ་ཡང་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་ སྙིང་རྗེ་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་ངེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་མཉན་ནས། །མོས་པ་རྣམ་པར་སྤྱད་པར་བྱ། ། གསང་སྔགས་ཆོ་ག་ཞིབ་བཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་ལ། །དགེ་སློང་ལ་ སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་བཟུང་བར་བྱ། །དམ་ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། ། སྒྲུབ་པ་པོས་ནི་ཚེས་བརྒྱད་དང་། །བཅུ་བཞི་དང་ནི་བཅྭ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པར་བྱ། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་། །དེ་བཞིན་སྡོམ་པ་གཟུང་བ་དང་། །ཁྱད་པར་དུ་ཡང་བསོད་ནམས་ལ། ། གུས་ཤིང་མངོན་པར་བརྩོན་པར་བྱ། །མཁས་པས་སྔགས་ནི་འདི་ཉིད་ཀྱིས། །བརྒྱ་འམ་ཡང་ན་སྟོང་དག་ཏུ། །མངོན་པར་བསྔགས་པ་བྱས་པ་ཡིས། །ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་། །ཨོཾ་དྷུ་ན་བཛྲ་ཧ། གནམ་ལྕགས་ཕོག་པའི་ཤིང་ དག་གམ། །ནིམ་པའམ་དུར་ཁྲོད་མགལ་དུམ་འམ། །ཙན་དན་དག་གམ་གཞན་ཡང་རུང་། །རྡོ་རྗེ་རྩེ་མོ་གསུམ་པ་བྱ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དེ་ནི་བློ་ལྡན་ལག་གཡོན་གྱིས། །བཟླས་བརྗོད་སྦྱིན་སྲེག་ལ་སོགས་ 101-1-256a པའི། །ལས་ལ་དེ་ནི་གཟུང་བར་བྱ། །རྡོ་རྗེ་དེ་ནི་བཅངས་པ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །གང་དག་གནོད་པ་བྱེད་པ་རྣམས། །ཤིན་ཏུ་སྐྲག་ནས་འབྱིར་བར་འགྱུར། །དེ་ཡང་གསང་སྔགས་དེ་ཉིད་ཀྱིས། །མཁས་ པས་རྟག་ཏུ་མཆོད་པར་བྱ། །ཙན་དན་དམར་པོས་བསྐུས་ནས་ནི། །བཞག་སྟེ་མངོན་པར་སྔགས་ཀྱིས་བཟླས། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ། །འདི་ནི་རྨད་ཀྱི་ལས་ཀྱང་བྱེད། །འདི་ནི་སྒྲུབ་པ་པོ་རྣམས་ལ། །གཅིག་ཏུ་གཅེས་སྤྲས་བྱེད་པར་བསྒྲགས། ། སྒྲུབ་པ་བཟླས་བརྗོད་བྱེད་པ་ན། །རིག་སྔགས་འདི་ནི་བརྒྱར་བཟླས་པའི། །སྤོས་ཀྱིས་བྱུགས་པའི་གདུ་བུ་དག །རྟག་ཏུ་ལག་ལ་གདགས་པར་བྱ། །ཨོཾ་ཀུ་ལནྡྷ་རཱི་བནྡྷ། བནྡྷ་ཧཱུྃ་ཕཊ། རིག་སྔགས་ཕྱག་རྒྱ་ཆེན་པོ་འདི། ། མཱ་མ་ཀཱི་ཞེས་བྱ་བར་གྲགས། །རིག་སྔགས་ཐམས་ཅད་བསྒྲུབ་པ་དང་། །དེ་བཞིན་བྱིན་སྐྱེད་སྐྱོང་བར་བྱེད། །འདིས་ནི་བསྲུང་བ་ལ་སོགས་པའི། །ལས་རྣམས་ཐམས་ཅད་བྱར་ཡང་རུང་། །འདི་ནི་རིག་སྔགས་ཐམས་ཅད་དང་། ། རྡོ་རྗེ་འཛིན་པའི་ཡུམ་ཡིན་ནོ། །ཕྱག་ན་རྡོ་རྗེའི་རིགས་ལས་ནི། །རུ་དྲཱ་ཀྵ་ཡི་གདུབ་བུ་བྱ། །བགྲང་ཕྲེང་ལ་སོགས་བྱེ་བ་ཡིས། །རིག་སྔགས་གཞན་ལའང་ཤེས་པར་བྱ། །གཙུག་ཏོར་པད་མའི་རིགས་དག་ལ། །རིག་སྔགས་ ཆེན་མོ་ཅན་དང་ནི། །གོས་དཀར་ཅན་ནི་གང་ཡིན་པ། །དེ་ཡིས་དེ་ཡི་མདུན་དུ་བཟླས། །ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཊེ་བེ་ཀ་ཊེ་ནི་ཀ་ཊེ། ཀ་ཊ་བི་ཀ་ཊ་ཀ་ཊྃ། ཀ་ཊེ་བྷ་ག་བ་ཏི་བི་ཛ་ཡེ་སྭཱ་ཧཱ། འདི་དག་ཉིད་ཀྱིས་དེ་ལ་ནི། །བགེགས་ཀྱིས་ཟིལ་གྱིས་ནོན་མི་འགྱུར། །དེ་དག་བརྗོད་པས་མྱུར་དུ་ནི། །དངོས་གྲུབ་ཐོབ་ཅིང་གཙང་བར་འགྱུར། ། 101-1-256b རིགས་ཀྱི་སྙིང་པོ་འབྲུ་གསུམ་པས། །སོ་སོ་བཟླས་བརྗོད་བྱས་པ་ཡིས། །ཀུ་ཤ་ཡི་ནི་བསང་བྱེད་ཀྱང་། །སྲིན་ལག་ལ་ནི་གདགས་པར་བྱ། །ཛི་ན་ཛི་ཀ་ཨཱ་རོ་ལིཀ །བཛྲ་དྷྲྀ་ཀ །མཆོད་དང་བཟླས་བརྗོད་སྦྱིན་སྲེག་ལ། །དེ་ནི་རྟག་ཏུ་བཅང་ བར་བྱ། །སྒྲུབ་པ་པོས་ནི་འབད་པ་ན། །འདིས་ན་ལག་པ་གཙང་བར་འགྱུར། །བུ་མོས་བཀལ་བའི་སྐུད་པ་ནི། །ལེབ་རྒན་རྩིའམ་གུར་གུམ་དུ། །བཙོས་པ་བཟླས་བརྗོད་སྟོང་བྱས་ཏེ། །དེ་ནས་མདུད་པ་བདུན་བོར་ནས། །སྲོད་ལ་རིག་ སྔགས་འདི་ཡིས་ནི། །རང་གི་རྐད་པར་བཅིང་བར་བྱ། །འདིས་ནི་ཟློས་པ་པོ་དག་གི། །ཁུ་ཆུ་རྟག་ཏུ་བཀག་པར་འགྱུར། །ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷ་ར་ཎཱི་སིདྡྷ་ཨརྠ་སྭཱ་ཧཱ། བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ། །རྟག་ཏུ་སྟོད་གཡོགས་བགོ་བར་ བྱ། །ཉལ་དང་འཕྲེས་ལ་ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱ། །ཕྱི་རོལ་སར་ནི་ཤིང་གི་ལྷམ། །རྟག་ཏུ་ཡང་ནི་བགོ་བར་བྱ། །ལྷ་དང་བླ་མ་མཆོད་གནས་ཀྱི། །གནས་དག་ཏུ་ནི་རྣམ་པར་སྤང་། །གང་དག་རྟག་ཏུ་བརྩོན་པ་ཡིས། ། ཟློས་པ་དངོས་གྲུབ་འདོད་པ་དེས། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་གནས་མཆོད་པར་བྱ། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང་། །དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ནའང་རིམ་གྲོ་བྱ། །བླ་མ་མཐོང་ནའང་ མཆོད་པར་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི། །མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས་རྣམས་སྣ་ཚོགས་པ། །ཐོས་ནས་ཡིད་ནི་སྤྲོ་བར་བྱ། ། སྒྲུབ་པོ་དངོས་གྲུབ་འདོད་པས་ནི། །བློ་དང་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱའོ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་ལས་སྨོས་པ་དང་། །བསླབ་པའི་སྡོམ་པ་ཉིད་ལ་ཡང་། །ཟློས་པས་རྟག་ཏུ་རྣམ་པར་བསམ། ། རང་གི་བདེ་ལ་ཆགས་པ་དག །ཉིན་མཚན་དུ་ཡང་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱའོ་ཞེས། །མི་གཡེལ་བར་ནི་གྱུར་པར་བྱས། །ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་ན་ 101-1-257a ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་བྱ། །རིག་སྔགས་མཆོག་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ནི་ནན་གྱིས་གནས། ། རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བའོ།། །། ཞི་བ་དང་ནི་རྒྱས་པ་དང་། །དྲག་ཤུལ་སྤྱད་པ་ཉིད་གསུངས་པ། །ཀུན་ལ་བྱེ་བྲག་མེད་པར་ནི། །ངས་ནི་རྣམ་པ་གསུམ་དུ་བསྒྲགས། །གསང་སྔགས་ཁ་ཅིག་འཕགས་པ་སྟེ། ། དེ་ལ་ཁ་ཅིག་ལྷ་ཡི་ཡིན། །ཁ་ཅིག་ས་བླའི་ཡིན་པར་གསུངས། །ཐམས་ཅད་རིགས་ནི་གསུམ་དུ་འདུས། །དེ་རྣམས་མེ་ཏོག་སྣ་ཚོགས་ནི། །ཐང་ལས་སྐྱེས་དང་ཆུ་ལས་སྐྱེས། །ཇི་ལྟར་ཕྱེ་བ་བློ་ཅན་གྱིས། །མངོན་པར་བསྔགས་ ཏེ་དབུལ་བར་བྱ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་ཀྱི་ནི་མེ་ཏོག་འདི། །བདག་གི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ནི་སྭཱ་ཧཱ། མེ་ཏོག་དཀར་པོ་དྲི་ཞིམ་པ། །སངས་རྒྱས་བཅོམ་ལྡན་འདས་ལ་དབུལ། །མེ་ཏོག་དཀར་པོ་ཆུ་སྐྱེས་རྣམས། །འཕགས་པ་སྤྱན་རས་གཟིགས་ལ་དབུལ། །རབ་ཏུ་དྲི་ཞིམ་སྣ་ཚོགས་པ། །ཕྱག་ན་རྡོ་རྗེ་ཉིད་ལ་དབུལ། །མ་སྨོས་པ་ ནི་གཞན་རྣམས་ལ། །གང་ཡང་རུང་བ་ཐམས་ཅད་དབུལ། །སྣ་མ་པདྨ་པ་ཏ་ལ། །ནཱ་ག་གེ་སར་ཙམ་པ་ཀ །བ་ཀུལ་ཀུ་མུད་སཱ་ལུ་དང་། །མ་ལི་ཀུ་ཡ་ཡུ་ཏི་ཀ །ཀུ་ར་བ་ཀ་ཤེ་པ་ལི། །ཀ་དྃ་མ་དུ་པུནྟི་ཀ །དྲི་ན་ཤུལ་ཡཾ་ཨ་ཤོ་ཀ ། ཀླུ་ཤིང་མེ་ཏོག་པུ་ན་ཀ །ན་བ་མ་ལི་ད་མ་ན། །ཨ་མྲའི་དོག་པ་ཀ་ཐ་ར། །མུ་ཙུ་ཀུཎྜ་ཀུཉྩ་ན། །ཤིང་གི་ཨུཏྤལ་པྲིན་ཏྲི་ཀ །ཨུཏྤལ་ཏ་ཀར་ཀུཾ་ཌ་དང་། །གཞན་ཡང་ཀ་ར་བཱི་ར་སོགས། །གྲོང་དང་དགོན་པ་དག་དང་ནི། །ཆུ་སྐྱེས་ཐང་སྐྱེས་མང་ པོ་དང་། །འདི་ལ་སོགས་པའི་མེ་ཏོག་དག །ཆོ་ག་བཞིན་དུ་ཤེས་བྱ་སྟེ། །རིགས་དང་ལས་ཀྱི་དབྱེ་བ་ཡིས། །ལྷ་རྣམས་མཆོད་ལ་མཁས་པས་སྦྱར། །སྣ་མ་ཏ་ཀར་ཀུནྡ་དང་། །དེ་བཞིན་མ་ལི་ཡུ་ཏི་ཀ །ནཱ་ག་གེ་སར་འདི་དག་རྣམས། ། 101-1-257b དེ་བཞིན་གཤེགས་པའི་རིགས་ལ་གསུངས། །ཨུཏྤལ་ཀུ་མུད་པདྨ་དང་། །ས་ལ་པྲིཏྟེ་ཤེ་པ་ལི། །དེ་བཞིན་ཏ་ཀར་པུ་ན་ཀ །འདི་དག་པདྨའི་རིགས་ལ་ཤིས། །ནི་ལོཏྤལ་ལ་སོགས་དང་། །པྲི་ཡང་ཀུ་ཡི་དོག་པ་དང་། །གང་གཞན་རུང་བར་ བསྒྲགས་པ་སྟེ། །འདི་དག་རྡོ་རྗེའི་རིགས་ལ་གསུངས། །ཁྱད་པར་དུ་ནི་དྲི་ཞིམ་དང་། །ཁ་དོག་དཀར་སོགས་དབྱེ་བ་ཡིས། །ཞི་བ་ལ་སོགས་ལས་རྣམས་ལ། །མེ་ཏོག་ཐམས་ཅད་སྦྱར་བར་བྱ། །ཞི་བ་ལ་ནི་མངར་བ་མཆོག །དྲག་ཤུལ་སྤྱོད་ ལ་ཁ་བ་སྟེ། །དེ་ལས་གཞན་བ་རོ་ཅན་དག །རྒྱས་པའི་ལས་ལ་ཤེས་པར་བྱ། །ད་ཚ་གེལ་བ་སྡོང་པོ་དང་། །དེ་བཞིན་ཁྲི་ཤིང་ལྡུམ་བུ་དག །ལྷབ་ལྷུབ་རྣམས་དང་ཤིང་ལོ་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དག །ས་བླ་བ་ལ་ཤིས་པ་ཡིན། ། སྣ་མ་དེ་བཞིན་གཤེགས་རིགས་ལ། །པད་མ་པད་མའི་རིགས་ལ་ཤིས། །ཨུཏྤལ་སྔོན་པོ་རྡོ་རྗེ་ཡི། །རིགས་ལ་མཆོག་ཏུ་བསྒྲགས་པ་ཡིན། །དྲི་དང་ཁ་དོག་མཆོག་གི་རྣམས། །མཆོག་གི་ལས་ལ་ཤེས་པར་བྱ། །དམན་ ཅིང་ཤིན་ཏུ་དམན་པ་དང་། །ལྷག་མའི་ལས་ལ་ཤེས་པར་བྱ། །དོག་པ་རྣམ་པ་སྣ་ཚོགས་དང་། །ཁྲི་ཤིང་མེ་ཏོག་གང་ཡིན་པ། །དེ་ལ་མོ་ཡི་མིང་ཅན་གྱི། །རིག་སྔགས་གང་ཡང་རུང་བ་དགྱེས། །ཀ་ར་བི་ར་དམར་པོ་འམ། །ཡང་ན་ དཀར་པོ་ཁྱད་པར་དུ། །ཁྲོ་བོ་རྣམས་དང་ཕོ་ཉ་མོ། །གཟི་བརྗིད་ཅན་རྣམས་ཐམས་ཅད་དགྱེས། །ས་ལ་ཀི་ལ་ཀུ་ཏ་ཛ། །ཀརྞི་ཀ་ར་ཨ་སན་མཆོག །བིལ་བའི་མེ་ཏོག་ཀ་ཐ་རན། །ལས་ཀུན་བྱེད་པ་ཐམས་ཅད་དང་། །མེ་ཏོག་ཕྲེང་ རྒྱུད་མང་པོ་དང་། །ཐམས་ཅད་ལས་རྣམས་ཀུན་ལ་འདོད། །སྦྱོར་བ་འདི་དག་ཉིད་ཀྱིས་ནི། །སིལ་མ་བཀྲམ་པའང་ཤེས་པར་བྱ། །མེ་ཏོག་རིགས་ནས་མ་སྨོས་དང་། །ཚེར་མ་ཅན་དང་དྲི་ཀུ་དང་། །ཁ་དང་ཚ་བ་ལས་བྱུང་དང་། ། ཁ་དོག་ངན་པ་རྣམ་པར་སྤང་། །ཨ་དྷི་མུཀྟ་མང་གོ་ལ། །ནི་བ་ལ་སོགས་སྨད་པ་དང་། །ཛ་བ་དང་ནི་ཀེ་ཊ་ཀའི། །མེ་ཏོག་ཁྱད་པར་དུ་ཡང་སྤང་། །ཤ་མ་མེ་ཏོག་པྲི་ཡང་ཀུ། །འབྲས་ཡོས་ཏིལ་དང་ལེབ་རྒན་རྩི། །དཱུར་བ་ལ་སོགས་ 101-1-258a ཐམས་ཅད་ནི། །གསང་སྔགས་ཐམས་ཅད་བཞེད་པ་ཡིན། །གང་དུ་གཞན་རྣམས་མ་རྙེད་ན། །འབྲས་ཀྱི་འབྲུ་ནི་རངས་པའང་རུང་། །གཅིག་ཀྱ་ཐུབ་པ་འདི་ཡིས་ཀྱང་། །མཆོད་པ་ལེགས་པར་བྱ་བར་བཤད། ། གཞན་གྱི་མེ་ཏོག་གཞན་དག་ལ། །བྱེའུ་རུག་དན་ཏ་མེ་རུ་པ། །ཏ་མལ་ཀྲིཥྞ་མ་ལ་ཀི། །མ་དུ་ལུམ་ག་ཨརྫ་ཀ །མེ་ཏོག་ལ་སོགས་ལོ་མའང་དབུལ། །ཕལ་ཀ་ལ་སོགས་རྩ་བ་དང་། །ལི་ཤི་ལ་སོགས་འབྲས་བུ་དག ། མཆོད་པའི་ཕྱིར་ནི་མེ་ཏོག་ཏུ། །ཆོ་ག་བཞིན་དུ་རབ་ཏུ་དབུལ། །གཞན་གྱི་མེ་ཏོག་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །བློ་ལྡན་རྒྱུད་ལ་ མཁས་པ་ཡིས། །མ་འབྱོར་ན་ནི་མཐོང་བ་དང་། །ཐོས་པ་དང་ནི་བྱས་པ་ཡིན། །མཆོད་པ་གང་ཡང་རུང་བ་བྱ། །མཆོད་པ་རྒྱ་ཆེར་འབྱོར་ན་ཡང་། །ཡིད་ལ་གུས་པ་བསྐྱེད་ནས་ནི། །ཐལ་མོ་སྤྱི་བོར་ལེགས་སྦྱར་ཏེ། །མཆོད་པ་ ཐམས་ཅད་འབྱུང་བར་བྱ། །ཐེ་ཚོམ་མེད་པར་བློ་ཅན་གྱིས། །སེམས་ཀྱི་རབ་ཏུ་བསྒྲིམས་ནས་ནི། །རབ་ཏུ་བསྒྲིམས་ཏེ་གང་བྱས་པ། །མཆོད་པ་དེ་ནི་ཁྱད་པར་ཅན། །མེ་ཏོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དྲི་ནི་གང་དག་རུང་ བ་དང་། །གསང་སྔགས་ཀུན་ལ་ཤིས་པ་དང་། །ཟློས་པ་རྣམས་ལ་དགོས་པ་ཡི། །དྲི་ཡི་རྫས་རྣམས་བཤད་པར་བྱ། །བླ་སྒང་ཀུ་ཏྲ་ན་ཊ་དང་། །རུ་རྟ་ཨུར་ཤིང་བ་ལི་ཀ །ཨ་གར་རྒྱ་སྤོས་ཤ་རི་བཱི། །གུར་གུམ་ཙན་དན་བརྞ་ཀ །བཏྟྲ་ད་ར་ སྒྲོན་ཤིང་སྦྲྀག །ཤུག་པ་ཏི་ལ་པརྞི་ཀ །ལི་ཤི་ཤིང་ཚ་ཀ་ལི་ཡ། །ཐང་ཤིང་ཨརྫུ་པྲི་ཡང་ཀུ། །སཽ་རནྡ་ད་ལ་བ་ག །ཤི་ལ་བ་ལུ་དེ་བ་དང་། །གསེར་ཕྲོམ་ཤ་ཐི་ཀ་པི་ཐ། །ཀ་ཊུ་ཀ་དང་ཕ་ལི་ནི། །ན་ལི་ཤི་བ་ཙམ་པི་དང་། །སུ་བརྞ་དང་ཤ་ཀ་ལ། ། མ་དུ་ལུང་ག་ཤུན་པར་བཅས། །བལ་བུ་སྤང་སྤོས་པུ་པྲི་ན། །མཁན་པ་མུ་ར་བུ་རུ་བ། །ཀེ་ཤི་ཏ་མལ་བུ་ན་ག །སུག་སྨེལ་བྱ་ཁྲ་ན་ཁ་དང་། །འུ་སུ་བ་སྤི་ལ་བ་ལི། །ཤ་ཏ་པུཥྤ་ཧ་རེ་ནུ། །འཛའ་ཏི་པ་ལ་ཀ་ཀོ་ལ། །ཀ་ཏུ་པ་ལ་ཙ་རོང་ཀ །སོའུ་ནི་ཡ་དང་དྷ་མ་ 101-1-258b ཀ །ཙན་དན་དུ་རུས་པྲ་ཏ་ར། །ཐང་ཆུ་དང་ནི་ར་ས་དང་། །གེ་སར་ལ་སོགས་བསྡུས་པ་ལས། །དྲི་སྦྱོར་བ་ཡི་རྒྱུད་ཤེས་པས། །བདག་ཉིད་ཇི་ལྟར་འདོད་བཞིན་སྦྱར། །མེ་ཏོག་འབྲས་བུ་ཐང་ཆུར་བཅས། །རྒྱལ་བའི་རིགས་ལ་སྦྱར་བར་བྱ། །ཤུན་པ་སྙིང་ པོ་ལ་སོགས་ཅན། །སྦྱར་བ་པད་མའི་རིགས་ལ་བསྟན། །སྡོང་བུ་རྩ་བ་ལ་སོགས་ལས། །སྦྱར་བ་རྡོ་རྗེའི་རིགས་ལ་གསུངས། །བྱེ་བྲག་ཏུ་ནི་མ་ཕྱེ་བ། །ལས་ཀུན་བྱེད་པ་ཐམས་ཅད་ལའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །ཨ་གར་མཆོག་ ནི་གཅིག་པུ་འབུལ། །པད་མ་ཅན་ལ་བློ་ཅན་གྱིས། །ཙན་དན་དཀར་པོ་གཅིག་པུ་དབུལ། །གུར་གུམ་གཅིག་པུ་ཁྱད་པར་དུ། །ཕྱག་ན་རྡོ་རྗེ་ཅན་ལ་དབུལ། །འདི་དག་གཅིག་ཀྱ་ཐུབ་པ་སྟེ། །ག་བུར་གྱིས་ནི་བསྒོ་བར་གསུངས། །རྡོ་རྗེ་འཆང་བ་ཐམས་ ཅད་ལ། །ཙན་དན་དམར་པོ་བཞེད་པ་ཡིན། །པྲི་ཡང་ཀུ་ལ་སོགས་པའི་དྲི། །རིག་སྔགས་མོ་ཡི་མིང་ཅན་དགྱེས། །སྤང་སྤོས་སུག་སྨེལ་འབྲུ་སྦྱར་བ། །རིག་པའི་རྒྱལ་མོ་རྣམས་ལ་བསྒྲུགས། །ཙན་དན་གུར་ཀུམ་ཨ་ཀ་རུ། །རིག་པའི་རྒྱལ་ པོ་ཐམས་ཅད་ལའོ། །ཤུག་པ་དག་ལ་སྦྱར་བ་ཡི། །མངག་གཞུག་རྣམས་ལས་ཤིས་པ་ཡིན། །གཞན་རྣམས་ལ་ནི་ཕལ་གཞན་གྱིས། །བྱས་ན་ལྷག་པར་དགྱེས་པར་འགྱུར། །རིགས་གསུམ་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ལས་ རྣམས་ཐམས་ཅད་ལ། །ཨ་གར་ནག་པོ་གཅིག་པུ་ཉིད། །ཁྱད་པར་དུ་ནི་རབ་ཏུ་ཤིས། །ཁ་དོག་དཀར་པོ་ཞི་བ་ལ། །རྒྱས་པ་ལས་ནི་སེར་པོ་འཕྲོད། །དྲག་ཤུལ་སྤྱོད་ལ་བསུང་མེད་དང་། །ཁ་དོག་དམར་པོ་རབ་ཏུ་ཤིས། །དངོས་གྲུབ་ཆེན་ པོ་རྣམས་ལ་དྲི། །ཐང་ཆུ་འབྲས་བུ་དང་སྦྱར་བའོ། །འབྲིང་ལ་མེ་ཏོག་སྙིང་པོ་རྣམས། །ཕལ་ལ་ཕལ་པ་རྣམས་ཀྱིས་བྱ། །སྲོག་ཆགས་དང་ནི་ཆང་དག་གམ། །ཚྭ་དང་རྒྱ་སྐྱེགས་དག་དང་ནི། །བཀུ་བ་དག་གི་དྲི་འདི་རྣམས། །སྦྱར་བར་ ཡང་ནི་མི་བྱའོ། །ཕྱེ་མ་དང་ནི་བྱུག་པ་དང་། །དེ་བཞིན་བསྒོ་བར་བྱ་བ་ལ། །བསྟན་པ་འདི་ཡི་ཚུལ་གྱིས་ནི། །ཁ་དོག་རྣམས་ཀྱང་ཤེས་པར་བྱ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་དམ་པའི་དྲི་འདི་དག །བདག་གི་དད་པས་ 101-1-259a འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པ་པོ་དང་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་དྲི་ནི་ལྷ་རྣམས་ལ། ། ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་དྲི་དང་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིགས་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །དྲིའི་མཚན་ཉིད་རིམ་པར་ཕྱེ་བའོ།། །། རིགས་གསུམ་རྣམས་ ཀྱི་སྤྱིར་ཡང་ནི། །ཙན་དན་ཨ་ཀར་གུར་གུམ་གྱིས། །བདུག་སྤོས་ཐམས་ཅད་རིམ་བཞིན་དུ། །རེ་རེ་དག་ལ་སོ་སོར་དགྱེས། །ཤི་རི་བེ་སྟ་སྲ་རྩི་པོག །ས་ར་གུ་གུལ་སཱ་ལི་ཀི། །ག་པུར་ཅེ་པོག་ལྷ་མ་ཀ །སྦྲང་རྩི་འགུ་ཏ་གི་རི་ཙན། །བུ་རམ་གླ་སྒང་ ཨ་རུ་ར། །དུ་རུས་ཨ་ཀར་བྷ་ལ་ཀ །ཙན་དན་སྒྲོན་ཤིང་ཐང་ཤིང་དང་། །པ་རི་པེ་ལ་ན་ལ་ཀི། །ཁ་ར་སྤང་སྤོས་ཨུ་ཤི་ར། །འབྲས་བུའི་རིགས་སུ་གཏོགས་ལ་སོགས། །སྦྱོར་བ་རྣམ་པ་སྣ་ཚོགས་དག །གསང་སྔགས་བདུག་སྤོས་ཕྱིར་ གསུངས་སོ། །དེ་ལ་ཤི་རི་བྷེ་ཏ་ཀ །ལྷ་དང་བཅས་པའི་གསང་སྔགས་ཀྱིས། །གནོད་སྦྱིན་རྣམས་ནི་གུ་གུལ་འདོད། །ཅེ་པོག་ལ་ནི་རིག་སྔགས་དགྱེས། །གསང་སྔགས་ཕལ་པ་ཐམས་ཅད་ནི། །སྲ་རྩི་པོག་ལ་ལྷག་པར་དགྱེས། ། ཕོ་ཉ་མོ་རྣམས་མ་ལི་ཀི། །མངག་གཞུག་རྣམས་ལ་ར་ས་གསུངས། །ཐང་ཆུ་བདུན་གྱི་བདུག་སྤོས་ནི། །དོན་ཀུན་གྲུབ་པར་ཤེས་པར་བྱ། །ཞི་བ་ལ་སོགས་ལས་རྣམས་ལ། །ཐམས་ཅད་དུ་ནི་སྦྱར་བར་བྱ། །མཆོག་ལ་ཐང་ཆུའི་བདུག་པ་ སྟེ། །སྙིང་པོ་རྣམས་ནི་འབྲིང་ལ་གསུངས། །ལྷག་མ་རྫས་ཀྱི་བདུག་སྤོས་ནི། །ཕྲན་ཚེགས་ཀྱི་ནི་ལས་རྣམས་ལ། །ག་བུར་དུ་རུས་ཨ་ག་རུ། །གསུམ་ནི་དྲི་ཞིམ་མཆོག་ཅེས་བྱ། །དྲི་ཞིམ་ལྔ་ནི་དེ་རྣམས་ལ། །ཙན་དན་དང་ནི་བུ་རམ་མོ། །ར་ས་དང་ ནི་ཞོས་བསྣན་ན། །དྲི་ཞིམ་རྣམ་པ་བདུན་ཞེས་བྱ། །བདུག་སྤོས་དམ་པ་དེ་གསུམ་ནི། །ལས་རྣམས་ཀུན་ལ་གཙོ་བོར་གསུངས། །གསང་སྔགས་ཕྲན་ཚེགས་ཐམས་ཅད་ལ། །བུ་རམ་སྦྲང་རྩི་ཨ་རུ་རའི། །བདུག་སྤོས་དེ་དག་སྦྱར་ན་ནི། ། 101-1-259b པད་མ་རྣམས་དང་འཕྲོད་པར་འགྱུར། །བུ་རམ་རྡོ་རྗེ་ཨ་རུ་ར། །ཁ་ར་སྦྲང་རྩི་པོག་དང་ལྔའི། །བདུག་སྤོས་ཞི་བ་ལ་སོགས་པའི། །ཆོ་ག་ཀུན་ལ་སྦྱར་བར་བྱ། །འབྱོར་ན་གང་ཡང་རུང་བ་ཡི། །དྲི་ཞིམ་གཅིག་ཀྱ་ཐུབ་པ་དབུལ། །ཡང་ན་རྫས་ རྣམས་ཅི་འབྱོར་ལས། །བདུག་སྤོས་སུ་ནི་སྦྱར་བར་བྱ། །བློ་ལྡན་གྱིས་ནི་རྣམ་པ་འདིས། །རིགས་དང་མི་རིགས་རྣམས་དཔྱད་དེ། །དྲི་ཞིམ་རྫས་ལས་སྦྱར་བ་ཡི། །བདུག་སྤོས་ཆོ་ག་བཞིན་དུ་དབུལ། །རིལ་བུ་གོང་བུ་ཕྱེ་མ་དང་། །རེང་བུ་དང་ནི་ རྣམ་པ་བཞི། །བདུག་སྤོས་རིགས་སུ་ཤེས་བྱས་ནས། །ལས་རྣམས་སོ་སོར་སྦྱར་བར་བྱ། །ཞི་བ་ལ་ནི་རིལ་བུ་མཆོག །རྒྱས་པ་ལ་ནི་གོང་བུ་མཆོག །དྲག་ཤུལ་སྤྱོད་ལ་ཕྱེ་མ་ཡིས། །ཐམས་ཅད་ལ་ནི་རེག་བུ་ཤིས། །བུ་རམ་གྱིས་ནི་ རི་ལུ་བྱ། །སྦྲང་རྩི་སོགས་པས་གོང་བུ་བྱ། །ཕྱེ་མ་རྣམས་ནི་ཐང་ཆུས་བསྲེ། །རེང་བུ་མར་དང་ལྡན་པ་ཤིས། །བློ་ལྡན་གྱིས་ནི་ངན་པ་དང་། །སེན་མོ་རྒྱ་སྐྱེགས་ཐམས་ཅད་དང་། །དཀུ་བ་དང་ནི་ཆང་སོགས་ཀྱིས། །བདུག་སྤོས་སྦྱར་བར་མི་ བྱའོ། །དྲི་ཡི་རྒྱས་པ་ལྷ་ཡི་ཟས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བདུག་སྤོས་འདི་ནི་བཞེས་སུ་གསོལ། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པས་དང་པོ་ སྔགས་འདི་དང་། །རང་རིག་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་བདུག་སྤོས་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་བདུག་སྤོས་གཞན་དག་ལ། །གང་ཚེ་མ་འབྱོར་ན་དབུལ་བ། །དེ་ཚེ་རང་རིགས་ རིགས་སྔགས་ཀྱིས་ནི། །དེ་ལ་ཡང་ནི་མངོན་པར་བསྔག །བདུག་སྤོས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གསང་སྔགས་ཀྱི། །ལྷ་ནི་མ་ལུས་པ་དག་ལ། །ཇི་ལྟར་བྱས་ན་མཉེས་འགྱུར་བའི། །མར་མེའི་ ཆོ་ག་དོན་བཞིན་བཤད། །གསེར་རམ་དངུལ་ལམ་ཟངས་མ་འམ། །ལྕགས་སམ་ཡང་ན་ཁམ་པ་ལས། །མར་མེ་བླུགས་པའི་སྣོད་བྱས་ན། །གསང་སྔགས་ཡོངས་སུ་མཉེས་པར་འགྱུར། །ལས་རྣམས་བཤད་པའི་བྱེ་བྲག་ 101-1-260a གིས། །ཤིང་བལ་དང་ནི་རས་གསར་དང་། །དུ་གུ་ལ་དང་གསོ་རས་དང་། །དེ་ལ་སོགས་པའི་སྙིང་པོ་བྱ། །ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ཡི་མར་ནི་དྲི་ཞིམ་པ། །འབྲུ་མར་བསུང་ཅན་ཡིད་འོང་བའམ། །ཡང་ན་དྲི་ཞིམ་མར་གྱིས་ བྱ། །དྲི་ཞིམ་ཤིང་ལས་བྱུང་བའི་མར། །ཞི་བའི་ལས་ལ་ཤེས་པར་བྱ། །ཏིལ་མར་གྱིས་ནི་རྒྱས་པ་ལ། །དྲག་པོ་ལ་ནི་ཡུངས་མར་ཤིས། །རིག་སྔགས་ཀུན་ལ་ཟར་མའི་མར། །འབྲས་བུ་ལས་བྱུང་གསང་སྔགས་ལ། །ཁ་བའི་ཤིང་ལས་ བྱུང་བའི་མར། །ཕལ་པ་རྣམས་ལ་ཡོངས་སུ་བསྒྲགས། །ཤ་ཟ་རྣམས་ལ་ཉ་ཡི་མར། །གནོད་སྦྱིན་རྣམས་ལ་ཚིལ་བུར་བཤད། །ཤིན་ཏུ་དམན་པ་གཞན་རྣམས་ལ། །བྷ་ལ་ཏ་ཀ་ལ་སོགས་མར། །དུར་ཁྲོད་པ་ནི་ཐམས་ཅད་དང་། ། རོ་ལངས་ལ་སོགས་དངོས་གྲུབ་ལ། །ཁྱད་པར་དུ་ནི་ཚིལ་ཆེན་གྱི། །སྣུམ་ནི་རྗེས་སུ་མཐུན་པ་ཡིན། །ལས་རྣམས་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས། །ཡང་ན་རྒྱུད་ལས་གསུངས་པ་བཞིན། །བ་ཡི་ཁ་དོག་ རྣམས་ལ་བརྟག །སྨན་རྣམས་ལས་ནི་བྱུང་བའི་མར། །དེ་ཀུན་རྒྱས་པའི་ལས་ལ་གསུངས། །དྲི་ཞིམ་ཐམས་ཅད་ཞི་བ་ལ། །དྲག་སྤྱོད་ལ་ནི་དྲི་ང་རྣམས། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །མཐོང་ངམ་མ་མཐོང་ཐ་དད་པས། །མཁས་པས་ གསང་སྔགས་ཐམས་ཅད་ལ། །མར་མེའི་ཕྱིར་ནི་སྦྱར་བར་བྱ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །མར་མེ་འདི་ནི་བཞེས་སུ་གསོལ། ། ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པོས་དང་པོར་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་མར་མེ་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་མར་མེ་གཞན་ དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིགས་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔག །མར་མེའི་མཚན་ཉིད་རིམ་པར་ཕྱེ་བའོ།། །། ཇི་ལྟ་བུ་དག་ལྷ་རྣམས་ལ། །ཕུལ་ན་དངོས་གྲུབ་ཐོབ་འགྱུར་བའི། ། 101-1-260b ལྷ་བཤོས་ལས་ཀྱི་ཆོ་ག་ཀུན། །སྔ་མ་བཞིན་དུ་བཤད་པར་བྱ། །རྩ་བ་རྡོ་གུ་འབྲས་བུ་བཅའ། །ཅུང་པེང་ལ་སོགས་བཟའ་བ་ཡིན། །ཚོད་མར་བཅས་པའི་ཁ་ཟས་དག །མདོར་ན་བཟའ་བ་ཡིན་པར་བཤད། །ཐུག་པ་དང་ནི་སྐོམ་རྣམས་ནི། ། བཏུང་བ་རྣམ་པ་སྣ་ཚོགས་ཏེ། །དེ་ལྟར་རྣམ་པ་བཞི་པོ་ཀུན། །གཏོར་མ་ལས་ཀྱི་ཆོ་ག་བཤད། །བི་ཛ་པཱུ་ར་གཅིག་པུ་ནི། །གསང་སྔགས་ཀུན་ལ་རབ་ཏུ་ཤིས། །དེ་བཞིན་སེའུ་ཨ་མྲ་དག །རིགས་གསུམ་ལ་ཡང་ཤེས་པར་བྱ། །ཞི་བ་ལ་ཡང་ མངར་བ་དབུལ། །མངར་སྐྱུར་དག་ནི་རྒྱས་པ་ལ། །འབྲས་བུ་སྣ་ཚོགས་རོ་གཞན་ཅན། །དྲག་ཤུལ་སྤྱོད་པ་དག་ལ་དབུལ། །ན་རི་ཀི་ལ་ཏ་མ་ལམ། །བིལ་བ་དང་ནི་ནིམ་པ་འམ། །དེ་བཞིན་སྨད་པར་བྱ་བ་རྣམས། །གསང་སྔགས་ཀུན་ལ་ དབུལ་མི་བྱ། །དངོས་གྲུབ་ཆེན་པོ་དག་ལ་ནི། །མང་ལ་རིན་ཆེན་ཞིམ་པ་བསྒྲགས། །འབྲིང་ལ་ཞིམ་པ་བར་མ་ལ། །ཐ་མ་དག་ནི་ཐ་མ་ལའོ། །འབྲས་བུ་མོ་ཡི་མིང་ཅན་ལ། །རིག་སྔགས་ཐམས་ཅད་ལྷག་པར་དགྱེས། །ནགས་ཀྱི་ འབྲས་བུ་མི་ཁ་བ། །རིག་པའི་རྒྱལ་པོ་རྣམས་ལ་ཤིས། །ཁྲོ་བོ་རྣམས་ལ་བིལ་བ་སྟེ། །བ་ཏ་ལས་བྱུང་གནོད་སྦྱིན་ལ། །དཔལ་མོ་ཀུན་ལ་ཀ་པི་ཏ། །བི་ཡ་ལ་ཛ་མངག་གཞུག་ལ། །ལྷག་མ་རྣམ་པ་སྣ་ཚོགས་པ། །ལྷག་མ་ བཞེད་པ་རྣམས་ལ་སྦྱར། །གྲོང་དང་དགོན་པའི་རྡོ་གུ་ནི། །ཞིམ་ཞིང་རོ་དང་ལྡན་པ་དང་། །བི་དྷ་རི་ཡི་རྡོ་གུ་རྣམས། །དེ་དག་ལས་རྣམས་ཀུན་ལ་བསྔགས། །གང་དག་ཤིན་ཏུ་མངར་བ་དང་། །མི་རྣམས་ལྷག་པར་སྲད་པ་དང་། །རི་ལས་ སྐྱེས་པའི་རྡོ་གུ་ནི། །ཁྱད་པར་དུ་ནི་མངར་བ་དང་། །བི་དང་རི་དང་ཀ་ཤེ་དྲུ། །བ་ཡང་སེ་དང་ཀུ་ཀུ་ཊི། །མོན་པའི་དོ་བ་སྨིན་པ་དག །རྒྱལ་བའི་རིགས་ལ་དབུལ་བར་བྱ། །ཆུ་ལས་སྐྱེས་པའི་རྡོ་གུ་རྣམས། །པད་མའི་རིགས་ནི་ཀུན་ལ་ཤིས། ། སྨན་གྱི་རྡོ་གུ་ཐམས་ཅད་དང་། །ཁ་བ་དང་ནི་ཚ་བ་དང་། །དོ་བ་དག་ནི་ཐམས་ཅད་ཀྱང་། །ལག་ན་རྡོ་རྗེ་ཉིད་ལ་དབུལ། །ཡང་ན་ལས་ཀྱི་བྱེ་བྲག་ལས། །དྲི་དང་ཁ་དོག་རོར་ལྡན་པའི། །རྡོ་གུ་རྣམས་ནི་ཅི་རིགས་པར། །ཞི་བ་ལ་སོགས་དབུལ་ 101-1-261a བར་བྱ། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་རྣམས་ནི་སོ་སོ་ལ། །ཡོན་ཏན་རབ་འབྲིང་ཐ་མ་ཡི། །རྡོ་གུ་རྣམས་ནི་དབུལ་བར་བྱ། །རྡོ་གུ་བཞིན་དུ་རྩ་བ་ཡང་། །ཞི་ལ་སོགས་པའི་ལས་རྣམས་དང་། །རིགས་དང་དངོས་གྲུབ་དག་ ལའང་། །ཅི་རིགས་པར་ནི་དབུལ་བར་བྱ། །སྒོག་པ་དང་ནི་ལ་ཕུག་དང་། །ཁ་བ་དང་ནི་བསྐ་བ་དང་། །རོ་མེད་པ་དང་ངན་པ་དག །གསང་སྔགས་རྣམས་ལ་མི་དབུལ་ལོ། །པུ་བ་ས་ཏི་ཨུ་ལོ་པི། །བ་ད་ཀི་ཡི་རིགས་རྣམས་དང་། །ཧང་ཚོས་རྣམས་ཀྱི་ རྣམ་པ་དང་། །འབྲུ་ཡི་ཆན་ནི་སྣ་ཚོགས་དང་། །ཚག་ཚོག་རྣམ་པ་སྣ་ཚོགས་དང་། །ཧྭགས་དང་བཟའ་བ་སྣ་ཚོགས་དང་། །ལ་དུ་དང་ནི་ཞུའུ་ཏེའུ་དང་། །ཕིན་ཏ་ཀོ་ཤ་ཕི་ན་ཀ །ཚིལ་ལ་པར་ཏ་ཨ་ཤོ་ཀ །ཁུར་བ་གུ་ཏ་པིནྡ་ཀ །ཤ་སྐུལ་སྣུམ་ཁུར་པུརྣ་ དང་། །མ་ཤ་བུ་བ་བི་དག་དྷ། །པུར་ཤ་བར་ཏ་ལ་བ་ནི། །གར་བྷོད་ཀ་རིའི་རིགས་རྣམས་དང་། །ཁྱིམ་བྱ་ངང་པ་ར་མ་ཀ །སིཀྟ་པྲེའུ་འོལ་བའི་དབྱིབས། །ཤི་རི་པུརྣ་བི་སྟ་ཀ །པང་གི་ཟང་གི་ཟོམ་ཤང་དང་། །བུ་རམ་པུ་པ་ཁ་རྫུ་ཀ །བུ་བ་ཁྲ་བོ་གརྟ་དང་། ། ཟུར་གསུམ་བུ་རམ་བར་པ་ཏ། །པིན་རྩི་ཡི་ནི་རིགས་རྣམས་དང་། །ངང་རྒྱལ་བུང་བའི་གོང་བུ་དང་། །མར་གྱི་པུརྞ་སརྫ་ཀ །ཀ་མོ་ཏི་ཀི་ཧོན་དོན་དང་། །བེ་རེག་དང་ནི་ཤ་ཏ་པ། །རི་དགས་བྱ་དང་ཉ་འདྲ་དང་། །ཀརྞ་པྲི་ཏི་སྣ་ཚོགས་དང་། །གཟིག་དང་ཆུ་ཡི་ གླང་པོའི་དབྱིབས། །དེ་བཞིན་ཀར་ཀ་པིཎྜ་ཀ །ཕྲེང་བུ་པྷ་ལ་གྷརྟ་དང་། །ཤིབ་ཏི་ཀ་དང་གླང་རྣ་དང་། །བུ་རམ་འབྲུ་མར་ལས་བྱས་པ། །འདི་ལ་སོགས་པ་བཟའ་བ་རྣམས། །རིགས་དང་ལས་དོན་དངོས་གྲུབ་ལ། །ཅི་རིགས་པར་ནི་དབུལ་བར་ བྱ། །ཞི་ལ་པི་ཏ་ཀ་བསྔགས་ཏེ། །གྲོ་ལས་བྱས་པ་རྒྱས་པ་ལ། །མ་ཤ་ཏི་སོགས་ལས་བྱས་པ། །དྲག་ཤུལ་སྤྱོད་པ་རྣམས་ལ་བསྔགས། །ཁ་ཟས་འདི་དག་ཐམས་ཅད་དང་། །བཟའ་དང་བཅའ་བའི་ཁྱད་པར་རྣམས། །རྟོགས་ནས་ གསང་སྔགས་ལྷ་རྣམས་ལ། །ཐམས་ཅད་དབུལ་བ་ཉིད་དུ་བྱ། །ཤྲི་བེ་ཏ་ནི་པད་མའི་རིགས། །ལ་དུ་རྡོ་རྗེ་ཅན་ལ་སྟེ། །གནོད་སྦྱིན་རྣམས་ལ་བུ་པ་ཤིས། །བུད་མེད་སྲེད་ལ་རིག་སྔགས་རྣམས། །ཆོ་ག་ཞིབ་མོའི་རྗེས་འབྲངས་ཏེ། ། 101-1-261b གསང་སྔགས་དབྱེ་བའང་ཤེས་བྱས་ནས། །གང་གཞན་འཇིག་རྟེན་པ་ལ་སོགས། །ཅུང་ཟད་ཙམ་ཡང་དབུལ་བར་བྱ། །སྭ་སྟི་ཨུ་ལོ་པུ་པ་རྣམས། །རིགས་གསུམ་ལ་ནི་རིམས་བཞིན་དབུལ། །ལྷག་མའང་གཞན་ལ་ཅི་རིགས་པར། །གཞི་ བཏིང་ནས་ནི་དབུལ་བར་བྱ། །ས་ལུ་དང་ནི་བཅུ་དྲུག་པ། །ཇུ་ཙེ་དང་ནི་ཁྲེ་དག་དང་། །འོ་ཐུག་ལེགས་པར་བཙོས་པ་ཡིས། །ཆན་དག་དེར་ནི་དབུལ་བར་བྱ། །སྲན་ཚོད་ལ་སོགས་སྣ་ཚོགས་པ། །དྲི་ཞིམ་ཡིད་དུ་འོང་བ་དང་། །ལེགས་པར་ཡོངས་སུ་ བྱས་པ་ཡིས། །ཚོད་མ་དག་ཀྱང་དབུལ་བར་བྱ། །ནས་དང་ནས་མངར་འབྲས་ཆན་དག །གཙོ་བོ་ལ་ནི་ཡོངས་སུ་བསྒྲགས། །གང་གཞན་ཅུང་ཟད་དམན་པ་དང་། །འབྲིང་ལ་སཱ་ལུ་བཅུ་དྲུག་པ། །གཙོ་བོ་ཞི་བའི་ལས་ཡིན་ཏེ། །འབྲིང་པོ་དག་ནི་ རྒྱས་པའོ། །དམན་པ་དྲག་ཤུལ་གསུངས་པ་ལ། །ལྷ་བཤོས་རིམ་པ་བཞིན་དུ་སྦྱར། །ལས་ཅི་འདྲ་བར་རིགས་དེ་ཤེས། །རིགས་ཅི་འདྲ་བར་དངོས་གྲུབ་སྟེ། །གསང་སྔགས་དབྱེ་བའི་རིམ་པ་ཡིས། །འདིར་ནི་ཆོ་ག་ཐམས་ཅད་སྤྱད། ། ཞི་བ་ལ་ནི་དང་པོར་བསྔགས། །རྒྱས་པ་ལ་ནི་མངར་སྐྱུར་ཏེ། །ཁ་དང་ཚ་དང་བསྐ་སོགས་ཀྱི། །ཚོད་མ་དྲག་པོའི་ལས་ལའོ། །ཞི་བ་ལ་ནི་འོ་ཐུག་གསུངས། །ཀྲྀ་ས་ར་ནི་དྲག་སྤྱོད་ལ། །ཞོ་དང་འབྲས་ཐུག་ལ་སོགས་པ། །གཞན་རྣམས་ཐམས་ ཅད་རྒྱས་ལ་ཤིས། །བཟའ་བའི་རིགས་ནི་སྣ་ཚོགས་བ། །ཕལ་ཆེར་གྲོང་དང་དགོན་པ་ཡི། །ཅུང་ཟད་ཅིག་ནི་འདིར་བཤད་དེ། །མ་ལུས་པ་དང་རྒྱས་པར་ནི། །གཞན་དག་ལས་ཀྱང་ཤེས་པར་བྱ། །འཇིག་རྟེན་དག་ན་གང་བཟང་དང་། །བདག་ཉིད་ སྲེད་པ་གང་ཡིན་པ། །དེ་དག་ཐམས་ཅད་སངས་རྒྱས་ལ། །བློ་དང་ལྡན་པས་ཐོག་མར་དབུལ། །གསང་སྔགས་རྣམས་ཀྱི་བཟའ་བ་དང་། །ཟས་ཉིད་གང་དང་གང་གསུངས་པ། །བློ་དང་ལྡན་པས་དེ་ཉིད་དབུལ། །གཞན་དུ་བྱས་ན་གྲུབ་མི་ཐོབ། ། གང་དག་འགལ་དང་མ་སྨོས་དང་། །གང་དག་ཅུང་ཟད་ངན་པའི་རྣམས། །དེ་དག་ཐམས་ཅད་དྲག་སྤྱོད་ལ། །ཁྱད་པར་དུ་ནི་དབུལ་བར་གསུངས། །དྲི་དང་བདུག་སྤོས་མར་མེ་དང་། །མེ་ཏོག་དང་ནི་ལྷ་བཤོས་དང་། །ཐམས་ཅད་ཆོ་ག་འདི་ཉིད་ཀྱི། ། 101-1-262a ཞི་བ་ལ་ཡང་བཤད་པ་ཡིན། །གསང་སྔགས་རྣམས་ཀྱི་རང་བཞིན་དང་། །མཐུ་དང་ལས་དོན་རིག་བྱས་ནས། །དེ་ཡི་བཤོས་དང་ཁ་ཟས་རྣམས། །ཇི་ལྟར་རིགས་པར་དབུལ་བར་བྱ། །སྭ་སྟི་ཀ་དང་ཨུ་ལོ་པའི། །བཟའ་བ་ཅི་འབྱོར་བུ་རམ་ ཅན། །ལག་པན་རྩ་བའི་འབྲས་བུ་དང་། །འོ་ཐུག་དག་ནི་འདོད་པ་ཡིན། །ཐམས་ཅད་འདོད་ཅེས་བྱ་བ་ཡི། །གཏོར་མ་དོན་ཀུན་སྒྲུབ་བྱེད་པ། །གསང་སྔགས་ཀུན་ལ་ཤེས་པར་བྱ། །དྲག་ཤུལ་སྤྱོད་ལ་མ་ཡིན་ནོ། །དེ་དག་ཉིད་ལས་ཅི་འབྱོར་པ། ། ཁ་དོག་སྣ་ཚོགས་པ་ཞེས་བྱ། །གང་གཞན་ཅུང་ཟད་ཀྱིས་གླགས་པ། །གཏོར་མ་སྣ་ཚོགས་པ་ཞེས་བྱ། །དང་པོ་དེ་དག་གཉིས་ལས་ནི། །སྣ་རེ་ལས་ཀྱང་མ་བྱས་པ། །གཞན་ཡང་ཅི་སྙེད་པ་བསྣན་པ། །གཏོར་མ་རྒྱ་ཆེན་ཞེས་སུ་གསུངས། ། འབྲས་ཆན་ཞོ་དང་འོ་མ་མར། །མིང་ནི་དཀར་གསུམ་པ་ཞེས་གསུངས། །འབྲས་ཆན་འོ་མ་སྦྲང་རྩི་མར། །ལྡན་པའི་གཏོར་མ་མངར་གསུམ་ཡིན། །ས་ཡ་ལི་དང་ལིང་ཀ་ལ། །སྲན་ཅན་ཏིལ་གྱི་པི་སྟ་ཀ །ལག་པན་རྩ་བ་འབྲས་བུ་དང་། ། ཅུང་ཟད་ཅུང་ཟད་ཀྱིས་བསྣན་ནས། །མེ་ཏོག་འབྲས་ཡོས་ཆུ་དང་བཅས། །འདབ་མར་བཅས་པའི་གཏོར་མ་ནི། །གསང་སྔགས་ཀུན་གྱི་གཏོར་མ་སྟེ། །དེ་མིང་འབྱུང་པོ་ཐམས་ཅད་པའོ། །འོ་ཐུག་འབྲས་ཡོས་སྭ་སྟི་ཀ །མར་དང་སྦྲང་རྩི་ ནས་འོ་ཐུག །པི་ཛ་པཱུ་ར་དེ་དག་རྣམས། །རྟག་པར་ཞི་བའི་ལྷ་བཤོས་སོ། །ཞོ་དང་ལག་པན་འབྲས་ཐུག་དང་། །བུ་རམ་ལ་དུ་ཨུ་ལོ་པི། །ཤྲི་པེ་སྟ་ལ་སོགས་པའི་ཟས། །རྟག་པར་རྒྱས་པའི་ལྷ་བཤོས་སོ། །འབྲས་མར་ཆན་དང་ ཀོ་ཏྲ་པ། །བཟའ་བ་ཏིལ་ཆན་པུ་བར་བཅས། །སྲན་ཆན་དང་ནི་ཀྲི་ས་ར། །དེ་དག་རྟག་པར་དྲག་སྤྱོད་ལའོ། །འབྲས་བུ་རྩ་བ་སཱ་ལུ་ཅན། །བཏུང་བ་མངར་བ་སྦྲང་རྩི་དང་། །བཟའ་བ་མང་པོ་བུ་རམ་ཅན། །དེ་དག་གནོད་སྦྱིན་གཏོར་མ་ལའོ། ། ཚོད་མར་བཅས་པའི་ཟས་རྣམས་དང་། །སྐོམ་དང་པུརྞ་བྷྲྀ་སྟ་ཀ །འབྲས་བུ་སྣ་ཚོགས་ལྡན་པ་ཡིས། །ལྷ་བཤོས་རིག་སྔགས་ཀུན་ལ་ཤིས། །གང་ཡང་མང་པོས་བསྔགས་པ་དང་། །ཞིམ་ཞིང་ཀུན་སྲེད་ཕལ་ཆེ་པ། ། 101-1-262b དེ་དག་བསྒྲུབ་པ་མཆོག་དག་དང་། །དམ་པ་རྣམས་ལ་དབུལ་བར་བྱ། །དོན་རྣམས་མང་པོ་ཕྱེ་བ་ནི། །ཆོ་ག་བསྟན་པ་འདི་དག་ལས། །རིགས་དོན་དངོས་གྲུབ་བྱེ་བྲག་ལ། །ཟློས་པ་ཅི་རིགས་ཤེས་པར་བྱ། །ཐོག་མར་འདབ་མ་གཙང་མ་འམ། ། ལོ་མ་བཀྲུས་པའི་གཞི་བཏིང་ནས། །ཆོ་གའི་བྱེ་བྲག་ཤེས་པ་ཡིས། །ཕྱི་ནས་ལྷ་བཤོས་དབུལ་བར་བྱ། །པད་མའི་ལོ་མའམ་པ་ལ་ཤ །འོ་མ་ཅན་ཤིང་ལས་སྐྱེས་པའམ། །ཡང་ན་རས་ནི་སར་པའང་རུང་། །ཞི་བའི་གདིང་བར་བསྔག་ པ་ཡིན། །ཆུ་སྐྱེས་འདབ་མ་ཐམས་ཅད་དང་། །ལྗོན་ཤིང་ལོ་མ་གཙང་མ་འམ། །ཁུར་སྐྱ་ས་ལ་བཏིང་བ་དང་། །ཆུ་ཤིང་ལོ་མ་རྒྱས་པ་ལའོ། །ཨརྒ་བྷ་ལ་ཏ་ཀ་དང་། །ལྗོན་ཤིང་ཁ་བོའི་ལོ་མ་འམ། །མཁས་པས་གང་ཡང་རུང་བ་དག །དྲག་ པོའི་དོན་དུ་གདིང་བར་བྱ། །ལོ་འདབ་མོ་ཡི་མིང་ཅན་རྣམས། །རིག་སྔགས་རྣམས་ཀྱིས་གདིང་བར་བྱ། །མངག་གཞུག་རྣམས་ལ་རྩྭ་དག་དགྲམ། །འདབ་མ་སྔོན་པོ་ས་ལ་དགྲམ། །སློབ་པ་པོས་ཀྱང་ཆོ་ག་འདིས། །རབ་དང་འབྲིང་དང་ཐ་མ་ལ། ། ས་གཞི་བསྐུས་ཤིང་བསྟར་ནས་སུ། །ཅི་རིགས་སུ་ནི་བྱ་བར་བཤད། །ཉེ་རེག་ཁྱད་པར་དུ་བྱས་ནས། །ལྷ་བཤོས་ལས་རྣམས་བརྩམ་པར་བྱ། །ལྷ་བཤོས་ལས་ལ་ཐོག་མར་ནི། །སྭ་སྟི་ཀ་དག་བྲིམ་པར་བྱ། །རྩ་བ་རྡོ་གུ་འབྲས་བུ་ དང་། །དེ་ཡི་འོག་ཏུ་བཏུང་བ་རྣམས། །དེ་ནས་བཟའ་བ་མང་པོ་སྟེ། །དེའི་འོག་ཟས་རྣམས་དབུལ་བར་བསྒྲགས། །ཐ་མར་ཞོ་དང་འོ་མ་སྟེ། །འདི་དག་ལྷ་བཤོས་ཆོ་གར་བཤད། །ཆོ་ག་འདིས་ནི་མ་སྨོས་པའི། །ལྷག་མའང་ ཁོང་དུ་ཆུད་པར་བྱ། །དཀྱིལ་འཁོར་དག་དང་སྒྲུབ་པ་ལ། །ལྷ་བཤོས་ནན་ཏན་བསྐྱེད་དེ་བྱ། །དེས་ན་མཁས་པས་ལྷ་བཤོས་དག །མི་ངན་པ་དང་རྒྱ་ཆེར་བྱ། །བསྙེན་པའི་དུས་ན་ཅི་ནུས་དང་། །ཅི་སྐད་བསྟན་དང་ཅི་སྙེད་པའི། ། གཏོར་མའི་ལས་ནི་བྱ་བར་བསྟན། །དུས་ཚིགས་དག་ལ་བཟང་པོར་བྱ། །གང་དག་བསྲེག་བྱའི་རྫས་རྣམས་དང་། །བདག་གི་ཁ་ཟས་གང་ཡིན་ལས། །ཐོག་མར་དེ་ཡི་ཕུད་དབུལ་ཏེ། །ཆོ་ག་ཤེས་པས་བཟླས་བརྗོས་བྱ། ། 101-1-263a ཇི་སྐད་བསྟན་པའི་ལྷ་བཤོས་དང་། །རྫས་ཀྱི་རིགས་རྣམས་ཅི་འབྱོར་པ། །མཁས་པ་རྣམས་ཀྱིས་ཕུལ་ནས་ཀྱང་། །ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱ། །ལྷ་བཤོས་དབུལ་བ་གསང་སྔགས་ཀྱི། །ཞལ་ཟས་ཡིན་པར་བཤད་ པས་ན། །དེས་ནི་རྟག་ཏུ་ཁ་ཟས་སྦྱིན། །དེ་ཕྱིར་ཟློས་པ་དག་གིས་དབུལ། །རྩ་བ་རྡོ་གུ་འབྲས་བུ་དང་། །ལྷ་བཤོས་ཅུང་ཟད་ཅི་སྙེད་པ། །དུས་གསུམ་དུའང་གསང་སྔགས་ལ། །ཕུལ་ནས་དངོས་གྲུབ་ཐོབ་པར་འགྱུར། །གལ་ཏེ་ཟློས་པས་གསང་ སྔགས་ལ། །མཆོད་པའི་བཤོས་རྣམས་མ་ཕུལ་ན། །དེ་ཚེ་རྩུབ་ཅིང་མདོག་ངན་ལ། །བཀྲེས་པ་དག་གིས་གདུངས་པར་འགྱུར། །ལྷ་བཤོས་མེད་ན་དེ་ཡི་སེམས། །རྟོག་པ་དག་ཀྱང་མང་པོར་འགྱུར། །ལྷ་རྣམས་འགྲུབ་པར་མི་འགྱུར་ཞིང་། ། བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གསང་སྔགས་འཁོར་དང་བཅས་པ་ལ། །དུས་ཚིགས་དག་ལ་ཅི་འབྱོར་བའི། །ལྷ་བཤོས་ལེགས་པར་དབུལ་བར་བྱ། །བསྙེན་པའི་དུས་ན་ཟློས་པ་པོས། ། ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་ལ་འབྱུང་པོ་ཡི། །གཏོར་མ་གུས་པར་དབུལ་བར་བྱ། །གང་དག་འགལ་དང་མི་ཤིས་དང་། །གང་དག་ངན་ཅིང་སྨད་པ་དང་། །གཞན་དག་མི་གཙང་གྱུར་པའི་རྫས། །ལྷ་བཤོས་ཕྱིར་ནི་ཐམས་ཅད་ སྤང་། །ཐམས་ཅད་དང་ནི་ལས་ཀུན་ལ། །ལག་པན་རྒྱ་ཆེན་དབུལ་བར་བྱ། །ལྷ་རྣམས་ཀུན་ལ་དབུལ་བའི་བཤོས། །གསང་སྔགས་ཀྱིས་ནི་མངོན་པར་བསྔགས། །སྨན་རྣམས་བཅུད་ནི་ཡི་གར་འོང་། །སྔགས་ཀྱི་ཟས་ཀྱི་བཅུད་འདི་དག ། བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པོས་དང་པོར་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་ལྷ་ བཤོས་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་ལྷ་བཤོས་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །གཏོར་མའི་ཆོ་ག་རིམ་པར་ཕྱེ་བའོ།། །། 101-1-263b ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ། །མདོར་ན་ལས་ནི་རྣམ་གསུམ་དུ། །གསང་སྔགས་ཀུན་ལ་བསྒྲགས་པ་ཡིན། །ལས་ནི་རྣམ་པ་གསུམ་ཆར་གྱི། །དངོས་གྲུབ་གང་གིས་མྱུར་བ་དང་། །ངེས་པར་འགྲུབ་པར་འགྱུར་བ་ཡི། ། ཆོ་ག་དེ་དག་འདིར་བཤད་དོ། །བྱམས་པའི་དྲན་པ་ཉེར་གཞག་ནས། །དཀོན་མཆོག་གསུམ་ལ་གཅིག་ཏུ་གཞོལ། །ཞི་བར་གྱུར་པས་ཞི་བ་ཡི། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཡར་གྱི་ཚེས་གཅིག་ནས། །ལས་རྣམས་རབ་ཏུ་བརྩམ་ པར་བྱ། །བྱེ་བྲག་ཏུ་ནི་སྲོད་ལ་སྟེ། །དེ་ནི་ཞི་བའི་ལས་ཀྱི་དུས། །གནས་གཙང་མ་ཡི་ལྷ་རྣམས་དག །དེ་ན་ཀུན་དུ་གཟིགས་པས་ན། །ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། །དེ་བས་དེར་ནི་ཀུན་བརྩམ་མོ། །དཀར་པོའི་གོས་ནི་བགོས་ནས་སུ། ། ཀུ་ཤའི་ཁྲེས་ཀྱི་སྟན་འདུག་ནས། །བྱང་ཕྱོགས་ཁ་བལྟས་གཙང་ཞི་བས། །ཞི་བའི་ཆོ་ག་བཤད་པར་བྱ། །བ་ཡི་ལྕི་བ་མ་ལྷུང་བས། །དུས་གསུམ་དག་ཏུ་དེར་བསྐུས་ལ། །མེ་ཏོག་དཀར་པོ་སིལ་མ་དག །བཀྲམ་པ་བྱས་ན་རབ་ཏུ་ཤིས། ། ནས་དང་འོ་ཐུག་ཞོ་དག་དང་། །འབྲས་ཡོས་དག་གམ་ཏིལ་དག་གམ། །དུར་བའམ་ཀུ་ཤ་སྔོན་པོ་འམ། །པྲི་ཡང་ཀུ་ཡི་མེ་ཏོག་གམ། །སཱ་ལུའི་ཆན་ནམ་གེ་སར་རམ། །ཡང་ན་མེ་ཏོག་དཀར་པོ་འམ། །ཤ་མའི་ཡམ་སྲེག་ཤིང་དག་གམ། ། ཡང་ན་དྲི་ཞིམ་ཐང་ཆུའང་རུང་། །མཆོད་སྦྱིན་དག་གི་ལྗོན་ཤིང་ངམ། །འོ་མར་བཅས་ཤིང་ལོ་མ་ཅན། །ཡམ་ཤིང་རྩེ་མོ་ལས་སྐྱེས་རློན། །སྦྲང་རྩིའམ་ཡང་ན་མར་ཡང་རུང་། །རྟོག་པ་ལས་གསུངས་ཆོ་ག་ནི། །དེ་དང་དེ་ལ་སོགས་པ་སྤྱད། ། ཞི་བའི་ལས་ལ་བློ་ཅན་གྱིས། །ལྗོན་ཤིང་འོ་མ་ཅན་གྱི་མེ། །རྒྱུན་བཞག་མེ་ལ་བླངས་ནས་སུ། །མེ་ནི་ཆོ་ག་བཞིན་བྱས་ཏེ། །ཞི་བའི་ལས་ལ་བསྲེག་བྱིན་ན། །དངོས་གྲུབ་རབ་ཏུ་སྟེར་བར་འགྱུར། །འོ་མ་ཅན་གྱི་ཡམ་ཤིང་གི། ། མེ་ལ་ཡམ་ཤིང་མཐོ་གང་ཙམ། །འོ་མ་སྦྲང་རྩི་མར་བཏགས་ཏེ། །ཞི་བའི་ལས་ལ་སྦྱིན་སྲེག་བྱ། །དགོན་པའི་བ་ལང་ལྕི་བ་དང་། །དེ་བཞིན་ཤ་མའི་བུད་ཤིང་བཟང་། །ཡང་ན་ལྗོན་ཤིང་དྲི་ཞིམ་པའི། །བུད་ཤིང་ཞི་བའི་ 101-1-264a ལས་ལ་ཤིས། །ས་གཞི་དཀར་ལ་བརྐོས་པ་ཡིས། །ཞུགས་ཐབ་ཀུན་དུ་ཟླུམ་པོ་ལ། །ཁྲུ་གང་ཙམ་གྱི་ཚད་དུ་བྱ། །ཟབས་སུ་སོར་ནི་བཅུ་གཉིས་པ། །དེ་ཡི་སྟེང་དུ་ཁ་རན་ནི། །རབ་མཉམ་སོར་བཞིའི་ཚད་ཙམ་གདགས། །དེ་ཡི་ ཞབས་སུ་འཁོར་ལོ་བཞག །དེ་ཡང་འཕང་དུ་སོར་གཅིག་པའོ། །པད་མའི་སྐྱིལ་དཀྲུང་དུ་འདུག་སྟེ། །བློ་ཡིས་བསྒོམ་པ་བྱས་ནས་སུ། །མཆོད་པ་ལ་སོགས་ལེགས་བྱས་ཏེ། །དེ་ནས་ཞི་བའི་ལས་བྱའོ། །དང་པོར་སྟོན་པ་ཐུབ་ཆེན་དང་། ། ཤེས་རབ་ཕ་རོལ་ཕྱིན་པ་དང་། །ཉན་ཐོས་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། །བྱམས་མ་དེ་བཞིན་གཤེགས་མཛོད་སྤུ། །རིག་སྔགས་གཞན་གྱིས་མི་ཐུབ་མ། །དགའ་བོ་ཞེས་བྱ་ཀླུ་རྒྱལ་གཉིས། ། གནས་གཙང་རིགས་ཀྱི་ལྷ་རྣམས་དང་། །འདི་དག་ལས་ལ་དགོད་བྱ་ཞིང་། །ཞི་ལ་རྟག་ཏུ་མཆོད་པར་བྱ། །དེ་ནས་མེ་ཏོག་དྲི་ལ་སོགས། །ལེགས་པར་བཞག་སྟེ་ལས་རྣམས་བྱ། །དུས་མིན་འཆི་དང་ནད་རྣམས་དང་། །ཡམས་ཀྱི་ནད་དང་གནོད་པ་ དང་། །དེ་བཞིན་བགེགས་དང་ནད་འགོ་རྣམས། །ཞི་བར་བྱེད་པས་ཞི་ཞེས་བྱ། །རང་གི་སེམས་ནི་མཉམ་གཞག་སྟེ། །ཡིད་ལ་དགའ་བ་བསྐྱེད་ནས་སུ། །རྒྱས་པ་དག་གིས་རྒྱས་པ་ཡི། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཉ་ལ་ཀུན་ བརྩམ་སྟེ། །ཕྱི་མའི་ཉ་ཡི་བར་དུ་བྱ། །རྒྱས་པའི་ཆོ་ག་བསྟན་པ་ཡིས། །དེ་སྲིད་བར་དུ་ལས་བྱའོ། །རྒྱས་པ་དག་གི་ལས་རྣམས་ལ། །བྱེ་བྲག་ཏུ་ནི་སྔ་དྲོ་ཤིས། །ལས་དེ་གྲུབ་པའི་ལྷ་རྣམས་ནི། །དེ་ནི་བྱིན་གྱིས་རློབ་པར་མཛད། །ལྷ་རྣམས་མ་ ལུས་པ་དག་ཀྱང་། །དེ་ཡི་དུས་སུ་རྒྱུ་བས་ན། །ལས་སུ་བྱ་བ་ཐམས་ཅད་ནི། །དུས་དེ་ཁོ་ནར་རབ་ཏུ་ཤིས། །ནང་པར་དུས་ན་ལྷ་རྣམས་ནི། །ཡིད་དགར་གྱུར་ན་མཆོག་སྦྱིན་མཛད། །དེ་ལྟ་བས་ན་མཁས་པ་ཡིས། །ལྷག་པར་དེ་ཚེ་བརྩམ་པར་ བྱ། །གོས་དཀར་ཟུང་ཅིག་བགོས་ནས་སུ། །བཀྲ་ཤིས་སྐྱིལ་མོ་དཀྲུང་བྱས་ཏེ། །ཤར་ཕྱོགས་ཁ་བལྟས་དགའ་བཞིན་དུ། །རྒྱས་པའི་ཆོ་ག་བསྒྲིམས་ཏེ་སྤྱད། །ས་གཞི་བྱུག་པ་སྤོས་ཞིམ་བཅས། །དུས་གསུམ་དུ་ནི་བསྐུ་བར་བྱ། ། 101-1-264b མེ་ཏོག་སིལ་མ་སྣ་ཚོགས་ཀྱིས། །དེར་ནི་རབ་ཏུ་དགྲམ་པར་བཤད། །ཟས་མཆོག་དག་གི་གོང་བུ་ནི། །མངར་གསུམ་དག་དང་ལྡན་པ་འམ། །སྦྲང་རྩི་མར་དང་ཞོ་སྦྱར་བའི། །ཏིལ་ནག་དག་གམ་མར་དང་ཞོ། །ཤ་ཏ་པུས་པ་བིལ་བ་དང་། །སཱ་ལུ་ཡི་ ནི་འབྲས་དག་དང་། །ནཱ་ག་གེ་སར་པདྨ་དང་། །ཀར་ནི་མ་ར་དང་བཅས། །ལག་པན་དང་ནི་འབྲུ་ཀུན་དང་། །དེ་བཞིན་མཆོད་སྦྱིན་ཡམ་སྲེག་ཤིང་། །དེ་དག་ལ་སོགས་རྫས་རྣམས་ཀྱིས། །རྒྱས་པའི་སྦྱིན་སྲེག་ཚུལ་བཞིན་བྱ། །རྒྱལ་རིགས་ཁྱིམ་ ནས་བླངས་པའི་མེའམ། །ཡང་ན་རྒྱལ་པོའི་ཁྱིམ་ནས་བླང་། །དགོན་པའི་མེ་འམ་མེ་ཆེན་པོ། །རྒྱས་པའི་ཆོ་ག་དག་ལ་ཤིས། །ཡམ་ཤིང་སྦོམས་སུ་ཆང་གང་པ། །སྲིད་དུ་ཁྲུ་གང་ཙམ་གྱི་ཚད། །ཞོ་མར་འོ་མ་ལས་བཏགས་ནས། །རྒྱས་པའི་ཆོ་ ག་དག་ལ་བསྲེག །ཡམ་སྲེག་ཤིང་དུ་གང་བསྟན་པ། །དེ་དག་ཉིད་ལས་མེ་བུད་དོ། །ཡང་ན་མེ་ཏོག་འབྲས་བུ་ཤིང་། །བུད་ཤིང་ཕྱིར་ནི་རབ་ཏུ་ཤིས། །ཞུགས་ཐབ་ས་གཞི་དམར་པོ་ལ། །རྒྱར་ནི་ཁྲུ་དོ་ཙམ་གྱི་ཚད། །གྲུ་བཞི་པ་ལ་ཁ་རན་ཅན། །ཟབས་ སུ་ཁྲུ་གང་ཙམ་དུ་བྱ། །ཁ་རན་མཐོ་གང་ཚད་ཙམ་ལ། །ཁ་དོག་དམར་པོའི་སས་ཀྱང་བསྐུ། །པད་མའི་ཕྱག་རྒྱ་མཛུབ་གང་པ། །འཕང་ཏུ་སོར་བཞི་ཡོད་པ་བྱ། །དགོས་པའི་དོན་ནི་གང་ཡིན་པ། །དེ་ཉིད་ཡིད་ལ་ལྷུར་བསམས་ཏེ། །ཆོ་ག་ཐོག་ མར་བཤད་པ་དག །བྱས་ནས་རྒྱས་པའི་ལས་བྱའོ། །ཕྱག་ན་པད་མའི་མཐུ་ཆེན་དང་། །དོན་གྲུབ་པ་ཡང་མཆོད་པ་བྱ། །རིག་སྔགས་འཆང་དང་གནོད་སྦྱིན་དང་། །དཔལ་གྱི་ལྷ་མོ་ཐམས་ཅད་དང་། །ཚངས་དང་བྱང་ཆུབ་སེམས་དཔའ་དང་། ། རིག་པའི་བདག་མོ་མཐུ་ཆེན་དང་། །འཕྲོག་མའི་རིག་སྔགས་ཆེན་མོ་དག །རྒྱས་པའི་ལས་ལ་མཆོད་པ་བྱ། །དེ་ལ་སོགས་པ་བློ་ཅན་གྱིས། །ཆོ་ག་བཞིན་དུ་མཆོད་ནས་ཀྱང་། །བདག་ཉིད་མངོན་པར་དབང་བསྐུར་ཏེ། །རྒྱས་པའི་ལས་ རྣམས་བརྩམ་པར་བྱ། །གང་ཞིག་ཚེ་དང་ལང་ཚོ་དང་། །བྱིན་དང་མཐུ་སྟོབས་འཕེལ་བྱེད་དང་། །ཡོན་ཏན་དག་དང་འདོད་དོན་གང་། །སྒྲུབ་བྱེད་དེ་ནི་རྒྱས་ཞེས་བྱ། །མཆོག་དང་ཁྲོ་བ་ལ་གནས་ཏེ། །དེ་ནས་འདུན་པ་བརྟན་པོ་ཡིས། ། 101-1-265a གསང་སྔགས་དྲག་པོ་བཟླས་པའམ། །སྦྱིན་སྲེག་བྱ་བས་དགྲ་བོ་གཞོམ། །ཚེས་གྲངས་དག་དང་རྒྱུ་སྐར་དང་། །སྨྱུང་བར་གནས་པར་བྱ་མི་དགོས། །ཁྲོས་པ་བརྟན་པར་བྱས་ནས་ནི། །མོད་ལ་དྲག་ཤུལ་སྤྱོད་པ་བརྩམ། །ཁྱད་པར་དུ་ནི་ མར་ངོ་འམ། །མར་གྱི་དུས་ཚིགས་དག་གིས་ནི། །ཉི་མའི་གུང་ངམ་ནམ་ཕྱེད་ན། །དྲག་ཤུལ་སྤྱོད་པ་བརྩམ་པར་བྱ། །གང་གི་ཕྱིར་ནི་ཡི་དགས་དང་། །ཤ་ཟ་འབྱུང་པོ་སྲིན་པོའི་ཚོགས། །དྲག་པོ་རྣམས་ཀྱིས་བྱིན་རློབ་པ། །དེ་ཕྱིར་དེས་ན་ལས་རྣམས་ འགྲུབ། །དུས་དེ་ན་ནི་དྲག་པོའི་ལས། །འགྲུབ་པར་འགྱུར་ཕྱིར་རབ་ཏུ་ཤིས། །ཡང་ན་གང་ཚེ་ཁྲོས་གྱུར་པ། །དེ་ཚེ་ཉིད་ན་ལས་བརྩམ་མོ། །གང་ཕྱིར་གསང་སྔགས་དྲག་པོའི་ལྷས། །ཁྲོས་པ་ཉིད་ན་བྱིན་རློབ་པ། །དེ་ཕྱིར་ཁྲོ་བ་བསྐྱེད་ནས་སུ། ། དྲག་ཤུལ་སྤྱོད་པའི་ལས་བྱའོ། །རབ་ཏུ་དྲག་པོའི་ལས་རྣམས་ལ། །དམར་པོའི་གོས་ནི་བགོ་བ་འམ། །སྔོན་པོའམ་ཡང་ན་ཆུས་བརླན་པ། །ཁྲག་གིས་སྦགས་པ་དག་ཀྱང་བཤད། །དེ་ནི་མིག་བགྲད་ཁྲོ་གཉེར་གཉེར། །སོ་ཡང་ ཤིན་ཏུ་གཙིགས་ནས་ནི། །རྐང་པས་རྐང་པ་མནན་ནས་སུ། །ལྷོ་ཕྱོགས་ཁ་བལྟས་འདུག་པར་བྱ། །རང་གི་ལུས་དང་ངག་དང་ནི། །ཡིད་རྣམས་ཀྱིས་ཀྱང་སྲན་བཙུགས་ཏེ། །གསང་སྔགས་མངོན་སུམ་བཞིན་བསྒོམས་ནས། ། དྲག་ཤུལ་སྤྱོད་པའི་ལས་བྱའོ། །དེར་ནི་དུས་གསུམ་དག་ཏུ་ཡང་། །ནག་པོའི་ས་ཡིས་བསྐུ་བ་འམ། །བོང་བུ་རྔ་མོ་ལ་སོགས་པའི། །རྟུག་པའམ་དུར་ཁྲོད་ཐལ་བས་བསྐུ། །མེ་ཏོག་དྲི་ངའི་སིལ་མ་འམ། །ཡང་ན་དྲི་མེད་ པ་དག་དགྲམ། །མེ་ཏོག་སྔོན་པོ་དམར་པོ་འམ། །འབྲུ་འམ་ཡང་ན་ཕུབ་མས་དགྲམ། །ཡུངས་ཀར་འབྲུ་ཙམ་ཚ་བ་འམ། །རང་གི་ཁྲག་གམ་ལན་ཚྭ་འམ། །སྐྱེ་ཚེ་ནིམ་པའི་ལོ་མ་འམ། །རྐང་རྗེས་ས་འམ་ཐལ་བ་འམ། །བོང་བུ་ ལ་སོགས་རྟུག་པ་འམ། །སྐྲ་གཏུབས་པ་འམ་བྱ་རྟུག་གམ། །ཁྲ་ལ་སོགས་པའི་སྒྲོ་འམ་ཚིལ། །གཅིན་ནམ་ཡང་ན་ཚེར་མ་འམ། །གྱོ་མོའི་དུམ་བུའམ་རུས་ཕྱེ་འམ། །དེ་བཞིན་ཤ་ཆེན་ལ་སོགས་པའམ། །ཀ་པིད་དར་རའམ་ 101-1-265b ནིམ་པ་འམ། །ཡང་ན་དུར་ཁྲོད་མགལ་དུམ་མམ། །ཚེར་མ་ཅན་གྱི་ཤིང་རྣམས་དང་། །སེང་ལྡེང་གི་ནི་ཡམ་སྲེག་ཤིང་། །ཆོ་ག་བཞིན་དུ་བློ་ཅན་གྱིས། །དྲག་ཤུལ་སྤྱད་ཕྱིར་སྦྱིན་སྲེག་བྱ། །དགྲ་ཡི་མིང་ནས་བརྗོད་ནས་ནི། །དུག་ཅན་ ཀུན་དང་ལན་ཚྭ་ཀུན། །ཁྲག་དང་ལྡན་པར་སྦྱར་བྱས་ཏེ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་བྱ། །དུར་ཁྲོད་དག་ན་འབར་བའི་མེའམ། །ཡང་ན་གདོལ་པའི་ཁྱིམ་ནས་བླང་། །རུས་པའམ་རྡོ་ལས་ཕྱུང་བ་དག །དྲག་ཤུལ་སྤྱོད་པའི་ ལས་ལ་ཤིས། །བདུག་པ་བཤགས་པའི་ཡམ་སྲེག་ཤིང་། །རྩེ་གཉིས་རྣོན་པོར་བྱས་པ་ལ། །དུག་ཁྲག་ཡུངས་མར་གྱིས་བསྐུས་པ། །སོར་བཅུ་པ་ཡི་ཚད་དུ་བྱས། །བུད་ཤིང་ཁ་དང་ཚ་བ་དང་། །དྲི་ཞིམ་པའི་སྐམ་ཤིང་ངམ། ། ཡང་ན་དྲག་པོའི་ལས་རྣམས་ལ། །དུར་ཁྲོད་ནས་ཕྱུང་ཅི་ཡང་རུང་། །ཁ་དོག་ནག་པོའི་ས་དག་ལ། །ཞུགས་ཐབ་གྲུ་གསུམ་ཕར་བལྟས་པ། །སོར་ནི་ཉི་ཤུའི་ཚད་དུ་བྱ། །ཟབས་སུ་ཁྲུ་ཕྱེད་ཚད་དུ་གསུངས། །ཁ་རན་སོར་ནི་ གསུམ་པ་ལ། །ཐལ་བ་དག་གིས་བསྐུ་བར་བྱ། །ཞབས་སུ་རྡོ་རྗེ་སོར་བརྒྱད་པ། །འཕང་དུ་སོར་གཅིག་ཡོད་པ་བཞག །ཐལ་པ་སོལ་བ་ཕུབ་མ་སོགས། །ཡང་ན་ལན་ཚྭ་སྐྱེ་ཚེ་སོགས། །སྦྱིན་སྲེག་དག་གི་རྫས་རྣམས་ ལ། །དགྲ་བོ་དག་གི་གཟུགས་བྱས་ལ། །གཟུགས་དེ་རང་གི་མིང་སྨོས་ནས། །བཏུབ་ཅིང་བཏུབ་ཅིང་སྦྱིན་སྲེག་བྱ། །ཡང་ན་དེ་ཡི་སྙིང་ག་རུ། །མནན་ནས་སྦྱིན་སྲེག་ལས་རྣམས་བརྩམ། །སྦྱིན་སྲེག་བཞིན་དུ་བཟླས་བརྗོད་ ལའང་། །དྲག་པོའི་གཟུགས་བརྙན་མནན་ཏེ་བྱ། །ཡང་ན་རྟོག་པ་ལས་གསུངས་པའི། །ཆོ་གའི་ལས་བཞིན་བསྒྲུབ་པར་བཤད། །གང་ཞིག་ཡིད་ལ་བསམས་པའི་དོན། །དེ་ལ་བསྟན་ནས་བརྩམ་བྱ་སྟེ། །ཐམས་ཅད་ཆོ་ གའི་རྗེས་འཐུན་པར། །ཆོ་ག་བྱས་ནས་དྲག་ཤུལ་སྤྱད། །ཕྱག་ན་རྡོ་རྗེ་རབ་གཏུམ་དང་། །ཁྲོ་བོ་རྣམས་ནི་གང་འདོད་པ། །གཡོག་འཁོར་དག་ནི་ཐམས་ཅད་ཀྱང་། །དྲག་པོ་གཟི་བརྗིད་འཕགས་པ་དང་། །རིག་པའི་རྡོ་རྗེ་ལྕགས་ 101-1-266a ཀྱུ་མ། །ཁྲོ་བོ་རྡོ་རྗེ་ཐོག་ཐོག་དང་། །འཆི་མེད་ཚེ་དང་མིག་བརྒྱ་པ། །ཀླུ་དང་གྲུལ་བུམ་སྲིན་པོ་དང་། །དེ་ལ་སོགས་པ་བློ་ཅན་གྱིས། །དྲག་ཤུལ་སྤྱོད་པའི་ལས་དག་ལ། །ཆོ་ག་བཞིན་དུ་སྔར་མཆོད་དེ། །བསྲུང་བ་བྱས་ནས་ བརྩམ་པར་བྱ། །ལས་གང་ཡན་ལག་ཉམས་བྱེད་དང་། །གང་ཡང་བསྐྲད་པར་བྱ་བ་དང་། །དབྱེ་བར་བྱ་བ་གང་ཡང་རུང་། །ནད་ཀྱི་འདེབས་བྱེད་གང་ཡིན་དང་། །ཕུང་བར་བྱ་དང་གདུང་བྱ་དང་། །མི་དགར་འགྱུར་བ་གང་ཡང་རུང་། །ཡང་ན་བསད་ པའི་ལས་གང་ཡིན། །དེ་དག་དྲག་ཤུལ་སྤྱོད་པར་བཤད། །དེ་ལྟར་དེའི་ལས་མཁས་པ་ཡིས། །བདེ་བར་གཤེགས་པའི་བཀའ་སྨོད་དང་། །རང་བཞིན་ངན་དང་སྡང་བ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །ལོག་པར་ལྟ་དང་ སྡིག་ཅན་དང་། །ཚུལ་ཁྲིམས་འཆལ་དང་རྒོལ་བ་དང་། །བླ་མ་ལ་འཁུ་དེ་དག་ལ། །ཕན་ཕྱིར་ཁྲོ་བ་བསྐྱེད་དེ་བྱ། །རྟོག་པ་མང་པོ་ལས་གསུངས་པའི། །ལུས་དང་ལྡན་པའི་སྦྱོར་བ་དང་། །ཁྲོ་བོ་མངག་གཞུག་ཕོ་ཉ་མོ། །དྲག་པོའི་ ཚོགས་ཀྱིས་དྲག་ཤུལ་སྤྱོད། །སེམས་ཅན་འཕོངས་ལ་ཞི་བ་བྱ། །བདེ་བར་གནས་ལ་རྒྱས་པ་སྟེ། །གང་དག་དྲག་ཤུལ་སྤྱོད་པའི་ལས། །དེ་དག་དགྲ་ལ་སྤྱད་པར་བྱ། །མཁས་པས་ས་བླའི་གསང་སྔགས་ཀྱིས། །དྲག་ཤུལ་སྤྱོད་ པ་སྤྱད་པར་བྱ། །ཆོ་ག་ཞིབ་མོ་བརྩམ་བྱ་སྟེ། །སྡང་དང་གཡོ་སྒྱུ་ཅན་ལ་སྤྱད། །ངེས་པར་མྱོང་འགྱུར་ལས་མང་པོ། །བདག་གིས་དང་དུ་བླང་དགོས་ཞེས། །དེ་ཡིས་ཉེས་པ་བྱས་པ་ཀུན། །ཚེ་འདི་ཉིད་ལ་སྨིན་པར་བྱ། །དེ་ལྟར་གསང་ སྔགས་ལྷ་རྣམས་ཀྱང་། །ངན་སྤྱོད་རྣམས་ལ་བརྩེ་བའི་ཕྱིར། །དེ་ལ་སོགས་པའི་ཐབས་རྣམས་ཀྱིས། །ངན་སོང་དག་ལས་འབྱིན་པར་མཛད། །དགྲ་ལ་གནོད་པ་བྱ་བ་ཡང་། །ཉེས་དང་འཚམ་པར་བྱ་དགོས་པ། །ཉེས་པ་ཆུང་ངུ་ བྱས་པ་ལ། །འཆི་བར་འགྱུར་བ་མི་བརྩམ་མོ། །ཁྲོས་པའི་དབང་གིས་བྱས་པ་ཡི། །སྙིང་ཚིམ་ནས་ནི་མོད་ལ་ཡང་། །ཞི་བར་བྱ་ཕྱིར་ཞི་བ་ཡི། །སྔགས་ཀྱི་ཞི་བའི་ཆོ་ག་བྱ། །ཡང་ན་དེ་ཡི་མེ་ཉིད་ལ། །གསང་སྔགས་དེ་ཉིད་ཁོ་ན་ཡི། །སྐུལ་ཚིག་ 101-1-266b ཡོངས་སུ་བརྗོད་ནས་སུ། །འོ་མས་ཞི་བའི་སྦྱིན་སྲེག་བྱ། །མཁས་པས་བདེ་གཤེགས་ཆོས་ཉིད་དང་། །བྱང་ཆུབ་སེམས་ནི་དྲན་བྱ་སྟེ། །གཟུ་ལུམ་ཅན་དང་སྡིག་ཅན་ལ། །དེ་མ་ཐག་ཏུ་ཞི་བ་བྱ། །ཞི་བ་མཆོད་རྟེན་རིང་བསྲེལ་ཅན། །པད་མའི་རྫིང་ བུར་རྒྱས་པ་སྟེ། །ཟློས་པ་པོས་ནི་ཁྱད་པར་དུ། །དུར་ཁྲོད་དག་ཏུ་དྲག་ཤུལ་སྤྱད། །ཞི་བ་དང་རྒྱས་པ་དང་དྲག་ཤུལ་སྤྱོད་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། གང་དག་སྟེང་དུ་འགྲོ་བའི་ལས། །དེ་ཀུན་རབ་ཏུ་ཤེས་པར་བྱ། །གང་གཞན་ཅུང་ཟད་མི་སྣང་བ། ། དེ་དག་འབྲིང་གི་ཆོ་གར་བཤད། །གང་དག་འདི་ནས་ས་ལའི་ལས། །དེ་དག་ཐམས་ཅད་ཐ་མར་བཤད། །དེ་བས་རབ་འབྲིང་ཐ་མ་ཡི། །ལས་རྣམས་ཀྱི་ནི་བྱེ་བྲག་དབྱེ། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་ལས་ཀྱི་དབྱེ་བ་ལས། །སྟེང་དང་བར་ སྣང་ས་པ་དག །གནས་ནི་རྣམ་པ་གསུམ་དུ་བཤད། །རིག་སྔགས་འཆང་དང་ནམ་མཁར་འགྲོ། །སྣ་ཚོགས་གཟུགས་ཀྱི་དངོས་གྲུབ་དང་། །དེ་བཞིན་མངོན་ཤེས་མཐོང་བ་དང་། །ཞི་བའི་བློ་དང་ཡེ་ཤེས་ཐོབ། །བསྟན་བཅོས་ཀུན་ཤེས་བློ་ དག་དང་། །སྨྲ་མཁས་ཐོས་པ་འཛིན་པ་དང་། །རོ་ལངས་གྲུབ་དང་མངོན་ཕྱོགས་དང་། །གནོད་སྦྱིན་མོ་ལ་སོགས་གྲུབ་དང་། །ས་སྟེངས་རྒྱལ་སྲིད་ཡིད་བཞིན་ནོར། །གཏེར་ཆེན་དག་ནི་མཉེས་པ་སྟེ། །དེ་དག་ལ་སོགས་བསྟན་པ་རྣམས། ། རིག་སྔགས་དངོས་གྲུབ་རབ་ཡིན་ནོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཕུག་གི་དངོས་གྲུབ་བཅུད་ཀྱི་ལེན། །མངག་གཞུག་ལྷ་མིན་དངོས་གྲུབ་དང་། །ཤ་ཟ་ས་ལ་བྷཉྫི་ཀ །མང་དུ་ཐོས་པའི་ཤེས་ཐོབ་དང་། །རྐང་མགྱོགས་ པ་ཡི་དངོས་གྲུབ་དང་། །དེ་དག་ལ་སོགས་དངོས་གྲུབ་རྣམས། །འབྲིང་པོའི་ནང་ནས་རབ་ཏུ་བསྟན། །འགྲོ་བ་ཐམས་ཅད་དགའ་བ་དང་། །འཇིག་རྟེན་པ་རྣམས་དབང་བསྐུར་དང་། །དྲག་ཤུལ་སྤྱོད་པའི་ཆོ་ག་ནི། །བསྐྲད་པ་ལ་ སོགས་ཐམས་ཅད་དང་། །གང་གཞན་ཅུང་ཟད་ཕལ་ཀྱི་རྣམས། །མཁས་པས་ཐ་མར་རིག་པར་བྱ། །རྫས་འབར་བ་ལས་རབ་ཏུ་འགྱུར། །དུ་བ་ཉིད་ལས་འབྲིང་དུ་འགྱུར། །དྲོད་ལས་དངོས་གྲུབ་ཐ་མར་འགྱུར། ། 101-1-267a དེ་ལྟར་དངོས་གྲུབ་རྣམ་གསུམ་པོ། །འཕགས་གསུངས་གསང་སྔགས་མཐུ་ཆེན་གྱིས། །དངོས་གྲུབ་རབ་ནི་འགྲུབ་པར་གྲགས། །ལྷ་ཡི་སྔགས་ཀྱིས་འབྲིང་པོ་གྲུབ། །ས་བླས་ཐ་མ་འགྲུབ་པར་གསུངས། །དེ་བཞིན་ གཤེགས་པའི་རིག་པ་ཡི། །སྔགས་ཀྱིས་དངོས་གྲུབ་ཆེན་པོ་འཐོབ། །པད་མ་འཛིན་པས་གསང་སྔགས་ཀྱིས། །དངོས་གྲུབ་འབྲིང་པོ་ཐོབ་པར་བཤད། །རྡོ་རྗེ་འཛིན་པས་གསུངས་པ་ཡིས། །དངོས་གྲུབ་ཐ་མ་འགྲུབ་པར་བསྒྲགས། ། རབ་ཀྱི་ཐ་མ་གང་ཡིན་པ། །དེ་དང་ཐ་མའི་རབ་མི་མཉམ། །དངོས་གྲུབ་ལྷག་མ་གཉིས་པ་ཡང་། །ཆོ་གའི་རིམ་པ་དེ་ཉིད་དོ། །འབྲས་བུའི་ཡོན་ཏན་བསྟན་པ་ཡི། །ཆེ་བའི་བྱེ་བྲག་རྣམ་གསུམ་ལས། །རབ་དང་འབྲིང་དང་ཐ་མ་ཡི། ། བྱེ་བྲག་དེ་དག་རབ་ཏུ་བསྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །གསུངས་པའི་གསང་སྔགས་གང་ཡིན་པ། །དེ་ལས་དངོས་གྲུབ་རབ་འབྱུང་བ། །ཐ་མ་དག་ལ་ཡོད་པར་འགྱུར། །རྒྱས་པར་གསུངས་པའི་ གསང་སྔགས་ལས། །ཁ་ཅིག་ལས་གཅིག་བྱེད་པའང་ཡོད། །དེ་དག་གི་ནི་ལས་དེ་ཡང་། །རབ་དང་འབྲིང་དང་ཐ་མར་བཤད། །ཁ་ཅིག་དེ་ལྟར་རིམ་མེད་པར། །དངོས་གྲུབ་རྣམས་ནི་འབྱུང་འགྱུར་ཏེ། །འདམ་ལས་པད་ མ་སྐྱེ་བ་དང་། །ཙན་དན་ཤིང་ལས་མེ་འབྱུང་བཞིན། །རབ་དང་འབྲིང་དང་ཐ་མ་ལ། །ལུས་ཀྱི་དངོས་གྲུབ་རབ་ཡིན་ནོ། །རྫས་ལས་གྲུབ་པ་འབྲིང་ཡིན་ཏེ། །ལོངས་སྤྱོད་དངོས་གྲུབ་ཐ་མའོ། །ཐ་མའི་གསང་སྔགས་ ཟློས་པ་ནི། །ལ་ལས་རབ་ཏུ་བསྙེན་བྱས་ན། །དངོས་གྲུབ་གཞན་ལས་བླངས་ནས་ནི། །མཆོག་ཀྱང་རབ་ཏུ་སྟེར་བར་འགྱུར། །རབ་ལའང་ལ་ལ་ཞིག་གིས་ནི། །མ་བསྒྲིམས་པར་ཡང་བསྙེན་བྱས་ན། །སྔགས་ཀྱི་དངོས་ གྲུབ་ཐ་མ་སྩོལ། །དེ་བས་བསྙེན་པ་རབ་ཏུ་གཅེས། །ལྷ་རྣམས་ལ་ཡང་དབུལ་པོ་ཡོད། །ཡི་དགས་ལ་ཡང་མཐུ་ཆེན་ཡོད། །དེ་བཞིན་དངོས་གྲུབ་དག་ལ་ཡང་། །རྣམ་པ་སྣ་ཚོགས་ཡོད་པར་འགྱུར། །རབ་འབྲིང་ཐ་མ་ 101-1-267b རེ་རེ་ལའང་། །དངོས་གྲུབ་རྣམ་པ་གསུམ་དུ་དབྱེ། །གསང་སྔགས་རྣམས་ཀྱི་མཐུ་ཤེས་ནས། །བསྙེན་པ་ལས་ནི་དངོས་གྲུབ་བརྩམ། །དངོས་གྲུབ་དབྱེ་བའི་མཚན་ཉིད་རིམ་པར་ཕྱེ་བའོ།། །། ཟློས་པས་དང་པོ་ལྷ་ཁང་དུ། ། ཞུགས་ཏེ་མཉམ་པར་གཞག་ནས་ནི། །ལྷ་ལ་མངོན་དུ་ཕྱོགས་འདུག་སྟེ། །ཐལ་མོ་སྦྱར་བས་ཕྱག་འཚལ་ནས། །རྗེས་སུ་མཐུན་པའི་མེ་ཏོག་དང་། །སྤོས་ཀྱི་ཆུ་ནི་གཙང་མ་ཡིས། །མཆོད་ཡོན་གོ་རིམ་བཞིན་བཤམས་ནས། ། བདུག་སྤོས་ཀྱིས་ཀྱང་རབ་བདུགས་ཏེ། །ལན་བདུན་བཟླས་ནས་མཆོད་ཡོན་དེས། །ལྷ་རྣམས་དག་ནི་སྤྱན་དྲང་ངོ་། །གསང་སྔགས་སྤྱན་ནི་དྲངས་ནས་ཀྱང་། །དེ་ཡི་འོག་ཏུ་མཆོད་པ་བྱ། །གསེར་དང་དངུལ་དང་ཟངས་མ་དང་། །རྡོ་བ་ དང་ནི་ཤིང་གི་འམ། །ཁམ་པའམ་དུང་ངམ་ཉ་ཕྱིས་སམ། །དེ་བཞིན་ལོ་མ་སྐྱོངས་པའང་རུང་། །ཞི་དང་རྒྱས་དང་དྲག་སྤྱོད་དང་། །རབ་དང་འབྲིང་དང་ཐ་མ་ཡི། །ལས་དང་དངོས་གྲུབ་རྣམས་ལ་ནི། །རིགས་པའི་སྣོད་རྣམས་སྦྱར་བར་ བྱ། །ཁ་དོག་ཡོན་ཏན་བཤད་པ་ལས། །གཞན་དང་གཞན་ཡང་ཅི་རིགས་པའི། །སྣོད་རྣམས་ཅི་ལྟར་འདོད་པ་ནི། །འདོད་ཡོན་ཕྱིར་ནི་རབ་ཏུ་སྦྱར། །ཞི་བའི་མཆོད་ཡོན་ནས་དང་བཅས། །ཏིལ་དང་བཅས་པ་རྒྱས་པ་ལ། །ཐམས་ཅད་ དང་ནི་འགལ་བའི་ཕྱིར། །ཀོ་ཏྲ་པར་བཅས་དྲག་སྤྱོད་ལ། །ཞི་བའི་མཆོད་ཡོན་འོ་མ་ཅན། །རྒྱས་པ་ལ་ནི་ཞོ་ཅན་ནོ། །བ་ཡི་གཅིན་ནམ་ཡང་ན་ཁྲག །དྲག་ཤུལ་སྤྱོད་པའི་དོན་དུ་ཤིས། །རབ་དང་འབྲིང་དང་ཐ་མ་ཡི། །ལས་རྣམས་ཀུན་ ལ་འབྲས་ཡོས་ཤིས། །སྤོས་དང་མེ་ཏོག་ཀུ་ཤ་ཏིལ། །ཆུ་རྣམས་བྱེ་བྲག་མེད་པར་བཟང་། །མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །འདི་མ་འབྱོར་གྱིས་བདག་ལ་ནི། །བཟོད་མཛོད་ཅི་འབྱོར་བས་ ཀྱང་བྱ། །སྔགས་རྒྱུད་ལས་གསུངས་ཐམས་ཅད་ཀྱང་། །རིག་པའི་རྒྱལ་པོས་རིམ་བཞིན་དུ། །སྤྱན་དྲང་ཆོ་ག་བྱ་བར་བཤད། །ཡང་ན་གང་རྗེས་གང་འབྲང་པའི། །སྔགས་རྒྱུད་བདག་པོ་གང་ཡིན་དང་། །རིག་སྔགས་རྒྱལ་མོ་གང་ཡིན་པ། ། 101-1-268a དེ་གཉིས་ཀྱིས་ནི་ཡོངས་བཟླས་ན། །དེ་ནས་དེ་ཡིས་མངོན་པར་བསྔགས། །རིགས་གསུམ་ལ་ཡང་དེ་བཞིན་དུ། །ཐམས་ཅད་སྤྱན་ནི་དྲང་བར་བྱ། །གང་དག་རང་རྒྱུད་ལས་གསུངས་པ། །དེ་དག་ལ་ནི་དེ་ཉིད་བཤད། །བཞུད་ཅིག་ ཞེས་ནི་བདག་པོའི་བཀའ། །ཟློས་བས་རབ་ཏུ་བསྒྲགས་ནས་བཞུད། །སྤྱན་ཡང་དྲངས་མ་ཐག་ཏུ་ནི། །གསང་སྔགས་དགྱེས་ནས་འབྱོན་པར་འགྱུར། །ལ་ལ་ཆོ་ག་གང་ཡིན་ལས། །སྤྱན་དྲངས་སླར་གཤེགས་བཤད་པ་དག །དེ་དག་གསོལ་ བའི་ལས་བྱས་ནས། །རབ་ཏུ་དགྱེས་ནས་དེ་བཞིན་མཛད། །རིག་སྔགས་རྒྱལ་མོས་རིག་སྔགས་རྣམས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །རིག་སྔགས་རྒྱལ་པོས་གསང་སྔགས་རྣམས། །གཞན་རྣམས་ལ་ནི་གཉིས་ཀས་སོ། །ལན་གཅིག་ བཟླས་སམ་ལན་གསུམ་བཟླས། །ཡང་ན་ལན་བདུན་མངོན་པར་བསྔགས། །གསང་སྔགས་བྱེ་བྲག་རྣམས་ཤེས་ནས། །ཉི་ཤུ་རྩ་གཅིག་ཏུ་ཡང་བཟླས། །མཆོད་ཡོན་ཆོ་ག་བཞིན་བཟླས་ནས། །བདུག་སྤོས་དག་གིས་རབ་ཏུ་བདུག །གུས་ པས་པུས་མོ་གཉིས་བཙུགས་ནས། །ལས་བྱེད་བཅས་པའི་ལག་པས་དབུལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་དེ་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་ མཛོད། །གསང་སྔགས་གང་དག་གཅིག་པུ་ལ། །དྲག་ཅིང་གཏུམ་ལ་ཕ་རོལ་གནོན། །དེ་ནི་རང་གི་སྔགས་ཉིད་ཀྱིས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །གང་ཡང་ཕལ་པ་ཁ་ཅིག་དང་། །གང་ཡང་འཁོར་དུ་གྱུར་པ་དག །དེ་དག་རང་གི་སྔགས་ཉིད་ཀྱིས། ། སྤྱན་དྲང་ཆོ་ག་བྱ་བར་བཤད། །རིག་སྔགས་རྒྱལ་དང་གསང་སྔགས་རྣམས། །མདོར་ན་སོ་སོའི་གསང་སྔགས་སམ། །ཐམས་ཅད་ལ་ཡང་སྙིང་པོ་ཡིས། །སྤྱན་དྲང་བ་ནི་མཆོག་ཏུ་བཤད། །མདོར་ན་མཁས་པས་མཆོད་ཡོན་དང་། །སྤྱི་ཡི་ རིགས་ཀྱི་སྙིང་པོ་ཡིས། །ཚུར་གཤེགས་ཞེས་ནི་སྤྱན་དྲང་བ། །འདི་ནི་གསང་བར་རབ་ཏུ་བསྒྲགས། །རབ་ཏུ་དད་པས་ཕྱག་བྱ་སྟེ། །གསོལ་བ་ཡང་དང་ཡང་བྱས་ནས། །གསང་སྔགས་རྣམས་དང་རིག་སྔགས་དག །མཁས་པས་གུས་པས་སྤྱན་དྲང་ངོ་། ། 101-1-268b ཟློས་པས་མཉམ་གཞག་ལག་པ་གཉིས། །སྤྱི་བོར་བཞག་པའི་མཆོད་ཡོན་དག །གསང་སྔགས་མཆོག་ལ་ཕུལ་ན་ནི། །འོན་ཏང་སྤྱན་ནི་དྲང་བར་འགྱུར། །བར་མ་དག་ལ་བྲང་ཁ་ནས། །ཕལ་པ་རྣམས་ལ་ལྟེ་བ་ནས། །མཆོད་ཡོན་ཚུལ་བཞིན་ བཟླས་དབུལ་བ། །སྤྱན་དྲང་ཆོ་ག་རིག་པར་བྱ། །མཆོད་ཡོན་སྔགས་ཀྱི་བཟླས་པ་ཡིས། །རི་མོའམ་ཡང་ན་གཟུགས་དག་ལ། །གསང་སྔགས་གང་དག་འགྲེང་སྣང་བ། །དེ་ལ་འགྲེང་སྟེ་སྤྱན་དྲང་བ། །འདུག་པ་ལ་ནི་འདུག་ནས་སོ། །བཟུར་ བ་ལ་ནི་བཟུར་ནས་སོ། །སྤྱན་དྲང་ཕྱིར་ནི་མཆོད་ཡོན་དག །ཆོ་ག་བཞིན་དུ་དབུལ་བར་བགྱི། །གསང་སྔགས་ལ་ལའི་གནས་དག་ནི། །གང་དང་གང་གི་ཕྱོགས་ཡིན་པ། །ཕྱོགས་དེར་ཐོག་མར་བལྟས་ནས་ནི། །མཆོད་ཡོན་བཟླས་ཏེ་དེར་ཕྱོགས་ ལ། །ལས་དེ་ཕྱོགས་སུ་བལྟས་ནས་ནི། །དེ་ནས་མཆོད་ཡོན་དབུལ་བར་བྱ། །འདི་ནི་སྤྱན་དྲང་ཆོ་ག་གཞན། །གསང་བའི་དམ་པ་བཤད་པ་ཡིན། །ཐལ་སྦྱར་མཆོད་ཡོན་མེ་ཏོག་དང་། །ཡིད་ཀྱིས་སམ་ནི་ཆུས་ཀྱང་རུང་། །མཁས་པས་སྤྱན་དྲང་ཆོ་ ག་ནི། །གང་དུའང་རུང་བར་མདུན་དུ་བྱས། །གསང་སྔགས་ཀུན་གྱི་ཆོ་ག་འདིར། །སྔགས་དང་ཕྱག་རྒྱར་ལྡན་བ་ཡིས། །སྤྱན་དྲང་ཆོ་གར་གསུངས་པ་དག །འདི་ནི་ཀུན་གྱི་སྤྱི་ཡིན་ནོ། །སྒྲུབ་པོས་སྔོན་དུ་བསྙེན་པ་དང་། །མཆོད་པ་ལ་སོགས་ལས་རྣམས་ དང་། །ལས་ཀྱི་ཆོ་ག་བྱེད་པས་ན། །སྤྱན་དྲང་བ་ནི་ཡིད་ཀྱིས་བྱ། །ཇི་ལྟར་མཐུན་པའི་ཆོ་ག་བཞིན། །སྤྱན་དྲང་ཆོ་ག་བཤད་པ་ནི། །ཐམས་ཅད་དོན་བྱེད་ཕྱིར་གསུངས་ཏེ། །ཕྲན་ཚེགས་དག་ལ་ཕལ་གྱིས་བྱ། །ཟློས་བས་སྤྱན་ནི་དྲངས་ནས་ ཀྱང་། །ཆོ་ག་བཞིན་དུ་མཉེས་བྱས་ནས། །གསང་སྔགས་ཀྱི་ནི་ལྷ་རྣམས་ཀྱང་། །ཕན་འདོགས་ལ་སོགས་ཐམས་ཅད་མཛད། །སྤྱན་དྲང་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། སྒྲུབ་པ་པོས་ནི་ལས་ཀུན་ལ། ། ལྷ་རྣམས་སྤྱན་དྲངས་བྱས་ནས་ནི། །གསང་སྔགས་རིམ་པར་ཕྱེ་བ་བཞིན། །ཆོ་ག་ཤེས་བས་མཆོད་པ་བརྩམ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། ། 101-1-269a བདག་གི་མཆོད་པ་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་གུས་དང་ལྡན་ནོ་ཞེས། །ལྷ་ལ་ཡང་དང་ཡང་གསོལ་ནས། །གསང་སྔགས་སྒྲུབ་པས་དུས་གསུམ་དུ། ། ཆོ་ག་འདིས་ནི་མཆོད་པ་བྱ། །སྔོན་གྱི་སྔགས་རྒྱུད་ལུང་གིས་ནི། །ཐོག་མར་དྲི་རྣམས་དབུལ་བར་བྱ། །དེ་ནས་མེ་ཏོག་རྗེས་མཐུན་པ། །དེ་ནས་བདུག་སྤོས་རབ་ཏུ་བསྒྲགས། །དེ་ནས་ལྷ་བཤོས་རྗེས་མཐུན་པའོ། །མར་མེ་ཐ་ མར་རབ་ཏུ་སྦྱར། །ཁྲོ་བོའི་རྒྱལ་པོས་བསངས་པའི་རྫས། །གཙང་ཞིང་ངན་པ་མ་ཡིན་པ། །རྗེས་སུ་མཐུན་ཞིང་ཡོན་ཏན་ཅན། །བློ་དང་ལྡན་བས་གུས་པས་དབུལ། །སོ་སོ་ཡི་ནི་གསང་སྔགས་ཀྱིས། །རེ་རེ་ལ་ཡང་ མངོན་བསྔགས་ནས། །མཆོད་པའི་ཡན་ལག་ཅི་དགར་དབུལ། །སོ་སོ་སོ་སོར་མཆོད་ཡོན་དབུལ། །ཆེ་གེ་མོ་འདི་བཞེས་ཤིག་ཅེས། །རྫས་ཀྱི་མིང་ནས་ཕྱུང་སྟེ་དབུལ། །མ་འབྱོར་ན་ཡང་གཟུགས་བརྙན་རྣམས། ། བྱས་ནས་མཆོད་ཡོན་དབུལ་བར་བྱ། །གུས་དང་མཆོད་ཡོན་ཕུལ་བ་ཡིས། །ཆོ་ག་ཐམས་ཅད་རྫོགས་པར་འགྱུར། །ཐལ་སྦྱར་མཆོད་ཡོན་བློ་མཆོད་དང་། །ཆོ་གའི་ཡན་ལག་ཉིད་དང་གཞིའོ། །མཆོད་པའི་ཆོ་ག་ཐམས་ ཅད་ལ། །ཇི་ལྟར་རིགས་པར་སྦྱར་བར་བྱ། །རྣམ་པ་ཀུན་ལས་མཁས་པ་ནི། །རྟག་ཏུ་ཅི་ནུས་པས་ཀྱང་རུང་། །ཆོས་ཀྱི་ཐོག་མར་ཡིད་འགྲོ་ཞེས། །ཐུབ་པ་ཆེན་པོས་བཀའ་སྩལ་པས། །ཡིད་ཀྱི་མཆོད་པ་ཁྱད་བར་ཅན། ། ལེགས་པ་ཉིད་དུ་བརྩམ་བར་བྱ། །མཆོད་པའི་རིམ་པ་ཕྱེ་བའོ།། །། ཡིད་ནི་རབ་ཏུ་མཉམ་གཞག་ནས། །ཆོ་ག་ལྷག་མ་བྱ་བར་བཤད། །སྒྲུབ་པ་པོས་ནི་ཐོག་མ་རུ། །ཁྲོ་བོའི་རྒྱལ་པོས་བསྐྲད་པར་བྱ། །ཡང་ན་ རིག་སྔགས་སོ་སོ་ཡི། །ལས་ཀུན་བྱེད་པའི་རིག་སྔགས་ཀྱིས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ་བནྡྷ་བནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏི་ཧཱུྃ་ཕཊ་སྭཱ་ཧཱ། 101-1-269b ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་མ་ཧཱ་ཤྲི་ཡཱ་ཡཻ། ༀ་ཤ་མེ་ས་མ་ཡེ་སཽ་མེ་སིདྷི་སིདྡྷི་སཱ་དྷ་ཡ་ཤི་བེ་ཤི་བཾ་ཀ་རི། ཨ་པ་ཧ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། རིགས་གསུམ་གྱི་ལས་ཐམས་ཅད་བྱེད་པའི་གསང་སྔགས་སོ། །ཁྲོ་བོའི་གསང་སྔགས་ རྒྱར་བཅས་པས། །མེ་ཏོག་ལ་སོགས་རྣམ་པར་བསང་། །ལག་པ་གཡོན་པར་བཞག་པའི་ཆུས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །བདག་པོའི་སྔགས་ཀྱིས་བྱ་བ་འམ། །ཡང་ན་རིགས་ཀྱི་སྙིང་པོས་བྱ། །མདོར་ན་གསང་ སྔགས་ཐམས་ཅད་ཀྱང་། །ཕྱག་རྒྱར་བཅས་པས་བསང་བར་བྱ། །བདག་ཉིད་རྣམ་བར་སྦྱང་བའི་ཕྱིར། །སྤོས་ཆུས་ལག་མཐིལ་བླུགས་པ་ལ། །བལྟ་ཞིང་དེ་ཡི་སྙིང་པོ་བཟླས། །རང་གི་སྤྱི་བོར་བསང་གཏོར་བྱ། །སྟན་ཡང་ རྣམ་པར་སྦྱང་བའི་ཕྱིར། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ཁྲོ་བོའི་རྒྱལ་པོ་ཡིས། །སྤོས་ཀྱི་ཆུས་ནི་བསང་གཏོར་བྱ། །ལན་བདུན་བཟླས་བརྗོད་བྱས་པའི་ཆུས། །ས་ཕྱོགས་ཀུན་ཏུ་བསང་གཏོར་བྱ། །བསང་བ་དང་ནི་སྦྱང་ བ་དག །གསང་སྔགས་འདིས་ནི་བྱས་པར་འགྱུར། །ༀ་ཀཱི་ལི་ཀཱི་ལ། བཛྲཱི་བཛྲཱི་བྷུར་བནྡྷ་བནྡྷ་ཧཱུྃ་ཕཊ། དེ་ནས་སྟེང་དུ་བློ་ཅན་གྱིས། །རིག་པའི་རྒྱལ་པོ་འདི་འདོན་ཅིང་། །བདུག་པས་ལྷ་རྣམས་བསང་བ་དང་། །བཅིང་བ་དང་ནི་སྦྱང་བར་བྱ། ། ༀ་སུ་སིདྡྷི། ཀ་ར་ཛྭ་ལ་ཧི་ཨ་ནནྟ་མཱུརྟ་ཡེ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཐམས་ཅད་སྤྱི་ཡིའོ། །ༀ་ཛྭ་ལ་ཧཱུྃ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་པདྨ་ནི་བྷ་ག་བ་ཏི། མོ་ཧ་ཡ། ཛ་གད་མོ་ཧ་ནི་སྭཱ་ཧཱ། པད་མའི་རིགས་ ལའོ། །དེ་ནས་བློ་དང་ལྡན་བ་ཡིས། །རིགས་ཀྱི་སྙིང་པོ་ཡོངས་བཟླས་པ་ཡི། །སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ། །ཐམས་ཅད་དུ་ནི་ཕྱོགས་བཅིང་བའོ། །རིག་སྔགས་རྒྱལ་པོའི་སྙིང་པོ་འམ། །བདག་གི་རིག་སྔགས་རྒྱལ་པོ་འམ། །རང་གི་ གསང་སྔགས་མངག་གཞུག་པས། །ཕྱོགས་བཅིང་བ་ནི་གུས་པར་བྱ། །བྷཱུྃ་ༀ་ཨ་མྲྀ་ཏོདྦྷ་བོདྡྷ་བ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲཱིཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ 101-1-270a ཧོ་བྷ་ག་བན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། རིགས་གསུམ་གྱི་རིག་པའི་རྒྱལ་པོའི་སྔགས་སོ། །དེ་དག་ཉིད་ཀྱི་སྙིང་པོ་ཡིས། །ར་བ་རྣམས་ཀྱང་རབ་ཏུ་སྦྱར། །རིགས་ཀྱི་རིག་སྔགས་རྣམས་ཀྱིས་ནི། །ལྷ་རྣམས་ཡོངས་སུ་བསྲུང་བར་བྱ། ། ལས་རྣམས་ཀུན་ལ་ཐམས་ཅད་དུ། །བགེགས་ལ་སོགས་པ་བསལ་བ་ལས། །རྣམ་པར་རྟོག་པའི་ཆོ་ག་ཡིས། །བདུད་རྩི་ཐབ་སྦྱོར་རབ་ཏུ་སྦྱར། །ཁང་པའི་ཁོ་ར་ཁོར་ཡུག་ཏུ། །དྲ་བ་ར་བ་ཕུར་བུ་དག །ཀཱི་ལི་ཀཱི་ལ་བདུད་རྩི་ཞེས། །ཁྲོ་བོ་ གཉིས་ནི་རྟག་ཏུ་སྦྱར། །བསྲུང་བའི་གསང་སྔགས་ཐ་དད་པ། །ཆོ་ག་ལས་བསྟན་གང་ཡིན་པ། །དེ་ཉིད་འདིར་ནི་སྦྱར་བར་བྱ། །ཡང་ན་གང་ལ་དད་པའང་རུང་། །བཅོམ་ལྡན་སྤྱན་ནི་གང་ཡིན་དང་། །གོས་དཀར་ཅན་མ་གང་ཡིན་དང་། །རིག་ སྔགས་མཱ་མ་ཀཱི་གང་ཡིན། །དེ་དག་ཐོག་མར་ཡོངས་སུ་བཟླས། །དེས་ནི་བདག་དང་ལྷ་ཡང་བསྲུང་། །སྡིག་པ་ཐམས་ཅད་བྱང་བར་འགྱུར། །བགེགས་རྣམས་རྨས་ཡང་འབེབས་པ་དང་། །བསམས་པའི་འབྲས་བུ་མངོན་དུ་འགྱུར། ། རིག་སྔགས་མཱ་མ་ཀཱི་གཅིག་པུ། །རྒྱལ་དང་པད་མའི་རིགས་ལ་ཡང་། །བློ་ཅན་བདག་གི་གཟུངས་སུ་འདོད། །ཐམས་ཅད་ལ་ཡང་རབ་ཏུ་སྦྱར། །ཆོ་ག་ལས་བཤད་གསང་སྔགས་ཀྱིས། །བསྲུང་བའི་ལས་རྣམས་བརྩམ་དུའང་རུང་། ། ཡང་ན་དཔའ་བོ་གཅིག་པུ་ཡིས། །ཐམས་ཅད་ཆོ་ག་བཞིན་དུ་བྱ། །དེ་ལྟར་གསང་སྔགས་ཐམས་ཅད་ནི། །དཀྱིལ་འཁོར་ལས་བཤད་ཆོ་ག་བཞིན། །བསྙེན་བའི་ཚེ་ཡང་ཟློས་པ་པོས། །མ་ལུས་པ་ལས་ཤེས་པར་བྱ། །གང་ཡང་ རིགས་བདག་གསང་སྔགས་སམ། །རིགས་ཀྱི་སྙིང་པོ་གང་ཡིན་པའམ། །གསང་སྔགས་ཀུན་གྱི་རྒྱལ་པོའམ། །གང་ཡང་སྔགས་རྒྱུད་རྒྱལ་པོ་འམ། །ལས་ཀུན་བྱེད་པའི་གསང་སྔགས་ནི། །གསུམ་ཀ་ལ་ཡང་དེ་དག་གིས། ། རང་རིགས་ལས་ལ་བྱེ་བྲག་ཏུ། །ཟློས་པ་པོས་ནི་བྱ་བར་རིགས། །བསྲུང་དང་སྤྱན་དྲང་སྦྱང་བ་དང་། །བཅིང་དང་ཕྱིར་བཟློག་མནན་པ་དང་། །དགང་དང་གཞིལ་བར་བྱ་བ་དང་། །ཚར་བཅད་པ་དང་བསྐུལ་བ་དང་། །དེ་ལ་སོགས་པའི་ལས་རྣམས་ཀུན། །རིགས་གསུམ་ 101-1-270b དག་ནི་ཐམས་ཅད་དང་། །དངོས་གྲུབ་དག་ལ་དེ་དག་གིས། །བསྒྲུབ་པ་པོས་ནི་ཐམས་ཅད་བྱ། །བདག་གི་གསང་སྔགས་བདག་ཉིད་ཀྱང་། །སྙིང་པོ་དེ་དག་ཉིད་ཀྱིས་བསྲུང་། །གཙུག་ཕུད་གོས་དང་བསང་བྱེད་ལ། །མདུད་པ་བོར་ཏེ་བདུན་གསུམ་བཟླས། ། སྙིང་ཀར་མཐེ་བོ་རྩེ་བཙུགས་ཏེ། །བདག་ཉིད་བསྲུང་བའི་ཕྱིར་བཟླས་སོ། །ཡང་ན་ཐལ་བའམ་ཡུངས་ཀར་ཆུས། །བདག་ཉིད་བསྲུང་བར་སྤྱད་པར་བྱ། །དྲག་པོ་ཡི་ནི་ལས་རྣམས་ལ། །བདག་པོའི་སྔགས་ཀྱིས་བསྲུང་བ་བྱ། །སྒྲུབས་པ་པོས་ ནི་ཞི་བ་ལའང་། །གསང་སྔགས་དྲག་པོས་ནན་ཏན་བྱ། །ལྷ་རྣམས་བྱིན་གྱིས་རློབ་པ་ཡང་། །བདག་གི་སྔགས་ཀྱིས་མཛད་པར་འགྱུར། །བདག་གི་སྔགས་ལ་འཇིགས་དོགས་ན། །བསྲུང་བ་བདག་པོས་བྱ་བར་བཤད། །སྒྲུབ་པ་པོ་ནི་བློ་ཅན་ གྱིས། །གཉིས་ཀར་རྟག་པར་ལས་རྣམས་ལ། །བདག་ཉིད་བསྲུང་བའི་ཆོ་ག་དག །གཙང་མས་ལྷག་པར་ལེགས་པར་བྱ། །ལྷ་ཡི་ཁང་པའི་ཕྱི་རོལ་དུ། །གཅིག་པུ་ཅི་དགར་སྤྱོད་པ་ན། །ལྷ་རྣམས་ཡོངས་སུ་བསྲུང་བའི་ཕྱིར། །བདག་ ཉིད་བཞིན་དུ་ཀུན་དུ་སྤྱད། །ཕྱི་རོལ་ཆགས་ལ་སོགས་པ་དང་། །ནམ་ཡང་གང་དག་མི་གཙང་བར། །ཁྲོ་བོ་འཆོལ་པའི་གསང་སྔགས་ཀྱིས། །དེ་ཚེ་བསྲུང་བར་བྱ་བར་བཤད། །ན་མོ་བཛྲཱ་ཡ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཡ་ ཨུ་ཙྪུཤྨ་ཀྲོ་དྷ་ཧཱུྃ་ཕཊ། ཁྲུས་བྱེད་ཚེ་ན་བགེགས་ཀྱི་དགྲས། །བསྲུང་བ་རྟག་ཏུ་བྱ་བར་བཤད། །ཟན་ཟའི་ཚེ་ན་བདག་པོས་བསྲུང་། །ཉལ་ཚེ་རིགས་ཀྱི་རིག་སྔགས་ཀྱིས། །རིགས་གསུམ་ལ་ཡང་རྟག་པར་ནི། །བགེགས་རྣམས་ཀུན་གྱིས་ གླགས་གྱུར་ལ། །རིག་སྔགས་རྒྱལ་པོ་ཞེས་བྱ་བ། །དེས་ནི་བསྲུང་བ་བྱ་བར་བཤད། །བསྲུང་བའི་རིམ་པར་ཕྱེ་བའོ།། །། ༀ་ཨེ་ཀ་ཛྭ་ལ་བཛྲ་པཱ་ཎི་ཧཱུྃ། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལ་སོགས་པ་མ་ལུས་པ། ། དེ་ལྟར་བསྲུང་བ་བྱས་ནས་ནི། །བདག་གི་ཡིད་ནི་མཉམ་གཞག་སྟེ། །བཟླས་བརྗོད་བྱ་བ་ཀུན་ཏུ་བརྩམ། །ཀུ་ཤ་སྔོན་པོའི་རྩྭ་སྟན་ནི། །འཕང་དུ་སོར་བཞི་ཡོད་པ་ལ། །མཉམ་ཞིང་ཞེང་དུ་མཐོ་གང་བ། །སྲིད་དུ་སོར་ནི་བཅུ་ 101-1-271a དྲུག་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་ཚེ། །དེ་དག་ཐམས་ཅད་བྱ་བར་གསུངས། །དེ་དག་མ་འབྱོར་ཀུ་ཤའི་རྩྭའམ། །ཡང་ན་འཇག་མ་སྔོན་པོའང་རུང་། །ལས་ཀྱི་བྱེ་བྲག་ཇི་ལྟ་བར། །ཤིང་ལས་བྱས་པའི་སྟན་ཡང་རུང་། ། དེ་ཡི་ཚད་དུ་ལེགས་བཞོགས་པའི། །ཤིང་གི་ཁྲིའུ་འང་རབ་ཏུ་ཤིས། །འདབ་མ་གཙང་མ་དེ་དང་དེ། །ཁྱད་པར་དུ་ནི་ལས་ཀུན་ལ། །མན་ངག་བསྟན་པ་དེ་ཡིས་ནི། །ལོ་མའི་སྟན་ཡང་བཤད་པ་ཡིན། །མཆོག་ལ་སོགས་པའི་བྱེ་བྲག་གིས། ། སྤྱི་ཡི་ལས་རྣམས་ཐམས་ཅད་དང་། །སྐྱིལ་དཀྲུང་བཀྲ་ཤིས་བཟང་པོ་སྟེ། །དེ་དག་འདུག་ཐབས་གསུམ་ཡིན་ནོ། །མཁས་པས་དེར་ཡང་འདུག་ནས་ནི། །མཆོད་པའི་ཆོ་ག་ལེགས་བྱས་ནས། །བློ་ཡིས་གུས་པ་རབ་བསྐྱེད་དེ། །བཅོམ་ལྡན་ དེ་བཞིན་གཤེགས་པ་བསྟོད། །དེ་ནས་ཆོས་དང་དགེ་འདུན་ལ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག །དེ་ནས་རིག་པའི་རྒྱལ་པོ་ཆེ། །རྡོ་རྗེ་འཆང་བ་བསྟོད་པར་བྱ། །མགོན་པོ་ཐུགས་རྗེ་ཆེ་ལྡན་བ། །ཐམས་ཅད་མཁྱེན་པ་སྟོན་ པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་འགྱུར། །དགེ་བས་ངན་སོང་ལས་གྲོལ་བ། །ཅིག་ཏུ་དོན་དམ་མཆོག་གྱུར་བ། །ཞི་གྱུར་ཆོས་ལ་ཕྱག་ འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། ། སྤྱན་རས་གཟིགས་ཤེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་དག །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ལྟར་གུས་ པར་ཐལ་སྦྱར་ནས། །རྒྱལ་སྲས་གཞན་ཡང་བསྟོད་བ་ནི། །བྱང་ཆུབ་སེམས་དཔའི་གཞུང་གིས་བསྟོད། །དེ་ནས་སྡིག་བ་སོ་སོར་བཤགས། །འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་ 101-1-271b དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་གང་བགྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གིས་ འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལ་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པ་ འི་ལས་རྣམས་གང་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་པ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་ པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པའི་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་ རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོང་མི་བགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པར་ཡང་དག་ སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩི་འབྲས་བུ་སྦྱིན། ། ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། ། སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག ། 101-1-272a བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །སྡུག་བསྔལ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་ པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་བ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་ གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་ཏུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱམས་བ་ཉེ་བར་གནས་བར་བྱ། ། སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡིས། །བསམ་པ་གཅིག་ཏུ་བསྒོམ་བར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། ། བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་གཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་བར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །དེ་ནས་ཐལ་མོ་མཉམ་སྦྱར་ནས། །བླ་མ་ལ་ནི་ཕྱག་འཚལ་ ནས། །རིག་སྔགས་རྒྱལ་བོ་དྲན་བྱས་ཏེ། །མཁས་པས་ཆོ་ག་འདི་དག་བྱ། །སྔགས་ཀྱི་ནོར་བུ་བླངས་ནས་ནི། །ལག་པའི་སྙིམ་བར་བཅུག་ནས་སུ། །རིག་སྔགས་རྒྱལ་བོ་ལན་ཅིག་བསམ། །དེ་ནས་གསང་སྔགས་འདི་བཟླས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། 101-1-272b ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་ཀི་རི་ཀི་རི་རཽ་དྲྀ་ནི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨདྡྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷ་ར་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་བ་ལོ་ཀི་ ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ༀ་ཨ་མི་ཏ་ག་མེ། ཤྲི་ཡེ་ཤྲི་ཡ་ནི་ལི་སྭཱ་ཧཱ། པད་མའི་རིགས་ལའོ། །མཐེ་བོང་དང་ནི་སྲིན་ལག་གིས། །ལས་རྣམས་ཀུན་ལ་ནོར་བུ་དང་། །མཁས་པས་དྲག་པོའི་ལས་རྣམས་ལ། །མཛུབ་མོས་དྲང་བར་རབ་ཏུ་ བསྒྲགས། །རྒྱལ་བའི་རིགས་ལ་བོ་དེ་ཚེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པད་མའི་རིགས་ལ་པད་མའི་སྙིང་། །རྡོ་རྗེའི་རིགས་ལ་རུ་དྲཱཀྵ། །རིགས་གསུམ་དག་ནི་ཐམས་ཅད་ལ། །ནོར་བུ་དེ་དག་རབ་ཏུ་བསྒྲགས། །བཟླས་བརྗོད་བྱེད་ པའི་ལས་ཀུན་ལ། །དེ་དག་དགེ་ཞིང་མཆོག་ཏུ་བཤད། །ལུང་ཏང་ཏ་ལའི་འབྲས་བུ་དང་། །དུང་དང་ཁམ་བ་ལས་བྱུང་དང་། །ཤེལ་དང་མུ་ཏིག་བ་སོ་དང་། །དེ་བཞིན་བྱི་རུ་ནོར་བུ་དང་། །ས་བོན་རྣམ་པ་སྣ་ཚོགས་དང་། །ལྦུ་མ་དག་གི་ཕྲེང་བའང་རུང་། །སྔགས་ ཀྱི་ནོར་བུ་དེ་དག་རྣམས། །ཆོ་ག་འདི་ལས་རབ་ཏུ་བསྒྲགས། །རིགས་དང་བྱེ་བྲག་ལ་སོགས་ལས། །གཅེས་ཤིང་ཁ་དོག་ཅི་ལྟ་བར། །མཁས་བས་འདི་ལྟར་རིག་པར་བྱ། །དྲག་ཤུལ་སྤྱོད་ལ་ཁྱད་བར་དུ། །རུས་པ་སྣ་ཚོགས་ཤིས་པ་ཡིན། ། དེ་ནས་གསང་སྔགས་གཞན་གྱིས་ཀྱང་། །དངོས་གྲུབ་འདོད་བས་མངོན་བར་བསྔགས། །གཅིག་ནི་སྦྱང་བའི་གསང་སྔགས་ཏེ། །གཉིས་པ་འགྲུབ་ཕྱིར་ཤེས་པར་བྱ། །ༀ་ན་མོ་བྷ་ག་བ་ཏེ། སིདྡྷེ་སཱ་དྷ་ཡ་སཱ་དྷ་ཡ། སིདྡྷཱཪྠ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། པད་མའི་རིགས་ལའོ། །ༀ་བཛྲ་ཨ་ཙི་ཏཉྫ་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །སྔགས་ཀྱི་ནོར་བུའི་རིག་སྔགས་རྣམས་སོ། །ཕྱག་རྒྱ་སྔགས་ཀྱི་ནོར་བུ་དག ། ཆོ་ག་བཞིན་དུ་བླངས་ནས་ནི། །ནོར་བུ་སྙིང་གར་བཟུང་ནས་སུ། །བཟླས་བརྗོད་རབ་ཏུ་བརྩམ་པར་བྱ། །གུས་པས་དཀོན་མཆོག་གསུམ་པོ་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་ཚོགས་ནི་མཐའ་དག་ལ། །ཕྱག་ 101-1-273a བྱས་དེ་འོག་བཟླས་བརྗོད་བརྩམ། །ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། །རྟོག་པ་ངན་པ་རྣམས་བསལ་ནས། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །ཞི་བ་དང་ནི་རྒྱས་པ་ལ། །ༀ་དང་ བཅས་ཤིང་ཕྱག་དང་བཅས། །ལྷག་པར་ཞི་བའི་སེམས་ཀྱིས་ནི། །བློ་ཡིས་བཟླས་བརྗོད་དལ་བུས་བྱ། །དྲག་ཤུལ་ཅན་གྱི་སེམས་ཀྱིས་ནི། །ཧཱུྃ་དང་བཅས་ཤིང་ཕཊ་དང་བཅས། །བཟླས་བརྗོད་གཞན་གྱིས་ཐོས་བྱ་བ། །དྲག་ཤུལ་སྤྱོད་པ་རབ་ཏུ་ ཤིས། །མཁས་པས་གསང་སྔགས་ཡི་གེ་རྣམས། །བཅྭ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ནི་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་བཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ ཡི་གེ་མང་བ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །རིགས་དང་ལས་དང་གསང་སྔགས་དག །མཁས་པས་ལེགས་པར་ཤེས་བྱས་ནས། །རྗེས་སུ་མཐུན་པའི་བརྩོན་པ་ཡིས། །སྔོན་དུ་བསྙེན་པ་བརྩམ་བར་བྱ། །ཤིན་ཏུ་མཆོག་གི་ལས་ རྣམས་ནི། །བཟླས་བརྗོད་ཁྱད་པར་ཅན་གྱིས་འགྲུབ། །སྔོན་དུ་བསྙེན་པ་མེད་པར་ཡང་། །ལས་རྣམས་ཕལ་ནི་འགྲུབ་པར་འགྱུར། །གསང་སྔགས་དག་ནི་ཐམས་ཅད་ཀྱི། །དངོས་གྲུབ་རྣམས་ནི་ཐམས་ཅད་ལ། །ཐོག་མར་བཟླས་ བརྗོད་བཅུ་ཆ་བྱ། །དེ་ནས་དེ་ལ་སྟ་གོན་གནས། །དེ་ལྟར་སྟ་གོན་གནས་བྱས་པས། །ལྷ་ཡང་སྟ་གོན་མཛད་གྱུར་ན། །དེ་ཚེ་ཟློས་པས་ཆོ་ག་བཞིན། །དེ་ཡི་འོག་ཏུ་བཟླས་བརྗོད་བརྩམ། །གང་ཞིག་མཚན་མའམ་ཚིག་གིས་ནི། ། བཟླས་བརྗོད་བྱེད་པ་མི་བཞེད་ན། །བསྙེན་པ་ཡང་དང་ཡང་བྱས་ནས། །ལན་གསུམ་བར་དུ་སྟ་གོན་གནས། །རིག་སྔགས་བསྙེན་པས་མཉེས་གྱུར་ན། །ཟློས་པ་པོ་ལ་དགོངས་ནས་སུ། །གང་གིས་དང་པོར་བཀའ་སྩལ་པ། ། དེ་དག་མྱུར་དུ་འགྲུབ་པར་འགྱུར། །ཟློས་པ་བློ་དང་ལྡན་བ་ཡིས། །ལན་གསུམ་སྟ་གོན་གནས་བྱས་ཀྱང་། །གང་དག་དགོངས་པ་མི་འཛིན་པའི། །ལྷ་དེ་ནམ་ཡང་མི་བཟླས་སོ། །གཙང་མའི་གནས་སུ་གཙང་སྦྲ་ཅན། །མཉམ་པར་བཞག་ 101-1-273b སྟེ་ལེགས་འདུག་ནས། །ཅི་སྲིད་ཡིད་ནི་མི་སྐྱོ་བར། །དེ་སྲིད་བར་དུ་བཟླས་བརྗོད་བྱ། །ཆོ་ག་བཤད་པ་ཐམས་ཅད་ལ། །ལུས་ཀྱི་གཙང་སྦྲ་བྱས་ནས་སུ། །སྔ་དྲོ་མེལ་ཚེ་ཐུན་གཅིག་དང་། །ཕྱི་དྲོ་མེལ་ཚེ་ཐུན་གཅིག་བཟླས། །ཉི་མའི་ གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་གྱི་སུམ་ཆ་བཟླས། །ཡང་ན་ཐུན་གྱི་བཞི་ཆ་འམ། །ཡང་ན་མཁས་པས་ཅུང་ཟད་བཟླས། །མཚན་མོ་སྲོད་དང་ཐོ་རངས་ལ། །མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ། །གང་ཞིག་མཁས་པས་བཟླས་བྱས་པ། །དེ་ནི་ལྷག་ པར་མཆོད་པར་འགྱུར། །དྲག་ཤུལ་སྤྱོད་པའི་ལས་ཀུན་དང་། །མི་སྣང་བ་ལ་སོགས་པ་དང་། །དུར་ཁྲོད་དག་གི་ལས་རྣམས་ལ། །རྟག་ཏུ་མཚན་མོ་བཟླས་པ་བཟང་། །ཉིན་པར་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་མཚན་མོ་བྱ། ། མཚན་མོ་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་ཉིན་པར་བྱ། །གང་ཞིག་བཟླས་པའི་འཇུག་ཏུ་ནི། །སྦྱིན་སྲེག་བྱེད་པ་དེ་མཆོག་གོ། །གསང་སྔགས་ཀུན་ལ་དང་པོར་རམ། །བསྲེག་བྱ་ཡོད་ན་གཉིས་ཀར་བྱ། །མཁས་པས་གང་ ཞིག་ཉིན་རེ་ཞིང་། །ཟས་ཀྱི་ཕུད་ལ་སྲེག་བྱེད་པ། །དེས་ནི་ཐ་མའམ་བར་དག་ཏུ། །ཁྱད་པར་མེད་པར་བྱ་བར་བཤད། །དེ་ལྟར་བྱས་ན་རིག་སྔགས་རྣམས། །ཕལ་ཆེར་ཡོངས་སུ་དགྱེས་པར་འགྱུར། །ཆོ་ག་འདི་དག་ཉིད་ཀྱིས་ནི། །སྦྱིན་བསྲེག་བྱེད་ པའི་བཟླས་བརྗོད་བཤད། །བཟླས་བརྗོད་བྱེད་པས་ཕྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུམས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་ རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པོ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལྷ་ནི་མ་གཏོགས་པ། །བསྒོམ་པ་མཆོག་དུ་གྱུར་པ་དང་། །རྣམ་རྟོག་བཟུང་ནས་མི་བསམ་མོ། །ཟློས་པོས་བཟླས་བརྗོད་ཟིན་པ་དང་། ། རིགས་ཀྱི་བདག་པོའི་གསང་སྔགས་སམ། །རིགས་ཀྱི་ལྷ་མོ་གང་ཡིན་པ། །དེ་དག་བཟླས་ཏེ་བསྲུང་བ་བྱ། །བཟླས་བརྗོད་གྲངས་བཞིན་བྱས་པ་འམ། །ཡང་ན་ལྷག་པར་བྱས་ཀྱང་རུང་། །གསོལ་བ་གདབ་པའི་ཚུལ་གྱིས་སུ། །དེ་ནི་ 101-1-274a གུས་པར་དབུལ་བར་བྱ། །མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུད་པ་ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ། །གཞི་ནས་ཀུན་ཏུ་བརྩམ་བར་བྱ། །བཟླས་བརྗོད་ཀྱི་ནི་བགེགས་རྣམས་དང་། །མཁས་ པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་དུ་བརྩམ་བར་བྱ་བར་བཤད། །སྔགས་ཀྱི་ནོར་བུའི་ཐོག་མ་དང་། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་ལྷ་དག་ལ། །བློ་དང་ལྡན་བས་ ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོའི་གཟུགས་སམ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་དུ་བལྟ་བར་བྱ། །བཟླས་པས་ངལ་ན་ཡང་དང་ཡང་། །བསམ་གཏན་ལམ་གྱི་མན་ ངག་དང་། །ཐབས་ནི་རྣམ་པ་ཐ་དད་པས། །བློ་ཅན་སེམས་ནི་སྤྲོ་བ་བསྐྱེད། །བློ་ལ་སྐྱོན་མེད་བྱས་ནས་ནི། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་གཞག་སྟེ་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །མཁས་པས་དུས་ གསུམ་ཁོ་ནར་ཡང་། །ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། །མཆོད་པ་ལ་སོགས་ཆོ་ག་ཀུན། །དུས་གསུམ་དག་ཏུ་བྱ་བར་བཤད། །དུས་གསུམ་དག་ཏུ་སྔགས་པ་ཡིས། །གོས་ནི་རྣམ་པ་གསུམ་པོ་དག །བཀྲུ་བའམ་བདུག་པར་བྱ་བ་འམ། ། ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དང་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐང་གོས་མི་སྤང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ལྷ་ལ་དགོས་པའི་སྣོད་རྣམས་ཀྱང་། །ཉིན་རེ་ལན་རེ་བཀྲུ་ བར་བྱ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །གླེགས་བམ་མཇུག་དུ་བཀླག་པ་དང་། །མཆོད་རྟེན་དག་དང་དཀྱིལ་འཁོར་ཡང་། །དུས་གསུམ་དག་ཏུ་དེ་བཞིན་བྱ། །སྔོན་དུ་ བསྙེན་པའི་བཟླས་བརྗོད་དག །དང་པོར་གྲངས་བཞིན་ཚང་བ་ལས། །མི་ནུས་ན་ནི་དུས་གཅིག་གམ། །དུས་གཉིས་སུ་ནི་ཆོ་ག་བསྒོམ། །གང་ཡང་བགེགས་ཀྱིས་བརླམས་པ་དང་། །ནད་རྣམས་ཀྱིས་ནི་གཟིར་བ་འམ། །ལྷོད་པ་དང་ནི་བག་མེད་པའམ། ། 101-1-274b ལུས་དང་སེམས་ནི་སྐྱོ་བ་འམ། །ཆོ་ག་ཅི་སྐད་བཤད་པ་དག །བཤད་པའི་དུས་ལས་འདས་པ་དང་། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་ གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་གཞག་བཟླས་བརྗོད་དེ་དང་སྦྱར། །སྦྱིན་སྲེག་ལས་ཀྱི་གྲངས་རྣམས་དང་། །སྤྱན་དྲང་བ་ཡི་ཆོ་ག་ལ། །སྔགས་ཀྱི་ནོར་བུ་མ་རྫོགས་པ། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། །དཀྱིལ་འཁོར་ དག་ཏུ་ཆོ་ག་བཞིན། །གང་གིས་གསང་སྔགས་སྟོང་བཟླས་དང་། །ཉི་མ་ཟླ་བ་གཟས་ཟིན་ཚེ། །བསྙེན་པ་དེ་ནི་ཐེ་ཚོམ་མེད། །གཙུག་ཏོར་ཅན་གྱི་གནས་ཀུན་དང་། །མཆོད་རྟེན་ཆེན་པོ་དག་དང་ནི། །ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ལ། །བཟླས་པ་དེ་ ནི་མཆོག་ཏུ་བཤད། །བླ་མ་མགུ་བར་གྱུར་པ་ལས། །རིག་སྔགས་བཟླས་པ་གང་ཐོབ་དང་། །གང་ཡང་ཉིད་ཀྱིས་བཀའ་སྩལ་པ། །དེ་དག་མྱུར་དུ་འགྲུབ་པར་འགྱུར། །གང་ཡང་གནས་ཡུལ་ཡོན་ཏན་ཅན། །མཆོད་སོགས་ཁྱད་པར་ཅན་ དག་དང་། །རང་གི་སེམས་ནི་དང་བ་ལས། །རིག་པ་མྱུར་དུ་བཀའ་སྩོལ་ཏེ། །མྱུར་དུ་གྲུབ་ཀྱང་མི་ཐོགས་པར། །ངེས་པར་ཉམས་པར་འགྱུར་ཞེས་གསུངས། །དེ་བས་བསྙེན་པ་རྫོགས་བྱས་ནས། །དངོས་གྲུབ་ཕྱིར་ནི་འབད་པར་བྱ། ། བསྙེན་པའི་ཚེ་ནི་ཅི་རིགས་པར། །དངོས་གྲུབ་ཕྱིར་ནི་ལྷ་རྣམས་ལ། །ལྷ་ཁང་གི་ནི་ཕྱི་རོལ་དུ། །དུས་མཚམས་དག་ལ་མཆོད་པ་བྱ། །དུས་མཚམས་དག་ལ་རིག་སྔགས་རྣམས། །བྱེ་བྲག་ཏུ་ནི་མཆོད་པར་བྱ། །རྟག་ཏུ་དགེ་བའི་ཕྱོགས་ རྣམས་དང་། །དེ་བཞིན་དུ་ནི་སྡོམ་པ་གཟུང་། །བུམ་པ་བཀྲ་ཤིས་ལྡན་བ་ལ། །སྤོས་ཀྱི་ཆུ་ལ་སོགས་པས་བཀང་། །རྡོ་རྗེ་ཁྲོ་བོས་མངོན་བསྔགས་ཏེ། །དབང་བསྐུར་དོན་དུ་སྦྱར་བར་བྱ། །དེ་མ་འབྱོར་ན་མཆོད་ཡོན་སྣོད། །མེ་ཏོག་རྣཾས་ དང་ཆུས་བཀང་སྟེ། །བགེགས་རྣམས་རྣམ་པར་བསལ་བའི་ཕྱིར། །དབང་བསྐུར་དེ་ནི་ཉེ་བར་སྦྱར། །བྱེ་བྲག་ཏུ་ནི་ལྷ་བཤོས་དབུལ། །བྱེ་བྲག་ཏུ་ནི་སྦྱིན་སྲེག་བྱ། །མར་མེའི་ཆོ་ག་བྱེ་བྲག་ཏུ། །ས་ཡི་བྱི་དོར་དེ་བཞིན་བྱ། །གལ་ཏེ་ཟློས་ཚེ་གློ་བུར་དུ། ། 101-1-275a སྣ་ཚོགས་པ་ཡི་འོད་བྱུང་ན། །དེ་ཚེ་དངོས་གྲུབ་མྱུར་བར་ངེས། །བཀྲེས་པས་ཅུང་ཞིག་ནད་ལས་ཐར། །ཤེས་པ་ཁྱད་པར་ཅན་ཡང་འབྱུང་། །ལྷག་པར་གཟི་མདངས་ཆེ་བསྟན་པ། །གསང་སྔགས་བཟླས་པའི་མཚན་ ཉིད་ཡིན། །མཚན་མོ་རྨི་ལམ་དགེ་བ་དང་། །བདེན་པ་རྣམས་ནི་མཐོང་བ་དང་། །བཟླས་བརྗོད་བྱེད་ལ་དགའ་བ་ནི། །གསང་སྔགས་བཟླས་པའི་མཚན་ཉིད་ཡིན། །ངལ་བ་ཆུང་ཞིང་དྲི་ཞིམ་དང་། །གཏོང་ཕོད་ཡོན་ཏན་ལྷུར་ལེན་ཅིང་། ། ལྷ་ལ་ལྷག་པར་གུས་པ་ནི། །གསང་སྔགས་བཟླས་པའི་མཚན་ཉིད་ཡིན། །གསང་སྔགས་བཟླས་པའི་རྗེས་ལ་ཡང་། །བྱེ་བྲག་ཏུ་ནི་མཆོད་པ་བྱ། །ལྷ་རྣམས་ལ་ནི་ཅི་རིགས་པར། །སྦྱིན་སྲེག་དག་ཀྱང་བརྩམ་པར་བྱ། །བསྙེན་པ་ ཚུལ་བཞིན་རྫོགས་བྱས་ནས། །རིག་སྔགས་བསྒྲུབ་པར་བྱ་བའི་ཕྱིར། །མཁས་པས་ཇི་ལྟར་མཐོང་བ་བཞིན། །སྟ་གོན་གནས་པ་རབ་ཏུ་བྱ། །གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། །གང་ཞིག་གཞན་ལ་བཟླས་བྱས་པ། །བཟླས་པ་ཐམས་ ཅད་རྫོགས་གྱུར་ཀྱང་། །དེ་དག་ཐམས་ཅད་དོན་མེད་འགྱུར། །དེ་ལྟའི་གླགས་ལ་ཆོ་ག་བཞིན། །ཚིག་འབུམ་ལྷག་པར་བཟླས་བརྗོད་བྱ། །བདག་པོས་སྟོང་དུ་བཟླས་བྱ་འམ། །ཡང་ན་བསྙེན་པ་སླར་བརྩམ་མོ། །བག་མེད་པས་ནི་ལན་འགའ་ཞིག ། གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །མི་གཙང་ཆོ་ག་མི་ལྡན་པས། །རིག་སྔགས་བག་མེད་བཟླས་གྱུར་ན། །དེ་ལ་རིག་སྔགས་བདག་པོའི་སྔགས། །ལན་བདུན་ ཡོངས་སུ་བཟླས་བརྗོད་བྱ། །ཟློས་པོས་ཟླ་བ་ཕྱེད་ཕྱེད་ཅིང་། །ཉིན་ཞག་གཅིག་ཏུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང་། །དེས་ནི་གསང་སྔགས་ཟློས་པ་པོ། །ཟླ་ཕྱེད་དག་ཏུ་དགའ་འགྱུར་ཞིང་། །བཟའ་ བ་མིན་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་སྤང་། །ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥཱ་ཡ། ༀ་བི་ཤུདྡྷེ་བི་ར་ཛེ་ཤི་བེ་ཤཱནྟི་ཀ་རི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་ཡ་ཤོ་ཛེ་སྭཱ་ཧཱ། པད་མའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། 101-1-275b ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་ཤི་ཁི་ཤི་ཁི་ནིར་མ་ལེ་པྲ་བྷེ། པྲ་བྷ་སཱ་རེ། ཏེ་ཛེ་ཏེ་ཛོ་བ་ཏི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་ལྕི་བ་རྣམས། །སོ་སོར་མངོན་པར་བསྔགས་ པ་དང་། །ཀུ་ཤ་ལན་བརྒྱར་བསྔགས་པ་ཡི། །ཀུ་ཤའི་ཆུན་དང་ལྡན་བྱས་ཏེ། །ཤར་བལྟས་མི་སྨྲ་ཙོག་ཙོག་པོར། །འདུག་ནས་འབྲིང་ལ་སྲང་གསུམ་ཙམ། །པ་ལ་ཤ་ཡི་ལོ་མར་བཏུང་། །ཡང་ན་མཆོད་ཡོན་སྣོད་བཤད་པ། །གང་ཡང་རུང་བ་ཅིག་ཏུ་བཏུང་། ། དེ་ནི་དེ་ཡི་ཆོ་གར་བསྟན། །ཟློས་ཚེ་གལ་ཏེ་བློ་བུར་དུ། །ཅུང་ཟད་བྱ་འམ་མི་བྱ་འམ། །ལྷ་ཉིད་ཀྱིས་ནི་བཀའ་སྩལ་ན། །བློ་དང་ལྡན་པས་དེ་དག་བརྟག །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་བ་མིན་པ་དེ་མི་བྱ། །བཀའ་ལུང་རིགས་པར་གང་སྩལ་པ། ། དེ་དག་དངོས་གྲུབ་འདོད་པས་བྱ། །ཟློས་པ་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་སོ། །དེ་ཡི་ཉིན་བར་དེ་མ་བཟླས། །བཟླས་བརྗོད་གྲངས་སུ་མི་བཞུག་གོ། །གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་ལ་ཉེས་པ་མེད། ། དེར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་པ་ལ་མི་ཕན་ནོ། །མདོར་ན་ཟློས་པ་པོ་རྣམས་ཀྱིས། །བཟླས་བརྗོད་ཆོ་ག་གང་གསུངས་པ། །ཆོ་ག་དེ་དག་ཉིད་ཀྱིས་ནི། །རིག་སྔགས་བསྙེན་ནས་འགྲུབ་པར་འགྱུར། །བཟླས་བརྗོད་ཀྱི་ཆོ་ག་རིམ་ པར་ཕྱེ་བའོ།། །། དེ་ནས་གཞན་ཡང་ཟློས་པ་པོའི། །གསང་སྔགས་ལྷ་ནི་གང་ཞིག་གིས། །མྱུར་དུ་མཉེས་པར་འགྱུར་བ་ཡི། །ཚིམ་པར་བྱ་བའི་ཆོ་ག་བཤད། །དུས་མཚམས་དག་གམ་ཚེས་གཞན་ལ། །ཁྲུས་རྫིང་བཟང་པོས་ ཁྱད་པར་དུ། །མགོ་ལ་སོགས་པ་བཀྲུས་ནས་སུ། །དང་པོ་མཆོད་པའི་ཆོ་ག་བྱ། །ཡིད་ལ་གསང་སྔགས་བརྗོད་ནས་སུ། །སྣ་མའི་མེ་ཏོག་བརྒྱ་ལ་ནི། །རེ་རེ་ལ་ཡང་མངོན་བསྔགས་ཏེ། །བློ་དང་ལྡན་བས་རིགས་གསུམ་མཆོད། །ལན་གྲངས་ཉི་ ཤུ་རྩ་གཅིག་གམ། །ཡང་ན་ལན་བདུན་རིམ་བཞིན་དུ། །གསང་སྔགས་ཡི་གེ་རྗེས་མཐུན་བར། །ལྷ་རྣམས་ལ་ནི་མངོན་པར་མཆོད། །དེ་ནས་དྲི་ལ་སོགས་པ་དང་། །དྲི་ཞིམ་བསྒོས་པའི་བདུག་སྤོས་གསོལ། །ལྷ་བཤོས་ཅི་སྐད་བསྟན་པ་དབུལ། ། 101-1-276a ཞོ་དང་བུ་རམ་བྱེ་བྲག་ཏུའོ། །ཚུལ་བཞིན་སྦྱིན་སྲེག་ལས་བྱས་ཏེ། །ཡམ་སྲེག་ཤིང་གིས་མེ་བུས་ལ། །མཆོད་སྦྱིན་གྱིས་ནི་ཡམ་སྲེག་ཤིང་། །མར་ལ་བཏགས་པ་དང་པོར་བརྒྱ། །དེ་ནས་ཏིལ་དང་ཞོ་དང་མར། །སྦྲང་རྩི་བསྲེས་ པ་བརྒྱ་ལྷག་དབུལ། །དེ་ནས་མར་དང་ཞོ་སྦྱར་བའི། །སཱ་ལུའི་འབྲས་ཆན་སྲེག་བླུགས་བརྒྱ། །བ་ཡི་འོ་མ་ཟས་མཆོག་དང་། །མར་བཅས་སྲེག་བླུགས་བརྒྱ་ཕུལ་ཏེ། །མཇུག་ཏུ་མཆོད་ཡོན་བཀང་ནས་སུ། །ལན་བརྒྱར་བཟླས་ཏེ་ དབུལ་བར་བྱ། །ཆོ་ག་དེ་ལྟར་ཉིན་གཅིག་གམ། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །ཡང་ན་ཉིན་གསུམ་དུས་གསུམ་དུ། །ཡང་ན་ཉི་མ་ལྔར་བྱས་ནས། །རིག་སྔགས་གཅད་དམ་ཕྲལ་བ་འམ། །བགགས་པའམ་ཕུར་བུས་བཏབ་ པ་འམ། །བྲི་བ་དང་ནི་ལྷག་པའང་རུང་། །བགག་པའམ་ཕུར་བུས་བཏབ་པ་འམ། །གཟིར་བ་ལྷག་པར་ཚིམ་པར་འགྱུར། །སྦྱིན་སྲེག་ཡན་ལག་དེ་རྣམས་ལས། །གཅིག་གིས་ཉིན་མཚམས་བསྲེག་བྱིན་ན། །ཞག་གསུམ་གྱིས་ ནི་ཚིམ་འགྱུར་ཏེ། །ལྷ་རྣམས་རབ་ཏུ་དགྱེས་པར་འགྱུར། །སྤོས་ལ་གཟུགས་བརྙན་ལེགས་བྱས་ཏེ། །མེ་ཏོག་མ་ཏ་ལི་ཡིས་མཆོད། །དུས་གསུམ་བཟླས་བརྗོད་བརྒྱ་བྱས་ཏེ། །མཇུག་དུ་ཤིང་གི་ཐང་ཆུས་བདུག །པད་མ་ལ་སོགས་ འོ་མ་ལ། །བཞག་སྟེ་མཚན་མོ་རབ་མཆོད་དེ། །ནང་བར་མཆོད་ཅིང་བཟླས་བརྗོད་ནས། །ཆུ་ཀླུང་ཆེན་པོར་བསྐུར་བར་བྱ། །ཆོ་ག་འདི་དག་བྱས་པ་ཡིས། །ལྷ་རྣམས་ཡོངས་སུ་དགྱེས་པར་འགྱུར། །དགྱེས་པར་གྱུར་ནས་དངོས་གྲུབ་ནི། ། ཆེན་པོ་མྱུར་དུ་སྩོལ་བར་མཛད། །ལྷ་ཚིམ་པར་བྱ་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། གསེར་རམ་དངུལ་ལམ་ཟངས་ཀྱི་འམ། །ཁམ་པའི་བུམ་པ་སར་པ་ལ། །མེ་ཏོག་རིན་ཆེན་འབྲས་བུ་རྩྭ། །འབྲུ་དང་སྤོས་ཀྱི་ཆུས་བཀང་ནས། །མགུལ་ པར་རས་ནི་སར་པས་བཅིང་། །ལྡུམ་བུ་སར་པས་ཁ་བརྒྱན་ཏེ། །རང་གི་རིག་སྔགས་བདག་པོ་འམ། །ཡང་ན་རིགས་ཀྱི་རིག་སྔགས་ཀྱིས། །ལན་བརྒྱར་བཟླས་ནས་དང་པོ་དེས། །ལྷ་ཉིད་མངོན་བར་དབང་བསྐུར་རོ། །གསེར་ལ་སོགས་ 101-1-276b པའི་གཟུགས་བརྙན་ལ། །རྒྱན་བྲེང་ན་བཟའ་ལེགས་བརྒྱན་ཏེ། །རིག་སྔགས་ཁྲི་ལ་བཞག་ནས་སུ། །དབང་བསྐུར་ཕྱིར་ནི་མཆོད་པ་བྱ། །མེ་ཏོག་སོགས་པས་མཆོད་བྱས་ཏེ། །བཟླས་བརྗོད་སྦྱིན་སྲེག་དག་གིས་མཆོད། །ཆོ་ག་འདིས་ ནི་རིག་སྔགས་དག །མཐུ་ནི་རབ་ཏུ་ཆེ་བར་འགྱུར། །རིག་སྔགས་མཐུ་དང་ལྡན་གྱུར་ན། །དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ། །དུས་མཚམས་དག་ལ་རིག་སྔགས་རྣམས། །སྤྱན་དྲང་མཆོད་པ་བྱས་ནས་ནི། །མཆོད་ཡོན་མངོན་པར་བསྔགས་ པ་ཡིས། །དབང་བསྐུར་བ་ཡང་བྱ་བར་བཤད། །ཉིན་རེ་ཁྲུས་བྱེད་ཚེ་ན་ཡང་། །དབང་བསྐུར་ཕྱིར་ནི་གུས་པ་རུ། །བློ་དང་ལྡན་བས་སྙིམ་པའི་ཆུ། །བདུན་ནམ་ཡང་ན་གསུམ་གྱིས་བྱ། །མར་དང་འོ་མ་ལ་སོགས་པས། །དབང་བསྐུར་ཕྱིར་ ནི་ལེགས་བཀྲུས་ནས། །རིག་སྔགས་གཟིར་བ་རྒྱས་གྱུར་ཅིང་། །འདིས་ནི་ལྷག་པར་ཚིམ་པར་འགྱུར། །ལྷ་དབང་བསྐུར་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། དུས་མཚམས་དག་ལ་སྨྱུང་བྱས་ནས། །ནུབ་གཅིག་གམ་ནི་ནུབ་གསུམ་ དུ། །གཙང་ཞིང་གོས་དཀར་གསར་བགོས་ཏེ། །ཟློས་པ་སྟ་གོན་གནས་པར་བྱ། །དུས་མཚམས་མིན་ཡང་དགོས་ཡོད་ན། །ཡར་གྱི་ངོ་ཡི་ཚེས་བཟང་ལ། །ཞི་བའི་མཆོག་གི་གསང་སྔགས་ཀྱིས། །སྟ་གོན་གནས་པར་རབ་ཏུ་བྱ། ། སྐྱུ་རུ་ར་སོགས་ཁྲུས་རྩི་དང་། །དྲི་ཞིམ་སྤོས་ཆུས་ཁྲུས་བྱས་ཏེ། །ཉེ་རེག་བྱས་ནས་སྲོད་ལ་ནི། །སངས་རྒྱས་སྤྱན་དྲང་མཆོད་པ་བྱ། །དེ་ནས་ལྷག་པར་མངོན་བསྔགས་པའི། །མཆོད་ཡོན་ཆོ་ག་བཞིན་དུ་དབུལ། །དེ་ནས་ཙན་དན་ དཀར་པོ་དང་། །སྣ་མའི་མེ་ཏོག་ཁ་འབུས་དང་། །མ་ལ་ཏ་ཡི་ཕྲེང་བ་ལ། །བདུག་པས་བདུགས་ལ་མཆོད་པ་བྱ། །གཏོར་མ་མང་ཞིང་བཟང་བ་དང་། །ཞོ་དང་བཅས་པ་དབུལ་བར་བྱ། །དེ་ནས་མར་གྱི་སྦྱིན་སྲེག་ནི། །ཚུལ་བཞིན་བརྒྱ་རྩ་བརྒྱད་ བྱས་ཏེ། །གསང་སྔགས་ལས་དང་རྗེས་འཐུན་པར། །ས་རྫ་ར་སའི་སྲེག་བླུགས་དབུལ། །བུ་མོས་བཀལ་བའི་སྐུད་པ་ལ། །མདུད་པ་བདུན་བོར་ལན་བདུན་བསྔགས། །དཔུང་བ་གཡོན་པ་ལ་བཅིངས་ལ། །ཀུ་ཤའི་ལོ་མ་བཏིང་བ་ལ། ། 101-1-277a དེ་ཉིད་ཀྱིས་ནི་གློ་ཕབ་སྟེ། །བཀའ་ལུང་གསོལ་བ་བཏབ་ནས་ནི། །རང་གི་ལྷ་ཡི་ཚུལ་འདྲ་བར། །སེམས་ཀྱིས་ལེགས་པར་བསམ་བྱས་ཏེ། །ཡིད་ལ་གསང་སྔགས་འདོན་བཞིན་དུ། །ཀུ་ཤ་སར་པ་ཁྲེས་ཀྱི་སྔས། །མེ་ཏོག་མང་ པོས་གྲུབས་པ་ལ། །ཅི་ལྟར་བདེ་བར་ཉལ་བར་བྱ། །གལ་ཏེ་གཉིད་ལོག་རྨི་ལམ་ན། །བསྟན་པར་གཏོགས་པའི་ལྷ་མཐོང་ངམ། །སོ་སོར་རིག་པའི་གཟུགས་དག་གམ། །ཡང་ན་རིག་སྔགས་བདག་པོའང་རུང་། །དཀོན་མཆོག་གསུམ་ལས་ གཅིག་ཙམ་འམ། །དེ་དག་ལ་ནི་མཆོད་ལ་སོགས། །རྒྱལ་སྲས་རྫུ་འཕྲུལ་ཆེན་པོ་འམ། །འཁོར་ནི་རྣམ་པ་བཞི་རྣམས་སམ། །བདག་ཉིད་ཆོ་ག་སྤྱོད་པ་འམ། །ཡང་ན་གོས་ཀྱི་སྤུད་པ་དག །མཐོང་ན་དངོས་གྲུབ་ཉེར་འགྱུར་བར། །སྒྲུབ་པ་པོས་ ནི་ཤེས་པར་བྱ། །རི་དང་གླང་པོ་འབབ་ཆུ་དང་། །རྒྱ་མཚོ་དང་ནི་འབྲས་བུ་ཤིང་། །ངང་མོ་ལ་སོགས་བྱ་རྣམས་དང་། །སེང་གེ་ལ་སོགས་རི་དགས་སོགས། །ཁྱུ་མཆོག་བཀྲ་ཤིས་རྟ་ལ་སོགས། །བུ་མོ་བཟང་མོ་བརྒྱན་པ་དང་། །བུམ་པ་ལ་སོགས་ བཀྲ་ཤིས་པ། །རྣམ་པ་སྣ་ཚོགས་གཡས་ནའོ། །ནོར་དང་གོས་རྣམས་རྙེད་པ་དང་། །དེ་ལ་སོགས་པ་རྣམ་དག་པའི། །རྨི་ལམ་བཟང་པོ་མཐོང་ན་ནི། །བློ་ཅན་འགྲུབ་པར་ཤེས་པར་བྱ། །ཞོ་དང་འོ་མ་འབྲས་ཡོས་མར། །མེ་ཏོག་འབྲས་བུ་རྩ་ བ་དང་། །ཡང་ན་གྲུབ་པའི་རྫས་ཀྱང་རུང་། །རྨི་ལམ་དག་ན་རྙེད་པ་འམ། །དེ་འདྲའི་རྣམ་པ་མཐོང་གྱུར་ན། །རིག་སྔགས་འགྲུབ་པར་གསུངས་པས་ན། །དེ་ནས་བློ་དང་ལྡན་པ་ཡིས། །བསྙེན་པའམ་སྒྲུབ་པའི་ལས་རྣམས་བརྩམ། །གལ་ཏེ་ སྔགས་ཀྱི་ནོར་བུ་འམ། །སྒྲུབ་པའི་རྫས་རྣམས་ཐོབ་ན་ནི། །དེ་ནས་བསྙེན་པའམ་སྒྲུབ་པ་ཡི། །ལས་རྣམས་མྱུར་དུ་བརྩམ་པར་བྱ། །གོས་དང་ཁྲུས་དང་རྒྱན་དག་གིས། །བདག་ཉིད་བརྒྱན་པ་མཐོང་ན་ནི། །དེ་ཚེ་བསྙེན་པའམ་ སྒྲུབ་པ་ཡི། །ལས་རྣམས་རབ་ཏུ་བརྩམ་པར་བྱ། །རང་གི་རིག་སྔགས་ཚུལ་བཞིན་དུ། །མཆོད་པ་བྱས་ནས་རིགས་ཡུམ་གྱིས། །སྣ་མའི་མེ་ཏོག་བརྒྱ་དག་དང་། །རས་ཟུང་དག་གིས་མཆོད་པར་བྱ། །ཙན་དན་གྱི་ནི་བདུག་སྤོས་ཀྱིས། ། 101-1-277b ལན་བརྒྱད་ཉིན་དུ་བདུགས་ནས་ནི། །དེ་ནས་ལྷ་ཉིད་རྨི་ལམ་དུ། །ཅི་རིགས་པར་ནི་བཀའ་ལན་སྩོལ། །ཨུ་ཤི་ར་ཡི་གཟུགས་བརྙན་ནི། །གྲོག་མཁར་ས་ཡི་སྣོད་དུ་བཞག །མཆོད་ཅིང་ཡོངས་སུ་ཚིམ་བྱས་ནས། །ལན་བརྒྱད་ དག་ཏུ་མངོན་བར་བསྔགས། །དེ་ནི་འོ་མའི་ནང་དུ་འམ། །ཡང་ན་སྦྲང་རྩིའི་ནང་དུ་གཞུག །དུས་གསུམ་དག་ཏུ་ལེགས་མཆོད་ནས། །སྲོད་ལ་ཡང་ནི་གསོལ་བ་གདབ། །རྣམ་པ་འདི་དག་ཉིད་ཀྱིས་ཀྱང་། །ཡོངས་སུ་དགྱེས་པ་སྐྱེས་གྱུར་ནས། ། དེ་ལྟར་བྱ་འམ་མི་བྱ་བ། །ལྷ་ཉིད་བཀའ་ལན་གསོལ་བར་མཛད། །སྨྱུང་བྱས་འདོད་པའི་དུས་མཚམས་ལ། །རིག་སྔགས་ཆོ་ག་བཞིན་མཆོད་ལ། །ཐང་ཆུ་རྣམ་པ་བདུན་དག་དང་། །ཤིང་གི་སྙིང་པོ་རྣམ་པ་ལྔས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ། །ཡང་ན་ བཟླས་བརྗོད་གྲངས་དག་གིས། །བྱས་ན་རིག་སྔགས་ཉིད་ཀྱིས་ནི། །མྱུར་བ་ཉིད་དུ་བཀའ་སྩོལ་ཏོ། །དེ་ལྟར་རིག་པ་སྟ་གོན་གནས། །ངེས་ཤིང་མྱུར་དུ་འགྲུབ་པར་འགྱུར། །སྟ་གོན་གནས་པའི་ཆོ་ག་འདི། །རྒྱས་པར་རབ་ཏུ་བསྒྲགས་པ་ཡིན། །སྟ་གོན་ གནས་པའི་ཆོ་ག་རབ་ཏུ་གསང་བའི་རིམ་པར་ཕྱེ་བའོ། ། སློབ་མས་དཀྱིལ་འཁོར་ཕྱག་བྱས་ནས། །ཁྱད་པར་དུ་ནི་ཡོན་ཕུལ་ཏེ། །བླ་མའི་ཁ་ནས་མངོན་སུམ་དུ། །རིག་སྔགས་ཡོངས་སུ་གཟུང་བར་བྱ། །སྙིམ་པ་མེ་ཏོག་གིས་བཀང་ནས། ། གུས་ཤིང་རིམ་གྲོ་བསྐྱེད་བྱས་ཏེ། །བླ་མས་ཐོག་མར་ལན་གསུམ་བཟླས། །རང་གིས་ལན་གསུམ་བཟླས་ཏེ་གདོན། །དེ་ནས་ཡི་གེ་མང་པོའི་སྔགས། །གི་ཝང་དག་གིས་ཤོག་ཤོག་ལ། །ཇི་སྐད་བསྟན་བཞིན་མངོན་བྲིས་ཏེ། །དེ་ནས་ཅི་བདེར་ཁ་ ཏོན་བསླབ། །བླ་མ་ཡོངས་སུ་མགུ་བ་ལས། །དུས་མཚམས་དག་གམ་ཚེས་གཞན་ལ། །རིག་སྔགས་བརྟགས་ནས་བྱིན་པ་དག །ཆོ་ག་བཞིན་དུ་གུས་པར་མནོད། །སློབ་མས་ལེགས་པར་མནོད་པ་དེ། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། ། མ་བསྙེན་པར་ཡང་དེ་ལ་དེ། །རྟག་ཏུ་འགོ་ཞིང་ཉེ་བར་གནས། །ཡང་ན་གསེར་ལ་སོགས་པ་ཡི། །བུམ་པ་གསར་ཞིང་གཙང་ལ་བཟང་། །སྐྱོན་ཀུན་རྣམ་པར་སྤངས་པ་ལ། །བཀྲ་ཤིས་ངོ་མཚར་དག་ཀྱང་བྱས། །དེ་ལ་སྤོས་ཆུ་འབའ་ཞིག་མེད། ། 101-1-278a ཁྱད་པར་དུ་ནི་བཤམ་བྱས་ནས། །གཙང་མར་བྱས་ཏེ་ནུབ་གཅིག་གམ། །ནུབ་གསུམ་དུ་ནི་སྨྱུང་བྱས་ཏེ། །སྲོད་ལ་རབ་ཏུ་བརྩམ་བྱས་ནས། །ཆོ་ག་འདི་དག་སྤྱད་པར་བྱ། །གསང་སྔགས་རིག་སྔགས་གདམས་པ་དག །གྲོ་ག་ལ་ སོགས་ཤོག་ཤོག་ལ། །གི་ཝང་དག་གིས་མཉམ་བྲིས་ཏེ། །ཤོག་ཤོག་རྣམས་ནི་ལྷན་ཅིག་གཞུག །རིག་སྔགས་རྒྱལ་པོས་ལེགས་པར་ནི། །དྲི་དང་མེ་ཏོག་བདུག་མཆོག་དང་། །དེ་བཞིན་ལྷ་ཤོས་མར་མེ་དང་། །སྦྱིན་སྲེག་ལས་ ཀྱིས་མཆོད་པ་བྱ་དེ་ནི་ཆོ་ག་འདི་དག་གིས། །ནུབ་གསུམ་སྟ་གོན་གནས་པ་ལ། །བདེན་པ་དང་ནི་དམ་ཚིག་གིས། །ཁྱད་པར་དུ་ནི་གསོལ་བ་གདབ། །ལན་བརྒྱར་བསྔགས་ནས་ཡང་དང་ཡང་། །བདུག་སྤོས་དག་གིས་རབ་བདུགས་ཏེ། །དྲི་ཞིམ་ ཁྲུས་བྱས་གཙང་བྱས་ནས། །ཕྱག་བྱས་ཡིད་ལ་བསམས་ནས་སུ། །བསང་བྱེད་བཅས་པའི་ལག་པ་ཡིས། །དེ་ལས་གཅིག་ནི་དབྱུང་བར་བྱ། །དེ་ཤེས་ནས་ནི་ཕྱག་འཚལ་ཏེ། །གུས་པར་སྤྱི་བོའི་སྟེང་དུ་བཞག །ཤེས་རབ་ཅན་གྱིས་ སྔགས་དེ་བསྒྲུབ། །དེ་ཉིད་དེ་ལ་མྱུར་དུ་འགྲུབ། །ཤེས་རབ་ཅན་གྱིས་གཞན་མི་སྒྲུབ། །བསྒྲུབས་ན་ཡང་ནི་འཆི་བར་འགྱུར། །གང་ཞིག་བསྒྲུབས་ནས་བྱིན་པ་དག །ཆོ་ག་བཞིན་དུ་དེ་མནོས་ན། །སྒྲུབ་པ་པོ་ཡི་ལྷ་ཡིན་ཏེ། །དེ་ལ་དེ་ནི་ འགྲུབ་པར་ཤེས། །རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས། །ལན་བརྒྱར་ཡོངས་སུ་བཟླས་བརྗོད་དེ། །འདི་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས། །མེ་ཏོག་དྲི་ཞིམ་དག་གིས་སྦྱིན། །བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་ མཛོད། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛོད་ཅེས་བྱ། །སློབ་དཔོན་དང་ནི་སློབ་མ་ཡིས། །རིག་སྔགས་སྦྱིན་ཞིང་ཡོངས་བཟུང་བའི། །ཆོ་ག་འདི་ལྟར་བྱས་ན་ནི། །ལྷ་ཉིད་རབ་ཏུ་འགྲུབ་པར་འགྱུར། ། མཁས་པས་རིག་སྔགས་འགྲུབ་པ་ཀུན། །གྲུབ་པ་ཉིད་དུ་ཤེས་པར་བྱ། །རྣམ་པ་དེ་ལྟར་རྫས་དག་དང་། །ཚུལ་བཞིན་ཐོབ་པས་བསྙེན་མི་དགོས། །ཟློས་པ་སྒྲུབ་པ་པོ་དག་གིས། །རིག་སྔགས་ཚུལ་བཞིན་བཟླས་པ་ཡིས། །བསྙེན་པ་ཚད་ 101-1-278b བྱས་གང་བྱིན་པ། །དེ་ཡང་མ་བསྙེན་འགྲུབ་པར་འགྱུར། །དངོས་གྲུབ་ཕྱིར་ནི་གསང་སྔགས་ཡོན། །མེ་ཏོག་འབྲས་བུ་རྩ་བ་དང་། །གདུ་བུ་གོས་དང་གསེར་དང་ཞོ། །འབྲུ་དང་ནོར་བུ་བུ་མོ་དང་། །མལ་ཆ་རྣམས་དང་ལྷམ་དག་དང་། །རྒྱན་གྱི་ རྣམ་པ་ཐམས་ཅད་དང་། །སྒྲུབ་པའི་ཡོ་བྱད་རྣམས་དང་ནི། །གླང་པོ་བ་ལང་རྟ་ལ་སོགས། །བཀུར་སྟི་རྣམ་པ་དུ་མ་དང་། །བདག་གི་བདོག་པ་མཐའ་དག་དབུལ། །གུས་པར་ཕྱག་བྱས་ཐལ་སྦྱར་ནས། །བདག་ཉིད་ཀྱང་ནི་དབུལ་བར་བྱ། ། དེ་ལྟར་ཆོ་ག་ཤེས་པ་ཡིས། །རྣམ་པ་སྣ་ཚོགས་ཅི་རིགས་པར། །བླ་མ་ལ་ནི་ཡོན་ཕུལ་ནས། །དེ་ནས་གསང་སྔགས་ནོད་པར་བྱ། །རིག་སྔགས་ཡོངས་སུ་བཟུང་བའི་རིམ་པར་ཕྱེ་བའོ།། །། སྒྲུབ་པ་པོས་ནི་ཆོ་ག་འདིས། ། ལྷག་དང་ཆད་པ་ཤེས་བྱས་ནས། །མཐོང་དང་མ་མཐོང་ལས་དག་གིས། །རིག་སྔགས་ཡོངས་སུ་བཀང་བར་བྱ། །གསང་སྔགས་ཡན་ལག་ལྷག་ཆད་གང་། །རྨི་ལམ་དག་ཏུ་མཐོང་ན་ནི། །དེ་དག་བཀང་བའི་ཆོ་ག་འདི། །གསང་སྔགས་ ཟློས་པ་དག་གིས་བྱ། །གལ་ཏེ་འདིར་ཡང་ལ་ལ་ཞིག །ཡི་གེ་ལྷག་གམ་ཆད་པ་ཡི། །དོགས་པ་སྐྱེས་ན་མཁས་པ་ཡིས། །གསང་སྔགས་བཀང་བའི་ཆོ་ག་བྱ། །ཤོག་ཤོག་དག་ལ་གི་ཝང་གིས། །གསང་སྔགས་ཡི་གེ་ཚང་བར་བྲི། ། ཆོ་ག་བཞིན་དུ་མཆོད་བྱས་ཏེ། །རིག་སྔགས་རྒྱལ་པོ་མངོན་པར་བསྔགས། །རིག་སྔགས་རྒྱལ་པོར་བཅས་པ་ཡིས། །མཆོད་སྦྱིན་ཡམ་བསྲེག་ཤིང་མེ་ལ། །སྔགས་ཀྱིས་མར་གྱི་སྲེགས་བླུགས་ནི། །ཅིག་ཆར་ལན་བརྒྱར་བསྲེག་པར་ བྱ། །རིག་སྔགས་ཁྲི་ལ་བཞག་ནས་སུ། །གསོལ་བ་བཏབ་སྟེ་མངོན་པར་མཆོད། །རིག་སྔགས་ཀྱེ་ནི་བདག་པོ་དང་། །རིག་སྔགས་ཡིད་དབང་ཕྱུག་མ་དང་། །བདེ་གཤེགས་སྲས་བཅས་ཕྱག་བྱས་ཏེ། །བཀང་པའི་ཕྱིར་ནི་གསོལ་ བཏབ་ནས། །རིག་སྔགས་དྲན་བཞིན་ཀུ་ཤ་ཡི། །སྟན་ལ་ཤར་ཕྱོགས་ཁ་བལྟས་ཉལ། །རིག་སྔགས་རྒྱལ་པོས་དེ་ཉིད་ཀྱི། །མཚན་མོ་དག་ནི་ངེས་པར་ཡང་། །ཡི་གེ་གསལ་བ་དེ་དག་དང་། །སྨྱུ་གུ་ཡང་ནི་དེ་ཉིད་དང་། །གི་ཝང་དག་ 101-1-279a ཀྱང་དེ་ཉིད་ཀྱིས། །ཤོག་ཤོག་ཀྱང་ནི་དེ་ཉིད་ལ། །གསང་སྔགས་ཆད་པ་རབ་ཏུ་སྐོང་། །ལྷག་པ་དག་ཀྱང་མཉམ་པར་མཛད། །གསང་སྔགས་མ་ཉམས་མཉམ་པ་དག །འབའ་ཞིག་འདྲི་བར་མི་མཛད་ལ། །གསང་སྔགས་ རིག་སྔགས་མ་ཚང་བ། །ངེས་པར་འདི་ཡིས་སྐོང་བར་མཛད། །ཡང་ན་ཡིག་འབྲུ་མ་ཚང་བ། །རྨི་ལམ་དག་ཏུ་སྟོན་པར་མཛད། །གསང་སྔགས་ཟློས་པ་པོ་དག་གིས། །བསྲུང་བའི་ཆོ་ག་བྱས་ཏེ་བྱ། །རིག་སྔགས་ཡོངས་སུ་བཀང་ བའི་རིམ་པར་ཕྱེ་བའོ།། །། རིག་སྔགས་དག་ནི་ཐམས་ཅད་ཀྱང་། །སྦྱིན་སྲེག་ལས་ཀྱིས་གཟི་བྱིན་བསྐྱེད། །སྦྲང་རྩི་འོ་ཐུག་མར་དག་གམ། །ཡང་ན་ཏིལ་དང་མར་བསྲེས་པའམ། །མར་བཏགས་མེ་ཏོག་སྦྱིན་སྲེག་གམ། ། སརྫ་ར་སའི་སྦྱིན་སྲེག་དང་། །མར་དང་ཐང་ཆུའི་སྦྱིན་སྲེག་གིས། །གསང་སྔགས་གཟི་བྱིན་ཆེ་བར་འགྱུར། །བ་ཡི་རྣམ་ལྔ་ཟོས་ནས་སུ། །རི་ཡི་རྩེ་མོར་ཅི་རིགས་པར། །མེ་ཏོག་འབུམ་དག་དབུལ་བྱས་ནས། །དེས་ནི་ལྷ་ཉིད་གཟི་ བྱིན་སྐྱེ། །ཉིན་གསུམ་དུ་ནི་དུས་གསུམ་དུ། །དྲི་ཞིམ་དྲི་དང་བདུག་སྤོས་དང་། །མེ་ཏོག་དག་ཀྱང་ཕུལ་ན་ནི། །གསང་སྔགས་གཟི་བྱིན་ཆེ་བར་འགྱུར། །ཤིང་གི་སྙིང་པོའི་སྒྲོན་མ་དག །སྦར་ཞིང་ཞག་བདུན་དུས་གསུམ་དུ། །བཟླས་བརྗོད་ བྱས་ན་གསང་སྔགས་རྣམས། །གཟི་བྱིན་ཆེ་བའི་མཆོག་ཏུ་འགྱུར། །དེ་ལྟར་བཟླས་དང་སྦྱིན་སྲེག་དང་། །མཆོད་པ་དག་དང་ལྷ་བཤོས་ཀྱང་། །འདོད་པ་པོས་ནི་ཁྱད་པར་དུ། །ལྷ་རྣམས་ཐམས་ཅད་གཟི་ཆེན་འགྱུར། །ལྷ་གཟི་བྱིན་བསྐྱེད་ པའི་ཆོ་ག་རིམ་པར་ཕྱེ་བའོ།། ༑ །། གང་ཞིག་གསང་སྔགས་ཟློས་པ་དག །དངོས་གྲུབ་ཆེན་པོ་མྱུར་ཐོབ་པའི། །སྦྱིན་སྲེག་ཆོ་ག་མ་ལུས་པ། །དེ་དག་ཅི་བཞིན་སྤྱད་པར་བྱ། །ལྷ་ཡི་གནས་ཀྱི་ཕྱི་རོལ་དུ། །དེ་ཡི་མདུན་དུ་མི་རིང་བར། ། ཅི་ལྟར་རིགས་པས་ཡོངས་བརྟགས་ལ། །ཆོ་ག་འདི་དག་ཀུན་དུ་སྤྱད། །དབུས་སུ་མེ་ཡི་ཐབ་བརྐོ་བ། །གྲུ་བཞི་ལྷམ་པ་ཁ་ཁྱེར་ཅན། །ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། །ཡང་ན་ཐབ་ཁུང་ཟླུམ་པོར་བྱ། །དེ་ནས་ཡམ་ཤིང་ལ་སོགས་པས། ། 101-1-279b ཡོ་བྱད་དགོས་པ་ཐམས་ཅད་དག །གཡས་ཕྱོགས་སུ་ནི་བཞག་པར་བྱ། །གཡོན་དུ་ཆུའི་སྣོད་བཞག་གོ། །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་དེ་དག་བསང་གཏོར་ཏེ། །འདུག་ནས་མཁས་པས་གསང་སྔགས་ རྣམས། །ཡིད་ལ་བསམས་ཏེ་སྤྱན་ཡང་དྲང་། །མཆོད་ཡོན་ཡོངས་སུ་བཟླས་པ་ཡང་། །དེ་དག་རྣམས་ལ་ཕུལ་ནས་སུ། །མེ་ཏོག་གཅིག་གིས་རིག་སྔགས་དེ། །དེ་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་མེ་ནི་བསང་བའི་ཕྱིར། ། ཁྲོ་བོའི་རྒྱལ་པོས་བསང་གཏོར་ནས། །ཆོ་ག་ལས་སྨོས་ཤིང་དག་གིས། །ཐབ་བཅུག་ཤེས་རབ་ཅན་གྱིས་སྦར། །མེ་འབར་རིག་ནས་དང་པོར་ནི། །གསང་སྔགས་དག་གིས་གཉེར་བར་བྱ། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་ སྲོང་བྲམ་ཟེའི་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་སྭཱ་ཧཱ། དེ་ལྟར་དང་པོར་མེ་གཉེར་ནས། །སྲེག་བླུགས་གསུམ་ཡང་བསྲེག་པར་བྱ། །ༀ་ ཨགྣ་ཡེ་ཧ་བྱ་ཀ་བྱ། བ་ཧ་ན་ཡཱ་དཱི་བྱ་དི་པཱ་ཡ་སྭཱ་ཧཱ། དེ་ནས་མཁས་པས་གཡས་ཕྱོགས་ནས། །བསྐོར་ཅིང་བསངས་ནས་རང་གི་ནི། །སྔགས་གྱིས་མར་ལ་སོགས་པ་ལས། །སྲེག་བླུགས་གསུམ་ཡང་བསྲེག་པར་བྱ། །སྒྲུབ་ པས་སྦྱིན་སྲེག་ཐམས་ཅད་ལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་གང་། །དེ་ཡི་ཕྱག་རྒྱ་སྦྱིན་སྲེག་ལ། །མེ་ལ་སོགས་པ་བསང་བར་བྱ། །ༀ་ཀཱི་ལི་ཀཱི་ལི་བཛྲ་བྷཱི་མ་རཽ་དྲྀ་པ་ཏྲི་ཏ། མ་ཧཱ་ཀྲོ་དྷ་བི་ཛ་ཡ་ནི་ཀྲྀནྟ་ཧཱུྃ་ཕཊ་བནྡྷ་བནྡྷ་སྭཱ་ཧཱ། དེ་ནས་ ཡམ་སྲེག་ཤིང་དག་བསྲེག །དེ་ནས་ཡམ་ཤིང་མེ་ལ་མར། །དེ་ནས་ཏིལ་དང་འབྲས་ཆེན་ཏེ། །ཆོ་ག་དེ་དག་མདོར་བསྡུས་པའོ། །བ་ལ་ཤ་དང་ནྱ་གྲོ་དྷ། །པླཀྵ་སེང་ལྡེང་ཨརྒ་དང་། །བེའི་ཀང་ཀ་དང་ཨ་མྲ་དང་། །ཀརྨྨ་རི་དང་ ཤ་མི་དང་། །ཨ་པ་མརྒ་ལས་བྱུང་དང་། །ཨུ་དུམ་ཨ་ཤྭད་ཐར་བཅས་པ། །ཡམ་ཤིང་བཅུ་གཉིས་དག་ཏུ་བསྟན། །སར་པ་དག་ལས་འཛུབ་གང་ཙམ། །ལས་རྣམས་ཀུན་ལ་བསྲེག་བྱ་སྟེ། །ལས་རྣམས་ཀུན་ལ་ཐོར་ཏོ་གཉིས། ། 101-1-280a བརྟགས་ནས་རྩེ་མོས་བསྲེག་པར་བྱ། །བཟང་ལ་དྲང་ཞིང་གསར་པ་ལ། །སྤོས་ཆུས་བསང་གཏོར་བྱས་པ་ལ། །ཞི་བའི་བསྲེག་བྱ་ཅུང་ཟད་གང་། །རྒྱས་པའང་གང་དག་ཡིན་པ་དང་། །བདག་ཟས་ཅུང་ཟད་གང་ཡིན་པ། ། དེ་དག་ལས་རྣམས་ཀུན་ལ་བསྲེག །ཉིན་རེའམ་ཡམ་སྲེག་ཤིང་དག་ལ། །བདག་གི་ཟས་ཀྱང་རྟག་ཏུ་བསྲེག །སྔགས་དང་ཇི་ལྟར་རྗེས་མཐུན་པར། །སྦྱིན་སྲེག་བྱས་ནས་ཁ་ཟས་བཟའ། །བཟླས་བརྗོད་ཆོ་ག་ཇི་ལྟར་གསུངས། ། སྦྱིན་སྲེག་ལ་ཡང་དེ་ལྟར་བསྒྲུབ། །ལག་པས་པུས་མོའི་ནང་རོལ་ནས། །སྦྱིན་སྲེག་དག་ནི་བརྩམ་བར་བྱ། །རིག་སྔགས་ཐམས་ཅད་གཟི་བསྐྱེད་ཕྱིར། །དུ་རུས་འབྲུ་མར་སྦྱར་བ་ལ། །བཏགས་པའི་ཨ་ཀར་དུམ་བུ་ནི། །སོར་བཞི་ བསྲེགས་པས་གསང་བར་བཤད། །ཡང་ན་རྟག་ཏུ་གུ་གུལ་ན། །མར་སྦྱར་སྦྱིན་སྲེག་རབ་ཏུ་ཤིས། །ཡང་ན་གསང་སྔགས་བྱེ་བྲག་ལ། །ས་ལ་ཐང་ཆུའི་བྱེ་བྲག་ཤིས། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ ཅད་ལ། །དང་པོར་བདག་པོ་བཞུགས་གསོལ་ནས། །དེ་ཡི་འོག་ཏུ་སྦྱིན་སྲེག་བརྩམ། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །དང་པོར་རིགས་ཀྱི་རིག་སྔགས་ཀྱིས། །བསྲུང་བ་བྱས་ཏེ་ལས་རྣམས་བརྩམ། ། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །ལས་མཐར་རིགས་ཀྱི་སྙིང་པོ་ཡིས། །གཟི་བྱིན་བསྐྱེད་པ་བརྩམ་པར་བྱ། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། ། ཐོག་མ་དང་ནི་ཐ་མར་ཡང་། །མར་གྱི་དགང་བླུགས་རྟག་ཏུ་བསྲེག །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །རིགས་བདག་རིག་སྔགས་སྙིང་པོ་ བཟླས། །ཐ་མར་མཆོད་ཡོན་དབུལ་བར་བྱ། །དཀྱིལ་འཁོར་དག་ལ་སྦྱིན་སྲེག་གི། །ཆོ་ག་མ་ལུས་བསྒྲགས་པ་ཡིས། །ཆོ་ག་དེ་ཡིས་འདིར་ཡང་ནི། ། 101-1-280b སྦྱིན་སྲེག་ལས་རྣམས་བྱ་བར་བཤད། །ལག་མཐིལ་ཆུ་ལ་བཟླས་པས་ནི། །ལན་གསུམ་དུ་ཡང་འཐོར་འཐུང་བྱ། །སྦྱིན་སྲེག་བྱས་པའི་ཐ་མར་ནི། །རང་གི་རིག་སྔགས་ཉིད་ཀྱིས་ཀྱང་། །བསང་གཏོར་ལན་གསུམ་བྱ་བར་བཤད། །དེ་འོག་ མེ་ལ་ཀུན་བསྲེགས་ནས། །སྤྱན་དྲང་རིག་སྔགས་དེ་ཉིད་ཀྱིས། །བཞུད་ཅིག་བཞུད་ཅིག་ཅེས་བྱས་ཏེ། །དེ་ཡི་འོག་ཏུ་སླར་བཏང་ངོ་། །གསང་སྔགས་ཡི་གེའི་རྗེས་མཐུན་པར། །མཇུག་ཏུ་བཟླས་བརྗོད་བརྩམ་པར་བྱ། །དེ་ལྟར་སྦྱིན་ སྲེག་ཐམས་ཅད་ཀྱི། །ཆོ་ག་མདོར་བསྡུས་བཤད་པ་ཡིན། །སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གང་དག་གིས། །བསྡུས་ནས་རིག་སྔགས་ཐམས་ཅད་ཀྱི། །གསང་སྔགས་ཆོ་ག་རྩོམ་འགྱུར་ བའི། །ཆོ་ག་ཡན་ལག་བསྡུ་བ་བཤད། །དགོས་པའི་ཡོ་བྱད་ཐམས་ཅད་ནི། །ཐོག་མ་ཉིད་དུ་ཀུན་བསྡུས་ཏེ། །དེ་ནས་བསྙེན་པའམ་སྒྲུབ་པ་དག །བློ་དང་ལྡན་པས་བརྩམ་པར་བྱ། །དྲི་ཞིམ་དེ་ནི་དེ་དང་དེ། །དེ་བཞིན་བདུག་སྤོས་ རྣམ་པ་དང་། །སྙིང་པོ་ཐང་ཆུ་རིགས་རྣམས་དག །ཁྱད་པར་དུ་ནི་བསག་པར་བྱ། །ཡུངས་ཀར་སརྫ་ར་ས་དང་། །དུག་དང་ལན་ཚྭ་སྐེ་ཚེ་དང་། །ཏིལ་དང་འབྲུ་མར་བ་མར་དང་། །བུམ་པ་དང་ནི་ཟངས་ཀྱི་སྣོད། །འབྲུ་དང་རིན་ཆེན་སྣ་ལྔ་དང་། ། སྨན་རྣམས་དང་ནི་སྦྲང་རྩི་དང་། །དེ་བཞིན་བུ་མོས་བཀལ་བ་ཡི། །ཚོན་སྣ་ལྔ་ཡི་སྲད་བུ་དང་། །མར་མེའི་དོན་དུ་ཀོང་བུ་དང་། །ཤིང་བལ་མར་མེའི་སྙིང་པོ་དང་། །ཁམ་ཕོར་དང་ནི་ཚོན་རྩིའི་རྫས། །དེ་བཞིན་སེང་ལྡེང་ཕུར་བུ་དང་། །མཆོད་ སྦྱིན་གྱི་ནི་ཡམ་ཤིང་དང་། །ནིམ་པའི་དགང་གཟར་བླུགས་གཟར་དང་། །གི་ཝང་དང་ནི་ཨུར་མོའི་ལྕགས། །ཙན་དན་དམར་པོ་ཉིད་དང་ནི། །གོས་དང་གསང་སྲེལ་སྲད་བུ་དང་། །རི་དགས་ནག་པོའི་ལྤགས་པ་གསར། །ནས་དང་འབྲས་ ཡོས་པྲི་ཡང་ཀུ། །ཙན་དན་དཀར་དང་ཤིང་གི་ལྷམ། །མུཉྫ་ཀུ་ཤ་ཤ་ཏ་བུས། །མེ་ཏོག་སྣོད་ནི་ཤིས་པ་དང་། །མཆོད་པའི་ཡོ་བྱད་མཆོག་དང་ནི། །དེ་བཞིན་བགྲང་ཕྲེང་ལ་སོགས་དང་། །དེ་དག་ལ་སོགས་བློ་ཅན་གྱིས། །ནོར་དང་སྒྲུབ་པའི་ཡན་ 101-1-281a ལག་རྣམས། །ཐམས་ཅད་ཐོག་མར་ཡོངས་བསྡུས་ནས། །དེ་ཡི་འོག་ཏུ་ལས་རྣམས་བརྩམ། །སྒྲུབ་པའི་ཡན་ལག་བསོག་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་སྒྲུབ་པའི་རྫས་རྣམས་ཀྱི། །མཚན་ཉིད་ གང་དག་གསུངས་པ་ཀུན། །སྔགས་ཟློས་པ་ཡི་དངོས་གྲུབ་ཕྱིར། །དེ་དག་མདོར་བསྡུས་བཤད་པར་བྱ། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །ནོར་གྱི་ཆར་འབབ་གསེར་ཆེན་དང་། །འཁོར་ལོ་ལྡོང་རོས་རལ་གྲི་སྟེ། །འདི་དག་དངོས་གྲུབ་ བདུན་ཡིན་ནོ། །ཕལ་ཆེར་སྤྱི་ཡིན་ཁྱད་པར་འཕགས། །ཆེ་ལ་མཆོག་གི་མཆོག་ཡིན་ཏེ། །དེ་ཡི་བསོད་ནམས་ཕུང་ཆེན་དང་། །རྒྱལ་སྲིད་དག་ཀྱང་ཐོབ་པར་འགྱུར། །གཞན་ཡང་དངོས་གྲུབ་དམ་པ་ནི། །གཙུག་ཏོར་པད་མ་རྡོ་རྗེ་གསུམ། ། རིགས་དང་རིགས་ཀྱི་བྱེ་བྲག་ལས། །ཕལ་ཆེར་ཡོངས་སུ་བསྒྲགས་པ་ཡིན། །གསང་སྔགས་གང་ཡང་རུང་བ་ཡིས། །གང་ཡང་རུང་བའི་དངོས་གྲུབ་ཀྱང་། །མངོན་བར་ཤེས་པ་ལྷག་རྟོག་པ། །གཙོ་བོ་ཡིན་པར་ཡོངས་སུ་བསྒྲགས། ། གསེར་དང་དངུལ་ལ་སོགས་པ་ལས། །ཡུ་བ་ཁྲུ་གང་ཙམ་བྱས་ལ། །དེ་སྟེང་རིན་ཆེན་ཆེན་པོ་ནི། །གཅིག་པུ་བཞག་པའམ་ནོར་བུ་ནི། །པད་མ་རཱ་ག་དག་པ་འམ། །ཡང་ན་ཤེལ་ལས་བྱུང་བའང་རུང་། །ཁྲིའུ་འི་སྟེང་དུ་ལེགས་བཞག་ ནས། །སྒྲུབ་པ་པོས་ནི་མཚན་མོ་བསྒྲུབ། །གསང་སྔགས་སྟ་གོན་ཆོ་ག་དང་། །བདག་ཉིད་དབང་བསྐུར་གང་བཤད་པ། །དེ་ཡི་རང་བཞིན་ཆོ་ག་དེས། །བུམ་པ་བཟང་པོ་བསྒྲུབ་པར་གསུངས། །གསེར་དག་དང་ནི་དངུལ་དག་དང་། ། རིན་ཆེན་སྣ་ཚོགས་ལ་སོགས་པ། །དཔག་ཚད་ལྔ་ཡི་ཁོར་ཡུག་ཏུ། །ནོར་ནི་ཆར་བཞིན་འབབ་པར་གསུངས། །མི་ཟད་པ་ཡི་གཏེར་ཆེན་ནི། །གསེར་ལ་སོགས་པས་གང་བ་སྟེ། །སྦྱིན་དང་ལོངས་སྤྱོད་ལ་སོགས་པ། །སྤྱད་ཅིང་ཕྱུང་ ཡང་མི་ཟད་པའོ། །ཨུར་མོའི་ལྕགས་ཀྱི་འཁོར་ལོ་ནི། །མཛུབ་གང་ཙམ་ལ་རྩིབས་དྲུག་པ། །ཤིན་ཏུ་གཟུགས་ལེགས་རྣོ་བདར་བ། །མྱུར་དུ་འགྲུབ་ཅིང་ཆེན་པོར་འགྱུར། །ཉི་མ་འཆར་ཀའི་གཟུགས་འདྲ་ཞིང་། །གསེར་ནི་གཙོ་མའི་ 101-1-281b མདོག་ལྟ་བུ། །ཀ་ར་བཱི་རའི་མདོག་འདྲ་ཞིང་། །ལྡོང་རོས་དག་ནི་མཆོག་ཏུ་བཤད། །རལ་གྲི་མཐེའུ་ཆུང་མཐོ་དོ་བ། །འཕན་མེད་ཞེང་དུ་སོར་བཞི་ཚད། །བདར་བ་ཙ་ཤའི་འདབ་མ་འདྲ། །འགྲུབ་ཕྱིར་བ་སོའི་དངོ་ཅན་ནོ། །ཕྱག་རྒྱ་བྲི་བའི་ ཆོ་ག་བཞིན། །གཙུག་ཏོར་ཕྱག་རྒྱ་གསེར་ལས་བྱས། །ཡིད་བཞིན་ནོར་བུའི་ཡུ་བ་བྱས། །ཆེ་ལ་བཞག་སྟེ་བསྒྲུབ་པར་བྱ། །པད་མ་ཙན་དན་ལས་བྱས་པའི། །དེ་བཞིན་གསེར་སོགས་ལས་བྱས་པ། །མཐོ་གང་བ་ལས་སྡོང་བུ་ དངུལ། །མདབ་བརྒྱད་སྙིང་པོ་མཛེས་པར་བྱ། །རྡོ་རྗེ་ཨུར་མོའི་ལྕགས་བྱས་པའམ། །ཡང་ན་ཙན་དན་དམར་པོའང་རུང་། །ལྕགས་གསུམ་ལས་བྱས་སོར་བཅུ་དྲུག །གཉིས་ཀ་རྩེ་མོ་གསུམ་པར་བྱ། །བབ་ལ་ཡོན་ཏན་འཕགས་ པ་དག །གསེར་གྱི་གྱིམ་ཕག་འདྲ་བ་ཡི། །སུལ་གྱིས་གང་ཞིག་ལྗིད་ཆེ་བ། །ཁ་དོག་བཟང་པོ་འགྲུབ་ཕྱིར་མཆོག །སེར་སྐྱ་དག་ལས་བྱུང་བ་ཡི། །གི་ཝང་ཁ་དོག་སེར་པོའོ། །བཙག་ནི་ཡུག་སྣམ་གསེར་མདངས་ཅན། །མེ་ཏོག་ བན་དུའི་མདོག་འདྲ་བའོ། །གྲོག་མཁར་བརྩེགས་པ་འདྲ་བ་ལ། །བཙག་ན་ཨུཏྤ་ལ་སྔོན་པོའི་མདོག །ཤིན་ཏུ་འཇམ་པོ་འདི་འདྲ་བ། །ཆུ་རྒྱུན་ལས་བྱུང་ཨཉྫ་ནའོ། །རས་ཕྲན་གཙང་མ་འཇམ་པོ་ནི། །ཁོ་ལག་ཆེ་ལ་གུར་གུམ་ བཙོས། །དགོན་པའི་ཕྱུགས་ཀྱི་ལྕི་བ་ཡི། །ཐལ་བ་ག་བུར་གྱིས་བསྒོས་པའོ། །མཆོད་ཕྱིར་ཐོགས་ཀྱི་སྲད་བུ་དཀར། །ཕྲ་ཞིང་སུམ་བསྒྲིལ་ལེགས་བཀལ་བའམ། །ཡང་ན་གསེར་གྱི་སྐུད་པ་ནི། །ལེགས་བསྙད་སུམ་བསྒྲིལ་ ཡོན་ཏན་ཅན། །སྣ་མའི་མེ་ཏོག་ཕྲེང་བ་ནི། །བུ་མོས་བཀལ་སྐུད་ལས་བརྒྱུས་པའོ། །ཤྲི་པ་ཎ་ཡིས་ཤིང་གི་ལྷམ། །ཡམ་ཤིང་ལེགས་བཞོགས་འཐེབ་རྟེན་ཅན། །རྨ་བྱའི་གདུགས་ནི་སྨྱུག་མ་ཡི། །ཡུ་བ་རིང་པོ་གསང་ལ་ བཏགས། །མདུང་རྩེ་གསུམ་དང་དབྱུག་ཐོ་ཐོགས། །ཐམས་ཅད་རང་གི་མཚན་ཉིད་ལྡན། །བསྒྲུབས་ན་མྱུར་དུ་འགྲུབ་པའི་ཕྱིར། །མཚོན་ཆ་རྣམས་ནི་རབ་ཏུ་ཤིས། །འདི་ནི་ཆོ་ག་ལས་གསུངས་པའི། །བསྒྲུབ་བྱའི་རྫས་རིགས་གང་ 101-1-282a ཡིན་པ། །དེ་དག་མཚན་ཉིད་འཇིག་རྟེན་ལས། །ཁྱད་པར་དུ་ནི་ཉེ་བར་བརྟག །དེ་བཞིན་དངོས་གྲུབ་མང་པོ་ཡིས། །བསྒྲུབ་བྱའི་རྫས་ནི་སྣ་ཚོགས་པ། །དེ་བས་དེ་དག་བདག་བློ་དང་། །གཙུག་ལག་བློ་ཡིས་ཡོངས་སུ་ བརྟག །ནད་མེད་མདངས་བཟང་ལུས་མ་ཉམས། །གཟུགས་བཟང་རྨ་མེད་དར་ལ་བབ། །བདག་ཉིད་ཤི་བར་གྱུར་པའི་རོ། །རོ་ལངས་དངོས་གྲུབ་ཕྱིར་ནི་མཆོག །ཡང་ན་ལས་ཀྱི་བྱེ་བྲག་ལས། །རིགས་ངན་དག་ཀྱང་རབ་ཏུ་ཤིས། ། རོ་ལངས་བསྒྲུབ་པ་དག་ལ་ནི། །འཇིགས་མེད་མཆོག་སྟེ་དེས་ངེས་སོ། །རྫས་ཀྱི་མཚན་ཉིད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །། ཡོ་བྱད་ཀུན་དང་ལྡན་བ་ཡིས། །ཅི་རིགས་བར་ནི་མཆོད་བྱས་ནས། །བསྒྲུབ་པའི་རྫས་རྣམས་ ཡོངས་གཟུང་བ། །དུས་མཚམས་དག་ལ་སྔ་དྲོ་བྱ། །གསང་སྔགས་ཉེ་བར་གྱུར་ནས་ནི། །གང་ཚེ་བཀའ་ལུང་གསལ་ཤེས་པ། །དེ་ཚེ་བསྒྲུབ་པའི་རྫས་གཟུང་བ། །མཁས་པ་དག་གིས་ལེགས་པར་བྱ། །ཁྲུས་བྱས་གཙང་ཞིང་སྨྱུང་ བྱས་ཏེ། །བཀྲ་ཤིས་ངོ་མཚར་དག་བྱས་ནས། །བློ་དང་ལྡན་པས་བདག་ཉིད་ཀྱིས། །བསྒྲུབ་པའི་རྫས་རྣམས་ཡོངས་སུ་གཟུང་། །འབྱུང་ཁུང་དག་ནས་ཅི་མཐོང་བ། །ལན་གཅིག་སྨྲ་བ་འཇིགས་མེད་པས། །ཁ་ཐབས་བཞིན་དུ་ཉོས་པ་ ཡི། །བསྒྲུབ་པའི་རྫས་ནི་ཡོངས་སུ་གཟུང་། །གང་ཚེ་སྒྲུབ་པའི་དུས་དག་ཏུ། །གསང་སྔགས་ཉེ་བར་གྱུར་ཤེས་པ། །དེ་ཚེ་བློ་དང་ལྡན་པ་ཡིས། །སྒྲུབ་པའི་རྫས་རྣམས་ཡོངས་སུ་གཟུང་། །ཡང་ན་མཁས་པས་རྫས་དག་ནི། །རྣམ་མང་ གཟུགས་དང་ལྡན་པ་དག །ལུང་གིས་དག་པར་རྣམ་ཤེས་པ། །དེ་དག་ཆོ་ག་བཞིན་དུ་གཟུང་། །རྫས་བཟང་གང་ཡང་རུང་བ་དག །ཆོ་ག་བཞིན་དུ་ཡོངས་བཟུང་ནས། །དེ་མ་ཐག་ཏུ་རབ་བསྒྲིམས་ཏེ། །བློ་དང་ལྡན་པས་སྒྲུབ་པ་བརྩམ། །རྫས་ ཡོངས་སུ་གཟུང་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་བསྒྲུབ་པའི་རྫས་རྣམས་ཀུན། །ཅི་རིགས་པར་ནི་རྣམ་པར་སྦྱང་། །བརྟག་པར་བྱ་བ་སྲ་བ་རྣམས། །བ་ཡི་སྣ་ལྔས་སྦྱང་བར་བསྒྲགས། །བ་ཡི་རྣམ་ལྔ་ཆ་མཉམ་པས། །ལྡོང་རོས་ 101-1-282b དག་ནི་བཏག་པར་བྱ། །འོ་མ་གཙང་མ་མང་པོ་ཡིས། །བ་ལ་ལེགས་པར་བཏག་པར་བྱ། །བ་གཅིན་མང་པོས་ལི་ཁྲི་སྟེ། །མར་མང་རྣམས་ཀྱིས་གི་ཝང་ངོ་། །འོ་མ་ཁ་དོག་ལྡན་བའི་རྫས། །ཨཉྫ་ན་ནི་འབའ་ཞིག་གོ། །རལ་གྲི་འཁོར་ ལོ་ལ་སོགས་རྫས། །བ་ཡི་ལྕི་བ་ཆུ་མང་བས། །ཤིང་དང་སེམས་ཅན་ལ་སོགས་རྫས། །ཐམས་ཅད་བ་ཡི་གཅིན་དང་ཆུས། །རི་དགས་ནག་པོའི་ལྤགས་ལ་སོགས། །བ་ཡི་གཅིན་དང་བསྐ་བས་བཀྲུ། །དེ་ལྟར་རྫས་རྣམས་བཀྲུས་ནས་ ནི། །སྤོས་ཆུ་དག་གིས་བཤལ་བར་བྱ། །བ་ཡི་གཅིན་དང་བཅས་པ་ཡི། །ཏིལ་དང་ཆུ་ཡིས་མ་ལུས་བཤལ། །རྫས་དང་མཐུན་བའི་སྤྱད་པའི། །འཇིག་རྟེན་ན་ནི་གང་གྲགས་པ། །དེ་དག་གིས་ནི་རྫས་སྦྱང་བའམ། །ཡང་ན་ཐམས་ ཅད་སྤོས་ཆུས་བྱ། །ལས་ཀུན་བྱེད་པའི་གསང་སྔགས་སམ། །རིགས་དང་རིགས་ཀྱི་སྙིང་པོ་ཡི། །གསང་སྔགས་རྫས་དང་མཐུན་པ་ཡིས། །ཐམས་ཅད་སྦྱང་བར་བྱ་བར་གྲགས། །ཐམས་ཅད་རིགས་ཀྱི་རིག་སྔགས་ཀྱིས། ། བསང་གཏོར་བྱས་ན་དག་པར་བཤད། །དང་པོ་བ་ཡི་རྣམ་ལྔས་བྱ། །དེ་ཡི་རྗེས་ལ་ཏིལ་གྱི་ཆུས། །ཐམས་ཅད་རབ་ཏུ་སྤྱད་བར་བྱ། །རྫས་སྦྱང་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། རྒྱན་དང་མཚོན་ཆ་གོས་ལ་སོགས། །རྫས་ཀྱི་ རིགས་སུ་གཏོགས་པ་ཀུན། །ཕལ་ཆེར་འཇིག་རྟེན་གྲགས་བ་ཡི། །ཚད་ཀྱང་གྲགས་པ་ཉིད་དུ་ཟད། །ལྡོང་རོས་དག་ནི་བཏགས་པ་ལས། །དངོས་གྲུབ་ཕྱིར་ནི་སྲང་ལྔའོ། །འབྲིང་པོ་ལ་ནི་སྲང་གསུམ་སྟེ། །ཐ་མ་དག་ལ་སྲང་གཅིག་ གོ། གི་ཝང་དག་ནི་སྲང་གཅིག་ཚད། །བབ་ལ་དག་ནི་སྲང་གཉིས་སོ། །ཨཉྫ་ན་ནི་ཞོ་དྲུག་སྟེ། །བ་མར་ལ་ནི་སྲང་བདུན་ནོ། །ཐལ་བ་ལ་ནི་སྲང་ལྔ་སྟེ། །གུར་གུམ་ལྡོང་རོས་དག་དང་མཉམ། །མི་སྣང་བ་ལ་བཤད་པ་ཡི། །རིལ་བུ་སྣ་ཚོགས་ ཡང་བྱས་ཏེ། །བྱེ་བྲག་ཏུ་ནི་གྲངས་བདུན་ནམ། །ཉི་ཤུ་གཅིག་གི་བར་དུ་ཤིས། །ཡང་ན་དགོས་པའི་དབང་གིས་སུ། །རྫས་རྣམས་ཚད་ལས་ལྷག་གྱུར་ཀྱང་། །བློ་དང་ལྡན་པས་སྒྲུབ་པ་ལ། །དེ་ཡི་ཚད་དུ་རྫས་རྣམས་གཟུང་། །སྔགས་རྒྱུད་ 101-1-283a གཞན་ལས་ཅི་གསུངས་དང་། །རང་གི་ཆོ་ག་ལས་གསུངས་དང་། །འཇིག་རྟེན་དག་ན་གང་ཤིས་པ། །དེ་དང་དེ་དག་ཡོངས་སུ་གཟུང་། །སྔོན་དུ་བསྙེན་པའི་ཚད་དང་ནི། །གྲོགས་པོ་རྣམས་ཀྱི་ཚད་དག་དང་། །རིག་སྔགས་ཀྱི་ནི་སྣང་བ་ལས། ། རྫས་ཀྱི་ཚད་ཀྱང་ཤེས་པར་བྱ། །རབ་དང་འབྲིང་པོ་ཐ་མ་ཡི། །དངོས་གྲུབ་དག་གི་བྱེ་བྲག་ལས། །རབ་དང་འབྲིང་དང་ཐ་མ་ཡི། །རྫས་ཀྱི་ཚད་ཀྱང་བཤད་པ་ཡིན། །རྫས་ཀྱི་ཚད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གང་ཞིག་གིས། ། དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །རྫས་སྒྲུབ་པ་ཡི་ཆོ་ག་དག །གསང་ཆེན་རྒྱས་པར་བཤད་པར་བྱ། །སྒྲུབ་པའི་ཕྱིར་ནི་དགོས་པ་རྣམས། །ཐོག་མར་ཡིད་ལ་ལེགས་བསམས་ཏེ། །བློ་དང་ལྡན་པས་ཡོ་བྱད་ནི། །ཐམས་ཅད་ལེགས་ པར་བསོག་པར་བྱ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །གསང་སྔགས་ཡོངས་སུ་ཚིམ་བྱས་ཏེ། །དབང་བསྐུར་ཆོ་ག་གསུངས་པའང་བྱ། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །དང་པོར་དཀྱིལ་འཁོར་བྲིས་ནས་སུ། །ཆོ་ག་བཞིན་དུ་ ལེགས་མཆོད་དེ། །དེར་ནི་བདག་ཉིད་ཚུལ་བཞིན་དུ། །དབང་བསྐུར་ནས་ནི་ལས་རྣམས་བརྩམ། །དེ་ནས་གཞན་ཡང་ཟློས་པ་དག །དངོས་གྲུབ་ཕྱིར་ནི་དབང་བསྐུར་བའི། །དཀྱིལ་འཁོར་ལས་རྣམས་ཀུན་བྱེད་པ། །གང་དག་རབ་ཏུ་བསྒྲགས་ བཤད་པ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི། །ཆོ་ག་གང་དག་སྔར་བསྟན་པ་། །དེས་ནི་ས་གཞི་སྦྱང་ལ་སོགས། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །ཁྲུ་ལྔའམ་བདུན་ནམ་བརྒྱད་པ་ལ། །གྲུ་བཞི་པ་ལ་སྒོ་བཞི་པ། །གྲྭ་བཞི་ལྡན་པར་ རྣམ་བརྟགས་པ། །ནུབ་ཏུ་སྒོ་གཏོད་སྒོ་ཁྱུད་ཅན། །དེ་ཡི་ཚད་ཀྱི་ཕྱེད་ཀྱི་ཆས། །དཀྱིལ་འཁོར་ཕྱི་རིམ་བསྐོར་བ་དག །ཚོན་རྩི་སྣ་ལྔའི་ཕྱེ་མ་ཡིས། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །མཁས་པས་དེ་ཡི་ནུབ་ཕྱོགས་སུ། །ཁྲུ་བཞི་ཡིས་ ནི་བར་བཅད་ནས། །ཁྲུ་ལྔའམ་བཞི་འམ་གསུམ་པ་ལ། །གྲྭ་བཞི་ཤར་དུ་སྒོ་ཡང་གདོད། །ཆོ་ག་བཟང་པོ་ཀུན་ལ་མང་། །སྒྲུབ་པོས་མངོན་པར་དབང་བསྐུར་ཕྱིར། །རྩ་བའི་དཀྱིལ་འཁོར་ཚད་དག་གི། །ཕྱེད་ཀྱི་ཚད་དུ་དཀྱིལ་འཁོར་བྱ། །ས་གཞི་ཤར་དུ་ 101-1-283b གཞོལ་བ་ལ། །ནུབ་བམ་བྱང་དུ་སྒོ་གཏོད་དོ། །ཀུན་ཀྱང་བྱང་དུ་གཞོལ་ན་ནི། །ནུབ་ཏུ་སྒོ་ཡང་གཏོད་པར་གསུངས། །ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང་། །ཚོན་སྣ་གཅིག་གིས་བྲི་བྱ་སྟེ། །ཕྱི་རོལ་གྱི་ནི་གྲྭ་བཞི་རུ། །རྡོ་རྗེ་རྩེ་མོ་གསུམ་པ་བྲི། ། གསང་སྔགས་ཀུན་ལ་ཐོག་མར་ནི། །དབུས་སུ་པད་མའི་སྙིང་པོར་བཅས། །འདབ་མ་བརྒྱད་པ་བྲིས་ནས་ཀྱང་། །དེ་ནས་བཀྲ་ཤིས་རྣམས་ཀྱིས་བརྒྱན། །སྒོ་རྣམས་ཀུན་ཏུ་རྡོ་རྗེ་དང་། །གྲྭ་རྣམས་སུ་ནི་བུམ་པ་དགོད། །ཕྱི་རོལ་དཀྱིལ་འཁོར་ དག་ལ་ཡང་། །ཆོ་ག་དེ་བཞིན་བྱ་བར་བཤད། །དབང་བསྐུར་བ་ཡི་དཀྱིལ་འཁོར་དུ། །བུམ་པ་གང་བ་བཞི་རྣམས་ནི། །གྲྭ་ཡི་རི་མོའི་ནང་རོལ་དུ། །ངེས་པ་ཉིད་དུ་བཞག་པར་བྱ། །དབུས་སུ་གསང་སྔགས་ཟློས་པ་པོའི། །རིག་སྔགས་ རྒྱལ་པོ་གང་ཡིན་པ། །དེ་ཡི་ཕྱག་རྒྱ་བྲིས་ནས་སུ། །དེ་ཡི་སྟེང་དུ་བུམ་པ་བཞག །ཇི་ལྟར་རིགས་ལ་རྣམ་བསྟན་པའི། །ཕྱག་རྒྱ་གཙུག་ཏོར་པད་མ་དང་། །རྡོ་རྗེ་འདི་གསུམ་རིམ་བཞིན་དུ། །རབ་ཏུ་གསང་བའི་དམ་པ་ཡིན། །ཕྱག་རྒྱ་རྣམས་ལ་ མ་གོམས་ན། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ལྷ་རྣམས་ཀུན་གྱི་ཕྱིར། །ཡུངས་ཀར་སྟེང་དུ་བུམ་པ་བཞག །སྣམ་བུའི་ཆ་ནི་ལེགས་ཕྱེ་ནས། །ཤར་དུ་བཅོམ་ལྡན་ཕྱག་རྒྱ་བཞག །དེ་ཡི་གཡོན་དུ་སྙིང་པོའོ། ། གཡས་སུ་རིགས་ཀྱི་ཡུམ་བཞག་གོ། །དེ་བཞིན་བྱང་དུ་ཆོ་ག་བཞིན། །པད་མ་འཆང་བ་གཞག་པར་བྱ། །ལྷོར་ནི་ཕྱག་ན་རྡོ་རྗེ་སྟེ། །ནུབ་ཏུ་ཚངས་པ་དྲག་པོའོ། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །ཀུན་དགའ་བོ་དང་རབ་འབྱོར་དང་། །མདུང་ ཐུང་དང་ནི་མཆེ་བ་དང་། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །དོན་གྲུབ་པ་དང་མཐུ་ཆེན་དང་། །དཔལ་མོ་དང་ནི་གོས་དཀར་ཅན། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། ། གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །རྡོ་རྗེ་རྡོ་རྗེ་དབྱུག་པ་དང་། །རྡོ་རྗེ་ཁུ་ཚུར་གནམ་ལྕགས་མ། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །དྲག་པོའི་གློར་ནི་དྲག་མོ་དང་། །ཚངས་པའི་གློར་ནི་དཔལ་ཆེན་དང་། ། 101-1-284a སྣ་ཚོགས་ལྷ་ཡི་ཚོགས་རྣམས་བྲི། །སྔོན་བཞིན་ཕྱི་རོལ་དཀྱིལ་འཁོར་དུ། །ཕྱོགས་མཚམས་སྐྱོང་བའི་ལྷ་ལ་སོགས། །ཕྱོགས་སྐྱོང་གོ་རིམ་བཞིན་དུ་དགོད། །ལྷག་མ་མ་སྨོས་པ་ཡང་དགོད། །ཀླུ་རྒྱལ་དགའ་བོ་བསྙེན་ དགའ་བོ། །སྒོ་ཡི་ངོས་སུ་གཞག་པར་བྱ། །མཛེས་དགའ་ཉེ་མཛེས་ཕྱི་རོལ་སྒོར། །མདུན་དུ་བདུད་རྩི་ཐབས་སྦྱོར་བཞག །དཀྱིལ་འཁོར་སྔ་མའི་ཆོ་ག་བཞིན། །མཆོད་སོགས་ཆོ་ག་གང་ཡིན་བ། །དེ་དག་བྱས་ནས་སྦྱིན་སྲེག་ ལས། །རྣམ་གསུམ་ཚུལ་བཞིན་ལེགས་པར་བརྩམ། །བགེགས་རྣམས་གཞོམ་ཕྱིར་དྲག་ཤུལ་སྤྱོད། །རང་གི་འབྱོར་ཕྱིར་རྒྱས་པར་བྱ། །ཞི་བའི་ཆེད་དུ་ཞི་བ་སྟེ། །ཇི་ལྟར་མཐོང་བཞིན་བྱ་བར་གསུངས། །རིགས་གསུམ་དག་གི་ སྤྱི་ལ་ཡང་། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ཐབས་སྦྱོར་བྱེད་པ་ཡི། །བགེགས་རྣམས་ལ་ནི་དྲག་ཤུལ་སྤྱད། །སྙིང་པོ་ཉིད་ཀྱིས་རྒྱས་པ་སྟེ། །ཞི་བའི་རིགས་ཀྱི་རིག་སྔགས་ཀྱིས། །ཡང་ན་ཀུན་ལ་ལས་ཀུན་ པའམ། །སོ་སོ་ཡི་ནི་ཆོ་གས་བྱ། །དཀྱིལ་འཁོར་བཤད་པའི་ཆོ་ག་བཞིན། །མཁས་པས་སྒོ་ཡི་གཡས་རོལ་དུ། །མར་སོགས་སྦྱིན་སྲེག་རྫས་དག་ལས། །སྦྱིན་སྲེག་གི་ནི་ལས་བྱའོ། །ལས་རྣམས་གསུམ་པོ་དག་ལ་ཡང་། ། མཁས་པས་གསང་སྔགས་རྣམ་གསུམ་གྱིས། །རིམ་པ་བཞིན་དུ་བརྒྱ་བརྒྱ་འམ། །ཡང་ན་ལྷག་པར་སྦྱིན་སྲེག་བྱ། །རིག་སྔགས་བདག་པོར་བཅས་པ་རྣམས། །ཚིམ་པར་བྱ་ཕྱིར་སྒྲུབ་པ་པོས། །རིགས་དང་རིགས་ལ་ སྦྱིན་སྲེག་བརྒྱའམ། །ཡང་ན་སོ་སོར་བདུན་བདུན་བྱ། །སྒྲུབ་པའི་རིག་སྔགས་གང་ཡིན་དེ། །རང་གི་བདག་པོའི་མདུན་དུ་བཞག །འཕྲོག་མ་དང་ནི་རི་མཁར་མ། །དུང་ཅན་མ་དང་ལྷ་མོ་དྲག །རལ་པ་གཅིག་མའམ་ཕྱོགས་ བཞིན་དུ། །མཆོད་བར་འདོད་པས་མཆོད་པ་བྱ། །ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ། །སྦྱིན་སྲེག་ཅི་དགར་བྱས་ནས་ནི། །སྔར་བཀོད་པ་ཡི་བུམ་པ་ལ། །རང་གི་སྔགས་ཀྱིས་མངོན་བར་བསྔགས། །ལྷ་ཡི་མདུན་ན་གང་འདུག་པ། ། 101-1-284b གཅིག་ནི་རང་གི་སྔགས་ཀྱིས་བཟླས། །དཀྱིལ་འཁོར་དབུས་ན་གང་འདུག་པ། །རིག་པའི་རྒྱལ་པོས་བཟླས་བརྗོད་བྱ། །སྒོ་ཡི་དྲུང་ན་གང་འདུག་པ། །རྡོ་རྗེ་ཁྲོ་བོས་བཟླས་བརྗོད་བྱ། །སྙིང་པོའི་རིགས་ཀྱི་རིག་སྔགས་ ཀྱིས། །ཤར་གྱི་གྲྭ་གཉིས་བཟླས་བརྗོད་བྱ། །ལས་ཀུན་བྱེད་པའི་གསང་སྔགས་དང་། །དེ་བཞིན་གསང་སྔགས་གཞན་ཀུན་གྱིས། །ནུབ་ཀྱི་གྲྭ་གཉིས་འདུག་པ་ཡི། །བུམ་པ་ལ་ནི་ཚུལ་བཞིན་བཟླས། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ ཀུན། །བཟླས་ཤིང་ཚུལ་བཞིན་སྦྱིན་སྲེག་ནས། །ཅི་ནུས་པར་ནི་ལེགས་མཆོད་དེ། །དེ་ནས་རབ་ཏུ་བསྐོར་བར་བྱ། །དབང་བསྐུར་ཆེད་དུ་ཆོ་ག་གང་། །དཀྱིལ་འཁོར་དག་ཏུ་ཀུན་བཤད་པ། །བཀྲ་ཤིས་ལ་སོགས་དེ་དག་ནི། །འདིར་ཡང་ནན་ ཏན་བསྐྱེད་དེ་བྱ། །བུམ་པ་བཟང་པོ་རིན་ཆེན་བཅས། །འབྲུ་དང་བཅས་ཤིང་སྨན་དང་བཅས། །མེ་ཏོག་འབྲས་བུ་ལོ་མར་བཅས། །ཆུར་བཅས་མགུལ་ཆིངས་ཕྲེང་བ་ཅན། །དེ་ཡི་ལས་རྣམས་ཐམས་ཅད་ལ། །དང་པོར་དབང་ནི་བསྐུར་ བར་གསུངས། །ཟློས་པ་པོའི་གྲོགས་པོ་ནི། །སྨྱུང་བར་གནས་པ་དབང་བསྐུར་རོ། །ཡང་ན་རང་གི་བླ་མ་ནི། །ལུང་ལ་ལྷག་པར་མཁས་པས་བྱ། །ཡོན་ཏན་ལྡན་ཞིང་དཀའ་ཐུབ་ཅན། །མཁས་པས་ལས་འདི་བྱེད་དུ་གཞུག །དང་པོ་ བགེགས་རྣམས་བསལ་བའི་ཕྱིར། །དབང་བསྐུར་བ་ནི་རབ་ཏུ་སྦྱར། །བར་དུ་བར་མ་དག་གིས་ནི། །མཇུག་དུ་རང་གིས་བཟླས་པར་བྱ། །ཡུངས་ཀར་བཟླས་བརྗོད་བྱས་པ་དང་། །གི་ཝང་དྲི་དང་བདུག་སྤོས་སོགས། །སྲད་བུ་གདུ་བུ་གོས་ རྣམས་ཀྱང་། །འདིར་ནི་ཀུན་ཏུ་བཅང་བར་བྱ། །དབང་བསྐུར་ཟིན་ནས་བདག་ཉིད་ཀྱིས། །ཞི་བའི་སྦྱིན་སྲེག་ལས་བྱས་ནས། །དོགས་པ་མེད་པར་ཆོ་ག་བཞིན། །སླར་ཡང་གཤེགས་སུ་གསོལ་བར་བྱ། །ཡང་ན་ས་ཕྱོགས་མཉམ་བཟང་བར། ། སྟེགས་བུ་ཁྲུ་དོ་གྲུ་བཞི་ལ། །ཚོན་སྣ་གཅིག་གིས་རྒྱས་པ་དང་། །ཆུང་ངུར་ལེགས་པར་བྲི་བར་བྱ། །ཕྱག་རྒྱ་གསུམ་པོ་ཕྱོགས་བཞིན་དུ། །དེ་བཞིན་ནུབ་ཏུ་མདུང་རྩེ་གསུམ། །དེ་ཡི་དབུས་ཀྱི་བུམ་པ་ཡིས། །དབང་བསྐུར་ཕྱིར་ནི་སྔོན་བཞིན་ 101-1-285a བྱ། །མདོར་བསྡུས་ཆོ་ག་འདི་ཡིས་ཀྱང་། །བདག་ཉིད་དབང་བསྐུར་བྱས་པར་འགྱུར། །དེ་ལྟར་བྱས་ན་བགེགས་མེད་པ། །འདི་ནི་ཟློས་པའི་གསང་ཆེན་ཡིན། །ལྷ་རྣམས་བྱིན་གྱིས་རློབ་པ་དང་། །བགེགས་རྣམས་རབ་ཏུ་ཞི་བར་འགྱུར། །ཚེ་དང་ བསོད་ནམས་མངོན་པར་འཕེལ། །སྡིག་པ་རྣམ་པར་བྱང་བར་འགྱུར། །དེ་ཕྱིར་ཟློས་པ་ཚུལ་ཤེས་པས། །ཆོ་ག་རྒྱས་པ་ཤེས་བྱས་ནས། །བསྒྲུབ་པའི་ཕྱིར་ནི་དབང་བསྐུར་བ། །གསང་བ་འདི་ནི་ཀུན་དུ་སྤྱད། །དབང་བསྐུར་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་སྔགས་སྒྲུབ་པས། །ཉིན་རེ་ཞིང་ཡང་དུས་གསུམ་དུ། །སྔགས་དང་རྗེས་སུ་འཐུན་བ་ཡི། །སྦྱིན་སྲེག་ལས་ནི་གསུངས་པ་བརྩམ། །ཆོ་ག་བཞིན་དུ་ཏིལ་ནག་དང་། །ཞོ་དང་སྦྲང་རྩི་མར་སྦྱར་འམ། །ལག་བན་གྱི་ནི་སྦྱིན་ སྲེག་བྱ། །ཞག་གྲངས་ཉི་ཤུ་རྩ་གཅིག་གམ། །ཞག་བདུན་ཡང་ན་ཟླ་གཅིག་ཏུ། །གསང་སྔགས་དངོས་གྲུབ་རྗེས་མཐུན་པར། །ཆོ་ག་འདི་ནི་བྱ་བར་བསྟན། །དེ་ལ་བདུག་ཅིང་བསང་གཏོར་བྱ། །ཡིད་ལ་བཟླས་ཤིང་བལྟ་བར་བྱ། །བསང་བྱེད་ བཅས་པའི་ལག་པ་ཡིས། །གསང་སྔགས་བཟླས་ཤིང་བྲིམ་པར་བྱ། །གི་ཝང་ཆུ་དང་ཡུངས་ཀར་གྱིས། །བྱེ་བྲག་ཏུ་ཡང་བསང་གཏོར་བྱ། །རྫས་ལ་དུས་ཚིགས་དུས་ཚིགས་སུ། །ཇི་ལྟར་རིགས་པར་མཆོད་པར་བྱ། །ཡར་གྱི་ངོ་ལ་སྒྲུབ་ འོས་པ། །མཁས་པས་ཟླ་བ་ཉ་ལ་བྱ། །མར་གྱི་ངོ་ལ་སྒྲུབ་འོས་པ། །མར་གྱི་ངོ་ཡི་བཅུ་བཞི་ལ། །མཁས་པས་རིགས་ཀྱི་རིག་སྔགས་ཀྱིས། །རྫས་རྣམས་བྱིན་ནི་བསྐྱེད་པར་བྱ། །དྲི་དང་བདུག་སྤོས་ཕྲེང་སོགས་ཀྱིས། །ཁྱད་བར་དུ་ནི་ མཆོད་པར་བྱ། །ལག་ངར་གདུ་བུ་བཏགས་པ་ཡིས། །ལག་མཐིལ་དྲི་ཡིས་བསྐུས་པ་ཡིས། །ལག་པས་མཚན་གཅིག་ཐལ་བྱུང་དུ། །ཉི་མ་ཤར་གྱི་བར་དུ་བཟླས། །དེ་ཉིད་ཀྱི་ནི་ནུབ་མོ་ཡང་། །སོ་སོའི་རིགས་ཀྱི་གསང་སྔགས་ནི། །རྫས་ རྣམས་བྱིན་བསྐྱེད་བྱེད་པ་འདིས། །དུས་གསུམ་དུ་ནི་བརྒྱ་བརྒྱ་བཟླས། །དེ་ལྟར་བློ་དང་ལྡན་བ་ཡིས། །རྫས་དེ་ཡོངས་སུ་བཟུང་བ་ནས། །མ་གྲུབ་བར་དུ་དུས་གསུམ་བཟླས། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །ཨོཾ་ཏེ་ཛ་ཏེ་ཛ་ས་ནི་སིདྡྷི་སཱ་དྷཱ་ 101-1-285b ཡ་ཧཱུྃ་ཕཊ། །དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་དཱི་པྱ་དཱི་པྱ། དཱི་པ་ཡ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་སྭཱ་ཧཱ། པད་མའི་རིགས་ལའོ། །ཨོཾ་ཛྭ་ལ་ཛྭ་ལ། ཛྭ་ལ་ཡ་བནྡུ་རི་ཧཱུྃ་ཕཊ། རྡོ་རྗེའི་རིགས་ལའོ། །ཀ་ར་བཱི་ར་དམར་པོ་འམ། །མེ་ཏོག་མ་ ལ་ཏི་ཡང་རུང་། །ཡང་ན་ཡུངས་ཀར་དག་གིས་བྱ། །རྫས་ལ་ལེགས་པར་འཕང་བར་བྱ། །ཐོག་མ་བར་རམ་མཐའ་མར་རམ། །མཚན་མ་བྱུང་བའི་ཚེ་ན་ཡང་། །སྒྲུབ་པ་རྩོམ་པའི་བར་བར་དུ། །འཕངས་ན་རྫས་ཀྱི་བྱིན་བསྐྱེད་འགྱུར། ། དུས་དེ་རྣམས་སུ་ཆོ་ག་བཞིན། །སྤོས་ཆུ་བཟླས་བརྗོད་བྱས་བ་འམ། །མར་ལ་སོགས་པས་ཅི་རིགས་སུ། །བསང་གཏོར་བྱས་བས་བྱིན་བསྐྱེད་དོ། །གལ་ཏེ་རྫས་རྣམས་མ་གྲུབ་ན། །ཆོ་ག་དེ་ཉིད་བྱ་བར་བཤད། །ཡང་ན་དཀྱིལ་ འཁོར་འདི་བྲིས་ནས། །ཆོ་ག་ཤེས་པས་བྱིན་བསྐྱེད་དོ། །ཚོན་རྩི་སྣ་ལྔའི་ཕྱེ་མ་ཡིས། །དཀྱིལ་འཁོར་སྔ་མ་བཞིན་དུ་བྲི། །གྲུ་བཞི་པ་ལ་སྒོ་གཅིག་པ། །ཁྲུ་བཞི་པ་ཡི་ཚད་དུ་བྱ། །དང་པོར་ཤར་དུ་འཁོར་ལོ་དང་། །ངོས་སུ་ཆོས་གོས་ ལྷུང་བཟེད་བཞག །དེ་ནས་བྱང་དུ་པད་མ་དང་། །རིལ་བ་སྤྱི་བླུགས་དབྱུག་པ་བཞག །དེ་བཞིན་ལྷོར་ནི་འཁོར་ལོ་དང་། །ངོས་སུ་དབྱུག་ཏོ་བུམ་པ་བཞག །ཕྱག་རྒྱ་ཐམས་ཅད་སྟེགས་བུ་ལ། །བཞག་ཅིང་ཁ་དོག་དཀར་པོར་བྱ། ། རང་གི་ཕྱག་རྒྱ་བཀོད་ནས་སུ། །རྫས་ནི་སྣོད་དང་བཅས་པ་བཞག །དེ་སྟེང་བཞག་པའི་རྫས་ལ་ནི། །སྔགས་ཀྱིས་སྔོན་བཞིན་བྱིན་བསྐྱེད་དོ། །དེ་བཞིན་གཤེགས་པའི་མདུང་ཐུང་དང་། །རིག་སྔགས་གྲུབ་པའི་སྤྱན་དང་ནི། །གསང་ སྔགས་དབང་ཕྱུག་གཟི་བརྗིད་གཏེར། །དེ་བཞིན་གཞན་གྱིས་མི་ཐུབ་པ། །ཕྱག་དྲུག་པ་དང་རྟ་མགྲིན་དང་། །སྒྲོལ་མ་ལྷ་མོ་ཟླ་བ་དང་། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་དང་། །ངོས་སུ་ཀི་ལི་གནོད་མཛེས་དང་། །རིག་སྔགས་ཆེན་མོ་མཱ་མ་ཀཱི། ། གོས་དཀར་ཅན་མ་གང་ཡིན་དང་། །རིག་སྔགས་གཞན་གྱིས་མི་ཐུབ་མ། །དེ་དག་ནུབ་ཀྱི་ཕྱོགས་སུ་དགོད། །བགེགས་རྣམས་ཐམས་ཅད་སེལ་བྱེད་པ། །བདུད་རྩི་ཐབ་སྦྱོར་བཞག་པར་བྱ། །སྒོ་ཡི་ཕྱོགས་སུ་རང་གི་རྒྱ། །སྔ་མ་ 101-1-286a བཞིན་དུ་ཆོ་གས་མཆོད། །ཕྱོགས་ཆའི་དབྱེ་བ་ཤེས་པ་ཡིས། །གོ་རིམས་བཞིན་དུ་གྲྭ་ཀུན་ཏུ། །ལས་ཀུན་བྱེད་པའི་གསང་སྔགས་དང་། །ལུས་ངན་པོ་ཡང་རིམ་བཞིན་དུ། །རྫས་ཀྱི་ཁྲི་ཡི་ཤར་ཕྱོགས་སུ། །བསྒྲུབ་པར་བྱ་བའི་ ལྷ་ཉིད་གཞག །རིགས་དང་རིགས་ཀྱི་ཕྱག་རྒྱ་ནི། །སྣ་ཚོགས་ཅ་འདོད་པ་ཡང་གཞག །སོ་སོ་ཡི་ནི་གསང་སྔགས་ཀྱིས། །ཆོ་ག་བཞིན་དུ་སྤྱན་དྲངས་ནས། །མཆོད་པའི་ཆོ་ག་ཐམས་ཅད་ནི། །དཀྱིལ་འཁོར་སྔར་བསྟན་བཞིན་ དུ་བྱ། །རིག་སྔགས་སོ་སོར་ཇི་ལྟ་བར། །གསང་སྔགས་གསུངས་པའམ་རིག་སྔགས་ཀྱིས། །ཁྱད་པར་དུ་ནི་སྦྱིན་སྲེག་བྱ། །དེ་ནས་ཆོ་ག་འདི་དག་བྱ། །དང་པོ་སྦྱིན་སྲེག་ལས་དག་གིས། །རྫས་རྣམས་ལེགས་པར་བྱིན་ཡང་ བསྐྱེད། །ཀུན་ལ་རིགས་ཀྱི་རིག་སྔགས་ཀྱིས། །བསྔགས་ཤིང་མཇུག་ཏུ་བསང་གཏོར་བྱ། །མཱ་མ་ཀཱི་ཡི་སྙིང་པོ་དང་། །རིགས་དབང་ཡི་གེ་བཞི་བཅས་པ། །དེ་དག་གིས་ནི་བྱེ་བྲག་ཏུ། །བྱིན་བསྐྱེད་ཆོ་ག་བྱ་བར་བཤད། །ན་མོ་ལོ་ག་ དྷ་ཏྲ་ཡེ། ན་མཿཤྃ་ཀ་རེ་ཤཱནྟི་ཀ་རེ། གྷུཊ་གྷུཊ་གྷུ་ཊི་ནི། གྷ་ཊ་ཡེ། གྷུ་ཊི་ནི་སྭཱ་ཧཱ། མཱ་མ་ཀཱི་ཡི་རིག་སྔགས་སོ། །ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། མཱ་མ་ཀཱི་ཡི་སྙིང་པོའོ། །ཨོཾ་བཛྲ་ཧཱུྃ་དྷ། རིག་པའི་དབང་པོའི་འོ། །ཨོཾ་ཛྭ་ལ་ཛྭཱ་ལ་ཡཱ། རྒྱལ་ བ་རྣམས་ཀྱིའོ། །སིདྡྷི་སཱ་དྷ་ཡ། བར་མ་རྣམས་ཀྱིའོ། །དཱི་པྱ་དཱི་པ་ཡཱ། གསང་སྔགས་བར་མ་རྣམས་ཀྱི་ཡིན་ཏེ། རྫས་གཟེངས་བསྟོད་པའོ། །ཕན་ཅེས་བྱ་བ་ནི་ཐམས་ཅད་ལའོ། །གཟི་བརྗིད་ལྡན་བས་རྫས་ནང་དུ། །ཕྱི་བཤོལ་ མ་མཛད་བཞུགས་ནས་སུ། །ཀུན་གྱི་གཟི་བརྗིད་སྤེལ་བ་དང་། །བྱིན་བརླབས་ཅན་དུ་མཛད་དུ་གསོལ། །དེ་ལ་སོགས་པའི་ཚིག་གི་རྣམས། །ཟློས་བུ་དང་ནི་མ་འདྲེས་དང་། །བསྣོར་བ་ཡིས་ཀྱང་ཅི་འདོད་པ། །མཁས་པས་རྫས་ཀྱི་བྱིན་ བསྐྱེད་དོ། །ཀ་ར་བཱི་རའི་མེ་ཏོག་ནི། །དམར་པོ་དག་དང་ཡུངས་ཀར་དང་། །དེ་ནས་སྣ་མའི་མེ་ཏོག་གིས། །རིམ་པ་བཞིན་དུ་རྫས་བྱིན་བསྐྱེད། །ཐོག་མར་དྲི་ཡིས་བྱུག་པར་བྱ། །དེ་ནས་མེ་ཏོག་ཡུངས་ཀར་གྱི། །བདུག་སྤོས་ཀྱིས་ཀྱང་རྣམ་པར་ 101-1-286b བདུག །སྤོས་ཆུ་ཡིས་ཀྱང་བསང་གཏོར་བྱ། །དུས་གསུམ་དུ་ནི་སྤོས་ཀྱི་ཆུས། །རང་སྔགས་བདག་པོའི་གསང་སྔགས་ཀྱིས། །བསང་གཏོར་བྱ་ཞིང་རང་སྔགས་ཀྱིས། །སྐབས་སྐབས་སུ་ནི་བཟླས་བརྗོད་བྱ། །ཉི་མ་ཤར་གྱི་བར་དུ་ཡང་། ། བྱིན་བསྐྱེད་པ་ཡི་ཆོ་ག་བྱ། །ཆོ་ག་འདིས་ནི་རིག་སྔགས་རྣམས། །ཟློས་པ་པོ་ལ་མྱུར་དུ་འགྲུབ། །དེ་ལྟར་བྱིན་ནི་བསྐྱེད་པའི་རྫས། །བསྟན་ཞིང་མྱུར་དུ་འགྲུབ་པར་འགྱུར། །སྒྲུབ་པའི་རྫས་ནི་ཉུང་ཏུས་ཀྱང་། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། ། མངོན་བར་འཕེལ་ཞིང་གཟི་བྱིན་དང་། །རྣམ་པར་དག་པ་མངོན་དུ་འགྱུར། །ཆོ་ག་འདི་ཡིས་རྫས་རྣམས་ལ། །རྟག་ཏུ་བྱིན་ཡང་བསྐྱེད་བར་བྱ། །བསྒྲུབ་བར་བྱ་བའི་ལས་རྣམས་ཀུན། །ཡོངས་སུ་བཟུང་བ་བྱས་ནས་ཀྱང་། །ཆོ་ག་གསང་བར་ བསྟན་པ་འདིས། །རྫས་རྣམས་ཀུན་གྱི་བྱིན་ཡང་བསྐྱེད། །རྟག་ཏུ་དུས་དང་དུས་མཚམས་ལ། །དེ་ལྟ་བུར་ནི་བྱིན་བསྐྱེད་དེ། །དེ་ནས་ཕྱིས་ནི་མཚན་གཅིག་ཏུ། །བསྒྲུབ་བ་ལེགས་པར་བརྩམ་བར་བྱ། །རྫས་བྱིན་བསྐྱེད་པའི་ཆོ་ག་རིམ་ པར་ཕྱེ་བའོ།། །། དེ་ནས་གཞན་ཡང་ཅི་མཐོང་བའི། །དུས་བཟང་ཡོན་ཏན་ལྡན་བ་ལ། །བསྒྲུབ་པའི་ཕྱིར་ནི་མཁས་པ་ཡིས། །ཆོ་ག་བཞིན་དུ་བརྩམ་པར་བྱ། །དགུན་ཟླ་ཐ་ཆུངས་སྟོན་ཟླ་འབྲིང་། །དཔྱིད་ཟླ་ར་དང་འབྲིང་པོ་དང་། །དབྱར་ཟླ་ར་བ་ཉ་ དག་ལ། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །དབྱར་ཟླ་ར་བ་རྟག་ཏུ་འབབ། །དཔྱིད་ཟླ་འབྲིང་པོ་རླུང་གིས་འཁོར། །དཔྱིད་ཟླ་ར་བ་སྣ་ཚོགས་བགེགས། །དགུན་ཟླ་ར་བ་བགེགས་མེད་དོ། །སྟོན་ཟླ་འབྲིང་པོ་གློག་འགྱུ་ཞིང་། །སྒྲ་ཆེན་རྣམས་ཀྱང་འབྱུང་ བར་འགྱུར། །བགེགས་ནི་འགྲུབ་པའི་མཚན་མ་བས། །དེ་ལྟར་དེ་དག་བརྟག་པར་བྱ། །ཟླ་བ་ལྔ་པོ་དེ་དག་ལ། །དངོས་གྲུབ་རབ་ནི་འགྲུབ་པར་བྱ། །ཞི་བ་ཡི་ནི་ལས་རྣམས་ཀྱང་། །དེ་དག་ཉིད་ལ་ལེགས་བར་བརྩམ། །ལྔ་པོ་མར་གྱི་ཟླ་ཕྱེད་ ཀྱི། །དུས་ཚིགས་རྣམས་སུ་གང་བསྒྲགས་པ། །དེ་ལ་འབྲིང་དང་ཐ་མ་ཡི། །དངོས་གྲུབ་བསྒྲུབ་པར་རབ་ཏུ་ཤིས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །རྫས་ཀྱི་དམ་པ་བསྒྲུབ་པར་བྱ། །ཉི་མ་གཟས་ཟིན་ཚེ་ན་ཡང་། །མཁས་པས་ལས་རྣམས་ 101-1-287a བསྒྲུབ་པར་བྱ། །ཚེས་ལྔ་དང་ནི་ཚེས་བདུན་དང་། །ཚེས་གཅིག་དང་ནི་ཚེས་གསུམ་དང་། །ཚེས་གྲངས་བཅུ་གསུམ་དག་ལ་ཡང་། །ལས་རྣམས་ཐམས་ཅད་བྱ་བར་ཤིས། །ཚེས་གྲངས་སྐར་མ་དང་ལྡན་ན། །མཆོག་ཏུ་འགྱུར་བར་ཤེས་བར་བྱ། ། ཕ་ལོ་དག་ལ་ནི་བྱེ་བྲག་ཏུ། །སྐར་མ་རྒྱལ་ནི་ཀུན་ལ་ཤིས། །གཟའ་དང་ཡུད་ཙམ་བྱེད་པ་དང་། །དྲག་པོ་དྲག་པོའི་ལས་ལའོ། །རང་གི་ཆོ་གས་གསུངས་པ་འམ། །ལྷ་རྣམས་ཀྱིས་ནི་བསྐུལ་བའང་རུང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ལས་ རྣམས་ཐམས་ཅད་རབ་ཏུ་ཤིས། །བཀའ་ལུང་སྩལ་བའི་ཚེས་གྲངས་སམ། །ཚེས་གྲངས་བཅུ་གསུམ་པ་ཡང་རུང་། །ཞི་བ་ཕལ་ཆེར་སྟོན་ངོ་ལ། །དེ་བཞིན་རྒྱས་པ་དགུན་ངོ་ལ། །དཔྱིད་སྨན་དྲག་ཤུལ་ཆོ་ག་བཞིན། །བསྒྲུབ་པ་ དག་ནི་རབ་ཏུ་ཤིས། །དཔྱིད་སྟོད་ལས་རྣམས་ཐམས་ཅད་བྱ། །དབྱར་གྱི་ངོ་ལ་ལས་རྣམས་བྱ། །སྟོན་དང་དགུན་དང་དཔྱིད་སྨད་ནི། །འབྲིང་དང་རབ་དང་ཐ་མའོ། །གསུམ་དུ་ཕྱེ་བ་དེ་ལ་ཡང་། །གསུམ་གསུམ་དག་ཏུ་དབྱེ་བར་བཤད། ། དུས་གསུམ་དག་གི་དངོས་གྲུབ་ཀྱང་། །ཕལ་ཆེར་རྣམ་པ་གསུམ་དུ་བཤད། །དང་པོ་སྲོད་ཀྱི་དུས་ལས་ཏེ། །འབྲིང་པོ་ནམ་གྱི་ཕྱེད་ནའོ། །རབ་ཀྱི་དུས་ནི་ནང་པར་ཏེ། །དེར་ནི་དངོས་གྲུབ་རིམ་བཞིན་འགྱུར། །ཞི་དང་དྲག་ཤུལ་རྒྱས་བའི་ ཡི། །དུས་ཀྱང་དེ་དག་ཡིན་བར་བསྒྲགས། །ཐ་མ་འབྲིང་དང་རབ་རྣམས་ཀྱི། །ཆོ་གའི་རིམ་པ་དེ་དག་ཉིད། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་རྣམས་ཀྱི་མཚན་མ་ལ། །རིམ་པ་ཅི་ལྟར་མཐོང་བ་བཞིན། །བྱེ་བྲག་རྣམ་གསུམ་ ཤེས་བར་བྱ། །ཉི་མ་ཟླ་བ་གཟས་ཟིན་ལ། །དུས་ནི་གང་ཡང་ངེས་པ་མེད། །དྲག་ཤུལ་སྤྱོད་པ་ཁྱད་པར་དུ། །གཟས་ཟིན་ཚེ་ནི་བྱ་བར་བཟང་། །རབ་ལ་སོགས་པའི་བྱེ་བྲག་ལས། །ཞག་གསུམ་ཡང་ན་ཞག་གཉིས་སམ། ། ཡང་ན་ཞག་གཅིག་ཏུ་ཡང་རུང་། །སྨྱུང་བར་བྱ་བ་རབ་ཏུ་བཤད། །སྒྲུབ་བའི་དུས་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་རྟོག་པ་ལས། །ཇི་སྐད་བསྟན་པའི་ཆོ་ག་བྱ། །ངལ་བར་ཐལ་བའི་སྐྱོན་ཡོད་པས། །སྨྱུང་བར་བྱ་བ་མི་ཤིས་སོ། ། 101-1-287b དེ་ཡི་བར་དུ་བསྒྲུབ་པ་པོས། །བསྙེན་པ་དང་ནི་མཆོད་པ་དང་། །སྦྱིན་སྲེག་ཆོ་ག་བསྟོད་པ་དང་། །དགེ་བ་དག་ལ་བརྩོན་བར་བྱ། །ལན་བརྒྱར་མངོན་བར་བསྔགས་པ་ཡི། །བུ་མོས་བཀལ་བའི་སྐུད་པ་ནི། །མང་དུ་བསྒྲིལ་ཅིང་སྤོས་ བསྐུས་པ། །མདུད་པ་བདུན་ནི་བོར་བ་ལ། །སྒྲུབ་པ་པོས་ནི་གསང་སྔགས་འདིས། །བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་ནས། །སྲོད་ལ་སྐེད་པར་བཅིངས་ན་ནི། །ཁུ་ཆུ་དགག་བར་བྱས་པར་འགྱུར། །ཨོཾ་ཛ་ཡེ་ཀུ་མ་རི་ཤུ་ཀྲ་བནྡྷ་ནི་སྭཱ་ཧཱ། ཨོཾ་རཀྵ་ཀུ་རུ་ཀུ་རུཾ་གི་ན་སྭཱ་ཧཱ། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ་སྭཱ་ཧཱ། བདེ་གཤེགས་སྔགས་པ་གཞོན་ནུ་མས། །པད་མ་འཛིན་ལ་ཀུ་རུང་གིས། །རྡོ་རྗེའི་རིགས་ལ་མཱ་མ་ཀཱིས། །ཆོ་ག་བཞིན་དུ་ཁུ་ཆུ་དགག །ཚུར་སྤྱོན་ཚུར་སྤྱོན་ བརྟུལ་ཞུགས་བཟང་། །བདག་གི་ལུས་ལ་མྱུར་ཞུགས་ནས། །རྐང་གི་བར་དུ་གནས་ནས་སུ། །འདིར་ནི་ཡུན་རིང་རྒྱུ་བར་མཛེད། །རིག་སྔགས་བཤད་པ་འདི་གསུམ་ནི། །ཐམས་ཅད་ཀྱི་ནི་སྤྱིར་ཡིན་ནོ། །ཁ་ཅིག་ཏུ་ནི་རྟོག་ པ་ལས། །གསུངས་བའི་སྔགས་ཀྱིས་ཆོ་ག་བྱ། །དཀྱིལ་འཁོར་དག་ནི་འདྲི་བ་དང་། །བསྙེན་པ་དང་ནི་དུས་ཚིགས་དང་། །བྱིན་བསྐྱེད་ལ་སོགས་ཆོ་ག་ཡང་། །ཉི་མ་རེ་རེ་བཅིང་བར་བྱ། །ཐོག་མར་ལན་བརྒྱ་བསྔགས་པ་ཡི། ། མིག་སྨན་གྱིས་ནི་གཉིད་ཀྱང་བསལ། །སྒྲུབ་པའི་ཚེ་ཡང་མིག་སྨན་དེ། །ལེགས་པར་བསྐུ་བར་བྱ་བར་བསྒྲགས། །སུག་སྨེལ་ག་པུར་སྲོ་ཏན་ཙ། །ཤིང་ཚ་ཏ་གར་པི་པི་ལིང་། །ཁ་ར་ཏ་ཡི་ཁ་ཆུར་སྦྱར། །གཉིད་དང་སྙོམ་ དང་འཇིགས་བ་སེལ། །འཐོར་འཐུང་ཡང་དང་ཡང་བྱས་ཏེ། །ཁ་གདོང་བཀྲུས་ནས་མིག་བཀྲུའོ། །མིག་སྨནོ་བསྐུས་པའི་མིག་དེས་ནི། །སྒྲུབ་པའི་ཚེ་ན་བགོགས་ཀྱང་མཐོང་། །ༀ་ཛྭ་ལ་ལོ་ཙ་ནི་སྭཱ་ཧཱ། །དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་བི་ལོ་ཀི་ན་སྭཱ་ཧཱ། །པདྨའོ་རགས་ལའོ། ། ཨོཾ་བནྡུ་ནི་ར་དྷི་བ་ཏེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །རིགས་གསུམ་གྱི་མིག་སྨན་བསྐུ་བའི་རིག་སྔགས་སོ། །ངལ་དང་རྨྱ་བ་བསལ་བའི་ཕྱིར། །སྤོས་ཀྱི་ཆུ་ནི་ཁྱོར་གང་ཙམ། །དྲི་ཞིམ་བདུན་བདུན་བཟླས་པ་དག །ཁྱོར་བ་ཉིད་ཀྱིས་བཏུང་བར་བྱ། །དེ་ནས་ཉེ་རིག་བྱས་ནས་ནི། ། 101-1-288a བློ་དང་ལྡན་པས་མཚན་མ་བརྟག །མཚན་མ་བཟང་པོ་མཐོང་ནས་ནི། །བསྒྲུབ་པ་གུས་པ་བརྩམ་པར་བྱ། །འཁོར་ལོ་དུང་དང་ལྕགས་ཀྱུ་ཉ། །གཡུང་དྲུང་པད་མ་རྒྱལ་མཚན་དང་། །བཀྲ་ཤིས་བུམ་པ་གང་བ་དང་། །དཔལ་བེའུ་རྡོ་རྗེ་ ཕྲེང་བ་དང་། །བུ་མོ་རྒྱན་གྱིས་བརྒྱན་པ་དང་། །སྦྲུམ་མའམ་ཕང་ན་བུ་ཐོགས་བང་། །ན་ཆུང་དགའ་ཞིང་རྒྱགས་པ་དག །གང་ཞིག་དེ་ཡིས་འགྲུབ་པར་སྟོན། །བྲམ་ཟེ་གོས་དཀར་གྱོན་པ་དང་། །ཤིང་རྟ་གླང་པོ་རྟ་དག་དང་། །རྩ་རྡོག་འབྲས་བུ་སྣ་ཚོགས་ དང་། །ངོ་མཚར་ཆེ་ཞིང་མཐོང་བ་དག །འབྲུག་གི་སྒྲ་ནི་གྲག་པ་དང་། །རིག་བྱེད་དབྱངས་དང་རྒྱལ་བའི་སྒྲ། །དུང་དང་རྫ་དང་རྫ་རྔ་ཡི། །སྒྲ་རྣམས་འགྲུབ་ཕྱིར་རབ་ཏུ་ཤིས། །རྨ་བྱ་ཁྲུང་ཁྲུང་ངང་མོ་དང་། །ནེ་ཚོ་ལ་སོགས་བྱ་རྣམས་ཀྱི། །སྒྲ་སྙན་རྣམས་ནི་ཀུན་ཐོས་ ནས། །དངོས་གྲུབ་སྦྱིན་པའི་ལས་བརྩམ་མོ། །སྨོན་ལམ་བཀྲ་ཤིས་ཐམས་ཅད་དང་། །བསོད་ནམས་དགའ་དང་བདེ་ལེགས་ཚིག །ཡིད་དུ་འོང་བའི་ཚིག་གི་རྣམས། །ཐོས་ནས་འགྲུབ་པ་ཤེས་པར་བྱ། །གློག་དང་སྤྲིན་དང་ཆར་འབབ་དང་། །སེར་བུ་མེ་ ཏོག་ཆར་འབབ་དང་། །འཇའ་དང་དྲི་ནི་ཞིམ་པོ་སྟེ། །མཚན་མ་འདི་དག་ལྷ་ཡི་ཡིན། །བར་སྣང་ལས་བྱུང་མཚན་མ་ནི། །ཐམས་ཅད་འབྲིང་པོར་ཤེས་པར་བྱ། །ས་ལས་བྱུང་བའི་མཚན་མ་དག །དེ་དག་ས་བའི་ཡིན་པར་བཤད། །ལྷ་དག་གིས་ནི་དངོས་གྲུབ་ རབ། །བར་སྣང་དག་གི་འབྲིང་པོར་འགྱུར། །ས་པ་དག་གི་དངོས་གྲུབ་ཕལ། །གསུམ་ལའང་གསུམ་གསུམ་དག་ཏུ་དབྱེ། །དེ་དག་ལ་སོགས་མཚན་མ་རྣམས། །དངོས་གྲུབ་ཕྱིར་ནི་རབ་ཏུ་བསྒྲགས། །མདོར་ན་གསང་སྔགས་ཐམས་ཅད་ལ། ། དེ་ལས་བཟློག་པས་མི་འགྲུབ་པོ། །དང་པོར་མཚན་མ་བཟུང་ནས་ནི། །སེམས་ཀྱང་རབ་ཏུ་དགའ་བྱས་ཏེ། །ཡོངས་སུ་མགུ་བའི་བསམ་པ་ཡིས། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །སྒྲུབ་པའི་མཚན་མ་རིམ་པར་ཕྱེ་བའོ།། །། དཀྱིལ་འཁོར་གྱི་ནི་རྒྱུད་ཀུན་དང་། །ཡང་ན་བསྒྲུབ་པ་དག་ལའང་རུང་། །ཚེས་གྲངས་ཡུད་ཙམ་བྱེད་པ་དང་། །མཚན་མའང་རྒྱས་པར་ཤེས་བྱས་ནས། །མི་བཟང་བ་ལ་མར་དག་གི། །རིགས་ཀྱི་རིག་པས་སྦྱིན་སྲེག་བྱ། །དེ་ནས་ལས་རྣམས་ 101-1-288b བརྩམ་བྱས་ནས། །འོན་ཏམ་དངོས་གྲུབ་ཐོབ་པར་འགྱུར། །གནས་གང་དག་ཏུ་རིམ་པ་བཞིན། །དཀྱིལ་འཁོར་དག་ནི་མངོན་བྲི་ཞིང་། །དེ་ཉིད་དུ་ནི་སྒྲུབ་པ་ཡི། །དེ་ཡི་རིམ་པ་བཤད་པ་ཡིན། །རི་ལ་སོགས་པའི་གནས་རྣམས་སུ། །དངོས་གྲུབ་ ཆེན་པོ་ཐོབ་པར་བསྒྲགས། །མཚོ་ལ་སོགས་པར་འབྲིང་རྣམས་འཐོབ། །གཞན་དག་ཏུ་ནི་ཕལ་རྣམས་སོ། །སྔགས་དང་རྗེས་སུ་འཐུན་ནས་སུ། །བཟླས་རྗོད་བྱེད་པས་ལས་རྣམས་བརྩམ། །གཞན་དུ་བསྒྲུབ་པར་བྱས་ན་ནི། །དངོས་གྲུབ་ མྱུར་དུ་མི་འཐོབ་པོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་ཀུན། །བདེ་གཤེགས་ཀུན་གྱི་གསང་སྔགས་འགྲུབ། །མཆོད་རྟེན་ཆེན་པོ་ཉམས་དགའ་བ། །བྱང་ཆུབ་ཆེན་པོ་གྲུབ་གནས་དང་། །དེ་བཞིན་བལྟམ་ལ་སོགས་པ་བརྒྱད། །དེ་ན་བགེགས་ནི་ ཡོད་མ་ཡིན། །ལས་ཀྱི་ཆོ་ག་ཐམས་ཅད་དང་། །འཐུན་པ་དག་ཀྱང་དེ་ན་ཡོད། །དེར་ནི་བདུད་ཀྱིས་བགེགས་བྱ་བར། །ནམ་ཡང་ནུས་པ་མ་ཡིན་ནོ། །དེ་བས་གསང་སྔགས་ཐམས་ཅད་ཀྱང་། །དེར་ནི་ངེས་པར་འགྲུབ་པར་གསུངས། །འདིར་ནི་ དྲག་ཤུལ་སྤྱོད་པའི་ལས། །དུར་ཁྲོད་དག་ཏུ་བྱ་བར་ཤིས། །ཡང་ན་ཤིང་གཅིག་པ་དག་གམ། །ཁང་སྟོང་མཚན་མ་གཅིག་པའང་རུང་། །འབབ་ཆུའི་འགྲམ་ནི་ཐམས་ཅད་ཏུ། །རིག་སྔགས་བསྒྲུབས་ན་འགྲུབ་པར་གསུངས། །བསྐྱེད་མོ་ཚལ་ དུ་གནོད་སྦྱིན་མོ། །ཀླུ་ཡི་བདག་པོ་མཚོ་རྣམས་སུ། །ཁང་སྟོང་ཏུ་ནི་ལོངས་སྤྱོད་ཕྱིར། །མངག་གཞུག་གྲོང་སྲང་ལ་སོགས་པར། །ཕུག་གི་གསང་སྔགས་ཕུག་རྣམས་སུ། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །སྔགས་རྣམས་མྱུར་དུ་ འགྲུབ་པའི་ཕྱིར། །ཆོ་ག་གསང་བ་འདི་གསུངས་སོ། །མན་ངག་བསྟན་པ་འདི་ཉིད་ཀྱིས། །གནས་རྣམས་གཏན་ལ་དབབ་པར་བྱ། །གང་ཡང་རུང་བའི་གནས་གཅིག་ཏུ། །དཀྱིལ་འཁོར་ཆོ་ག་གསུངས་པ་འམ། །བཟླས་བརྗོད་ས་ཡི་ཆོ་ག་ཡིས། ། དང་པོར་ས་ནི་སྦྱང་བར་བྱ། །ལྷ་ཡི་གནས་ནི་རྣམ་དག་པར། །བྱིན་གྱིས་རློབ་ཅིང་བཞུགས་འགྱུར་བས། །བསྒྲུབ་པ་ལ་ནི་བྱེ་བྲག་ཏུ། །ཆོ་ག་གཞན་ཡང་འདི་དག་བཤད། །ཙན་དན་དམར་པོས་བསྐུས་པ་ཡི། །སེང་ལྡེང་ཕུར་བུ་མཛུབ་གང་བ། ། 101-1-289a རྣོན་པོར་བྱས་པ་བཞི་དག་ལ། །སྐུད་པ་དམར་པོ་དག་གིས་དཀྲིས། །རྡོ་རྗེ་ཕུར་བུས་ལན་གྲངས་བརྒྱར། །མངོན་པར་བཟླས་བརྗོད་བྱས་པ་དག །གནས་སམ་ཁྱིམ་དག་ཏུ་ཡང་རུང་། །ཁུ་ཚུར་གྱིས་ནི་ཕྱོགས་བཞིར་གདབ། །དང་པོར་ལས་ ཀུན་བྱེད་སྔགས་སམ། །ཡང་ན་བགེགས་ཀྱི་དགྲས་ཀྱང་རུང་། །ཡུངས་ཀར་དག་ལ་སོགས་པ་ཡིས། །ལེགས་པར་ཀུན་ཏུ་བསལ་བར་བྱ། །བ་དན་དཀར་པོ་གཅིག་ལ་ནི། །རིག་སྔགས་རྒྱལ་པོས་མངོན་བསྔགས་ཏེ། །སྨྱུག་མ་རིང་པོའི་ཡུ་བ་ ལ། །བཏགས་ཏེ་དང་པོ་ཤར་དུ་གཟུགས། །རྡོ་རྗེ་ར་བས་བསྔགས་པ་ཡི། །ལྕགས་ཀྱུའི་ཕྱེ་མས་ར་བ་བྱ། །རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས། །ལན་བརྒྱར་བསྔགས་པའི་ཕྱེ་མ་ཡིས། །ཁོར་ཡུག་ཏུ་ནི་རྡོ་རྗེ་ཕྲེང་། །བྲིས་ན་རྡོ་རྗེ་དྲ་བར་འགྱུར། ། དཀྱིལ་འཁོར་ནང་གི་དང་པོ་ཡི། །སྒོ་ཀར་བདུད་རྩི་ཐལ་སྦྱོར་གྱིས། །རྡོ་རྗེའི་ཕྱག་རྒྱ་བསྲུང་བའམ། །ཡང་ན་གཞན་གྱིས་མི་ཐུབ་པས། །དཀྱིལ་འཁོར་གཉིས་པ་བསྲུང་བ་ནི། །འཕྲོག་མ་སོགས་བས་བྱ་བར་འདོད། །རིགས་གསུམ་དག་ གི་སྤྱི་ལ་ཡང་། །ཆོ་ག་འདི་ནི་རབ་ཏུ་བསྒྲགས། །ཆོ་ག་གསུམ་པོ་འདི་དག་ནི། །ཐུབ་དཀའ་བར་ཡང་ཡོངས་སུ་བསྒྲགས། །རེ་རེའམ་ཡང་ན་ཀུན་གྱིས་ཀྱང་། །བསྒྲུབ་པའི་ཚེ་ན་བགེགས་ཀུན་སེལ། །རྫས་བསྒྲུབ་པ་ན་བསྲུང་བའི་ཕྱིར། ། ཆོ་ག་གསང་བ་འདི་གསུངས་ཏེ། །མདོར་བསྡུས་པ་ལ་དོན་ཡང་ཆེ། །རིམ་པ་བཞིན་དུ་རབ་ཏུ་གཅེས། །མཁས་པས་རིན་ཆེན་ལ་སོགས་པས། །ས་གཞི་སྙིང་པོ་ཅན་དུ་བྱ། །ཐབ་ཁུང་ལ་ཡང་ཅི་རིགས་པར། །རྫས་བཞག་པ་ཡི་འོག་ཏུའང་ རུང་། །དྲི་གཙང་ཁང་ངམ་ཁང་བཟངས་སུ། །བསང་གཏོར་བྱས་པ་དག་གསུངས་པས། །དེར་ནི་ས་བརྐོ་མི་དགོས་ཀྱི། །ཆོ་ག་དེ་ལྟར་ཕྱི་རོལ་དུའོ། །བདག་ཉིད་ཀྱིས་ནི་ཆོ་ག་བཞིན། །བརྟགས་ཤིང་བྱས་པའི་ཁང་བར་ནི། །བྱེ་བྲག་ཏུ་ནི་ལས་ བརྩམས་ན། །དེར་ནི་མྱུར་དུ་འགྲུབ་པར་འགྱུར། །ཁུང་དག་ཏུ་ནི་བསྒྲུབ་པ་མིན། །ས་ཕྱོགས་དོག་པར་མི་བྱའོ། །ཁང་རུལ་དུ་ཡང་བློ་ཅན་གྱིས། །བསྒྲུབ་པ་བརྩམ་བར་མི་བྱའོ། །དེ་ནས་དད་པའི་ཡིད་ཀྱིས་སུ། །སྲོད་ལ་གསང་སྔགས་ལྷ་ཡི་རྣམས། ། 101-1-289b མཐོང་བ་བཞིན་དུ་གུས་བྱས་ཏེ། །སྟ་གོན་གནས་པ་ལེགས་པར་བྱ། །རིགས་གསུམ་གི་ནི་རིག་སྔགས་ལྷ། །བདག་པོར་བཅས་པ་གང་བཞུགས་དང་། །སྔགས་རྒྱུད་འདི་ལ་ལྷ་རྣམས་ནི། །གང་དག་ཡོངས་སུ་བསྒྲགས་པ་དང་། །གསང་སྔགས་ལྷ་ནི་གང་དག་ཅིག །བདག་ཉིད་ཉོན་མོངས་ ཆེན་པོ་ཡིས། །ཆོ་ག་འདི་བཞིན་བསྙེན་པ་དང་། །བཟླས་བརྗོད་སྦྱིན་སྲེག་གིས་མཉེས་པ། །ཞག་བདུན་ན་ནི་སྒྲུབ་པའི་ཚེ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །འདི་ན་ལྷ་དང་འབྱུང་པོ་དང་། །འཁོར་རྣམས་དང་ནི་བཅས་པ་དག །ཅི་ནུས་པར་ནི་མཆོད་བྱས་ པས། །མཆོད་པ་ལ་ནི་ཕན་འདོགས་རྣམས། །ཡོངས་སུ་མཉེས་ཤིང་ཀུན་འདུས་ནས། །བདག་ལ་དངོས་གྲུབ་མྱུར་གནས་མཛོད། །དེ་ལྟར་གུས་པར་ཉིན་རེ་ཞིང་། །ཚིག་གིས་ཀྱང་ནི་ཕྱོགས་བཞིར་བརྗོད། །ཉིན་རེའམ་ཞག་རེ་བྲི་བྱས་པས། །གསང་སྔགས་ སྟ་གོན་གནས་པར་བྱ། །མཆོད་ཡོན་དག་དང་མེ་ཏོག་དང་། །བདུག་པ་དྲི་ཞིམ་དག་ཀྱང་དབུལ། །སྒྲུབ་པ་པོས་ནི་ཆོ་ག་འདིས། །སྲོད་ཀྱི་དུས་སུ་བྱ་བར་བཤད། །སྒྲུབ་པ་པོ་ཡི་ཆོ་ག་འདིས། །རྫས་ཀྱང་སྟ་གོན་གནས་པར་བྱ། །ལག་པས་ལེགས་ པར་བྲིམ་པ་དང་། །བདུག་པ་དག་གིས་ལེགས་པར་བདུག །ཡང་ན་གཟའ་སྐར་བྱེད་པ་དག །བཟང་པོ་ལ་ནི་སྨྱུང་བྱས་ཏེ། །དཀྱིལ་འཁོར་བྲིས་ནས་རྫས་ཀྱི་རྣམས། །སྟ་གོན་གནས་པའི་ཆོ་ག་བྱ། །ས་ནི་བསྒྲུབ་པར་བྱེད་པ་འམ། །གསང་ སྔགས་སྒྲུབ་པས་ཞག་གསུམ་ན། །ཡོ་ལང་ཆུང་ངུ་དག་གིས་བྱ། །བཟླས་རྗོད་བྱེད་པས་དཀྱིལ་འཁོར་བྲི། །ཕྱེ་མ་སྣ་ཚོགས་ཉིད་ཀྱིས་ཀྱང་། །དཀྱིལ་འཁོར་སྣ་ཚོགས་ཟླུམ་པོ་ལ། །ཕྱི་རོལ་རིམ་པ་གཉིས་པས་བསྐོར། །སྒོ་ གཅིག་བཏོད་པ་བྲི་བར་བྱ། །དེ་ཡི་དབུས་སུ་ཁྲུ་དོ་པའི། །པད་མ་འདབ་མ་བརྒྱད་པ་བྲི། །དཀྱིལ་འཁོར་ལྷག་མ་ཚད་དག་ནི། །ཅི་ལྟར་དགའ་བ་ཉིད་དུ་བྱ། །དེར་ནི་བདག་པོ་གསུམ་དག་དང་། །ནུབ་ཏུ་བདུད་རྩི་ཐབས་སྦྱོར་བཞག །དཀྱིལ་ འཁོར་གཉིས་པའི་ནུབ་ཕྱོགས་སུ། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །གཅིག་ཏུ་གཟི་བརྗིད་ཕུང་པོ་སྟེ། །གཅིག་ཏུ་ཡང་ན་སྒྲུབ་པའི་སྤྱན། །གཅིག་ཏུ་དཔའ་མོ་ཆེན་མོ་སྟེ། །ཕྱག་དྲུག་མ་ཡང་གཅིག་ཏུ་བྲི། །གཅིག་ཏུ་རིག་སྔགས་མཱ་མ་ཀཱི། ། 101-1-290a རིག་སྔགས་རྒྱལ་སྙིང་གཅིག་ཏུ་བྲི། །ཁྲོ་བོ་ཀཱི་ལི་གཅིག་ཏུ་སྟེ། །གཅིག་ཏུ་རྡོ་རྗེ་ལྕགས་ཀྱུ་མ། །དེ་ལྟར་བསྟན་པ་དེ་དག་ཀུན། །སྙིང་པོའི་དཀྱིལ་འཁོར་དག་ཏུ་དགོད། །ལས་ཀུན་བྱེད་པའི་གསང་སྔགས་རྣམས། །ཕྱི་རོལ་ཕྱོགས་སུ་རིམ་པ་ བཞིན། །དེ་ལྟར་བཀོད་ནས་ཕྱི་རོལ་སྐོར། །གཞན་གྱིས་མི་ཐུབ་པ་ཡང་བྲི། །དེ་ནས་ཕྱོགས་མཚམས་སྐྱོང་བ་དང་། །འདོད་པའི་ལྷ་རྣམས་བྲི་བར་བྱ། །དེ་ནས་སོ་སོའི་གསང་སྔགས་ཀྱིས། །རིམ་པ་བཞིན་དུ་སྤྱན་ཡང་དྲང་། །བདག་པོ་རྣམས་ནི་སྙིང་པོ་ཡིས། །དེ་ཡི་ འོག་ཏུ་མཆོད་པར་བྱ། །པད་མའི་དབུས་སུ་རང་སྔགས་ཀྱིས། །རྫས་ནི་ལེགས་པར་བཞག་སྟེ་མཆོད། །བུམ་པ་གང་བ་དེ་སྟེང་དུ། །ཆོ་ག་བཞིན་དུ་རྫས་བཞག་གོ། །ཡང་ན་གབ་ཚེའམ་ཁམ་ཕོར་དག །མེ་ཏོག་ལ་སོགས་བླུགས་པ་བཞག །དེ་ནས་ལག་པས་ བྲིམ་བྱ་ཞིང་། །རང་གི་རིག་སྔགས་ཡོངས་བཟླས་པའི། །མེ་ཏོག་བརྒྱ་འམ་སྟོང་དག་གིས། །དེ་ཡི་འོག་ཏུ་འཕང་བར་བྱ། །དེ་ནས་གུ་གུལ་བདུག་སྤོས་ནི། །མར་དང་སྦྱར་བས་བདུག་པར་བྱ། །སྤོས་ཆུས་བཟླས་བརྗོད་བྱས་པ་ཡི། །དེ་ནས་དལ་བུས་བསང་གཏོར་ བྱ། །དེ་ནས་རང་གི་གསང་སྔགས་དང་། །དཀྱིལ་འཁོར་དུ་བཤད་ཐམས་ཅད་ཀྱིས། །རེ་རེས་སོ་སོར་བཟླས་པ་དག །སྦྱིན་སྲེག་ཅི་སྐད་བསྟན་པའང་བྱ། །སྦྱིན་སྲེག་བྱ་བའི་མར་དག་གམ། །ཡང་ན་བ་ཡི་འོ་མས་བྱ། །མར་དང་སྦྲང་རྩི་ཏིལ་སྦྱར་དང་། །ལག་བར་གྱིས་ ནི་མཇུག་ཏུ་བྱ། །དེ་ནས་གསང་སྔགས་ཐམས་ཅད་ཀྱིས། །མཁས་པས་རྫས་ལ་བསང་གཏོར་བྱ། །དཀྱིལ་འཁོར་ལེགས་པར་བྲི་པ་དང་། །རྗེས་སུ་འཐུན་པར་བྱིན་བསྐྱེད་དོ། །ཡིད་ལ་ཡོངས་སུ་ཟློས་བྱེད་ཅིང་། །ཆོ་ག་ཤེས་པས་ཟློས་བཞིན་ དུ། །རྫས་ལ་མིག་གིས་བལྟ་བར་བྱ། །དེ་བྱས་སྟ་གོན་གནས་བྱས་འགྱུར། །སྦྱིན་སྲེག་ཆོ་ག་གཏོར་མའི་རིམ། །མཆོད་སོགས་གང་ཡིན་དེ་དག་ཀུན། །བཟླས་བརྗོད་བྱེད་པས་རྒྱས་པར་འདིར། །རྒྱུད་ལས་བཤད་པ་བཞིན་དུ་བྱ། །འདི་ནི་ རྫས་ལ་སྟ་གོན་དུ། །གནས་པའི་ཆོ་ག་ཡིན་པར་བསྒྲགས། །སྟ་གོན་གནས་པའི་རྫས་དེ་ནི། །མྱུར་དུ་འགྲུབ་པ་ཉིད་དུ་འགྱུར། །ཆོ་གའི་རིམ་པ་འདི་ཡིས་ནི། །ཡོངས་སུ་གཟུང་བ་དག་ཀྱང་བྱ། །དངོས་གྲུབ་བཟུང་བ་དག་གིས་ཀྱང་། ། 101-1-290b རྫས་ཀྱི་བྱིན་ཡང་བསྐྱེད་པ་དང་། །ཆོ་ག་འདི་དག་ཉིད་ཀྱིས་ཀྱང་། །དཀྱིལ་འཁོར་འདི་ཡི་དབུས་སུ་ནི། །རྫས་རྣམས་སྒྲུབ་པ་དག་ཀྱང་བྱ། །དཀྱིལ་འཁོར་དམ་པ་འདི་ཉིད་དུ། །བགེགས་ཀྱང་མྱུར་དུ་ཞི་བར་འགྱུར། །རྫས་རྣམས་སྦྱང་བར་བྱ་བ་དང་། །དབང་ བསྐུར་བ་ཡི་ཆོ་ག་ཡིས། །སྒྲུབ་པ་པོ་རྣམས་དབང་བསྐུར་བའང་། །དཀྱིལ་འཁོར་འདིར་ནི་རབ་ཏུ་བྱ། །ལས་ཀུན་བྱེད་པའི་དཀྱིལ་འཁོར་འདིར། །གསང་ཆེན་གསང་བའི་བདག་པོས་གསུངས། །དཀྱིལ་འཁོར་འདི་ནི་བྲི་བྱས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་ འགྱུར། །རྫས་སྟ་གོན་དུ་གནས་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། རྫས་ནི་ཡོངས་སུ་བཟུང་བྱས་ནས། །སྒྲུབ་པ་པོས་ནི་དུས་གསུམ་དུ། །ཁྲུས་དང་མཆོད་པ་སྦྱིན་སྲེག་དང་། །ལག་པ་ཡིས་ཀྱང་བྲིམ་པར་བྱ། །གོས་ནི་ལན་གསུམ་བརྗེ་བ་དང་། །དུས་མཚམས་ དག་ལ་སྨྱུང་བྱས་ཏེ། །མཆོད་དང་ལྷ་བཤོས་ཆོ་ག་དག །ཁྱད་པར་དུ་ནི་ལེགས་པར་བྱ། །དུས་གསུམ་དག་ཏུ་སྡིག་པ་བཤགས། །བསོད་ནམས་རྗེས་སུ་ཡི་རང་དང་། །དུས་གསུམ་དག་ཏུ་སྨོན་ལམ་གདབ། །གླེགས་བམ་དུས་གསུམ་ལན་གསུམ་བཀླག །དཀྱིལ་འཁོར་ ལན་གསུམ་དག་ཏུ་བྱ། །ལན་གསུམ་དུ་ཡང་སྡོམ་པ་བཟུང་། །དུས་གསུམ་དུ་ཡང་བསྲུང་བ་བྱ། །དེ་ལྟར་བྱས་ན་ངེས་པར་འགྲུབ། །གང་ཚེ་བག་མེད་གྱུར་པ་ཡིས། །དུས་གསུམ་དག་གི་ལས་ཉམས་ན། །དེ་ཚེ་རང་གི་རིག་སྔགས་དེ། །ཉི་ཤུ་རྩ་གཅིག་བཟླས་ བརྗོད་བྱ། །དེ་ལྟར་ཉིན་རེ་དུས་གསུམ་དུ། །མཁས་པ་དག་གིས་རྟག་ཏུ་བྱ། །དེ་ཉམས་ན་ནི་བརླག་འགྱུར་ཞིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །ལས་ཀྱི་ཀླགས་ལ་འབུམ་བཟླས་པའམ། །ཡང་ན་དཀྱིལ་འཁོར་འདི་བྲིས་པས། ། གསང་བའི་ཆོ་ག་དེ་བྱས་ཏེ། །དེ་ནས་ལས་རྣམས་བརྩམ་པར་བྱ། །སྔོན་བཞིན་ལེགས་པར་ཐིག་བཏབ་ནས། །གྲུ་བཞི་པ་ལ་སྒོ་བཞི་པ། །ཕྱི་རོལ་དཀྱིལ་འཁོར་གྱིས་བསྐོར་བ། །ཆོ་ག་བཞིན་དུ་ལེགས་པར་བྲི། །དབུས་སུ་ འཁོར་ལོ་བྲིས་ནས་དེའི། །ཤར་དུ་འཁོར་ལོས་སྒྱུར་བ་དང་། །གཟི་བརྗིད་ཕུང་པོ་གཙུག་ཏོར་དཀར། །རྒྱལ་དང་རྨད་དུ་བྱུང་བ་དགོད། །མཁས་པས་ངོས་གཉིས་དག་ཏུ་ཡང་། །བདེ་གཤེགས་མཛོད་སྤུ་མདུང་ཐུང་དང་། ། 101-1-291a སངས་རྒྱས་བྱམས་མ་སྤྱན་དུ་བཅས། །ཀུན་དགའ་བོ་དང་རབ་འབྱོར་དང་། །དེ་བཞིན་ལྷུང་བཟེད་མཁར་སིལ་དང་། །སྒོ་ཀར་ལས་ཀུན་བྱེད་པ་དགོད། །རིམ་བཞིན་སྒོར་ནི་འཕྲོག་མ་དང་། །གཞན་གྱིས་མི་ཐུབ་པ་ཡང་དགོད། །འཁོར་ལོའི་དབུས་སུ་རྫས་ རྣམས་ནི། །ཡང་ན་གསང་སྔགས་ལྷ་བཞག་སྟེ། །དེ་ནས་མཆོད་པའི་ཆོ་ག་བྱ། །སྦྱིན་སྲེག་ཐམས་ཅད་བྱ་བར་གསུངས། །དཀྱིལ་འཁོར་འདི་ནི་ཕྱག་རྒྱའམ། །གཏན་དུ་དགོད་པར་རབ་ཏུ་བསྒྲགས། །སོ་སོའི་ཆོ་གས་སྤྱན་དྲང་བའམ། །སྤྱི་ཡི་སྙིང་པོས་ བྱར་ཡང་རུང་། །དེར་ནི་རང་གི་རིག་སྔགས་ཀྱིས། །སྔ་མ་བཞིན་དུ་མེ་སྦར་ཏེ། །དེ་ནས་མར་དང་སྦྲང་རྩི་ལས། །སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ། །དེ་ནས་ཞོ་དང་འབྲས་ཆན་དང་། །ཏིལ་གྱི་སྦྱིན་སྲེག་བརྒྱ་བརྒྱ་བྱ། །མཁས་པས་མཇུག་ཏུ་བརྒྱ་བཟླས་བས། ། འདི་ནི་ཆོ་ག་གསང་ཆེན་ཡིན། །དྲི་ཞིམ་མེ་ཏོག་དྲི་སོགས་ཀྱིས། །འདིར་ནི་མཆོད་བ་བྱ་བར་གསུངས། །ཞོ་དང་བུ་རམ་ལེགས་སྦྱར་བའི། །གཏོར་མ་རྒྱ་ཆེན་དབུལ་བར་བྱ། །ཆོ་ག་འདི་ཡིས་ལྷ་རྣམས་ནི། །མྱུར་དུ་ལེགས་པར་ཚིམ་བར་འགྱུར། །དགྱེས་ནས་ རིང་པོར་མི་ཐོགས་པར། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཟླ་བ་རེ་རེའམ་ཟླ་ཕྱེད་དམ། །ཉི་མ་རེ་རེའམ་དུས་མཚམས་ལ། །དབུལ་པོས་ཀྱང་ནི་ཅི་ནུས་པར། །དཀྱིལ་འཁོར་འདི་ནི་བྲི་བར་བྱ། །ཆོ་ག་དེ་ལྟར་བྱ་བ་ཀུན། །དཀྱིལ་འཁོར་འདི་ལའང་ ཤེས་པར་བྱ། །ཅི་ལྟར་དགའ་བའི་ཚད་ཙམ་དུ། །ཀུན་ཏུ་ཟླུམ་པོར་རབ་ཏུ་བྱ། །དེ་དབུས་པད་མ་བྲིས་ནས་སུ། །རིག་སྔགས་རྒྱལ་དང་རྟ་མགྲིན་དང་། །སྣ་ཚོགས་གཟུགས་དང་སྤྱན་གསུམ་པ། །ཕྱག་བཞི་ཕྱག་དྲུག་བཅུ་གཉིས་ཕྱག །དེ་བཞིན་ འདོད་པ་འབྱོར་བྱེད་དང་། །གྲགས་དང་ལྡན་བ་དཔལ་མོ་ཆེ། །སྒྲོལ་མ་ལྷ་མོ་ཟླ་བ་དགོད། །སྒོ་ཡི་ཕྱོགས་སུ་དཀར་མོ་དང་། །གོས་དཀར་ཅན་མ་གཞག་བྱ་ཞིང་། །སྒོ་ཀར་ལས་ཀུན་བྱེད་བཞག་པ། །འགྲུབ་ཕྱིར་པད་མ་འཆང་བ་ཡི། །དཀྱིལ་འཁོར་ ཆོ་ག་འདི་གསུངས་སོ། །ཅི་ལྟར་འདོད་བར་དཀྱིལ་འཁོར་ནི། །གྲུ་བཞི་བར་ཡང་ལེགས་བྲིས་ཏེ། །སྔོན་བཞིན་སྙིང་པོའི་དཀྱིལ་འཁོར་དུ། །རིག་སྔགས་རྒྱལ་པོ་བཞག་པར་བྱ། །རིག་པ་ཆེན་མོ་མཱ་མ་ཀཱི། །ཁྲོ་བོ་བདུད་རྩི་ཐབས་སྦྱོར་དང་། །རིག་པ་ 101-1-291b ཆེན་པོ་ལྕགས་ཀྱུ་མ། །དབྱུག་པ་དང་ནི་སྟོབས་པོ་ཆེ། །རྡོ་རྗེ་ཁུ་ཚུར་རིག་རྒྱལ་མོ། །གནོད་མཛེས་གོ་རིམས་བཞིན་དུ་བཞག །ཁྲོ་ཆེན་ལྷ་ཡི་ཡན་ལག་དང་། །གོམ་པ་འདོར་བ་ཉིད་དང་ནི། །ཁྲོ་མོ་མེ་རྣམས་ངོས་གཉིས་སུ། །བློ་དང་ལྡན་བས་བཞག་ པར་བྱ། །སྒོ་ཡི་ཕྱོགས་ཀྱི་ནང་རོལ་དུ། །རྡོ་རྗེ་འཇིགས་བྱེད་མིག་དང་ནི། །རྡོ་རྗེ་གཞན་གྱིས་མི་ཐུབ་མ། །སྒོ་ཀར་ལས་ཀུན་བྱེད་པ་བཞག །དཀྱིལ་འཁོར་གཉིས་པ་མཆོད་པ་ཡང་། །ཆོ་ག་སྔ་མ་བཞིན་དུ་བྱ། །ལྷ་རྣམས་དགའ་བར་འགྱུར་བ་ནི། ། ཕྱག་ན་རྡོ་རྗེས་རབ་ཏུ་བཤད། །དེ་ནས་ནང་པར་ནམ་ལངས་ནས། །རྨི་ལམ་བཟང་པོ་རྣམས་དཔྱད་དེ། །གཙུང་ཞིང་ཁྲུས་བྱས་གོས་དཀར་བགོས། །སྦྱིན་སྲེག་ལས་ནི་བརྩམ་བར་བྱ། །ལྷ་རྣམས་ཆོ་ག་བཞིན་མཆོད་དེ། །བཀྲ་ཤིས་ངོ་མཚར་དག་ ཀྱང་བྱ། །ཆོ་ག་བཞིན་དུ་མེ་སྦར་ནས། །ཅི་སྐད་གསུངས་པའི་སྦྱིན་སྲེག་བྱ། །བ་ལང་ལྕི་བས་བྱུགས་ནས་སུ། །འབྲས་ཡོས་ཀུ་ཤ་སྔོན་པོ་དང་། །མེ་ཏོག་དཀར་པོ་དྲི་ཞིམ་བས། །གནས་དེ་ཁྱད་པར་ཅན་དུ་བཤམ། །དེ་ཡི་གཡས་ཀྱི་ཕྱོགས་སུ་ནི། ། བུད་ཤིང་ཞོ་དང་ཀུ་ཤ་དང་། །མར་དང་སྦྲང་རྩི་འབྲས་ཆན་ཏིལ། །བསྲེག་བྱ་ཅུང་ཟད་ཅི་འབྱོར་དགོད། །གཡོན་དུ་ལེགས་པར་བརྟགས་པ་ཡི། །མཆོད་ཡོན་སྣོད་ནི་བཞག་པར་བྱ། །དབུས་སུ་དགང་གཟར་བླུགས་གཟར་དང་། །ལེགས་པར་བཞུས་ པའི་མར་དག་བཞག །བཞག་ནས་མཁས་པས་ལས་ཀུན་པའི། །གསང་སྔགས་ཀྱིས་ནི་བསང་གཏོར་བྱ། །སྔོན་བཞིན་གསང་སྔགས་བདག་པོ་ནི། །མདུན་དུ་བཞག་ཏེ་མཆོད་བྱས་ནས། །དེ་ནས་རང་རིགས་སྤྱན་དྲང་སྟེ། །མཆོད་ ཡོན་བཟླས་པས་བཞུགས་སུ་གསོལ། །བདག་གི་མདུན་དུ་མར་གྱི་སྣོད། །དག་པར་བྱས་པ་བཞག་པར་བྱ། །མར་དང་མེ་ཡི་བར་དག་ཏུ། །བསྒྲུབ་པར་བྱ་བའི་རྫས་བཞག་གོ། །བདག་དང་མར་དང་བསྒྲུབ་བྱའི་རྫས། །མེ་དང་གསང་སྔགས་བདག་ པོར་བཅས། །ལྔ་པོ་འདི་དག་གོ་རིམས་བཞིན། །བློ་དང་ལྡན་བས་ལེགས་པར་དགོད། །གཡོན་དུ་རིག་སྔགས་བྱིན་བསྐྱེད་མ། །གཡས་སུ་ལས་ཀུན་བྱེད་པ་སྟེ། །གནས་དེར་སྔ་མ་བཞིན་དུ་ཡང་། །བསྲུང་བ་ཐམས་ཅད་རབ་ཏུ་སྦྱར། །དེ་ནས་ཀུ་ཤ་སར་བ་ཡི། །གདིང་བ་དག་ 101-1-292a ཀྱང་བཀྲམ་ནས་སུ། །ལྷ་བཤོས་འབྲས་ཡོས་བཀྲ་ཤིས་ཅན། །སཱ་ལུའི་འབྲས་ཆན་ཞོར་བཅས་དབུལ། །དེ་ནས་བདུག་སྤོས་དྲི་ཞིམ་བས། །ཀུན་ནས་རབ་ཏུ་བདུག་པར་བྱ། །དེ་འོག་ཅི་ལྟར་བསྟན་པ་ཡི། །སྦྱིན་སྲེག་ལས་ནི་ཅི་དགར་བྱ། །གསེར་དང་ དངུལ་ཟངས་རྡོ་བ་འམ། །དུང་དང་མུ་ཏིག་ཤིང་དག་གམ། །གྲོག་མཁར་ས་ལས་བྱས་བ་ཡི། །སྣོད་དུ་རྫས་ནི་བཞག་པར་བྱ། །བྱང་ཆུབ་ཤིང་གི་ལོ་མ་དག །དེ་ཡི་གདིང་བར་ཤིས་པ་ཡིན། །འོ་མ་ཅན་གྱི་ཤིང་གི་འམ། །ཡང་ན་ཨརྒའི་ལོ་མ་འང་རུང་། །ཆུ་ཤིང་ པད་མའི་འདབ་མ་འམ། །ཡང་ན་རས་དཀར་འཇམ་བོ་འམ། །དྲི་ཞིམ་ཤིང་ལས་སྐྱེས་པ་ཡི། །གདིང་བ་ལྔ་པོ་འདོད་པ་ཡིན། །ཕྱེ་མ་ཁུ་བ་གོས་སོགས་དང་། །ཅི་རིགས་པར་ནི་གཡོགས་ནས་ཀྱང་། །ཆོ་ག་ཤེས་པས་མཉམ་བཞག་སྟེ། །རྫས་ལ་ ལེགས་པར་བདུག་པར་བྱ། །ཡིད་ཀྱིས་རྫས་ཀྱི་བྱིན་བསྐྱེད་ཅིང་། །མར་གྱི་བསྲེག་བླུགས་རྒྱུན་དུ་བསྲེག །ལེགས་པར་བལྟ་ཞིང་ཆོ་ག་འདིས། །མཁས་པས་རྫས་ལ་བདུག་པར་བྱ། །རྫས་ལ་བཟླས་ཤིང་བསང་གཏོར་ནས། །བླུགས་གཟར་ ཆང་བས་བཟུང་ནས་ནི། །དལ་བུས་མར་གྱིས་ལེགས་བཀང་སྟེ། །རྫས་ཀྱི་སྟེང་དུ་དེ་བཟླས་ཤིང་། །བསྲེག་བླུགས་ཟློས་པ་མེ་འབར་བ། །སྭཱ་ཧཱ་ཞེས་ནི་བརྗོད་བྱ་ཞིང་། །ཧཱ་ཡི་དབྱངས་ཀྱི་རྒྱུན་བསྲིངས་ཏེ། །བླུགས་གཟར་རྩེ་མོར་དེ་བདུག་ཅིང་། ། སྟོང་ངམ་ཡང་ན་ལན་གྲངས་བརྒྱར། །རྫས་རྣམས་ལ་ནི་བདུག་པར་བྱ། །དེ་ལྟར་རྫས་ལ་ཡང་དང་ཡང་། །ཆོ་ག་འདི་ནི་བྱ་བར་གསུངས། །གསང་སྔགས་ཀྱི་ནི་རང་བཞིན་དང་། །དངོས་གྲུབ་ཆེ་ཆུང་ཤེས་བྱ་སྟེ། །ལན་གྲངས་ཉི་ཤུ་རྩ་གཅིག་ ཀྱང་། །གྲངས་ཀྱི་ཆོ་ག་ཡིན་བར་བཞེད། །རྫས་ནི་ཟད་བ་མ་གྲུབ་ན། །མཁས་པས་དེ་ལ་ཉུང་ཟད་ཅིག །རིག་སྔགས་བཟླས་ཤིང་བསང་གཏོར་དེ། །གཞག་ནས་མཆོད་ཅིང་བལྟ་བར་བྱ། །རབ་ལ་སོགས་པའི་དབྱེ་བ་དང་། །ལས་ཀྱི་དབྱེ་བ་བསྒྲགས་ པ་དག །དཀྱིལ་འཁོར་དུ་གསུངས་ཆོ་ག་བཞིན། །འབར་ན་འགྲུབ་པའི་མཚན་མ་ཡིན། །ཤིན་ཏུ་ཆེན་པོའི་རྫས་ཀྱི་རྣམས། །དེ་ཡི་གཡས་སུ་བཞག་པ་འམ། །གཡོན་དུ་འོས་པ་གཡོན་དུ་བཞག །དེར་ནི་དེ་ལ་གཏུག་ཅིང་བྱ། །སེམས་ཅན་ཀུན་གྱི་མགོ་བོ་ལ། ། 101-1-292b ཡང་ན་རང་གི་མགོ་བོ་ཉིད། །མོད་ལས་བསྒྲུབ་རྫས་ཅི་ཡང་རུང་། །མཁས་པས་བདུག་པ་བསྔོས་ཏེ་བྱ། །བདུག་པའི་ཆོ་ག་འདི་ཡིས་སུ། །སྔོན་བཞིན་ཕྱེ་ལ་མར་དག་གིས། །ལ་ལའི་ཕྱིར་བསྔོ་ཁ་ཅིག་ལ། །བལྟ་ཞིང་སྦྱིན་སྲེག་རབ་ཏུ་བྱ། །གལ་ཏེ་མར་ དག་མ་འབྱོར་ན། །ཆོ་ག་བཞིན་དུ་འོ་མས་བྱ། །ཡང་ན་འོ་མ་མར་དང་ནི། །མཁས་པས་མངར་གསུམ་དག་གིས་བྱ། །ཞི་བ་ལ་སོགས་ཁྱད་པར་གྱིས། །ཁ་ཅིག་ལ་ནི་ཞོ་ཡང་རུང་། །ཡང་ན་བསྲེག་བྱའི་རྫས་བསྟེན་བས། །ཅི་ལྟར་རིགས་པར་ བདུག་པར་བྱ། །མཚོན་ཆ་རྣམས་ལ་འབྲུ་མར་གྱིས། །དྲི་ཞིམ་ཐང་ཆུ་ཨ་ཛ་ན། །དུ་རུ་ཀ་སོགས་འབྲུ་མར་གྱིས། །བདུག་པའི་ཆོ་ག་བྱ་བར་གསུངས། །རྫས་ལ་སོགས་པའི་བྱེ་བྲག་ལས། །རྫས་ནི་རྣམ་བ་སྣ་ཚོགས་དང་། །དྲི་ཞིམ་ལས་བྱུང་འབྲས་ བུ་ཡིས། །བདུག་པའི་ཆོ་ག་དག་ཀྱང་བྱ། །ཤ་ཆེན་ལ་སོགས་རྫས་རྣམས་ལ། །ཚིལ་བུ་དག་གིས་བྱ་བར་བསྒྲགས། །དེ་ཡི་གཟུགས་བརྙན་བྱས་ནས་ཀྱང་། །སོ་སོའི་ཤ་དང་ཚིལ་གྱིས་བྱ། །ཆོ་ག་བསྟན་པ་འདི་ཡིས་སམ། །ཡང་ན་སྔར་གསུངས་ཆོ་ག་ཡིས། ། དངོས་གྲུབ་མྱུར་བར་བྱ་བའི་ཕྱིར། །བདུག་པའི་ཆོ་ག་རྒྱས་པར་བསྟན། །ཆོ་ག་འདི་ཡིས་རྫས་དག་ལ། །བདུགས་ནས་དེ་ལ་དབང་ཡང་བསྐུར། །དབང་བསྐུར་ནས་ནི་ལྷ་གནས་སུ། །བཞག་སྟེ་ལེགས་པར་མཆོད་བ་བྱ། །དེ་ནས་ཆོ་ག་ལས་གསུངས་པ། ། ཐོས་པར་བྱ་ཕྱྀར་གཏོར་མ་བསོག །བདག་ཉིད་རྒྱས་པར་ཁྲུས་བྱས་ནས། །ཆོ་ག་འདི་ནི་བརྩམ་བར་བྱ། །དྲི་ཞིམ་རྣམས་ཀྱིས་དྲིལ་བྱས་ནས། །དེ་བཞིན་ཁྲུས་རྩི་ཀྱུ་རུ་རས། །ཁྲུས་བྱ་ཉི་མ་ཕྱེད་མཚམས་ནས། །མཁས་པས་རྫས་ལ་ཡོངས་སུ་ བཟླས། །སྐུད་པ་གདུ་བུ་གོས་རྣམས་དང་། །ཐལ་བ་ཡུངས་ཀར་ཆུ་དག་ལ། །བསྲུང་བའི་ཕྱིར་ནི་རྫས་འདི་ལ། །གསང་སྔགས་བཟླས་པ་བརྩམ་པར་བྱ། །དེ་དག་ཐོག་མར་བཟླས་བརྗོད་དེ། །ཆོ་ག་འདི་ནི་མྱུར་དུ་བྱ། །དེ་ཕྱིར་དེ་ཚེ་དགོས་པ་ཀུན། ། ཐོག་མ་ཉིད་དུ་བསྔགས་པར་བྱ། །མེ་ཏོག་ལ་སོགས་ཅི་འབྱོར་བ། །ཡོངསུ་བསྡུ་བ་བྱས་ནས་ནི། །ཅི་རིགས་པ་ཡི་གནས་བཞག་སྟེ། །སྒྲུབ་བའི་སར་ནི་གནས་བར་བྱ། །དཀྱིལ་འཁོར་ལས་གསུངས་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྲིས་ནས་ཀྱང་། །ཅི་རིགས་པར་ 101-1-293a ནི་མཆོད་བྱས་ཏེ། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཚོན་སྣ་ལྔ་ཡི་སྲད་བུ་ལ། །ལན་བརྒྱར་བསྔགས་ནས་དང་པོར་དེས། །ཕུར་བུ་རྣམས་ལ་བྲེ་བར་བྱ། །མཁས་པས་ཐབས་སྦྱོར་བཟླས་ པ་ཡིས། །སྒོ་དྲུང་གི་ནི་བུམ་པ་ལ། །སྲད་བུ་ལྷོད་པར་བཏགས་ནས་སུ། །དེ་ནས་དེར་ནི་བཞག་པར་བྱ། །ཐབས་སྦྱོར་བགེགས་རྣམས་སེལ་བྱེད་པའི། །ཁྲོ་བོ་ཡིད་ལ་དྲན་བཞིན་དུ། །སྲད་བུའི་འོག་ནས་འབྱུང་བ་དང་། །འཇུག་པར་བྱ་བ་འདི་ གསུངས་སོ། །ཡང་ན་མཁས་པས་ཁྲོ་བོ་དེས། །སྲད་བུ་ལ་ནི་བསྔགས་པ་འམ། །བསྲུང་བའི་དོན་དུ་གང་དགའ་བའི། །རིག་སྔགས་གཞན་གྱིས་བཟླས་ཀྱང་རུང་། །བསྐྲད་པ་ལ་སོགས་ཆོ་ག་དག །སྔར་གསུངས་པ་ཡང་ཤེས་བྱ་ཞིང་། །དཀྱིལ་ འཁོར་གྱི་ནི་ཉེ་འཁོར་དུ། །ཆོ་ག་འདི་དག་བྱ་བར་གསུངས། །ཕྱོགས་དང་ཕྱོགས་སྐྱོང་ཅི་སྙེད་དང་། །སོ་སོའི་རིགས་ཀྱི་ལྷའི་རྣམས། །ཕྱོགས་དང་གོ་རིམས་ཅི་ལྟ་བར། །དེ་ཀུན་ཕྱི་རོལ་དག་ཏུ་མཆོད། །བུམ་པར་རྡོ་རྗེ་བཞག་པ་འམ། །ཡང་ན་ལོ་མས་ཁ་བརྒྱན་པ། །དེ་ལ་སྲད་ བུ་བཏགས་ནས་སུ། །སྒོ་ཡི་ཕྱོགས་སུ་བཞག་བར་བྱ། །རིགས་དང་རིགས་རྣམས་སོ་སོ་ཡི། །རིག་པའི་རྒྱལ་པོའི་སྙིང་པོའམ། །ཡང་ན་ཅི་ལྟར་རིགས་བ་ཡིས། །རྫས་སྒྲུབ་ཚེ་ན་ཀུན་ནས་བསྲུང་། །ཡང་ན་རིགས་ཀྱི་རིག་སྔགས་དང་། །སོ་སོའི་རིགས་ཀྱི་ཕྱག་རྒྱ་ཡིས། ། བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །བསྒྲུབ་ཚེ་འདིར་ནི་ཐམས་ཅད་བསྲུང་། །པུར་བུ་རྡོ་རྗེ་རྩེ་འདྲའམ། །ཡང་ན་རྩེ་ཅིག་སྦོམ་པོ་ལ། །རྡོ་རྗེ་ཕུར་བུས་ལན་བརྒྱ་རུ། །མངོན་བར་བསྔགས་པ་བྱས་པ་དག །ལྷ་ཡི་གནས་ཀྱི་ཕྱི་རོལ་ཏུ། །གྲྭ་བཞི་ཀུན་དུ་གདགས་ པར་བྱ། །ཡང་ན་དཀྱིལ་འཁོར་ཕྱི་རོལ་དུ། །བཏབ་ནས་ལས་རྣམས་རབ་ཏུ་བྱ། །རྡོ་རྗེ་ཕུར་བུའི་ཆོ་ག་འདི། །ལས་ཀུན་བྱེད་པར་ཤེས་པར་བྱ། །བསྒྲུབ་ཚེ་འདིར་བགེགས་འཚེ་མེད་ཅིང་། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །དྲི་ཞིམ་ཕྱེ་མའམ་པིར་དག་གིས། །སྣ་ ཚོགས་ཚོན་གྱི་འདེ་གུ་ཡིས། །དཀྱིལ་འཁོར་ལེགས་པར་བྲིས་ནས་སུ། །དེ་ནས་ཆོ་ག་འདི་དག་དང་། །སོ་སོའི་ཕྱོགས་ཀྱི་རི་མོའྀ་མཐར། །རྡོ་རྗེ་རྩེ་གསུམ་བྱ་བར་གསུངས། །དབུས་ཀྱི་ངོས་རྣམས་དག་ཏུ་ཡང་། །རྡོ་རྗེ་བསྒྲེངས་པའི་ཕྲེང་བ་བྱ། །རྡོ་རྗེ་ 101-1-293b ར་བའི་གསང་སྔགས་ཀྱིས། །ཆོ་ག་དེ་ནི་བྱ་བར་བསྟན། །དེ་ཡི་དབུས་སུ་བཞུགས་ནས་སུ། །རྫས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཆོ་ག་འདི་ཡིས་ཕྱི་ནང་དུ། །རྡོ་རྗེའི་ལྟེ་བའི་དྲ་བ་བྱ། །རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས། །ཤིན་ཏུ་ཐུབ་པར་ དཀའ་བར་འགྱུར། །སྒོ་ཁྱུད་དག་ནི་ཐམས་ཅད་དང་། །སྒོ་རྣམས་ཀྱི་ནི་མདུན་དག་ཏུ། །མཁས་པས་རྡོ་རྗེ་བྲིས་ནས་སུ། །དེ་ནས་ལས་རྣམས་བྱ་བར་བསྒྲགས། །ཡོ་ལང་ཆུང་ངུས་ཐང་བུ་ལ། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། ། མདོར་བསྡུས་ཆོ་ག་བྲིས་ནས་སུ། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །ཁྲུ་ལྔའམ་བདུན་ནམ་བརྒྱད་པ་ལ། །གྲུ་བཞི་པ་ལ་སྒོ་བཞི་པ། །གསང་སྔགས་དངོས་གྲུབ་རྗེས་འཐུན་པར། །ཡང་ན་ལྷག་པར་བྱས་ཀྱང་རུང་། །སྒོ་རྣམས་ཀུན་དུ་ རྡོ་རྗེ་དང་། །གྲྭ་རྣམས་སུ་ནི་བུམ་བ་དགོད། །ལས་ཀུན་བྱེད་པའི་བུམ་པ་དག །སྒོ་དྲུང་དུ་ནི་བཞག་པར་བྱ། །དབུས་སུ་ཆོས་ཀྱི་འཁོར་ལོ་དང་། །ཐོག་མ་རྒྱལ་པོ་ལྔ་རྣམས་དགོད། །ངོས་སུ་མཆེ་བ་མདུང་ཐུང་དང་། །སྤྱན་དང་རྒྱལ་བའི་མཛོད་ སྤུའོ། །བདེ་གཤེགས་ཕྱག་རྒྱ་ཐམས་ཅད་དང་། །སྒོར་ནི་གཞན་གྱིས་མི་ཐུབ་མའོ། །རབ་འབྱོར་དང་ནི་ཀུན་དགའ་བོ། །སྙིང་པོའི་དཀྱིལ་འཁོར་ལྷ་རྣམས་ནི། །ཕྱོགས་ཆ་བསྟན་པ་བཞིན་དུ་དགོད། །ཕྱི་རོལ་དུ་ནི་ཅི་དགའ་བའི། །ལྷ་ རྣམས་དགོད་པ་བྱ་བར་གསུངས། །དོན་གྲུབ་པ་དང་མཐུ་ཆེན་དང་། །འཇམ་དཔལ་དང་ནི་གླང་པོ་ཆེ། །དཔལ་ལྡན་ཚངས་པ་མེས་པོ་དང་། །དེ་བཞིན་དུ་ནི་བརྒྱ་བྱིན་དང་། །བཅོམ་ལྡན་མངག་གཞུག་སངས་རྒྱས་པའི། །ལྷ་ནི་དེ་དང་དེ་དག་དང་། ། ཕྱོགས་སྐྱོང་རྣམ་པ་སྣ་ཚོགས་རྣམས། །ཕྱི་རོལ་དཀྱིལ་འཁོར་དག་ཏུ་བྲི། །དེ་ནས་དབུས་སུ་གསང་སྔགས་སམ། །སྙིང་པོའི་དཀྱིལ་འཁོར་རྫས་བཞག་སྟེ། །མཆོད་པའི་ཆོ་ག་ཐམས་ཅད་དང་། །སྦྱིན་སྲེག་ལས་ནི་བྱ་བར་བསྒྲགས། ། མདོར་ན་བསྲུང་བའི་ལས་ཀྱི་རྣམས། །དཀྱིལ་འཁོར་དག་ཏུ་གསུངས་པ་བཞིན། །བསྒྲུབ་པའི་ཚེ་ན་དེ་དག་ཀུན། །ཁྱད་པར་དུ་ནི་སྦྱར་བར་བྱ། །དཀྱིལ་འཁོར་ཆོ་ག་བསྟན་བ་འདི། །དེ་བཞིན་གཤེགས་པའི་རིགས་ཀྱིས་གསུངས། །འདིས་ནི་རྫས་རྣམས་བསྒྲུབ་བྱས་ནས། །ཟློས་པ་བོ་ 101-1-294a ལ་མྱུར་དུ་འགྲུབ། །དེར་ནི་ཞུགས་པ་ཙམ་གྱིས་ཀྱང་། །བགེགས་རྣམས་མེད་པར་གྱུར་པ་དང་། །ལྷ་རྣམས་ཁྱད་པར་དག་ཏུ་ཡང་། །བྱིན་གྱིས་རློབ་པ་མཛད་བར་འགྱུར། །དེ་བཞིན་གཤེགས་པའི་རིགས་ཀྱི་རྫས་བསྒྲུབ་པའི་དཀྱིལ་འཁོར་གྱི་ ཆོ་ག་རིམ་བར་ཕྱེ་བའོ།། །། ཚོན་རྩི་སྣ་ནི་ལྔ་པོ་ཡིས། །སྔོན་བཞིན་དཀྱིལ་འཁོར་ཐམས་ཅད་བྲི། །དབུས་སུ་པད་མ་བྲིས་ནས་ཀྱང་། །དང་པོར་ཤར་གྱི་ཕྱོགས་སུ་ནི། །འདོད་པ་སྦྱོར་བྱེད་དགོད་པར་བྱ། །དེ་ནས་གསང་སྔགས་རྒྱལ་པོ་དྲུག ། དེ་ཡི་འོག་ཏུ་གོས་དཀར་ཅན། །སྒྲོལ་མ་བདུན་དང་དཔའ་མོ་བདུན། །རིག་པའི་རྒྱལ་མོ་གྲགས་ལྡན་མ། །སྒོ་ཀར་རིག་སྔགས་རལ་པ་གཅིག །རྟ་མགྲིན་ཡང་ནི་དགོད་པར་བྱ། །ལས་ཀུན་བྱེད་པའི་བུམ་པ་ཡང་། །སྒོ་དྲུང་དུ་ནི་བཞག་པར་བྱ། ། སྒོ་ཡི་གྲྭར་ནི་རྡོ་རྗེ་བྲི། །ཕྱི་རོལ་ཚངས་དང་ལྷ་ཡི་སྤྱན། །དབང་ཕྱུག་ཆེན་པོ་ལྷ་ཡི་བུ། །རྒྱལ་སྲས་དྲི་མ་མེད་པ་དང་། །འོད་ཟེར་ཕྲེང་བས་བརྒྱན་པ་དང་། །ཀླུ་ཡི་རྒྱལ་པོ་མཐའ་ཡས་དང་། །སྟོབས་ཆེན་མཛེས་པ་ཞེས་དགའ་དང་། །རིག་སྔགས་ འཆང་གི་རྒྱལ་པོ་ནི། །བརྩོན་འགྲུས་ཆེན་པོ་དུང་ཅན་དང་། །སྔོན་བཞིན་ཕྱོགས་མཚམས་སྐྱོང་བ་དང་། །འདིར་ཡང་རིག་པའི་ལྷ་རྣམས་དགོད། །དཀྱིལ་འཁོར་སྔ་མའི་ཆོ་ག་བཞིན། །འདིར་ཡང་ཐམས་ཅད་བྱ་བར་གྲགས། །བཤད་པ་འདི་ ལ་བརྟེན་ན་ནི། །བགེགས་རྣམས་ཀུན་གྱིས་ཐུབ་པར་དཀའ། །པད་མ་རིགས་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །། གྲུ་བཞི་པར་ནི་ཐིག་བཏབ་ནས། །དང་པོར་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་རྡོ་རྗེ་བྲིས་ནས་ཀྱང་། །ཤར་དུ་རིག་སྔགས་རྒྱལ་པོ་ ནི། །ལེགས་པར་འགྲུབ་བྱེད་ཐོག་མར་དགོད། །དེ་ནས་དེ་ཡི་ངོས་གཉིས་སུ། །རིག་སྔགས་རྒྱལ་མོ་གཉིས་བྲིས་ནས། །རིན་ཆེན་རྡོ་རྗེ་གནམ་ལྕགས་དང་། །གཡོན་དུ་རྡོ་རྗེ་ཁུ་ཚུར་རོ། །བཀོད་ནས་དེ་ཡི་ངོས་གཉིས་སུ། །ཀཱི་ལི་དང་ནི་གནོད་ མཛེས་དགོད། །རྡོ་རྗེ་རྡོ་རྗེ་དབྱུག་པ་དང་། །ཐོ་བ་དང་ནི་ལུ་གུ་རྒྱུད། །རིན་ཆེན་རྡོ་རྗེ་ལྕགས་ཀྱུ་མ། །མཱ་མ་ཀཱི་ཡང་ཡོངས་སུ་དགོད། །རྒྱལ་པོ་བློན་སོགས་ཕོ་ཉ་མོ། །རྡོ་རྗེ་བློ་གྲོས་ལ་སོགས་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ནོར་བདག་གནོད་སྦྱིན་ལྷན་ཅིག་ཏུ། །ལས་ 101-1-294b ཀུན་བྱེད་པའི་ཕྱི་རོལ་དུའོ། །ཕྱི་རོལ་ཕྱག་ན་རྡོ་རྗེའི་རིགས། །འཁྲུངས་འདོད་པ་ཡི་རིག་སྔགས་དང་། །འབྱུང་པོ་སྲིན་པོ་ཤ་ཟ་དང་། །གྲུབ་པ་གནོད་སྦྱིན་ལྟོ་འཕྱེ་ཆེ། །ཕྱོགས་མཚམས་སྐྱོང་བའི་ལྷ་རྣམས་དག །ཐམས་ཅད་གོ་རིམས་བཞིན་དུ་དགོད། །དེ་ནས་ མཆོད་པའི་ཆོ་ག་དང་། །གང་ཡང་བསྲུང་བ་ལ་སོགས་ཀུན། །སྦྱིན་སྲེག་བསྟན་པ་བཞིན་བྱས་ཏེ། །ཅི་སྐད་བསྟན་པའི་ལས་རྣམས་བྱ། །ཟློས་པ་པོས་ནི་དཀྱིལ་འཁོར་དུ། །སྤྱན་དྲང་བ་ལ་སོགས་པའི་ལས། །རིག་པའི་རྒྱལ་པོའི་སྙིང་པོ་འམ། ། ཡང་ན་རྣམ་པར་ཕྱེ་སྟེ་བྱ། །བུམ་པ་དགང་བ་ཐམས་ཅད་ནི། །སྒྲུབ་པར་གསུངས་པའི་ཆོ་ག་དང་། །བསྒྲུབ་པའི་དཀྱིལ་འཁོར་དུ་བསྟན་པ། །ཆོ་ག་འདྲ་བར་གསུངས་པ་ཡིན། །དབང་ཆེན་གྲགས་པའི་སེམས་ཅན་ཀུན། །དམ་ཚིག་ལས་ནི་མི་འདའ་བས། ། བསྲུང་བར་བྱ་བ་མ་བྱས་ཀྱང་། །དཀྱིལ་འཁོར་དག་ཏུ་བསྒྲུབ་པར་བྱ། །རིག་སྔགས་ཀྱི་ནི་ལྷ་ཡི་རྣམས། །དམ་ཚིག་གིས་ནི་དཀྱིལ་འཁོར་དུ། །ལྷག་པར་བྱིན་གྱིས་རློབ་པ་དག །ཁྱད་པར་དུ་ནི་འབྱུང་བར་འགྱུར། །རྟག་ཏུ་གུས་པས་མཉེས་བྱ་བའི། །ཆོ་ག་ འདིས་ནི་དགོངས་འགྱུར་ཞིང་། །སྒྲུབ་པ་པོ་དག་འདོད་པ་ཡི། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །འདིར་ནི་རིགས་ཀྱི་སྙིང་པོ་དང་། །རིགས་ཀྱི་ཡུམ་དང་རྒྱལ་པོ་དང་། །སྤྱི་ཡི་བསྲུང་བའི་གསང་སྔགས་ཀྱང་། །དངོས་གྲུབ་མྱུར་དུ་སྩོལ་བར་མཛད། ། དཀྱིལ་འཁོར་གསུམ་པོ་འདི་དག་ནི། །གསང་ཆེན་ཡིན་བར་ཡོངས་སུ་བསྒྲགས། །རྡོ་རྗེ་རིགས་ཀྱི་ཕོ་ཉ་རྫས་བསྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་དཀྱིལ་འཁོར་འདི། །གསང་ཆེན་སྙིང་པོར་གྱུར་བ་སྟེ། ། ཚུལ་བཞིན་རྡོ་རྗེས་མཚན་པ་ཡི། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །དབུས་སུ་རིགས་ཀྱི་རྒྱ་བྲིས་ནས། །དེ་ལ་རིག་སྔགས་བཞག་པར་བྱ། །ཡང་ན་བུམ་པ་གང་བ་ནི། །བཀྲ་ཤིས་སྔོན་བཞིན་བཤད་པ་བཞག །དེ་སྟེང་ཁམ་བོར་ལ་སོགས་པ། ། ཁ་སྦྱོར་ནང་དུ་རྫས་ཀྱང་བཞག །ཤར་དུ་སངས་རྒྱས་བཅོམ་ལྡན་འདས། །བྱང་དུ་སྤྱན་རས་གཟིགས་དབང་ཕྱུག །ལྷོར་ནི་བཅོམ་ལྡན་རྡོ་རྗེ་འཛིན། །ནུབ་དུ་དྲག་པོ་ནོར་བདག་གོ། །རིག་པའི་རྒྱལ་པོའི་ཚུལ་དུ་ནི། །ཐམས་ཅད་ཕྱག་རྒྱའི་སྟེང་དུ་ 101-1-295a དགོད། །རིགས་ཀྱི་རིག་སྔགས་གཡས་ཕྱོགས་སུ། །གཡོན་དུ་ལས་རྣམས་ཀུན་བྱེད་པ། །ནུབ་ཕྱོགས་ཀྱི་ནི་ངོས་གཉིས་སུ། །དཀར་ཤམ་མ་དང་དཔལ་མོ་བཞག །ལྷུང་བཟེད་དང་ནི་ཆོས་གོས་ཀྱང་། །ཤར་གྱི་གྲྭ་ནི་གཉིས་སུ་ བྲི། །བྱང་ཕྱོགས་ཕྱག་ན་པད་མ་ཡི། །དབྱུག་པ་དང་ནི་གཎྜི་བྲི། །ལྷོ་ཕྱོགས་རྡོ་རྗེ་འཛིན་པ་ཡི། །རྡོ་རྗེ་དང་ནི་ཐོ་བ་བྲི། །ནུབ་ཕྱོགས་ཀྱི་ནི་གྲྭ་གཉིས་སུ། །རྩེ་གསུམ་ནོར་གྱི་བུམ་པ་བྲི། །སྒོ་ཀར་གཞན་གྱིས་མི་ཐུབ་མ། །ཤར་གྱི་ཕྱོགས་སུ་ འཕྲོག་མ་བཞག །ལྷོ་ཡི་ཕྱོགས་སུ་རི་མཁར་མ། །བྱང་དུ་རལ་པ་གཅིག་མ་བྲི། །ཕྱི་རོལ་ལྷ་རྣམས་དགོད་པ་ནི། །མདོར་ན་ཅི་ལྟར་འདོད་པ་བཞིན། །གསང་སྔགས་མཆོད་པའི་ཆོ་ག་ཀུན། །སྔ་མ་བཞིན་དུ་ཡོངས་སུ་བསྒྲགས། ། དཀྱིལ་འཁོར་རབ་ཏུ་གསང་བ་འདི། །སྒྲུབ་པའི་ཚེ་ན་བགེགས་མེད་བཤད། །རྫས་རྣམས་ཀུན་དང་ལས་རྣམས་ནི། །གསང་སྔགས་བདག་གིས་ཅི་དགར་འགྲུབ། །བཅུག་ནས་འབྱུང་བ་ཉིད་ཀྱིས་ཀྱང་། །བགེགས་བྱ་བར་ནི་མི་ནུས་སོ། ། དྲི་དང་མེ་ཏོག་བསུང་ཞིམ་དང་། །བདུག་སྤོས་མར་མེ་གསལ་བ་དང་། །བཤོས་ཀྱང་རྣམ་པ་སྣ་ཚོགས་ཀྱིས། །དེ་ནས་མཆོད་པ་ལེགས་པར་བརྩམ། །བཟླས་བརྗོད་ཆོ་ག་ལས་གསུངས་དང་། །དཀྱིལ་འཁོར་དག་ཏུ་ཅི་བསྟན་པ། །དེ་བཞིན་ཁང་པ་ འམ་དཀྱིལ་འཁོར་དུ། །མཆོད་པ་ཡི་ནི་ཆོ་ག་བྱ། །རིག་སྔགས་རྒྱལ་ལ་ལྷ་བཤོས་ནི། །སྙིང་པོར་གྱུར་བ་སྣ་ཚོགས་དང་། །མཆོད་པ་སྣ་ཚོགས་གང་ཡིན་བ། །ཆོ་ག་བཞིན་དུ་བྱ་བར་གསུངས། །མར་གྱི་མར་མེ་གསལ་བ་དང་། །སྙིང་པོ་དག་ཀྱང་གསལ་བར་དབུལ། ། འགོ་བར་བྱ་བའི་ཆེད་དུ་ནི། །རང་རིག་སྔགས་ལ་མཆོད་ཡོན་དབུལ། །དེ་ནས་རིག་སྔགས་རྒྱལ་པོ་ཡིས། །ཡུངས་ཀར་དག་ལ་བསྔགས་ནས་སུ། །ནད་རིམས་དག་ནི་ཐམས་ཅད་དུ། །གསང་བའི་བསྲུང་བ་རབ་ཏུ་བྱ། །ལས་ཀུན་བྱེད་པའི་རིག་སྔགས་སམ། །ཡང་ན་བསྲུང་བ་གཞན་ཡང་ རུང་། །ཡུངས་ཀར་ཡོངས་སུ་བཟླས་བ་དག །རྫས་ཀྱི་དྲུང་དུ་བཞག་པར་བྱ། །དེ་ཡིས་ཀུན་དུ་གཏོར་བ་ཡིས། །བགེགས་རྣམས་ལས་ནི་བསྲུང་བར་འགྱུར། །གཡོན་དུ་རང་གི་ཕྱག་རྒྱ་བཞག་པ་འམ། །རལ་གྲི་མངོན་བར་བསྔགས་པ་འང་རུང་། །ཕྱོགས་སྐྱོང་ཕྱོགས་སུ་བཞག་བྱས་ཏེ། ། 101-1-295b དེའི་མོད་བསྨྱུང་ཞིང་བསྲུང་བ་བྱས། །སེམས་སྟོབས་ཆེ་ཞིང་གཙང་སྦྲ་ཅན། །གོས་ཀྱང་དེ་ཡི་ཁ་དོག་ལྡན། །ལུས་དང་སྟོབས་དང་ལུང་འཚོ་དང་། །གཟུགས་དང་ལྡན་བའི་སྐྱེས་བུ་ཞིག །དཔལ་ལ་བཟླས་པའི་རལ་གྲི་འཛིན། །མགུལ་ནས་ཕྲེང་བའི་དོ་ཤལ་འཕྱང་། ། ཡུངས་ཀར་དག་ནི་ཐུ་བར་བླུགས། །བགེགས་རྣམས་བལྟ་ལ་མཁས་པ་སྟེ། །ཕྲེང་བ་དང་ནི་ཡུངས་ཀར་དག །བགེགས་ལ་རབ་ཏུ་འཕེན་པར་ནུས། །བགེགས་རྣམས་ཀུན་ནས་འབྱུང་བ་འམ། །ཡང་ན་འཇིགས་པ་ཆེན་པོ་ལ། །འཇིགས་པ་མེད་པར་རལ་ གྲིས་བསྡིགས། །གལ་ཏེ་ཉེ་བར་འོངས་ནས་འདེབས། །ཡུངས་ཀར་དག་དང་ཕྲེང་བ་སྤོས། །བགེགས་རྣམས་ཉེ་བར་ཞི་བར་འགྱུར། །ཡང་ན་རང་གི་གནས་དག་ན། །ལེགས་པར་གནས་པའི་རལ་གྲིས་བྱ། །བསྐོར་བའི་གནས་རྣམས་བོར་ན་ནི། །སྐབས་དང་ གླགས་ནི་རྙེད་འགྱུར་ཞིང་། །དེ་ལ་བགེགས་ཀྱང་འཇུག་བར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བསྲུང་། །དེ་དག་སྒྲུབ་པའི་ཆོ་ག་ལས། །བསྲུང་བའི་ལས་ནི་མདོར་སྡུས་བའོ། །རྒྱུད་ལས་གསུངས་པའི་ཡོན་ཏན་ཅན། །ཕྱོགས་སྐྱོང་རྣམས་ནི་མ་རྙེད་ན། ། ལྕགས་མདའ་འམ་ཡང་ན་མདའ་ཅན་དག །བཟླས་ནས་ཕྱོགས་སུ་གཟུགས་བར་བྱ། །གསང་སྔགས་བཟླས་ཤིང་དཀའ་ཐུབ་ཅན། །རྒྱུད་འཛིན་ཤེས་པར་ལྡན་བ་ཞིག །གསང་སྔགས་སྒྲུབ་པའི་གྲོགས་མཆོག་སྟེ། །བཟླས་རྗོད་བྱེད་ཅིང་ སྒོ་ཀར་བཞག །དེས་ནི་བགེགས་ནི་བཟློག་པ་དང་། །ལས་རྣམས་ཀུན་ལ་འཇུག་བར་བྱ། །རྒྱུད་རྒྱུད་དག་ལས་རང་གི་རྒྱ། །བསྲུང་བ་ཅིས་ཀྱང་མི་ཚུགས་གང་། །དེ་དག་བཟླས་ཤིང་མཆོད་བྱས་ནས། །བདག་ཉིད་ཀྱིས་ནི་བཅང་བར་བྱ། །བགེགས་ ཆེན་དྲག་པོ་རྣམས་ལ་ནི། །དེ་དག་གིས་ནི་བཟླས་བྱ་འམ། །ཡང་ན་འདོད་པའི་གསང་སྔགས་ཀྱིས། །བསྔགས་པའི་ཡུངས་ཀར་དག་གིས་བྱ། །ལྷ་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གཏོར་མའི་ཆོ་ག་ཅི་རིགས་པར། །རབ་ཏུ་དང་ཞིང་བཟང་བ་འམ། ། ཡང་ན་འབྱུང་པོ་ཀུན་ལ་བྱ། །བསྐྲད་པ་དང་ནི་འོག་བཅིང་དང་། །སྟེང་ཡང་བཅིང་ཞིང་ཁོར་ཡུག་ཏུ། །མཚམས་བཅད་ཕྱོགས་ཀྱང་བཅིང་བྱ་ཞིང་། །རྡོ་རྗེ་དྲ་བ་ར་བ་བྱ། །རྒྱུད་དང་སློབ་དཔོན་ལུང་དག་གིས། །རྫས་དང་བདག་དང་ལྷ་ཡང་བསྲུང་། །གསང་སྔགས་ 101-1-296a དག་གིས་ཕྱི་ནང་དུ། །བགེགས་རྣམས་ཐམས་ཅད་བཟློག་པར་བྱ། །ཆོ་ག་དེ་དག་ཐམས་ཅད་ནི། །ཕྱི་དྲོའྀ་དུས་སུ་བྱ་བར་བཤད། །ཉི་མ་ནུབ་པར་གྱུར་ནས་ནི། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །བློ་དང་ལྡན་བ་ཕྱིར་བྱུང་ནས། །ཉེ་རེག་ ཡང་དང་ཡང་བྱས་ཏེ། །བདུད་རྩི་ཐབས་སྦྱོར་བཟླས་བྱས་པའི། །སྤོས་ཆུ་ཁྱོར་གང་བཏུང་བར་བྱ། །དཀྱིལ་འཁོར་བདག་པོའི་སྙིང་པོ་ཡིས། །བཟླས་པའི་མར་ནི་ཅུང་ཟད་བཏུང་། །ངལ་དང་སྙོམ་བ་ལ་སོགས་པའི། །གནོད་པ་ཐམས་ཅད་ཞི་བར་ འགྱུར། །སྟངས་ཟིལ་སྦྲང་རྩི་པི་པི་ལིང་། །སངས་རྒྱས་སྤྱན་གྱིས་བཟླས་པ་འམ། །སྔ་མས་བསྐུས་ན་མྱུར་བར་ནི། །བགེགས་ལས་བྱུང་བའི་གཉིད་སེལ་ལོ། །བསྡམས་ཤིང་ཤར་དུ་ཁ་བསྟན་འདུག །ལྷ་རྣམས་ལ་ཡང་ཕྱག་འཚལ་ ནས། །ཀུན་ལ་ཡིད་ཀྱིས་གསོལ་བཏབ་སྟེ། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །མཚན་མ་བཟང་པོ་རྣམ་པ་གསུམ། །བཟླས་བརྗོད་བྱེད་པས་བཟུང་ནས་ནི། །རབ་ཏུ་དགའ་བའི་སེམས་ཀྱིས་ནི། །དེ་ནས་བསྒྲུབ་ལ་འཇུག་པར་བྱ། །མཚན་མ་དག་ནི་ ཅི་འདྲ་ལས། །དངོས་གྲུབ་དག་ཀྱང་དེ་འདྲར་གསུངས། །དེ་ནས་བཟློས་པའི་མཚན་མ་ཡིས། །དངོས་གྲུབ་བསྟན་བ་འདོད་པར་བྱ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །རིག་པའི་རྒྱལ་པོའི་བློ་བསམས་ནས། །བུམ་པ་སྒོ་ཀར་བཞག་པ་ལ། ། བསྐོར་བ་དག་ཀྱང་གུས་པར་བྱ། །ལྷ་ཡི་གནས་སུ་ཞུགས་ནས་ནི། །དེ་ཡི་འོག་ཏུ་ཕྱག་བྱས་ནས། །འགོ་བར་བྱ་ཕྱིར་ཐམས་ཅད་ལ། །མཆོད་ཡོན་གྱི་ནི་བྱ་བ་བྱ། །རིག་སྔགས་རྒྱལ་པོའམ་རྒྱལ་མོ་འམ། །ཡང་ན་སྤྱིའི་སྙིང་པོ་འམ། །རང་རང་ སྔགས་ཀྱིས་ཅི་རིགས་པར། །སྤྱན་དྲང་བ་ཡི་ཆོ་ག་བྱ། །དཀྱིལ་འཁོར་དག་ཏུ་བྱ་བ་བཞིན། །རང་གི་ཕྱག་རྒྱ་ལེགས་པར་བསྟན། །དེ་ལྟར་བྱས་ན་རིག་སྔགས་དང་། །གསང་སྔགས་མཐུ་ཆེན་བྱིན་གྱིས་རློབ། །རྫས་ནི་ཁ་ཅིག་རྣམ་བརྟགས་བ། ། ལག་པའི་སྙིམ་པའི་ནང་དུ་གཞུག །ཁ་ཅིག་མཆོད་ཡོན་ནང་དུ་གཞུག །ཁ་ཅིག་བུམ་པའི་སྟེང་དུའོ། །གྲོག་མཁར་ས་ཡི་ཁམ་བོར་རམ། །ཡང་ན་ལོ་མ་བཏིང་བར་བཞག །བསྒྲུབ་བྱ་སྟེགས་བུ་ལ་བཞག་པ། །གི་ཝང་བསྐུས་པའི་སྣོད་བཅུག་སྟེ། ། 101-1-296b བཟླས་བའི་གནས་སུ་བཞག་ནས་སུ། །ཡུངས་ཀར་དག་གིས་མངོན་བསྲུང་ཏེ། །བློ་ཅན་ཆོ་ག་ཤེས་པ་ཡི། །མེ་ཏོག་ཏ་མ་ལི་ཡིས་མཆོད། །བརྟན་པར་བྱ་དང་བསྲུང་བ་དང་། །བྱིན་བསྐྱེད་པ་ནི་གང་བཤད་པ། །ཅི་ལྟར་རིགས་པར་རྫས་ ལའོ། །མ་སྟོངས་པར་ནི་བྱ་བའི་རིགས། །ལྷ་དང་རྫས་ཀྱི་བར་དག་ཏུ། །ཅི་ཡང་བཞག་པར་མི་བྱའོ། །རྫས་ཀྱི་གཡས་གཡོན་གཉིས་སུ་ནི། །བསྲུང་བའི་རྒྱ་དང་ཡུངས་ཀར་བཞག །བདུག་སྤོས་མཆོད་ཡོན་གཏོར་མ་དང་། ། ཞོ་དང་མར་མེ་ལ་སོགས་དང་། །བསྒྲུབ་བྱའི་རྫས་ནི་བཞག་ནས་ཀྱང་། །དཀྱིལ་འཁོར་བལྟ་བ་བཞག་པར་བྱ། །རྫས་ལ་མིག་གམ་ལག་པ་ཡིས། །བལྟ་འམ་ཡང་ན་བྲིམ་པར་བྱ། །གཡོ་བའི་ཡིད་ནི་མཉམ་བཞག་སྟེ། །བློ་དང་ ལྡན་བས་ཤུབ་བུར་བཟླས། །འདིར་ཡང་བྱིན་བསྐྱེད་ཆོ་ག་དག །སྔོན་བཞིན་སྐབས་སྐབས་དག་ཏུ་བྱ། །དེ་ཡི་མཚན་མོ་ཐོག་ཐག་ནི། །དེ་བཞིན་རྒྱུན་མི་འཆད་པར་བཟླས། །མཆོད་ཡོན་ལ་སོགས་ཆོ་ག་ཀུན། །དུས་གསུམ་དུ་ཡང་བྱ་བར་བཤད། ། འཐོར་འཐུང་ལ་སོགས་དགོས་པ་ལ། །དེ་ཚེ་རྗེས་སུ་བསྒྲུབ་པ་བཞག །སྒྲུབ་པ་པོས་ནི་བསྒྲུབ་པ་ན། །རྟག་ཏུ་ཉེ་བར་གནས་པར་བྱ། །སྒྲུབ་པ་པོ་བཞིན་ཆོ་ག་ཡི། །ལྷག་མ་སྒྲུབ་གྲོགས་མཆོག་གིས་བྱ། །བགེགས་ཆེན་རྣམས་ནི་ ཟློག་པ་ལ། །རྗེས་སུ་བསྒྲུབ་པ་དག་གིས་བྱ། །དེས་མ་ནུས་ན་བདག་ཉིད་ཀྱིས། །ཡུངས་གར་ལ་སོགས་བཟླས་པས་བྱ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། །འཇིགས་སུ་རུང་བའི་འབྲུག་སྒྲ་སྒྲོགས། །མེ་ཡི་ཕྱོགས་སུ་གློ་བུར་དུ། ། མཚམས་ཀྱི་སྣང་བ་ནམ་ལངས་བཞིན། །གཤིན་རྗེའི་ཕྱོགས་ནས་འོང་བ་ནི། །འཆི་བདག་གཟུགས་ཅན་འཇིགས་འཇིགས་བལྟ། །རལ་གྲི་ཐོགས་ཤིང་སྒྲ་ཆེན་འབྱིན། །སྣ་ཆད་ལོ་མ་མི་ཐོད་དུ། །མིའི་ཁྲག་ནི་འཐུང་བར་བྱེད། །མགོ་སྐྲ་གྱེན་ དུ་བརྫེས་ཤིང་འབར། །གཅིན་རྒྱང་ཆར་བཞིན་འབབ་པ་ཡི། །བསྲུང་བའི་ལས་རྣམས་འཇིགས་པར་བྱེད། །བདེན་བྲལ་ཕྱོགས་ནས་སེམས་ཅན་མང་། །འཇིགས་པའི་གཟུགས་ཅན་ཐ་དད་པའོ། །ཆུ་ལྷའི་ཕྱོགས་ནས་ལྷ་ཡི་བདག །སྤྲིན་དང་བཅས་བར་འབྲུག་སྒྲ་སྒྲོགས། ། 101-1-297a རླུང་གི་ཕྱོགས་ནས་ཚུབ་ཆེན་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་ནས། །དབང་ལྡན་ཕྱོགས་ནས་ཚོགས་ཀྱི་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་འབྱུང་། །འོག་ན་ས་འགེས་གཡོ་བར་བྱེད། །རྫས་ཀྱི་དངོས་གྲུབ་ཆེན་ པོ་ལ། །དེ་ལ་སོགས་པ་བགེགས་ཀྱི་རྣམས། །ནམ་གྱི་ཕྱེད་ན་འབྱུང་བར་འགྱུར། །དངོས་གྲུབ་ཆེན་པོ་རྣམས་ལ་ནི། །བགེགས་ཀྱང་ཆེན་པོ་ཉིད་དུ་འགྱུར། །ཕལ་ལ་རྗེས་སུ་འཐུན་པ་ཡི། །བགེགས་ནི་རྣམ་པ་སྣ་ཚོགས་འབྱུང་། །དུས་ གསུམ་དག་གི་དངོས་གྲུབ་ནི། །ཐ་མ་འབྲིང་དང་རབ་ཏུ་བཤད། །དུས་བཞིན་བྱུང་ན་རབ་ཏུ་ཤིས། །དེ་ལ་ཟློས་པ་མི་ཤིས་སོ། །དྲོ་དང་དུད་འཐུལ་འབར་བ་དག །འགྲུབ་པའི་མཚན་མར་བསྟན་བ་ཡིན། །འབར་བ་ལས་ནི་སུམ་ཆར་བཤད། ། དུ་བ་ལ་ནི་རིམ་བཞིན་གཉིས། །དྲོད་ལས་དངོས་གྲུབ་གཅིག་པུ་སྟེ། །དེ་ནི་ཐ་མ་ཡིན་པར་བཤད། །ཁ་ཅིག་གསང་སྔགས་མཐུ་དག་ལས། །མྱུར་དུ་འབབ་བར་གྱུར་པ་འམ། །གལ་ཏེ་བསྒྲུབ་ཚེ་ཐོག་མར་ནི། །དངོས་གྲུབ་ཁ་ཅིག་འོད་བྱུང་ ནས། །དེ་ཚེ་རང་རིག་རིག་སྔགས་ཀྱིས། །དངོས་གྲུབ་མནན་པ་བརྩམ་པར་བྱ། །མིས་ནི་རིག་སྔགས་རྒྱལ་བ་ཡིས། །སྙིང་པོས་བ་ཡི་གི་ཝང་འམ། །ལག་པས་བྲིམ་ན་དངོས་གྲུབ་ནི། །མནན་པར་འགྱུར་ཞིང་བསྟན་པར་འགྱུར། །མར་རམ་ཡང་ན་ མེ་ཏོག་གམ། །རྫེས་ཀྱི་རིགས་ལ་བཟླས་ཀྱང་རུང་། །དེ་ལྟར་མནན་ན་རྫས་རྣམས་ནི། །སྤྱད་ན་ཡོན་ཏན་ཐོབ་པར་འགྱུར། །དང་པོར་གྲུབ་པར་གྱུར་ན་ནི། །ཐོག་མར་གནས་པར་བྱས་ནས་སུ། །དེ་ནས་མཚན་མོའི་ལྷག་མ་ལ། །བློ་ཅན་བཟླས་བརྗོད་ཅི་ འདོད་བྱ། །དངོས་གྲུབ་འབྲིང་པོ་དག་ལ་ཡང་། །ཆོ་ག་དེ་བཞིན་བྱ་བར་བཤད། །ནམ་ཕྱེད་དག་ན་གྲུབ་པ་ནི། །སྤྱད་པ་འང་དེ་ཡི་དུས་སུ་བཤད། །དང་པོ་པ་ནི་སྲོད་ལ་སྟེ། །འབྲིང་པོ་དག་ནི་ནམ་ཕྱེད་ན། །དངོས་གྲུབ་རབ་དག་སྤྱད་པ་ནི། །སྐྱ་རེང་འཆར་ཀའི་དུས་སུའོ། ། དང་པོ་པ་ནི་ནང་པར་སྟེ། །ལྷག་མ་གཉིས་ལ་ངེས་པ་མེད། །འབྲིང་པོ་མཚན་མོ་སྤྱད་བྱ་བ། །ནང་བར་སྤྱད་པར་མི་བྱའོ། །དངོས་གྲུབ་ཐ་མར་གྱུར་པ་དག །ནང་པར་སྤྱད་པར་དགག་པ་མེད། །དུས་ལས་འདས་པའི་ངེས་པ་འམ། །རིམ་པ་གཞན་ཡང་མི་ཤེས་སོ། །གང་ཞིག་ 101-1-297b ནང་བར་མི་སྤྱད་ལ། །གལ་ཏེ་གནས་པའང་མ་བྱས་ན། །དེ་ནི་དམན་མ་བཞིན་བོར་བ། །སྤྱད་ཟིན་པ་ཞེས་བྱ་བར་འགྱུར། །བསྒྲུབ་བས་བསྐུལ་བའི་རྫས་དག་ལ། །གསང་སྔགས་གཟི་བརྗིད་ཀུན་ཞུགས་པ། །དུས་ལས་འདས་པའི་ཉེས་པ་ཡིས། ། ཕལ་ཆེར་ཡོངས་སུ་སྤོང་བར་འགྱུར། །བསྣན་པ་དག་ནི་ཕྱི་ནས་ཡང་། །གྲུབ་ཀྱི་བར་དུ་རུང་བར་འགྱུར། །བསྣན་ཏེ་བཞག་པའི་རྫས་དག་ནི། །ཅི་ལྟར་འདོད་པ་སྤྱད་པར་བྱ། །གལ་ཏེ་གྲུབ་པའི་རྫས་དག་ནི། །ནམ་ཡང་སྤྱད་པར་མ་བྱས་ན། ། དེ་ལས་གཞན་པའི་དུས་མཚམས་ལ། །བཟླས་པ་ཡང་བྱས་སྤྱད་པར་བྱ། །མ་གྲུབ་པ་ཡི་རྫས་དག་ལ། །ཆོ་ག་དེ་ཉིད་རབ་ཏུ་བསྒྲགས། །དུས་ཚིགས་དུས་ཚིགས་དག་ལ་ཡང་། །བྱིན་བསྐྱེད་ལ་སོགས་ཆོ་གས་བསྒྲུབ། །ལོ་གསུམ་གྱིས་ནི་གང་ མ་གྲུབ། །དེ་ནི་ནམས་ཀྱང་མི་འགྲུབ་པོ། །མཆོག་ཏུ་གྱུར་བའི་རྫས་རྣམས་ལ། །ཆོ་ག་འདི་ནི་ཡོངས་སུ་བསྒྲགས། །ཟླ་བ་དྲུག་གིས་འབྲིང་པོ་རྣམས། །དངོས་གྲུབ་ཉེ་བར་འཐོབ་པར་འགྱུར། །ཆུང་ངུ་རྣམས་ལ་དུས་དག་ནི། །གང་ཡང་ངེས་ པ་མེད་པར་བཤད། །རི་མོ་ཡི་ནི་ལྷ་རྣམས་ལའང་། །ཆོ་ག་འདི་ཉིད་བཤད་པ་ཡིན། །ཡོངས་སུ་བཟུང་བ་ལ་སོགས་པའི། །ཆོ་གའང་དེ་ལས་གཞན་པའང་བྱ། །རྫས་བསྒྲུབ་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། སེམས་ཅན་སྣང་དང་མི་ ལས། །གྲུབ་པའི་རྫས་མ་གྲུབ་པའི་ཚེ། །གལ་ཏེ་ཕྲོགས་པར་གྱུར་ནས་ནི། །དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །ཚེས་གྲངས་མི་དགོས་རྒྱུ་སྐར་མིན། །སྨྱུང་བར་བྱ་བའང་མེད་པར་གསུངས། །མཆོག་ཏུ་ཁྲོ་བ་ལ་གནས་ཏེ། །མོད་ལ་དུར་ ཁྲོད་ཐལ་བ་ཡིས། །གྲུ་གསུམ་ནུབ་ཏུ་སྒོ་གཏོད་པའི། །དཀྱིལ་འཁོར་འདི་ནི་བྲི་བར་བྱ། །དེ་ལྟར་བྲིས་ནས་ཕྱི་རོལ་བསྒོར། །སྒྲུབ་པའི་རིག་སྔགས་བཞག་པར་བྱ། །དེ་ནས་ཤར་དུ་བཅོམ་ལྡན་འདས། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དྲག་ པོ་གནོད་སྦྱིན་སྡེ་དཔོན་ནི། །མཐུ་ཆེན་རིག་སྔགས་རྒྱལ་པོ་དང་། །རྡོ་རྗེ་ཁྲོ་བོ་རྡོ་རྗེ་དབྱུག །རྡོ་རྗེ་ཁུ་ཚུར་ལྕགས་ཀྱུ་མ། །རྡོ་རྗེ་ཀཱི་ལི་འཇིགས་བྱེད་གཟུགས། །སེར་སྐྱ་དང་ནི་ཐོག་ཐོག་གཟུགས། །ལུག་རྒྱུད་རྣམ་རྒྱལ་ནག་པོ་དང་། །དེ་བཞིན་སྒོར་ནི་དགའ་བྱེད་དགོད། །རྡོ་རྗེ་སྡེ་དང་ 101-1-298a དཔུང་བཟང་དང་། །ཁྲོ་བོ་ཆེན་པོར་གྲགས་པ་རྣམས། །དེ་དག་རིགས་བཞིན་བཀོད་ནས་སུ། །མཁས་པས་མཆོད་པའི་ཆོ་ག་བཞིན། །མེ་ཏོག་དམར་ལ་སོགས་པས་མཆོད། །གཏོར་མ་ཁྲག་དང་བཅས་པར་གསུངས། །དྲག་ཤུལ་ སྤྱོད་པའི་ཆོ་ག་འདི། །སྔོན་དུ་བསྟན་པ་ཀུན་ཀྱང་བྱ། །མཁས་པས་རང་གི་རིག་སྔགས་ལྷ། །སྒོ་ཀར་མངོན་དུ་ཕྱོགས་བཞག་ལ། །དྲི་ཞིམ་མེ་ཏོག་དག་གིས་ཀྱང་། །ཆོ་ག་བཞིན་དུ་མཆོད་པར་བྱ། །ཕྱི་རོལ་དཀྱིལ་འཁོར་ཅི་དགའ་བར། ། དེ་དང་རྗེས་སུ་འཐུན་བྱ་སྟེ། །ལྷ་ནི་དྲག་པོ་གང་འདོད་པ། །མཆོད་པ་དག་ལ་སོགས་པ་བྱ། །སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། །དྲག་ཤུལ་སྤྱོད་པའི་ལས་ཀྱི་ཐབ། །གྲུ་གསུམ་ཁ་རན་ཅན་བྱས་ཏེ། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། ། མེ་འབར་ཡམ་ཤིང་སིང་ལྡེང་ངོ་། །ནིམ་པའམ་དུར་ཁྲོད་ནས་སྐྱེས་པ། །རང་གི་ཁྲག་ལས་བསྟགས་པ་དང་། །དུར་ཁྲོད་ཐལ་བ་སར་བ་འམ། །དུག་ཁྲག་ཡུངས་ཀར་བསྲེས་པ་དང་། །དེ་ནས་སྐེ་ཚེ་བསྲེག་བླུགས་དབུལ། །རྫས་འཕྲོག་བ་ ཡི་ཕྱིར་བསྔོས་ཏེ། །གཟུགས་བརྙན་སྟེང་དུ་གནས་པ་འམ། །ཡང་ན་གཟུགས་བརྙན་གཏུབ་གཏུབ་ཅིང་། །འཇུག་ཏུ་སྦྱིན་སྲེག་དག་ཀྱང་བྱ། །ཁྲོ་བོའི་ཆོ་ག་ཤེས་བ་ཡིས། །ཆོ་ག་འདི་ནི་བྱ་བར་གསུངས། །གསང་སྔགས་ཟློས་པས་ སྐྲག་གྱུར་ནས། །རྫས་འཕྲོག་པ་ནི་རིངས་པར་ཡང་། །འཕྲོགས་པའི་རྫས་ནི་ཁྱེར་ནས་སུ། །མངོན་དུ་འོངས་ཏེ་སྦྱིན་བར་བྱེད། །བྱེད་ན་དེ་ལ་མི་འཇིགས་སྦྱིན། །ཞི་བ་ཅི་དགར་རབ་ཏུ་བྱ། །གལ་ཏེ་ཞི་བ་མ་བྱས་ན། །དེ་ཚེ་མོད་ལ་འཆི་བར་འགྱུར། ། ཡང་ན་མི་སྣང་བ་ཡི་རྣམས། །དཀྱིལ་འཁོར་སྒོར་ནི་རྫས་ཀྱང་འཇོག །ཡང་ན་ཟློས་པར་འདོད་པའི་རྣམས། །རྫས་དག་ལྷག་པར་སྟེར་བར་འགྱུར། །རྫས་འཕྲོག་པ་མོད་ལ་དགུག་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།རྫས་ཕྲོགས་ནས་ནི་ རིང་ལོན་ནས། །དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །རིགས་གསུམ་རྣམས་ཀྱི་སྤྱི་ཡིན་ཏེ། །དངོས་གྲུབ་ཕྱིར་ནི་ལས་ཀུན་བྱེད། །ཐམས་ཅད་དུ་ཡང་རིག་སྔགས་རྒྱལ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། ། 101-1-298b ཕྱག་རྒྱ་བྲིས་ཏེ་དགོད་པར་བྱ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་དང་། །མཱ་མ་ཀཱི་དང་ལྕགས་ཀྱུ་མ། །རྡོ་རྗེ་ཁུ་ཚུར་རྡོ་རྗེའི་ཏོག །རྡོ་རྗེ་དབྱུག་པ་ཐོ་བ་དང་། །འཇིགས་བྱེད་ལུག་རྒྱུད་ཀཱི་ལི་དང་། །རྡོ་རྗེ་བློ་གྲོས་མི་ཐུབ་མ། །གསང་སྔགས་ཁྲོ་བོ་ཕོ་ཉ་མོ། །རྨད་བྱུང་ ཕ་རོལ་གནོན་གང་དང་། །འདོད་པ་འབྱོར་བྱེད་རྟ་མགྲིན་དང་། །ཕྱག་ན་ཞལ་རས་ཕལ་ཆེན་དང་། །བཅོམ་ལྡན་སྣ་ཚོགས་གཟུགས་ཅན་དག །སྙིང་པོའི་དཀྱིལ་འཁོར་དག་ཏུ་དགོད། །གྲགས་ལྡན་མ་དང་དཔལ་མོ་ཆེ། །དཀར་མོ་དང་ནི་གོས་དཀར་ཅན། །སྒྲོལ་མ་ཟླ་བ་དཔལ་ མོ་གང་། །རྨད་བྱུང་ཕ་རོལ་གནོན་རྣམས་དང་། །འཁོར་ལོས་སྒྱུར་སོགས་གཙུག་ཏོར་དང་། །མཛོད་སྤུ་དང་ནི་བདེ་གཤེགས་སྤྱན། །མཆེ་བ་མདུང་ཐུང་བྱམས་མ་ཆེ། །རྨད་བྱུང་ཕ་རོལ་གནོན་གང་དང་། །གཞན་གྱིས་མི་ཐུབ་ལ་ སོགས་པ། །རིགས་ཀྱི་རིག་སྔགས་བསྟན་པ་དང་། །ལས་ཀུན་བྱེད་པའི་གསང་སྔགས་དང་། །ཕྱག་རྒྱ་ཆེན་པོར་གྲགས་པ་དང་། །ཕྱི་རོལ་བསྲུང་བའི་སྒོ་བ་དང་། །ཆོ་གར་གཏོགས་པ་གང་ཡིན་བའི། །སོ་སོའི་རིགས་ ཀྱི་མངག་གཞུག་པ། །བརྩོན་འགྲུས་ཆེན་པོ་དགོད་པར་བྱ། །ཕྱི་རོལ་འཇིག་རྟེན་སྐྱོང་བ་དང་། །ཚངས་པ་མེས་པོ་ཆེན་པོ་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ཚོགས་སྤྱན་ཚོགས་དང་ལྷན་ཅིག་ཏུ། །མ་མོ་རྣམས་དང་ཀླུ་ བདུན་དང་། །དེ་བཞིན་ལྷ་མིན་བདག་པོ་དང་། །བསྟན་པ་ལ་ནི་གང་དགའ་བ། །རྨད་བྱུང་ཕ་རོལ་གནོན་ཀུན་དང་། །དཀྱིལ་འཁོར་སྔ་མར་གསུངས་པ་ཡི། །ལྷ་ནི་གང་དང་གང་ཡིན་དང་། །གསང་སྔགས་ཆོ་གར་གང་བསྟན་པ། །དེ་ཀུན་ ཕྱི་རོལ་མཆོད་པར་གསུངས། །དེ་ནས་དེ་ཡི་འོག་ཏུ་ནི། །ཆོ་གས་སྔོན་བཞིན་མེ་སྦར་ཏེ། །རྫས་འཕྲོག་གཟུགས་བརྙན་སྤྲ་ཚིལ་ལས། །བྱས་ཏེ་སློབ་མའི་སྟེང་བཞག་ནས། །སྦྱིན་སྲེག་ཆོ་ག་བྱ་བར་གསུངས། །དེར་ནི་གློར་ཡང་བཞག་ནས་སུ། །མཚོན་ཆ་ ཡིས་ནི་བཏུབ་བཏུབ་ཅིག །མཇུག་ཏུ་ཚུལ་བཞིན་བསྲག་པར་བྱ། །སྔོན་བཞིན་མཆོད་པའི་ཆོ་ག་དང་། །གཏོར་མ་ཡི་ནི་ལས་ཀྱང་བསྒྲགས། །ཕྱག་ན་རྡོ་རྗེའི་རིགས་དེ་ཡི། །ཆོ་ག་ཀུན་གྱི་དྲག་ཤུལ་སྤྱད། །དེ་བཞིན་རང་གི་རིག་སྔགས་ཀྱིས། །ཆོ་ག་དྲག་ཤུལ་བྱ་བར་ 101-1-299a གསུངས། །ཉི་ཤུ་བརྒྱད་ལ་མ་ཐོབ་ན། །རྫས་ཕྱིར་དགྲ་ལ་དྲག་ཤུལ་སྤྱོད། །མར་གྱི་ངོ་ཡི་ཚེས་ལྔ་ལ། །ཆོ་ག་བྱས་པ་དེ་མཆོག་གོ། །ལྕུག་ལྕག་གིས་ནི་དགྲ་བཞུ་ཞིང་། །དེ་བཞིན་མེས་ཀྱང་གདུང་བར་བྱ། །སྣ་ཚོགས་ཚིག་གིས་བརྒྱད་བ་དང་། ། མདའ་ཡི་ཚེར་མ་རྣོན་པོས་དབུག །སྐེ་ཚེ་ལན་ཚྭ་བྱུགས་ནས་སུ། །ཅི་དགའ་བར་ནི་ཡན་ལག་གཏུབ། །དགྲ་བོ་ལ་ནི་ཆེར་ཁྲོས་པ། །ཅི་ལྟར་འདོད་པས་ཆད་པས་གཅད། །དར་རས་དམར་པོས་དཀྲིས་ནས་སུ། །སྐུད་པ་དམར་པོས་བཅིང་བར་བྱ། །མེ་ཏོག་ དམར་པོས་མཆོད་བྱ་ཞིང་། །ཅི་སྲིད་འདུག་གི་བར་དུ་ནི། །རྫས་ཀྱི་ཕྱིར་ནི་བསྐུལ་བྱ་ཞིང་། །ཉིན་གཅིག་བཞིན་དུ་བཞུ་བར་བྱ། །གལ་ཏེ་དེས་ནི་དེ་བྱིན་ན། །དེ་ཚེ་ཆད་པས་གཅད་པ་བཤོལ། །རྫས་ནི་བསྟན་བ་འདི་དག་གིས། །ནམ་གྱི་ཕྱེད་ན་སྦྱིན་ སྲེག་བྱ། །ཀོ་བི་ད་རཱིའི་ཡམ་བསྲེག་ཤིང་། །འབྲུ་མར་བསྟེགས་པ་མེ་ལ་བསྲེག །རང་གི་ཁྲག་དང་དུག་དང་བཅས། །ཡུངས་ཀར་ལན་ཚྭར་བཅས་པ་དང་། །སྐེ་ཚེ་དེ་ལ་བསྟེགས་པ་ཡི། །སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ། །རྫས་འཕྲོག་པ་ཡི་མིང་དང་ནི། ། རང་བཞིན་དག་ནི་སྨོས་ནས་སུ། །ཁྲག་དང་སྦྱར་བའི་ལན་ཚྭ་ཡིས། །ལྷག་པར་སྦྱིན་སྲེག་བྱ་བར་གསུངས། །གལ་ཏེ་རྫས་ནི་མ་སྟེར་ན། །བདག་ཉིད་ངན་བ་འདིར་བརྟག་ཅིང་། །དེ་ཚེ་འཆི་བར་གྱུར་པའི་ལས། །མ་ལུས་བས་ནི་སྦྱིན་སྲེག་བྱ། །གང་ཚེ་རྫས་ ནི་སྦྱིན་གྱུར་ཏམ། །ཡང་ན་སྐྱིན་པ་གཞན་ཡང་རུང་། །སྒྲུབ་བ་བོ་ལ་འཆགས་བྱེད་ན། །དེ་ཚེ་མཁས་པས་ཞི་བར་བྱ། །གལ་ཏེ་ཆུད་ནི་གསན་པ་འམ། །བག་མེད་པས་ནི་སྤྱད་གྱུར་བ། །དེ་ཚེ་སྐྲག་པ་དེ་ལ་ནི། །བསྒྲུབ་པས་མྱུར་དུ་དད་པར་གྱིས། །འཕགས་པ་རྡོ་རྗེ་ རྣམ་འཇོམས་སམ། །མྱུར་དུ་ཁྲོ་བོ་ཆེན་པོ་འམ། །ཡང་ན་མནོལ་བ་མེད་པ་ཡིས། །སྦྱིན་སྲེག་ལས་མཐར་མྱུར་དུ་བསྐུལ། །མཁས་པས་རིགས་གསུམ་དག་གིས་ཀྱང་། །འཕྲོགས་པ་སླར་ནི་དགུག་པའི་ཕྱིར། །དཀྱིལ་འཁོར་དག་ནི་ཆོ་ག་བཞིན། །གསང་ སྔགས་འདི་ནི་སྔོན་བཞིན་བྱ། །ན་མོ་རཏ་ན་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ 101-1-299b དཱ་ཎ་བཛྲ། དཱ་ར་ཡ་བི་དཱ་ར་ཡ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ཟློས་བས་གལ་ཏེ་རྫས་རྙེད་དམ། །ཡང་ན་གཞན་དག་ཐུབ་ཀྱང་རུང་། །དེ་ནི་སྔོན་བཞིན་དུས་མཚམས་ལ། །བསྲུང་བར་བྱ་སྟེ་སྦྱར་བར་བྱ། །གཞན་ཡང་དངོས་གྲུབ་འབྲིང་དག་དང་། ། ཐ་མ་ཅུང་ཟད་ཙམ་ལ་ཡང་། །ཆོ་ག་ཤེས་པས་ཅི་རིགས་པར། །དེ་ཡི་མོད་ལ་སྦྱར་བར་གསུངས། །བཅོམ་ལྡན་འདས་ཀྱི་སྐུ་སྐལ་དུ། །རྫས་ཀྱི་ཆ་ཅིག་ཐོག་མར་དབུལ། །བློ་དང་ལྡན་བས་བླ་མ་ལ། །ཕྱག་བྱས་ནས་ནི་གཉིས་པ་དབུལ། །གསུམ་ པ་སྔར་གྲུབ་པ་རྣམས་ལ། །དཀྱིལ་འཁོར་ཕྱི་རོལ་དག་ཏུ་དབུལ། །བཞི་པ་གྲོགས་པོ་རྣམས་ལ་སྦྱིན། །ལྔ་པ་བདག་ཉིད་སྤྱད་པར་བྱ། །དེ་ལའང་སྐལ་བ་ཕྱེད་ཕྱེད་དུ། །བགོས་ནས་བདག་གིས་ཕྱེད་བསྐུར་བ། །བརྟག་བར་བྱ་བའི་རྫས་རྣམས་ ལ། །ཆོ་ག་འདི་དག་བཤད་པ་ཡིན། །བཅོམ་ལྡན་སྐུ་སྐལ་བདག་ཉིད་ཀྱིས། །མཆོད་ཡོན་ཕུལ་ནས་བསྐུར་བར་བྱ། །སངས་རྒྱས་རྣམས་ལ་སླུ་བའི་ཕྱིར། །མཆོད་པའི་ཆོ་ག་ལ་སོགས་བཤད། །བླ་མ་མེད་པར་གྱུར་ན་ནི། །བླ་མའི་སྐལ་བ་བདག་ གིས་བླང་། །དེ་ལ་ལྷག་པར་གུས་བྱ་བ། །དེ་ནི་དེ་ཡི་སླུ་བ་ཡིན། །སྒྲུབ་བ་པོ་ཡིས་ཕྱི་རོལ་དུ། །མཆོད་ཡོན་དབུལ་ཞིང་གྲུབ་པ་ཁྱེད། །ཉིད་ཀྱི་རྫས་སྐལ་འདི་བཞེས་ཞེས། །ཚིག་ནི་ལན་གསུམ་བསྒྲག་པར་བྱ། །སྔགས་གྲུབ་པ་རྣམས་མེད་ན་ནི། ། དེ་ཡི་སྐལ་བས་སྔགས་ཟློས་པས། །དོགས་མེད་པའི་སེམས་ཀྱིས་ནི། །གྲོགས་པོ་རྣམས་ལ་སྦྱིན་པར་བྱ། །གསང་སྔགས་ཟློས་པའི་གྲོགས་རྣམས་ནི། །གུས་ཤིང་རྟག་པར་དོན་དུ་གཉེར། །དཀའ་ཐུབ་དག་དང་གྲོགས་བྱེད་པས། །ཐོག་ མ་ཉིད་ནས་གྲུབ་པ་ཡིན། །དེ་བས་དེ་ཡིས་སྦྱིན་པ་ནི། །རྫས་ནི་བླང་བར་འོས་བས་ན། །བདག་ཅག་སྔོན་ནས་གྲུབ་པ་ཞེས། །འཐུན་བར་སྨྲ་ཞིང་བླང་བར་བྱ། །གྲུབ་པའི་རྫས་རྣམས་དེ་ལྟ་བུར། །བགོ་བར་རབ་ཏུ་བསྒྲགས་པས་ན། ། བདག་རང་ཉིད་ཀྱིས་དེ་རྣམས་ལ། །རྫས་ནི་རྣམ་པར་བགོ་བར་བྱ། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །ཅི་རན་ཙམ་དུ་བགོ་སྟེ་དཔེར། །ཨཉྫ་ན་ནི་ཐམས་ཅད་དང་། །གི་ཝང་ལ་སོགས་བཞིན་དུ་བཤད། །ཆོ་ག་ཤེས་པས་ལ་ལ་ནི། ། 101-1-300a ཡིད་ཀྱིས་བགོས་པ་བྱས་ཏེ་དཔེར། །རལ་གྲི་ལ་སོགས་མཐོང་བ་བཞིན། །དེ་ལ་ཕན་གདགས་བསམ་པར་བྱ། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །གཅིག་པུས་སྤྱད་པར་བྱ་སྟེ་དཔེར། །རས་ལ་སོགས་པ་མཐོང་བ་བཞིན། ། དེ་ལ་ཕན་གདགས་བསམ་པར་བྱ། །གྲུབ་པའི་རྫས་ཀྱི་བྱེ་བྲག་ལས། །ཁ་ཅིག་མཉམ་པར་བགོ་སྟེ་དཔེར། །རི་ལུ་ལ་སོགས་མཐོང་བ་བཞིན། །དེ་ལ་ཕྱེད་དུ་བགོ་བ་མེད། །རྫས་རྣམས་ལ་ཡང་ཕལ་ཆེར་ཡང་། །གཅིག་པུས་མང་དུ་བཀུར་བར་ གསུངས། །སྐལ་བར་ནོར་རམ་མན་ངག་བསྟན། །རྒྱུད་ལས་གསུངས་པས་ཡིད་ཆེས་བྱ། །འདི་དག་ཁྱོད་ཀྱིས་བྱོས་ཤིག་ཅེའམ། །བདག་གི་ནོར་འདི་ཁྱོད་ཀྱིའོ་ཞེས། །བཟླས་རྗོད་བྱེད་པས་གྲོགས་པོ་ལ། །བགོ་བ་དག་ནི་དེ་ལྟར་བྱ། །གྲུབ་ པར་གྱུར་ན་ཆོ་ག་བཞིན། །མཁས་པ་དག་གིས་ཕན་འདོགས་པ། །བདག་ཉིད་ཀྱིས་ནི་ཅི་རིགས་པར། །གང་ཡང་རུང་བས་རབ་ཏུ་བྱ། །དངོས་གྲུབ་རྣམ་པ་མང་པོ་དག །གྲུབ་པས་རྣམ་པར་བགོ་བ་ནི། །བྱེ་བྲག་ཏུ་ནི་བདག་ཉིད་ཀྱིས། །དྲི་མེད་ བློ་ཡིས་ཤེས་པར་བྱ། །སྐལ་པ་དབང་བ་མཆོག་གནས་སུ། །ཟློས་པས་གསོལ་བ་གདབ་པར་བྱ། །བཀའ་ལུང་གྲུབ་པར་ཤེས་པར་བྱ། །དེ་ཡི་འོག་ཏུ་བགོ་བར་གསུངས། །དེ་ལྟར་ཀུན་ལ་ཅི་རིགས་པར། །ལེགས་པར་བགོ་བར་བྱ་བར་ གསུངས། །དངོས་གྲུབ་དག་ནི་ཕལ་ལ་ཡང་། །མདོར་ན་ཆོ་ག་དེ་བཞིན་བྱ། །གུས་ཤིང་ནོར་དང་མཆོད་པ་བྱ། །བཀའ་བཞིན་བྱེད་པར་ཕན་འདོགས་པས། །རྫས་གྲུབ་བླ་མའི་སྐལ་ལ་སོགས། །སླུ་བ་དག་ནི་དེ་ལྟར་བཤད། །རང་གི་མཆོད་ ཡོན་ཕུལ་ནས་སུ། །རྫས་རྣམས་ལེགས་པར་ལུང་བཞིན་བགོ། །རིག་སྔགས་རྒྱལ་ལ་ཕྱག་བྱས་ནས། །རིག་རྒྱལ་མོ་ལའང་གུས་བྱས་ཏེ། །བློ་ཡིས་གསང་སྔགས་ལྷ་རྣམས་ལ། །གུས་པར་བསམ་སྟེ་སྤྱད་པར་བྱ། །བློ་ཅན་གྲུབ་ནས་ ནམ་མཁའ་ལ། །ཅི་བདེ་བར་ནི་འགྲོ་བར་བྱ། །འོན་ཏམ་གྲུབ་པ་རྣམས་དང་ནི། །ལྷན་ཅིག་འདུག་ཀྱང་ཅིས་མི་ཚུགས། །རྟག་ཏུ་རང་གི་ལྷ་ཉིད་ནི། །ཡིད་ལ་ཡོངས་སུ་བཟླས་པ་དང་། །བདག་གི་གྲུབ་པའི་རྫས་རྣམས་ལ། །རྟག་ཏུ་བལྟ་ཞིང་དྲན་ 101-1-300b བྱས་ན། །ཕ་རོལ་གནོད་པ་བྱེད་པ་ནི། །སྡང་བ་རྣམས་ཀྱིས་ཡོངས་མི་ཚུགས། །མཁས་པས་རིག་སྔགས་བརྒྱ་བཟླས་ནས། །གྲུབ་པ་རྣམས་ཀྱིས་མཆོད་པར་འགྱུར། །རིགས་ཀྱི་རིག་སྔགས་བཟླས་ན་ནི། །སྒྲུབ་པོ་འཇིགས་པ་ཀུན་ལས་ཐར། ། གཅིག་ལ་གཅིག་ནི་མཐོང་བ་ན། །མཁས་པས་ལེགས་པར་སྨྲ་བར་བྱ། །ལེགས་པར་འོངས་སམ་བདེ་འམ་ཞེས། །མཐོང་ནས་དང་པོར་མངོན་པར་བརྗོད། །དམ་ཚིག་རིགས་ཀྱི་ཕྱག་རྒྱ་དང་། །གྲུབ་པའི་རྫས་ཀྱང་བསྟན་པར་བྱ། །གང་ནས་ འོངས་ཞེས་ཟེར་ན་ཡང་། །དྲིས་པའི་ལན་ཡང་གདབ་པར་བྱ། །ལྷ་ཡི་གནས་ནི་ཐམས་ཅད་དང་། །ཤིང་གཅིག་ལམ་གྱི་བཞི་མདོ་དང་། །དཀའ་ཐུབ་གནས་དང་བྱིན་ཅན་དང་། །མཆོད་སྦྱིན་པ་དང་བྲམ་ཟེའི་གནས། །མུ་སྟེགས་ལ་སོགས་གྲུབ་ པ་དང་། །ནམ་ཡང་འདའ་བར་མི་བྱའོ། །ང་རྒྱལ་གྱིས་ནི་འདས་གྱུར་ན། །འཁྲུགས་ནས་མོད་ལ་ལྟུང་བར་འགྱུར། །བག་མེད་དམ་ཚིག་ཉམས་པ་ཡིས། །ལྟུང་ངམ་ལྟུང་བར་གྱུར་ཀྱང་རུང་། །རིག་རྒྱལ་ཉིད་ཀྱིས་བཟླས་ན་ནི། །དེ་ནས་མོད་ལ་ ལྡང་བར་འགྱུར། །ནམ་མཁའ་གཟུགས་མེད་པ་ལའང་། །རབ་ཏུ་གྲུབ་པ་ལྷ་མིག་ཅན། །རང་གི་ལས་རྣམས་རིག་འགྱུར་ཏེ། །རྣལ་འབྱོར་ཅན་རྣམས་འགྲོ་བ་བཞིན། །དེ་བས་སྔོན་ཆད་སྤྲུལ་པ་ཡིས། །ལམ་ནས་འགྲོ་དང་འོང་བར་ འགྱུར། །བསོད་ནམས་དབང་གིས་གནས་ཀྱི་ཕྱིར། །ཁྱིམ་ཡང་ཅི་ལྟར་འདོད་པ་འབྱུང་། །ཀུན་ནས་ལྗོན་ཤིང་མང་པོས་བརྒྱན། །སྣ་ཚོགས་བྱ་རྣམས་འཕུར་ཞིང་ལྡིང་། །ལྷ་ཡི་བུ་མོ་རྒྱུ་བ་ཡི། །རྒྱན་གྱི་སྒྲ་ནི་སིལ་ཁྲོལ་ཅན། །དེ་ཡི་ གླུ་གར་སིལ་སྙན་གྱིས། །མངོན་བར་དགའ་བའི་ཡོན་ཏན་གསལ། །མེ་ཏོག་བཟང་པོ་གསུམ་གྱིས་ཁྱབ། །མར་མེའི་འོད་ནི་རབ་ཏུ་གསལ། །གང་དང་གང་དུ་ཀུན་བརྟགས་པ། །དེར་ཡང་དཔག་བསམ་ལྗོན་ཤིང་ཆེ། །འདོད་པ་ཐམས་ ཅད་འབྱོར་བ་ཡི། །རྨད་དུ་བྱུང་བའི་མཚན་ཉིད་འབྱུང་། །རིན་ཆེན་རྡོ་ལེབ་ངལ་བསོའི་ཕྱིར། །ནོར་བུའི་གཞི་ལས་འབབ་ཆུ་ཅན། །ས་གཞི་ནེའུ་བསིང་གིས་བརྒྱན་པ། །ཐམས་ཅད་དུ་ཡང་མངོན་པར་འབྱུང་། །རྒྱན་རྣམས་དང་ནི་གོས་རྣམས་དང་། ། 101-1-301a རྩེད་མོ་རྣམས་ཀྱི་ཆ་བྱད་དང་། །བདུད་རྩི་ལ་སོགས་འབྲས་ལྡན་པའི། །དཔལ་གྱི་ཤིང་ཡང་དེ་ལས་བྱུང་། །དེ་ལྟར་གྲུབ་པ་འདོད་པ་རྣམས། །ཅི་ལྟར་འདོད་པ་ཐམས་ཅད་འགྲུབ། །གྲུབ་པར་གྱུར་ནས་དེ་ནས་ནི། །བསྲུང་བའི་ཕྱིར་ནི་འབད་པར་བྱ། །དབེན་ པའི་བསྐྱེད་མོས་ཚལ་དག་གམ། །རི་རྣམས་ཀྱི་ནི་རྩེ་མོ་འམ། །རྒྱ་མཚོ་ཡི་ནི་གླིང་དག་གམ། །མཚོ་ཆེན་དག་གི་གླིང་མའང་རུང་། །རང་འཕྲུལ་སྤྲུལ་པ་ལས་བྱུང་བ། །གྲུབ་པ་དགའ་ཕྱིར་སྤྱོད་བར་བྱེད། །གྲུབ་པ་གཞན་དང་ལྷན་ཅིག་ཏུ། །སྔོན་གྲུབ་པ་ཡི་གནས་སུའང་རུང་། ། དེ་ལྟར་གྲུབ་པ་བྱས་ན་ཡང་། །གལ་ཏེ་གྲུབ་པར་མ་གྱུར་ན། །རྫས་དེས་བསྲུངས་ཏེ་བཞག་པ་འམ། །ཆོ་ག་བཞིན་དུ་གནས་པར་བྱ། །སྔོན་དུ་བསྙེན་པ་ཅི་ལས་གསུངས། །ལྷག་པར་ཡང་ནི་བྱས་ནས་སུ། །མཁས་པས་རྫས་དེ་སྔ་མ་བཞིན། །སླར་ཡང་བཟླས་ཏེ་ བསྒྲུབ་པར་བྱ། །འོན་ཀྱང་གལ་ཏེ་རྫས་དེ་ནི། །བརྒྱ་ལ་གྲུབ་པར་མ་གྱུར་ན། །བརྩོན་འགྲུས་བརྟན་པར་བསྐྱེད་ནས་ནི། །དེར་ནི་ཕྱིར་ཡང་བསྒྲུབ་པར་བྱ། །གལ་ཏེ་ལན་བདུན་བར་དུ་རྫས། །བསྒྲུབ་ཏེ་འོན་ཀྱང་མ་གྲུབ་ན། །གང་གི་ཆོ་ག་འདི་བྱས་པ། །དེས་ནི་ངེས་པར་ འགྲུབ་པར་འགྱུར། །བསོད་སྙོམས་ཟས་ལ་ཟ་ཞིང་གནས། །བསྒྲུབ་པོ་བཟླས་བརྗོད་བྱེད་ལ་བརྩོན། །སངས་རྒྱས་རྣམས་ལ་དད་པ་ཡིས། །མཆོད་རྟེན་ཆེ་ལ་ཕྱག་བྱའོ། །གུས་པས་ཤེས་རབ་ཕ་རོལ་ཕྱིན། །བདུན་ནམ་ཡང་ན་ལན་བརྒྱར་ཀླག །ཡང་ན་ ཡོན་ནི་ཁྱད་པར་ཅན། །དགེ་འདུན་རྣམས་ལ་དབུལ་བར་བྱ། །རྒྱ་མཚོར་འབབ་པའི་གླིང་མ་འམ། །ཡང་ན་རྒྱ་མཚོའི་གླིང་མ་ལ། །མཆོད་རྟེན་དག་ནི་ཁྲུ་གང་བ། །མཁས་པས་གུས་པས་བརྒྱ་བྱས་ཏེ། །རེ་རེའི་མདུན་ནས་འདུག་ནས་ནི། །བཟླས་བརྗོད་ དག་ཀྱང་སྟོང་བྱས་ནས། །མཆོད་རྟེན་ཐ་མ་འབར་གྱུར་བ། །མཐོང་ནས་ངེས་པར་འགྲུབ་པར་འགྱུར། །མཚམས་མེད་ལྔ་ནི་བྱས་བས་ཀྱང་། །སྟོང་དག་ལེགས་པར་བྱས་ནས་ནི། །མཆོད་རྟེན་ངེས་པར་འབར་འགྱུར་ཞིང་། །གདོན་མི་ཟ་བར་འགྲུབ་པར་ འགྱུར། །ཀུན་ལའང་བྱེ་བར་བཟླས་ན་ནི། །ངེས་པར་འགྲུབ་པར་རྣམ་པར་བསྟན། །ཉེས་པ་ཆེན་པོ་བྱས་པ་ཡང་། །ལོ་བཅུ་གཉིས་ཀྱིས་འགྲུབ་པར་འགྱུར། །ཆོ་ག་བཞིན་དུ་མ་བསྙེན་པས། །རིག་སྔགས་དངོས་གྲུབ་མི་སྟེར་ན། །ཚིམ་པར་བྱ་ཕྱིར་ 101-1-301b བཤད་པ་ཡི། །སྦྱིན་སྲེག་དེ་ནི་བརྩམ་པར་བྱ། །ཡང་ན་ལས་དང་དོན་རྣམས་ཀུན། །བསྒྲུབ་པར་བྱེད་པའི་དཀྱིལ་འཁོར་འདི། །བྲིས་ནས་དེ་ཡི་ནང་ཉིད་དུ། །སྦྱིན་སྲེག་རྣམ་པ་བཞི་བྱའོ། །རི་ཡི་རྩེ་མོའམ་ཕྱུགས་ལྷས་སམ། །ཡང་ན་གང་གཱའི་གླིང་ མ་འམ། །ཡང་ན་ས་གཞི་མཉམ་བྱས་པར། །དཀྱིལ་འཁོར་བཟང་པོ་སྔོན་བཞིན་བྱ། །འདི་ནི་བློ་དང་ལྡན་བ་ཡིས། །ཁྲུ་ནི་བརྒྱ་རྩ་བརྒྱད་པར་བྱ། །དེ་དང་མཉམ་པའི་བུམ་པ་ཡིས། །ཁོ་ར་ཁོར་ཡུག་ཉེ་བར་བརྒྱན། །རྟ་བབས་བཟང་པོ་བཞི་དག་ཀྱང་། ། སྒོ་སྒོ་དག་ཏུ་ཡོངས་སུ་གཟུགས། །ཁོར་ཡུག་རྣམ་པར་རྒྱལ་བ་ཡི། །བ་དན་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྟ་བབས་དག་ཀྱང་རྒྱལ་མཚན་དང་། །ལོ་མ་སར་པ་དག་གིས་བརྒྱན། །ཕྲེང་བ་བརྒྱུས་པ་གཤིབས་པ་དག །བློ་དང་ལྡན་བས་བཅད་ པར་བྱ། །ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ། །མར་གྱི་མར་མེ་གསལ་བྱ་ཞིང་། །བདུག་སྤོས་རིགས་ནི་སྣ་ཚོགས་པས། །རྒྱུན་མི་འཆད་པར་བདུག་པར་བྱ། །དཀྱིལ་འཁོར་གཉིས་པ་ཁོར་ཡུག་ཏུ། །ཁྲུ་བདུན་དག་དང་ལྡན་བ་དང་། །གསུམ་པ་ཁྲུ་ནི་གསུམ་ པ་སྟེ། །ཆོ་ག་དེ་ལྟར་ཡོངས་སུ་གཟུང་། །མཆོད་སོགས་ཆོ་ག་གང་ཡིན་དང་། །དཀྱིལ་འཁོར་ཆོ་ག་སྔོན་བཞིན་བྱ། །གཞན་ཡང་ཆོ་ག་ལྷག་པར་ནི། །སྦྱིན་སྲེག་དག་ཀྱང་བྱ་བར་གསུངས། །དབུས་སུ་རང་གི་རིག་སྔགས་ཀྱིས། །བུམ་པ་གང་བ་ བཞག་ནས་སུ། །དེ་ཡི་ཕྱོགས་བཞི་དག་ཏུ་ཡང་། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །དེ་བཞིན་གཤེགས་པའི་རིགས་རྣམས་ཀུན། །ཤར་གྱི་ཕྱོགས་སུ་བྲི་བར་བྱ། །བྱང་ཕྱོགས་སུ་ནི་པད་མའི་རིགས། །ཆ་དང་འཐུན་པར་ལེགས་པར་ བྲི། །མཁས་པས་ལྷོ་ཡི་ཕྱོགས་སུ་ནི། །རྡོ་རྗེའི་རིགས་ཀུན་བྲི་བར་བྱ། །ནུབ་ཀྱི་ཕྱོགས་སུ་དྲག་པོ་དང་། །གཅིག་པུ་གནོད་སྦྱིན་རིགས་རྣམས་བྲི། །དེ་ཡི་ལྷག་པའི་ཆ་དག་ཀྱང་། །ནང་རིམ་བཞིན་དུ་ཕྱི་རོལ་བྲི། །དེ་ཡི་ཕྱི་རོལ་འཇིག་ རྟེན་སྐྱོང་། །གཞན་དག་ཀྱང་ནི་བྱ་བར་བསྒྲགས། །གསང་སྔགས་ཟློས་བས་དང་པོར་ནི། །བདག་པོ་ལྔ་རྣམས་དགོད་པར་བྱ། །དེ་ནས་རིག་སྔགས་རྒྱལ་པོ་དང་། །རིག་སྔགས་རྒྱལ་མོར་བསྒྲགས་པ་དང་། །ལས་ཀུན་བྱེད་པས་གསང་ 101-1-302a སྔགས་དང་། །དཀྱིལ་འཁོར་དག་ཏུ་གང་བསྟན་པའི། །ཕོ་ཉ་ཆེ་ཕྲ་གོ་རིམས་བཞིན། །དཀྱིལ་འཁོར་དུ་ནི་དགོད་པར་བྱ། །སྒོ་ཀར་བགེགས་ཀྱི་སྡེ་དཔོན་དང་། །ཁྲོ་བོ་བདུད་རྩི་ཐབས་སྦྱོར་དང་། །ལྷ་མོ་གཞན་གྱིས་མི་ཐུབ་བཞག ། ལྷག་མ་ཅི་དགར་བྱ་བར་བཤད། །དེ་ལྟར་རྒྱུད་དོན་མཐོང་བ་ཡིས། །དཀྱིལ་འཁོར་དགོད་པར་བྱས་ནས་ཀྱང་། །དེར་ནི་སྙིང་པོ་སྤྱན་དྲངས་ཏེ། །ཆོ་ག་ལྷག་མའང་བྱ་བར་གསུངས། །མཁས་པས་ཕྱོགས་བཞི་རིགས་རེ་ལ། །སྦྱིན་སྲེག་ ཆོ་ག་བཞིན་བྱས་ནས། །ནུབ་ཀྱི་བུམ་པའི་དྲུང་དུ་ནི། །རང་གི་རིག་སྔགས་སྦྱིན་སྲེག་བྱ། །འདིར་ནི་སྦྱིན་སྲེག་ཆོ་ག་བཞིན། །བྱས་ན་ཐམས་ཅད་ཚིམ་པར་འགྱུར། །དེར་ནི་གཏོར་མ་རྒྱ་ཆེར་བྱ། །དེས་ནི་ལྷ་རྣམས་མགུ་བར་འགྱུར། ། དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་། །བཟླས་བརྗོད་སྦྱིན་སྲེག་ཅི་དགར་བྱ། །རང་རིགས་རིག་པས་རིག་སྔགས་ལ། །མར་གྱི་སྦྱིན་སྲེག་དག་ཀྱང་བྱ། །འོ་ཐུག་མར་དང་སྦྱར་བ་འམ། །ཏིལ་དང་མངར་གསུམ་སྦྱར་བ་ཡིས། །མཚན་ མོའི་ལྷག་མ་རང་རིགས་ཀྱི། །རིག་པས་རིག་སྔགས་སྦྱིན་སྲེག་བྱ། །ལས་འདི་དག་གིས་ངེས་པར་ཡང་། །ལྷ་ཉིད་མྱུར་དུ་འགྲུབ་འགྱུར་ཞིང་། །ཚིམ་པར་འགྱུར་ཞིང་མཉེས་པར་འགྱུར། །ལེགས་པར་ཡང་ནི་སྐོངས་བར་ འགྱུར། །དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་། །གསང་སྔགས་རྗེས་འཐུན་སྦྱིན་སྲེག་བྱ། །ལན་བདུན་ཁོ་ན་བྲིས་ནས་ཀྱང་། །ཐེ་ཚོམ་མེད་པར་ངེས་པར་འགྲུབ། །རིག་པའི་རྒྱལ་པོའི་རིག་སྔགས་སམ། །དེ་བཞིན་ རིགས་ཀྱི་རིག་སྔགས་ཀྱིས། །རིག་སྔགས་དག་ལ་དྲག་སྤྱད་པ། །ཐམས་ཅད་བཏུད་ཏེ་བྱ་བར་གསུངས། །སྤྲ་ཚིལ་ལས་ནི་གཟུགས་བྱས་ནས། །དེ་ཡང་རིགས་སྔགས་ཀྱིས་བཟླས་ཏེ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ ནི། །ལས་ཀྱི་ཆོ་ག་ཐམས་ཅད་བྱ། །སྐེ་ཚེ་ཡུངས་མར་གྱིས་བླུགས་ན། །རིམས་ནད་དྲག་པོས་འདེབས་པར་འགྱུར། །ཁ་སྦུབ་ཏུ་ནི་བཞག་བྱས་ན། །ལུས་ལ་སྡུག་བསྔལ་ཚོར་བ་འབྱུང་། །མི་མཐུན་པ་ཡིས་བརྡེག་ 101-1-302b པ་དང་། །མེ་ཏོག་གིས་ཀྱང་བསྣུན་བར་བྱ། །དེ་ཉིད་ལ་ནི་སྤྱོ་བར་གསུངས། །ཐོ་འཚམ་པ་ཡང་ཅི་དགར་བྱ། །དཀྱིལ་འཁོར་འདིར་ནི་གསང་སྔགས་དག །གདོན་བཞིན་དུ་ནི་ཆར་བཅད་ན། །ཆོ་ག་ལས་ནི་བསྟན་པ་ཡི། །དངོས་གྲུབ་དག་ ཀྱང་སྩོལ་བར་འགྱུར། །འདིར་ནི་ལྷ་ཉིད་མངོན་གཤེགས་ནས། །ཉིད་ཀྱིས་བསྒྲུབ་པ་ཉིད་ལ་ནི། །དངོས་གྲུབ་མྱུར་དུ་སྦྱིན་པར་འགྱུར། །བྱིན་ནས་ཞི་བའི་ཆོ་ག་བྱ། །གལ་ཏེ་ཅི་ཞིག་ལྟར་གྱུར་ན། །དུག་ཁྲག་ལན་ཚྭ་སྐེ་ཚེ་དང་། ། ཡུངས་ཀར་སྦྱར་ནས་དཀྱིལ་འཁོར་འདིར། །མཚན་མོ་ལྷག་མ་བསྲེག་པར་བྱས། །རང་གི་རིག་སྔགས་ལྷ་ཉིད་ནི། །སྡུག་བསྔལ་བཞིན་དུ་མྱུར་གཤེགས་ནས། །ཀྱེ་ཀྱེ་ང་ཡིས་མཆོག་སྦྱིན་ཞེས། །སྒྲུབ་པ་པོ་ལ་གཅུགས་ པར་མཛད། །གལ་ཏེ་བག་མེད་མ་བྱོན་ན། །སྒྲུབ་པ་པོས་ནི་ཞག་གསུམ་དུ། །འཇིགས་པ་མེད་པས་རང་གི་ཤ །བསྲེག་བླུགས་གསུམ་ནི་དེར་བསྲེགས་ན། །དེ་ཚེ་ངེས་པར་མངོན་གཤེགས་ནས། །སྒྲུབ་པ་པོ་ལ་ཆགས་མཛད་ ཅིང་། །ཅི་འདོད་པ་ཡི་དངོས་གྲུབ་སྩོལ། །ཉེས་པ་མ་ལུས་བརྗོད་པར་མཛད། །མཚམས་མེད་ལྔ་ནི་བྱེད་པས་ཀྱང་། །ཞག་དགུར་ལས་འདི་དེས་བྱས་ན། །གདོན་མི་ཟ་བར་འགྲུབ་འགྱུར་བས། །དེ་ཕྱིར་ལེགས་པར་བརྩམ་པར་བྱ། །ལས་ འདི་དོན་ཡོད་བྱ་བའི་ཕྱིར། །རིག་སྔགས་དག་ལ་རྒོལ་བའི་ཚེ། །ཟློས་པ་འཇིགས་པ་མེད་པ་དང་། །བསྲུང་བ་དག་ཀྱང་བྱས་ཏེ་བྱ། །འདིར་ནི་དངོས་གྲུབ་ལེགས་བྱིན་ན། །ཆོ་ག་བཞིན་དུ་ཞི་བར་བྱ། །ལས་ཀྱི་ཉེས་པ་ཅི་ཡོད་པ། །དེ་དག་རབ་ཏུ་བསྒྲིམས་ ཏེ་གཤེགས། །གསང་སྔགས་དངོས་གྲུབ་ཐམས་ཅད་ལ། །དཀྱིལ་འཁོར་འདི་ནི་དམ་པ་ཡིན། །སྦྱིན་བསྲེག་ལས་ལ་བསྟན་པ་ཡི། །སྦྱིན་སྲེག་རྣམ་གསུམ་བྱ་བར་གསུངས། །ལས་རྣམས་ཐམས་ཅད་བྱས་ན་ནི། །དངོས་གྲུབ་རྣམ་གསུམ་ཐོབ་པར་ འགྱུར། །ཟློས་པ་རང་གི་རིག་སྔགས་དག །གདོན་བཞིན་ཚར་གཅོད་བྱེད་པ་ན། །ཉིན་གཅིག་བཞིན་དུ་ཡོ་བྱད་ནི། །ཤིན་དུ་སར་པ་དག་གིས་བྱ། །མཁས་པས་བསྲུང་བ་བྱས་པ་དག །བག་ཡོད་པ་ལ་གཙང་བ་དང་། །རྒྱུད་ཤེས་དཀའ་ཐུབ་ལྡན་བ་ཡིས། ། 101-1-303a རིག་སྔགས་ཚུལ་བཞིན་དྲག་ཤུལ་སྤྱད། །གཞན་དུ་བྱས་ན་ངེས་པར་འཆི། །ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་བསྒྲུབ་པའི་ཐབས་བསྡུས་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སན་དྷི་མཱ་ལ་མ་ཧཱ་ཏནྟྲ་བོདྷི་སཏྭ་མ་ཧཱ་བི་ནིཤྩ་ཡ་ནིརྡེ་ཤཱད་མ་ཧཱ་མ་ཎི་རཏྣ་ཀཽ་ཤལ་ལྱ་ནིརྡེ་ཤ་མ་ཧཱ་པ་རི་ཎཱ་མྃ་ནཱ་མ་རཱ་ཛཱ། བོད་སྐད་དུ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་ པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས་ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་ལ་བཞུགས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་ལ་རབ་ཏུ་ གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱེད་པར་འདོད་པ། བྱང་ཆུབ་སེམས་དཔའི་བསླབ་བའི་སྡོམ་པ་བླངས་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེའི་བདག་ཉིད་ ཅན། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་འདོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའྀ་སྤྱོད་པའི་ཚོགས་ཉེ་བར་སོགས་པར་འདོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་ཐོབ་པར་འདོད་པ། སྒྲིབ་པ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་པའི་སྒོ་རྣམས་ཀྱིས་རྣམ་པར་རྩེ་བར་འདོད་པ། ནམ་མཁའ་མཛོད་ཉིད་དང་། ལག་ན་རིན་ཆེན་ཉིད་ཐོབ་པར་འདོད་བས་འདི་ལྟར་བསྔོ་བར་བྱ་སྟེ། སངས་རྒྱས་ བཅོམ་ལྡན་འདས་རྣམས་དང་། ས་བཅུ་ལ་རབ་ཏུ་གནས་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་འཆང་རྣམས་བདག་ལ་དགོངས་སུ་གསོལ། བདག་བྱང་ཆུབ་ཏུ་སེམས་བསྐྱེད་པ། ལམ་ལ་རབ་ཏུ་གནས་པ་མིང་འདི་ 101-1-303b ཞེས་བགྱི་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ཞིང་མཆི་ན། དེ་བཞིན་གཤེགས་པ་མངའ་ཆེན་པོ་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ས་ཆེན་པོ་བརྙེས་པ་རྣམས་ཀྱིས་བཞེས་ཤིང་བདག་ལ་རྟག་ཏུ་བསོད་ནམས་ཀྱི་སྟོབས་ཆེན་པོ་དང་། ཡེ་ཤེས་ཀྱིས་ཉེ་བར་བརྟན་པ་དང་། བརྩོན་འགྲུས་དང་། བརྩོན་པའི་བདག་ཉིད་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་བའི་གནས་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེའི་འོག་ཏུ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་ལ་དགོངས་སུ་ གསོལ། བདག་མིང་འདི་ཞེས་བགྱི་བ། འཁོར་བར་ལྷུང་བ། འཆིང་བས་བཅིངས་པ། བཙོན་རར་ཆུད་པ། ཆོས་ཀྱི་ལམ་སྟོར་བ། ཉོན་མོངས་པའི་དགྲ་བདོ་བས་མངོན་བར་གཙེས་པ། མགོན་མ་མཆིས་པ། སྐྱབས་མ་མཆིས་པ། སྐྱོབ་པ་མ་མཆིས་པ། གནས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྟོན་པ་མ་མཆིས་པ། ལམ་གོལ་བར་ཞུགས་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པ། ངན་སོང་ལ་ གཞོལ་བ། ངན་སོང་ལ་འབབ་པ། ངན་སོང་ལ་བབ་པ། མི་དགེ་བའི་བཤེས་གཉེན་དང་འགྲོགས་པར་ལྷུང་བ། དགེ་བའི་བཤེས་གཉེན་དང་བྲལ་བ། སྨན་པ་ལ་མི་དམན་པ་དང་། འཐུན་པ་ལ་མི་མཐུན་པ་དང་། དགེ་བ་ལ་མི་དགེ་ བར་བཟུང་བ། སློབ་དཔོན་མ་མཆིས་པ། དེ་བཞིན་གཤེགས་བ་དང་། བྱང་ཆུབ་སེམས་དཔའ་ལྟ་བ་ལ་རྒྱབ་ཀྱིས་ཕྱོགས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངམ་གྱིས་འཚེ་བས་གཙེས་པ། བདེ་བ་མ་ཐོབ་པ། མི་ སྐྲག་པ་མ་ཐོབ་པ། མི་འཇིགས་པ་མ་ཐོབ་པ། རྟག་ཏུ་མཉམ་བར་མ་བཞག་པ། ཞི་བ་དང་། དུལ་བ་དང་། སྦྱིན་བ་དང་། དེས་པ་དང་། ཡང་དག་པར་སྡོམ་པ་དང་། བག་ཡོད་པ་དང་བྲལ་བ། ཏིང་ངེ་འཛིན་དང་། གཟུངས་དང་། ས་དང་། 101-1-304a བཟོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་པ་དང་བྲལ་བ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་བྲལ་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་གསུམ་ལ་རྒྱབ་ཀྱི་ཕྱོགས་པ། སྒྲིབ་པ་ མེད་པའི་ཡེ་ཤེས་ཆེན་པོ་དང་བྲལ་བ། ཤིན་ཏུ་གནས་པའི་ཆོས་ཀུན་ཏུ་འབྱུང་བའི་རྒྱུ་ཉིད་ལ་མི་གནས་པ། མངོན་བར་ཤེས་པ་དང་བྲལ་བ། སྟོབས་རྣམས་མ་ཐོབ་པ། མི་འཇིགས་པ་དང་མི་ལྡན་ཞིང་མི་གནས་པ། མི་བརྗེད་པའི་ཆོས་ཀྱི་རྗེས་སུ་འགྲོ་བའི་ སྐབས་དང་མི་ལྡན་བ། ཡོན་ཏན་གྱིས་སྟོང་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་གོས་ཀྱི་མ་གཡོགས་པ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་བགྲོད་བ་དང་བྲལ་བ། སྡུག་བསྔལ་བརྒྱ་སྟོང་ཕྲག་དུ་མས་མངོན་པར་གཙེས་པ། རྟག་ཏུ་གདུངས་པ། རྟག་ཏུ་དམན་བ། རྟག་ཏུ་རྨོངས་པ། རྟག་ཏུ་མཉམ་བར་མ་བཞག་པ། རྟག་ཏུ་ཉོན་མོངས་པའི་རྗེསུ་ཞུགས་པ་ལགས་ན། ཐུགས་རྗེ་ཆེན་པོས་དགོངས་ཏེ་བདག་གི་སྐྱབས་མཛད་དུ་གསོལ། བདག་གིས་དཔུང་གཉེན་མཛད་དུ་གསོལ། བདག་གིས་བྱང་ཆུབ་ཆེན་པོའི་ ལམ་དང་། བྱང་ཆུབ་ཀྱི་ལམ་དང་། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཏིང་ངེ་ འཛིན་དང་། རྣམ་པར་གྲོལ་བ་དང་། གཟུངས་རྣམས་སྐྱབས་མཛད་དུ་གསོལ། བདག་གི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ། སངས་རྒྱས་བཅོམ་ལྡན་ འདས་དང་། མཐུ་ཆེན་པོ་བརྙེས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་ཆེན་པོ་བགྱིས་ནས་བདག་འབུལ་ལོ། །ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ན་བཀོད་པ་ཆེན་པོ་རྣམས་ཀུན་ཏུ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རིན་པོ་ཆེའི་གཞལ་མེད་ཁང་རྣམས་དང་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་དང་། རིན་པོ་ཆེའི་རི་རྣམས་དང་། རིན་པོ་ཆེའི་གདན་རྣམས་དང་། རིན་པོ་ཆེའི་ལན་ཀན་རྣམས་དང་། 101-1-304b རིན་པོ་ཆེའི་ཕྲེང་བ་རྣམས་དང་། རིན་པོ་ཆེའི་གདུགས་རྣམས་དང་། རིན་པོ་ཆེའི་རྒྱལ་མཚན་རྣམས་དང་། རིན་པོ་ཆེའི་ཆུན་པོ་རྣམས་དང་། རིན་པོ་ཆེའི་མུ་ཏིག་གི་དྲ་བ་རྣམས་དང་། རིན་པོ་ཆེའི་སྣོད་རྣམས་དང་། རིན་པོ་ཆེའི་ཕྲེང་བ་རྣམས་དང་། རིན་པོ་ཆེ་འབར་བའི་ ཚོགས་རྣམས་དང་། རིན་པོ་ཆེའི་གླིང་བརྒྱ་དང་། ནོར་བུ་ཆེན་པོ་རྣམས་དང་། མར་མེའི་སྡོང་བུ་གཙང་བ། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པས་འཚེར་བ་གསེར་གྱི་གཙོང་གཙོང་མང་པོས་བཏགས་པ་རྣམས་དང་། པད་མ་འཛམ་བུ་ཆུ་བོའི་གསེར་གྱི་གེ་སར་ཆེན་ པོ་ཅན་རྣམས་དང་། གསེར་གྱི་ཕྲེང་བ་རྣམས་དང་། གསེར་གྱི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེའི་སྤྲིན་རྣམས་དང་། རིན་པོ་ཆེའི་འབྲུའི་ཆར་རྣམས་དང་། རིན་པོ་ཆེའི་སྙིང་པོ་ཅན་ཀྱི་ཁང་བཟངས་རྩིག་པ་ནོར་བུ་རབ་མཆོག་སྣ་ཚོགས་ཀྱིས་སྤྲས་པ་རིན་པོ་ཆེའི་ལན་ཀན་ ཅན་རྣམས་དང་རིག་སྔགས་འཆང་ཆེན་པོའི་བསྐྱེད་མོས་ཚལ་ཉམས་དགའ་བ་རྣམས་དང་། གནས་ཉམས་དགའ་བ་རྣམས་དང་། གཞལ་མེད་ཁང་ཉམས་དགའ་བ་རྣམས་དང་། བསྐྱེད་མོས་ཚལ་ཉམས་དགའ་བ་རྣམས་དང་། ལྷའི་ཉེ་བར་སྤྱད་པ་ཉམས་དགའ་བ་ཡོངསུ་ མ་སྤྱད་པ་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །གང་དག་འཛམ་བུའི་གླིང་ན་མཆིས་པའི་སྨན་རྣམ་པ་སྣ་ཚོགས་པ་རྣམས་དང་། བཅུད་ཀྱིས་ལེན་ཀྱི་རིགས་རྣམས་དང་། གང་དག་དུས་ཐམས་ཅད་པའི་ནོར་བུ་ དང་། གང་དག་ཞལ་ཟས་རོ་ཞིམ་པོ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་རྣམས་དང་། གང་དག་དྲི་གདའ་བའི་ལྗོན་ཤིང་རྣམས་དང་། ཙན་དན་གྱི་ལྗོན་ཤིང་རྣམ་པ་སྣ་ཚོགས་དུས་ཀྱི་རྗེས་སུ་འབྲང་བ་དང་། ཙན་དན་དམར་པོ་རྣམས་དང་། རྟག་ཏུ་མེ་ཏོག་དང་ལྡན་བའི་ནགས་ཚལ་ཆེན་པོ་རྣམས་ དང་། སྤོས་ཀྱི་ངད་རྒྱས་པ་ཡིད་དུ་མཆི་བའི་དྲི་གདའ་བའི་ལྗོན་ཤིང་གི་རིགས་རྣམས་དང་། གང་དག་དཔག་བསམ་གྱི་ཤིང་བདག་གི་མ་མཆིས་ཤིང་ཡོངསུ་འཛིན་པ་མ་མཆིས་པ་རྣམས་དང་། གང་དག་རྒྱ་མཚོའི་ནོར་བུ་རྣམ་པ་སྣ་ཚོགས་དང་། ཡིད་བཞིན་གྱི་ནོར་བུ་རྣམས་དང་། གང་དག་རི་ལྷུན་པོ་དང་། ཏི་སེ་དང་། སྤོས་ཀྱི་ངད་ལྡང་དང་། མ་ལ་ཡ་དང་། འབིགས་བྱེད་དང་། མན་དཱ་ར་དང་། རྡོ་རྗེའི་རི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཟོམ་རྣམས་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་རྩེག་མ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུག་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ 101-1-305a བྲག་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་བརྟན་པ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་བོ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་རྣམས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཀ་བ་རྣམས་ དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པའི་ཚར་རྣམས་དང་། ནོར་བུ་བཻ་དཱུརྱ་སྣ་ཚོགས་ཀྱི་སྒྲོན་མ་རྣམས་དང་། གང་དག་ལྷ་ཡུལ་གྱི་གཞལ་མེད་ཁང་ན་བལྟ་ན་སྡུག་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་ལྷའི་གྲོང་ཁྱེར་གྱི་གཞལ་མེད་ཁང་ཡོངས་སུ་བཟུང་བ་མ་མཆིས་པ་རྣཾས་ དང་། གང་དག་ལྷ་ཡུལ་གྱི་མེ་ཏོག་བལྟ་ན་སྡུག་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་གླུ་དབྱངས་ཀྱི་ཆ་སྤྱད་རྣམས་དང་། གཞལ་མེད་ཁང་སྟོང་བ་རྣམས་ཀྱི་ཆར་རླུང་གིས་བསྐྱོད་པ་ན་སྒྲ་སྙན་པ་འབྱིན་པ་རྣམས་དང་། རོལ་མོའི་ཆ་སྤྱད་ཀྱི་རྣམ་པ་མ་དཀྲོལ་བར་རང་ སྒྲ་སྙན་པར་འབྱིན་བ་རྣམས་དང་། གང་དག་ལྷ་ཡུལ་གྱི་བྱའི་ཚོགས་གཞལ་མེད་ཁང་སྟོང་པ་རྣམས་ན་གནས་ཤིང་སྐད་སྙན་པ་འབྱིན་བ་རྣམས་དང་། གང་དག་རིན་པོ་ཆེའི་སྤྲིན་སྒྲ་དབྱངས་ཆེན་པོ་སྙན་པར་འབྱིན་བ་རྣམས་དང་། གང་དག་ལྷའི་ནོར་བུ་ རྣམས་དང་། གང་དག་གླུ་དབྱངས་རྣམས་དང་། གང་དག་དྲི་གདའ་བའི་མེ་ཏོག་གི་ལྗོན་ཤིང་རྣམས་དང་། ཕྲེང་བའི་ལྗོན་ཤིང་རྣམས་དང་། སྤོས་ཀྱི་ལྗོན་ཤིང་རྣམས་དང་། རྒྱལ་མཚན་གྱི་ལྗོན་ཤིང་རྣམས་དང་། བ་དན་གྱི་ལྗོན་ཤིང་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་ ཡོངས་སུ་ལོངས་མ་སྤྱད་པ་དེ་དག་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །གང་དག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མཆོད་པ་ཆེན་པོའི་སྤྲིན་མེ་ཏོག་གི་སྤྲིན་རྣམས་དང་། དྲིའི་སྤྲིན་རྣམས་དང་། ཕྲེང་བའི་སྤྲིན་རྣམས་དང་། བདུག་པའི་སྤྲིན་རྣམས་དང་། ལྷབ་ལྷུབ་ཀྱི་སྤྲིན་རྣམས་དང་། བྱུག་པའི་སྤྲིན་རྣམས་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་རྣམས་དང་། རིན་པོ་ཆེའི་བ་དན་གྱི་སྤྲིན་ རྣམས་དང་། རིན་པོ་ཆེའི་གོས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་གི་སྤྲིན་རྣམས་དང་། རིན་པོ་ཆེས་བཀང་བའི་སྣོད་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེ་ནོར་བུ་ཆེན་པོ་སྤུངས་པའི་སྤྲིན་རྣམས་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྤྲིན་རྣམས་དང་། མར་མེའི་སྣོད་སྟོང་ 101-1-305b གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་ལ་དྲི་ཞིམ་པོའི་འབྲུ་མར་གྱིས་ཡོངས་སུ་བཀང་ཞིང་སྙིང་པོའི་རས་རི་རབ་བརྒྱ་ཙམ་རབ་ཏུ་འབར་བ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །དེ་དག་ཐམས་ཅད་ ལ་གསོལ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་རྣམས་ལ་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་མང་པོར་བཞུགས་པར་ གསོལ་ལོ། །ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་དམིགས་པར་བཞུགས་ཏེ་བསྔོས་པ་ལྟར་བདག་གི་བསོད་ནམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་། །སྡིག་པ་ཐམས་ཅད་ཀྱང་སོ་སོར་བཤགས་སོ། །ཨོཾ་སྨ་ར་སྨ་ར། བི་མཱ་ན་སྐ་ར་མ་ཧཱ་ཛ་བ་ཧཱུྃ།། །།དེའི་འོག་ཏུ་ཅི་ལྟར་འདོད་པ་བཞིན་ལྷ་རྫས་ཀྱི་ མཆོད་པ་ཆེན་པོའི་སྤྲིན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་འབྱུང་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དམིགས་བ་ཡིད་ལ་བྱེད་བས་ཡོངས་སུ་བསྔོ་བ་ཆེན་པོའི་འཁོར་ལོ་འདི་ཉིན་ པར་རམ། མཚན་མོ་འདོན་ན། དེའི་སྡིག་པ་རྣམས་ཡོངས་སུ་ཟད་པར་འགྱུར་ཞིང་ཉོན་མོངས་པ་ཐམས་ཅད་ཀྱང་བསྲབས་པར་འགྱུར་རོ། །གོང་དུ་སྨོས་པའི་ཡོན་ཏན་རྣམས་ཀྱང་འཐོབ་པར་འགྱུར་རོ། །ལན་ཅིག་བཟླས་བརྗོད་པར་བྱས་ན་ཚངས་བ་བརྒྱའི་ བསོད་ནམས་འཐོབ་པར་འགྱུར་རོ། །རྨི་ལམ་ན་ཡང་རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཆོས་སྟོན་བ་མཐོང་བར་འགྱུར་རོ། །རིག་སྔགས་རྣམས་ཀྱང་ཡང་དག་པར་གྲུབ་པར་འགྱུར་རོ། །རྡོ་རྗེ་འཆང་གིས་ཡོངས་སུ་བཟུང་བར་ཡང་འགྱུར་རོ། །ཇི་ལྟར་འདོད་པའི་ སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་བར་ངེས་པ་ཆེན་པོ་བསྟན་པ་ལས་ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་རྫོགས་སྷོ། ། 101-1-306a ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙྪ་་བ་བན་དེ་དཔལ་འབྱོར་གྱིས་བསྒྱུར། ལས། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞུས་དག ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པ་རི་ཎཱ་མ་རཱ་ཛ་ས་མན་ཏྲ་ཀ །བོད་སྐད་དུ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་སྔགས་དང་བཅས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་ དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེས་ནི་གཏན་དུ་བྲལ་བ་དག །ཐམས་ཅད་ཉེ་ བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིང་། །ཟླ་ཉི་ནོར་བུ་ རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། །དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་ པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག་རྟེན་མགོན་གྱི་བསྟན་པ་ ལ། །རབ་འབྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱིས་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང་། །ལུས་དང་སྲོག་ལ་དགའ་མེད་ཤོག །བདག་ནི་མགུམ་པའི་དུས་བགྱིད་ཚེ། ། 101-1-306b ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང་། །ས་བཅུ་ཐོབ་ནས་དེ་དག་གི། ། རྣམ་པར་དག་པའི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག །སངས་རྒྱས་ཀུན་དུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་སུ། །འགྲོ་བ་རྣམས་ ལ་སྨན་དང་བདེ་བ་བགྱི། །ཕྱོགས་བཅུ་མཐའ་ཡས་བ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྙེད་ལ་ཕྱག་འཚལ་ལོ། །སེམས་ཀྱི་ རྙོག་པ་ཡིད་གཉིས་བསལ་ནས་དང་པོར་ནི། །ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད། །བླ་མ་ལ་ཡང་དགའ་དང་གུས་པས་གདུང་བར་བགྱི། །གང་ཞིག་ཕྱོགས་ཀུན་དག་ན་ད་ལྟར་ བྱུང་བ་ཡི། །འགྲོ་ལ་བྱམས་པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང་། །འདས་དང་ཕྱིས་འབྱུང་བའི་རྒྱལ་བ་ཐམས་ཅད་ལ། །བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པ་བགྱི། །འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་ རྒྱས་ཉི་ཟླ་སྒྲོན་མ་དང་། སྐུ་མཆོག་གསེར་འོད་དང་། བདེན་པའི་དབྱངས་དང་། ལྷུན་པོ་བཟང་པོ་དང་། ལྷུན་པོ་ཆེན་པོ་དང་། དབང་པོའི་འབྱུང་གནས་དང་། པད་མའི་དབྱངས་དང་ཕྱག་བཟང་དང་། འོད་ཀྱི་ཏོག་དང་མཆོག་གི་འབྱུང་གནས་དང་། རིན་ཆེན་ཟླ་འོད་དང་། དཔའ་བོའི་སྡེ་དང་། ཀུན་ནས་སྣང་བ་དང་། རྣམ་དག་ཞལ་དང་། རིན་ཆེན་ཏོག་དང་། མདོག་བཟང་འབྱུང་གནས་དང་། ས་ལའི་རྒྱལ་པོ་དང་། རྣམ་དག་འོད་དང་། བདེ་མཛད་རྒྱལ་པོ་དང་། ཀུན་ནས་སྣང་བ་དང་། ལྷུན་པོ་བཟང་པོ་ གསལ་བ་དང་། འོད་ཀྱི་དཀྱིལ་འཁོར་དང་། དཀོན་མཆོག་བརྩེགས་དང་། ཀུན་ནས་འོད་དང་དཔལ་བརྩེགས་དང་། བཀོད་པ་ཆེན་པོ་དང་། སྦྱངས་གསལ་བཻ་དཱུརྱ་དང་། དབང་པོའི་རྒྱལ་མཚན་དང་། ཐོབ་པའི་སྡེ་དང་། རབ་ཏུ་ལྷན་ནེ་དང་། འོད་མཛེས་དང་། 101-1-307a མེ་ཏོག་ཚོམས་དང་། སྤྱན་བཟང་དང་། ཤིན་དུ་བཟང་པོ་དང་། འོད་བཟང་སྒྲོན་མ་དང་། དགོངས་པ་རྣམ་དག་དང་། ཆོས་ཀྱི་འོད་ཟེར་དང་། བརྩོན་འགྲུས་ཆེ་ལྡན་དང་། པད་མའི་སྙིང་པོ་དང་། ལྷག་པར་དགོངས་པ་བརྟན་པ་དང་། རྡོ་རྗེའི་སྡེ་དང་། ལེགས་པར་འཁྲུངས་དང་། ཚུལ་བཟང་དང་། དབྱངས་སྙན་དང་། ཡོན་ཏན་དཔལ་འོད་དང་། འཇིག་རྟེན་ཏོག་དང་མདོག་བཟང་གསལ་བ་དང་། རྟག་ཏུ་བརྩོན་དང་། ཙན་དན་ཟླ་འོད་དང་རྒྱས་པའི་དཔལ་དང་། རྒྱ་མཚོ་དང་། དབང་པོ་ཆེན་པོ་དང་། རྒྱལ་བའི་དབང་ པོ་དང་འོད་བཀོད་པ་དང་། བརྩོན་འགྲུས་སྦྱངས་པ་དང་། ཀུན་དུ་སྒྲོན་མ་དང་། གསུང་བ་ཆེན་པོ་དང་། རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དང་། དྲང་སྲོང་ལྷ་དང་མེའི་འོད་དང་། ཡིད་དུ་འོང་བ་དང་། རྣམ་འཇོམས་དང་། ཏོག་ཆེན་པོ་དང་ཤིན་དུ་མཐོར་གཤེགས་ དང་། ཕན་པར་བཞེད་དང་། དྲང་སྲོང་ཆེན་པོ་དང་། རྣམ་པར་གཟིགས་དང་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་འོད་སྲུང་དང་། གསེར་མདོག་དང་། གཟི་བརྗིད་མཆོག་དང་། མཐོ་བ་དང་བཀྲ་ཤིས་དང་། རིན་ཆེན་གྲགས་པ་དང་། གཟི་བརྗིད་འོད་དང་། རྣམ་པར་སྣང་མཛད་དང་། དོན་ཡོད་གཟིགས་དང་། དབང་པོའི་ཏོག་དང་གྲགས་པ་དང་། སྣང་མཛད་དང་། བེ་ནུ་བློ་གྲོས་དང་། སྐར་རྒྱལ་དང་སྐག་དང་། འོད་འདབ་དང་། རིན་ཆེན་མཆོད་སྡོང་དང་། འབར་བའི་ཏོག་དང་ཐུགས་གཞུངས་དང་རབ་ཞི་དབང་ པོ་དང་སྤྱན་དག་དང་། ཟླ་མཆོག་དང་། བདེན་པའི་ལྷ་དང་། དྲང་སྲོང་སྦས་པ་དང་ཐུབ་པ་དང་། ཚངས་པའི་དབྱངས་དང་། ཀུན་དུ་ཞལ་དང་། མ་སྨད་པ་དང་། བདུད་འཇོམས་དང་། ལྷའི་རྒྱལ་པོ་དང་། ལེགས་བོན་དང་། གཟི་བརྗིད་བཟང་པོ་དང་ཚོགས་ ཀྱི་དབང་པོ་དང་། ཤིན་དུ་རྣམ་པར་གནོན་པས་གཤེགས་པ་དང་། བསམ་ཡས་འོད་དང་། ཟླ་བའི་རྒྱལ་པོ་དང་། བདེ་བ་ཆེ་ཐོབ་དང་། སྣང་བར་གྱུར་པ་དང་། རྒྱ་མཚོ་ཆེན་པོ་དང་མི་འཁྲུགས་པ་དང་། དབང་པོའི་མཆོག་དང་མེ་ཏོག་ཏོག་དང་། དེད་དཔོན་ཆེན་པོ་དང་། རྣམ་པར་རྒྱལ་བྱེད་དང་། མེ་ཏོག་བཟང་པོ་དང་། བཤེས་གཉེན་བཟང་པོ་དང་། རྒྱུ་སྐར་བཟང་པོ་དང་། ཉི་མའི་སྙིང་པོ་དང་། ཚོགས་ཀྱི་དཔལ་དང་། ནོར་གྱི་དཔལ་དང་། སྣང་བ་བཟང་པོ་དང་། འོད་དཔག་མེད་དང་། 101-1-307b དཔལ་ཆེན་པོ་དང་། སྟོབས་མཆོག་དང་། སྒྲོན་མ་སྟེ། དེ་དག་ལ་སོགས་བ་སྔོན་བྱུང་བ་དང་། ཕྱིས་འབྱུང་བའི་རྒྱལ་བ་གང་དག་ཡོན་ཏན་གྱི་ཀླུང་དཔག་ཏུ་མེད་པར་གྱུར་པ། འཁོར་བའི་ཆུ་བོའི་འདམ་རྫབ་ལས་ཡང་དག་པར་རྒལ་བ། གཏོང་བ་དང་ལྡན་ཞིང་ཚུལ་ཁྲིམས་རྣམ་པར་དག་ལ་བཟོད་པ་ཆེན་པོའི་མཆོག་དང་ལྡན་པ། བརྩོན་འགྲུས་སྦྱངས་ཤིང་སྙིང་པོ་གཡོ་བ་མི་མངའ་བའི་བསམ་གཏན་ཆེན་པོ་དང་ལྡན་པ། མཁྱེན་རབ་རྣོ་བ་ཐོགས་པ་མེད་པ་དང་ལྡན་ པ། སེམས་ཅན་ལ་ཐུགས་རྗེ་དང་ཚོགས་དང་། རྫོགས་པའི་བྱང་ཆུབ་ཀྱི་ཐུགས་སྐྱེ་བ་རབ་ཏུ་འབྱུང་བ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ། དོན་ལ་མངོན་པར་བརྩོན་པ། སེམས་ཅན་གྱི་སྙིང་པོ། སྐྱེ་དགུ་ལ་བྱམས་བ། གཡོ་མི་ མངའ་བ། དགའ་བ་མི་མངའ་བ། ཆགས་པ་མི་མངའ་བ། བྱམས་པའི་ཐུགས་ཀྱི་བདག་ཉིད་ཅན། ལྷའི་ཡང་ལྷ་དང་། མིའི་མཆོག་གིས་རྗེད་པ། ལྷའི་ཡང་ལྷ་སྟེ། རྒྱལ་བ་དེ་རྣམས་ལ་བདག་གི་ལུས་དང་ངག་དང་། སེམས་ གུས་པ་རྣམ་པ་དུ་མས་ཕྱག་འཚལ་ལོ། །རྒྱལ་བ་དེ་རྣམས་ཀྱིས་བདག་སྡིག་པ་ལས་རྣམ་པ་ཐམས་ཅད་ཏུ་བསྐྱབ་ཏུ་གསོལ། སྡུག་བསྔལ་དུ་མས་གདུངས་པའི་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བརྩོན་པས་དྲང་དུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ཀྱང་ངན་འགྲོ་དག་ལས་དྲང་ཞིང་དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་གཞག་ཏུ་གསོལ། དྲང་སྲོང་ཆེན་པོ་རྣམས་ཀྱི་མཚན་བརྗོད་པའི། །དགེ་བ་བདག་གིས་བསྒྲུབས་པ་གང་ལགས་པ། ། དེ་ཡིས་བདག་ནི་ཚེ་རབས་ཐམས་ཅད་ཏུ། །ཐུབ་དབང་དེ་དང་ལྷན་ཅིག་འགྲོགས་པར་ཤོག །ཆོས་དང་ཟང་ཟིང་མཆོད་པས་བདེ་བར་གཤེགས། །དེ་ལ་ཉོན་མོངས་མེད་པར་བདག་གིས་མཆོད། །མཆོད་པ་བགྱིས་ཤིང་ལམ་གཉིས་ལ་ བརྟེན་ནས། །འགྲོ་བ་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །དེ་བཞིན་གཤེགས་པ་དེ་དག་གི་མཚན་ཐོས་པ་དང་། མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཡོངས་སུ་བསྒྲགས་པས་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། ངན་འགྲོའི་ 101-1-308a འཇིགས་པ་ཐམས་ཅད་ལས་ཀྱང་ཐར་བར་འགྱུར། བླ་ན་མེད་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ངེས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཕྱོགས་ཐམས་ཅད་ ན་དུས་གསུམ་ལྷག་མ་མེད་ཅིང་ལུས་པ་མེད་ལ་མ་ལུས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐུགས་སུ་ཆུད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བས་ཕྱག་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཐུགས་རྗེ་དང་ལྡན་པ། བྱམས་པ་དང་ལྡན་པ། ཕན་པར་བཞེད་པ། ཐུགས་བརྩེ་བ་ཅན། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པ་དེ་ལ་ལུས་ཐམས་ཅད་ཀྱིས་ཕྱག་ འཚལ་ནས་བསམ་པ་དང་། ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ་དང་། རྐང་གི་ཁོང་ནས་དགའ་བའི་སེམས་ཐམས་ཅད་ཀྱིས་སྐྱབས་སུ་མཆིའོ། །དེ་བཞིན་དུ་བཅོམ་ལྡན་འདས་མྱ་ངན་མི་མངའ་བ་དེ་དང་། རྟག་ཏུ་མྱ་ངན་ ལས་འདས་པ་དང་། བསྲེག་བླུགས་གསོལ་དང་། དེ་བཞིན་དུ་མཆོག་དགའ་དང་། མཆོག་གི་འབྱུང་གནས་དང་། དབང་པོའི་འབྱུང་གནས་དང་། མར་མེ་མཛད་དང་། སེང་གེ་སྒྲ་དང་མདོག་བཟང་འབྱུང་གནས་དང་། རིན་ཆེན་འབྱུང་གནས་ དང་། རིན་ཆེན་བླ་མ་དང་། རིན་ཆེན་ཟླ་བ་དང་རིན་ཆེན་འབྱུང་དང་། རིན་ཆེན་སྣང་བ་དང་། རིན་ཆེན་ཏོག་དང་། རིན་ཆེན་གསལ་བ་དང་། རིན་ཆེན་རབ་གསལ་དང་། རིན་ཆེན་མང་དང་རིན་ཆེན་མུ་ཁྱུད་དང་། རིན་ཆེན་པད་མ་དང་རིན་ཆེན་པད་མས་རྣམ་ པར་གནོན་དང་རིན་ཆེན་མེ་དང་། རིན་ཆེན་མེའི་འཁོར་དང་། རིན་ཆེན་ཀུན་གྱིས་སྐུ་བརྒྱན་ལྡན་པ་དང་། དགྲ་ལས་རྒྱལ་བ་དང་། སའི་སྟོབས་ཀྱི་ཤུགས་མངའ་བ་དང་། པད་མའི་མཆོག་དང་སྐུ་མཆོག་དང་། ཟླ་མཆོག་དང་ཆོས་མཆོག་ 101-1-308b དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྗོད་ཀྱིས་མི་ལང་བ་དང་། རྣམ་པར་རྟོག་མེད་དང་། དཔག་ཏུ་མེད་པ་དང་རིན་ཆེན་མཐའ་ཡས་དང་། རིན་ཆེན་མཐའ་ཡས་དྲི་མ་མེད་པ་དང་། ཕྱག་མཐའ་ཡས་དང་གྲགས་པ་མཐའ་ཡས་ དང་། གྲགས་པ་ཆེན་པོ་དང་བདེ་བྱེད་ཆེ་ཐོབ་དང་། མཐུ་ཆེན་བརྩོན་འགྲུས་ངེས་འབྱུང་དང་། ཡོན་ཏན་ཆེར་བགྲང་དང་། དཔག་མེད་དབྱངས་དང་། བདེན་པའི་དབྱངས་དང་། རྣམ་པར་རྒྱལ་བའི་དབྱངས་དང་ཟླ་བའི་དབྱངས་དང་། པད་མའི་དབྱངས་དང་། སེང་གེའི་དབྱངས་དང་། སེང་གེའི་སྒྲ་སྒྲོགས་དང་། རྡོ་རྗེའི་སྒྲ་སྒྲོགས་དང་། རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དང་། ཟླ་འོད་དང་ཉི་འོད་དང་། སྐར་འོད་དང་པད་མའི་འོད་དང་། བདུད་རྩིའི་འོད་དང་སྤྲུལ་པའི་འོད་དང་། རིན་ཆེན་དཔག་མེད་སྤྲུལ་པའི་ འོད་དང་། གྲོལ་བའི་འོད་དང་ཡོངས་སུ་དག་པའི་འོད་དང་། རྣམ་པར་རྟོག་མེད་སྐར་འོད་དང་། སྐར་མ་སྒྲོན་མ་དང་། འཇིག་རྟེན་སྒྲོན་མ་དང་། ནམ་མཁའི་ཆོས་ཀྱི་སྒྲོན་མ་དང་། ཟླ་ཉིའི་སྒྲོན་མ་དང་། ཟླ་བའི་སྒྲོན་མ་དང་ཟླ་འོད་དང་། དྲི་མེད་བླ་ མ་དང་དྲི་མེད་གསལ་བ་དང་གསེར་མདོག་གསལ་བ་དང་། གསེར་མདོག་སྣང་བ་དང་གསེར་མདོག་རིན་ཆེན་གསལ་བ་དང་། དཔག་མེད་སྤོས་སྣང་དང་། སྤོས་ཀྱི་ཞལ་དང་ཀུན་ནས་སྤོས་དང་། ཚངས་དབྱངས་རྒྱལ་པོ་དང་། ཀླུའི་ དབང་ཕྱུག་རྒྱལ་པོ་དང་། དཔལ་གྱི་སྙིང་པོ་བརྩེགས་པ་སྒྲ་བསྒྲགས་རྒྱལ་པོ་དང་། གློག་གི་སྒྲོན་མ་ཏོག་གི་རྒྱལ་པོ་དང་། དགེ་བ་རབ་གནས་གཏེར་གྱི་རྒྱལ་པོ་དང་། བདུད་རྩི་དམ་པ་ལེགས་བྲལ་རྒྱལ་པོ་དང་། བཟང་པོ་ཏོག་གི་ རྒྱལ་མཚན་གྱི་རྒྱལ་པོ་དང་། མེ་ཏོག་ཀུན་གྱི་དྲིའི་དབང་ཕྱུག་རྒྱལ་པོ་དང་། རྔ་སྒྲའི་རྒྱལ་པོ་དང་། ས་ལའི་རྒྱལ་པོ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མི་འཁྲུགས་པ་དེ་དང་འོད་ཆེན་དང་། སྙིང་པོ་ཟིལ་གྱིས་གནོན་དང་མེ་ཏོག་ཟིལ་གྱིས་ གནོན་དང་ལྷུན་པོ་དང་ལྷུན་པོ་ཆེན་པོ་དང་། ཤིན་དུ་ལྷུན་པོ་དང་ལྷུན་པོ་བཟང་པོ་ལྟ་བུ་དང་། ལྷུན་པོ་བཟང་པོས་རྣམ་པར་གནོན་པ་དང་། ནམ་མཁའ་གསལ་བ་དང་ཟླ་ཉི་གསལ་བ་དང་། མེ་གསལ་དང་དཔལ་གྱི་སྙིང་པོ་ནོར་བུ་གསལ་བ་དང་། 101-1-309a དང་བདུད་རྩི་སྤྲོ་གསལ་དང་ཟླ་མཆོག་དཔལ་དང་། མཐའ་ཡས་དཔལ་དང་། རིན་པོ་ཆེ་འདུས་པའི་དཔལ་དང་། རིན་པོ་ཆེ་ཕྱིར་མི་ལྡོག་པའི་དཔལ་དང་རིན་པོ་ཆེ་དག་པ་འབྱུང་བའི་དཔལ་དང་། བཻ་དཱུརྱའི་སྙིང་པོ་མཆོག་གི་དཔལ་དང་། ཁྲེལ་མེད་དཔག་མེད་གསེར་མཆོག་བཀོད་པའི་དཔལ་དང་། ཏ་ལའི་རྒྱལ་པོ་ལྟར་འཕགས་པའི་དཔལ་དང་། ལྗོན་པ་རྣམ་པར་འཕེལ་བའི་དཔལ་དང་། སྤྱོད་པ་གྲངས་མེད་པ་ལ་ཡང་དག་པར་གནས་པའི་དཔལ་དང་། དོན་ཡོད་དཔལ་དང་དོན་ཀུན་གྲུབ་ པའི་དཔལ་དང་པད་མ་མཆོག་གིས་རྣམ་པར་འཕྲུལ་པའི་དཔལ་དང་། ཡེ་ཤེས་གཙང་སྦས་དཔལ་དང་། ཚེ་དཔག་མེད་དང་། དབྱངས་དཔག་མེད་དང་། པདྨ་མའི་དབྱངས་དང་པདྨ་མའི་སྡེ་དང་དཔའ་སྡེ་དང་། མཚོན་ཆ་དཔའ་བརྟན་པའི་སྡེ་དང་ཉོན་མོངས་ སྤོང་དང་ཤིན་དུ་ཡོངས་དག་ཏོག་དང་། ཤིན་ཏུ་དྲི་མེད་འབར་བའི་ཏོག་དང་། ཐུགས་དམ་ཀུན་ཆུབ་ཐེ་ཙོམ་གཅོད་པ་དང་། ཀུན་དུ་རྣམ་པར་སྣང་མཛད་རྣམ་བར་བརྙེས་པ་དང་། ཀུན་དུ་ཡོན་ཏན་རྣམ་གནོན་དང་ཀུན་དུ་ཡོན་ཏན་འབྱུང་བ་དང་། དེ་བཞིན་དུ་བཅོམ་ལྡན་ འདས་རིན་པོ་ཆེ་སྣང་བ་རྣམ་པར་གནོན་པ་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེ་གསལ་བ་དང་རིན་པོ་ཆེ་མང་པོ་དང་། དེ་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སེམས་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་དག་གི་ཆོས་སྤྲོས་པ་མེད་པ། ཡི་གེ་མེད་པ། འཕགས་པ་རྣམས་ ཀྱི་སོ་སོ་རང་རིག་པར་བྱ་བ། སེམས་ཅན་མེད་པ་དང་སེམས་ཅན་གྱི་རྡུལ་དང་བྲལ་བ། བདག་མེད་པ། འདོད་ཆགས་ཀྱི་རྡུལ་དང་བྲལ་བ། སྲོག་མེད་པ། སྐྱེ་བ་དང་འཆི་བ་དང་བྲལ་བ། གང་ཟག་མེད་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ ཉེ་བར་ཞི་བའི་མཚན་ཉིད་དང་ལྡན་པ། འདོད་ཆགས་དང་བྲལ་བ། དམིགས་པ་མེད་པའི་ཚུལ་ཅན། ཡི་གེ་མ་ཡིན་པ། ངག་ཐམས་ཅད་ཆད་པ། བརྗོད་དུ་མེད་པ། དབའ་རླབས་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ། ནམ་ 101-1-309b མཁའ་དང་འདྲ་བ། ཁ་དོག་མེད་པ། རྟགས་དང་། དབྱིབས་དང་། རྒྱུ་བ་ཐམས་ཅད་དང་བྲལ་བ། བདག་མེད་པ། བདག་ཏུ་འཛིན་པ་དང་བྲལ་བ། རྣམ་པར་རིག་པ་མེད་པ་སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། ཟླ་མེད་པའི་ཕྱིར་འདྲ་བ་ མེད་པ། རྒྱུའི་མཚན་ཉིད་དང་བྲལ་བ། རྐྱེན་གྱིས་སྒྲོ་བཏགས་པ་མེད་པ། ཆོས་ཀྱི་དབྱིངས་དང་མཉམ་པ། ཆོས་ཐམས་ཅད་མཉམ་པར་བཞག་པ་འགྲོ་བ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ། ཤིན་དུ་གཡོ་བ་མེད་པའི་ ཕྱིར་ཡང་དག་པའི་མཐའ་ལ་གནས་པ། ཡུལ་དྲུག་ལ་གནས་པ་མེད་པའི་ཕྱིར་མ་གཡོས་པ། གནས་མེད་པའི་ཕྱིར་གར་ཡང་འོང་བ་དང་། འགྲོ་བ་མེད་པ། སྟོང་པ་ཉིད་ལ་མཉམ་པར་བཞག་པ། མཚན་མ་མེད་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་ཅན། རྟོག་པ་དང་སེལ་པ་དང་བྲལ་བ། གཞག་པ་དང་འདེག་པ་མེད་པ། སྐྱེ་བ་དང་འདིག་པ་དང་བྲལ་བ། ཀུན་གཞི་མེད་པ། མིག་དང་། རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ལས་ཡང་དག་པར་འདས་པ། མཐོ་བ་ མེད་ཅིང་དམའ་བ་མེད་པ། གཡོ་བ་མེད་པར་གནས་པ་བརྙེས་པ། སྤྱོད་པ་ཐམས་ཅད་དང་བྲལ་བ། མདོར་ན་ཡང་དག་པར་སྐྱེད་པ་མེད་པ། སྐྱེས་བ་མེད་པ། འགགས་པ་མེད་པ་འགག་པ་མེད་པ། འདུས་མ་བྱས་པའི་ཆོས་དེ་ལ་ལུས་ ཐམས་ཅད་ཀྱིས་ཕྱག་འཚལ་ནས། བསམ་བ་དང་། ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ་དང་། རྐང་གི་ཁོང་ནས་དགའ་བའི་སེམས་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། ། དེ་བཞིན་དུ་ཐོགས་པ་མེད་ཅིང་ཆད་པ་མེད་པའི་སྤོབས་པ་དང་ལྡན་བ་བཅོམ་ལྡན་འདས་དྲི་མ་མེད་པར་གྲགས་པ་དེ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་རྡོ་རྗེའི་ལྟེ་བ་དང་། རྡོ་རྗེའི་སྡེ་དང་། ལྷའི་དབུ་རྒྱན་ལྗོན་པ་དང་། སྤོས་ཀྱི་གླང་པོ་དང་། བདེན་ པ་པོ་དང་ཡེ་ཤེས་ཏོག་དང་། ཆོས་ཀྱི་ཏོག་དང་། ཟླ་བའི་ཏོག་དང་ཉི་མའི་ཏོག་དང་། མཐའ་ཡས་ཏོག་དང་ཚིག་མེད་པ་དང་། བརྗོད་ཏུ་མེད་པ་དང་དམིགས་པ་མེད་པ་དང་། རྩོམ་པ་མེད་པ་དང་བུད་མེད་འགྱུར་བ་དང་སྐར་མའི་རྒྱལ་མཚན་དང་། 101-1-310a རི་རབ་རྒྱལ་མཚན་དང་མེ་ཏོག་རྒྱལ་མཚན་དང་ཆགས་མེད་རྒྱལ་མཚན་དང་། དེ་དག་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག་ལ་ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ནས་བསམ་བ་དང་། ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ་དང་། རྐང་པའི་ཁོང་ནས་དགའ་བའི་སེམས་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཤཱནྟེ་ཤཱནྟེ། རཱ་ག་ཀྵ་ཡཱ་ཡ། ཤཱནྟེ་ཤཱནྟེ། དྭེ་ཥ་ཀྵ་ཡཱ་ཡ། ཤཱནྟེ་ཤཱནྟེ། མོ་ཧ་ཀྵ་ཡཱ་ཡ། དེ་ལྟར་ལན་གཉིས་ལན་གསུམ་དུའོ། །ཏདྱ་ཐཱ། མུ་རུ་ལུ་མུ་རུ་ལུ། ཨ་བ་ཧ། མུ་རུ་ལུ། བི་ཛ་ཡཱ་ཡ་སྭཱ་ཧཱ། དེ་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་ ལ་སྐྱབས་སུ་མཆིས་ནས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། བདེ་བ་དང་། མགོན་མ་མཆིས་པ་རྣམས་ཀྱི་མགོན་དང་། སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་། འདོད་ཆགས་ དང་ཞེ་སྡང་དང་། གཏི་མུག་གི་མུན་པར་གྱུར་པ་རྣམས་ལ་སྣང་བ་བགྱི་བ་དང་། ལམ་ངན་པ་ལ་གནས་པ་རྣམས་ལ་ལམ་བསྟན་ནས་ཁམས་གསུམ་གྱི་སེམས་ཅན་གྱི་ཁམས་ཐར་བར་བགྱི་བའི་སླད་ཏུ་བསམ་བ་དང་ལྷག་པའི་བསམ་ པའི་སེམ་ཅན་ཐམས་ཅད་ཀྱིས་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ བསྐྱེད་པ་དང་སྐྱེད་པར་འགྱུར་བ་དང་། སྐྱེད་པ་དེ་ལྟར་བདག་གིས་ཀྱང་བསྐྱེད་པར་བགྱི་སྟེ། བསམ་པ་དང་། ལྷག་པའི་བསམ་བའི་རྒྱུད་དེས་དེ་ལྟར་བསྐྱེད་པར་བགྱིའོ། །གང་འགོག་པ་མ་མཆིས་པ་དང་། བསགས་པ་མ་མཆིས་པ་དང་། བསགས་པ་མ་ལགས་པར་བསྟན་པ་དང་། བསྒྲུབ་པ་མ་མཆིས་པ་དང་། རྟོག་པ་མ་མཆིས་པ་དང་རྣམ་པར་རྟོག་པ་མ་མཆིས་པ་དེ་ལྟར་བསྐྱེད་པར་བགྱིའོ། །གང་ན་ལུས་མ་མཆིས་པ་དང་ལུས་སུ་གདགས་པ་མ་མཆིས་པ་དང་། 101-1-310b ངག་མ་མཆིས་པ་དང་། ངག་ཏུ་གདགས་པ་མ་མཆིས་པ་དང་། སེམས་མ་མཆིས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་པ་དང་། རྣམ་པར་རིག་པ་མ་མཆིས་པ་དང་། དེ་བཞིན་ཉིད་ཏུ་མ་ལགས། ཆོས་ཀྱི་དབྱིངས་སུ་མ་ལགས་ཡང་དག་པའི་ མཐར་མ་ལགས། སངས་རྒྱས་སུ་མ་ལགས་བྱང་ཆུབ་ཏུ་མ་ལགས་ཏེ། གང་དུ་འདི་དག་ཏུ་མངོན་པར་ཞེན་པ་མ་མཆིས་པ་དེ་ལྟར་བསྐྱེད་པར་བགྱིའོ། །ཀུན་རྫོབ་ལ་བརྟེན་ནས་སྡིག་པ་ཐམས་ཅད་བཤགས་སོ། །བསོད་ནམས་ཐམས་ཅད་ ལ་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་མ་འདེབས་སོ། །སྡིག་པ་ཐམས་ཅད་བཤགས། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་མ་བཏབ་ནས་གཟུངས་འདི་དག་ བརྗོད་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཙན་དན་གྱི་བསུང་ལ་ཕྱག་འཚལ་ལོ། །ཏད་ཡ་ཐཱ། ཙི་ར་ཏེ། མ་རི་ཙི་ཀི། དུརྡ་མེ། དུ་ར་ཨ་ནུ་པྲ་བིཥྚེ་ཙན་ད་ནཱ་གནྡྷེ། བི་ཤུདྡྷ་ཤཱི་ལེ། ཙ་ར་ཏྲི་བ་ཏི་སརྦྦ་ཏ་ཐཱ་ག་ཏ་ཨ་དྷི་ཏེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངས་སུ་གསོལ། གང་བདག་མི་ཤེས་པའི་རབ་ རིབ་ཀྱིས་ཁེབས་ཏེ་མུན་པར་གྱུར་ནས། ཚེ་འདིའམ། སྐྱེ་བ་གཞན་ནམ་སྐྱེ་བ་ཐོག་མ་དང་ཐ་མ་མཆིས་པའི་འཁོར་བ་ན་འཁོར་བའི་བར་དུ་སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། ཕ་མ་དང་བླ་མ་དང་། ཡོན་གནས་དང་མཁན་པོ་དང་སློབ་ དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་བགྱིས་པ་དང་། བགྱིད་ཏུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། སངས་རྒྱས་ཀྱིའམ། ཆོས་ཀྱིའམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱི་འདུ་བའི་སྒོ་ཆེན་པོ་ཕྲོགས་པ་དང་། འཕྲོག་ཏུ་སྩལ་པ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། སོ་སོར་ཐར་པའི་སྡོམ་པའམ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལས་ལྟུང་བ་ཆུང་ངུ་དང་། 101-1-311a འབྲིང་དང་། ཆེན་པོ་བྱུང་བར་གྱུར་པ་བཤགས་པ་དང་། བཤགས་པར་འོས་པ་དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པ། ས་ཆེན་པོར་ཆུད་པ་ཡེ་ཤེས་ཆེན་པོ་བརྙེས་པ། ཐུགས་རྗེ་དང་ལྡན་བ། བྱམས་བ་དང་ལྡན་བ་ཕན་བར་ བཞེད་པ། ཐུགས་བརྩེ་བ་ཅན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་དང་། དེ་བཞིན་དུ་རྣམ་པར་སྣང་མཛད་དང་། རྗེ་མཛད་དང་། དངོས་ཉིད་ཆོས་མཆོག་དང་། ངེས་པར་དྲི་མེད་འབྱུང་གནས་དང་། རིན་ཆེན་སྒྲོན་མ་འོད་ཟེར་ དང་། ཟླ་བས་བརྒྱན་པ་དང་། གློག་གི་བརྗི་བརྗིད་དང་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། མེ་ཏོག་ཀུན་ཏུ་རྒྱས་པ་ས་ལའི་རྒྱལ་པོ་དང་། མེ་ཏོག་སྐར་འོད་དང་། མངོན་པར་མཁྱེན་པས་རྣམ་པར་རོལ་པ་དང་། ཟླ་དཀྱིལ་རྣམ་དག་དང་། ཤིན་དུ་རབ་ཞི་མཁས་ པ་དང་ཟླ་དབྱངས་དབང་ཕྱུག་རྒྱལ་པོ་དང་། བརྩོན་འགྲུས་གྲངས་མེད་དང་། ཡང་དག་རབ་གནས་དཔལ་དང་། བདག་ཉིད་ཐམས་ཅད་ཡོངས་གཏོང་དང་། ཐུགས་རྗེ་ཆེ་དགོངས་དང་། ཕྱག་ན་རིན་ཆེན་ཕྱག་རྒྱ་དང་། ཕྱག་ན་རིན་པོ་ཆེ་དང་ཐུགས་བསྐྱེད་ མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཐུབ་དཀའ་དང་། ཆུ་ལྷ་དང་། དྲི་མ་མེད་པ་དང་། ངན་སོང་སྤོང་བ་ལ་སོགས་པ་དེ་རྣམས་ཀྱི་སྤྱན་སྔར་ནོངས་པ་ནོངས་པར་མཐོལ་ལོ། །བཤགས་སོ། །རྣམ་པར་གཞིག་གོ། །རབ་ཏུ་གཞོམ་མོ་དམད་དོ། ། བྱིས་པ་བླུན་པོ་ལྟ་བ་ལོག་པར་ཞུགས་པ། འཁོར་བར་བྱིང་པའི་ནོངས་པ་ནོངས་པར་གཟུང་དུ་གསོལ། དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གསེར་བསགས་སྟུག་པོ་དགེ་བ་རྒྱས་པའི་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སཏྱེ་སཏྱེ། སཏྱ་བི་ཤོ་དྷ་ནི། སཏྱ་ཨྃ་བུ་ཛ། བི་ལོ་ཙ་ནི། སརྦ་ཨཱ་བ་ར་ཎ་ནི་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་ སེམས་དཔའ་དེ་དག་ཐུགས་རྗེ་ཆེན་པོ་སྐྱེད་ནས་བདག་ལ་དགོངས་སུ་གསོལ། གང་བདག་གིས་ཚེ་འདིའམ་ཚེ་རྗེས་པ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་དང་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པ་རྣམས་ 101-1-311b དང་མངོན་པར་འདོད་པ་རྣམས་དང་། ཐེག་པ་ལ་གསར་དུ་ཞུགས་པ་རྣམས་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། སྤྱོད་པ་དང་འབྲེལ་བ་རྣམས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་སྐྱེ་བ་ གཅིག་གིས་ཐོགས་པ་རྣམས་དང་། ས་བཅུར་ཞུགས་པ་རྣམས་དང་། དབང་མ་བསྐུར་བ་རྣམས་དང་། དབང་བསྐུར་བ་ཐོབ་པ་རྣམས་དང་། དབང་བསྐུར་བ་རྣམས་དང་། དགེ་བའི་ཕྱོགས་ལ་བརྩོན་པ་རྣམས་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་ དང་། སྨོན་པ་མེད་པ་དང་། དེ་ལས་གཞན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བརྩོན་བ་དེ་དག་དང་། ལུས་དང་ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པར་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་དུ་ འཕགས་པ་རང་རྒྱལ་བ་རྣམས་དང་། དེའི་ལམ་ལ་རབ་ཏུ་གནས་པ་རྣམས་དང་། འཕགས་པ་རྒྱུན་ཏུ་ཞུགས་པ་རྣམས་དང་། ལེན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་བ་རྣམས་དང་། ཕྱི་རོལ་གྱི་མངོན་ པར་ཤེས་པ་ལྔ་ཐོབ་པ་རྣམས་དང་། དེ་ལས་གཞན་བ་འདོད་ཆགས་དང་བྲལ་བ་རྣམས་དང་། དྲང་སྲོང་རྣམས་དང་། དེ་ལས་གཞན་བ་ལམ་ཡང་དག་པའམ། ལམ་ལོག་པ་ལ་ཞུགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དང་ ལྡན་པའི་བར་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པ་དེ་རྣམས་ལ་ལུས་དང་ངག་དང་། ཡིད་རྣམ་པ་བཅུས་ཉེས་པར་སྤྱད་པ་བགྱིས་པ་དང་། བགྱིད་ཏུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡིད་རང་བར་གྱུར་པ་དེ་དག་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པ་ས་ཆེན་པོར་ཆུད་པ། ཡེ་ཤེས་ཆེན་པོ་བརྙེས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་ སངས་རྒྱས་དང་བཅས་པ་དེ་རྣམས་ཀྱི་སྤྱན་སྔར་ནོངས་པ་ནོངས་པར་འཐོལ་ལོ། །བཤགས་སོ། །རྣམ་པར་གཞིག་གོ། །རབ་ཏུ་གཞོམ་མོ། །དམད་དོ། །བྱིས་པ་བླུན་པོ་ལྟ་བ་ལོག་པར་ཞུགས་པ་འཁོར་བར་བྱིང་བའི་ནོངས་པ་ནོངས་ 101-1-312a པར་གཟུང་དུ་གསོལ། ཟླ་འོད་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲ་བྷེ་པྲ་བྷ་ཨ་ཀ་རེ། བ་བྷ་བ་ཏི། དྷརྨྨ་བི་ཤུདྡྷ། ཀརྨྨ་བི་ཤུདྡྷིརྦྷ་བ་ཏུ་མེ་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངས་ སུ་གསོལ། གང་བདག་གིས་ཚེ་འདིའམ། སྐྱེ་བ་གཞན་དུ་སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ། སྐྱེ་བ་ཁྲིའམ། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་འབྱུང་བ་མ་རུང་བར་བགྱིས་པའམ། དམ་པའི་ ཆོས་སྤངས་པའམ། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། བགྱིད་ཏུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། ཆོས་ཆོས་མ་ལགས་པར་བསྟན་པ་དང་། ཆོས་མ་ལགས་པ་ཆོས་སུ་བསྟན་པ་དང་། བྱང་ཆུབ་ ཀྱི་སེམས་བཏང་བ་དང་། དགེ་བའི་བཤེས་གཉེན་མ་རུང་བར་བགྱིས་པ་ནས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བར་གྱི་སེམས་ཅན་གྱི་ཡིད་དང་ཐང་ཅིག་ཙམ་ཡང་འགལ་བར་བགྱིས་པ་དང་། བགྱིད་ཏུ་སྩལ་བ་དང་བགྱིད་པ་ལ་ རྗེས་སུ་ཡི་རང་བར་གྱུར་པ་དང་། སྒྲིབ་པ་གང་གིས་བསྒྲིབས་ནས་སའི་རྒྱུ་མི་འབྱུང་བ་དང་། ཏིང་ངེ་འཛིན་གྱི་རྒྱུ་དང་། གཟུངས་ཀྱི་རྒྱུ་དང་། མངོན་བར་ཤེས་པའི་རྒྱུ་དང་། སོ་སོ་ཡང་དག་པར་རིག་པའི་རྒྱུ་དང་། རྫུ་འཕྲུལ་གྱི་རྐང་པའི་རྒྱུ་དང་། དབང་གི་རྒྱུ་དང་ཕ་རོལ་ཏུ་ཕྱིན་པའི་རྒྱུ་དང་། དེ་ལས་གཞན་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནས་སྣང་བའི་བར་གྱི་རྒྱུ་མི་འབྱུང་བའི་ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་ པ་དེ་དག་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པ། ས་ཆེན་པོར་ཆུད་པ། ཡེ་ཤེས་ཆེན་པོ་བརྙེས་པ། ཐུགས་རྗེ་དང་ལྡན་བ། བྱམས་པ་དང་ལྡན་པ་ཕན་པར་བཞེད་པ། ཐུགས་བརྩེ་བ་ཅན་ཡང་དག་པར་རྫོགས་པའི་ སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་དང་། དེ་བཞིན་དུ་དྲི་མེད་སྣང་གསལ་དང་། སྤོབས་པའི་རྒྱན་དགོངས་པ་དང་དྲི་མེད་ཟླ་བ་དང་མེ་ཏོག་གྲགས་དང་མེ་ཏོག་བཀོད་པ་དང་སྣང་མཛད་དང་གསལ་བ་མཛད་དང་རིན་ཆེན་མཆོག་དང་། 101-1-312b འཇིགས་མེད་གཟིགས་དང་། འཇིགས་དང་བག་ཚ་བ་དང་། སྤུ་ཟིང་མི་མངའ་བ་དང་། སེང་གེ་བསྒྱིངས་པའི་སྟོབས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་གཟི་བརྗིད་རྒྱལ་པོ་ལ་སོགས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་ པ་ཀུན་ནས་འོད་ཟེར་དང་དྲི་མེད་རྣམ་གནོན་དང་། སྒྲ་བྱིན་དང་། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་བསྐོར་བ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྒྲིབ་པ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དྲི་མེད་གཙང་མ་དང་། མིག་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཀུན་ལ་སླུ་བ་མེད་པའི་བློ་དང་། སྒྲ་སྙན་ངེས་བསྒྲགས་དབྱངས་དང་། རྒྱལ་བའི་བློ་གྲོས་དང་། བཟང་པོ་སྔོན་འབྱུང་དང་སྤྲིན་སྒྲ་དང་། མཆོག་དགའ་རྒྱལ་པོ་དང་དགའ་སྟོན་དང་། རྟག་ཏུ་བརྩོན་དང་། ལྷུན་པོ་ རྩེ་འཛིན་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དེ་རྣམས་ཀྱི་སྤྱན་སྔར་ནོངས་པ་ནོངས་པར་འཐོལ་ལོ། །བཤགས་སོ། །རྣམ་པར་གཞིག་གོ། །རབ་ཏུ་གཞོམ་མོ་དམོད་དོ། ། བྱིས་པ་བླུན་པོ་ལྟ་བ་ལོག་པར་ཞུགས་པ་འཁོར་བར་བྱིང་བའི་ནོངས་པ་ནོངས་པར་གཟུང་དུ་གསོལ། ཏདྱ་ཐཱ། ས་མ་ཡོ་གེ། ཙིཏྟ་བི་བར་ཏེ། ཨ་ཁེ་མ་ཁེ། མ་ད་ནེ་བི་བྷ་ག་ཏེ། ས་མན་ཏ་གུ་ཎེ། ས་ཏྱ་ར་མེ་མུཀ་ཏེ་པྲ་མུཀ་ཏེ། ཧི་ལེ་ཨ་སི་ལི། ཨ་ཙ་མེ་ཙ་མེ། ཨ་ཙི་ཏེ། མ་ཙི་ཊེ་ཧ་རེ། མོ་ཙེ་མ་ཡོ་གྲཱ་ཧེ། ཧེ་མ་བ་དེ། ཙོ་པ་དེ་དྷརྨྨ་ཙིཏྟ། ཨ་བིཀྵེ་པེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་ཁམས་གསུམ་དུ་བྱིང་བ་ལས་དབྱུང་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་གིས་གཡང་ས་ཆེན་པོར་ལྷུང་བ་ལས་གདེག་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་ཁྲོན་པ་ཆེན་ པོ་ན་མཆིས་པ་ལས་དྲང་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་འབྲོག་དགོན་པ་ཆེན་པོའི་ནང་དུ་ལྷུང་བ་ལས་བསྐྱབ་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། 101-1-313a བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་ཉོན་མོངས་པའི་རྒྱ་མཚོ་ཆེན་པོས་བདས་པ་ནས་བསྒྲལ་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་འཁོར་བའི་རྒྱས་ཟིན་པ་ལས་དགྲོལ་ཏུ་ གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སྲས་གཅིག་དང་འདྲ་བར་ཐུགས་བརྩེ་བར་དགོངས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སྲས་གཅིག་དང་འདྲ་ བར་བསྟན་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སློབ་མ་སྡུག་པ་དང་འདྲ་བར་བསླབ་དུ་གསོལ། །སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་དཀའ་བ་བརྒྱ་སྟོང་དེ་དག་མངོན་ དུ་མཛད་ནས་བདག་ལ་ཐུགས་དགོངས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་དེ་དག་མངོན་དུ་མཛད་ནས་བདག་ལ་གྲུབ་པར་མཛད་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་དུ་མཛད་ནས་བདག་ལ་སྐྱེད་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་ དཔའ་དེ་དག་གིས་བདག་མཆོག་ཏུ་ཟག་པ་མེད་པའི་ཆོས་འདུལ་བ་ལ་གཞག་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་བདག་བཀྲུས་གསོལ། སངས་རྒྱས་ བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྟོབས་བཅུ་པོ་རྣམས་ཀྱིས་བདག་ལ་བྱུག་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ངོ་ཚ་མཁྱེན་པའི་ན་བཟས་བདག་ལ་དགབ་ཏུ་ གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་རྣམས་ཀྱིས་བདག་ལ་གཏོར་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་རྒྱལ་ 101-1-313b ཚབ་ཏུ་དབང་བསྐུར་བས་བདག་ལ་དབང་བསྐུར་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སེང་གེའི་སྒྲ་ཆེན་པོས་བདག་ལ་ལུང་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཟླ་མཆོག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་མེད་འབྱུང་གནས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ། དྷ་ར་ཎི། ན་དྷ་ནེ། ཨ་བྷ་ཡ། ཀལྤེ་ཀལྤེ། བིཀྵེ། ཨ་སྨྲྀ་ཏ་ཀལྤ། ཧུ་ཧ་ཤ་ནེ། ཨ་ནནྟ་ཁེ། ཙཀྵུཿཨུངྒ་ཏེ། ༀ་བྷྲཱུྃ་སྭཱ་ཧཱ། སངས་རྒྱས་ བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངས་སུ་གསོལ། གང་བདག་གིས་ཚེ་འདིའམ། སྐྱེ་བ་གཞན་རྣམས་སུ་སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ། སྐྱེ་བ་ཐོག་མ་དང་ཐ་མ་ མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་དང་། ཆོས་དང་དགེ་འདུན་དང་། ཕ་མ་དང་བླ་མ་དང་། ཡོན་གནས་དང་། མཁན་པོ་དང་སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པ་དང་། དེ་ལས་གཞན་ལ་ཡང་དག་པ་དང་། ལོག་པའི་ ལམ་ལ་ཞུགས་པ་ནས། དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པའི་བར་དང་། ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པ་རྣམས་ལ་ཟས་ཁམ་གཅིག་ཙམ་སྩལ་པ་དང་། བྱམས་པ་བསྒོམས་པའམ། ལུས་དང་ངག་དང་ཡིད་ཀྱིས་ཕྱི་ དང་ནང་གི་ལེགས་པར་སྤྱོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་སྟེ་ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ དེ་རྣམས་ཀྱིས་ཆོས་ཉིད་དེ་མངོན་དུ་མཛད་ནས་ཡོངས་སུ་བསྔོས་པ་དང་། ཡོངས་སུ་བསྔོ་བར་འགྱུར་བ་དང་། ཡོངས་སུ་བསྔོ་བ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་ཆོས་ཉིད་དེ་དང་། ཇི་ལྟར་དེ་བཞིན་ཉིད་དེ་དང་། ཇི་ལྟར་ཡང་དག་པའི་མཐའ་དེ་དང་། ཇི་ལྟར་ཆོས་ཀྱི་དབྱིངས་དེ་དང་། ཇི་ལྟར་སྟོང་པ་ཉིད་དེ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་དང་ལྡན་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་བསུང་ 101-1-314a ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་ཛི་རི་བྷ། བི་ཛི་རི་བྷ། ཨུཏྤ་ད་བྱ་ཡ། བི་ཛི་རི་བྷ། སྟབ་ཧ་ར་སྟབ་ཧ་ར། ཨ་ནཱུ་ན། ཏ་ཐཱ་ཏ་བྷཱུ་ཏ་ཀོ་ཊི་བི་རི་ཛི་བྷ་སྭཱ་ཧཱ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་དག་པར་རྫོགས་པའི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་དང་པོ་བདག་གིས་ཇི་ལྟར་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་ མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་ཐུགས་བསྐྱེད་པ་དང་། དེ་དག་ལས་གཞན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་ཡང་དག་པར་ལྡན་པའི་ཐུགས་བསྐྱེད་པ་དེ་རྣམས་ལ་བདག་མཆོག་དང་། གཙོ་བོ་དང་དམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་ པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་ གྲོལ་བ་དང་། རྣམ་བ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་དང་། བློ་གྲོས་མི་ཟད་པ་དང་། རིན་ཆེན་རྒྱལ་མཚན་དང་། དྲི་མ་མེད་པའི་སྙིང་པོ་དང་། ཆུང་འབྲིང་ཆེན་པོ་དང་། མངོན་མཁྱེན་རྣམ་རོལ་དང་། རྣམ་འཕྲུལ་དང་བ་དང་། གྲགས་པ་སྤྲིན་སྤས་དང་སེང་གེ་རྣམ་པར་རོལ་ པའི་རྒྱལ་པོ་དང་། ལྷུན་པོ་མངོན་འཕགས་རྒྱལ་པོ་དང་། དམ་ཆོས་ཀུན་སྲུང་ཏོག་གྱུར་རྒྱལ་པོ་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ། ཇི་ཙམ་དུ་དམ་པའི་ཆོས་གནས་པའི་ 101-1-314b དེའི་བར་དུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་བསྒྲུབས་པ་གང་ལགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ བསྒྲུབས་པ་གང་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་གང་ལགས་པ་དང་། ཐམས་ཅད་མཁྱེན་ པའི་ཡེ་ཤེས་བསགས་པ་གང་ལགས་པ་ནས། སྐུ་དང་གསུང་དང་། ཐུགས་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་གང་ལགས་བ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་གོང་ན་མ་ མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་བ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་ པ་དང་ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་བའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །འདས་ པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་འཕགས་པ་སེང་གེའི་རྣམ་པར་རོལ་པ་དང་། སེང་གེ་བསྒྱིངས་པ་དང་། སེང་གེ་ཏོག་དང་། རིན་པོ་ཆེ་ཏོག་དང་། སེང་གེ་རྣམ་འཕྲུལ་ཏོག་དང་། པད་མ་བཀོད་པ་དང་། བརྩོན་བ་ མི་གཏོང་བ་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་ཐུགས་བསྐྱེད་པ་ནས་བཟུང་ནས། ཇི་ཙམ་དུ་ས་བཅུའི་བར་དེར་སྦྱིན་བ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་ བ་དང་སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་བསྒྲུབས་པ་གང་ལགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་གང་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་བླངས་བ་གང་ལགས་ 101-1-315a པ་དང་བྱང་ཆུབ་ཆེན་པོ་བསགས་པ་གང་ལགས་པ་ནས། ལུས་དང་ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་དམ་པ་དང་། རབ་དང་ཕུལ་དང་། བླ་ན་ མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་ པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་བ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་རང་རྒྱལ་བ་ཉོན་མོངས་འདུལ་དང་། དགེ་འབེབས་དང་། རྒྱ་སྤོས་གཙུག་དང་། ས་འཛིན་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་ སེམས་བསྐྱེད་པ་ནས་བཟུང་ནས་ཇི་ཙམ་དུ་ཐེག་པ་ཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དེར་སྦྱིན་བ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་ བྱུང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་ཡང་དག་པར་ལྡན་བ་གང་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། རང་བྱང་ཆུབ་བསགས་ པ་གང་ལགས་པ་ནས། ལུས་དང་ངག་དང་ཡིད་ཀྱིས་ཕྱི་ནང་གི་ལེགས་པར་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་དམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་ པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། 101-1-315b ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་ རྗེས་སུ་ཡི་རང་ངོ་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་འཕགས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། ཀཱ་ཏྱཱའི་བུ་དང་། ཤེས་རབ་སྒྲོན་མ་དང་། རབ་འབྱོར་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་སེམས་བསྐྱེད་པ་ནས་བཟུང་ནས། ཇི་ཙམ་དུ་ཐེག་པ་གཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དེར་སྦྱིན་བ་ལས་བྱུང་བའི་ བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་ཡང་དག་པར་ལྡན་པའི་གང་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། ཉན་ཐོས་ཀྱི་བྱང་ཆུབ་ཏུ་བསགས་པ་གང་ལགས་པ་ནས། ལུས་དང་ངག་དང་ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་དཔྱད་པའི་བར་གང་ལགས་པ་དེ་དག་ ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་དམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་དམིགས་པ་ མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་བ་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་ བ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་སུ་གཏོགས་པ་གང་ 101-1-316a ལགས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་གང་ལགས་པ་ ནས་ལུས་དང་ངག་དང་ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་གང་ལགས་པ་དང་། མ་འོངས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་ཡང་དག་པར་ལྡན་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་ པ་དང་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་བའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་གསུང་མཆོག་ཞལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡ་ནེ་ཙནྡ་ནེ། ཙནྡ་ན་ཨང་གེ། ཙནྡ་ནེ་པྲ་བ་རེ། ཙནྡ་ཨ་བ་ཡེ། ཙནྡ་ན་སིདྡྷེ་ཙནྡན། ཨ་བ་ལོ་ཀི་ཏེ། ཙནྡ་ན། ཨ་ཤ་ཨུངྒ་ཏེ་སྭཱ་ཧཱ། རྗེས་སུ་ཡི་རང་བ་དང་ལྡན་བ་དང་། ཡོངས་སུ་བསྔོ་བ་དང་ལྡན་བའི་དགེ་བའི་རྩ་བ་དེ་དག་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་བསགས་པ་ གང་ལགས་པ་དང་། མ་འོངས་པ་ན་མྱ་ངན་ལས་འདས་པའི་མཐའ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་ནས་བདག་དགེ་བ་ལ་བརྩོན་པའི་ལྷ་རྟག་ཏུ་འབྲང་བ་གང་ལགས་པ་དེ་དག་ལ་དབུལ་བར་བགྱིའོ། ། དགེ་བའི་རྩ་བ་དེས་གཟི་བྱིན་དང་ལྡན་བ་དང་། སྟོབས་དང་ལྡན་བ་དང་དབང་ཆེ་བ་དང་། ཐུབ་པར་དཀའ་བར་གྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་ 101-1-316b བསྐོར་བར་གྱུར་ཅིག །བདུད་བཞི་ཚར་གཅོད་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག །བདག་ཀྱང་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས། དྲན་པ་ཉེ་བར་སྒྲུབ་པར་གྱུར་ཅིག །ལེ་ལོ་ སེལ་བར་གྱུར་ཅིག །ལམ་ཉེ་བར་སྟོན་པར་གྱུར་ཅིག །མི་དགེ་བའི་ལས་ཟློག་པར་གྱུར་ཅིག །དགེ་བ་ལ་སྦྱོར་བར་གྱུར་ཅིག །ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག །མཐུ་དང་སྟོབས་ཡང་དག་པར་སྐྱེད་པར་གྱུར་ཅིག །སྒྲིབ་པ་ཆེན་པོ་སྟུག་པོར་གྱུར་པ་ འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག །སེམས་ཅན་གྱི་ཁམས་དང་ལས་ཀྱི་ཁམས་དང་། ཉོན་མོངས་བའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག །དགེ་བའི་རྩ་བ་དེ་ལས་དགེ་ བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བ་དེས་གཙུག་ལག་ཁང་འདི་ན་གནས་པའི་ལྷ་འཕགས་པ་རྣམ་ཐོས་ཀྱི་བུ་དང་། ཡུལ་འཁོར་བསྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ལྔས་རྩེན་དང་། ལྔ་ལེན་དང་། ནོར་བུ་བཟང་ པོ་དང་། གང་བ་བཟང་པོ་དང་། ལྷ་མོ་ཆེན་པོ་དཔལ་དང་། ལྗང་སྔོའི་བུ་འཁོར་དང་བཅས་པ་ལ་སོགས་པ་དང་། བྱང་ཆུབ་གོས་ལ་སོགས་པ་གཞི་བ་རྣམས་དང་། དགའ་བོ་དང་ཉེ་དགའ་ལ་སོགས་པ་ཀླུའི་བདག་པོ་རྣམས་དང་། འབྲོག་གནས་ ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་རྣམས་དང་། གང་གཞན་ཡང་ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་གང་ལགས་པ་དེ་དག་ལ་དགེ་ བའི་རྩ་བ་དེ་འབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་གཟི་བྱིན་དང་ལྡན་བ་དང་། སྟོབས་དང་ལྡན་བ་དང་། དབང་ཆེ་བ་དང་། ཐུབ་པར་དཀའ་བར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་ སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག །བདུད་བཞི་ཚར་གཅོད་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །བདག་ཀྱང་དགེ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས། 101-1-317a དྲན་པ་ཉེ་བར་སྒྲུབ་པར་གྱུར་ཅིག །ལེ་ལོ་སེལ་བར་གྱུར་ཅིག །ལམ་ཉེ་བར་སྟོན་པར་གྱུར་ཅིག །མི་དགེ་བ་ལས་ཟློག་པར་གྱུར་ཅིག །དགེ་བ་ལ་སྦྱོར་བར་གྱུར་ཅིག །ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག །མཐུ་དང་སྟོབས་ཡང་དག་པར་ སྐྱེད་པར་གྱུར་ཅིག །སྒྲིབ་པ་ཆེན་པོ་སྟུག་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག །སེམས་ཅན་གྱི་ཁམས་དང་ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་ལ་ཕན་པའི་ཕྱིར་ གནས་པར་གྱུར་ཅིག །དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་གང་ལགས་པ་རྣམས་དང་། མི་ཁོམ་པར་སྐྱེས་པ་གང་ལགས་པ་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་དང་བྲལ་བ་གང་ལགས་པ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལས་ཕྱི་རོལ་པ་དང་། དེ་ལས་གཞན་བ་མུ་སྟེགས་རྣམས་ལ་གནས་པ་ནས། ལོག་པ་ཉིད་ དུ་ངེས་པའི་བར་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་དེས་ཕུང་པོ་འདི་དག་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་བ་ནས། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པའི་བར་དུ་གྱུར་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག །བདུད་བཞི་ཚར་གཅོད་བར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག །བདག་ཀྱང་དགེ་བའི་ཕྱོགས་ལ་མངོན་བར་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་སུམ་དུ་ བགྱིས་ནས་དྲན་བ་ཉེ་བར་སྒྲུབ་པར་གྱུར་ཅིག །ལེ་ལོ་སེལ་བར་གྱུར་ཅིག །ལམ་ཉེ་བར་སྟོན་པར་གྱུར་ཅིག །མི་དགེ་བ་ལས་ཟློག་པར་གྱུར་ཅིག །དགེ་བ་ལ་སྦྱོར་བར་གྱུར་ཅིག །ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག །མཐུ་དང་སྟོབས་ ཡང་དག་པར་བསྐྱེད་པར་གྱུར་ཅིག །སྒྲིབ་པ་ཆེན་པོ་སྟུག་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག །སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་ 101-1-317b དུ་སེམས་ཅན་ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག །དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་ཉན་ཐོས་ཀྱི་ཐེག་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་འདོད་པའི་སེམས་ཅན་ གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་དབུལ་པར་བགྱིའོ། །དགེ་བའི་རྩ་བ་དེས་ལམ་བཞི་ལ་དམིགས་ཤིང་འཕགས་པའི་བདེན་པ་བཞིའི་ཆོས་ཉིད་དང་ཡང་དག་པར་ལྡན་པ་མངོན་དུ་བགྱིས་ནས། ཉན་ཐོས་ཀྱི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ཤིང་མངོན་བར་རྫོགས་པར་སངས་རྒྱས་ནས། ཐེག་པ་གཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །དགེ་བའི་རྩ་བ་དེ་ ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་ཤིང་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འདོད་པའི་སེམས་ཅན་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་ དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་སྐྱེ་བ་དང་། འཇིག་པ་མངོན་དུ་བགྱིས་ནས། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པ་ནས། ཐེག་པ་གཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་སེམས་ ཅན་ཐེག་པ་ཆེན་པོ་ལ་མོས་ཤིང་ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བར་འདོད་ལ། སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པ་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་ཚོགས་ཤིན་དུ་ བསགས་ཤིང་དགེ་བའི་རྩ་བ་ཉེ་བར་བསགས་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་ཉིད་མངོན་དུ་བགྱིས་ནས་བྱང་ཆུབ་ཆེན་པོར་མངོན་བར་རྫོགས་བར་སངས་རྒྱས་པར་གྱུར་ཅིག །དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་ 101-1-318a བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་ལ་དབུལ་བར་བགྱིའོ། །དེ་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་ སངས་རྒྱས་པ་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག །བདུད་བཞི་ཚར་གཅོད་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །བདག་ཀྱང་དགེ་བའི་རྩ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས་དྲན་ པ་ཉེ་བར་སྒྲུབ་པར་གྱུར་ཅིག །ལེ་ལོ་སེལ་པར་གྱུར་ཅིག །ལམ་ཉེ་བར་སྟོན་པར་གྱུར་ཅིག །མི་དགེ་བ་ལས་ཟློག་པར་གྱུར་ཅིག །དགེ་བ་ལ་སྦྱོར་བར་གྱུར་ཅིག །ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག །མཐུ་དང་སྟོབས་ཡང་དག་པར་ སྐྱེད་པར་གྱུར་ཅིག །སྒྲིབ་པ་ཆེན་པོ་སྟུག་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག །སེམས་ཅན་གྱི་ཁམས་དང་ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཅི་ཙམ་པ་དེ་ཙམ་དུ་སེམས་ཅན་ ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ཨ་བ་ལོ་ཀེ་ལོ་ཀ །བི་ལོ་ཀེ། ལོ་ཀ་བི་ལོ་ཀི་ནི། ཨ་བ་ལོ་ཀ་ཡ་ ཧྲི་མེ། སརྦྦ་ཀརྨྨ། ཨཱ་བ་ར་ཎེ་བྱ་སྭཱ་ཧཱ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེས་ཐུགས་ཁྱབ་པ། སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་བརླབས་ཀྱིས་བཞུགས་ཤིང་འཚོ་ ལ་གཞེས་པ་འདི་ལྟ་སྟེ། བཟང་པོ་དཔལ་དང་། ཙནྡན་དཔལ་དང་། ཏོག་གི་དཔལ་དང་། མྱ་ངན་མེད་པའི་དཔལ་དང་། ཏོག་དཔལ་དང་མེ་ཏོག་དཔལ་དང་། སྣང་བའི་དཔལ་དང་ནོར་དཔལ་དང་། རྒྱ་མཚོ་དཔལ་དང་རིན་ཆེན་མཆོད་སྡོང་ཀུན་ ནས་སྣང་བ་དང་། དེ་ལ་སོགས་པ་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བ་རུས་པའི་ཁོང་ནས་དགའ་བ་དང་། རྐང་གི་ཁོང་ནས་དགའ་བའི་བར་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །དེ་དག་ 101-1-318b ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་ དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གིས་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། ། གང་དག་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ ལགས་པ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་ པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་མ་འོངས་པའི་ཡང་དག་བར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་ དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་ གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ བརྩོན་པ་དང་། རབ་ཏུ་བརྩོན་བ་དང་། བརྩོན་པ་མི་འདོར་བ་རྣམས་ལ་འདི་ལྟ་སྟེ། ཆུ་ལྷ་བློ་གྲོས་དང་། སྣང་བའི་བློ་གྲོས་དང་། ནམ་མཁའི་བློ་གྲོས་དང་། གློག་གི་བློ་གྲོས་དང་། དོན་གྲུབ་བློ་གྲོས་དང་། རབ་ཏུ་ཞི་སྤྱོད་བློ་གྲོས་དང་། སོ་སོ་ཡང་དག་ 101-1-319a རིག་ཐོབ་དང་། རྟག་ཏུ་བརྩོན་པ་དང་། རབ་ཏུ་བརྩོན་པ་ལ་སོགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །དེ་དག་ཡོངས་སུ་མྱ་ངན་ ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་རབ་ཏུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་ཀྱང་བཏུད་ནས་ཕྱག་འཚལ་ལོ། །གང་དག་འདས་པའི་བྱང་ཆུབ་སེམས་དཔའ་ རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་ དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་ མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་བྱང་ཆུབ་སེམས་ དཔའ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་ལུས་ཐམས་ ཅད་བཏུད་ནས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འདོད་ཆེན་པ་དགའ་ལྡན་གྱི་གནས་ནས་མངལ་དུ་འཇུག་པ་དང་། གནས་དང་ས་སྟོན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བྱང་ཆུབ་མངོན་བར་རྫོགས་པར་ 101-1-319b བྱང་ཆུབ་པ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་སྟོན་པ་གང་ལགས་བ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་བདག་ཉིད་ཐམས་ཅད་ཀྱིས་བསམ་པ་ ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །དེ་དག་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་དེ་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་ སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དག་ལྷག་པའི་བསམ་པས་སེམས་ ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་འཕགས་པ་རང་རྒྱལ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མཁས་པ། སྐྱེ་བ་དང་འཇིག་པ་རྟོགས་ པ་རྣམས་ཀྱི་མཚན་ལ་འདི་ལྟ་སྟེ། བསེ་རུ་ལྟར་སྤྱོད་པ་དང་། ཚོགས་དང་སྤྱོད་པ་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། ། དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། ། གང་དག་འདས་པའི་རང་རྒྱལ་བ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་ 101-1-320a རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་བ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་མ་འོངས་པའི་རང་རྒྱལ་བ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་འི་གདུང་གི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་ཆོས་ཉིད་ གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་འཕགས་པ་རྒྱུན་ཏུ་ཞུགས་བ་རྣམས་དང་། ལན་གཅིག་ཕྱིར་ འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་བ་རྣམས་དང་། དེ་དག་ལ་འཇུག་པ་གང་ལགས་བ་དང་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་ གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་འཕགས་པ་རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་བ་རྣམས་དང་། དེ་དག་ལ་འཇུག་པ་གང་ལགས་པ་ དེ་དག་གི་རབ་ཏུ་འབྱེད་པའི་ཆོས་ཉིད་གང་ལགས་བ་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་འདས་པའི་འཕགས་བ་ཉན་ཐོས་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་ཆོས་ཉིད་གང་ 101-1-320b ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་འཕགས་པ་ཉན་ཐོས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་བ་དེ་དག་ལ་བདག་གི་བསམ་བ་ དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་མ་འོངས་པའི་འཕགས་པ་ཉན་ཐོས་རྣམས་དང་། དེ་དག་མྱ་ངན་ལས་འདས་བའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་ དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་འཕགས་པ་ཉན་ཐོས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ ལགས་བ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །གང་དག་ཁམས་གསུམ་འདིའི་གླིང་བཞི་དག་ན་འཕགས་བ་ཉན་ཐོས་དང་རང་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་བའི་སྐུ་མདོར་ན་འཇིག་རྟེན་གྱི་ཁམས་འདི་འམ། འཇིག་རྟེན་གྱི་ཁམས་གཞན་དག་ན་མངོན་བར་འདུས་བྱས་པ་དང་། མངོན་བར་འདུ་བྱེད་པ་དང་། མངོན་བར་འདུ་བྱེད་བར་འགྱུར་ བ་དང་། མཆོད་པ་བྱས་པ་དང་། མཆོད་པ་བྱེད་པ་དང་། མཆོད་པ་བྱེད་བར་འགྱུར་བ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་དང་། གཞལ་མེད་ ཁང་དང་དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་བས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡྲ་པྲ་བྷེ། ཙནྡན་ཙཱུརྞེ་ཀཻ་ 101-1-321a ལ་སབྟི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཥྛ་ཏ་ཨ་ནུ་མོ་དི་ཏ་སྭཱ་ཧཱ། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་རྒྱ་ཆེན་པོ་དང་ཟབ་མོས་ཕ་རོལ་ཏུ་ ཕྱིན་པ་དྲུག་ལས་ངེས་པར་འབྱུང་བ་སྣ་ཚོགས་ཚད་མེད་པའི་མཆོད་པ་དང་། མངོན་པར་འདུ་མཛད་པ་བསྒྲུབས་པ་དང་། སྒྲུབ་པ་དང་། སྒྲུབ་བར་འགྱུར་བ་དེ་དག་ལས་བདག་གི་སྐལ་པར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ཀྱང་ བདག་གི་ལགས་སོ་པར་བཟུང་ནས་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་ལུས་ཐམས་ཅད་བཏུད་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བཅས་པ་དེ་རྣམས་ལ་དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ས་ཐམས་ཅད་དང་ཏིང་ངེ་འཛིན་ ཐམས་ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་ཅིག །དེ་བཞིན་གཤེགས་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཊ་ཀེ་ཊ་ཀེ། ཊ་ཀེ་ཊ་ཀེ། ཊ་ཀེ་སྭཱ་ཧཱ། །བམ་པོ་གཉིས་པ། གང་དག་སྲིད་པ་གསུམ་པོ་འདི་ན་ལྷ་དང་མིའི་དྲི་དང་། བདུག་སྤོས་ཀྱི་རྣམ་པ་དང་མེ་ཏོག་དང་། འབྲས་བུ་དང་། རོ་བྲོ་བ་དང་། ལོ་ཏོག་གི་རྣམ་པ་དང་གསེར་དང་། དངུལ་དང་། ནོར་བུ་དང་མུ་ཏིག་དང་། བཻ་དཱུརྱ་དང་། རྡོའི་སྙིང་པོ་ལ་ སོགས་པ་བདག་གི་བ་མེད་ཅིང་ཡོངས་སུ་བཟུང་བ་མེད་པ་གང་ལགས་པ་དེ་དག་བདག་དང་སེམས་ཅན་ཐམས་ཅད་ཐུན་མོང་དུ་བགྱིས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་འདས་པ་དང་། མ་འོངས་ པ་དང་ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བ་དང་བཅས་པ་དེ་རྣམས་ལ་དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ལ་རྣམ་པ་ 101-1-321b ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བློ་ཡངས་ཟབ་མོ་སྒྲོགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་པུ་ལ་བ་རེ། བི་པུ་ལ་ཡོ་ནི་ཤེ། ཨ་ན་ལ་སེ། ཨ་ན་ལ་ ས་སྃ་བྷ་བེ། ཨ་ན་ལ་ས། ག་ཏིང་ག་ཏེ་སྭཱ་ཧཱ། བདག་ཉིན་མོ་དང་། མཚན་མོ་གཉིད་ལོག་པ་དང་། སད་པ་དང་། འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ལངས་པ་ནས་དབང་པོ་འགག་པར་འགྱུར་བའི་བར་དུ་ཡང་ལུང་བསྟན་པ་དང་། ལུང་མ་བསྟན་ པ་དང་ལུས་དང་ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་གང་ལགས་པ་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བར་བསགས་པ་གང་ལགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དགེ་བའི་ རྩ་བ་གང་ལགས་པ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ནས་གཉིས་སུ་མེད་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་སྟེ། ཇི་ལྟར་འདས་པ་དང་། མ་འོངས་ པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཡོངས་སུ་བསྔོས་བ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམས་ལ་ ཕྱག་འཚལ་ལོ། །རྣམ་པར་གཟིགས་ཀྱི་གཟི་བརྗིད་དང་། །ཤཱཀྱ་སེང་གེའི་བརྩོན་འགྲུས་ཀྱིས། །འདོད་ཆགས་ཞེ་སྡང་གཏི་མུག་དག །ནམ་ཡང་གཡོ་བར་མ་གྱུར་ཅིག །ཏདྱ་ཐཱ། ཛ་ཡནྟི། བི་ཛ་ཡནྟི། ཨ་པ་ར་ཛི་ཏེ། མཱ་ར་སཻ་ནྱ་པྲ་མརྡྷ་ནི་ ཡེ་སྭཱ་ཧཱ། དགེ་བའི་རྩ་བ་དེས་སེམས་ཅན་འགྲོ་བ་དྲུག་ལ་བརྟེན་པ་གང་ལགས་པ་དེ་དག་ཐམས་ཅད་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་ དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ས་རབ་ཏུ་དགའ་བ་དང་། དེ་བཞིན་དུ་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་ཤིན་དུ་སྦྱང་ 101-1-322a དཀའ་བ་དང་མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ས་ཆོས་ཀྱི་སྤྲིན་ལ་དགོད་པར་བགྱིའོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་བསྟན་པར་གནས་པའི་ཐབས་ལ་ མངོན་བར་བརྩོན་པ་མངོན་དུ་འགྲོ་བ་ཡོངས་སུ་བསགས་པའི་ཏིང་ངེ་འཛིན་དང་། ངེས་པར་འབྱུང་བའི་ཏིང་ངེ་འཛིན་དང་། ཀུན་དུ་གསལ་བའི་ཏིང་ངེ་འཛིན་དང་། ཀུན་དུ་སྣང་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཏོག་གི་ཏིང་ངེ་འཛིན་དང་རིན་ཆེན་ཟླ་བའི་ ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་ཏོག་གི་ཏིང་ངེ་འཛིན་དང་། སྙིང་རྗེ་བསགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པའི་ཏིང་ངེ་འཛིན་ལ་དགོད་པར་བགྱིའོ། །དེ་བཞིན་དུ་རྒྱ་མཚོའི་ ཕྱག་རྒྱ་མི་ཟད་པར་སྒྲུབ་པའི་གཟུངས་དང་། དེ་བཞིན་དུ་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པའི་གཟུངས་དང་། ཉི་མའི་ཏོག་སྣང་བ་མཐའ་ཡས་པའི་གཟུངས་དང་། ཟླ་བ་དྲི་མ་མེད་པའི་གཟི་བརྗིད་མངོན་བར་འཕགས་པའི་གཟུངས་དང་། ཀུན་ནས་དཀྲིས་པ་ཐམས་ཅད་རྣམ་པར་སེལ་བ་དང་། རྡོ་རྗེའི་སྙིང་པོ་བསྟན་པས་ཉོན་མོངས་པ་མཐའ་ཡས་པ་རྣམ་པར་འཐོར་བ་དང་། བརྗོད་དུ་མེད་པའི་དོན་སྟོན་པ་དོན་དམ་པར་ཡང་དག་པར་འདུ་བ་དང་། ལྡེམ་པོའི་ཚིག་ཏུ་སྨྲ་བའི་སྒྲ་ འཇུག་པ་དང་། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པ་སྒྲུབ་པ་དང་། ཟད་མི་ཤེས་པའི་ཕྱག་རྒྱས་བཏབ་པ་དང་། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ཕ་རོལ་ཏུ་ ཕྱིན་པ་བཅུ་པོ་དེ་དག་ནས་གཟུངས་ཀྱི་སྒོ་བཅུའི་བར་དག་ལ་བཀོད་ནས་དེ་རྣམས་དང་ལྷན་ཅིག་འདི་ནས་འགུམ་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞིང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ འོད་དཔག་མེད་དེ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དེ་དང་། བཅོམ་ལྡན་འདས་མཐུ་ཆེན་ཐོབ་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་འཁོར་དེ་རྣམས་མཉེས་པར་བྱེད་པར་གྱུར་ཅིག །བཅོམ་ལྡན་འདས་འཁོར་དང་བཅས་ 101-1-322b བཅས་པ་དེ་དག་མི་ཉེས་པར་བྱེད་པར་མ་བྱེད་ཅིག །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པདྨེ་པདྨེ་ནི། པདྨ་ལོ་ཙ་ནེ། པདྨ་སཾ་བྷ་བེ་སྭཱ་ཧཱ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མྲི་ཏ། ཨུད་བྷ་བེ། ཨ་མྲི་ཏ་སྃ་བྷ་བེ། ཨ་མྲི་ཏ་བི་ཀྲཱནྟེ། ག་ག་ན་ཀིརྟི་ཀ་རེ། སརྦྦ་ཀརྨྨ་ཀླེ་ཤཀྵ་ཡྃ་ཀ་རི་སྭཱ་ཧཱ། དགེ་བའི་རྩ་བ་དེས་འཕགས་པ་བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་བདག་མངོན་དུ་ལུང་སྟོན་པས་ ལུང་སྟོན་ཅིང་མངོན་སུམ་དུ་ལུང་སྟོན་པ་དང་། ཡང་དག་པའི་ལུང་སྟོན་པ་དང་། ལྐོག་མ་ཡིན་པར་ལུང་སྟོན་པ་དང་། དེ་བཞིན་ཉིད་དུ་ལུང་སྟོན་པ་དང་། ཡང་དག་པའི་མཐར་ལུང་སྟོན་པ་དང་། ཆོས་ཀྱི་དབྱིངས་སུ་ལུང་སྟོན་པ་ནས་དེ་ཁོ་ན་ཉིད་མཐོང་ བའི་བར་ལུང་སྟོན་པས་ལུང་སྟོན་པར་གྱུར་ཅིག །ལུང་བསྟན་ནས་བཅོམ་ལྡན་འདས་དེ་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉེས་པར་བྱེད་པར་གྱུར་ཅིག །ན་བཟའ་དང་། ཞལ་ཟས་དང་གཟིམས་ཆ་ དང་། བསྙུང་བའི་གསོས་སྨན་གྱི་རྐྱེན་ཀྱི་ཡོ་བྱད་རྣམས་དང་། དེ་ལས་གཞན་པ་དེ་བཞིན་གཤེགས་པ་དག་གི་ཟག་པ་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་དེའི་དྲུང་དུ་བུས་པའི་རབ་ཏུ་འབྱུང་བ་འཐོབ་ཅིང་། གཞོན་ནུའི་ རབ་ཏུ་འབྱུང་བ་དང་། ལྐོག་མ་ཡིན་པར་རབ་ཏུ་འབྱུང་བ་དང་། དེ་བཞིན་ཉིད་ཏུ་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐར་རབ་ཏུ་འབྱུང་བ་ནས་དེ་ཁོ་ན་ཉིད་མཐོང་བའི་བར་དུ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག །དེ་ཡང་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་ཁྱད་པར་དུ་འཕགས་པ། སྐྱོན་མེད་པ། མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་དག་མངོན་པར་དགའ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྔགས་པ། སེམས་ཅན་ལ་སྨན་པའི་སླད་དུ་བདག་རབ་ཏུ་འབྱུང་ བར་གྱུར་ཅིག །དེ་ནས་བསྐལ་པ་བཟང་པོའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་བྱིས་པ་ནས། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། བསྙུང་བའི་ 101-1-323a གསོས་སྨན་གྱི་རྐྱེན་ཀྱི་ཡོ་བྱད་རྣམས་ཀྱིས་མཉེས་པར་བགྱིས་ནས་དེ་དག་གི་དྲུང་དུ་བུས་པའི་རབ་ཏུ་འབྱུང་བ་ཐོབ་ཅིང་། གཞོན་ནུའི་རབ་ཏུ་འབྱུང་བ་དང་། མངོན་སུམ་དུ་རབ་ཏུ་འབྱུང་བ་དང་། ལྐོག་མ་ཡིན་པར་རབ་ཏུ་འབྱུང་བ་དང་། དེ་བཞིན་ཉིད་ཏུ་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐར་རབ་ཏུ་འབྱུང་བ་ནས་དེ་བཞིན་ཉིད་མཐོང་བའི་བར་དུ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག །དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དུ་འཕགས་པ། སྐྱོན་མེད་པ། མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་དག་མངོན་བར་དགའ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྔགས་བ། སེམས་ཅན་ལ་སྨན་པའི་སླད་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ལགས་པ་དེ་དག་བདག་གིས་མཉེས་པར་བགྱིད་པར་གྱུར་ཅིག །དེ་དག་གི་དྲུང་དུ་སྐད་ཅིག་མ་གཅིག་ལ་མིང་དང་སངས་རྒྱས་ ཀྱི་ཞིང་ལུང་བསྟན་པ་ཐོབ་ཅིང་བུས་པའི་རབ་ཏུ་འབྱུང་བ་དང་། གཞོན་ནུའི་རབ་ཏུ་འབྱུང་བ་དང་། མངོན་སུམ་དུ་རབ་ཏུ་འབྱུང་བ་དང་། ལྐོག་མ་ཡིན་པར་རབ་ཏུ་འབྱུང་བ་དང་། དེ་བཞིན་ཉིད་དུ་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐར་རབ་ཏུ་འབྱུང་ བ་ནས་དེ་ཁོ་ན་ཉིད་མཐོང་བའི་བར་དུ་རབ་ཏུ་འབྱུང་བ་ཐོབ་བར་གྱུར་ཅིག །དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དུ་འཕགས་པ། སྐྱོན་མེད་པ་མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་དག་མངོན་པར་དགའ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྔགས་པ། སེམས་ཅན་ལ་སྨན་པའི་སླད་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་བ་འཕགས་པ་བྱམས་པ་ལ་ཕྱག་ འཚལ་ལོ། །ཏདྱ་ཐཱ། མཻ་ཏྲི་མཻ་ཏྲི་མཻ་ཏྲི། ས་མ་ཙིཏྟེ་སྭཱ་ཧཱ། དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་བར་བརྩོན་བར་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ 101-1-323b གནས་པ་དང་ནམ་མཁའ་མཛོད་དང་། ལག་ན་རིན་པོ་ཆེ་དང་། མངོན་བར་ཤེས་པ་ལྔ་དང་དབང་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང་། ནམས་ཀྱང་དབང་པོ་ཞན་ཅིང་དབང་པོ་དང་བྲལ་བར་མི་འགྱུར་བ་དང་། ལྟ་བ་ངན་པར་ལྟུང་བར་མི་ འགྱུར་བ་དང་། ནམས་ཀྱང་ཡུལ་འཁོར་ངན་པ་དང་། སྐྱེ་བོ་ངན་པའི་ནང་དུ་སྐྱེ་བར་མ་གྱུར་ཅིག །ནམས་ཀྱང་མི་ཁོམ་པར་སྐྱེ་པར་མ་གྱུར་ཅིག །ནམས་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་མཐོང་བ་དང་ཐོས་པ་དང་། མཆོད་པ་དང་རིམ་གྲོ་ བགྱིད་བ་དང་བྲལ་བར་མ་གྱུར་ཅིག །ནམས་ཀྱང་ཚུལ་ཁྲིམས་འཆལ་པར་མི་འགྱུར་བ་ནས་རྨི་ལམ་དུ་ཡང་ཉན་ཐོས་དང་། རང་བྱང་ཆུབ་འདོད་པའི་ཕྱིར་ནམས་ཀྱང་བྱང་ཆུབ་ཀྱི་སེམས་དང་བྲལ་བར་མ་གྱུར་ཅིག །ནམས་ཀྱང་སེམས་ཅན་ ཡོངས་སུ་སྨིན་བར་བགྱིད་པ་དང་བྲལ་བར་མ་གྱུར་ཅིག །ནམས་ཀྱང་དགེ་བའི་བཤེས་གཉེན་དང་བྲལ་བར་མ་གྱུར་ཅིག །ནམས་ཀྱང་སྐད་ཅིག་ཏུ་ཡང་ཐབས་དང་ཤེས་རབ་དང་བྲལ་བར་མ་གྱུར་ཅིག །ནམས་ཀྱང་རིགས་དམན་པ་དང་ བརྩོན་འགྲུས་ཞེན་པ་དང་། ལེ་ལོ་ཅན་དུ་མ་གྱུར་ཅིག །བདག་ཚེ་རབས་ཚེ་རབས་སུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་སྦྱངས་པ་སྐྱེ་བར་གྱུར་ཅིག །སེམས་ཅན་ལ་སྨན་པའི་སླད་དུ་བདག་བརྫུས་ཏེ་སྐྱེ་བར་གྱུར་ཅིག ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་འཁྲུངས་པ་དེ་ལྟར་བདག་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་གྱུར་ཅིག །དེ་ནས་བསྟན་བཅོས་ཐམས་ཅད་དང་། བཟོ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀཱིརྟི་ཏ་སརྦ་ ཛི་ནོ་བྷི། ཨ་ཧེ་ཀཱིརྟི་ཏ། སརྦ་ཛི་ན་བི། བཛྲ་ཨ་ཀ་རི་བཛྲ་སྃ་བྷཱ་བ་པི། བཛྲ་བ་ད་ཀ་རེ་སྭཱ་ཧཱ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁས་ཉེ་བར་འཚོ་བ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་གིས་ཡང་དག་པར་བསྒྲུབས་ 101-1-324a པའི་ཕུང་པོ་ལྔ་པོ་གང་ལགས་པ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ནས། སངས་རྒྱས་དང་ཆོས་དང་། དགེ་འདུན་ཡོངས་སུ་སྤྱོད་པ་དག་ལ་དབུལ་བར་བགྱིའོ། །ནམ་གུམ་ནས་ཀྱང་བྱ་རྒོད་དང་། སྤྱང་ཀི་དང་། ཁྱི་དང་། ཝ་དང་གཅན་ཟན་དང་། བྱ་རྣམས་ཀྱིས་ལྤགས་པ་དང་། ཤ་དང་། རྒྱུས་པ་དང་། རུས་པ་དང་རྐང་དང་། ཁྲག་རྣམས་ཡོངས་སུ་ཟ་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ པར་གྱུར་ཅིག །དེ་ནས་ཁམས་གསུམ་ན་རྡུལ་ཕྲ་མོ་ཇི་སྙེད་པའི་སེམས་ཅན་དེ་སྙེད་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་རྣམ་པར་ཐར་པར་བགྱིད་པར་གྱུར་ཅིག །རྣམ་པར་ཐར་བར་བགྱིས་ནས་ཕྱིར་མི་ལྡོག་པའི་ས་དག་ལ་རབ་ཏུ་ འགོད་པར་གྱུར་ཅིག །དེ་ནས་མཐོང་བས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །ཐོས་པ་དང་། དྲན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། གརྦྷེ་གརྦྷེ། གརྦྷ་བི་ཤོ་དྷ་ནི་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ གང་ལགས་པ་དེ་དག་ལ་བདག་གི་བསམ་བ་དང་། ལྷག་པའི་བསམ་པས་རུས་པའི་ཁོང་ནས་དགའ་བ་དང་། རྐང་གི་ཁོང་ནས་དགའ་བས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་སེམས་ཅན་ལ་སྨན་པའི་ སླད་དུ་སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་མྱ་ངན་ལས་མི་འདའ་ཞིང་བཞུགས་པར་གསོལ་བར་འཚལ་ལོ། །དེ་བཞིན་གཤེགས་པ་ ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ག་ན་ཨ་ཀ་རེ། ག་ག་ན་སྃ་བྷ་བེ། ག་ག་ན་ཀཱིརྟི་ཀ་རེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཚོགས་ཤིན་ཏུ་བསགས་པ་ 101-1-324b པ་གང་ལགས་པ་རྣམས་དང་། ཚོགས་ཆུང་ངུ་གང་ལགས་པ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་རྣམས་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་གང་ལགས་པ་དེ་རྣམས་ལ་བདག་སྐུལ་མ་འདེབས་ཏེ། དེ་རྣམས་ལ་བདག་གི་ལུས་དང་ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་དེ་དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་ཚོགས་རྣམས་ཤིན་དུ་བསགས་ཤིང་དགེ་བའི་རྩ་བ་རྣམས་ལེགས་པར་བསགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་གྱུར་ཅིག །བདུད་བཞི་ཚར་གཅོད་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །སེམས་ཅན་ལ་སྨན་པའི་སླད་དུ་སེམས་ ཅན་གྱི་ཁམས་དང་ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་བཞུགས་པར་གསོལ་བར་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བློ་གྲོས་མི་ཟད་པ་ལ་ཕྱག་ འཚལ་ལོ། །ཏདྱ་ཐཱ། ཨ་ཀྵ་ཡེ་ཨ་ཀྵ་ཡེ། ཨ་ཀྵ་བི་ཤོ་དྷ་ནི་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྡུལ་ཕྲ་མོ་སྙེད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དེ་རྣམས་ཀྱི་སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་གང་ལགས་པ་དེ་དག་མཛད་པ་རྣམས་ལ་ལྷུན་གྱི་གྲུབ་པར་འཇུག་པ་དེ་བཞིན་དུ་བདག་ཚེ་རབས་ཚེ་རབས་སུ་འཇུག་པར་གྱུར་ཅིག །དེ་ནས་སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་འགྱུར་བ་ནི་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་འཇིག་རྟེན་ གྱི་ཁམས་མངོན་བར་དགའ་བ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་སྤྱན་དེའི་འཇིག་རྟེན་གྱི་ཁམས་པད་མ་ཅན་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་དེའི་འཇིག་རྟེན་གྱི་ 101-1-325a ཁམས་མིག་མི་འཛུམས་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དེའི་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་བ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་བརྩེགས་དེའི་འཇིག་རྟེན་གྱི་ ཁམས་དྲི་བསུང་ཞིམ་པ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་དེའི་འཇིག་རྟེན་གྱི་ཁམས་རིན་ཆེན་བཀོད་པ་དང་། ཇི་ལྟར་མ་འོངས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཏོག་གི་རྒྱལ་ པོ་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་སྦྱིན་པ་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་ འདས་དེ་བཞིན་གཤེགས་བ་དྲ་བ་ཅན་གྱི་འོད་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ལེགས་པར་བསྟན་པ་དང་། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་གླེང་གཞིར་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་ཆེན་པོའི་ པད་མའི་སྙིང་པོ་བྱུང་བ་མངོན་པར་བསྒྲུབས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མཐུ་རབ་ཏུ་འབྱུང་ཞིང་། དེར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་པར་གྱུར་ཅིག །ཇི་ལྟར་འདས་པ་དང་། མ་འོངས་བ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སྨོན་ལམ་ཆེན་པོ་ཤིན་དུ་ཡོངས་སུ་དག་པས་བསྒྲུབས་པ་ན། རང་གི་ བསོད་ནམས་ལས་ངེས་པར་སྐྱེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་ཀྱི་ཞིང་བསྟན་པ་དེ་དག་ཡོངས་སུ་གཟུང་བ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟ་བུ་བདག་གི་སངས་རྒྱས་ཀྱི་ 101-1-325b ཞིང་གཅིག་ཏུ་འགྱུར་ཞིང་ཆུ་ཞེང་དཔག་ཏུ་མེད་པ་དང་། ཡོན་ཏན་གྱི་རྒྱན་དཔག་ཏུ་མེད་པའི་མིང་དང་། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁྱད་པར་དུ་འཕགས་པ་མངོན་པར་མཐོ་བའི་རྒྱན་བཀོད་པར་མཐོང་བ་དང་། རེག་པ་དང་ཐོས་པ་དང་། དྲན་པས་ལྷན་ཅིག་མངོན་བར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཏང་བ། མར་མི་འཛིན་པ། ཕར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ཀྱི་རྗེས་མི་སྙགས་པ། ངང་ཚུལ་ངན་པ། སྡིག་པའི་ཆོས་ཡང་དག་པར་སྤྱོད་པ། རྒྱུད་བསྲེགས་པ་བསམ་པ་བསྲེགས་པ། ས་བོན་བསྲེགས་པ། དགེ་བའི་རྩ་བ་ཆད་པ། ངན་སོང་ལ་མངོན་བར་ཕྱོགས་པ། མཚམས་མེད་པ་ལྔ་དང་ལྡན་བ། བྱང་ཆུབ་སེམས་དཔའ་གཏུམ་པོ་དམ་པའི་ཆོས་སྤོང་བ་དེ་རྣམས་སངས་རྒྱས་ཀྱི་ཞིང་དེར་འདས་པ་དང་པོར་འབྱུང་བར་འགྱུར་ཞིང་། བདག་གིས་དེ་དག་ཐམས་ ཅད་ཞི་བའི་ལམ་བླ་ན་མེད་པའི་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག །དེ་ནས་ཇི་ཙམ་དུ་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་དེ་རྣམས་ཞིང་དེར་འདུས་པ་གཉིས་པ་ལས་འབྱུང་བར་འགྱུར་ཞིང་བདག་གིས་དེ་དག་ཐམས་ ཅད་བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག །དེ་བཞིན་གཤེགས་པ་དུང་གི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤྃ་ཁེ་ཤྃ་ཁེ། ཤང་ ཁ་པཎྜ་རེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་དང་། བྱང་ཆུབ་སེམས་དཔའི་མཛད་པ་གང་ལགས་པ་ དེ་དག་ཐམས་ཅད་བདག་གཅིག་པུ་གཉིས་སུ་མ་མཆིས་པས་རིམ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ལ་འཕེལ་བར་བགྱི་བར་སྤྲོས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་ 101-1-326a དང་སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་ཉིད་མངོན་དུ་མཛད་ཅིང་། དེ་ལས་གཞན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མཛད་ནས་བདེ་བར་བཞུགས་པ་ཚེགས་ཆུང་ངུས་བཞུགས་སུ་ གསོལ། དེ་བཞིན་གཤེགས་པ་ལྷུན་པོའི་རྩེ་མོའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤི་ཁེ། ཤི་ཁ་བནྡྷེ་སྭཱ་ཧཱ། དེའི་འོག་ཏུ་བདག་ཚོགས་ཤིན་དུ་བསགས། གནག་པ་ཡོངས་སུ་རྫོགས། བསམ་བ་ཡོངས་སུ་རྫོགས། སངས་རྒྱས་ཀྱི་ བྱ་བ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱི་བ་དེ་བཞིན་ཉིད་ཀྱི་འཁོར་ལོ་དང་། ཡང་དག་པའི་མཐའི་འཁོར་ལོ་དང་། ཇི་ལྟ་བ་བཞིན་གྱི་འཁོར་ལོ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཁོར་ལོ་དང་། ངེས་པར་འབྱུང་བའི་འཁོར་ལོ་དང་། ངེས་པར་འབྱེད་ པའི་འཁོར་ལོ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་མི་དམིགས་པའི་འཁོར་ལོ་དང་། ནམ་མཁའ་ལྟ་བུའི་འཁོར་ལོ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་འཁོར་ལོ་དང་། བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བའི་ འཁོར་ལོ་དང་། ང་དང་། བདག་དང་། རྟག་པ་དང་། ཆད་པ་དང་། བདག་དང་བདག་གིར་འཛིན་པ་ནས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་བར་ཞེན་པའི་བར་མི་དམིགས་པའི་ འཁོར་ལོ་དང་། མདོར་ན་གང་ན་འཁོར་ལོ་མེད་པ། བསྐོར་བ་མེད་པ་དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་གྱུར་ཅིག །རབ་ཏུ་བསྐོར་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །ཡོངས་སུ་སྨིན་བར་བགྱིས་ནས་སེམས་ ཅན་ལ་སྨན་པའི་སླད་དུ་སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཅི་ཙམ་པ་དེ་ཙམ་དུ་གནས་པར་གྱུར་ཅིག །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། 101-1-326b ཏདྱ་ཐཱ། སརྦྦ་མ་ནྱ་པྲ་ཧ་སྭཱ་ཧཱ། །དགེ་བའི་རྩ་བ་དེ་དག་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་སྦྱོང་བ་དང་། དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང་། རབ་ཏུ་འབྱུང་བའི་དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་དང་། བསྙེན་བཀུར་བགྱིས་པའི་དགེ་བའི་རྩ་བ་དང་། ཕ་མ་དང་བླ་མ་དང་། ཡོན་གནས་དང་། མཁན་པོ་དང་། སློབ་དཔོན་དང་། དམན་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་ལས་བསྒྲུབས་པའི་དགེ་བའི་ རྩ་བ་དང་། དམ་པའི་ཆོས་རྣམ་པར་འབྱེད་པའི་དགེ་བའི་རྩ་བ་དང་རྗེས་སུ་ཡི་རང་བ་དང་། མཐོལ་བ་དང་། བཤགས་པ་དང་ལྡན་པ་དང་། ཕྱག་འཚལ་བ་དང་མཆོད་པ་དང་ལྡན་པ་དང་། བྱིས་པ་ནས་བཟུང་ནས་ད་ལྟར་རམ། སྐྱེ་བ་ཐོག་མ་དང་ཐ་ མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་བསགས་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མཐའི་བར་གང་ལགས་པ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ནས་མཆོག་དང་། གཙོ་བོ་དང་། གྱ་ནོམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་བ་མ་མཆིས་པ་དང་། མི་མཉམ་བ་དང་མཉམ་བ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་ རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་བ་དང་། ལུས་དང་སེམས་ གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཆོས་ཉིད་མངོན་དུ་མཛད་ནས་ཡོངས་སུ་བསྔོས་པ་དང་། ཡོངས་སུ་བསྔོ་བ་དང་། ཡོངས་སུ་བསྔོ་བར་འགྱུར་བ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། ། 101-1-327a ཇི་ལྟར་ཆོས་ཉིད་དེ་དང་། ཇི་ལྟར་དེ་བཞིན་ཉིད་དེ་དང་། ཇི་ལྟར་ཡང་དག་པའི་མཐའ་དེ་དང་། ཇི་ལྟར་ཆོས་ཀྱི་དབྱིངས་དེ་དང་། ཇི་ལྟར་སྟོང་པ་ཉིད་དེ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནས་ཇི་ལྟར་དེ་ཁོ་ན་ཉིད་མཐོང་ བའི་བར་གང་ལ་གཉིས་མེད་ཅིང་གཉིས་མ་ཡིན་པ་མེད་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། སརྦ་བུདྡྷ་བི་ཤ་ཡ་བི་ཤོ་དྷ་ནི་ སྭཱ་ཧཱ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་ཇི་སྙེད་པ་རྫོགས་སྷོ།། །།པཎ་ཌི་ཏ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་ཡེ་ཤེས་སྙིང་པོ་དང་། དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ ལ་ཕབ་པ། གཉིས་ཞུསོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་ བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་ པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །སྡུག་བསྔལ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཤེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་ དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ 101-1-327b ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་དུ་བསྐྱེད། །སེམས་ཅན་ཀུན་དང་སྙིང་རྗེ་དང་། །བྱམས་པ་ཉེ་ བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡིས། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། ། བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ ལས་བྱུང་བའི་སྨོན་ལམ་རྫོགས་སྷོ།། །།ཡང་ཞུས་སོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས།། །། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུའི་རྟོག་པ་ལས་སྨོན་ལམ་འབྱུང་བ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་བ་དགོངས་སུ་གསོལ། འཕགས་པ་ཐུགས་རྗེའི་དབང་ཕྱུག་ བདག་གིས་རྗེས་སུ་དྲན་པ་དང་། མཚན་ནས་བརྗོད་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་བཟད་པ་ཐམས་ཅད་ཞི་ཞིང་རྒྱུན་ཆད་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ 101-1-328a ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་དང་གནོད་པ་དང་། ཕྱིར་རྒོལ་བ་ཐམས་ ཅད་རྒྱུན་ཆད་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དང་། མི་དགེ་བའི་ཆོས་དང་། བདུད་ཀྱི་ལས་སྐྱེས་པ་ཐམས་ཅད་བྱང་ཞིང་གྲོལ་བར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་ འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་རྟག་ཏུ་མཐོང་ཞིང་སྨོན་ལམ་ ཇི་སྐད་བསྟན་པ་ཐམས་ཅད་ཀྱང་མྱུར་དུ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཐུགས་རྗེའི་དབང་ཕྱུག་བདག་གིས་ རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་འཕགས་པ་གང་དག་ཞལ་མངོན་སུམ་དུ་ལྟ་ཞིང་དམ་པ་མཆོག་གསོལ་བ་ཐམས་ཅད་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག །བཙུན་པ་སྤྱན་རས་ གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་གྱི་འཇིག་རྟེན་དག་ན་ཕོངས་ཤིང་ ཉམས་ཐག་བ་ཐམས་ཅད་ལ་ཕན་པ་དང་། བདེ་བར་བགྱིད་པ་ལ་མཐུ་ཆེན་པོ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་ 101-1-328b དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། འཇིག་རྟེན་དག་ན་མུ་གེའི་དགོན་པ་ཆེན་པོ་དང་། མེ་དང་། ཆུ་དང་། རླུང་ལ་སོགས་པའི་གནོད་པ་གང་བྱུང་བས་སྐྱེ་བོ་མང་པོ་ཉམས་ཐག་པ་དེ་དག་ཞི་བ་དང་ མ་མཆིས་པར་བགྱིད་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་གང་དག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཆི་འཕོ་བའི་འཇིག་རྟེན་ཆེན་པོ་ཉེ་བར་གནས་པ་ན་ཡང་། འཕགས་པ་ཐུགས་རྗེའི་དབང་ཕྱུག་ཁྱོད་ཞལ་མངོན་སུམ་དུ་མཐོང་ཞིང་དབུགས་འབྱིན་པ་ཆེན་པོ་ མཛད་པར་གྱུར་ཅིག །བདག་དང་སེམས་ཅན་གཞན་འཆི་འཕོ་བ་དག་གིས་ཀྱང་ཉོན་མོངས་པའ་དག་གིས་མ་སྤྲོས་པ་ཆོས་བདག་མེད་པ་དྲན་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ཚད་མེད་པར་བརྟན་པ། སེམས་མ་ཞུམ་པ། སྤོབས་པ་ཐོགས་པ་མེད་པ་དང་ལྡན་ཞིང་། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཉེ་བར་ཞི་ཞིང་། དྲན་པ་ཉེ་བར་གཞག་བཞིན་དུ་འཆི་འཕོ་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་ཞབས་དྲུང་དུ་སྐྱེ་ཞིང་ཚེ་རབས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པ་དང་ལྡན་པས། འཕགས་པ་ཐུགས་རྗེའི་དབང་ཕྱུག་ལ་སོགས་པ་མཉེས་པར་བགྱིད་ཅིང་། ཇི་སྐད་བསྟན་པ་བཞིན་དུ་གྲུབ་ པའི་མཐུ་དང་ལྡན་པར་གྱུར་ཅིག །ཇི་ལྟར་ཐུགས་རྗེའི་དབང་ཕྱུག་དེས་ཐུགས་རྗེ་ཆེན་པོའི་རྣམ་པར་ཐར་པའི་སྒོ་ལྷུན་གྱིས་གྲུབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་རོ་གཅིག་པར་གྱུར་ཅིག །ཇི་ལྟར་ ཐུགས་རྗེའི་དབང་ཕྱུག་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་དུ་བདག་དང་ 101-1-329a སེམས་ཅན་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་གི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ བགྱིད་པར་གྱུར་ཅིག །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། དུས་གསུམ་ གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་བསྙེན་བཀུར་བགྱིས་པར་གྱུར་ཅིག །ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཐུགས་རྗེའི་རང་བཞིན་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་དེ་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་ཅིང་མཆོད་པ་བགྱིས་པས། ཐུགས་རྗེ་ཆེན་པོའི་ཡུལ་དུ་གྱུར་པ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེན་པོའི་ཐབས་ཀྱི་སྦྱོར་བ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག ། ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྙེད་བདག་ནི་ལུས་སྐྱེས་པར། །དེ་སྲིད་མགོན་པོ་མཆོད་བགྱིད་ཅིང་། །དེ་སྙེད་ལུས་སྦྱོར་ཚོགས་བགྱིད་ཤོག །ཇི་སྲིད་བདག་ནི་འཁོར་བའི་ཚེ། །ཇི་སྐད་བདག་གིས་ངག་སྐྱེས་པར། །དེ་སྲིད་མགོན་ པོ་མཚན་བརྗོད་ཅིང་། །ངག་གི་སྦྱོར་བ་ཚོགས་བགྱིད་ཤོག །ཇི་སྲིད་བདག་ནི་འཁོར་བ་ན། །དེ་སྙེད་བདག་གི་ཡིད་འབྱུང་བ། །དེ་སྙེད་མགོན་པོ་རྗེས་དྲན་ཞིང་། །ཡིད་སྦྱོར་ཚོགས་པར་བགྱིད་གྱུར་ཅིག །དེ་ལྟར་ལུས་དང་ངག་ཡིད་ ཀྱིས། །ཐུགས་རྗེའི་དབང་ཕྱུག་རྟེན་བགྱིས་པས། །ལུས་དང་ངག་ཡིད་སྐྱོན་བྲལ་ཞིང་། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །དེ་ལྟར་ལུས་ངག་ཡིད་ཀྱིས་སུ། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་སྦྱོར་བར་ བགྱིས་པས་ན། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །དེ་འདྲར་བདག་ཀྱང་གྲུབ་གྱུར་ཏེ། །སྲིད་གསུམ་རེ་རྫོགས་བགྱིད་གྱུར་ཅིག །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་པ་ལོ་ 101-1-329b ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཙཀྲ་བ་ཏི། ཙིནྟ་མ་ཎི་མ་ཧཱ་པ་དུ་མེ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀར་ཥ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་རྫོགས་སྷོ།། །།ཨོཾ་པ་དུ་མེ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ། སྙིང་པོའོ། ། ཨོཾ་བ་རྀ་ད་པ་དུ་མེ་ཧཱུྃ། ཉེ་བའི་སྙིང་པོའོ། །ཨོཾ་མ་ཎི་བཛྲེ་ཎི་ཧཱུྃ། གསང་བའི་སྙིང་པོའོ། །སྔགས་སྙིང་བཞིན་དུ་འབྱུང་། སྨོན་ལམ་དང་ཚིགས་སུ་བཅད་པ་དང་སྔགས་སུ་བཅས་པ་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་ཡང་དག་འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། ། དེ་བས་འདི་ན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་ གང་ཡང་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལ་མཐོང་བ། ། ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་ གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་ དེ་ཡིས་འདིར་ནི་དགེ་བར་ཤོག །གང་དག་བརྟེན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་ 101-1-330a རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཙོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་ འཕགས་པའི་བདེན་མཐོང་བ། །དེས་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །གློ་བུར་བྱས་ ནའང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཅི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཤེས་རབ་ཟབ་ མོས་ཤིན་དུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ ཡིས་འདིར་ནི་དགེ་བར་ཤོག །ཅི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་དུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་ འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་དགེ་བར་ཤོག ། 101-1-330b སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་དགེ་བར་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། ། ས་འམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་དུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་ དེ་ཡིས་འདིར་ནི་དགེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་དག་གི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། ། ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀཽ་དི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་ པ་དང་། །བརྒྱ་བྱིན་གྱིས་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས་སྷོ།། །། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པད་མ་དཀར་པོའི་དྲུང་། །ཐམས་ཅད་སྐྱོབ་པ་ས་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤིར་ཤའི་ དྲུང་། །སངས་རྒྱས་གསེར་ཐུབ་ཨུ་དུམ་བ་རའི་དྲུང་། །འོད་སྲུང་ནྱ་གྲོ་དྷའི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། ། 101-1-331a མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུར་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་བྱོས། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་རྣམས་བདེ་ ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། ། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། ། བདེན་པའི་ཚིག་གིས་ཀུན་དུ་བདེ་ལེགས་ཤོག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས། ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟས་སྐོམ་བཟང་པོ་རོ་ཞིམ་ཞིང་མདོག་སྡུག་ལ་དྲི་བསུང་དང་ལྡན་ཞིང་ངད་ལྡང་བ། ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ། དཔག་བསམ་གྱི་ཤིང་ལྗོན་པའི་ནགས་ ཚལ་དཀོན་ཞིང་དྲི་མ་མེད་ལ་རྒྱན་གྱིས་ཀླུབས་པ། ཡལ་གའི་ཐོར་ཏོའི་ལྗིད་ཀྱིས་གཡུར་ཟ་ལ་མགོ་ལྕོགས་མེ་ཏོག་ཁ་ཕྱེ་ཞིང་འདབ་མས་ལེགས་པར་བརྒྱན་ཏེ། བུང་བ་ལང་ལོང་ཁྱུས་ལྡིང་ཞིང་འཕུངས་པ་ རྣམས་ཀྱིས་བཞིབ་ཅིང་ནོན་པའི་ཤུགས་ཀྱིས་བག་ཙམ་འདར་ལྡེམ་ལྡེམ་ལ། རིན་ཆེན་ཡལ་ག་དང་མ་རྒད་ལྕུག་ཕྲན་གྱི་བླ་རེ་འཇོལ་བ་དག་མངོན་པར་སྒྲུབ་པར་བྱེད་པ། འགྲོ་བ་དག་ཏུ་མ་ཚོར་བར་འགྲོ་བའི་ གཡང་ས་ཆེན་པོ་ཡ་ང་བ་དག་ཏུ་མར་མེ་སྣང་གསལ་དག་ཅིང་དྲི་མ་མེད་པ་ལྟ་བུ་བྱིན་པ་གང་ལས་བསོད་ནམས་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་དང་། དགེ་བ་དང་། དགེ་བའི་རྒྱུ་དང་འཐུན་པ་བདེ་དགུའི་ 101-1-331b གཞིར་གྱུར་པ་དེས་ན་སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་ཆེ་གེ་མོ་ཞིག་གི་ལུས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྒྲུབས་པ་ལ་ཚེ་དང་། ཁ་དོག་དང་། སྟོབས་དང་། གཟི་བྱིན་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། ཤེས་རབ་དང་། སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །སྦྱིན་བདག་གི་བསོད་ནམས་མ་སྐྱེས་པ་རྣམས་ནི་སྐྱེ་བར་གྱུར་ཅིག །སྦྱིན་བདག་གི་ལོངས་སྤྱོད་སྐྱེས་ཟིན་པ་རྣམས་ནི་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་བཞིན་དུ་ སྦྱིན་བདག་གི་ཕ་མ་མཆོག་ཏུ་དཀའ་བ་བྱེད་བྱེད་པ། གསོ་གསོ། གནམ་གནམ། བསྐྱེད་བསྐྱེད། བསྲིང་བསྲིང་ལ་འཛམ་བུའི་གླིང་བཀྲ་ཡེར་ཡེར་མིག་གིས་མཐོང་བར་བྱེད་པས་ཀྱང་བསོད་ནམས་ཀྱི་ཕུད་ཀྱི་སྐལ་ཤས་ཐོབ་ པར་གྱུར་ཅིག །དེ་བཞིན་དུ་སྦྱིན་བདག་གི་ཆུང་མ་རྣམས་དང་། བུ་རྣམས་དང་། བུ་མོ་རྣམས་དང་། སྦྱིན་བདག་གི་གཉེན་མདབ་མཛའ་བཤེས་རྒྱས་པའི་ཚན་རིས་གང་དག་འཁོད་ཅིང་འཚོ་ལ་གནས་པ་དེ་དག་ཀྱང་ཚེ་རིང་ཞིང་། ལོངས་སྤྱོད་ཆེ་ལ་གཡོག་འཁོར་མང་བར་གྱུར་ཅིག །གང་དག་འདས་ཤིང་ཚེ་འཕོས་པ་དེ་དག་ཀྱང་འགྲོ་བ་དང་། སྐྱེ་བའི་གནས་དང་གནས་ཐ་དད་པའི་ཁྱད་པར་ཐོབ་པར་གྱུར་ཏེ། ལྷའི་གནས་སུ་སྐྱེས་པར་གྱུར་ནས། འཕགས་པ་བྱམས་པའི་ཞལ་སྔ་ནས་མཉེས་པར་བྱེད་པར་གྱུར་ཅིག །དེ་བཞིན་དུ་རྒྱལ་པོའི་མཆོག་རྒྱལ་པོ་ཆེན་པོ་མངའ་བདག་དམ་པ་དཔལ་ལྷ་བཙན་པོས་མ་ཕེབས་པ་རྣམས་ནི་ཕེབས་པར་གྱུར་ཅིག །ཕེབས་ཟིན་པ་རྣམས་ ནི་ཆམ་དུ་ཕེབས་པར་གྱུར་ཅིག །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བརྙེས་པར་གྱུར་ཅིག །དེ་བཞིན་དུ་ཉེ་འཁོར་གྱི་གྲོང་ན་གནས་པའི་རིགས་བཞི་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལ་སོགས་པ་ཡུལ་གྱི་མི་རྣམས་ལ་ནད་མེད་ཅིང་གནོད་པ་མེད་པར་གྱུར་ཅིག །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། 101-1-332a གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་དང་། གནོད་སྦྱིན་གྱི་སྡེ་དཔོན་བདེ་བའི་རི་བོ་དང་། གངས་ཅན་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ་དང་། ནོར་བུ་བཟང་དང་། རྫོགས་བཟང་གཉིས་དང་། འཕྲོག་མ་བུ་ལྔ་བརྒྱ་འི་འཁོར་དང་བཅས་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་དང་ཀླུ་དང་། གནོད་སྦྱིན་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྦྱིན་བདག་གི་ཁྱིམ་འདི་ན་གནས་པའི་ལྷ་རྣམས་དང་། སྦྱིན་བདག་གིས་བསྟེན་པའི་ལྷའི་ཁྱད་པར་གྱིས་དེ་དག་གཟི་བྱིན་དང་། སྟོབས་དང་གཞལ་ མེད་ཁང་རྣམས་རྒྱས་པར་གྱུར་ཅིག །དེ་དག་གཟི་བྱིན་དང་ལྡན་པར་གྱུར། སྟོབས་དང་ལྡན་པར་གྱུར། གཞན་གྱིས་མི་ཚུགས་པར་གྱུར། ཆེ་བར་གྲགས་པར་གྱུར་ནས། སྦྱིན་བདག་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་མཛོད་དང་། བང་བ་དང་། བ་ལང་གི་ཁྱུ་དང་། ཕྱུགས་གདགས་སྣ་ཚོགས་ཀྱི་ཁྱུ་དང་། ཞིང་གི་རྨོ་བརྐོ་དང་། ལས་ཀྱི་སྒོ་རྣམས་དང་། བླ་འོག་གི་བྱ་བ་ཐམས་ཅད་ལ་ཆོས་བཞིན་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱེད་པར་གྱུར་ ཅིག །གནོད་པ་རྣམས་ནི་ཟློག་པར་གྱུར་ཅིག །དོན་དུ་བསྒྲུབས་པ་རྣམས་ནི་སྣང་བར་གྱུར་ཅིག །དེ་བཞིན་དུ་སྦྱིན་བདག་གི་དད་པ་དང་སྦྱར་ཏེ། དམྱལ་བར་སྐྱེས་པ་རྣམས་ཀྱི་གནོད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་ གྱུར་ཅིག །དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་རྣམས་ཟློག་པར་གྱུར་ཅིག །ཡི་དགས་ཀྱི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །མི་རྣམས་ཚོལ་ཁྲོས་གཡེན་སྤྱོ་བའི་སྡུག་བསྔལ་ ཐམས་ཅད་ཞི་བར་གྱུར་ཅིག །ལྷ་རྣམས་ཀྱི་འཆི་འཕོ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །མདོར་ན་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ 101-1-332b ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པ་མ་སྐྱེས་མ་བྱུང་བ། མ་བྱས་མ་བཅོས་པ། འཆི་འཕོ་མེད་པ། མི་གནས་པ། དམིགས་སུ་མེད་པ། བདེ་བ། ཞི་བ། གྱ་ནོམ་པ། བདེ་ལེགས་ཅན། གནས་དང་གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། མི་གཡོ་བ་གང་ཡིན་པའི་མྱ་ངན་ལས་འདས་པའི་ཆོས་ཀྱི་མཆོག་དེ་རེག་ཅིང་ཐོབ་པར་གྱུར་ཅིག །གནོད་སྦྱིན་གང་དག་བཞོན་པ་མི་ཟད་དཔུང་ཅན་ལྷ་རྫས་ གོས་གྱོན་ཕྲེང་བ་ཐོགས། །གང་དག་འཇིག་རྟེན་གསུམ་མཆོད་མཁས་པ་རྣམས་ཀྱིས་བརྗོད་པའི་སངས་རྒྱས་སྐྱབས་སོང་བ། །ལྔས་རྩེན་ལག་ན་རྡོ་རྗེ་ནོར་སྦྱིན་དཔལ་ཅན་ནོར་བུ་བཟང་སྲས་ལ་སོགས་པ། །དེ་དག་ཐམས་ ཅད་ལྷན་ཅིག་རྟག་ཏུ་ཁྱོད་ཀྱི་ཁྱིམ་དུ་ཆོས་བཞིན་སྲུང་བར་ཤོག །ལྔས་རྩེན་དང་ནི་འཕྲོག་མ་བུ་སྡུག་འཁོར་བཅས་ནོར་བུ་བཟང་སྲས་དཔུང་དང་བཅས་རྣམས་དང་། །གནོད་སྦྱིན་དབང་པོ་ལག་ན་རྡོ་རྗེ་རང་གི་སྡེ་ཚན་བཅས་ དང་རང་གི་སྡེར་བཅས་དང་། །གཞན་ཡང་གནོད་སྦྱིན་དབང་པོ་གང་དག་སྡེ་ཆེན་གྲགས་ལྡན་བསྟན་པ་དག་ལ་དགའ་བ་རྣམས། །ཐམས་ཅད་འཐུན་པར་ཁྱོད་ཀྱི་ཕ་ཚན་དང་ནི་གཉེན་སྡུག་བཅས་ལ་རྟག་ཏུ་སྐྱོང་གྱུར་ཅིག ། མཚན་མོ་དང་ནི་ཉི་མ་འཆར་ཁ་ཉི་མའི་གུང་རྣམས་དང་། །ཉི་མ་ནུབ་ཀར་རྟག་ཏུ་ཁྱོད་ལ་བཀྲ་ཤིས་ལྡན་པར་ཤོག །དཔལ་ཆེན་ལག་ན་རྡོ་རྗེ་ནོར་བུ་བཟང་དང་འཕགས་སྐྱེས་སོགས། །ཁྱོད་དང་གཉེན་འདུན་རྣམས་དང་ བཅས་ལ་ཡོངས་སུ་སྐྱོང་གྱུར་ཅིག །གཏོང་ལ་དཔའ་བ་རྣམས་ཀྱང་ཁྱིམ་འཁོར་སྟོབས་དང་འབྱོར་པ་གྲུབ་ཅིང་མི་ནད་མེད་པར་ཤོག །ཡོན་གནས་རྣམས་ཀྱང་ཡོན་ཏན་ཚོགས་པས་འཕེལ་བར་འགྱུར་ཞིང་ འབྲུ་རྣམས་རབ་ཏུ་རྒྱས་པར་ཤོག །མཆོད་རྟེན་རྣམས་ཀྱང་མཆོད་པར་འགྱུར་ཞིང་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་འབར་བར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པས་སྐྱོང་གྱུར་སེམས་ཅན་མཐའ་དག་རབ་ཞི་ 101-1-333a བདེ་བ་མྱོང་གྱུར་ཅིག །སྦྱིན་པའི་རབས་ལས་འབྱུང་བའི་སྨོན་ལམ་རྫོགས་སྷོ།། །།ཡང་ཞུས། སྟག་ལུང་རྒྱུད་འབུམ་ལ་གཏུགས། ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལ་སེར་སྣ་རྣམས་ ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་ བྱམས་པ་ཡི། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་ གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་ མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། ། 101-1-333b ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་བཅས་ལྷ་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག ། རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་ལྡོག་དག་ཀྱང་བདེ་གྱུར་ཅིག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་ བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱི། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། ། སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། ། ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ལས་འབྱུང་བའི་བདེ་ལེགས་ཀྱི་ ཚིགས་སུ་བཅད་པ་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས། ཡང་ཞུས་སྷོ། །༄༅། །རྒྱ་གར་སྐད་དུ། སྭསྟི་གཱ་ཐཱ། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ 101-1-334a ཕྱག་འཚལ་ལོ། །ལྷ་ཅིག་ཉེ་བར་སོང་ནས་སུ། །ལྷས་མཆོད་པ་ལ་ཞུས་བྱས་ཏེ། །སངས་རྒྱས་ཆེན་པོ་ཐུབ་པ་ཆེ། །ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར། །དེས་ནི་ཚིག་རྣམས་གསན་གྱུར་ནས། །འཇིག་རྟེན་རྩ་ ལགས་བཀའ་སྩལ་པ། །གང་ཞིག་རྟག་ཏུ་བརྗོད་བྱེད་པ། །ང་ཡི་བདེ་ལེགས་འགྱུར་ཏེ་ཉོན། །འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན། །རིན་ཆེན་རྒྱ་ཆེན་མཆོག་ནི་གང་ཡོད་པ། །དེས་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། ། ཅིས་ཀྱང་གྲངས་དང་བགྲང་དང་ཆར་མི་ཕོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ ཤོག །ཞི་འགོག་བདུད་རྩི་ཤིན་དུ་གྱ་ནོམ་གང་། །ཤཱཀྱ་ཐུབ་པས་མཉམ་བཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་སྔོན་བྱས་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། ། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །རྒྱལ་བ་གང་དག་གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་ བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་དུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་ མཆོག་ན། །བདེན་པ་འདིས་ན་ཤིན་དུ་བདེ་ལེགས་ཤོག །དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་མཆོག་གི་དམ་པ་མཆོག །མཆོག་མིན་ མཆོག་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ 101-1-334b ཤིན་དུ་བདེ་ལེགས་ཤོག །ཏིང་འཛིན་དམ་པ་བར་ཆད་མེད་པ་གང་། །མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། །ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་པ། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། ། ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །ཇི་ལྟར་སྒོ་གཏན་དམ་ཞིང་རབ་དམ་སྟེ། ། སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། །དེ་ལྟར་མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོ། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེན་པ་སྟོབས་རྣམས་ ཀུན་དང་ལྡན། །ཀུན་གྱི་དམ་པ་འཛིན་པ་ཀུན་དང་བྲལ། །བསམ་པ་ཀུན་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། །སྐྱོན་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ། །ཤིན་དུ་འགོག་ཅིང་གྱ་ནོམ་ངེས་པར་ འབྱུང་། །ཤིན་དུ་དྲི་མེད་ཞི་བ་བློས་མི་འཕྲོགས། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ ལེགས་ཤོག །ཤིན་དུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པའི། །བདེན་རྣམས་མཐོང་སྟེ་གང་དག་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན། ། 101-1-335a ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །དམ་པ་རྣམས་ཀྱིས་ དམ་པ་དོན་དམ་མཁྱེན། །མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩོན། །གཞན་གྱིས་མི་ཕྲོགས་དམ་པ་ཐུགས་ཆུད་རྟོགས། །ཤིན་དུ་སྡུག་བསྔལ་རྣམས་ཀྱི་དཔུང་གཉན་མཆོག །ངོ་མཚར་ཤིན་དུ་རྨད་བྱུང་ དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་བ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །འདུན་པ་བསྐྱེད་ནས་རྣལ་འབྱོར་ལྡན་གྱུར་ཅིང་། ། གཽ་ཏམ་བསྟན་ལ་རྟག་བརྩོན་རབ་གྲོལ་ཞི། །གཞན་གྱིས་མི་བཀྲི་བ་དག་ཞི་དེར་རེག །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་དུ་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་ མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །བདེན་པ་མཐོང་བས་བརྗེད་པས་བརྒྱ་ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང་། །དེ་ནི་དེ་འཆབ་པ་ ཡི་འོས་མིན་ཏེ། །ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ། །ངོ་མཚར་ཤིན་དུ་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ ནི་ཤིན་དུ་བདེ་ལེགས་ཤོག །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པ་འམ་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་པ་བླ་ན་མེད། །སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག ། ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་དུ་བདེ་ལེགས་ཤོག །སོ་གའི་ཟླ་བ་ 101-1-335b དང་པོར་ཐུབ་པ་ཡིས། །ནགས་ཁྲོད་ཆོས་ཀྱི་དམ་པ་རབ་བརྙེས་པ། །ཆོས་དེ་དང་ནི་ལྷག་པའམ་མཚུངས་པ་མེད། །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །སྡིག་པ་རྙིང་ཟད་གསར་དུ་བྱས་མེད་ལ། །རིམས་ནད་མེད་པས་འཇིགས་མེད་མྱ་ངན་བྲལ། ། སྲིད་པ་འགགས་པས་རྩ་བ་མི་སྐྱེད་པ། །བསྟན་པ་མར་མེ་བཞིན་དུ་འབར་བར་འགྱུར། །ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་ མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག །བདེ་ལེགས་ཀྱི་ཚིགས་སུ་བཅད་པ། རྫོགས་སྷོ།། །།ཡང་ཞུས་སྷོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས། ། ༄༅། །རྒྱ་གར་སྐད་དུ། སྭསྟྱ་ཡ་ན་གཱ་ཐཱ། བོད་སྐད་དུ། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་དྲུང་དུ་ནི། །ལྷ་ཞིག་ཉེ་བར་སོང་ནས་སུ། །གང་གིས་རྟག་ཏུ་བདེ་ལེགས་པ། ། བདག་གིས་ཞུ་ཡིས་བཅོམ་ལྡན་གསུངས། །དམ་པས་དེ་དག་གསན་པ་དང་། །འཇིག་རྟེན་འདྲེན་པས་ལུང་བསྟན་པས། །གང་གིས་ཀུན་དུ་བདེ་ལེགས་སུ། །འགྱུར་བ་ལྷ་ཁྱོད་ལེགས་པར་ཉོན། །གང་ཞིག་དེ་བཞིན་ གཤེགས་པ་ལ། །དད་པ་མི་གཡོ་ལེགས་རབ་བརྟན། །གང་ཞིག་དགེ་བ་ཚུལ་ཁྲིམས་ཅན། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་ཕ་དང་མ་དག་དང་། །བུ་དང་བུ་མོ་བྲན་དག་ལ། །རྟག་ཏུ་ལེགས་པར་ བསྙེན་བཀུར་བ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་དགྲ་བཅོམ་གྲགས་པ་ལ། །ལེགས་པར་རབ་དད་ཡོན་འབུལ་དང་། །ལྷ་ཡི་བཀའ་བཞིན་བྱེད་པ་དག །དེ་དག་ཀུན་དུ་བདེ་ལེགས་འགྱུར། ། 101-1-336a གང་གིས་ལུས་དང་ངག་དང་ནི། །ཡིད་ལ་ཉེས་བྱས་མེད་པ་དང་། །གང་ཞིག་རྣམ་གསུམ་རབ་བསྡམས་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་འབྱུང་པོ་ཐམས་ཅད་ལ། །ཚད་མེད་ཀུན་དུ་མི་འཁྲུགས་ པ། །བྱམས་པའི་སེམས་ནི་སྒོམ་བྱེད་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །བདེ་བ་འདྲེན་པ་ལེགས་བསྒོམ་པ། །དེ་དག་ཀུན་དུ་བདེ་ ལེགས་འགྱུར། །གང་གིས་འདུས་བྱས་ཐམས་ཅད་ཀྱི། །སྟོང་ཉིད་རྟག་ཏུ་ལེགས་མཐོང་ཞིང་། །དེ་ནི་སེམས་ལ་གནས་གྱུར་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་གིས་ལུས་ཀྱིས་དྲི་མེད་ཆོས། །མངོན་སུམ་ བྱས་ནས་རྒྱུ་བ་དང་། །དགྲ་བཅོམ་རྣམ་གྲོལ་སེམས་ལྡན་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་གིས་འདོད་ཆགས་ཞེ་སྡང་དང་། །གཏི་མུག་རྣམས་དང་ཆགས་བྲལ་ཞིང་། །ཡེ་ཤེས་འཁྲུག་མེད་སྐྱེས་གྱུར་པ། ། དེ་དག་ཀུན་དུ་བདེ་ལེགས་འགྱུར། །གང་ཞིག་ལྟར་བཅས་འཇིག་རྟེན་གྱི། །མགོན་པོ་ཡང་སྲིད་སྤངས་པ་ཡི། །སངས་རྒྱས་ཁོང་དུ་ཆུད་གྱུར་པ། །དེ་དག་ཀུན་དུ་བདེ་ལེགས་འགྱུར། །བདེ་ལེགས་སུ་འགྱུར་བའི་ཚིགས་ སུ་བཅད་པ་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས། ཡང་ཞུསོ། ། ༄༅། །རྒྱ་གར་སྐད་དུ། དེ་བ་པ་རི་པྲྀཙྪཱ་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། ལྷས་ཞུས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཞན་གྱིས་མི་ཐུབ་རྫོགས་སངས་རྒྱས། །མགོན་པོ་ཕྱོགས་གཅིག་བཞུགས་པ་ན། །ལྷ་གཅིག་དཔའ་བོ་ཆེན་པོ་ལ། །ཕྱག་འཚལ་འདི་སྐད་ཚིག་གསོལ་ཏོ། ། དགེ་བ་དོན་དུ་གཉེར་བ་ན། །ལྷ་དང་མི་རྣམས་སོ་སོ་ནས། །བཀྲ་ཤིས་དག་ནི་བརྗོད་བགྱིས་ན། །བཀྲ་ཤིས་དམ་པ་གང་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགེ་བ་དོན་དུ་གཉེར་བ་ན། ། 101-1-336b ལྷ་དང་མི་རྣམས་སོ་སོ་ནས། །བཀྲ་ཤིས་རྣམས་ནི་རྗོད་བྱེད་པ། །དེ་དག་བཀྲ་ཤིས་བརྗོད་པར་བྱ། །ཡུལ་བཟང་གནས་དང་གྲོགས་མཆོག་དང་། །སྔོན་ཆད་བསོད་ནམས་བྱས་པ་དང་། །སེམས་ནི་ལེགས་པར་གཏད་ བྱས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །སྦྱིན་དང་ཤིན་དུ་སྙན་སྨྲ་དང་། །ཡང་དག་དོན་ལ་རྣམ་ངེས་དང་། །ཁྲིམས་ལྡན་རྣམས་དང་མཚུངས་སྦྱོར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །བྱིས་པ་རྣམས་ལ་མི་སྟེན་དང་། ། མཁས་པ་རྣམས་ལ་སྟེན་པ་དང་། །མཆོད་འོས་རྣམས་ལ་མཆོད་བྱེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ཕ་མ་བསྙེན་བཀུར་བྱེད་པ་དང་། །ཞི་དང་ཚངས་པར་སྤྱོད་པ་དང་། །འབྱུང་པོ་ཀུན་ལ་སྙིང་བརྩེ་བ། །དེ་ནི་བཀྲ་ ཤིས་དམ་པ་ཡིན། །སྡིག་པའི་ལས་ལས་ལྡོག་པ་དང་། །དགེ་བའི་ལས་ལ་སྟེན་པ་དང་། །བག་ཡོད་པ་དང་རྟག་མཁས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །ང་རྒྱལ་མེད་དང་ཁེངས་མེད་དང་། །ཆོག་ཤེས་ འཐུན་པས་འཚོ་བ་དང་། །རྟག་ཏུ་བྱས་པ་གཟོ་བྱེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །སྦྱིན་སྤྱོད་དེ་བཞིན་བཟོད་པ་དང་། །འཕགས་པ་རྣམས་དང་འཐུན་སྦྱོར་དང་། །དུས་སྐབས་སུ་ནི་ཆོས་ཉན་པ། །དེ་ནི་བཀྲ་ ཤིས་དམ་པ་ཡིན། །ལེ་ལོ་མེད་དང་མང་ཐོས་དང་། །ཆོས་ལ་ལེགས་པར་རྣམ་ངེས་དང་། །དེ་བཞིན་སེམས་ལ་རྙོག་མེད་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །གང་ཞིག་སེམས་ཅན་ཐམས་ཅད་ལ། ། བྱམས་པའི་སེམས་ནི་རབ་བསྒོམ་ཞིང་། །དཔག་ཏུ་མེད་དེ་མི་འཁྲུགས་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །གང་ཞིག་འཕགས་པའི་བདེན་རྣམས་ལ། །ཤེས་རབ་མིག་ནི་རྣམ་སྦྱངས་དང་། །ཚུལ་ཁྲིམས་ ནོངས་པར་མ་གྱུར་པ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །འཕགས་པའི་བདེན་པ་མཐོང་བ་དང་། །ཚངས་པར་སྤྱོད་པ་སྒོམ་པ་དང་། །མྱ་ངན་འདས་པ་འཐོབ་འགྱུར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། ། 101-1-337a གང་ཞིག་འདོད་ཆགས་ཞེ་སྡང་དང་། །མ་རིག་པ་ཡང་རྣམ་སྤངས་དང་། །ཤེས་པ་མི་འཁྲུགས་སྐྱེ་འགྱུར་བ། །དེ་ནི་བཀྲ་ཤིས་དམ་པ་ཡིན། །འཇིག་རྟེན་ཆོས་རྣམས་ཀྱིས་བསྐྱོད་ཀྱང་། །གང་གི་སེམས་ ནི་མི་གཡོ་དང་། །དྲི་མེད་ཞི་དང་མྱ་ངན་མེད། །དེ་ནི་བཀྲ་ཤིས་དམ་པ་ཡིན། །དེ་དང་འདི་ནི་ཅི་རིགས་པར། །འདི་ལ་བཀྲ་ཤིས་དེ་དག་ནི། །མཁས་པ་གང་ཞིག་བསྟོད་བྱེད་པ། །དེ་ལ་རྟག་ཏུ་བཀྲ་ཤིས་འགྱུར། །ལྷས་ ཞུས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས། །༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། དཔལ་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་ དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ། ལྷ་སུམ་བཅུ་རྩ་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྣམ་པར་སྣང་མཛད་རྒྱལ་བ་མི་ བསྐྱོད་པ། །རིན་ཆེན་འབྱུང་ལྡན་འོད་དཔག་མེད་དང་དོན་ཡོད་གྲུབ། །རིགས་ལྔ་བདེ་གཤེགས་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་སེམས་མ་དང་ནི་ རིན་ཆེན་སེམས་མ་དང་། །ཆོས་ཀྱི་སེམས་མ་དང་ནི་ལས་ཀྱི་སེམས་མར་བཅས། །བཅོམ་ལྡན་ཡུམ་མཆོག་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག ། རྡོ་རྗེ་སེམས་དཔའ་དང་ནི་རྡོ་རྗེ་རྒྱལ་པོ་དང་། །རྡོ་རྗེ་ཆགས་པ་དང་ནི་རྡོ་རྗེ་ལེགས་པར་བཅས། །བཅོམ་ལྡན་མི་བསྐྱོད་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག ། རྡོ་རྗེ་རིན་ཆེན་དང་ནི་རྡོ་རྗེ་གཟི་བརྗིད་དང་། །རྡོ་རྗེ་རྒྱལ་མཚན་དང་ནི་རྡོ་རྗེ་བཞད་པར་བཅས། །བཅོམ་ལྡན་རིན་འབྱུང་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག ། 101-1-337b རྡོ་རྗེ་ཆོས་རབ་དང་ནི་རྡོ་རྗེ་རྣོན་པོ་དང་། །རྡོ་རྗེ་འཁོར་ལོ་དང་ནི་རྡོ་རྗེ་སྨྲ་བར་བཅས། །བཅོམ་ལྡན་སྣང་མཐའི་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་ལས་རབ་ དང་ནི་རྡོ་རྗེ་སྲུང་བ་དང་། །རྡོ་རྗེ་གནོད་སྦྱིན་དང་ནི་རྡོ་རྗེ་ཁུ་ཚུར་བཅས། །བཅོམ་ལྡན་དོན་གྲུབ་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ལྷ་མོ་སྒེག་མོ་དང་ནི་ལྷ་མོ་ཕྲེང་བ་མ། ། ལྷ་མོ་གླུ་མ་དང་ནི་ལྷ་མོ་གར་མར་བཅས། །ནང་གི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ལྷ་མོ་བདུག་སྤོས་མ་དང་ལྷ་མོ་མེ་ཏོག་མ། །ལྷ་མོ་མར་མེ་མ་དང་ལྷ་མོ་ དྲི་མར་བཅས། །ཕྱི་ཡི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །སྒོ་བ་ལྕགས་ཀྱུ་མ་དང་སྒོ་བ་ཞགས་པ་དང་། །སྒོ་བ་ལྕགས་སྒྲོག་མ་དང་སྒོ་བ་དྲིལ་བུར་བཅས། ། བཅོམ་ལྡན་སྒོ་བསྲུངས་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །དཔལ་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ ལྷ་སུམ་བཅུ་རྩ་བདུན་གྱི་བཀྲ་ཤིས་ཚིགས་སུ་བཅད་པ། རྫོགས་སྷོ།། །།ཡང་ཞུས་སྷོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས། ། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་ སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་སུ་ཀའི་གྲོང་ཁྱེར་དུ། ། 101-1-338a ཤིང་མཆོག་སུན་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་ གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་ས་ལའི་དྲུང་དུ་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་བཅོམ་ལྡན་བྲམ་ཟེའི་རིགས། ། ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་ བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུ་དུམ་བ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སྐྱོབ་པ་འོད་ སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བཱ་རཱ་ཎ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་ མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་ གྱུར་ཅིག །སངས་རྒྱས་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང་། །ཕྱོགས་དུས་ཀུན་གྱི་བདེ་གཤེགས་བྱིན་བརླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་ འགྱུར་བ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས། ། 101-1-338b ༄༅། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མྃ་ག་ལ་གཱ་ཐཱ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་ མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པས་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་ དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་བ་སྦྱིན་མཛད་མི་སླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པད་མའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་ རློབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ། ། ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། རྫོགས་སྷོ།། །། སྟག་ལུང་རྒྱུད་འབུམ་ལག་ཏུགས། ཡང་ཞུས་སྷོ། ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། རིགས་གསུམ་གྱི་བཀྲ་ཤིས། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། ། 101-1-339a འཇིག་རྟེན་གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དིང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། ། འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དིང་འདིར་བདེ་ལེགས་ཤོག །བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་ གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དིང་འདིར་བདེ་ལེགས་ཤོག །དཔལ་རིགས་གསུམ་གྱི་བཀྲ་ཤིས། རྫོགས་སྷོ།། །། སྟག་ལུང་རྒྱུད་འབུམ་ལག་ཏུགས། ། ༄༅། །རྒྱ་གར་སྐད་དུ། རཏ་ན་ཏྲི་མྃ་ག་ལ་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ ཕྱག་འཚལ་ལོ། །རྒྱ་མཚོ་ལྟ་བུར་རྒལ་དཀའ་འཁོར་བའི་འདམ་ལས་རྒལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསག་དཀའ་མ་ལུས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་ གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་གཞན་དོན་རྟག་ཏུ་ལྷུར་ལེན་ཅིང་། །འདོད་པའི་ཡོན་ཏན་ལྔ་ལ་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་ལྷུར་ལེན་ གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་འགག་མེད་ཅིང་རྟོག་པའི་འཆིང་བྱེད་མཐའ་དག་སྤངས། །མ་རིག་མུན་པ་འཇོམས་བྱེད་སྟོང་ཉིད་སྒྲོན་མའི་ མཆོག །དམིགས་པ་སྣ་ཚོགས་སྤངས་པ་ལམ་གྱི་བདེ་སྒྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྫོགས་སྷོ།། །། 101-1-339b རིགས་གསུམ་གྱི་བཀྲ་ཤིས། སྟག་ལུང་རྒྱད་འབུམ་ལག་ཏུགས། ། ༄༅། །རིགས་གསུམ་གྱི་བཀྲ་ཤིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མདོག་གསེར་འདྲ་བ། །ཤེས་རབ་རྟགས་སུ་རལ་གྲི་པོ་ཏི་ ཕྱག་ན་བསྣམས། །འཕགས་པ་འཇམ་དཔལ་གཞོན་ནུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད་ཆགས་པ། ། སྐྱོན་གྱིས་མ་གོས་ཕྱག་མཚན་ཕྱག་ན་པད་མ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་ སུ་སྐུ་མདོག་མཐིང་ནག་སྔོ། །ཐབས་དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་བསྣམས། །འཕགས་པ་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། རིགས་གསུམ་གྱི་བཀྲ་ཤིས། རྫོགས་སྷོ།། །།ཡང་ཞུས་སོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས། ། ༄༅།། །། རྒྱ་གར་སྐད་དུ། མྃ་ག་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་ སྤངས་པ། །སངས་རྒྱས་པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་ བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། ། 101-1-340a དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་ བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལམ་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷ་ཡིས་བསྐོར་བའི་ བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམ་བའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་ མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམ་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་ སྲས། །མྱུར་བསྐྲུན་བདུད་རྩི་འི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་ སྟེ། །དཀའ་ཐུབ་ཚུལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། 101-1-340b རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻ་དཱུརྱ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །དཀྱིལ་མོ་དཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་ བྱེད་ཤོག །ཆུ་བོའི་འགྲམ་ན་ཙ་ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་དུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་ དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དགྲ་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་ གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་བཱ་རཱ་ཎ་སཱེར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དང་འདིར་ཤིན་ དུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག ། ཉེ་བར་སྟོན་བ་རྒྱལ་བའི་བཀྲ་ཤིས་གང་ཡིན་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ 101-1-341a ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། ། མན་དཱ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་ པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དཀོན་མཆོག་གསུམ་དང་ མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་ཞུས་སོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས། ། ༄།། །། རྒྱ་གར་སྐད་དུ། རཏ་ན་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་ དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་བརླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་ རྣམ་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་བརླབས་ཀྱིས། ། 101-1-341b ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུངས་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། ། བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་ གསུངས་པ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་ཞུསྷོ། །སྟག་ལུང་རྒྱུད་འབུམ་ལ་གཏུགས། བསོད་ནམས་ཆེན་པོའི་དཔལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་བ། གཙུག་ལག་གཉིས་ཀྱི་མཛད་པས། བསྟན་པ་རིན་པོ་ཆེའི་ཞབས་ཏོག་དང་། འགྲོ་བ་མང་ པོའི་མགོན་སྐྱབས་དང་། དཔུང་གཉེན་དམ་པར་གྱུར་ཅིང་། སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་བས་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་གཟིགས་ནས། རྣམ་གཡེང་ཀུན་སྤངས་ཏེ་རི་ཁྲོད་དབེན་པ་ ཁོ་ནར་བསླབ་གསུམ་གྱི་ཁང་བཟངས་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། ཐུགས་རྗེའི་རྒྱལ་མཚན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཏོག་གིས་མཛེས་པའི། བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ། དཔལ་ལྡན་བླ་མ་བཟང་པོའི་མཚན་ཅན། དགེ་སྦྱོང་ཆེན་པོ་དེའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། འགྲོ་བ་མ་ལུས་པའི་གནས་སྐབས་ དང་། མཐར་ཐུག་གི་ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་། ཕྱོགས་ཀུན་དུ་དར་ཅིང་རྒྱས་པར་བྱ་བའི་ཕྱིར། 101-1-342a བོད་ཁམས་སུ་སྨོན་ལམ་གྱི་སྟོབས་ཅན་མངའ་བདག་ལྷ་བཙན་པོ། བྱང་ཆུབ་སེམས་དཔའ་རྣམས་དང་། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་བདག་རྐྱེན་ལ་བརྟེན་ནས་ བདེ་བར་གཤེགས་པའི་གསུང་རབ་ཐོག་མཐའ་བར་དུ་དགེ་ཞིང་། སྒྲོ་སྐུར་གྱི་མཐའ་དང་བྲལ་ལ། གཞུང་ལུགས་ངན་པའི་དྲི་མས་དབེན་པ་མདོ་སྡེ་དང་། རྒྱུད་སྡེའི་ཕྱོགས་སྔ་ཕྱིར་འགྱུར་རོ་ཅོག་ རྣམས། ཆོས་ཀྱི་རྒྱལ་པོ་དཔལ་ལྡན་རྒྱལ་བའི་སྡེས་སྟོན་པ་དང་བསྟན་པ་ལ་ཤེས་ནས་མི་ཕྱེད་པའི་དད་པ་བརྟན་པོས་ཀུན་ནས་བསླང་སྟེ་ལེགས་པར་བཞེངས་པ་རྣམས་ལ་ཁྱད་པར་དུ་གདུལ་བྱ་དབང་པོ་རྣོན་ པོ་དག་ཚོགས་རྫོགས་པར་བྱེད་པའི་ཐབས་མང་ཞིང་སླ་ལ་དུས་མྱུར་བས་རྫོགས་པའི་སངས་རྒྱས་འཐོབ་པར་བྱེད་པ། གསང་སྔགས་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པའི་གཞུང་ལུགས་རྒྱུད་འབུམ་ ཞེས་གྲགས་པ་འདི་རྣམས་ནི་བླ་མ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས་དང་། བླ་མ་ཆེན་པོ་ཆོས་ཀྱི་རྒྱལ་པོས་མཛད་པའི་རྒྱུད་ཀྱི་ཀར་ཆག་དང་། སློབ་དཔོན་ཆེན་པོ་རིགས་པའི་ རལ་གྲིས་མཛད་པའི་རྒྱུད་ཀྱི་ཀར་ཆག་རྒྱུད་འབུམ་རྒྱན་གྱི་མེ་ཏོག་ལ་སོགས་པ་ལ་བརྟེན་ནས་གདན་ས་ཆེན་པོ་དཔལ་ས་སྐྱའི་རྒྱུད་འབུམ་དང་། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་གསེར་སྡིངས་པས་ཞུས་ དག་དང་གོ་རིམས་མཛད་ནས། དགེ་བའི་བཤེས་གཉེན་སྐྱེ་མེད་སྟོན་ཤེས་བཞེངས་པའི་རྒྱུད་འབུམ་དང་། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་གི་དགེ་བཤེས་འདར་ཕྱར་གྱིས་བཞེངས་པའི་རྒྱུད་འབུམ་ དང་། བླ་མ་གྲུ་སྤང་རྩ་བའི་ཕྱག་དཔེ་དང་། འོད་དགའ་སྤུན་གསུམ་གྱི་གཙུག་ལག་ཁང་གི་རྒྱུད་འབུམ་ལ་སོགས་པ་རྒྱུད་ཡང་དག་པ་གྲངས་མང་ཞིང་གོ་རིམས་ལེགས་ལ་དག་པ་རྣམས་ལ་དཔེ་ 101-1-342b ཕྱི་བྱས་ཏེ། མཁས་པའི་འབྱུང་གནས་དཔལ་སྣར་ཐང་དུ་ལུང་རིགས་ཀྱི་དབང་ཕྱུག་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས་ལེགས་པར་བཞེངས་པའི་བཀའ་འགྱུར་ཕྱི་མོར་གདན་དྲངས་ནས་མིའི་དབང་པོ་ཐོག་གན་ ཐེ་མུར་གྱི་རིང་ལ། ཏི་ཤྷྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བསྟན་པ་སྐྱོང་བའི་དུས། རྒྱལ་བའི་བསྟན་པ་ལྔ་བརྒྱ་བདུན་པའི་ཐར་ཉེ་བ། འགྲོ་བའི་བླ་མ་སྟོན་པ་གདུལ་བྱའི་ངོར་ཞི་བར་གཤེགས་པའི་ ཚུལ་བསྟན་ནས་ལོ་སུམ་སྟོང་བཞི་བརྒྱ་བརྒྱད་བཅུ་འདས་པ། མེ་མོ་ཕག་གི་ལོ་གསར་གྱི་ཟླ་བ་ཚེས་གྲངས་གཟའ་སྐར་བཟང་པོ་ལ་དབུ་གཙུགས་ཏེ། རྒྱལ་བའི་སྲས་པོ་རིག་པ་འཛིན་པ་བྱང་ཆུབ་དཔལ་ ལྡན་གྱིས་ཞལ་ཏའི་རིམ་པ་རྣམས་དང་། །རྒྱུ་འི་དངོས་པོ་བཟང་ཞིང་མང་ལ་ཁ་ན་མ་ཐོ་བ་མེད་པས་མཐུན་པའི་རྐྱེན་བསྒྲུབས་ནས། བསྟན་པའི་འབྱུང་གནས་དཔལ་ན་ལེན་ཏྲ་དང་མཚུངས་པ་སྤྲུལ་པའི་ རྒྱལ་པོ་སེ་ཆེན་གན་གྱི་དགོས་ཀྱི་ལྷ་ཁང་དཔལ་གུང་ཐང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བཞེངས་ཏེ། སྡེ་སྣོད་ཀྱི་ཚུལ་ལ་ཅུང་ཟད་བློ་ཁ་ཕྱོགས་པ་ཐང་པོ་ཆེ་པའི་བཙུན་པ་ཀུན་དགའ་འབུམ་ གྱིས་ཁ་ཏ་དང་། ཞུས་དག་གི་དང་ངོས་བགྱིས་ཤིང་། གཞན་ཡང་དང་བ་དང་བརྩོན་འགྲུས་ཆེ་ཞིང་བློ་གྲོས་གསལ་བའི་སྡོམ་བརྩོན་དམ་པ་མང་དུ་ཐོས་ཤིང་སྡེ་སྣོད་འཛིན་པ་རྣམས་ཀྱིས་རྒྱ་གར་སྐད་ ལ་སོགས་པ་ལེགས་པར་སྦྱར་བའི་སྐད་སོར་བཞག་རྣམས་ནི་སྔོན་གྱི་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་མཛད་པ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ་དང་། སྒྲ་སྦྱོར་བམ་པོ་གཉིས་པ་ལ་སོགས་པ་ལ་བརྟེན་ནས་ དག་པར་བྱས་ཤིང་། བོད་སྐད་རྣམས་ནི་ཡུལ་སྐད་དང་། འཕྲལ་སྐད་ངན་པ་རྣམས་དང་། མ་འདྲེས་པར་བོད་ཡུལ་གྱི་སྔོན་གྱི་བརྡ་མེས་མཁན་པོ་རྣམས་དང་། སྒྱུར་བྱེད་ 101-1-343a དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱི་བརྡ་གསར་རྙིང་དང་། སྐད་གསར་བཅད་ལ་སོགས་པའི་རྗེས་སུ་འབྲངས་ནས་ད་དྲག་དང་། མ་མྱ་དང་། ས་སྩོགས་ལ་སོགས་པ་ཡོད་མེད་རྣམས་མཁས་ པ་རྣམས་ཀྱིས་ཇི་ལྟར་མཛད་པ་ལྟར་གསུང་རབ་ཀྱི་དཔེ་ཕྱི་རྣམས་དང་གཏུགས་ཏེ། བརྡ་དོན་མ་ནོར་བར་དག་པར་བྱས་ནས། གཞི་དུང་གི་ས་གཞི་ལྟར་དཀར་ཞིང་འཇམ་ལ་མཁྲེགས་པའི་ལྷོ་རྒྱལ་པོ་ ལྷ་ཁང་གི་ཤོ་གུ་ལ། དམ་ཆེ་ཞིང་མདངས་གསལ་བ། ཨུད་པལ་སྔོན་པོ་ལྟ་བུ་རྒྱ་ནག་ཆེན་པོ་ལས་འོངས་པའི་སྣག་ཚས། འབུར་དཀྱུས་ཚུགས་གསུམ་ལ་མཁས་པའི་ མཐར་ཕྱིན་པས་ཡི་གེའི་རིག་བྱེད་ལ། སློབ་དཔོན་གྱི་གོ་འཕང་ཐོབ་པས། དག་སྙོམས་མཛེས་པར་བཞེངས་པ། དབུས་གཙང་གི་ཡི་གེ་པ་ཡིད་གཞུངས་ཤིང་མཁས་པ་རྣམས་ཀྱིས་ ལེགས་པར་བྲིས་བ་ལ་ཕྱི་ཞུས་ལན་གསུམ་དུ་བྱས་ཤིང་། རྒྱུད་དངོས་ཡིན་པ་དང་མ་ཡིན་པ་རྣམས་ལེགས་པར་ཕྱེ་ནས། ཁ་ཅིག་གིས་མདོ་སྔགས་ཡོད་པ་རྒྱུད་དུ་བྲིས་པ་རྣམས་ནི་ ཕྱེ་ནས་མདོ་ཉིད་དུ་བྲིས་ཤིང་། ཁ་ཅིག་གིས་རྒྱུད་ཡིན་ངོ་ཤེས་པ་མདོའི་ཁྲོད་དུ་བྲིས་པ་རྣམས་ཀྱང་ཕྱེ་ནས། རྒྱུད་ཀྱི་ནང་དུ་བྲིས་ཏེ། འདིར་ནི་རྒྱུད་སྡེ་བཞི་པོ་སོ་སོར་ཕྱེ་ནས་རང་རང་གི་གཞུང་ཚད་ཆེ་ཆུང་ དང་བརྗོད་བྱ་འཐུན་པ་དང་། མཚན་འཐུན་པ་དང་། སྡེ་ཚན་འཐུན་པོ་རྣམས་སོ་སོར་བསྡེབས་ཏེ། གྲངས་དང་གོ་རིམས་ཚང་ལ་མ་ནོར་བར་རྒྱུ་བཟང་ཞིང་བཀོད་པ་ལེགས་པར་བཞེངས་པ་ཡིན་ནོ། །དེ་ལྟར་ བསོད་ནམས་དཔལ་གྱིས་རབ་མཐོ་བ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་རྒྱལ་བའི་སྡེ། །མཆོག་གི་བློ་གྲོས་མཚུངས་པ་མེད་པ་དེས། །དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་དེའི། ། 101-1-343b ཐུགས་དགོངས་བླ་མེད་རྫོགས་པར་བྱ་ཕྱིར་དང་། །བསྟན་པ་སྤེལ་ཕྱིར་བདེ་བར་གཤེགས་པའི་གསུང་། །གངས་རིའི་ཁྲོད་འདིར་ཇི་སྙེད་འགྱུར་རོ་ཅོག །ལེགས་པར་བཞེངས་པར་གྱུར་པ་དེ་དག་ལས། ། འདི་དག་རྡོ་རྗེའི་ཐེག་པ་གསལ་བྱེད་པ། །བསྟན་པའི་སྙིང་པོ་རྒྱུད་འབུམ་ཞེས་བྱའོ། །དེ་ལྟར་དཔལ་ལྡན་ལྷག་བསམ་དག་པའི་མཐུས། །གསུང་རབ་རིན་ཆེན་ཚུལ་བཞིན་བཞེངས་པ་ལས། ། བྱུང་བའི་དགེ་བ་སྟོན་ཀའི་ཟླ་འོད་དང་། །མཁའ་ལྟར་དག་ཅིང་ཡངས་པ་གང་ཐོབ་དེས། །འགྲོ་ཀུན་ཕན་བདེའི་འབྱུང་གནས་རྒྱལ་བ་ཡི། །བསྟན་པ་རིན་ཆེན་ཕྱོགས་དུས་ ཀུན་ཁྱབ་ཅིང་། །སྡེ་འཛིན་སྐྱོང་དང་སྲུང་བའི་དམ་པ་རྣམས། །སྐྱེ་དགུའི་དཔལ་དུ་ཡུན་རིང་བཞུགས་གྱུར་ཅིག །གང་གིས་གསུང་རབ་དྲི་མེད་འདི་བཞེངས་པ། །རྒྱལ་བའི་ སྲས་པོ་བྱང་ཆུབ་དཔལ་ལྡན་ཡང་། །བསྟན་དང་འགྲོ་བའི་རྩ་ལག་དམ་པར་ནི། །ས་ཆེན་སྟེང་འདིར་ཡུན་རིང་བཞུགས་གྱུར་ཅིག །ཁྱད་པར་དུ་ཡང་དེས་པས་ས་སྐྱོང་བའི། ། མི་དབང་ཡོན་མཆོད་འཁོར་དང་བཅས་པ་རྣམས། །བསྙུན་མེད་སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན། །བྱམས་བརྩེའི་ཐུགས་ཀྱིས་སྐྱེ་དགུ་སྐྱོང་གྱུར་ཅིག །སྲིད་འབངས་རྣམས་ ཀྱང་ཕན་ཚུན་བྱམས་ལྡན་ཞིང་། །ནད་དང་མུ་གེ་འཐབ་རྩོད་ལ་སོགས་པ། །ཕྱི་ནང་ཉེར་འཚེའི་གནོད་པ་ཀུན་ཞི་ནས། །ཚེ་རིང་འབྱོར་ལྡན་བསྟན་ལ་དད་གྱུར་ཅིག ། གང་དག་འདི་ལ་སྒོ་གསུམ་གུས་པ་ཡིས། །བྱ་བ་བྱེད་དང་རྗེས་སུ་ཡི་རང་དང་། །རྒྱུ་རྐྱེན་འབུལ་དང་ཆོས་སྤྱོད་རྣམ་བཅུ་ཡིས། །ཚུལ་བཞིན་སྒྲུབ་པར་བྱེད་པ་དེ་དག་ཀྱང་། །འདིར་ཡང་ 101-1-344a ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །སྐྱེ་ཞིང་སྐྱེ་བའི་སྐྱེ་བ་ཐམས་ཅད་དུའང་། །འཁོར་ལོ་བཞི་དང་ཡོན་ཏན་རྣམ་བདུན་དང་། །རྣམ་སྨིན་བརྒྱད་ལྡན་དལ་འབྱོར་ལུས་ ཐོབ་ནས། །མཐོང་དང་བསྒོམ་པས་སྤང་བྱའི་ཉོན་མོངས་དང་། །ཤེས་བྱའི་སྒྲིབ་པ་བག་ཆགས་བཅས་པ་ཀུན། །སྤོང་བྱེད་གཉེན་པོ་ལམ་ལྔ་ས་བཅུ་རྣམས། །རིམ་གྱིས་བགྲོད་ནས་ ཀུན་མཁྱེན་ཐོབ་པར་ཤོག །ཀུན་མཁྱེན་ཡེ་ཤེས་ཟབ་ཡངས་ཆུ་གཏེར་ལས། །ལེགས་བྱུང་ཕྲིན་ལས་རྣམ་བཞིའི་འོད་གསལ་བས། །བློ་གྲོས་མུན་སེལ་དངོས་གྲུབ་ཀུན་གསོལ་བ། ། རྒྱུད་སྡེ་རིན་ཆེན་རྣམས་ཀྱི་བཀྲ་ཤིས་ཤོག །ཐེག་པ་མཆོག་གྱུར་རྡོ་རྗེ་ཐེག་པའི་གཞུང་། །གསལ་བར་བྱེད་པའི་གླེགས་བམ། བཅྭ་བརྒྱད་ལ། ། རྣམ་དག་རྒྱུད་སྡེ་བརྒྱ་ཕྲག་བཞི་དང་ནི། །གཅིག་དང་བཅས་པའི་བཅུ་ཕྲག་བཞི་ཉིད་བཞུགས།། །།ཡེ་དྷརྨཱ་ཧེ་དུ་པྲ་བྷ་བཱ་ཧེ་ཧུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་ དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མཎཿ །སྟག་ལུང་རྒྱུད་འབུམ་ལ་གཏུགསོ། །མྃ་ག་ལྃ་བྷ་བ་ཏུ། ཤུ་བྷམ་སྟུ་སརྦ་ཛ་ག་ཏཱྃ། ཤུ་བྷཾ། ཡང་ཞུསོ། །